Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བམ་པོ་བཞི་བཅུ་རྩ་དྲུག་པ།
   
   
   
   
   
   
   
   


 
previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བམ་པོ་བཞི་བཅུ་རྩ་དྲུག་པ། next

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བམ་པོ་བཞི་བཅུ་རྩ་དྲུག་པ།

དེ་ནས་ཕྲེང་གསུམ་ན། ལགས་སོ། །ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་འབྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་བརྟེན་པར་བྱེད། །བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། ཕྱིར་རོ། །ཞེས་བྱ་བ་ནི། དེ་བཞིན་ཉིད་དུ་བཏགས་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་ཉིད་དེ། དེ་ཉིད་དུ་གཤེགས་པ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཉིད་ཅེས་བརྗོད་པར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན་ཡིན་ནོ། །དེ་རྣམས་ཀྱིས་ནི། བསྒོ༷མ་པ༷་ཞེ༷ས། །བྱ༷་བ༷འི་ལ༷མ་ནི༷་སོ༷་སོ༷་ལ༷། །རྣ༷མ་པ༷ར་རྟོ༷ག་པ༷་རྣ༷མ་བཞི༷་ཡི༷། །གཉེ༷ན་པོ༷་རྣ༷མ་པ༷་བཞི༷་དག༷་ནི༷། །ཞེས་དོན་ལྔ་པ་དང་དྲུག་པ་གསུངས་ཟིན་ཏོ། །སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །གསོལ། དེ་ནས་ཕྲེང་ཕྱེད་དང་བཅུ་དགུ་ན། མི་འགྲོའོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །གསོལ། དེ་ནས་ཕྲེང་གཅིག་ན། བྱའོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད། གསོལ། དེ་ནས་ཕྲེང་གཅིག་ལྷག་ན། བ་ནི། དངོས་པོའི་ཆོས་ལས་འདས་པས། དངོས་པོའི་རང་དང་སྤྱིའི་མཚན་ཉིད་དང་བྲལ་བས། མཚན་ཉིད། མིང་དང་མཚན་མ་ཐམས་ཅད་དང་བྲལ་བས། མཚན། རྩོལ་བ་མེད་པས། ལྷུན་གྱིས་འདུས་མ་བྱས་པས། སྐྱེ་གནས་པའི་མཚན་ཉིད་ཡིན་པས། འབྱུང་ངོ༌། །ཞེས་དབུ་མ་པ་ཆེན་པོས་བཀྲལ་ལོ། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །དེ་རྣམས་ཀྱིས་ནི། བ༷ར་ཆ༷ད་མེ༷ད་པ༷འི་ཏི༷ང་ངེ༷་འཛི༷ན། །ཞེས་དོན་བདུན་པ་གསུངས་ཟིན་ཏོ།།འདི་ལ་ནི། །རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །དམིགས་པ་འཐད་དང་། གསོལ། དེ་ནས་ཕྲེང་ཕྱེད་དང་བཅུ་ན། ཉིད་དོ། །དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རབ་འབྱོར། དེ་ནས། དེ་ནས་ཕྲེང་བཅུ་དགུ་ན། འགྱུར་རོ། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དེས། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། རུང་སྟེ། ཇི་ལྟར་ནམ་མཁའ་སྒྱུ་མའི་མི་བཞིན་དུ། དངོས་པོ་མ་ལ། སྒྱུ་མའི་མིས་ནམ་མཁའ་བཞིན་དུ། དངོས་པོ་ནམ་མཁའ་མཁའ་བཞིན་དུ། དངོས་པོ་ལ། སྒྱུ་མའི་གླང་པོའི། རྗེས་ལྟར། དངོས་པོ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །དམ་པའི་དོན་དང་ཀུན་རྫོབ་དང༌། །གསོལ། དེ་ནས་ཕྲེང་གཅིག་ལྷག་ན། ཀུན་རྫོབ། གཟུགས་སོགས་ཀྱི། དེ་ནས་ཕྲེང་གསུམ་ལྷག་ན། ཁྲི་བརྒྱད་སྟོང་པ་ལས། ཡང་དག་པར་བསྟན་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་བཞི་པའོ།། །།སྦྱོར་དང་། དེ་སྐད། དེ་ནས་ཕྲེང་བཅུ་ན། ཡིན་ནོ། །དཀོན་མཆོག་གསུམ་པོ་དང༌། །དེ་སྐད། དེ་ནས་ཕྲེང་གཉིས་ཅུང་མེད་པ་ན། བྱའོ། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་པ་སྟེ་ཡང་དག་པའི་དོན་ནི་དེ་བཞིན་ཉིད་དེ། ཆོས་ཀྱི་སྐུ་ལ་སངས་རྒྱས། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་གཉིས་ལྷག་ན། ལགས། ཞེས་བྱ་བ་ལ་བྱང་ཆུབ་ཀྱང་རྣམ་པ་གསུམ་དུ་བསྟན་ཏེ། ངོ་བོ་ཉིད་མཚན་ཉིད་ངེས་པའི་ཚིག་གིས་སོ། །དེ་ལ་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང༌། ཀུན་བཏགས་པའི་ངོ་བོ་ཉིད་དོ། །དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི། བཀའ། དེ་ནས་ཕྲེང་གཅིག་ན། སོ། །ཞེས་བྱ་བས་སྟོན་ཏོ། །ཀུན་བཏགས་པ་ཡི་ངོ་བོ་ཉིད་ནི། རབ་འབྱོར། དེའི་རྩ་ན། སོ། །ཞེས་བྱ་བས་བསྟན་ཏེ། མཚན་ཉིད་ནི། རབ་འབྱོར། དེ་ནས་ཕྲེང་གཅིག་ན། བྱའོ། །ཞེས་བྱ་བས་བསྟན་ཏོ། །དོན་དམ་པའི་མཚན་ཉིད་ནི། ཡང་དག་པའི་དོན། ཞེས་བྱ་བའོ། །ངེས་པའི་ཚིག་ནི།མཚན་ཉིད་རྣམ་པ་གསུམ་གྱིས་བསྟན་ཏོ། །དེ་ལ་ཀུན་བཏགས་པའི་མཚན་ཉིད་རྟོགས་པ་ངེས་པའི་ཚིག་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། བྱའོ། །ཞེས་བྱ་བས་བསྟན་ཏོ། །ཆོས་ཀྱི་སྐུའི་ཚུལ་ལ་ནི། རབ་འབྱོར། དེའི་རྩ་ན། བྱའོ། །ཞེས་བྱ་བས་བསྟན་ཏོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། བྱའོ། །ཞེས་པའི་མཚམས་སྦྱར་རྣམས་དབུ་མ་པ་ཆེན་པོ་གསུངས། དེ་སྐད། དེ་ནས་ཕྲེང་བཞི་ན། གང་ལ་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་བསགས། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ། འགྲིབ་པ། ནག་པོའི་ཕྱོགས་རྣམས། ཉམས། དཀར་པོའི་ཕྱོགས་རྣམས་འཕེལ། སངས་རྒྱས་ཀྱི་ཆོས་ལས་སྐྱེས་པ་རྣམས་བསྐྱེད་པར། ཀུན་ནས་ཉོན་མོངས་པ་སྐྱེས་པ་རྣམས། དགག །དྲི་མ་དང་བཅས་པའི་གནས་སྐབས་ན། ཀུན་ནས་དྲི་མ་མེད་པའི་གནས་སྐབས་ན་རྣམ་པར། དེ་ནས་ཕྲེང་གཉིས་ལྷག་ན། ཕྱིར་རོ། །ཞེས་བྱ་བ་ལ་བྱང་ཆུབ་ལ་ནི་དམིགས་པ་ཐམས་ཅད་སེལ་བའི་རང་བཞིན་ཕྱིར། དེ་སྐད་ཅེས་གསུངས་སོ། །ཞེས་པ་རྣམས་དབུ་མ་པ་གསུངས། གསོལ། དེ་ནས་ཤོག་གུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་བསྟེན་པ་དང༌། བསྙེན་བཀུར་བྱ་བའི་ཐབས་ཀྱི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་ལྔ་པའོ།། །།དེ་ནས་ཕྲེང་ཕྱེད་དང་བཅུ་ན། ཕྱིར་རོ། །ཐབས་བཅས། གསོལ། དེ་ནས་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། ཐབས་ལ་མཁས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་དྲུག་པའོ།། །།[ལེའུ་དྲུག་ཅུ་རྩ་བདུན་པ་འདིར་མི་བཞུགས་པ་ལ་དཔྱད།?]