Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། དུམ་བུ་གསུམ་པ། བམ་པོ་སུམ་ཅུ་རྩ་གསུམ་པ།
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། དུམ་བུ་གསུམ་པ། བམ་པོ་སུམ་ཅུ་རྩ་གསུམ་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། དུམ་བུ་གསུམ་པ། བམ་པོ་སུམ་ཅུ་རྩ་གསུམ་པ།

དེ་ནས་ཕྲེང་ལྔ་ན། དགོངས་སོ། །དེ་རྣམས་ཀྱིས་ནི། སྐྱོ༷ན་ནི༷། ཞེས་པ་དོན་བཞི་པ་བཤད་ཟིན་ཏོ། །གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱབ་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང༌། །མཚན་བཞི་ལས། དང་པོ་ཤེས་པའི་མཚན་ཉིད་ནི། དེ་བཞིན་གཤེགས་པ་འབྱུང་བ་དང༌། །དེ་ཅིའི། དེ་ནས་ཕྲེང་བཅུ་གཅིག་ན། ཡིན་ནོ། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། གསུངས་སོ། །ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕུང་པོའི་དེ་བཞིན་ཉིད་འབའ་ཞིག་མཐོང་གི་ཀུན་བཏགས་པའི་ཕུང་པོ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བཤད་དོ། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། འགྱུར་རོ། །དེ་བསྡུས་པ་དང་ཕྱིར་ལྟས་དང༌། །རབ་འབྱོར། [གསལ་བཤད། མངོན་རྟོགས་རྒྱན་ལས། མི་བཟད་པ་ཡི་རྣམ་པ་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] དེ་ནས་ཕྲེང་བཞི་ན། ཆགས་བཅས་སོགས་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཡིན་ནོ། །འདིར་ཚིག་གི་དོན་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། འདོད་ཆགས་དང་བཅས་པའི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང༌། དེ་དབེན་པ་མ་ཡིན་པས་དེ་སྤངས་ཏེ། ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་རྣམ་པར་རབ་ཏུ་མཁྱེན་ཏོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོས་གསུངས། དེ་ཅིའི། དེ་ནས་ཕྲེང་བརྒྱད་ན། ཏོ། །རྒྱ་ཆེན་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན། འདི་ལྟར་སེམས་དེ་དག་དངོས་པོ་མེད་པར་གཟིགས་པ་གང༌། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཏོ། །ཆེན་པོར་གྱུར་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཏོ། །ཚད་མེད་དང༌། །རབ་འབྱོར། དེ་ནས་ཕྲེང་ལྔ་ལྷག་ན། ཏོ། །རྣམ་ཤེས་བསྟན་དུ་མེད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་ང་དྲུག་ན། ཏོ། །སེམས་ལྟར་མེད་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མི་འགྱུར་ཏེ། ཞེས་བྱ་བ་ནི་བསགས་པའི་ཕྱིར་སེམས་ཏེ། ཀུན་བཏགས་བཏགས་པ་མི་བྱའོ། །དེ་ཡང་དེའི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། མེད་པ་ཉིད་ཀྱི་ཕྱིར། དེ་ཁོ་ན་ཉིད་གཟིགས་པ་རྣམས་ཀྱི་སྤྱན་སྔར་སྣང་བར་མི་འགྱུར་རོ། །དེ་བས་ན་སེམས་ནི་ལྟར་མེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། དེ་ནས་ཕྲེང་གཅིག་ན། ཏོ། །ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ཙམ་ན། སེམས་རྟག་པར་འཛིན་པའི་དབང་གིས་ལྷག་ཆད་འཛིན་པའི་དབང་གིས་བྲལ། སྐུར་བ་འདེབས་པའི་དབང་གིས་བསྡུས། སྒྲོ་འདོགས་པའི་དབང་གིས་རྒྱས་པ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། པའོ། །ཞེས་བྱ་བའི་གཟུགས་ལ་གནས་ཏེ་སེམས་ལྷག་པར་གཡོ་ཞིང༌། བགོ་ཞེས་མངོན་པར་ཞེན་ནས་སྨྲའོ། །ཞེས་བྱ་བའི་ཐ་ཚིག་གོ ། ཞེས་དབུ་མ་པ་གསུངས། བདག །དེ་ནས་ཤོག་གུ་གཅིག་ན། ཏོ། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་བ་ནི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས། རྣམ་པ་དྲུག་གི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་མཁྱེན་ཏོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ནི་མ་ནོར་བའི་དེ་བཞིན་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པ་ནི་ཡང་དག་པའི་མཐའི་ཕྱིར་རོ། །རྩོལ་པ་མེད་པ་ནི་གསལ་བར་བྱེད་པ་མེད་པའི་ཕྱིར་རོ། །སྤྲོས་པ་མེད་པ་ཞེས་བྱ་བ་ནི། ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་རོ། །དམིགས་སུ་མེད་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། དེ་བཞིན། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་ཕྱེད་དང་དྲུག་ན། ཁྲི་བརྒྱད་སྟོང་པ་ལས། འཇིག་རྟེན་སྟོན་པའི་ལེའུ་སྟེ། བཞི་བཅུ་རྩ་གཉིས་པའོ།། །།

