Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མ་རྟོགས་པའི་སྐབས་ཏེ་བདུན་པའོ།། །།
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མ་རྟོགས་པའི་སྐབས་ཏེ་བདུན་པའོ།། །། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མ་རྟོགས་པའི་སྐབས་ཏེ་བདུན་པའོ།། །།

ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །རབ་འབྱོར། དེ་ནས་ཕྲེང་དྲུག་ན། བྱའོ། །བྱང་ཆུབ་ཕྱོགས་མཐུན། རབ་འབྱོར། དེ་ནས་ཤོག་གུ་གཅིག་ན། བྱའོ། །ཚད་མེད་དང༌། །ཞེས་པའི་མདོ། སྐབས་མ་བྱུང་ཡང་སྐབས་གཞན་དུ་བྱུང་བ་ལ་དགོངས་སོ། །ཞེས་ཤེས་པར་བྱའོ། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། བྱའོ། །རྣམ་པར་ཐར་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་ལྔ་ན། པའོ། །མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན། བྱའོ། །ཟད་པར་བཅུ་ཡི་བདག་ཉིད་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན། བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །དེ་ལ། དེ་ནས་ཤོག་གུ་གཅིག་ན།བམ་པོ་ལྔ་བཅུ་རྩ་གཅིག་པ། ཉོན་མོངས་མེད་དང་། དེ་ལ་བདག་གི་ཕྱིར། སེམས་ཅན་བར་གྱུར། ཞེས་ཏིང་ངེ་འཛིན་གྱིས། བསྒྲུབས་ན། འགྲུབ་བྱའོ། །སྨོན་མཁྱེན་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །མངོན་ཤེས། དེ་ལ། དེ་ནས་ཕྲེང་ཕྱེད་གཉིས་ན། དགེའོ། །རྣམ་པ་ཐམས་ཅད་དག་བཞི་དང༌། །དེ་ལ། བག་ཆགས་ཐམས་ཅད། ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་གནས་པ་གཏན་དུ་བྲལ་བར་གྱུར་པ་དང༌། བདག་གི་ལུས་ཀྱང་ཇི་ལྟར་འདོད་པ་བཞིན་ལེན་པ་དང༌། གནས་དང་འཆི་འཕོ་ཐམས་ཅད་རྣམས་ལ་རང་དབང་དུ་གྱུར་པ་ནི། གནས། སྤྲུལ་པ་དང་ཡོངས་སུ་བསྒྱུར་བའི་གྲངས་སུ་གཏོགས་པ་དང༌། དམིགས་པ་ཐམས་ཅད་ལ་རང་དབང་དུ་གྱུར་པ་ནི། དམིགས། སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས། སེམས་ལ་རྣམ་པ་ཐམས་ཅད་དུ་དགེ་བ་འཕེལ་བ་ནི། ཐོགས་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པ་སྒྲིབ་པ་མེད་དག་ཏུ་གྱུར་པ་ནི། མཁྱེན་དེ་དག་གོ །[དགེ་བ་[དབང་]བཅུ་དང་ནི། དེ་ལ་ཞེ་ན། ཇི་སྲིད་འདུག་པ། དེ་སྲིད་དུ་འདུག་པ་ཚེ། བསམ་གཏན་དང༌། ཚད་མེད་པ་དང༌། རྣམ་པར་ཐར་པ་ལ་སོགས་པའི་སེམས་ལ་གནས་པ་གང་གིས་གནས་པར་འདོད་པ་དེས་ཇི་ལྟར་འདོད་པ་བཞིན་གནས་པ། སེམས་ཀུན་ཏུ་བཏགས་པ་ཙམ་གྱིས་ཡོ་བྱད་ཅི་འདོད་འབྱོར་བ་ཡོ་བྱད། སྐྱེ་བར་གྱུར་པའི་ལས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་བསྒྲུབ་པ། ལས་སྐྱེ་གནས་གང་འདོད་པ་ཇི་ལྟར་འདོད་པ་བཞིན་སྐྱེ་བ། སྐྱེ་བ། དངོས་པོ་གང་ཇི་ལྟར་མོས་པ་བཞིན་བསྒྱུར་བས་མོས་སྨོན་ལམ་ཇི་ལྟར་འདོད་པ་བཞིན་འགྲུབ་པ། སྨོན་ལམ་རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་བསྒྲུབ་པ། རྫུ་འཕྲུལ་ཤེས་བྱའི་དངོས་པོ་ཟབ་པ་ཤེས་པར་འདོད་པ་རྣམས་མྱུར་དུ་ཤེས་པ། ཡེ་ཤེས། མིང་གི་ཡི་གེའི་ཚོགས་རྣམས་ཇི་ལྟར་འདོད་པ་བཞིན་ཐོབ་ཅིང༌། ཆོས་ཐམས་ཅད་ཡང་དག་པར་རྣམ་པར་འགོད་པ་ལ་མཁས་པ། ཆོས་དེ་དག་གོ །དེ་ལྟར་ཡོངས་སུ་དག་པ་བཞི་དང་དབང་བཅུའི་བཤད་པ་དབུ་མ་པའི་གསུང་བཞིན་བཀོད་དོ། །སྟོབས་བཅུ་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་གཅིག་ན། བྱའོ། །མི་འཇིགས་པ་ནི་བཞི་དག་དང༌། །རབ་འབྱོར། དེ་ནས་ཕྲེང་དགུ་ན། བྱའོ། །སོ་སོ་ཡང་དག་རིག །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དག་གོ །བསྲུང་བ་མེད་པ་རྣམ་གསུམ་དང༌། །རབ་འབྱོར། དེ་ནས་ཕྲེང་བཞི་ན། པའོ། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །དེ་ལ། དེ་ནས་ཕྲེང་ལྔ་ན། པའོ། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། སྟེ། དེ་ཉིད་ཀྱི་ཕྱིར་ནི། དེ་རྣམས་མཛད་པ་འབྲས་བུ་ཡོད་པར་འཐད་པ་ཡིན་ནོ། །ཞེས་འཕགས་པ་རྣམ་གྲོལ་སྡེས་གསུངས། འདི་ནི་བྱའོ། །བག་ཆགས་ཡང་དག་བཅོམ་པ་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་ན། དེ་དག་ལ་ཉོན་མོངས་པ་མ་སྤངས་པ་ལྟ་བུ་སྤྱོད་པའི་ལུས། དེ་ནས་ཕྲེང་ཕྱེད་ན། བྱའོ། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །དེ་ལ། དེ་ནས་ཕྲེང་གཉིས་ན། བྱའོ། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རབ་འབྱོར། དེ་ནས་ཕྲེང་ལྔ་ན། བྱའོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །རབ་འབྱོར། ཞེ་ན་ཁ་ཅིག་ནི་བདེན་པ་བཞི་ལ་དམིགས་པའི་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་དག་ནི། དེའང་ཆོས་ཐམས་ཅད་དངོས་པོ་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ། །ཞེས་ཟེར་རོ། །གཞན་ནི་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པར་བརྗོད་པར་མི་འདོད་ཀྱི། ཡིད་བཞིན་གྱི་ནོར་བུ་ལྟར་དེ་ལྟར་སེམས་ཅན་གྱི་དོན་དུ་གཉེར་བའི་དོན། ཁ་ན་མ་ཐོ་བ་མེད་པ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་ཟེར་རོ། །ཡང་གཞན་དག་ནི། སྤངས་པའི་རྣམ་པ་ཐམས་ཅད་གཞི་ཡིན་པའི་ཕྱིར། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེ་ལ་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་སྤངས་པའི་རྣམ་པ་གསུམ་ཆར་མངའ་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འགྲེལ་པ་འདི་ཐམས་ཅད་ཀྱང་ལེགས་ན། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བ་ནི་ཤིན་ཏུ་ལེགས་ཏེ་ཡོངས་སུ་གྲུབ་པ་ལ་དམིགས་པའོ། །ཞེས་འཕགས་པ་གྲོལ་སྡེས་གསུངས་ཤིང༌། བཙུན་པ་གྲོལ་སྡེས་ཀྱང་དེ་དང་མཐུན་པར་གསུངས་སོ། །གང་གི །དེ་ནས་ཕྲེང་གཅིག་ན། བྱའོ། །ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད། །རྒྱུན་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣ་ཚོགས། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་བཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །རབ་འབྱོར། དེ་ནས་ཕྲེང་ལྔ་ན། རྣམས་སོ། །ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །རུས་སྦལ་ཞབས་ཡིན་ནོ། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ངང་པའི་ཡིན་ནོ། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །ཤིང་བལ་ན། འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །ཕྱག་དང་ཡིན་ནོ། །སོར་མོ་རིང་དང་། ཕྱག་དང་ཡིན་ནོ། །རྟིང་ཡངས། ཞབས་ཡིན་ནོ། །སྐུ་ཆེ་དྲང༌། །ཁྲུ་ཡིན་ནོ། །ཞབས་འབུར་མི་མངོན། ལུང་མོ་ཡིན་ནོ། །སྤུ་ནི་གྱེན་དུ་ཕྱོགས། །སྤུ་ཡིན་ནོ། །བྱིན་པ་ཨེ་ན་ཡ་འདྲ། བྱིན་ཡིན་ནོ། ཕྱག་རིང་མཛེས། །ཕྱག་ཡིན་ནོ། །འདོམས་ཀྱི་སྦ་བ་སྦུགས་སུ་ནུབ་པ་དང༌། །གླང་པོ་ཡིན་ནོ། །པགས་པ་གསེར་མདོག །གསེར་ཡིན་ནོ། །པགས་པ་སྲབ་པ་དང༌། །པགས་པ་ཡིན་ནོ། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །སྤུ་ཡིན་ནོ། །ཞལ་མཛོད་སྤུས་བརྒྱན། མེ་ཏོག་ཡིན་ནོ། །རོ་སྟོད་སེང་གེ་འདྲ། །སྐུ་ཡིན་ནོ། །འདི་ཡི་དཔུང་པའི་མགོ་ཟླུམ། མགུར་ཡིན་ནོ། །ཐལ་གོང་རྒྱུས། །གསེར་ཡིན་ནོ། །འདི་ལ་རོ་མི་ཞུམ་པ་རོ་མཆོག་བྲོ། །ལྗགས་ཡིན་ནོ། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །སྐུ་ཡིན་ནོ། །གཙུག་ཏོར་དབུར་ལྡན། དབུ་ཡིན་ནོ། །ལྗགས་རིང་མཛེས་པ་དང༌། །ཨུཏྤ་ཡིན་ནོ། །ཚངས་དབྱངས། དབྱིག་གི་ཡིན་ནོ། །འགྲམ་པ་སེང་གེའི། འགྲམ་པ། དང་འདྲ། ཚེམས་ཡིན་ནོ། །ཚེམས། །ཤིན་ཏུ་དཀར་དང་། མེ་ཏོག་ཡིན་ནོ། །ཚད་མཉམ། ཚེམས་ཡིན་ནོ། །ཐགས་བཟང་དང༌། །ཚེམས་ཡིན་ནོ། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །ཚེམས་ཡིན་ནོ། །སྤྱན་ནི་མཐོན་མཐིང་། དཀར་ཡིན་ནོ། །[སྤྱན་རྫི་བ་མཆོག་གི །]འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །སྤྱན་ཡིན་ནོ། །འདི་ལ་མཚན་ནི་གང་གང་གི །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང༌། །དེ་ལ་ཡིན་ནོ། །ཡང་དག་བླངས་པ་བརྟན་པ་དང༌། །ཡི་དམ་ཡིན་ནོ། །བསྡུ་བ་བསྟེན་དང་། བསྡུ་བ། གྱ་ནོམ་པའི། །དངོས་པོ་སྦྱིན་དང་། བཟའ་ཡིན་ནོ། །བསད་བྱ་བ། །ཐར་བར་བྱེད། བསད་ཡིན་ནོ། །དགེ་བ་ནི། །ཡང་དག་བླངས་པ་སྤཻལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །དེ་དག །དེ་ནས་ཤོག་གུ་གསུམ་ན། མཛད་དོ། །ཐུབ་པའི་སེན་མོ་ཟངས་མདོག་དང༌། །རབ་འབྱོར། ཡིན་ནོ། །མདོག་སྣུམ། སངས་རྒྱས་ཡིན་ནོ། །མཐོ་དང་། སངས་རྒྱས་ཡིན་ནོ། །སོར་མོ་རྣམས། །ཟླུམ། སངས་རྒྱས་ཡིན་ནོ། །རྒྱས། སངས་རྒྱས་ཡིན་ནོ། །བྱིན་གྱིས་ཕྲ་བ་དང༌། །སངས་རྒྱས་ཡིན་ནོ། །རྩ་མི་མངོན་དང་། སངས་རྒྱས་ཡིན་ནོ། །མདུད་པ་མེད། །སངས་རྒྱས་ཡིན་ནོ། །ལོང་བུ་མི་མངོན། སངས་རྒྱས་ཡིན་ནོ། །ཞབས་མཉམ་དང༌། །སངས་རྒྱས་ཡིན་ནོ། །སེང་གེ །སངས་རྒྱས་ཡིན་ནོ། །གླང་ཆེན། སངས་རྒྱས་ཡིན་ནོ། །བྱ་དང་ནི། །སངས་རྒྱས་ཡིན་ནོ། །ཁྱུ་མཆོག་སྟབས་གཤེགས། སངས་རྒྱས་ཡིན་ནོ། །གཡས་ཕྱོགས་དང༌། །སངས་རྒྱས་ཡིན་ནོ། །མཛེས་གཤེགས། སངས་རྒྱས་ཡིན་ནོ། །དྲང་དང་། སངས་རྒྱས་ཡིན་ནོ། །འཁྲིལ་བག་ཆགས། །སངས་རྒྱས་ཡིན་ནོ། །བྱི་དོར་བྱས་འདྲ། སངས་རྒྱས་ཡིན་ནོ། །རིམ་པར་འཚམ། །སངས་རྒྱས་ཡིན་ནོ། །གཙང་དང་། སངས་རྒྱས་ཡིན་ནོ། །འཇམ་དང་། སངས་རྒྱས་ཡིན་ནོ། །དག་པའི་སྐུ། །སངས་རྒྱས་ཡིན་ནོ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སངས་རྒྱས་ཡིན་ནོ། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །སངས་རྒྱས་ཡིན་ནོ། །གོམ་སྙོམས་པ་དང་། སངས་རྒྱས་ཡིན་ནོ། །སྤྱན་གཉིས་ནི། །དག་དང་། སངས་རྒྱས་ཡིན་ནོ། །གཞོན་ཤ་ཅན་ཉིད་དང༌། །སངས་རྒྱས་ཡིན་ནོ། །སྐུ་ཞུམ་མེད་དང་། སངས་རྒྱས་ཡིན་ནོ། །རྒྱས་པ་དང༌། །སངས་རྒྱས་ཡིན་ནོ། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །སངས་རྒྱས་ཡིན་ནོ། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །སངས་རྒྱས་ཡིན་ནོ། །གཟིགས་པ་སྒྲིབ་མེད་དག་པ་དང༌། །སངས་རྒྱས་ཡིན་ནོ། །དབུ་ཟླུམ། སངས་རྒྱས་ཡིན་ནོ། །སྐབས་ཕྱིན། སངས་རྒྱས་ཡིན་ནོ། །མ་རྙོངས་དང༌། །སངས་རྒྱས་ཡིན་ནོ། །ཕྱང་ངེ་བ་དང་། སངས་རྒྱས་ཡིན་ནོ། །ལྟེ་བ་ནི། །ཟབ་དང་། སངས་རྒྱས་ཡིན་ནོ། །གཡས་ཕྱོགས་འཁྱིལ་བ་དང༌། །སངས་རྒྱས་ཡིན་ནོ། །ཀུན་ནས་ལྟ་ན་སྡུག་པ་དང༌། །སངས་རྒྱས་ཡིན་ནོ། །ཀུན་སྤྱོད་གཙང་དང་། སངས་རྒྱས་ཡིན་ནོ། །སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང༌། །སངས་རྒྱས་ཡིན་ནོ། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །སངས་རྒྱས་ཡིན་ནོ། །ཕྱག་རིས་མདངས་ཡོད། སངས་རྒྱས་ཡིན་ནོ། །ཟབ་རིང་དང༌། །སངས་རྒྱས་ཡིན་ནོ། །ཞལ་ནི་ཧ་ཅང་མི་རིང་དང༌། །སངས་རྒྱས་ཡིན་ནོ། །མཆུ་ནི་བིམྤ་ལྟར་དམར་དང༌། །སངས་རྒྱས་ཡིན་ནོ། །ལྗགས་མཉེན་པ་དང་། སངས་རྒྱས་ཡིན་ནོ། །སྲབ་པ་དང༌། །སངས་རྒྱས་ཡིན་ནོ། །དམར་དང་། སངས་རྒྱས་ཡིན་ནོ། །འབྲུག་གི་སྒྲ་ཉིད་དང༌། །སངས་རྒྱས་ཡིན་ནོ། །གསུང་མཉེན་འཇམ་དང་། སངས་རྒྱས་ཡིན་ནོ། །མཆེ་བ་ཟླུམ། །སངས་རྒྱས་ཡིན་ནོ། །རྣོ་དང་། སངས་རྒྱས་ཡིན་ནོ། །དཀར་དང་། སངས་རྒྱས་ཡིན་ནོ། །མཉམ་པ་དང༌། །སངས་རྒྱས་ཡིན་ནོ། །བྱིན་གྱིས་ཕྲ་དང་། སངས་རྒྱས་ཡིན་ནོ། །ཤངས་མཐོ་དང༌། །སངས་རྒྱས་ཡིན་ནོ། །མཆོག་ཏུ་དག་པ་དག་དང་ནི། །སངས་རྒྱས་ཡིན་ནོ། །སྤྱན་ཡངས་པ་དང་། སངས་རྒྱས་ཡིན་ནོ། །རྫི་མ་སྟུག །སངས་རྒྱས་ཡིན་ནོ། །པད་པའི་འདབ་མ་འདྲ་བ་དང༌། །སངས་རྒྱས་ཡིན་ནོ། །སྨིན་ཚུགས་རིང་དང་། སངས་རྒྱས་ཡིན་ནོ། །འཇམ་པ་དང༌། །སངས་རྒྱས་ཡིན་ནོ། །སྣུམ་དང་། སངས་རྒྱས་ཡིན་ནོ། །སྤུ་ནི་མཉམ་པ་དང༌། །སངས་རྒྱས་ཡིན་ནོ། །སྙན་རིང་རྒྱས་དང་། སངས་རྒྱས་ཡིན་ནོ། །སྙན་མཉམ་དང༌། །སངས་རྒྱས་ཡིན་ནོ། །ཉམས་པ་རྣམ་པར་སྤངས་པ་དང༌། །སངས་རྒྱས་ཡིན་ནོ། །དཔྲལ་བ་ལེགས་པར་དབྱེས་པ་དང༌། །སངས་རྒྱས་ཡིན་ནོ། །དབྱེས་ཆེ་བ་དང་། སངས་རྒྱས་ཡིན་ནོ། །དབུ་རྒྱས་དང༌། །སངས་རྒྱས་ཡིན་ནོ། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སངས་རྒྱས་ཡིན་ནོ། །སྟུག་དང་། [སངས་རྒྱས་ཡིན་ནོ།།] འཇམ་དང་། སངས་རྒྱས་ཡིན་ནོ། །[མ་འཛིངས་དང༌། །སངས་རྒྱས་ཡིན་ནོ།།] མི་བཤོར། སངས་རྒྱས་ཡིན་ནོ། །དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །སངས་རྒྱས་ཡིན་ནོ། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །སངས་རྒྱས་ཡིན་ནོ། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །དེ་ནས། དེ་ནས་ཤོག་གུ་ལྔ་དང་ཕྲེང་གཅིག་ན། སེམས་སོ། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང༌། །རབ་འབྱོར། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། བྱེད་དོ། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཤིག་སྐྱེ་མེད་ཀྱི་ཏིང་ངེ་འཛིན་བསྒྲུབ་པ་ལ་ཞེས་བྱ་བ་ལ་ཡི་གེ་ལྔའི་ཏིང་ངེ་འཛིན་འདུས། དེ་ནས་ཤོག་གུ་གཉིས་དང་ཕྲེང་དྲུག་ན། ཡིན་ལ་ཞེས་བྱ་བ་ནི། དྲི་མ་དང་བཅས་པའི་གནས་སྐབས་ན་ཆོས་ཉིད་ཀྱིས་ཀུན་བཏགས་པས་རང་བཞིན་གྱིས་དབེན་པའི་ཕྱིར་མ་བཅིངས་པའོ། །དྲི་མ་མེད་པའི་གནས་སྐབས་ན་ཡང་གློ་བུར་གྱི་རྣམ་པར་བྱང་བ་མེད་པའི་ཕྱིར་མ་གྲོལ་བའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་ཉིད་ཡོངས་གྲུབ། དེ་ཀུན་བཏགས་ཀྱི་གཟུགས། དེ་ནས་ཕྲེང་གཉིས་ན། ཕྱིར་རོ། །ཞེས་པ་ནི། རང་བཞིན་གྱིས་ཞེས་བྱ་བར་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན། པ་ལ། མི་བརྟེན་པའི་ཕྱིར། མི་སྤང་མེད་པའི་དངོས་པོ་ཡང་མེད་པས། དངོས་པོ། དེ་ནས་ཕྲེང་དྲུག་ན། སྡེ་ཞེས་བྱ་བ་ནི། ཐམས་ཅད་ཀྱང་མངོན་པར་རྟོགས་པ་གཅིག་པ་ཉིད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྟོགས། ཆོས་བསྟན་པའི་ཚེ་ཆོས་རྣམས། དེ་ནས་ཕྲེང་གཅིག་ན། ཕྱིར་རོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་ནི། ཆོས་ཀྱི་སྐུ་སྟེ་འདའ་བ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་འདའ་བ་མེད་དོ། །རང་སངས་རྒྱས་དང༌། ཉན་ཐོས་རྣམས་ཀྱི་ཡང་དག་པའི་མཐའ་འདའ་བ་མེད་དོ། །ཞེས་བྱེ་བྲག་ཏུ་ཕྱེ་སྟེ་བཟུང་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བམ་པོ་ལྔ་བཅུ་རྩ་གཉིས་པ།

དེ་ནས་ཕྲེང་གསུམ་ན། ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་གཟུགས་དང༌། ཚོར་བ་ལ་སོགས་པའི་ཆོས་རྣམས་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ཐ་དད་པར་བསྟན་ཏོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། དོན་དམ་པའི་གཟུགས་ལ་སོགས་པ་ལ་ནི་འདའ་བ་མེད་དོ་སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། གཟུགས། དེ་ནས་ཕྲེང་བདུན་ན། སྟེ། ཞེས་བྱ་བ་ལ་སོགས་པའི་སྐད་དུ་ཆོས་ཐམས་ཅད་འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང༌། འོན་ཀྱང་བྱིས་པ་ཀུན་བཏགས་པ་སྤྱོད་ཡུལ་དུ་བྱེད་པ་རྣམས་ལ་དགེ་བ་དང་མི་དགེ་བའི་ཀུན་བཏགས་པ་རྣམས་ཡོད་དོ། །དེའི་དབང་གིས་རྣམ་པར་སྨིན་པ་དཀར་པོ་དང་ནག་པོ་ཡང་ཡོད་དོ། །དེའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་བདེན་པའི་ཚུལ་དུ་དེ་དག་བཤད་ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་ལས་དང་རྣམ་པར་སྨིན་པ་རྣམ་པར་དགོད་པར་བསྟན་པར་མི་ནུས་སོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། འབྲས་བུ། དེ་ནས་ཕྲེང་གཅིག་ལྷག་ན། སྟེ། ཞེས་བྱ་བ་ནི། གཟུགས་མེད་པའི་ཆོས་རྣམས་དང༌། གཟུགས་ཀྱི་ཆོས་རྣམས་བཟུང་ངོ༌། །མིང་ཞེས་བྱ་བ་དང། གཟུགས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ལོ། །དོན་དམ་པ་ནི་དེ་བཞིན་ཉིད་དོ། །དེ་ནི་རྣམ་པར་མི་རྟོག་པ་སྟེ། ཡོངས་སུ་གྲུབ་པའི་ཕྱིར་རོ། །བསྙད་དུ་མེད་པའི་བརྗོད་དུ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ནི་འདུས་མ་བྱས་པའི་ཕྱིར་རོ། །འགག་པ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ནི་རང་བཞིན་གྱིས་ཡོངས་སུ་དགེ་བའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། དེ་ནས་ཕྲེང་བཅུ་ན། རབ་འབྱོར། ལམ་དང་འབྲས་བུ་གཉིས་ཀ་ཀུན་བཏགས་ཡིན་པས་དེ་ནི། རབ་འབྱོར། ཀུན་བཏགས་ཡང་ངེས་པར་ཡོད་པས་ལམ། དེ་ནས་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། མཚན་དང་དཔེ་བྱད་བཟང་པོ་དང༌། ཡིག་གེ་མངོན་པར་བསྒྲུབ་པ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ། བདུན་ཅུ་རྩ་གསུམ་པའོ།། །།དེ་ནས་ཤོག་གུ་བདུན་དང་ཕྲེང་གསུམ་ན། ལགས་སམ། ཞེས་བྱ་བ་ནི། མཚན་ཉིད་མེད་པ་རྣམས་ལ་མཚན་ཉིད་དུ་རྟོགས་ན། དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་རྣམས་ལ་སོ་སོར་ཐ་དད་དུ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན་འགྱུར་ན། ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་དེ་ལྟར་རྟོག་ཏུ་ཟིན་ཀྱང༌། ཕྱིས་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ཐ་དད་མེད་པར་རབ་ཏུ་རྟོགས་ཏེ། དེ་བས་ན། རྣམ་པར་དཀྲུགས་པར་མི་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་དྲུག་ཅུང་མེད་ན། ཐམས་ཅད་ཀྱི་དེ་བཞིན་ཉིད་ཆོས། དེ་ནས་ཤོག་གུ་གཉིས་ན། བྱེད་དོ། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་། རབ་འབྱོར། དེ་ནས་ཕྲེང་བཅུ་དྲུག་ན་མོད་ཀྱི། ཕ་རོལ་ཕྱིན་དྲུག་དང༌། །དེ་ཐབས། དེ་ནས་ཕྲེང་གསུམ་ན། བྱེད་དོ། །སངས་རྒྱས་ལམ་དང་། དེ་བཞིན་དུ། དེ་ནས་ཕྲེང་དྲུག་ན། བྱེད་དོ། །རང་བཞིན་གྱིས། །སྟོང་པ་ཉིད་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན་ནི། ཞེས་བྱ་བ་ལ་སོགས་པས། འདི་སྐད་བསྟན་ཏེ། འདི་ལ་ཆོས་ཀྱི་དབྱིངས་སྔོན་བྱིས་པ་སོ་སོའི་སྐྱེ་བོའི་གནས་སྐབས་ན་ནི་མ་དག་པ་ཡིན་པར་བྱང་ཆུབ་སེམས་དཔའི་དུས་ན་ནི་དག་པ་དང་མ་དག་པ་ཡིན། ཕྱིས་ཐ་མར་ནི། ཤིན་ཏུ་རྣམ་པར་དག་པ་ཡིན་དེ། དེ་ལ་དེ་ཙམ་དུ་ཟད་ཀྱི་དེས་དེ་ལ་བྱེ་བྲག་ཤེས་པར་མི་བྱ་སྟེ། ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཉིད་དོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གསུམ་ན། ཁྲི་བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་བཞི་པའོ།། །།དེ་ནས་ཕྲེང་ཕྱེད་དང་བདུན་ན། ནས་ཞེས་བྱ་བ་ནི། འདི་སྐད་དུ། བྱང་ཆུབ་སེམས་དཔའ་ནི། སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱི། ཡང་དག་པའི་མཐའི་དོན་དུ་སྤྱོད་དེ། འདི་ལྟར་མེད་པ་ཉིད་ཀྱི་སེམས་ཅན་མེད་པ་ཡོངས་སུ་བཏང་ནས་ཡང་དག་པའི་མཐའི་ངོ་བོ་ཉིད་ལ་རབ་ཏུ་འགོད་དེ། སེམས་ཅན་གྱི་མཐའ་ཉིད་ཡང་དག་པའི་མཐར་བྱེད་དོ། །ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། ཤེས་རབ། དེ་ནས་ཕྲེང་དགུ་ན། བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ངོ་བོ་ཉིད་ནི་ངོ་བོ་ཉིད་ལ་རབ་ཏུ་མི་འཇུག་གོ ། ཀུན་བཏགས་པའི་སེམས་ཅན་གྱི་མཐའ། ཀུན་བཏགས་པའི་སེམས་ཅན་གྱི་དངོས་པོ་བསལ་ནས་ཤིན་ཏུ་ཡོངས་སུ་དག་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་མཁས་པས་འགོད་པ་ལ་ཡང་དག་པའི་མཐའ་ལ་རབ་ཏུ་འགོད་ཅེས་བྱ་སྟེ། དེ་བས་ན་སེམས་ཅན་གྱི་མཐའ་དང༌། ཡང་དག་པའི་མཐའ་ནི་ཐ་མི་དད་ཅིང་གཅིག་སྟེ་གཉིས་སུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ནས་ཕྲེང་ཉི་ཤུ་ན། བམ་པོ་ལྔ་བཅུ་རྩ་གསུམ་པའོ། །དེ་ནས་ཤོག་གུ་བཞི་དང་ཕྲེང་བརྒྱད་ན། ན་ནི་ཞེས་བྱ་བ་ལ་སོགས་པ། འདི་སྐད་དུ། གལ་ཏེ་ཆོས་སམ་ལམ་དག་སོ་སོར་ན་ཡོད་དེ་འགའ་ཞིག་དམིགས་པར་གྱུར་ན། དེ་ལྟ་ན་ནི། དེ་བཞིན་དུ་སེམས་དང་སྲོག་ལ་སོགས་པ་ཡང་ཡོད་པར་གྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པས་སངས་རྒྱས་སུ་ཡང་མི་འགྱུར་ན། གཟུགས་ལ་སོགས་པའི་ཆོས་སྟོང་པ་ཉིད་དུ་བཤད་པ་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་རང་བཞིན་སྟོང་པ་ཉིད་ལ་ཆོས་སམ་ལམ་དག་མེད་པའི་ཕྱིར་སྟོང་པ་ཉིད་དུ་གྲུབ་པར་འགྱུར་ཏེ། དེ་བས་ན་སྟོང་པ་ཉིད་དེ་ལ་གནས་ནས་སངས་རྒྱས་སུ་ཡང་འགྱུར་ལ་ཆོས་བཤད་པར་ཡང་འགྱུར་ཏེ། དེ་བས་ན་རང་བཞིན་སྟོང་པ་ཉིད་ཀྱི་དབང་ཁོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇུག་པ་འགྲུབ་བོ། །ཞེས་སྟོན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་བརྒྱད་ན། སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་ནས། ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ཉི་ཚེ་བ་ཡང་སྟོང་པར་མ་ཟད་ཀྱི། ནང་སྟོང་པ་ཉིད་ལ་སོགས་པའི་སྟོང་པ་ཉིད་བཅུ་དྲུག་དག་ཀྱང་རང་བཞིན་སྟོང་པ་ཉིད་ཡིན་པར། རབ་འབྱོར། ན་ནི་ཞེས་པ་ལ་སོགས་པ་སྟོན་ཏེ། གལ་ཏེ་ན་ནང་སྟོང་པ་ཉིད་ལ་སོགས་པ་ཡང་རང་བཞིན་གྱིས་སྟོང་པ་སྟོང་པ་ཡིན་དུ་ཟིན་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་མི་འགྲུབ་བོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། བྱང་ཆུབ། དེ་ནས་ཕྲེང་བཅུ་གཉིས་ན་ཡོད། གཉིས་ཟད་དང༌། །རབ་འབྱོར། དེ་ནས་ཕྲེང་དྲུག་ན། པ་ཀུན་བཏགས་པའི་འབྲས་བུ་ཡིན་པའོ། །ཞེས་བྱ་བ་ནི། གནས་དེ་ཉིད་སྔོན་ཀུན་བཏགས་པའི་གནས་སྐབས་ན་ནི་ཕྱིན་ཅི་ལོག་པའོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་དབུ་མ་པ་གསུངས། གང༌། དེ་ནས་ཕྲེང་དྲུག་ན། དེ་ཡང་ཀུན་བཏགས་པ་ཡིན་གྱྀ། དེ་ལ། དེ་ནས་ཕྲེང་བཅུ་དགུ་ན། མི་བྱེད་དོ། །བརྡ་དང་། རབ་འབྱོར། དེ་ནས་ཕྲེང་བཅུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། མི་འཁྲུགས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་ལྔ་པའོ།། །།དམིགས་པ་མེད་པ་དང༌། །དེ་ནས། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་ལམ་ཐམས་ཅད་ཡོད་པ་མ་ཡིན་ན། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་དྲུག་ན། ཕྱིན་པ་དེ་མེད་པའི་ཕྱིར། ཇི་ལྟར། དེ་ནས་ཕྲེང་ཉེར་གཅིག་ན། ཞུགས་སོ། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །དེ་སྐད། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཞི་ན།བམ་པོ་ལྔ་བཅུ་རྩ་བཞི་པའོ། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །དེ་ནས། དེ་ནས་ཕྲེང་གཅིག་ན། ཆེན་པོའི་སེམས་ཅན་ཡོངས་སུ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བས་བསྡུས་པའི་ལམ། དེ་ནས་ཤོག་གུ་བདུན་ཙམ་ན། ཁྲི་བརྒྱད་སྟོང་པ་ལས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་དྲུག་པའོ།། །།དེ་ནས་ཕྲེང་བཅུ་དྲུག་ན། བྱེད་དོ། །མངོན་པར་ཞེན་པ་བཟློག་པ་དང༌། །རབ་འབྱོར། དེ་ན་ཤོག་གུ་གཉིས་ལྷག་ན། ལགས་ཞེས་བྱ་བ་ནི། མ་སྐྱེས་པ་རྣམས་བསྐྱེད་པར་བྱ། །ཞེས་བྱ་བའི་ཐ་ཚིག་མི་རིགས་སོ། །སྙམ་དུ་དགོངས་པའོ། །ཞེས་དབུ་མ་པ་གསུངས། དེ་སྐད། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །ཞེས་བྱ་བ་ནི། གང་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནས་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པ་ཅི་ཡང་མངོན་པར་འདུ་མི་བྱེད་པ་དེ་ཉིད་ལ་ནི་མ་སྐྱེས་པས་སོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མི་ཤེས་པས་མངོན་པར་འདུ་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་སྐྱེས་པ་ཉིད་དོ། །ཞེས་གསུངས་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་སྐད། དེ་ནས་ཕྲེང་གཅིག་ན། སྟེ། ཞེས་བྱ་བ་ལ་སོགས་པ་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཆོས་ཉིད་ནི་དུས་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ལ། དེ་བྱིས་པ་རྣམས་ལ་སྐྱེ་བའི་ཆོས་ཅན་དུ་འགྱུར་ལ། མཁས་པ་རྣམས་ལ་ནི་མི་འགྱུར་བ་ཇི་ལྟར་རིག་པར་འགྱུར་ཞེས་བྱ་བ་ཞེས་དབུ་མ་པ་གསུངས། ཆོས། དེ་ནས་ཕྲེང་ཕྱེད་ན། བཞིན་ཏེ། ཞེས་བྱ་བ་ལ་སོགས་པ་སྟེ། སྟོན་ཏེ། ཆོས་ཉིད་ལ་ནི་ནམ་ཡང་ཕྱིན་ཅི་ལོག་མ་ཡིན་གྱིས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་མི་ཤེས་པའི་ཉེས་པ་ཀུན་བཏགས་པའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །ཞེས་ཀུན་བཏགས་པའི་ཆོས་རྣམས་ཀྱིས་སྐྱེ་བ་ཀུན་བཏགས་པའི་ཁོ་ན་ལ་དགོངས་ཏེ་བཤད་ཀྱི་ཆོས་ཉིད་ལ་དགོངས་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་བཞིན། དེ་ནས་ཕྲེང་གཉིས་ན། བྱེད་དོ། །བྱང་ཆུབ་ཐོབ་དང་། དེ་ནས། དེ་ནས་ཕྲེང་ལྔ་ན། བྱང་ཆུབ་བོ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས། འདི་སྐད་དུ། གཉིས་ཀ་ཡང་ཆོས་ཀྱི་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར། བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་ཡང་མེད། མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ། ཕྱི་མའི་གནས་སྐབས་ལ་བྱང་ཆུབ་ཅེས་བྱའོ། །དོན་དམ་པ་ནི་དེ་གཉིས་ཀ་ཐ་དད་པ་མ་ཡིན་པའི་ཕྱིར། ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་ཞེས་སམ། ལམ་མ་ཡིན་པས་བྱང་ཆུབ་ཐོབ་པར་མི་འགྱུར་ཞེས་བརྗོད་དུ་མི་རུང་བར་བསྟན་ཏེ། ཞེས་དབུ་མ་པ་ཆེན་པོ་གསུངས། དེ་སྐད། དེ་ནས་ཕྲེང་བཅུ་ན། བྱའོ། །སངས་རྒྱས་ཞིང༌། །རྣམ་པར་དག་དང་། དེ་ནས། དེ་ནས་ཤོག་གུ་ལྔ་ན། ཁྲི་བརྒྱད་སྟོང་པ་ལས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་བདུན་པའོ།། །།བམ་པོ་ལྔ་བཅུ་རྩ་ལྔ་པའོ། །ངེས་པ་དང༌། །[གསལ་བཤད། མངོན་རྟོགས་རྒྱན་ལས། སེམས་ཅན་དོན་ནི་ཚད་མེད་དང༌། །ཞེས་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] དེ་ནས། དེ་ནས་ཤོག་གུ་བཞི་ན། བྱའོ། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །དེ་ནས། དེ་ནས་ཤོག་གུ་གསུམ་དང་ཕྲེང་བཅུ་གཅིག་ན། ཕྱིར་རོ། །བྱང་ཆུབ་ཡན་ལག །དེ་སྐད། དེ་ནས་ཕྲེང་བཅུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། བདུན་ཅུ་རྩ་བརྒྱད་པའོ།། །།དེ་ནས་ཕྲེང་བརྒྱད་ན། ཡིན་ནོ། །ལས་རྣམས་ནི། །ཆུད་མི་ཟ་དང་། དེ་སྐད། དེ་ནས་ཕྲེང་ཕྱེད་དང་བདུན་ན། སྤྱོད་པ་བསོད་ནམས་མ་ཡིན་པའམ། སྤྱོད་པ་བསོད་ནམས་ཀྱི་ལས་ཏེ། དེའང་ལས་མི་གཡོ་བ་དག །དེ་ནས་ཕྲེང་ཕྱེད་ན་ནི། འདོད་ཁམས་ཀྱི་ལྷ་དང༌། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། བྱེད་དོ། །བདེན་མཐོང་དང༌། །དེ་སྐད། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། ལགས་སམ། འགྱུར་ན་ནི། ཉན་ཐོས་བཞིན་དུ་རྒྱུན་ཞུགས་སོགས་ཐོབ་པར་འགྱུར་ལ། འོན་ཏེ་ལགས། འགྱུར་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་ཀུན་ཡང་མྱ་ངན་ལས་འདས་པར་འགྱུར་རོ། །སྡུག་བསྔལ། དེ་ནས་ཕྲེང་ཕྱེད་དང་བཞི་ན། དང༌། དེ་ནས་བཅོམ་ལྡན་འདས་ཀྱིས། རྣམ་པ་གཉིས་ཀ་ལྟར་ཡང་མྱ་ངན་ལས་འདའ་བར་མི་འགྱུར་གྱི། དེ་བཞིན་ཉིད་ཅེས་བྱ་བ་མཉམ་པ་ཉིད་རབ་ཏུ་རྟོགས་པས་མྱ་ངན་ལས་འདའ་བར་འགྱུར་བ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། བཅོམ་ལྡན་འདས། དེ་ནས་ཕྲེང་བཅོ་ལྔ་ན། མེད་དོ། །ཞེས་བྱ་བ་ནི། ཡོངས་སུ་གྲུབ་པའི་གནས་སྐབས་ཉིད་ནི་ཆོས་ཐམས་ཅད་ཀྱི་མཐའོ། །ཞེས་དབུ་མ་པ་གསུངས། གང༌། དེ་ནས་ཕྲེང་གཅིག་ན། མེད་པ། ཞེས་བྱ་བ་ནི། དེ་ལ་ཆོས་ལ་འདུན་པའི་སྲིད་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ། ཞེས་དབུ་མ་པ་ཆེན་པོ་གསུངས། ལ་ཞུགས། དེ་ནས་ཕྲེང་ཕྱེད་དང་དགུ་ན། བྱང་ཆུབ་སྟེ། ཞེས་བྱ་བ་ལ་དངོས་པོ་ནི། འདུས་བྱས་དང༌། འདུས་མ་བྱས་དང༌། བརྟགས་པ་དང༌། མ་བརྟགས་པ་ནི་ཆོས་རྣམས་དེ་དེའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། དོན་དམ་པར་བརྗོད་དུ་མེད་པར་གནས་པའི་བྱང་ཆུབ་ལ་དངོས་པོ་མེད་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། སངས་རྒྱས། དེ་ནས་ཕྲེང་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་དགུ་པའོ།། །།ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་ནས། དེ་ནས་ཕྲེང་ཕྱེད་དང་བཅུ་བཞི་ན། དེ་ནི་ཀུན་བཏགས་ཡིན་པ། དངོས་པོ། དེ་ནས་ཕྲེང་བཅུ་ན། བྱེད་དོ། །དེ་གཞི་མེད་པའི་ཚུལ་དང་ནི། །དེ་སྐད། དེ་ནས་ཕྲེང་བཅུ་ན། བམ་པོ་ལྔ་བཅུ་རྩ་དྲུག་པ།

