Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྐབས་ཏེ་བཞི་པའོ།། །།
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྐབས་ཏེ་བཞི་པའོ།། །། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྐབས་ཏེ་བཞི་པའོ།། །།

རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །རབ་འབྱོར། དེ་ནས་ཤོག་གུ་བཅུ་གཅིག་ན། གང་ཡང་མེད་དོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་གྱི་མཚན་ཉིད་ཀྱང་མ་ཡིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱང་ཅི་ཡང་ཡོད་པ་མ་ཡིན་ཏེ། དངོས་པོའི་ངོ་བོ་མ་ཡིན། ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཕྱིར་ཏེ། ཞེས་བྱ་བ་ནི། ཀུན་བཏགས་ཀྱི་ཆོས་རྣམས་ཀྱིས་དབེན་ཞིང་བྲལ་བ་ནི་ཡོངས་སུ་གྲུབ་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བདུན་ན། ལགས་སོ། །དེ་རྣམས་ཀྱིས་ནི། [དེ༷་ཡི༷་]རྟ༷གས་ད༷ང་། ཞེས་བྱ་བའི་དང་པོ་གསུངས་ཟིན་ཏོ། །འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །བཅོམ་ལྡན་འདས། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཞི་ན། ཁྲི་བརྒྱད་སྟོང་པ་ལས། རྣམ་པར་རྟོག་པ་སྤངས་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་ལྔ་པའོ།། །།བམ་པོ་བཞི་བཅུ་རྩ་བཞི་པའོ། །དེ་ནས་ཤོག་གུ་བརྒྱད་ན། ཁྲི་བརྒྱད་སྟོང་པ་ལས། བསླབ་པ་མཉམ་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་དྲུག་པའོ།། །།དེ་ནས་ཤོག་གུ་ཕྱེད་དང་བདུན་ཅུང་མེད་ན། ཁྲི་བརྒྱད་སྟོང་པ་ལས། སྤྱོད་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་བདུན་པའོ།། །།དེ་རྣམས་ཀྱིས་ནི། རྣ༷མ་འཕེ༷ལ་ད༷ང༌། །ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ།།ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་པ་ཞེས་ནི་མངོན་པར་བརྗོད། །དེ་ནས་ཕྲེང་ཕྱེད་དང་བཅུ་དྲུག་ན། ལགས་སོ། །དེ་རྣམས་ཀྱིས། བརྟ༷ན་ད༷ང་། ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་སྟོང་གསུམ་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། བགྱིའོ། །ཞེས་བྱ་བ་ནི། དེ་དག་གི་སེམས་བསྐྱེད་པ་གང་ཡིན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་དག་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། དེ་དག་གི་དེ་བཞིན་ཉིད་ནི་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །གཉིས་ནི། དྲི་མ་དང་བཅས་པ་དང༌། དྲི་མ་མེད་པའི་བྱེ་བྲག་ལས་ཐ་དད་པ་ཡོད་པས་གཉིས་ཀྱི་འདུ་ཤེས་སུ་ཡང་འགྱུར་རོ། །དེ་བས་ན་གཅིག་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །ཞེས་གསུངས་སོ། །ཐ་དད་པའི་ཕྱིར་གཉིས་སུ་འདུ་ཤེས་སོ། །ཡང་ན་ཡོད་པ་དང་མེད་པ་ཞེས་བྱ་བ་ནི་གཉིས་སུ་འདུ་ཤེས་པའོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་གཉིས་སུ་འདུ་ཤེས་མེད་པ་སྟེ། དེ་ཡང་འོག་ནས་སེམས་དེ་ཡང་མ་ཡིན། ཞེས་འབྱུང་བའི་གཞུང་གིས་གསལ་བར་བཤད་དོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཅིག་ན། བྱའོ། །དེ་རྣམས་ཀྱིས་ནི། སེ༷མས་ཀུ༷ན་གན༷ས་པ༷་ད༷ང༌། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། །འཇུག་པ་དང་ནི། འདིའི་དོན་ནི་སྔར་བསྟན་པ་ཅི་ནས་ཀྱང་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང༌། གཉིས་མ་ལགས་པའི་འདུ་ཤེས་སུ་འགྱུར་བ་ཡང་མ་མཆིས་པ་དེ་ལྟར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་གསུངས་པ་དེ་ཡིན་པར་སྦྱར་ཞིང༌། ཉི་ཁྲི་ལེ་བརྒྱད་མའི་སྐབས་འདི་ན་མེད་དེ། ཡོད་དོ། །དེ་ནས། མདོ་དང་མངོན་རྟོགས་གོ་རིམ་མི་མཐུན་པ་མང་ཡང༌། ལེ་བརྒྱད་མར་གོ་རིམ་མཐུན་པར་འབྱུང་ངོ༌། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ངུའོ། །ངོ་བོ་ཉིད་དང་། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། ལགས་སོ། །རིགས་དང་ནི། །བཅོམ་ལྡན་འདས། དེ་ནས་ཕྲེང་གསུམ་ན། ངུའོ། །ལམ་ནི་ཡང་དག་འགྲུབ་པ་དང༌། །བཅོམ་ལྡན་འདས། དེ་ནས་ཕྲེང་དྲུག་ན། ངུའོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། ཤེས་པའི་དམིགས་པ་མ་འཁྲུལ་དང༌། །ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] མི་མཐུན་ཕྱོགས་དང་གཉེན་པོ་དང༌། །[གསལ་བཤད། མངོན་རྟོགས་རྒྱན་ལས། རང་གི་རྟོགས་དང་། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ན། ལགས་སོ། །བྱེད་པ་དང༌། །བཅོམ་ལྡན་འདས། དེ་ནས་ཕྲེང་གསུམ་ན། ལགས་སོ། །དེ་ཡི་ལས། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། ལགས་སོ། །བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །བཅོམ་ལྡན་འདས། དེ་ནས་ཕྲེང་གསུམ་ཅུང་མེད་ན། ལགས་སོ། །ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །དེ་ནས་ཤོག་གུ་གཉིས་སུ་ཕྲེང་གསུམ་ཆད་པ་ན། ཁྲི་བརྒྱད་སྟོང་པ་ལས། རྣམ་པར་མི་རྟོག་པ་བསྟན་པའི་དཔེར་བརྗོད་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་བརྒྱད་པའོ།། །།བམ་པོ་བཞི་བཅུ་རྩ་བཞིའོ། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །དེ་ནས། དེ་ནས་ཤོག་གུ་བདུན་དང་ཕྲེང་དྲུག་ན། གནས་མེད་དོ། །བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ནས། དེ་ནས་ཕྲེང་བདུན་ན། ཁྲི་བརྒྱད་སྟོང་པ་ལས། ཆགས་པ་མེད་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་དགུ་པའོ།། །།དེ་ནས་ཤོག་གུ་གསུམ་ན། བྱའོ། །དེ་ཡི་རྒྱུ་ནི་ཡོངས་གཏོང་དང༌། །ཀུན། དེ་ནས་ཤོག་གུ་བཞི་ན། འདའོ། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཀུན་དགའ། དེ་ནས་ཤོག་གུ་གསུམ་ན། མེད་དོ། །དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །དེ་སྐད། དེ་ནས་ཕྲེང་བཅུ་ན། ཕྱིར་རོ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱའོ། །དེ་ནས། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། ཁྲི་བརྒྱད་སྟོང་པ་ལས། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་པའོ།། །།

འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །དེ་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །དེ་ནས། དེ་ནས་ཤོག་གུ་ཕྱེད་དང་བཞི་ལྷག་ན། འགྱུར་རོ། །སྦྱིན་པ་ལ་སོགས་རེ་རེ་ནི། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ན། ཁྲི་བརྒྱད་སྟོང་པ་ལས། མི་ཟད་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་གཅིག་པའོ།། །།དེ་ནས་ཤོག་གུ་ཕྱེད་དང་བཅུ་གཉིས་དང་ཕྲེང་གཅིག་ན། སྙོམས་པར་འཇུག་གོ །དེ་རྣམས་ཀྱིས་ནི། མཐོ༷ང་ཞེ༷ས་བྱ༷་ད༷ང་།དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །རྟེན་འབྲེལ་ལུགས་མཐུན་ལུགས་ཟློག་པ། །སྟོན་མདོ་གཞན་ལ་མང་དུ་ཡོད་ཀྱང༌། སྐབས་འདིར་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ཆར་དུ་མ་བྱུང་ཞིང༌། འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེང་བཟང་ལ་སོགས་པ་ལེ་བརྒྱད་དང་སྦྱར་ནས་སྐབས་འདིར་བཀོད་དོ། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །རབ་འབྱོར། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཅུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། ཐོད་རྒལ་དུ་སྙོམས་པར་འཇུག་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་གཉིས་པའོ།། །།བམ་པོ་བཞི་བཅུ་རྩ་ལྔ་པའོ། །སྲིད་དང་ཞི་བར་ལྷུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །དེ་ནས་ཕྲེང་བདུན་ལྷག་ན། འཐོབ་བོ། །ཡོངས་སུ་འཛིན་པ་མེད་པ་དང༌། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཡིན་ནོ། །ལམ་གྱི་རྣམ་པ་མ་ཚང་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། འགྱུར་རོ། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། འདོད་དོ། །ཆེད་དུ་བྱ་བ་ལོག་པ་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ཙམ་ན། འདོད་དོ། །ཉི་ཚེ་བ་དང་། རབ་འབྱོར། དེ་ནས། དེ་ནས་ཕྲེང་གཅིག་ན། བལྟའོ། །སྣ་ཚོགས་ཉིད། །རབ་འབྱོར། དེ་ནས། དེ་ནས་ཕྲེང་གཉིས་ན། འཐོབ་བོ། །གནས་དང་འཇུག་ལ་རྨོངས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། མི་འགྱུར་རོ། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས[ཡིད་ལས་འབྱུང༌། །]རབ་འབྱོར། དེ་ནས་ཤོག་གུ་གསུམ་དང་ཕྲེང་གསུམ་ན། ཕྱིར་རོ། །འཛིན་པ་དང་ནི་འདོར་བ་དང༌། །གསོལ་པ། དེ་ནས་ཕྲེང་གསུམ་ན། གཟུགས། ཀུན་བཏགས་པའི་དབང་གིས་མི་འཛིན། ཆོས་ཉིད་ཀྱི་དབང་གིས། མིང་ངོ༌། །ཡིད་ལ་བྱེད་དང་། གསོལ། དེ་ནས་ཕྲེང་ཕྱེད་དང་བདུན་ན། ལགས། ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲེལ་དང༌། །བཀའ། དེ་ནས་ཕྲེང་གཉིས་ན། བྱའོ། །གནས་དང་། གསོལ། དེ་ནས་ཕྲེང་གཉིས་ན། སོ། །མངོན་པར་ཞེན་པ་དང༌། །འོ་ན། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །ཆོས་ཀྱི་དངོས་པོར་བཏགས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཅུ་དྲུག་ན། ཕྱིར། ཆགས་པ་དང་ནི། དེ་ནས། དེ་ནས་ཕྲེང་ལྔ་ཅུང་མེད་ན། ཕྱིར་རོ། །གཉེན་པོ་དང༌། །གསོལ་པ། དེ་ནས་ཕྲེང་ཕྱེད་གསུམ་ན། ལགས་ན། ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །འོ་ན། དེ་ནས་ཕྲེང་བདུན་ན། འགྱུར་རོ། །ཆེད་བཞིན་ངེས་པར་མི་འགྱུར་རོ། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན། འགྲོའོ། །ལམ་ལ་ལམ་མིན་ངེས་འཛིན་དང༌། །གསོལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །འགོག་དང་བཅས་པའི་སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། །གསོལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། བྱའོ། །གནས་དང་། རབ་འབྱོར། དེ་ནས་ཕྲེང་གཅིག་ལྷག་ན། ཞེས་ཡོངས་གྲུབ་ཀྱི་གཟུགས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །རིགས་ནི་འཇིག་པ་དང༌། །རབ་འབྱོར། དེ་ནས་ཕྲེང་བཞི་ན། བྱའོ། །དོན་དུ་གཉེར་དང་། རབ་འབྱོར། དེ་ནས་ཕྲེང་གསུམ་ལྷག་ན། སྨྲའོ། །རྒྱུ་མེད་དང༌། །དེ་ཅིའི། དེ་ནས་ཕྲེང་ལྔ་ན། བྱའོ། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །རབ་འབྱོར། དེ་ནས་ཕྲེང་བཅུ་ན། མཛད་དེ། མདོར་བསྡུས་རྒྱས་དང་། གསོལ། བཅོམ་ལྡན་འདས་རྗེས་ཐོབ་ཏུ་གནས་ན། མཉམ་བཞག་གང་ལ། དེ་ནས་ཕྲེང་དྲུག་ན། འགྱུར་རོ། །ཞེས་བྱ་བ་ནི། གང་གི་ཚེ་ཡོངས་སུ་གྲིབ་པ་དེ་བཞིན་ཉིད་ཙམ་དུ་ཡོངས་སུ་ཤེས་པ་དེའི་ཚེ། མདོ་ཤེས་པར་འགྱུར་རོ། །གང་གི་ཚེ་ཡོངས་སུ་མ་དག་ཅིང་ཡོངས་སུ་མ་གྲུབ་པ་གཟུགས་ཀྱི་དེ་བཞིན་ཉིད། ཚོར་བའི་དེ་བཞིན་ཉིད་ལ་སོགས་པ་ཤེས་པ། དེའི་ཚེ་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། གསོལ། དེ་ནས་ཕྲེང་གསུམ་ཙམ་ན་མེད་པ། རང་གི་འོད་གསལ་རང་བཞིན་ལྷན་སྐྱེས། རང་བཞིན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་བདེན་དོན་བཅུ་གཉིས། དེ་ཉིད་མཐར་ཐུག། རྡོ་རྗེ་ཟླ་ཉི། ཨེ་ཝཾ་ཡི་གེ །རྡོ་རྗེ་སེམས་དཔའ། མ་ནིང་གི་གོ་འཕང༌། དོན་དམ་པའི་དུས་འཁོར། བདེ་དགྱེས་གསང་འདུས་ལ་སོགས་པ་གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་མཁའ་ཁྱབ། པྲ་ཕབ་པ་དང་མཚུངས་པ། རྣམ་ཤེས་དང༌། རྟོག་གེ་དང༌། རྟེན་འབྲེལ་དང༌། སྐད་ཅིག་མ་ལས་འདས་པས། རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། མཆོག་གི་དབང་པོའི་སྤྱོད་ཡུལ། སོ་སོ་རང་བྱུང་གི་ཡེ་ཤེས་ལྔ་དང༌། ཤེས་བཅུ་རྣམ་དག་གི་བདག་ཉིད་ཀུན་རྫོབ་ཀྱི་བདག་ཐམས་ཅད་ཀྱིས་སྟོང་པའི་གཞི་དེ་བཞིན་ཉིད་བདག་དག་པའི་བདག་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ནི། དེའི་རྩ་ན། རྣམས་ཀྱིས། མཉམ་གཞག་ཏུ་ལ་ཟློ་བའི་ཚུལ་དང༌། རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚུལ་གྱིས་བསླབ། དེ་ནས་ཕྲེང་གཅིག་ན་མེད་པ། བའི་གཞིའི་འབྲས་བུ་མི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལགས་ཞེས་བྱ་བ་ནི། ཐེག་པ་ཆུང་ངུའི་གཞུང་ལྟར་རྫས་བདུན་ལ་ཡང་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། ཆོས་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུའི་གནས་ལའང་དབྱིངས་ཞེས་བྱའོ། །ཞེས་བསྟན་པའོ། །ཆོས་མེད་དོ། །ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་དེ་མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར། ཆད་པ་དང་གཞན་དུ་འགྱུར་མེད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ན། ཇི་ལྟར། དོན་དམ་གྱི། ཆོས་ཐམས་ཅད་དངོས་པོ་མེད་པའི་ཕྱིར། ལྔ་ན། དེ་ནས་ཕྲེང་བཅུ་ན། ཡིན་ནོ། །སངས་རྒྱས་ཀྱིས། །བཏང་བས་ཡོངས་སུ་མ་བཟུང་དང༌། །གལ་ཏེ། དེ་ནས་ཕྲེང་ཉི་ཤུ་ན། ཕྱིར་རོ། །དུས་གསུམ་ཡོན་ཏན་མེད་པ་དང༌། །བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ན། བམ་པོ་ཉི་ཤུ་རྩ་ལྔ་པ། ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །གསོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཟུགས། དངོས་པོ་གོམས་པས་ཞི་གཟུགས་རྐྱེན་གྱི་དབང་ཡིན་པས་ཡ་མ་རླའམ། རགས་ལགས་པ་གཟུགས་རང་བཞིན་སྟོང་པ་ཉིད་ཡིན་པས་གསོག །གཟུགས་རྣམ་པར་དཔྱད་མི་བཟོད་པས་ན། སྙིང་པོ་མེད་པ་ཞེས་བྱའོ། །ཞེས་གྲོལ་སྡེ་གཉིས་ཀྱིས་བཀྲལ། ཚོར། དེ་ནས་ཕྲེང་གསུམ་ན་བྱའོ། །གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེ་དང་། གསོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བཟུང་སྟེ། བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །བྱང་ཆུབ། དེ་ནས་ཕྲེང་གཅིག་ཅུང་མེད་ན། བྱའོ། །ཐེག་པ་དམན་པའི་ཡིད་བྱེད་དང༌། །གསོལ་པ། དེ་ནས་ཕྲེང་གཅིག་ན། བྱའོ། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །རྣམས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །སྒོམ་དང་། གསོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །སྒོམ་པ་མེད་པ་དང༌། །གསོལ། དེ་ནས་ཕྲེང་ཕྱེད་ན། ཡིན་ནོ། །དེ་དག་ལས་ནི་བཟློག་ཉིད་དང༌། །གསོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །ཅི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་བྱ། །གསོལ། དེ་ནས་ཕྲེང་གཉིས་ན། བཞིན་ནོ། །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །གསོལ། དེ་ནས་ཕྲེང་བདུན་ན། ཡིན་ནོ། །ཞེས་བྱ་བ་ནི། བརྗོད་དུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འདུས། དེ་ནས་ཕྲེང་དྲུག་ལྷག་ན། བྱའོ། །ཆོས་བཏགས་པ་དང་། གསོལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སམ། སྟོང་མིན་ཉིད། །བཀའ། དོར་བས་ཏེ་ཡོད་པ་ལ་སྐུར་བ་འདེབས། མེད་པ་བསྟན་པ་སྟེ། མེད་པ་ལ་སྒྲོ་འདོགས་མེད། དེ་ནས་ཕྲེང་གཅིག་ལྷག་ན། སྐྱེ་བ་སྒྲོ་འདོགས་མེད། འགག་པ་སྐུར་འདེབས་མེད། དེ་ནས་ཕྲེང་བཞི་ན། སྩལ་པ། ཀུན་བཏགས་ཀྱི་གཟུགས་གཟུགས། དེ་ནས་ཕྲེང་བཅོ་བརྒྱད་ན། མོད་ཀྱི་ཞེས་བྱ་བ་ནི། དམིགས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཡོད་པའི་ཕྱིར་མི་དམིགས་པ་དམིགས་སུ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་གཅིག་ན། ཉིད་ལ། ལ་ཟློ་བའི་ཚུལ་གྱིས་བསླབ། དེ་ནས་ཕྲེང་ཕྱེད་ན། འགྱུར་རོ། །ཆགས་དང་། གསོལ། དེ་ནས་ཕྲེང་ལྔ་ན། བྱའོ། །རབ་འབྱེད་བདག་ཉིད་དང༌། །གསོལ། དེ་ནས་ཕྲེང་བཞི་ན། བྱེད་དོ། །དངོས་པོར་བྱེད་དང་། གསོལ། དེ་ནས་ཕྲེང་ཕྱེད་དང༌། དྲུག་ན། ཆེད་དུ་དམིགས་པའི་ཚུལ་གྱིས་ཤེས་རབ། དེ་ནས་ཕྲེང་བཞི་ན། བྱའོ། །ཐེག་གསུམ་དང༌། །གསོལ། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ལྷག་ན། བྱའོ། །ཡོན་ནི་དག་པ་མ་ཡིན་དང༌། །གསོལ། དེ་ནས་ཕྲེང་བཅུ་ན། བྱ་སྟེ། སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་པར་བྱ་བར་བསྒྲགས་པ་ཡིན། །རབ་འབྱོར། དེ་ནས་ཕྲེང་བཞི་ན། ཡོད་པ་མ་ཡིན་པའི་ཆོས་ཡོད་པར་བཤད་པའི་ཕྱིར། རྣམས། དེ་ནས་ཕྲེང་ཕྱེད་དང་བཞི་ན། ལགས། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །བཀའ་དུ་ན། འཁོར་བའི་སྡུག་བསྔལ་ཉིད། སེམས་ཅན་གྱིས་ཤེས་པར་བྱ་བའི་ཕྱིར། ཟད་དེ། ཞེས་འབུམ་ཏིག་གིས་བཀྲལ། མིང༌། དེ་ནས་ཤོག་གུ་གཅིག་ན། དམིགས་སོ། །བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །གསོལ། དེ་ནས་ཕྲེང་བཞི་ན། ཉིད་ནི། འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད་པ་སྟེ། མཚན་ཉིད་གསུམ་དང༌། བདེན་པ་བཞིའི་སྒོ་ནས། ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར། ཉིད་ནི། སེམས་དང་པོ་བསྐྱེད་པ་ནས་སྤྱོད་པའི་ས་བཟུང་སྟེ། ས་བཅུ་པ་ལ་ཐུག་གི་བར་དུ་ལམ་གྱི་རྣམ་པས་འཇུག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཉིད་ནི་སངས་རྒྱས་ཀྱི་ཡེ་ཤེས་ནམ་མཁའི་ཁམས་ཀྱི་མཐའ་གདུགས་པར་སེམས་ཅན་གྱི་དོན་ནི་རྒྱུན་མ་ཆད་པར་ཆོས་ཀྱི་སྐུ་རབ་ཏུ་རྟོགས་པས། བག་ཆགས་ཀྱི་མཚམས་སྦྱོར་བ་རབ་ཏུ་སྤངས་པ་འབྲས་བུའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་གྱིའོ། །ཞེས་གསུངས་པ་འདི་དབུ་མ་པ་ཆེན་པོའི་གསུང་བཞིན། བཀོད་དེ། གསོལ། དེ་ནས་ཕྲེང་གསུམ་ན། བྱེད་དོ། །ཞི་ལམ། གསོལ། དེ་ནས་ཕྲེང་བཅུ་གསུམ་ན། སོ། །ཞེས་བྱ་བ་ནི། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་རྟོགས་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་ཞི་ཞིང༌། རབ་ཏུ་ནུས་པས་སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་མཐའ་དག་དང་བྲལ་བ་ཁམས་གསུམ་དུ་མ་གཏོགས་པ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་དྲ་བ་འགགས་པར་གྱུར་པ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ། མཉམ་ཉིད་ཀྱི་རྣམ་པར་ཞུགས་པ་ལྷུན་གྱིས་གྲུབ་པ། ཆོས་ཀྱི་སྐུའི་བདག་ཉིད་ཤིན་ཏུ་ཞི་བའི་རྣམ་པ་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རྣམ་པ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། རྣམ་པ་དེ་ལྟ་བུར་ཞུགས་པའི་ཡེ་ཤེས་ཀྱི་རང་བཞིན་ལྟ་བུ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན། པ་ནི་ལས་དང་ཉོན་མོངས་པའི་བག །དེ་ནས་ཕྲེང་ལྔ་ན། མོད་ཀྱི་མེ་ལོང་ལྟ་བས་ལ་སོགས། ལུས། དེ་ནས་ཕྲེང་བཅུ་དྲུག་ན། བྱའོ། །ཞེས་བྱ་བ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་ན་དམ་པའི་སྒྲ་ནི་དོན་དམ་པ་ལ་བྱ་བ་སྟེ། དམ་པ་ལས་བྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པ་ལས་དམིགས་པ་ལས་བྱུང་བའི་ཕྱིར་དོན་དམ་པ་ལས་བྱུང་བ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ནས་ཕྲེང་གཅིག་ན། བྱའོ། །དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཕྱིར་རོ། །མི་མཉམ། རབ་འབྱོར། དེ་ནས་ཕྲེང་བཞི་ན། བྱའོ། །སྡུག་བསྔལ་ལ་སོགས་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ཅུང་མེད་ན། བྱའོ། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །དེ་ནས། དེ་ནས་ཕྲེང་གསུམ་ན་བྱ་བར་རྟོག་ཅིང༌། དཔྱད། དེ་ནས་ཕྲེང་དྲུག་ན་མེད་དེ། ཞེས་བྱ་བ་ནི། ཆོས་གནས་པ་འདི་ནི་ངོ་བོ་ཉིད་ཁོ་ན་སྟེ། འདི་ལྟར། འདི་དེ་ལྟར་གནས་པའི་ཕྱིར་བསྟན་པའོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་དགུ་ན། ཡིན་ནོ། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །གསོལ། དེ་ནས་ཕྲེང་བཞི་ན། ཁྲི་བརྒྱད་སྟོང་པ་ལས། ཆོས་ཉིད་ཞུ་བ་མང་པོའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་གསུམ་པའོ།། །།འདི་ཡར་བཅད་ཀྱི་ག་པ་སྟེ། པོ་ཏི་གསུམ་པ་རྫོགས་སོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་རྫོགས་ཀྱི་སྐབས་ཏེ་བཞི་པའོ།། །། next