སྟོང་ཉིད་མཚན་མ་མེད་པ་དང༌། །སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །དེ་ནས། དེ་ནས་ཕྲེང་གསུམ་ན། འདི་ནི་ཀུན་བཏགས་པའི་ཆོས་རྣམས་དང་བྲལ་བས། སྟོང་པ་ནི་རྟོག་པ་དང་རྣམ་རྟོག་སྤྲོས་པ་ཐམས་ཅད་ཞི་བས་མཚན་རྣམ་རྟོག་གི་སྨོན་པ་ཐམས་ཅད་བཏང་བས་ཕྱི་མ་མི་སྨོན་ཅིང་མཚམས་མི་སྦྱོར་བའི་ཕྱིར་སྨོན་ནོ། །རྒྱུ་རྐྱེན་དང་འབྲས་བུའི་སྤྲོས་པ་ཐམས་ཅད་རྒྱུན་ཆད་ཅིང༌། སྐྱེ་སོགས་དང་བྲལ་བས་འདུས་མ་བྱས་པའི་གནས་སྐབས་ནི། མངོན་དུ་གྱུར་པའི་གནས་གྱུར་ཅིང༌། ཤིན་ཏུ་ཡོངས་སུ་དག་པས། ཀུན་ནས། སྒྱུ་མ་ལ་སོགས་པ་བཞིན་དུ་ཡོངས་སུ་གྲུབ་པས། དངོས་པོ་རྟོག་པ་དང་བྲལ་ཞིང་བརྗོད་དུ་མེད་པ་ནམ་མཁའ་ལྟར་གང་དུ་ཡང་གནས་པ་མེད་པས་མི་གནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཆད་པ་གཅིག་དང་ཐ་དད་ཀྱི་རྟོག་པ་ཐམས་ཅད་སྤངས་པས་དོན་གཡོ་བ་མེད་པས་འོང་བ་རྣམ་པ་ཐམས་ཅད་དུ་ཐམས་ཅད་རང་གི་མཚན་ཉིད་ཐམས་ཅད་དང་བྲལ་བས་མཚན་ཉིད་མེད་པའི་བདག་ཉིད་དུ་གནས་པ་ནི། ནམ་མཁའི། དེ་ནས་ཕྲེང་གཅིག་ན། ཡིན་ནོ། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །ལྷའི་བུ། དེ་ནས་ཕྲེང་བརྒྱད་ན། ནུས་སོ། །ཞེས་བྱ་བ་ནི། མི་འགྱུར་བར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ཅིའི། [འདིའི་གོང་འོག་ཞིག་ལ་ཚིག་ལྷག་མ་ཞིག་ཡོད་སྙམ་དཔྱད།]དེ་ནས་ཕྲེང་གཅིག་ན། ཡིན་ནོ། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །ལྷའི་བུ། དེ་ནས་ཕྲེང་ཕྱེད་ན། ནུས་སོ། །ཞེས་བྱ་བ་ནི། མི་འགྱུར་བར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་རོ། །མཆེད་དེ་དེ་བཞིན་ཉིད། ཤེས་བྱ་ཤེས་བྱེད་ཐ་དད་ཀྱི་ཚུལ་གྱིས་ནི། པ་ཀུན་བཏགས་སྣང་ན་མི། མེད་པ་ཀུན་བཏགས་ཀྱིས་ཀྱང་མཚན་ཉིད་དེ་བཞིན་ཉིད་དེ་མངོན་སུམ་དུ་མི་མངོན་པས་ཀྱང༌། གཤིས་ལ་མེད་པས་མེད་པ་མཚན་ཉིད་པ། ཀུན་བཏགས་མི། དེ་ནས་ཕྲེང་གཅིག་ན། མེད་དོ། །འདུ་མི་བྱེད་དང་། ལྷ་ཡི། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་ན། ཡིན་ནོ། །རྣམ་མི་རྟོག །ལྷའི། དེ་ནས་ཕྲེང་གསུམ་ལྷག་ན། རབ་དབྱེ། བཅོམ་ལྡན་འདས། དེ་ནས་ཕྲེང་བརྒྱད་ན། ལགས་སོ། །མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །དེ་ནས་ཕྲེང་ཕྱེད་ན། གཟུགས་ནི་གཟུགས་གཞན་གྱིས་གཞིག་པ་ལ་སོགས། གཟུགས། དེ་ནས་ཕྲེང་ཕྱེད་པ་ན། པ་ནི། བདེ་སྡུག་བསྔལ། བཏང་སྙོམས་མྱོང༌། འདུ་ཤེས་ནི་མིང་དང་མཚན་མ་ལ་སོགས་པ་འཛིན་ན། ལས་དགེ་མི་དགེ་ལུང་མ་བསྟན། མངོན་ནི། ཡུལ་དྲུག་སོ་སོར། དེ་ནས་ཕྲེང་ཕྱེད་ན་ནི། ན་བ་ལ་སོགས་པས། སྡུག་བསྔལ། དེ་ནས་ཕྲེང་གཅིག་ཅུང་མེད་ན་ནི། འཁོར་བའི་རྒྱུ་ཡིན་པས་རྩ་བ་བྲལ། དེ་ནས་ཕྲེང་གཅིག་ཅུང་མེད་ན་ནི། རྣམ་ཤེས་དྲུག་སྐྱེ་བའི། དེ་ནས་ཕྲེང་ཕྱེད་ན་ནི། རྒྱུ་རྐྱེན་འདུས་པ་ལས་འབྲས་བུ་འབྱུང་བ། ཚོགས་པ། དེ་ནས་ཕྲེང་ཕྱེད་ན་ནི། ཆོས་དང་ཟང་ཟིང་གི །ཡོངས་སུ་ནི། རང་གི་ལུས་སེམས་དང་གཞན་ལ་གནོད་པའི་གདུང་བ་ནི། རང་གཞན་གྱི་སེམས་འཁྲུག་ནི། བདུད་དང་བར་དུ་གཅོད་པར་ཐུབ་པ་ནི། སེམས་མཉམ་པར་བཞག་པས་ཡང་དག་པའི་དོན་རྟོགས་ཤིང༌། སྡུད་པའི་ནི། ཆོས་ཉིད་དངོས་པོར་མེད་རྟོགས་ནས་དངོས་པོ་ཐམས་ཅད། སྤོང་བ་བཞི་ནི། འདོད་པ་དང་རྣམ་རྟོག་གི་སེམས་འཁྲུག་ནི། འཁོར་བ་ནས་ངེས་པར་འབྱིན་པར་བྱེད་པའི་ནི། གཟུང་འཛིན་གྱི་དངོས་པོ་དང་བྲལ་བས། དབྱེ་བ་ན་ནི། རྣམ་རྟོག་ཐམས་ཅད་ཞི་བ། འདི་ནི། ཆོས་གང་ལ་ཡང་མི་སྨོན་པས་འདོད་པ་མི་རྙེད་པའི་སྡུག་བསྔལ། ཉོན་མོངས་ཀྱི་འཆིང་བ་རྣམས་ནི། གནས་དང་གནས་མིན་ལ་སོགས་པས། །ཡེ་ཤེས་ཀྱིས་ནི། དེས། ཤིང་མཁྱེན་པའི་ནི། མངོན་པར་བྱང་ཆུབ་པ་ལ་སོགས་པ་བཞི་བསྟན་པ་ལ་བདུད་དང་མུ་སྟེགས་རྣམས་ཀྱིས་བསྒྱུར་མི་ནུས་པས། ཤི་ན་ནི། བདུད་ཕས་རྒོལ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་བར་མི་ཆོད་ནི། སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ཕན་པ་ནི། སྡུག་བསྔལ་དང་མི་བདེ་བ་ལས་སྐྱོན་ཐམས་ཅད། སེམས་ཅན་ཕ་རོལ་ཕུན་སུམ་ཚོགས་ལ། མཆོག་ནི་ཀུན་ལ་སྙོམས་པས་ཕྱོགས་དུ་མ་ཞེན་ཅིང༌། སེམས་ཅན་ནི་ཉན་རང་ལ་སོགས་པ་གཞན་ལ་མེད་ཅིང་དེ་དག་གིས་མི་འཕྲོག་པ་ནི། བདེན་པ་གཉིས་རྣམ་པ་ཐམས་ཅད་དུ། གསལ་བར་ཐུགས་སུ་ཆུད་པས། མངོན་སུམ་སངས་རྒྱས་སོ། །འགྲེས་འདིའི་འབྲུ་གནོན་འདི་རྣམས་འབུམ་ཏིག་བཞིན་བཀོད་དོ། །དེ་ནས་ཕྲེང་གཅིག་ན། བྱའོ། །དེ་ནི་ཉིད་ཀྱི་ཆོས་བསྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་། དེ་ནས་ཕྲེང་ཕྱེད་དང་དྲུག་ན། བྱའོ། །བྱེད་མེད་དང༌། །རབ་འབྱོར། གཤེགས་པས། སུས་ཀྱང་མ་བྱས་པའི་ཆོས། བྱས་པའི་བདག་ཉིད་དུ་མངོན་པར་རྟོགས་པར་སངས་རྒྱས་པ་དང༌། སངས་རྒྱས་སོ། །ཞེས་བྱ་བ་མི་འགྱུར་བའི་བདག་ཉིད་དུ་མཁྱེན་པའོ། །ཞེས་དབུ་མ་པ་གསུངས། མ་ལུས། དེ་ནས་ཕྲེང་ཕྱེད་དང་གཉིས་པའོ། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། ཞུགས་སོ། །ཞེས་བྱ་བ་ལ། དོན་དམ་པར་བྱུང་བ་མེད་པའི་ཕྱིར། ཞེས་བྱ་བ་ནི། དོན་དམ་པ་འབྱུང་བ་མེད་པ། མ་སྐྱེས་པ། མ་བྱུང་བའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་གཤེགས་པའི། ཡེ་ཤེས་ནི་ཡོངས་སུ་གྲུབ་པ་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་པའི་ཕྱིར་མ་བྱས་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་མ་བྱས་པ་མཁྱེན་པའོ། །ཞེས་བྱ་བར་མཁྱེན་ཏོ། །ཞེས་བྱ་བ་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། ཡིན་ནོ། །མ་མཐོང་སྟོན་པར་མཛད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ལྔ་ལྷག་ན། ཡིན་ནོ། །ཞེས་བྱ་བ་ནི་གང་གི་ཕྱིར། གཟུགས་ངས་མ་མཐོང་བ་དེ་སྟོན་པའོ། །གལ་ཏེ་གཟུགས་མ་མཐོང་བར་གྱུར་ན། རབ་རིབ་ཅན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་བའི་ཕྱིར། དེ་སྟོན་པར་ཡང་མི་འགྱུར་རོ། །ཞེས་དབུ་མ་པ་གསུངས། ཚོར། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཡིན་ནོ། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །རབ་འབྱོར། དེ་ནས་ཕྲེང་བཅུ་གསུམ་ན། ཡིན་ནོ། །བསམ་མི་ཁྱབ་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །ཞི་ཉིད་སྟོན། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །རབ་འབྱོར། དེ་ནས་ཕྲེང་བཞི་ན།བམ་པོ་སུམ་ཅུ་རྩ་བཞི་པའོ། །གཉིས་པ་ཁྱད་པར་ཀྱི་མཚན་ཉིད་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །རབ་འབྱོར། དེ་ནས་ཕྲེང་བཅུ་ན། དམིགས་སོ། །ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས། གཟུང་དུ་མེད་ཅེས་བྱ་བའི་ཐ་ཚིག་གོ་སྟེ། དེ་ནས་ཤེས་པ་བྱར་མེད་ཅེས་པ་གསུངས་སོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཞི་ན། ཁྲི་བརྒྱད་སྟོང་པ་ལས། བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་སྟེ། བཞི་བཅུ་རྩ་གསུམ་པའོ།། །།འཕགས་པ་ཀུན་སྡུད། དེ་ནས། དེ་ནས་ཤོག་གུ་གཅིག་ལ། པ་དང༌། ཞེས་བྱ་བ་ནི། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲེས་པས་ཡོངས་སུ་འཛིན་པ་དང་ལྡན་པས་མངོན་པར་ཞེན་པར་མི་འབྱུང་བ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡོངས་སུ་འཛིན་པ་མེད་པ་དང༌། མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པའོ། །ཞེས་བྱ་བ་མང་དུ་གྱུར་ཏེ། བྱེད་པ། ཆེ་བ་ཉིད་དུ་བཏོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར། དེ་ནས་ཤོག་གུ་གཅིག་དང་ཕྱེད་ན། བྱའོ། །མཁས་པ་ཡིས། །རེག་བྱ། དེ་ནས་ཕྲེང་གསུམ་ན། ལགས་སོ། །ཐུན་མོང་མིན་ཤེས་ཉིད། །བཅོམ་ལྡན་འདས། དེ་ནས་ཕྲེང་བདུན་ན། ཡིན་ནོ། །ཤེས་མྱུར། ལྷའི། དེ་ནས་ཕྲེང་དྲུག་ན། ཕྱིར་རོ། །བྲི་དང་གང་མེད་དང༌། །དེ་ནས་ཕྲེང་ལྔ་ནས་བརྗོད། སྒྲུབ་དང་། དེ་ནས། དེ་ནས་ཕྲེང་དང་བཅུ་གཅིག་འགྱུར་རོ། །ཡང་དག་འགྲུབ་པ་དང༌། །རབ་འབྱོར། དེ་ནས་ཤོག་གུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། ལེའུ་བཞི་བཅུ་རྩ་བཞི་པའོ།། །།དམིགས་པ། རབ་འབྱོར། དེ་ནས་ཕྲེང་དང༌། བཅུ་གསུམ་ན། ལྟོས། རྟེན་དང་བཅས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་བཞི་ན། བྱ། ཡང་དག་པ་དང་། རབ་འབྱོར། དེ་ནས་ཕྲེང་བཅུ་གསུམ་ན། འགྱུར་རོ། །ཡོངས་འཛིན་དང༌། །རབ་འབྱོར། དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། ཁྲི་བརྒྱད་སྟོང་པ་ལས། གྲུབ་པའི་ལེའུ་སྟེ། བཞི་བཅུ་རྩ་ལྔ་པའོ།། །།བམ་པོ་སུམ་ཅུ་རྩ་ལྔ་པའོ། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཅེས་བྱ་སྟེ། །གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །དེ་སྐད། དེ་ནས་ཕྲེང་ཕྱེད་དང་བཅུ་དྲུག་ན། ཁྱོད་རྣམ་པར་མི་རྟོག་པའི་ཤེས་རབ་ཅན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ལྟ་བས་མཆོག་ཏུ་འཛིན་པ་དང༌། ཆགས་པས་སྨོན་པར་མ་བྱེད་ཅིག །ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། གཟུགས། དེ་ནས་ཕྲེང་བརྒྱད་ན། སྟོན་ཏོ། །གསུམ་པ་བྱེད་པའི་མཚན་ཉིད་ནི། ཕན་དང་། རབ་འབྱོར། དེ་ནས་ཕྲེང་བཅུ་བདུན་ན། ཡིན་ནོ། །བདེ་དང་། རབ་འབྱོར། དེ་ནས་ཕྲེང་བཞི་ན། ཡིན་ནོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། སྐྱོབ་པ་དང༌། །མི་རྣམས་ཀྱིས་ནི་སྐྱབས་དག་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] གནས་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མ་བྱས། ཞེས་བྱ་བ་ནི་འཁོར་བའི་དུས་ལ་ཀུན་བཏགས་པ་དང༌། ཡོངས་སུ་གྲུབ་པ་གཉིས། གང་གི་ཚེ་གཅིག་ཏུ་འགྱུར་ཏེ། ཐ་དད་པ་མ་ཡིན་པར་གནས་པ་དེའི་ཚེ་དེ་གཉིས་ཐ་དད་པ་མེད་པར་གནས་པར་གྱུར་པ་དེའི་ཚེ་འདྲེས་པར་གྱུར་པ་དེའི་ཚེ་འགྱུར་ཞེས་བྱའོ། །གང་གི་ཚེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པའི་ཐོས་པ་དང༌། བསམ་པ་དང་སྒོམ་པ་ལ་སོགས་པའི་མཐར་ཐུག་རིམ་གྱིས་གནས་པར་གྱུར་ན་ཡོངས་སུ་གྲུབ་པ་དང༌། ཀུན་བཏགས་པ་གཉིས་ཐ་དད་པ་མེད་པར་གྱུར་ཅིང་ཤིན་ཏུ་རྣམ་པར་དག་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་གནས་གྱུར་པ་དེའི་ཚེ་འདྲེས་པ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། [གསལ་བཤད། མངོན་རྟོགས་རྒྱན་ལས། དཔུང་གཉེན། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] བཅོམ་ལྡན་འདས། དེ་ནས་ཕྲེང༌། ནི་སྟེ། ཀུན་བཏགས་ཀྱི་གཟུགས། པ། དེ་བཞིན་ཉིད་ཀྱི་གཟུགས། དེ་ནི་གཟུགས། དེ་ནས་ཕྲེང་གཉིས་ན། རང་བཞིན་ནོ། །ཞེས་བྱ་བ་ནི་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་སྐད་ཅེས་གསུངས་སོ། །ཞེས་དབུ་མ། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། ཡིན་ནོ། །གླིང་དང་ནི། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། པའོ། །ཞེས་བྱ་བ་ནི། གཟུགས་ནི་སྔོན་གྱི་མཐར་དོན་དམ་པར་ནམ་ཡང་མ་བྱུང་ཕྱི་མའི་མཐར་ཡང་དོན་དམ་པར་ནམ་ཡང་མ་བྱུང་བར་འགྱུར་བ་མ་ཡིན་ཏེ། དུས་ཐམས་ཅད་དུ་མེད་པའི་ཕྱིར། ཞེས་དབུ། རབ་འབྱོར། དེ་ནས་ཕྲེང་གསུམ་ན། པའོ། །ཞེས་བྱ་བ་ནི། རྒྱུས་སྟོང་པ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་ཀྱི་དམིགས་སུ་མེད་པ་གང་ཡིན་པ་དེ་དོན་དམ་པ་སྟེ་རིག་པའོ། །ཞེས་སྟོན་ཏོ། །དབུ་མ་པ། དེ་ནས་ཕྱེད་ཕྱེད་དང་གཉིས་ན། ཡིན་ནོ། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་གཅིག་ན། ཅན་ནོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། ལྷུན་གྱིས་གྲུབ་དང༌། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ནི་ནམ་མཁའ་བཞིན་གོས་པ་མེད་ཅིང་འགྱུར་བ་མེད་པའི་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ། ཞེས་དེ་ནས། ཕྲེང་གཅིག་ན། ཉིད་ནི། རྣམ་པར་རྟོག་པ་དང་བཅས་པའི་ཚེ། གར་ཡང་འགྲོ་བ་མེད་པ་དང༌། ཕྱིས་རྣམ་པར་མི་རྟོག་པའི་ཚེ་ཡང་ནས་ཀྱང་འོང་བ། དེ་ནས་ཕྲེང་དྲུག་ན། ཕྱིར་རོ། །ཐེག་གསུམ་གྱིས། །འབྲས་བུ་མངོན་དུ་མི་བྱེད་དག །རབ་འབྱོར། དེ་ནས་ཕྲེང་བདུན་ན། ཐམས་ཅད་ནི། ཡོད་པ་ལ་སྐུར་བ་མི་འདེབས་པས་དབྲི་དང༌། མེད་ལ་ལ་སྐུར་བ་མི་འདེབས་པས་བསྣན། དེ་ནས་ཕྲེང་གཉིས་ན། ཐམས་ཅད་ནི། རྟོག་པ་དང་བཅས་པའི་ཚེ་ཡང་ཀུན་བཏགས་པ་ཡོངས་སུ་གྲུབ་པ་དང༌། ཕྲེང་དང༌། རྣམ་པར་རྟོག་པའི་ཚེ་ཡང་ཕྱིས། འབྲལ། འདྲེ། མི་འདྲེ། ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཆོག་ཡིན་ནོ། །རབ་འབྱོར། དེ་ནས་ཕྲེང་བཅོ་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་བསྟན་པའི་ལེའུ་སྟེ། བཞི་བཅུ་རྩ་དྲུག་པའོ།། །།

བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། ཉོན་མོངས་རྟགས་དང་མཚན་མ་དང༌། །རབ་འབྱོར། དེ་ནས་ཕྲེང་ན། འགྱུར་རོ། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་། རབ་འབྱོར། དེ་ནས་ཕྲེང་བཞི་ན། ཡིན་ནོ། །དཀའ་དང་། རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཡིན་ནོ། །ཞེས་བྱ་བ་ན་གཟུགས་ལ་སོགས་པའི་ཆོས་ལ་ཤིན་ཏུ་མེད་པའི་ཕྱིར་རོ། །ཆོས་དེ་རྣམས་མཚན་མར་བཟུང་སྟེ། གོ་ཆ་བགོས་པ་ནི་མ་ཡིན་གྱི་མཚན་མ་མེད་པའི་གོ་ཆ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཅིའི། དེ་ནས་ཕྲེང་བདུན་ན། ཡིན་ནོ། །ངེས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། རྣམས་ནི། སེམས་ཅན་འདི་སྙེད་ཅིག་མྱ་ངན་ལས་འདས་པར་བྱའོ། །ཞེས་པའི། པ་དུའོ། ཆེད་དུ་བྱ་དང་། དེ་སྐད། དེ་ནས་ཕྲེང་དྲུག་ན་ཡིན་ནོ། །མི་དམིགས་དང༌། །རབ་འབྱོར། དེ་ནི་བྱེད་པ་པོ་མེད་པའི་ཕྱིར་སུས། ཆོས་གང་ལ་ཡང་བསྒོམ་པར་བྱ་བ་མ་མཐོང་བས་གང་དུ། བསྒོམ་པ་ཡིད་ལ་བྱ་བ་མཐོང་བས། ཇི་ལྟར། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ན། ཡིན་ནོ། །མངོན་པར་ཞེན་པ་བཀག་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཆེན་པོ་ཡིན་མིན་ཡོངས་སུ་ཡོངས་སུ། དེ་ནས་ཕྲེང་བཅུ་གཉིས་ན། ཕྱིར་རོ། །དམིགས་པ་ཞེས་བྱ་གང་ཡིན་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་གཉིས་ན་བྱའོ། །ཞེས་བྱ་བ་འདི་སྟོན་ཏེ། མངོན་པར་རྟོགས་པའི་ཚེ། གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་སྣང་བར་མི་འགྱུར་རོ། །དེ་བས་ན། གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་རྣམས་ཀྱི་མངོན་པར་རྟོགས་པར་བྱང་ཆུབ་པ་ནི་མེད་ཀྱི་དེ་དག་གི་དེ་བཞིན་ཉིད་མངོན་པར་རྟོགས་པར་བྱང་ཆུབ་པ་ནི་མེད་ཀྱི་དེ་དག་གི་དེ་བཞིན་ཉིད་མངོན་པར་རྟོགས་པར་འགྱུར་རོ། །དེ་བཞིན་དེ་ཡང་ཐ་དད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་གཅིག་གོ །དེ་བས་ན་དེ་བཞིན་ཉིད་གཅིག་པའི་ཕྱིར། གཟུགས་ལ་སོགས་པའི་ཆོས་རྣམས་ལ་བརྟག་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཚོར་བ། དེ་ནས་ཕྲེང་གསུམ་ན། ནུས་ཏེ། ཀུན་བཏགས། གཟུགས་དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཞེ་ན། ཡོངས་གྲུབ་ཀྱི་གཟུགས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། ལེའུ་བཞི་བཅུ་རྩ་བདུན་པའོ།། །།བམ་པོ་སུམ་ཅུ་རྩ་དྲུག་པའོ། །དེ་ནས་ཕྲེང་བཅུ་དྲུག་ཙམ་ན། ཉིད་དོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་གཅིག་པའི་ཕྱིར་རོ། །གཅིག་པོ་ཁོ་ནར་འདུ་བར་འགྱུར་གྱི། གཉིས་སུ་འདུ་བར་མི་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། མི་མཐུན། ལྷའི་བུ། དེ་ནས་ཕྲེང་བརྒྱད་ལྷག་ན། མ་ལགས། ཞེས་བྱ་བ་འདི་ནི་གཟུགས་ཞེས་མཚན་མར་འཛིན་པ་ནི་བཟུང་བའོ། །གཟུགས་མེད་དང་ཞེས་རྣམ་པ་ཐམས་ཅད་དུ་སྐུར་བ་འདེབས་པ་ཐམས་ཅད་དུ་སྐུར་བ་འདེབས་པ་ནི་མི་བཟུང་བའོ། །ཞེས་དབུ་མ་པ་གསུངས། ཚོར། དེ་ནས་ཕྲེང་བཅུ་ན། ནུས་སོ། །ཐོགས་པ་མེད་དང་། རབ་འབྱོར། དེ་ནས་ཕྲེང་བཞི་ན། ལགས་སོ། །ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ཉིད་རྣམ་པར་འབྱོར་དེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་མེད་པའི་ཕྱིར་ཐོགས་པ་མེད་དོ། །འདི་ལྟར་ཀུན་བཏགས་པ་ལ་གཟུགས་ནི་ཡོད་པ་མ་ཡིན་པའི་ཕྱིར་སྒྲོ་འདོགས་པའི་མཐའ་མེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་ཡོད་པའི་ཕྱིར་སྐུར་བ་འདེབས་པའི་མཐའ་མེད་དོ། །དེ་བས་ན་གཟུགས་དང་རྗེས་སུ་མཐུན་པའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས། ཚོར། དེ་ནས་ཕྲེང་བཞི་ན། ལགས་སོ། །དེ། །གཞི་མེད། ཆོས། དེ་ནས་ཕྲེང་ལྷག་ན། ལགས་སོ། །འགྲོ་མེད། དེ་ནས། དེ་ནས་ཕྲེང་བཅུ་ལྷག་ན་མེད་ཅིང༌། ཞེས་པ་འདི་མི་འགྱུར་བར་ཡོངས་སུ་གྲུབ་པར་སྟོན་ཏོ། །རྣམ་པ་སྟེ། ཞེས་པས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་སྟོན་ཏོ། །དེ་བཞིན། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་ཕྱེད་དང་དྲུག་ན། བརྗོད་དོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། སྐྱེ་མེད་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] སེམས་བསྐྱེད། དེ་ནས་ཕྲེང་གཅིག་ན། སྐྱེས་དེ་གཟུགས་མེད་པས་སོ། །གཟུགས་སྐྱེས། སྟེ་གནས་བརྟན་དངོས་པོ་མེད་པའོ། །ཉིད་ཀྱང་སྐྱེ་བ་དང་འབྲེལ་བ་མེད་པས་དེ་ཉིད་ཀྱི། དེ་ནས་ཕྲེང་ཕྱེད་དང་དྲུག་ཙམ་ན། ཕྱིར་རོ། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །དེ་ནས་ཕྲེང་གཅིག་ཅུང་མེད་ན། དེ་བཞིན་ཉིད་དང་ཞེས་པ་ལ་སོགས་པ་ནི། དེ་བཞིན་གཤེགས་པའི་དངོས་པོ་ནི་དེ་བཞིན་ཉིད་དོ། །མ་ནོར་བའི་དངོས་པོ་ནི་མ་ནོར་བའི་དེ་བཞིན་ཉིད་དོ། །གཞན་མ་ཡིན་པའི་དངོས་པོ་ནི་གཞན་མ་མིན་པའི་དེ་བཞིན་ཉིད་དོ། །ཆོས། ཆོས་རྣམས་ཀྱི་བརྗོད་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་དོན་དམ་པའི་དབྱིངས་གང་ཡིན་པ་དེ་ནི་དུས་ཐམས་ཅད་དེ་བཞིན་ཉིད་དུ་འགྱུར་ཞིང༌། ནོར་བར་མི་འགྱུར་གཞན་དུ་མི་འགྱུར་བའི་ཕྱིར། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་ཅེས་བྱའོ། །ཡོངས་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིགས་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། མི་འགྱུར་བར་ཡོངས་སུ་གྲུབ་པ་དང༌། དེ་ལ་མི་འཇིགས་པར་ཡོངས་སུ་གྲུབ་པ་ནི་ཕྱིར་རོ། །དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་དོ། །མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཆོས་ཉིད་དང༌། དེའི་རྩ་ན། ཆོས་གནས་པ་ཉིད་དང༌། ཞེས་བྱ་བའི་ཚིག་གསུམ་གྱི་མཚན་ཉིད་རྣམ་པ་གསུམ་སྟེ། ཆོས་ཀྱི་མཚན་ཉིད་དང༌། འབྱུང་གནས་ཀྱི་མཚན་ཉིད་དང༌། གནས་པའི་མཚན་ཉིད་དོ། །ཆོས་ཀྱི་དངོས་པོ་ནི་མཚན་ཉིད་དོ། །ཀུན་བཏགས་པ་དང༌། རྣམ་པར་བཏགས་པའི་ཆོས་ཐམས་ཅད་ལས་གཞན་དུ་གྱུར་པས་ན། དེ་དང་མི་འདྲ་བར་བརྗོད་དུ་མེད་པ་ཆོས་ཀྱི་དངོས་པོ་གནས་པ་གང་ཡིན་པ་དེ་གནས་པའི་ཕྱིར་ཆོས་ཉིད་ཀྱི་སྒྲར་བརྗོད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། འབྱུང་གནས་ཀྱི་མཚན་ཉིད་གསུངས་པ་སྟེ། ཆོས་ནི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སོ། །དབྱིངས་ཀྱི་སྒྲ་ནི་རྒྱུའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་དག་དབྱིངས་ཞེས་བྱ་སྟེ། ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་གནས་པ་ཉིད་ཅེས་བྱ་བ་ནི་གནས་ཀྱི་མཚན་ཉིད་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། ཆོས་ཉིད་དང༌། ཆོས་གནས་པ་ཉིད་འདི་ནི། ལུགས་སུ་རུང་བ་ཉིད་དོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དོན་དམ་བརྗོད་དུ་མེད་པའི་ཡོངས་སུ་གྲུབ་པའི་ཆོས་ནི། སྔོན་དྲི་མ་དང་བཅས་པའི་གནས་སྐབས་དང༌། ཕྱིས་དྲི་མ་མེད་པའི་གནས་སྐབས་ན་ཡང་དུས་ཐམས་ཅད་དུ་ཡོད་པས་ཆོས་གནས་པ་ཉིད་དོ། །ཆོས་སྐྱོན། དེ་ནས་ཕྲེང་ཕྱེད་ན་ཟབ་སྟེ། ཞེས་བྱ་བའི་ཚིག་གསུམ་གྱིས་ངེས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་བ་ལ་ཆོས་ནི་འདིར་ལོག་པའི་ཆོས་ལ་བཟློག་པ་ཡང་དག་པ་ཉིད་ཀྱི་ཆོས་ཏེ། དེ་དག་ལ་ངེས་པ་ཉིད་དང༌། གཅིག་ཏུ་ཆད་པ་ཉིད་ནི་སྐྱོན་མེད་པ་ཉིད་ཡིན་ཏེ། ས་རབ་ཏུ་དགའ་བའི་ཡེ་ཤེས་ཀྱི་དང་པོ་ཉིད་དུ་དེ་བཞིན་ཉིད་དུ་དེ་རབ་ཏུ་རྟོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བྱེད་པ་ཡང་དག་པ་ཉིད་ཀྱི་ཆོས་རྣམས་ཀྱི་ངེས་པའི་རྒྱུ་ཡིན་པའི་ཕྱིར་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། འདི་ལྟར་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པའི་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སྐྱོན་ཞེས་བྱ་བ་ནི་ཆོས་ལ་སྲིད་པ་སྟེ། སྐྱོན་གྱི་དངོས་པོ་མེད་པ་ནི་སྐྱོན་མེད་པ་ཉིད་དོ། །ཞེས་སྔར་ཇི་སྐད་དུ། བཤད་པ་ལྟ་བུའོ། །ཆོས་རྣམ་པ་ལ་སྐྱོན་མེད་པ་ཉིད་དོ། །ཆོས་གང་རབ་ཏུ་རྟོགས་པས་སྐྱོན་རྣམས་རྒྱུན་བཅད་པ་དེ་ལ་ཆོས་སྐྱོན་མེད་པ་ཞེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་མཐའ་སྟེ། མཐར་ཕྱིན་པ་ཤིན་ཏུ་ངེས་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་འཇིག་རྟེན་པའི་རྟོག་གེ་བ་ཐམས་ཅད་ཀྱི་རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པས་ཤིན་ཏུ་ངེས་པ་སོ་སོར་རང་རིག་པ་དོན་དམ་པ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །ཡང་ན་ངོ་མཚར་རྨད་བྱུངབའི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ལྟུང་ངོ༌། །དེ་རྣམས་ཀྱིས་ནི། མཚ༷ན་ཉི༷ད་བཅ༷ས། །ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། །མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང༌། །ཤཱ་རིའི། དེ་ནས་ཕྲེང་ཕྱེད་དང་དགུ་ན། བྱའོ། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །དེ་ཅིའི། དེ་ནས་ཕྲེང་དྲུག་ན། ཡིན་ནོ། །བསམ་པ་ཕུན་ཚོགས་དྲན་པ་དང༌། །ཤཱ་རིའི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། རྣམ་པར་མི་རྟོག་ཏིང་འཛིན་དང༌། །དེ་ཅིའི། དེ་ནས་ཕྲེང་བརྒྱད་ན། བགྱིའོ། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ། དེ་ནས་ཕྲེང་བཞི་ན། དམིགས་སོ། །ཞེས་བྱ་བ་ནི་ངེས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྡུས་པ་ཀུན་རྫོབ་ཀྱི་ཤེས་པ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི། དོན་དམ་པའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱིན། རྨི་ལམ་དུ་མཐོང་བའི་དོན་བཞིན་རབ་ཏུ་ཤེས་པའམ། ཤེས་པ་བྱེད་པའི་དོན་གང་ཡང་མ་མཐོང༌། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ཅིའི། དེ་ནས་ཤོག་གུ་གཅིག་ན། གཏོགས། རྟུལ་པོས་རྟོགས་དཀར་བཞེད། །གལ་ཏེ། དེ་ནས་ཤོག་གུ་ཕྲེང་ཕྱེད་དང་དྲུག་ན། འགྱུར་རོ། །འདི་རྣམས་ཀྱིས་ནི། ཐ༷ར་ད༷ང་། ཞེས་བྱ་བ་དོན་དྲུག་པ་གསུངས་ཟིན་ཏོ། །དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །དེ་ནས། དེ་ནས་ཕྲེང་དགུ་ན། བྱའོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར། བདག་གིས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ན། བྱའོ། །དེ་བཞིན་བཟོད་པ་ནི། །རང་གཞག་རྟེན་ཅན་བདེན་ཤེས་པ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །བདག་གིས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པ་རྣམ་པར་བཞག་པའི་ལེའུ་ཞེས་བྱ་བ་སྟེ། བཞི་བཅུ་རྩ་བརྒྱད་པའོ།། །།བམ་པོ་སུམ་ཅུ་རྩ་བདུན་པའོ། །དེ་རྣམས་ཀྱིས་ནི། ངེ༷ས་འབྱེ༷ད་ཆ༷་མཐུ༷ན་ད༷ང༌། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། །ངཻས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །དེ་སྐད། དེ་ནས་ཕྲེང་བདུན་ན། བྱའོ། །གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་ལས་ལྡོག་པ་དང༌། །རབ་འབྱོར། དེ་ནས་ཕྲེང་བརྒྱད་ན། ཕྱིར་རོ། །ཐེ་ཚོམ། རབ་འབྱོར། དེ་ནས་ཕྲེང་བཞི་ན། བྱའོ། །མི་དལ་ཟད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། བྱའོ། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བྱའོ། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །རབ་འབྱོར། དེ་ནས་ཕྲེང་ལྔ་ན། བྱའོ། །ཟབ་མོའི་དོན་ལའང་སོམ་ཉི་མེད། །རབ་འབྱོར། དེ་ནས་ཕྲེང་དྲུག་ན། བྱའོ། །བྱམས་ལུས་སོགས་དང་། རབ་འབྱོར། དེ་ནས་ཕྲེང་གཉིས་ན། བྱའོ། །སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། བྱའོ། །བག་ལ་ཉལ་ཀུན་འཇོམས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ལྷག་ན། བྱའོ། །དྲན་པ་དང་ནི་ཤེས་བཞིན་དང༌། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། བྱའོ། །གོས་ལ་སོགས་པ་གཙང་བ་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། བྱའོ། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །རབ་འབྱོར། དེ་ནས་ཕྲེང་གསུམ་ལྷག་ན། བྱའོ། །གྱ་གྱུ་[མེད་]སེམས། དེ་སྐད། དེ་ནས་ཕྲེང་དྲུག་ན། བྱའོ། །སྦྱངས་པ་ནི། །ལེན་དང་། རབ་འབྱོར། དེ་ནས་ཕྲེང་གཉིས་ན། བྱའོ། །སེར་སྣ་མེད་སོགས་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། བྱའོ། །ཆོས་ཉིད་རྣམ་པར་འགྲོ་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། བྱའོ། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། བྱའོ། །གཞན་གྱིས་བཀྲི་བར་མི་བཏུབ་དང༌། །རབ་འབྱོར། དེ་ནས་ཕྲེང་བཅོ་ལྔ་ན། བྱའོ། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །རབ་འབྱོར། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་གསུམ་ལྷག་ན། བྱའོ། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་གཞན་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །རབ་འབྱོར། དེ་ནས་ཕྲེང་དྲུག་ན། བྱའོ། །མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །དེ་སྐད། དེ་ནས་ཕྲེང་བདུན་ན། ཁྲི་བརྒྱད་སྟོང་པ་ལས། ལེའུ་བཞི་བཅུ་རྩ་དགུ་པའོ།། །།སེམས་བརྟན། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། བྱའོ། །ཐེག་པ་དམན་དག་ལས། །རྣམ་ལོག །དེ་ནས། དེ་ནས་ཕྲེང་བདུན་ན། ནུས་སོ། །བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང༌། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བདུན་ན། བྱའོ། །ལུས་སེམས་ཡང་བ་ཉིད་དང་ནི། །རབ་འབྱོར། དེ་ནས་ཕྲེང་དང་བརྒྱད་ན། བྱའོ། །འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ན་ཅུང་བྱེད་དོ། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་བདུན་ན། མི་འགྱུར་རོ། །འཚོ་བ་རྣམ་པར་དག་ཉིད་དང༌། །བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་དང་དགུ་ན། བྱའོ། །གཟུགས་ཕུང་སོགས། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཕྱིར་རོ། །བར་ཆད་བྱེད་རྣམས་དང༌། །དེ་ཚོལ། དེ་ནས་ཕྲེང་ཕྱེད་དང་ན་ཕྱིར་རོ། །ཚོགས་དང་དམིགས་གི །དེ་ནས་ཕྲེང་གཅིག་ན། ཕྱིར་རོ། །དབང་སོགས་བཅས་པ་ཡི། །གཡུལ་འགྱེད་གཡུལ་དང༌། དེ་ནས་ཕྲེང་ཕྱེད་དང་བདུན་ན། གནས་སོ། །སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །དེ་ནས་ཕྲེང་བཅུ་གཉིས་ན། བྱའོ། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རབ་འབྱོར། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ལྷག་ན། ཕྱིར་རོ། །རང་གི་ས་ལ་ངེས་པ་ཉིད། །[ས་གསུམ་ལ་ནི་གནས་པ་དང༌།།] རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། ཕྱིར་རོ། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་ལ་གནས་པ་ཡི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །རབ་འབྱོར། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། ཕྱིར་མི་ལྡོག་པའི་རྟགས་བསྟན་པའི་ལེའུ་ཞེས་བྱ་བ་སྟེ། ལྔ་བཅུ་པའོ།། །།བམ་པོ་སུམ་ཅུ་རྩ་བརྒྱད་པའོ། །དེ་ནས་ཕྲེང་དྲུག་ན། སྒྲུབ་བོ། །སྒོམ་པའི་ལམ་ནི་ཟབ་པ་སྟེ། །དེ་ནས་ཕྲེང་བཞི་ན། གསོལ། ཟབ་མོ་སྟོང་པ་ཉིད་ལ་སོགས། །དེ་སྐད། དེ་ནས་ཕྲེང་གཅིག་ན། ཟབ་བོ། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །རབ་འབྱོར། དེའི་རྩ་ན། ལྔ་ཞེས་ཞུས། ཅི་ལ་དགོངས་ཞེ་ན། དེ་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པ་མེད་པ་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་དམ་གཟུགས་ལ་སོགས་པ་ལ་རག་ལས་པ་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ཅེས་གཟུགས་ལ་སོགས་པའི་ཚིག་ཏུ་ཇི་ལྟར་བརྗོད་ཅེས་ཞུས་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བྱང་ཆུབ། དེ་ནས་ཕྲེང་གཅིག་ན། སུའོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་ཡངས་པ་སྟེ། ཀུན་བཏགས་པ་ལ་ཐ་དད་པར་གྱུར་པ་དེ་བཞིན་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་བྲལ་བ་སྟེ། གཟུགས་ལ་སོགས་པའི་སྒྲར་བརྗོད་དུ་མི་རུང་ངོ༌། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་བཏགས་པའི་གཟུགས་ལ་སོགས་པ་དང༌། དེ་བཞིན་དེ་གཞན་དུ་བརྗོད་དུ་མི་རུང་བ་དྲི་མ་དང་བཅས་པའི་དེ་བཞིན་གང་ཡིན་པ་དེའི། གནས་སྐབས་ཉེ་བར་མཚོན་པའི་ཕྱིར་གཟུགས་ལ་སོགས་པའི་སྒྲ་སྒྲོ་བཏགས་ཏེ་ཐ་སྙད་དུ་བྱའོ། །ཞེས་སྟོན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ནས་ཕྲེང་གསུམ་ན། བསྟན་ཅེས་བྱ་བ་ནི་གཟུགས་ཟབ་བོ། །ཞེས་བྱ་བ་དེས་ཀུན་བཏགས་པའི་གཟུགས་ལས་ནི་བཟློག ། ཆོས་ཉིད་ཀྱི་མྱ་ངན་ལས་འདས་པ་ནི་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུང་ཞིང༌། ཐེག་ཆེན་གྱི་མདོ་རྒྱུད་ཟབ་མོ་ཤིན་ཏུ་མང་བ་དང་མཐུན་ལ། སེམས་འགྲེལ་སྐོར་ལ་སོགས་པ་དང་ཡང་མཐུན་ནོ། །ཚོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། པའོ། །བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་ངེས་དོན་མཐར་ཐུག་ཐམས་ཅད་གཅིག་ཏུ་འདུས་པ་ཡིན་པས། དང་པོ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །དེ་སྐད། དེ་ནས་ཤོག་གུ་གཅིག་ན། འགྲོའོ། །དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་། རབ་འབྱོར། དེ་ནས་ཕྲེང་བཅོ་ལྔ་ན། ཕྱིར་རོ། །འབྲིང་དང་། རབ་འབྱོར། དེ་ནས་ཕྲེང་བཅུ་དྲུག་ན། བྱའོ། །ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་བཞེད་དོ། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། ཡིན་ནོ། །གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །རབ་འབྱོར། དེ་ནས་བཅུ་གསུམ་ན། ལགས་སོ། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །བཅོམ་ལྡན་འདས། དེ་ནས་ཕྲེང་བདུན་ན། ནུས་སོ། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །རབ་འབྱོར། དེ་ནས་ཕྲེང་དགུ་ན། ལགས་སོ། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་སྒྲུབ་བྱེད། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་དྲུག་ན། བྱའོ། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །དེ་ནས། དེ་ནས་ཕྲེང་གཅིག་ན་ལྔ། ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དང་ཐ་དད་པ་མ་ཡིན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དེ་ཡང་བསྟན་པའི་ཕྱིར། ཞུས་པའོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་ན། ཡྀན་པ། འགྱུར་མེད་ཡོངས་གྲུབ་དོན་དམ་པའི་དབྱིངས་རིག་དབྱེར་མེད་ཀུན་འགྲོ་ཡེ་ཤེས་སེམས་དཔའ་དེ་མཐར་ཐུག་གི་བླ་མ། དེ་ནས་ཕྲེང་གཉིས་ན། ཡིན་པ། སངས་རྒྱས་རྣམ་པར་སྣང་མཛད་དང༌། དེ་ནས་ཕྲེང་ཕྱེད་ན། ཡིན་ཏེ། འདི་དང་མཐུན་པར་རབ་ཞི་རྣམས་ངེས་སུ་ཡང་ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ། སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །ཞེས་སོགས་དང༌། རྒྱན་སྟུག་པོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིགས་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