དེ་ནས་ཤོག་གུ་གཉིས་དང་ཕྲེང་བདུན་ན། ཁྲི་བརྒྱད་སྟོང་པ་ལས། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པའི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་པའོ།། །།རྣམ་པར་བྱང་དང་། དེ་ནས། དེ་ནས་ཕྲེང་བརྒྱད་ན་ཡིན་ནོ། །ཚོགས་དང་ནི། །དེ་སྐད། དེ་ནས་ཤོག་གུ་གཉིས་དང་ཕྲེང་ལྔ་ན། ཕྱིན་པ་དངོས་པོའམ། དངོས་པོ་མེད་པའི་ཚུལ་དུ་གཟུང༌། དེ་ནས་ཕྲེང་བཅོ་ལྔ་ན། སྟེ། ཞེས་བྱ་བ་ནི། ཤིན་ཏུ་མཐར་ཐུག་པ་གནས་གྱུར་པའི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་པ་ནི་མཉམ་པ་ཉིད་ལ་གནས་པའི་ཕྱིར། ཤེས་བྱ་ཉིད་ཀྱང་མེད་དེ། ཤེས་པར་བྱ་བར་གྱུར་པའི་དོན་མ་གཟིགས་ན། ཅི་ཞིག་གི་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ལ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཏེ། ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་སམ་འདུས་མ་བྱས་ཀྱི་དངོས་པོ་འགའ་ཞིག་མཐོང༌། གཉིས་སུ་མཐོང་བ་རྟོགས་པར་འགྱུར་རོ། །གལ་ཏེ་རི་བོང་རྭ་ལ་སོགས་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཡང་གཉིས་སུ་མེད་པར་མངོན་པར་རྟོགས་པར་འགྱུར་རོ། །དེ་བས་ན་རྣམ་པ་དེ་གཉིས་ཀ་ལས་བཟློག་པ་མཉམ་པ་ཉིད་རབ་ཏུ་རྟོགས་པ་ནི་མངོན་པར་རྟོགས་པའོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། གང༌། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཞི་ན། ཡིན་ནོ། །ཞེས་བྱ་བ་ནི། དོན་དམ་པའི་བདེན་པས་ནི་མི་གཡོ་ལ། ཀུན་རྫོབ་ཏུ་རྣམ་པར་འགོད་པར་མཛད་པའོ། །ཞེས་དབུ་མ་པ་གསུངས། དེ་ནས། དེ་ནས་ཕྲེང་དགུ་ན། ཕྱིར་རོ། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །དེ་སྐད། དེ་ནས་ཕྲེང་ཉི་ཤུ་རྩ་བཞི་ན་མེད་དེ། ཞེས་བྱ་བ་ནི། འདི་ལ་ཆུ་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ལ་སོགས་པའི་དེ་བཞིན་ཉིད་མི་དམིགས་པ་གང་ཡིན་པ་དེ་ཕུང་པོ་ལ་སོགས་པ་དེ་དག་ལས་ལོགས་ཤིག་ན། དམིགས་སུ་མེད་ལ། ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང༌། དེ་བཞིན་ཉིད་མ་རྟོགས་པར་གུད་ན་དམིགས་སུ་མེད་དེ། དེ་བཞིན་ཉིད་མ་དག་པ་ནི་དེ་དག་ལས་དེ་ཉིད་ལས་གཞན་རྗེས་སུ་བརྗོད་དུ་མི་རུང་ངོ༌། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཅིག་གོ །ཞེས་བརྗོད་དུ་མི་རུང་བས། ལྡན་ཐ་དད་དོ་ཞེས་ཀྱང་བརྗོད་དུ་མི་རུང་བས། མི་གཟུགས་མ་ཡིན་ཞིང་རྣམ་པར་མི་རྟོག་པས། གཟུགས། ཚིག་གིས་བསྟན། དབང་པོའི་ཡུལ་གྱི་ཐོགས་པ་མེད་ལ་གཟུང་འཛིན་མེད་པས། པོ་ལྟར། གཉིས་ཀ་ཡང༌། མཚན་ཉིད་པའོ། །དེ་ལ་འདུས་བྱས་ནི་ཡོད་པ་མ་ཡིན་པའི་ཕྱིར་མཚན་ཉིད་མེད་པའོ། །འདུས་མ་བྱས་ནི་མཚན་ཉིད་མེད་པས་མཚན་མར་གཟུང་དུ་མི་རུང་བའི་ཕྱིར་མཚན་ཉིད་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་དག །དེ་ནས་ཕྲེང་གསུམ་ན། ཁྲི་བརྒྱད་སྟོང་པ་ལས། དོན་དམ་པའི་རྣལ་འབྱོར་གྱི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་རྩ་གཅིག་པའོ།། །།དེ་ནས་ཕྲེང་བརྒྱད་ན། འགྱུར་རོ། །མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །གསོལ། དེ་ནས་ཕྲེང་དེ་ལ། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ལ་ལ། དེ་ནས་ཕྲེང་གཅིག་ན། པའོ། །སེམས་ཅན་དང་སྲོག་ལ་སོགས་པ་ལ་ལ། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ལ་ལ། དེ་ནས་ཕྲེང་གསུམ་ན། ཆོས། འདུས་བྱས་གང༌། དེ་ནས་ཕྲེང་བདུན་ཅུང་མེད་ན། ཕྱིས། རྣལ་འབྱོར་པ་ཤེས་པས་མཐུས། དངོས་པོ་ཡང༌། ཀུན་བཏགས་ཡིན་པས་མེད། ཡང་རི་བོང་གི་རྭ་ལྟར་མེད་ཡང༌། རྭ་རང་དབང་ཅན་དུ་མེད། ཡང་རྒྱུ་རྐྱེན་དབང་གིས་མེད། བྱ་བའི་ཆོས་བལྟ། གང་ཡང་ཡོད་པར་ག་ལ་འགྱུར། དེ་བས་ན་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཀྱང༌། ངོ་བོ་ཉིད་ཀྱིས་སོ། །ཞེས་དབུ་མ་པས་བཀྲལ་ལོ། །ཁྲི་བརྒྱད་སྟོང་པ་ལས། ཆོས་ཉིད་འགྱུར་བ་མེད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་རྩ་གཉིས་པའོ།། །།དེ་རྣམས་ཀྱིས་ནི། ངོ༷་བོ༷་ཉི༷ད་ལོ༷ངས་རྫོ༷གས་བཅ༷ས་ད༷ང༌། །དེ༷་བཞི༷ན་གཞ༷ན་པ༷་སྤྲུ༷ལ་པ༷་ནི༷། །ཆོ༷ས་སྐུ༷་མཛ༷ད་པ༷་ད༷ང་བཅ༷ས་པ༷། །རྣ༷མ་པ༷་བཞི༷ར་ནི༷་ཡ༷ང་ད༷ག་བརྗོ༷ད། །ཅེས། ཆོས་སྐུའི་སྐབས་གྱི་དོན་བཞི་པོ་གསུངས་ཟིན་ཏོ། །


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མ་རྟོགས་པའི་སྐབས་ཏེ་བདུན་པའོ།། །། next