དེ་ནས་ཕྲེང་དགུ་ན། འོ། །ཁྲི་བརྒྱད་སྟོང་པ་ལས། རྣམ་པར་འཕེལ་བའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་བརྒྱད་པའོ།། །།དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། བམ་པོ་བཞི་བཅུ་རྩ་བདུན་པའོ། །དེ་ནས་ཕྲེང་ཕྱེད་དང་བཅུ་ན། ནུས་སོ། །ཐུབ་པའི་རྟོགས་པ་དང༌། །གསོལ། དེ་ནས་ཕྲེང་བདུན་ན། ཡིན་ནོ། །མངོན་པར་རྟོགས་པ་མེད་པར་ཐལ་བ་དང༌། མུ་བཞི་ལས་བཟློག་པས་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་དུ་མཐོང་བ་ནི་མངོན་པར་རྟོགས་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པས། གསུངས་པ་ཡིན་ནོ། །ཞེས་གྲོལ་སྡེ་རྣམ་གཉིས་གསུངས། ཕྱིན་ཅི་ལོག་ནི། དེ་སྐད། དེ་ནས་ཤོག་གུ་གཉིས་དང་ཕྲེང་ལྔ་ན། འགྱུར་རོ། །ལམ་བཅས་དང༌། །དེ་སྐད། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གཅིག་ན། འདུལ་བ། ཞེས་བྱ་བ་ནི། ངོ་བོ་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་འདུལ་བ་དང༌། བསྒྲུབ་པས། འདུལ་བར་གནས་པའི་མཚན་ཉིད་དུ་སྟོན་ཏེ། འཕགས་པའི་ཆོས་འདུལ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་དབུ་མ་པས་གསུངས་ནས། དེ་ལྟ་བུའི། ཤེས་རབ། དེ་ནས་ཕྲེང་དགུ་ན། བཞིན་ཏེ། ཞེས་བསྔགས་པ་མཛད་དེ། ཆོས་གང་ཡང་ཆོས་གང་ལ་ཡང་བསྒྲུབ་པར་མི་བྱེད་དེ། ཆོས་རྣམས་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱིས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཏུ་འདི་མཛད་དེ། རིམ་པས་འདིས་ཤེས་པར་གྱུར་ནས། དེ་བཞིན་དུ་བསྒྲུབ་པས་འཚང་རྒྱ་བར་འགྱུར་རོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་བརྒྱད་ན། ཏོ། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་གཅིག་ན། ཡིན་ནོ། །མཚན་ཉིད་དང་ནི། རབ་འབྱོར། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་བཞི་ན། ཕྱིར་རོ། །སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་རྟེན་ཅན་ཉིད། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །དེ་སྐད། དེ་ནས་ཕྲེང་བཅུ་གསུམ་ན། པའོ། །ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་ཆོས་ཐམས་ཅད་སྒོམ་མེད་པར་བྱེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། མི་བསྒོམ་པའི་ཚུལ་གྱིས་བསྒོམ་པའི་དོན་ཏོ། །གསོལ། དེ་ནས་ཤོག་གུ་གསུམ་དང་ཕྲེང་གཉིས་ན། པར། རྟག་པ་དང་ཆད་པའི་མཐའ། དེ་ནས་ཕྲེང་བཅུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། ལམ་བསྒོམ་བསྟན་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་དགུ་པའོ།། །།དེ་ནས་ཤོག་གུ་གཅིག་ན། བམ་པོ་བཞི་བཅུ་རྩ་བརྒྱད་པའོ། །དེ་ནས་ཕྲེང་གཅིག་ན། སངས་རྒྱས་སོ། །དེ་རྣམས་ཀྱིས་ནི། ལོ༷ག་པ༷ར་བསྒྲུ༷བ་ད༷ང་བཅ༷ས་པ༷་ནི༷། །རྩེ༷་མོ༷འི་མངོ༷ན་རྟོ༷གས། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྩེ་མོ་སྦྱོར་བའི་སྐབས་ཏེ་ལྔ་པའོ།། །།སྦྱིན་པ་ཤེས་རབ་བར་དག་དང༌། །དེ་སྐད། དེ་ནས་ཤོག་གུ་གཅིག་ལྷག་ན། ཡོད་དོ། །སངས་རྒྱས་ལ་སོགས་དྲན་དང་ཆོས། །རབ་འབྱོར། དེ་ནས་ཤོག་གུ་གཉིས་དང་ཕྲེང་ལྔ་ན། བཟུང་སྟེ། ཐེག་པ་གཞན་ལ་བརྟེན་པས་སྐྱོན། ཡང་བ་སྐྱེ་བ་སྤངས་པས། མ་སྐྱེ་ངན་པ་དང༌། ཉོན་མོངས་པ་དང༌། མ་འདྲེས་པས་ལ། དཀར་པོའི་ཆོས་ཀྱི་གཅིག་ཆར་དུ་རྣམ་པར་འཕེལ་བས་ནག །ཇི་ལྟར་འགྲོ་བར་འདོད་པ་ཉིད་ཀྱིས། དབང་མཁས། མ་སྨད་པ། དབང་པོ་རྣམས་བསྲུངས་པས། ཤིན་ཏུ། བསམ་གཏན་གྱི་ཡན་ལག་གི་ཚོགས་རྒྱས་པའི་ཏིང་ངེ་འཛིན་ཞུགས་ནས་ཞེས་བཙུན་པ་རྣམ་གྲོལ་སྡེས་བཀྲལ་ལོ། །ཚུལ་ཁྲིམས། དེ་ནས་ཕྲེང་ཕྱེད་དང་བཅུ་བཞི་ན། ཡོད་དོ། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །རབ་འབྱོར། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། མཐར་བྱ་བ་དང༌། བསླབ་པ་དང༌། བསྒྲུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་པའོ།། །།དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ན། དཀའོ། །དེ་རྣམས་ཀྱིས་ནི། མཐ༷ར་གྱི༷ས་པ༷། །རྣ༷མ་གསུ༷མ་རྣ༷མ་བཅུ༷། ཞེས་མཐར་གྱིས་པའི་དོན་བཅུ་གསུམ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་སྐབས་ཏེ་དྲུག་པའོ།། །།སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །དེ་སྐད། དེ་ནས་ཤོག་གུ་བཞི་ན།བམ་པོ་བཞི་བཅུ་རྩ་དགུ་པ། དེ་ནས་ཤོག་གུ་ལྔ་དང་ཕྲེང་ལྔ་ན། བྱེད་དོ། །གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྨི་ལམ་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །རབ་འབྱོར། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་གསུམ་ན། ཁྲི་བརྒྱད་སྟོང་པ་ལས། མཚན་མ་མེད་པ་དང༌། དམིགས་པ་མེད་པའི་ཆོས་ཉིད་ཀྱི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་གཅིག་པའོ།། །།སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །དེ་ནས་ཤོག་གུ་དྲུག་དང་ཕྲེང་གསུམ་ན།བམ་པོ་ལྔ་བཅུ་པ། དེ་ནས་ཤོག་ལོགས་ལྔ་ན། ཤེས་སོ། །རྨི་ལམ་ན་ཡང་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་ཤེས། །དེ་སྐད། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། མཚན་ཉིད་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་གཉིས་པའོ།། །།དེ་རྣམས་ཀྱིས་ནི། སྐ༷ད་ཅི༷ག་མ༷། །གཅི༷ག་གི༷ས་མངོ༷ན་རྫོ༷གས་བྱ༷ང་ཆུ༷བ་པ༷། །མཚ༷ན་ཉི༷ད་ཀྱི༷ས་ནི༷་རྣ༷མ་པ༷་བཞི༷། །ཞེས་པ་སྐད་ཅིག་གཅིག་མའི་དོན་བཞི་གསུངས་ཟིན་ཏོ། །


previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བམ་པོ་བཞི་བཅུ་རྩ་དྲུག་པ། next