་བསྒྲགས་པ་མྱ་ངན་འདས་པ་དབྱིངས་དང་ལྷུར་མི་འཇིགས་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས། འདས་པ་དང་མ་བྱུང་བ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང༌། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དང༌། ཆོས་འཕགས་ཀྱི་ལེའུར་ཡང༌། རིགས་ཀྱི་བུ། མི་སྐྱེ་བ་ལ་ནི་འགྲོ་བའམ་འོང་བ་མེད་པ་སྟེ། མི་སྐྱེ་མི་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ་ཡང་དག་པའི་མཐའ་དང༌། སྟོང་པ་ཉིད་དང༌། ཇི་ལྟ་བ་བཞིན་དང༌། འདོད་ཆགས་དང༌། བྲལ་བ་དང༌། འགོག་པ་ལ་ཡང་སྦྱར་ཏེ་གསུངས་ཤིང༌། གཞན་ཡང་ཤིན་ཏུ་མང་པོ་བཀའ་སྩལ་པ། དེ་ལ་ནི་ཚོགས་གློ་བུར་བ་བསགས་པས་འཕེལ་འགྲིབ་གཉིས་གློ་བུར་བ་ཟད་པས་ཡོངས་སུ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དོན་དམ་ལ། དེ་ནས་ཕྲེང་ཕྱེད་གསུམ་ན། བྱའོ། །སེམས་ནི་སྔ་མས་བྱང་ཆུབ་བར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དྲུག་ན། བྱའོ། །དེ་ནས་ཕྲེང་དྲུག་ན། བྱའོ། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཅུ་དགུ་ན། བྱའོ། །སྐྱེ་བ་དང་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན། མཐོང་བྱ། སེམས་འདུས་མ་བྱས་ཀྱི་སེམས། དེ་ནས་ཕྲེང་ཕྱེད་ན། སོ། །འགག་པ་དང༌། །བཀའ། འདུས་བྱས་ཀྱི་སེམས། དེ་ནས་ཕྲེང་གཅིག་ན། འམ། འགོག་པ་གཉིས་པ་མེད་པའི་ཕྱིར། གསོལ། སོ། །དེ་བཞིན་ཉིད་དང་། བག །དེ་ནས་ཕྲེང་ཕྱེད་དང་གཉིས་ན། ནས། བདག་ཉིད་ཀྱི་ངོ་བོ་ཉིད་མེད་པས། གསོལ། དེ་ནས་ཕྲེང་གཅིག་ན། སོ། །ཤེས་བྱ་དང༌། །བཀའ་དེ། འདུས་བྱས་ཀྱི་སེམས། དེ་ནས་ཕྲེང་གཅིག་ན། འམ། ཀུན་བཏགས་ན་ཡོངས་གྲུབ་ལས། དེ་ཉིད་གཞན་དུ་བསྙད་དུ་མེད་པས། གསོལ། ཉིད་ཕན་ཚུན་རྟེན་བརྟེན་པ་དེ་དངོས་པོར་ཡོད། ཉིད་ལ་འདུས་བྱས་ཀྱི་སེམས་སོ། །ཤེས་དང་། དཀའ་ཉིད་མཐོང་བྱེད་ཐ་དད་པའི་ཚུལ་གྱིས་ཡང༌། སོང༌། ཞེས་དབུ་མ་པ་དགོངས་པ་བཞིན་བྲིས་སོ། །སྤྱོད་དང་། བཀའ། དེ་ནས་ཕྲེང་བཞི་ན། ངུའོ། །གཉིས་མེད་དང༌། །དེ་སྐད། དེ་ནས་ཕྲེང་བཅོ་ལྔ་ན།བམ་པོ་སུམ་ཅུ་རྩ་དགུའོ། །དེ་ནས་ཤོག་གུ་ཕྱེད་དང་བདུན་ཙམ་ན། ཁྲི་བརྒྱད་སྟོང་པ་ལས། ཕྱིན་པ་དྲུག་གི་ཐབས་རྫོགས་པའི་ལེའུ་ཞེས་བྱ་སྟེ། [ལྔ་བཅུ་རྩ་གཅིག་པའོ།།?] བམ་པོ་བཞི་བཅུ་རྩ་གཉིས་པའོ། །དེ་ནས་ཕྲེང་ཕྱེད་དང་བཅུ་དྲུག་ན། སོ། །ཐབས་མཁས་པ་ལ་ཟབ་པ་ཉིད། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། ཁྲི་བརྒྱད་སྟོང་པ་ལས། མཁས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་[གཅིག་[གཉིས་?]པའོ།། །།དེ་རྣམས་ཀྱིས་ནི། སློ༷བ་པ༷་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༷གས། །ཞེས་བྱ་བ་དོན་བརྒྱད་པ་གསུངས་ཟིན་ཏོ། །ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །[སྲིད་དང་ཞི་བར་མི་རྟོག་པ། །]དེ་ནས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། འགྱུར་རོ། །ལས་མེད་ལ་སོགས་གླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་མཛད། །དེ་སྐད། དེ་ནས་ཤོག་གུ་གཉིས་དང་ཕྲེང་བདུན་ན། རྒྱའོ། །དེ་རྣམས་ནི། སྲི༷ད་ད༷ང་ཞི༷་བ༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། །སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །དེ་ནས། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ན། གང་གཱའི་ལྷ་མོ་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་གསུམ་པའོ།། །།དེ་རྣམས་ཀྱིས་ནི། ཞི༷ང་ད༷ག་བླ༷་ན༷་མེ༷ད་པ༷་ནི༷། །ཞེས་པ་དོན་བཅུ་པ་གསུངས་ཟིན་ཏོ། །ཡུལ་དང་། དེ་ནས་ཕྲེང་ཕྱེད་དང་བཞི་ན། བགྱི། སྦྱོར་བ་ཅན་འདི་ནི། །སྐད། དེ་ནས་ཤོག་གུ་གཅིག་དང་ཕྲེང་བདུན་ན། བྱེད་དོ། །དགྲ་རྣམས་ལས་ནི་འདས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་གཅིག་ན། བྱའོ། །མི་གནས། རབ་འབྱོར། དེ་ནས་ཕྲེང་བཞི་ན། བྱེད་དོ། །ཇི་བཞིན་ཤུགས་དང་ནི། །རབ་འབྱོར། དེ་ནས་ཕྲེང་ལྔ་ན། བྱའོ། །ཐུན་མོང་མ་ཡིན་མཚན་ཉིད་དང༌། །དེ་སྐད། དེ་ནས་ཕྲེང་ཕྱེད་དང་དགུ་ན། བྱའོ། །མ་ཆགས་པ་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། འགྱུར་རོ། །མི་དམིགས་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་གཉིས་ལྷག་ན། འགྱུར་རོ། །མཚན་མ། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་ལྔ་ལྷག་ན། འགྱུར་རོ། །སྨོན་ལམ་ཟད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་ན། མེད་དོ། །དེ་ཡི་རྟགས་དང་། རབ་འབྱོར། དེ་ནས་ཤོག་གུ་གཅིག་ཙམ་ན། བྱའོ། །ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ། །རབ་འབྱོར། དེ་ནས་ཕྲེང་བདུན་ན། ཁྲི་བརྒྱད་སྟོང་པ་ལས། ཐབས་ལ་མཁས་པ་བསྒོམ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་བཞི་པའོ།། །།དེ་རྣམས་ཀྱིས་ནི། རྣ༷མ་ཀུ༷ན་མངོ༷ན་རྫོ༷གས་རྟོ༷གས་པ༷་ད༷ང༌། །འདི༷་ནི༷་ཐ༷བས་མཁ༷ས་བཅ༷ས་པ༷་ཡི༷ན། །ཞེས་པ་དོན་བཅུ་གཅིག་པ་གསུངས་ཟིན་ཏོ། །


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། དུམ་བུ་གསུམ་པ། བམ་པོ་སུམ་ཅུ་རྩ་གསུམ་པ། next