Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་ཁྱད་པར་གཏན་ལ་ཕབ་པ་བཞུགས་སོ། །
   
   
   


 
previousཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་ཁྱད་པར་གཏན་ལ་ཕབ་པ་བཞུགས་སོ། ། next

ཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་ཁྱད་པར་གཏན་ལ་ཕབ་པ་བཞུགས་སོ། །

ཉི་ཁྲི་ལེ་མང་དང༌། ལེ་བརྒྱད་མ་གཉིས་ལ། ལེའུ་མང་ཉུང་ཙམ་མ་གཏོགས་པ་ཁྱད་པར་གཞན་ནི་ཅུང་ཟད་ཀྱང་མེད་དོ། །ཞེས། མཁས་པར་ཁས་ཆེ་བ་མང་པོས་གླེངས་ཤིང་འཇིག་རྟེན་དུ་ཡང་དེ་ལྟར་ཡོངས་སུ་གྲགས་ཏེ། དེ་དག་ནི་ཆད་ལྷག་དང༌། གོ་རིམ་འཁྲུགས་པ་དང༌། ཚིག་དང༌། དོན་གཞན་དང༌། གཞན་དུ་གྱུར་པ་རྣམས་ཀྱིས་ཤིན་ཏུ་མི་མཐུན་པར་སྣང་ངོ༌། །ཇི་ལྟར་ན། འདི་ལྟ་སྟེ། ལེ་བརྒྱད་མར། གླེང་གཞིའི་སྐབས་སུ། རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །ཞེས་པའི་ཐོག་མར། དེ་ལྟ་བུའི་གཟུགས་ཀྱིས། ཞེས་དང༌། མཇུག་ཏུ། ཇི་ལྟ་བུའི་གཟུགས་ཀྱིས། ཞེས་པ་ལྷག་པོ་འབྱུང་ངོ༌། །དེ་ནས་ཕྲེང་ལྔ་ཙམ་གྱི་སྐབས་སུ། སེམས་ཅན་དེ་དག་ཐམས་ཅད་ཀྱང་དགའ་ཞིང་རབ་ཏུ་དགའ་ནས་མི་དང་ལྷར་སྐལ་བ་མཉམ་པར་སྐྱེས། ཞེས་བྱུང་ལ། ལེ་མང་དུ། དགའ་ཤིང་རབ་ཏུ་དགའ་ནས། ཞེས་དང༌། ལྷར་ཞེས་པ་རྣམས་མ་བྱུང་ངོ༌། །དེ་ནས་ཡིག་ཕྲེང་བཅོ་ལྔ་ཙམ་གྱི་སྐབས་སུ། ལེ་བརྒྱད་མར། དེ་ལྟ་བུའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། ཞེས་པ་ལྷག་པོ་བྱུང་ངོ༌། །དེ་ནས་ཤོག་ལྡེབ་ཕྱེད་དང་བཞི་ལྷག་ཙམ་གྱི་རྗེས་ལ། བདེ་གཤེགས་རིན་ཆེན་འབྱུང་གནས་ཀྱི་སྐབས་སུ། ངའི་ཚིག་གི །བཅོམ་ལྡན་འདས་ལ་སྙུང་མི་མངའ་འམ། ཞེས་པ་ནས། དགྱེས་པར་སྤྱོད་དམ། ཞེས་ཀྱང་ཞུས་ཤིག །ཅེས་པའི་བར་ཕྲེང་གཅིག་ཙམ། ལེ་བརྒྱད་མར། ལྷག་པོ་བྱུང་ངོ༌། །དེ་རྗེས་ལ་ཡང༌། ལྷོ་ཕྱོགས་ནས། སྟེང་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ་གྱི་བར་ཕྱོགས་དགུ་པོའི་སངས་རྒྱས་རེ་རེའི་སྐབས་སུ་ཡང༌། ངའི་ཚིག་གི །བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་མདོག་བདེའམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ། ཞེས་ཀྱང་ཞུས་ཤིག །ཅེས་པ་འདིར་རེ་སྟེ་ལེ་བརྒྱད་མར། ལན་དགུ་ལྷག་པོ་བྱུང་ངོ༌། །ལྷོ་ཕྱོགས་རྫོགས་པའི་མཇུག་ཏུ། ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་པ་ལེ་བརྒྱད་མར། ལྷག་པོ་བྱུང་ངོ༌། །ནུབ་ཕྱོགས་ཀྱི་མཇུག་ཏུ་ཡང༌། ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་ལེ་བརྒྱད་མར། ལྷག་པ་བྱུང་ངོ༌། །བྱང་ཤར་གྱི་མཇུག་ཏུ་ཡང༌། ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་པ་ལྷག་གོ །བཅོམ་ལྡན་འདས་པད་མོ་དམ་པའི་དཔལ་གྱི་སྐབས་སུ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ལན་གཉིས་དང༌། དེ་བཞིན་གཤེགས་པ། ཞེས་པ་གཅིག་རྣམས། ལེ་བརྒྱད་མར། ལྷག་པོ་བྱུང་ངོ༌། །ལྷོ་ནུབ་ཀྱི་མཇུག་ཏུ་ཡང༌། ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་པ་ལྷག་གོ །བཅོམ་ལྡན་འདས་གདུགས་དམ་པའི་སྐབས་སུ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཞེས་པ་གཅིག་དང༌། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཞེས་པ་གཅིག་དང༌། དེའི་སྐབས་ཀྱི་མཇུག་ཏུ། ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་རྣམས། ལེ་བརྒྱད་མར། ལྷག་པོ་བྱུང་ངོ༌། །འོག་ཕྱོགས་ཀྱི་མཇུག་ཏུ། ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་པ་ལྷག་གོ །བཅོམ་ལྡན་འདས་དགའ་བའི་དཔལ་གྱི་སྐབས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཞེས་པ་གཅིག་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས། ཞེས་པ་གཅིག་དང༌། དེའི་སྐབས་ཀྱི་མཇུག་ཏུ་ཡང༌། ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་པ་རྣམས་ལེ་བརྒྱད་མར། ལྷག་པོ་བྱུང་ངོ༌། །གླེང་གཞིའི་ལེའུ་རྫོགས་སོ།། །།སེམས་བསྐྱེད་ཀྱི་སྐབས་སུ་སེམས་བསྐྱེད་བསྡུས་པ་དང༌། རྒྱས་པའོ། །རྒྱས་པ་ལ་ཡུམ་བར་མ་ན། མདོའི་དུམ་བུ་དགུ་བཅུ་རྩ་བཞི་ཡོད་པ་ལས། དྲུག་པ་དང༌། བདུན་པའི་བར་དུ་ཡུམ་གསུམ་ཆར་ན་མེད་པའི་མདོ་ཡིག་ཕྲེང་བརྒྱད། ལེ་བརྒྱད་མར་བྱུང་ངོ༌། །བཅུ་པའི་སྐབས་སུ། མངོན་པར་ཤེས་པ་ལྔ་དང༌། ཞེས་པ་རྒྱས་འབྲིང་གཉིས་ན་ཡོད་ཀྱང༌། ལེ་བརྒྱད་མ་ན་མི་སྣང་ངོ༌། །སེམས་བསྐྱེད་ཀྱི་མདོ་དུམ་བུ་བཅུ་བདུན་པའི་མདོ་ལེ་མང་ན་ཡིག་ཕྲེང་བཞི་ཡོད་པ་ལ། ལེ་བརྒྱད་མར། ཡིག་ཕྲེང་དགུ་བྱུང༌། དེ་ལ་འདྲ་བའི་ཆ་ཅི་ཙམ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་སྦྱིན་པ་གཏོང་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གི་ཟིལ་གྱིས་གནོན་པར་འདོད་པ། ཞེས་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས། ཞེས་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན། ཞེས་དང༌། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་འདི་ཙམ་ཞིག་སྣང་སྟེ། འདི་ལ་ཡིག་ཕྲེང་གཉིས་ལྷག་ཙམ་འདུག་གོ །དེ་བས་གཞན་མི་འདྲ་བ་མང་བར་སྣང་ཞིང༌། རྒྱས་བསྡུས་གཉིས་དང་ཡང་མི་འདྲ་བ་ཤིན་ཏུ་མང་བར་གདའ་འོ། །ཉེར་གཅིག་པའི་སྐབས་སུ། ཇི་ལྟར་ན་སངས་རྒྱས་ཀྱི་དགོངས་པར་འགྱུར། ཞེས་པ་རྒྱས་འབྲིང་གཉིས་ན་ཡོད་ཀྱང༌། ལེ་བརྒྱད་མ་ན་མི་སྣང༌། ཉེར་ལྔ་པ་དང༌། ཉེར་དྲུག་པ་དང༌། ཉེར་བདུན་པའི་མགོར། ཤཱ་རིའི་བུ། གཞན་ཡང༌། ཞེས་པ་རེ་ལེ་བརྒྱད་མར། ལྷག་པོ་བྱུང་ངོ༌། །ཉེར་བརྒྱད་པའི་སྐབས་སུ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཡི། །ཞེས་པ་ཡུམ་གསུམ་ཆར་མེད་པ་ཡང་ལྷག་གོ །བཅུ་བཞི་པའི་སྐབས་སུ། ལེ་མང་ན་ཡོད་པའི་མདོ་ཡིག་ཕྲེང་གཅིག་ཅུང་མེད་ཙམ། ལེ་བརྒྱད་མར་མ་བྱུང༌། ཞེ་གསུམ་པའི་མདོ་ཡིག་ཕྲེང་གཅིག་ལྷག་ཙམ་འདུག་པར། ལེ་བརྒྱད་མར་མ་བྱུང་ལ། དེའི་སྐབས་སུ། ལེ་མང་ན་མེད་པའི་མདོ་ཡིག་ཕྲེང་ཉེར་གཉིས་ལྷག་ཙམ། ལེ་བརྒྱད་མར་བྱུང་ངོ༌། །ཞེ་དགུ་པའི་མདོ་ཡིག་ཕྲེང་གཉིས་ཅུང་མེད་ཙམ་འདུག་པ། ལེ་བརྒྱད་མར་མ་བྱུང༌། དེའི་སྐབས་སུ་ལེ་མང་ན་མེད་པའི་མདོ་ཡིག་ཕྲེང་གསུམ་ཅུང་མེད་ཙམ། ལེ་བརྒྱད་མར་བྱུང༌། ལྔ་བཅུ་པའི་སྐབས་སུ། གདུགས་གཅིག་དང༌། ཞེས་པ། ལེ་བརྒྱད་མར་བྱུང་ངོ༌། །ང་གཉིས་པའི་སྐབས་སུ་ཡང༌། ལ་དགོད་པར་འདོད་པ་དང༌། ཞེས་པ་མ་བྱུང༌། ང་ལྔ་དང༌། ང་དྲུག་དང༌། ང་བདུན་པའི་སྐབས་འདིར། ལེ་མང་ན་ཡོད་པའི་མདོ་ཡིག་ཕྲེང་བཅུ་བདུན་ཙམ། ལེ་བརྒྱད་མ་ན་མི་སྣང་སྟེ། ཕལ་ཆེར་ལེ་བརྒྱད་མས། ཞེ་གཉིས་པ་སོགས་དང༌། གོ་རིམ་དཀྲུགས་ཏེ་མི་མཐུན་པ་ཤིན་ཏུ་མང་བར་སྣང་ངོ༌། །ང་དགུ་པའི་དུམ་བུ་ལ་ལེ་མང་ན་མདོ་ཡིག་ཕྲེང་ཕྱེད་དང་བཞི་ཅུང་མེད་ཙམ་ན་འདུག་པ། ལེ་བརྒྱད་མར་མ་བྱུང༌། དྲུག་ཅུ་པ་དང༌། རེ་གཅིག་པའི་སྐབས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ། དེ་བཞིན་དུ། ཞེས་པ་དང༌། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཐའ་རྟོགས་པར་འདོད་པས། ཞེས་པར་སྟེ། དུམ་བུ་གསུམ། ལེ་བརྒྱད་མར་མ་བྱུང༌། བདུན་ཅུ་པའི་སྐབས་སུ། མིག་ལྔ་གང་ཞེ་ན་ཟེར་བ། ལེ་བརྒྱད་མར། ལྷག་པོ་བྱུང༌། མདོའི་དུམ་བུ་དོན་གསུམ་པ་ལ། ལེ་མང་ན་ཡིག་ཕྲེང་ཕྱེད་དང་གཉིས་ཙམ་ཡོད་པ་ལ། ལེ་བརྒྱད་མར་ཡིག་ཕྲེང་ཕྱེད་དང་གསུམ་ཙམ་བྱུང་སྟེ། ཕྱེད་ཙམ་འདྲ་བར་སྣང་ངོ༌། །དོན་བཞི་པའི་སྐབས་སུ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཞེས་པ། ལེ་བརྒྱད་མར། ལྷག་པོ་བྱུང༌། གོ་གཅིག་པའི་སྐབས་སུ། ཤཱ་རིའི་བུ། གཞན་ཡང༌། ཞེས་པ། ལེ་བརྒྱད་མར། ལྷག་པོ་བྱུང་ངོ༌། །སེམས་བསྐྱེད་ཀྱི་སྐབས་རྫོགས་སོ། །སྒྲུབ་པ་ལ་འདོམས་པའི་སྐབས་སུ། ལེ་མང་ན་མེད་པའི་མདོ་ཡིག་ཕྲེང་གཅིག་ཅུང་མེད་ཙམ། ལེ་བརྒྱད་མར་བྱུང༌། དེ་ནས་ཕྲེང་བདུན་ཙམ་གྱི་སྐབས་སུ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ཡང་མིང་ཙམ་མོ། །ཞེས་པ་ལེ་བརྒྱད་མར། ལྷག་པོ་བྱུང༌། དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་གྱི་རྗེས་ལ། མདོའི་དུམ་བུ་གསུམ་དང༌། ཤཱ་རིའི་བུ་དང༌། མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གི་དཔེར་ན། འདམ་བུའི་ཚལ་ལ་སོགས་པ་ལྟར། ཞེས་པ་དང༌། ཤེས་རབ་ཉིན་གཅིག་ཏུ་བསྒོམ་པའི། ཞེས་པ་དང༌། དཔེར་ན་འདམ་བུའི་ཚལ་ལ་སོགས་པ་ལྟར། ཞེས་པ་རྣམས། ལེ་བརྒྱད་མར། ལྷག་པོ་བྱུང༌། དེ་ནས་ཤོག་གུ་བཞི་ཙམ་གྱི་རྗེས་ལ། ཤིང་ས་ལ་ཆེན་པོ་ལྟ་བུ། ཞེས་པ་གསུམ་ལྷག་གོ །ཀུན་འབྱུང་ལ་གདམས་པའི་སྐབས་སུ། ཤཱ་རིའི་བུ། གཞན་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཞེས་དང༌། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ཡང༌། ལེ་བརྒྱད་མར་ལྷག་གོ །ལམ་བདེན་གྱི་སྐབས་སུ། རྣལ་འབྱོར། ཞེས་དང༌། ཤཱ་རིའི་བུ། གཞན་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཞེས་ལེ་བརྒྱད་མར་ལྷག་གོ །སངས་རྒྱས་དཀོན་མཆོག་གི་སྐབས་སུ། ཡིག་ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་བྱུང་སྟེ། ལེ་མང་དུ་དེ་མི་སྣང་ངོ༌། །ཆོས་དཀོན་མཆོག་གི་སྐབས་སུ། ལེ་མང་ན་མེད་པའི་མདོ། ཡིག་ཕྲེང་ལྷག་ཙམ། ལེ་བརྒྱད་མར་བྱུང་ཞིང༌། མཚམས་དེ་ནས་ཤོག་གུ་གཉིས་ལྷག་ཙམ་དུ། ལེ་མང་ན་ཡོད་པའི་མདོ་ཕྲེང་ཕྱེད་ཙམ་ལེ་བརྒྱད་མར་མ་བྱུང་ངོ༌། །དགེ་འདུན་དཀོན་མཆོག་མདོར་བསྟན་གྱི་སྐབས་སུ། གོ་རིམ་ཡང་འཁྲུགས་ཤིང༌། ལེ་མང་ན། མིའི་ནང་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་ཤེས་པར་བྱའོ། །ཞེས་པ་ཡོད་ལ། ལེ་བརྒྱད་མར། སངས་རྒྱས་ཀྱི་ཞིང་འདིར་ཉིན་ནས་ཤི་འཕོས་ནས་འདིར་སྐྱེས་པར་ཤེས་པར་བྱའོ། །ཞེས་པ་བྱུང་ངོ༌། །དེ་ནས་ཕྲེང་བརྒྱད་ལྷག་ཙམ་གྱི་རྗེས་ལ། ཡིག་ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །དེའི་རྗེས་ལ་རྒྱལ་སྲས་འཕགས་པ་ཞེ་ལྔ་སྟོན་པའི་མདོ་ཚན་ནི། ཞེ་ལྔ་ཡུམ་བར་མ་ན་ཡོད་པ་ལས། བདུན་པ་ནས། བཅུ་གཅིག་པའི་བར་སྟོན་པའི་མདོ་ཡིག་ཕྲེང་བཅུ་བཞི་ལྷག་ཙམ་འདུག་པ་རྣམས། བཞི་པ་ལ་སོགས་ཀྱི་སྐབས་དང༌། བཞི་པ། ནས། དྲུག་བའི་བར་སྟོན་པའི་མདོ་ཡིག་ཕྲེང་བཅུ་དྲུག་ཡོད་པ་རྣམས། བདུན་པ་སོགས་ཀྱི་སྐབས་སུ། ལེ་བརྒྱད་མར་བྱུང་སྟེ། ལེ་མང་དང་རིམ་པ་འཁྲུགས་སོ། །བཞི་པའི་སྐབས་འདིར། ཤིང་ས་ལ་ཆེན་པོ་ལྟ་བུ། ཞེས་པ་གསུམ། ལེ་བརྒྱད་མར་ལྷག་གོ །དྲུག་པའི་སྐབས་སུ། འོག་མིན་གྱི་བར་དུ་སྐྱེའོ། །ཞེས་པ་ལེ་བརྒྱད་མར་ལྷག་གོ །བཅུ་གཅིག་པའི་སྐབས་སུ། དེ་ནས་ཤི་འཕོས་ནས། ཞེས་པ་ཡང་ལྷག་གོ །བཅུ་གཉིས་པའི་སྐབས་སུ། ལེ་མང་ན་ཡོད་པའི་ཡིག་ཕྲེང་གཅིག་ཅུང་མེད་ཙམ་དང༌། མེད་པ། ཕྲེང་གཅིག་ལྷག་ཙམ་སྟེ། ལེ་བརྒྱད་མར། སྔ་མ་ཆད་ཅིང་ཕྱི་མ་ལྷག་གོ །བཅུ་གསུམ་པའི་མདོ། ལེ་བརྒྱད་མ་ལ། བཅོ་ལྔ་པའི་མགོར་བྱུང༌། བཅུ་གསུམ་པའི་སྐབས་སུ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་ལེ་བརྒྱད་མར་ལྷག་གོ ། བཅུ་བཞི་པའི་སྐབས་སུ། མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ། ཞེས་པ་ལེ་བརྒྱད་མར་ལྷག །བཅོ་ལྔ་པའི་སྐབས་སུ། དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཞེས་ཆད་ཅིང༌། ཡིག་ཕྲེང་ཕྱེད་ལྷག་ཙམ་ལེ་བརྒྱད་མར་ལྷག་གོ །བཅུ་དྲུག་པའི་མདོ་ཡིག་ཕྲེང་བཅུ་ཙམ་འདུག་པ། ལེ་བརྒྱད་མར། ཞེ་བཞི་པའི་མདོའི་འོག་ཏུ་བྱུང་ངོ༌། །འདིའི་སྐབས་སུ། ཕྲེང་ཕྱེད་ཙམ་ལེ་བརྒྱད་མར་ལྷག་གོ །བཅུ་བདུན་པའི་མདོ་ཕྲེང་བརྒྱད་ལྷག་ཙམ་ཡོད་པ། ལེ་བརྒྱད་མར་དགེ་འདུན་ཉི་ཤུའི་རྗེས་ལ་བྱུང༌། དེའི་སྐབས་སུ། ཚད་མེད་པ་རྣམས་དང༌། ཞེས་པ་ཆད་ཅིང༌། བདག་ཉིད་ཀྱིས་མངོན་སུམ་དུ་མ་བྱས་པར་གཞན་དེ་ལ་རབ་ཏུ་འགོད་པར་བྱེད་དོ། །ཞེས་དང༌། དད་སྤོབས་པ། ཞེས་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི། ཞེས་པ་རྣམས་ལེ་བརྒྱད་མར་ལྷག་གོ །བཅོ་བརྒྱད་པའི་མདོ་ཕྲེང་གཅིག་ལྷག་ཙམ་ཡོད་པ། ལེ་བརྒྱད་མར་དགེ་འདུན་ཉི་ཤུའི་རྗེས་ལ་ཡང་ཕྲེང་བརྒྱད་ལྷག་ཙམ་གྱི་མཇུག་ཏུ་བྱུང༌། བཅུ་དགུ་པའི་ཕྲེང་གསུམ་ལྷག་ཙམ། ཡོད་པ། ལེ་བརྒྱད་མར་དྲུག་པའི་འཇུག་ལ་བསྣན་འདུག་གོ །ཉི་ཤུ་པ་དང༌། ཉེར་གཅིག་པ། ཉེར་གཉིས་པ་རྣམས་ཀྱི་མདོ་ཕྲེང་ལྔ་ལྷག་ཙམ་ཡོད་པ། ལེ་བརྒྱད་མར། བཅུ་བཞི་པའི་རྗེས་ལ་མཐུད་ནས་བྱུང༌། ཉེར་གཉིས་པའི་སྐབས་སུ། ལེ་མང་ན་ཡོད་པའི་ཕྲེང་ཕྱེད་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་ཅིང་ཕྲེང་ཕྱེད་ལྷག་གོ །ཉེར་གསུམ་པ་དང༌། ཉེར་བཞི་པ་དང༌། ཉེར་ལྔ་པ་དང༌། ཉེར་དྲུག་པ་དང༌། ཉེར་བདུན་པ་རྣམས་ཀྱི་མདོ་ཕྲེང་དྲུག་ཅུང་མེད་ཙམ་ཡོད་པ། ལེ་བརྒྱད་མར་བཅོ་ལྔ་པའི་རྗེས་ལ་བྱུང༌། ཉེར་གསུམ་པའི་སྐབས་སུ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གྱུར་ན། ཞེས་པ་དང༌། ཉེར་བདུན་པའི་སྐབས་སུ། ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །དེའི་རྗེས་ལ་ཡང༌། ལེ་མང་ན་མེད་པའི་མདོ་ཕྲེང་བཞི་ཅུང་མེད་ཙམ། ལེ་བརྒྱད་མར་ལྷག་གོ །ཉེར་བརྒྱད་པ་ནས། སོ་བརྒྱད་ཀྱི་བར། མདོ་ཕྲེང་ཕྱེད་དང་བཅུ་ཙམ་ཡོད་པའི་སྐབས་སུ། ལེ་བརྒྱད་མར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བུར་བྱས་ཏེ། ཞེས་པ་ཆད་ཅིང༌། བདག་ཉིད་ཀྱི་ལུས། ཞེས་པ་གཉིས་དང༌། དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ། ཐབས་ལ་མཁས་པས། ཞེས་དང༌། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཡང་ཡོད་དོ། །ཞེས་པ་རྣམས་ལྷག་གོ །སོ་བརྒྱད་དང༌། སོ་དགུ་པའི་བར་དུ། ལེ་མང་ན་མེད་པའི་མདོ་ཕྲེང་གསུམ་ཙམ། ལེ་བརྒྱད་མར་ལྷག་གོ །ཞེས་ལྔ་པའི་མདོ་ཕྲེང་གཉིས་ཅུང་མེད་ཙམ་ཡོད་པ། ལེ་བརྒྱད་མར་བཅུ་དྲུག་པའི་མདོའི་རྗེས་སུ་བྱུང་ངོ༌། །དེའི་རྗེས་ལ་ཡུམ་བར་མ་ན་མེད་པའི་མདོ་ཕྲེང་གཉིས། ལེ་བརྒྱད་མར་ལྷག་པོ་བྱུང་ངོ༌། །མ་ཞེན་པའི་སྐབས་སུ། སྐབས་ཡོད་དོ། །ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། ཞེས་དང༌། དེ་བཞིན་དུ། ཞེས་དང༌། ཡང་དག་པའི་སངས་རྒྱས་ཀྱི་ཐེག་པ། ཞེས་པ་རྣམས་ལེ་བརྒྱད་མར་ལྷག་གོ །མི་ངལ་བའི་སྐབས་སུ། ཤཱ་རིའི་བུ། ཞེས་པ་ལྷག་གོ །ཆོས་ཀྱི་སྤྱན་གྱི་སྐབས་སུ། དད་པ་ལ་སོགས་པ། ཞེས་པ་ལེ་བརྒྱད་མར་ལྷག་གོ །སངས་རྒྱས་ཀྱི་སྤྱན་གྱི་སྐབས་སུ། ལེ་མང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་ཅེས་བྱུང་ལ། ལེ་བརྒྱད་མར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར། ཞེས་བྱུང་ངོ༌། །སྔོན་གྱི་གནས་རྗེས་སུ་དྲན་པའི་སྐབས་སུ། རིགས་ནི་འདི་ཞེས་བྱ། ཞེས་པ་ལེ་བརྒྱད་མར་ཆད་དོ། །ཟག་ཟད་ཀྱི་མངོན་ཤེས་སྐབས་སུ། ལེ་མང་ན། སངས་རྒྱས་ཀྱི་ཞིང་གཞན་གྱི་ཡོན་ཏན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མཐོང་ངོ༌། །ཞེས་པ་ཡོད་ལ། ལེ་བརྒྱད་མར། མ་མཐོང་ངོ༌། །ཞེས་པ་བྱུང་ངོ༌། །དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ། ཡིག་ཕྲེང་གསུམ་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་བཅུ་གཉིས་ཙམ་གྱི་རྗེས་ལ། ཤིང་ས་ལ་ཆེན་པོ་ལྟ་བུ་ཞེས་པ་གསུམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་གསུམ་ཙམ་གྱི་རྗེས་ལ། ཕྲེང་ཕྱེད། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ། ཕྲེང་གཅིག་དང༌། བཅོམ་ལྡན་འདས། ཞེས་པ། ལེ་བརྒྱད་མར་ལྷག་གོ །ཤཱ་རིའི་བུའི་ལེའུ་རྫོགས་སོ།། །།

མཐོང་ལམ་ལ་གདམས་པའི་སྡུག་བསྔལ་ལ། ཆོས་ཤེས་ཀྱི་སྐབས་སུ། ཕྲེང་གཅིག་མ་ལོངས་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་གྱི་རྗེས་ལ། ལེ་མང་ན་ཡོད་པའི་ཕྲེང་གཅིག་ལེ་བརྒྱད་མར་ཆད་ཅིང་ཕྲེང་ཕྱེད་ཙམ་ལྷག་གོ །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་སྐབས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེ་དང༌། ཞེས་པ་ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་དགུ་ཙམ་གྱི་རྗེས་ལ། དེ་ཅིའི་ཕྱིར་ཞེ་ན། ཟེར་བ། ལེ་བརྒྱད་མར་ལྷག་གོ །འགོག་པ་ལ་ཆོས་བཟོད་དང༌། ཆོས་ཤེས་ཀྱི་སྐབས་སུ། ཕྲེང་ཕྱེད་དང༌། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཞེས་ལེ་བརྒྱད་མར་ལྷག་གོ །འགོག་པ་ལ་རྗེས་སུ་ཤེས་པའི་སྐབས་སུ། ཕྲེང་གཉིས་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་བཅུ་དྲུག་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་དང་གསུམ་མ་ལོངས་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་དང་གསུམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་དང་བཞི། ལེ་བརྒྱད་མ་ལྷག་གོ །དེ་ནས་ཤོག་གུ་གསུམ་ཙམ་གྱི་རྗེས་ལ། ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །ལམ་ལ་རྗེས་སུ་ཤེས་པའི་སྐབས་སུ། ཀུན་ཏུ་ཞུམ་པར་མི་འགྱུར་རོ། །ཞེས། ལེ་བརྒྱད་མར་ཆད་དོ། །ལེའུ་གསུམ་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཕྲེང་ཕྱེད་ལྔ་ཙམ་གྱི་རྗེས་ལ། བཅོམ་ལྡན་འདས་ཞེས་པ། ལེ་བརྒྱད་མར་ལྷག་གོ །གདམས་ངག་གི་རྗེས་ལ་ངེས་འབྱེད་ཡན་ལག་བཞི་ལས་དྲོད་ཆུང་ངུའི་སྐབས་སུ། ཕྲེང་ཕྱེད་གཉིས་ཙམ། ལེ་བརྒྱད་མར་ཆད་དོ། །དེ་མ་ཐག་པའི་རྗེས་ལ་ཕྲེང་དྲུག་ཙམ། ལེ་མང་དང་རིམ་པ་འཁྲུགས་ཤིང་ཆད་ལྷག་མང་སྟེ། སྐབས་འདིར་ལེ་བརྒྱད་མར་ཕྲེང་གཅིག་ལྷག་ཅིང་གཟིགས་སོགས་ཕུང་པོ་ལྔ་ལ་ཞི་ཞེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བ་སྟེ། འགྲེས་གཉིས་པར་བར་དུ་ཆོད་དོ། །དེ་ནས་ཕྲེང་བརྒྱད་ཙམ་གྱི་རྗེས་ལ། ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ཆད་དོ། །ལེའུ་བཞི་པ་རྫོགས་སོ།། །།དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ལྷག་ཙམ་གྱི་རྗེས་ལ། ཕྲེང་གཅིག་མ་ལོན་ཙམ་ལེ་བརྒྱད་མར་ལྷག་སྟེ། དྲོད་འབྲིང་གི་སྐབས་སོ། །དྲོད་ཆེན་པོའི་སྐབས་སུ། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བགྱི་བའི་མིང་སྟེ། ཞེས་དང༌། དགྲ་བཅོམ་པའི་ཆོས་ཤེས་བགྱི་བའི་མིང་ནི་གང་གིས་བརྗོད་དུ་མ་མཆིས་སོ། །ཞེས་པ་དག། ལེ་བརྒྱད་མར་ལྷག་གོ །རྩེ་མོ་ཆུང་ངུའི་སྐབས་སུ། མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་དང༌། ཞེས་པ་རྣམས། ལེ་བརྒྱད་མར་ཆད་དོ། །རྩེ་མོ་འབྲིང་གི་སྐབས་སུ། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་བྱ་བ་མེད་པ་དང༌། ཆོས་ཀྱི་དབྱིངས་དང་ཆོས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་ནི་མཚན་མ་སྟེ། འདི་དག་ནི་ཉོན་མོངས་པ་ཞེས་བྱའོ། །ཞེས་པ་ལེ་བརྒྱད་མར་ལྷག་པོ་བྱུང་ངོ༌། །རྩེ་མོ་ཆེན་པོའི་སྐབས་སུ། དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་མེད་ཅིང་མི་དམིགས་སོ། །ཞེས་ལེ་བརྒྱད་མར་ལྷག་པོ་བྱུང་ངོ༌། །ལེའུ་ལྔ་པ་རྫོགས་སོ།། །།ཆོས་མཆོག་ཆུང་འབྲིང་གི་སྐབས་སུ། ཕྲེང་གསུམ་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །གཟུང་རྟོག་གི་སྐབས་སུ། ཕྲེང་གཉིས་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་བཅུ་དྲུག་ཙམ་གྱི་རྗེས་ལ་མདོ་ཡི་དུམ་བུ་གཅིག །ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་དྲུག་ཙམ་གྱི་རྗེས་ལ། ཕྲེང་གཅིག་མ་ལོངས་ཙམ་ཆད་ཅིང་ཡིག་ཕྲེང་བཅུ་གཉིས་ཐལ་ཙམ། ལེ་བརྒྱད་མར་ལྷག་པོ་བྱུང་ངོ༌། །ལེའུ་དྲུག་པ་རྫོགས་སོ།། །།འཛིན་རྟོག་གི་སྐབས་སུ། ཡིག་ཕྲེང་བཅུ་གསུམ་ལྷག་ཙམ། ལེ་བརྒྱད་མར་ལྷག་པོ་བྱུང༌། དེ་ནས་ཕྲེང་གཅིག་ཙམ་གྱི་རྗེས་ལ་ཡང་ཕྲེང་ཕྱེད་དང་ལྔ་ཙམ་ལྷག་གོ །དེའི་རྗེས་ཙམ་ཡང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། ཞེས་པ་ཡང་ལྷག་གོ །དེ་ནས་ཕྲེང་བཅོ་བརྒྱད་ཙམ་གྱི་རྗེས་ལ། ཕྲེང་གསུམ་མ་ལོངས་ཙམ། ལེ་བརྒྱད་མར་ལྷག་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ། འབྱུང་བར་འགྱུར་རམ། ཞེས་པ་ཆད་དོ། །ཡོངས་འཛིན་གྱི་སྐབས་སུ། ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །ལེའུ་བདུན་པ་རྫོགས་སོ།། །།རིགས་ཀྱི་དབྱེ་བའི་སྐབས་སུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རིག་པར་བྱའོ། །ཞེས་པ་ལེ་མང་ན་ཡོད་ལ། ལེ་བརྒྱད་མར། ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །ཞེས་པ་བྱུང་སྟེ། ཕྲེང་ཕྱེད་ཙམ་མི་མཐུན་པར་སྣང་ངོ༌། །འཇུག་པའི་སྒྲུབ་པའི་སྐབས་སུ་ལེ་བརྒྱད་མར་ཤོག་གུ་གསུམ་ཙམ། ལེ་མང་དང་གོ་རིམ་འཁྲུགས་པ་དང༌། ཆད་ལྷག་དང་རྒྱས་བསྡུས་སུ་ཕྱེ་བ་ལྟ་བུའི་མི་འདྲ་བ་མང་པས། ཤིན་ཏུ་ཕྱེ་བ་དཀའ་བར་བྱས་གདའ་འོ། །ཚོགས་སྒྲུབ་ཀྱི་ཞི་གནས་ཀྱི་སྐབས་སུ། ཡིག་ཕྲེང་གཅིག་ལེ་བརྒྱད་མར་ལྷག་གོ །བསོད་ནམས་ཚོགས་ཀྱི་སྐབས་སུ། ཏིང་ངེ་འཛིན་རྒྱས་བཤད་དོ། །ཕྲེང་གསུམ་ཙམ། ལེ་བརྒྱད་མར་ཆད་དོ། དེ་ནས་ཤོག་གུ་གསུམ་ཅུང་མེད་ཙམ་གྱི་རྗེས་ལ། ཕྲེང་གཅིག །ལེ་བརྒྱད་མར་ཆད་སྣང་ངོ༌། །དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་གྱི་རྗེས་ལ། ལེ་བརྒྱད་མར་ཕྲེང་གཅིག་ཆད་ཅིང༌། དེ་ནས་ཕྲེང་གསུམ་གྱི་རྗེས་ལ་ཡང༌། ཕྲེང་གཅིག་ཆད་དོ། །ལེའུ་བརྒྱད་པ་དང༌། དགུ་པ་རྫོགས་སོ།། །།ས་གཉིས་པའི་སྐབས་སུ་ཕྲེང་གཅིག །ལེ་བརྒྱད་མར་ལྷག་གོ །ས་བཞི་པའི་སྐབས་སུ། ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །ས་བདུན་པའི་སྐབས་སུ། ཕྲེང་ཕྱེད་དང་གཉིས། ལེ་བརྒྱད་མར་ཆད་དོ། །སྐབས་མ་རྫོགས་ཙམ་ལ། ལེ་བརྒྱད་མར་ཕྲེང་གཅིག་ཅུང་མེད་ལྷག་ཅིང༌། མདོ་ཡི་དུམ་བུ་གཅིག་ཆད་དོ། །ས་བརྒྱད་པའི་སྐབས་སུ། ལེ་བརྒྱད་མར་ཕྲེང་གཅིག་ཅུང་མེད་ལྷག་ཅིང༌། ཕྲེང་གཅིག་ཆད་དོ། །སྒོམ་ལམ་འཛིན་རྟོག་གཉིས་པོའི་གཉེན་པོའི་སྐབས་སུ། ཕྲེང་གཅིག ། ལེ་བརྒྱད་མར་ལྷག་གོ །ལེའུ་བཅུ་པ་རྫོགས་སོ།། །།

ངེས་འབྱུང་བསྒྲུབ་པའི་ཆེད་དུ་བྱ་དང༌། ཞེས་པའི་སྐབས་སུ། ཕྲེང་བཞི། ལེ་བརྒྱད་མར་ལྷག་གོ །མཉམ་ཉིད་ཀྱི་སྐབས་སུ། ཕྲེང་གཅིག་ཙམ། ལེ་བརྒྱད་མར་ཆད་དོ། །སེམས་ཅན་དོན་དང༌། ཞེས་པའི་སྐབས་སུ། ལེ་བརྒྱད་མར་ཕྲེང་ཕྱེད་དང་ལྔ་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་གྱི་རྗེས་ལ། ཕྲེང་བཅུ་ལྷག་ཙམ་ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་བདུན་ཙམ་གྱི་རྗེས་ལ། ཡིག་ཕྲེང་བཅུ་བདུན་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །ལེའུ་བཅུ་གཅིག་པ་རྫོགས་སོ།། །།ཐོབ་པའི་མཚན་ཉིད་ངེས་འབྱུང་གི་སྐབས་སུ། ཕྲེང་གཉིས་ལྷག་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་དང་གཉིས་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཉེར་བཞི་ཙམ་གྱི་སྐབས་སུ། ཕྲེང་གཅིག །ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ། ཕྲེང་གཅིག་ཅུང་མེད། ལེ་བརྒྱད་མར་ཆད་དོ། །ལེའུ་བཅུ་གཉིས་པ་རྫོགས་སོ།། །།ལམ་གྱི་ཡུལ་ཅན་ངེས་འབྱུང་གི་སྐབས་སུ། ཕྲེང་གསུམ་ཙམ། ལེ་བརྒྱད་མར་ཆད་དོ། །རབ་འབྱོར་གྱི་ལེའུ་སྟེ། བཅུ་གསུམ་པ་རྫོགས་སོ།། །།མོག་མོག་པོར་མཛད་ཀྱི་སྐབས་སུ། ཕྲེང་གཅིག་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །ཉན་ཐོས་ཀྱི་ལམ་གྱི་སྐབས་སུ། ཕྲེང་ཕྱེད་དང་ལྔ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་བརྒྱད་ཙམ་གྱི་རྗེས་ལ། ཕྲེང་ཕྱེད། ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ཙམ་གྱི་རྗེས་ལ། ཕྲེང་གཉིས་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །ལེའུ་བཅུ་བཞི་པ་རྫོགས་སོ།། །།བསེ་རུའི་ལམ་གྱི་སྐབས་སུ། ལེ་བརྒྱད་མར། ལྷའི་བུ་ཞེས་པ་གཉིས་བྱུང༌། ལེ་མང་ན་བྱང་ཆུབ་སེམས་དཔའ། ཞེས་པར་ཡོད། ལེ་བརྒྱད་མར། འདི་ལྟར་ཚད་མའི་སྤྱོད་ཡུལ་མ་ཡིན་པ། ཞེས་པ་གཉིས་དང༌། འདི་ལྟར་བཟང་བ་དང༌། ཞེས་པ་རྣམས་ལྷག་གོ །དེ་ནས་ཤོག་གུ་ལྔ་ལྷག་ཙམ་གྱི་རྗེས་ལ། མདོའི་དུམ་བུ་གཅིག། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་བརྒྱད་ཙམ་གྱི་རྗེས་ལ། མདོའི་དུམ་བུ་གཅིག་དང༌། ཚེ་དང་ལྡན་པ་རབ་འབྱོར། ཞེས་པ་ལེ་བརྒྱད་མར་ལྷག་གོ། ལེའུ་བཅོ་ལྔ་པ་རྫོགས་སོ།། །།བསེ་རུའི་ལམ་གྱི་རྗེས་ལ་མཐོང་ལམ་གྱི་སྐབས་སུ། ཕྲེང་བཅུ་གཅིག་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ། མདོའི་དུམ་བུ་གཅིག །ལེ་བརྒྱད་མར་ལྷག་གོ །ལེའུ་བཅུ་དྲུག་པ་རྫོགས་སོ།། །།ལེའུ་བཅུ་བདུན་པའི་སྐབས་སུ། ཕྲེང་ཕྱེད་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་ཅུང་མེད། ལེ་བརྒྱད་མར་ཆད་དོ། །ལེའུ་བཅུ་བདུན་པ་རྫོགས་སོ།། །།ལེའུ་བཅོ་བརྒྱད་པ་ཡང་རྫོགས་སོ།། །།དེ་ནས་ལེའུ་བཅུ་དགུ་པ་སོང་ཞིང༌། ལེའུ་ཉི་ཤུ་པའི་ནང་དུ་ཕྲེང་ཕྱེད། ལེ་བརྒྱད་མར་ཆད་དོ། །ལེའུ་ཉི་ཤུ་པ་རྫོགས་སོ།། །།ལེའུ་ཉེར་གཅིག་ཡང་སོང་ནས། ལེའུ་ཉེར་གཉིས་པར། ཕྲེང་གསུམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་ལྔ་ཙམ་གྱི་རྗེས་ལ་ཡང༌། ཕྲེང་གཅིག་མ་ལོངས་ཙམ་ལྷག་གོ །དེ་ནས་ཤོག་གུ་བཞི་ཙམ་གྱི་རྗེས་ལ་ཕྲེང་གཅིག །ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་བཅུ་ཙམ་གྱི་རྗེས་ལ་ཕྲེང་གཅིག་ལྷག་ཙམ་ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་ལྔ་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་ལྔ་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །ལེའུ་ཉེར་གཉིས་པ་རྫོགས་སོ།། །།ལེའུ་ཉེར་གསུམ་པའི་ནང་དུ། ལེ་མང་ན། ཕྲེང་གསུམ་ལྷག་ཙམ་ཡོད་པ་ལ། ལེ་བརྒྱད་མར་ཆད་དོ། །ཕྲེང་ཕྱེད་དང་བཅུ་ཙམ་བྱུང་སྟེ། འདྲ་བའི་ཆ་ཡང་བར་བར་ན་ཅུང་ཟད་སྣང་ངོ༌། །དེ་ནས་ཕྲེང་བཅུ་གཉིས་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་ཙམ་ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་བཅུ་གཉིས་ལྷག་པའི་རྗེས་ལ་ཕྲེང་ལྔ་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་བདུནཙམ་གྱི་རྗེས་ལ། ལེ་བརྒྱད་མར་ཕྲེང་གཅིག་ཅུང་མེད་ཆད་ཅིང་ཕྲེང་གཅིག་ལྷག་གོ །དེ་ནས་ཕྲེང་བརྒྱད་ཙམ་གྱི་རྗེས་ལ། ལེ་བརྒྱད་མར། ཕྲེང་གཅིག་ལྷག་གོ །ལེའུ་ཉེར་གསུམ་པ་རྫོགས་སོ།། །།ལེའུ་ཉེར་བཞི་དང༌། ཉེར་ལྔ་པ་ཡང་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་ཕྱེད་དང་ལྔ་ཙམ་གྱི་རྗེས་ལ། ཞེས་བགྱི་བས་ནི་མ་བྱུང་བའི་སྐྱེ་བོ་རྣམས་སྣང་བ་བགྱིས་པར་འགྱུར་རོ། །ཞེས་ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་བཞི་ལྷག་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་ཅུང་མེད། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་དང་གཉིས། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་གྱི་སྐབས་སུ། ལེ་མང་ན་ཕྲེང་ཕྱེད་དང་གསུམ་ཙམ་ཡོད་པ། ལེ་བརྒྱད་མར། ཕྲེང་ཕྱེད་དང་གཉིས་བྱུང་སྟེ། འདྲ་བ་ཡང་བར་བར་ན་ཅུང་ཟད་སྣང་ངོ༌། །དེ་ནས་ཤོག་གུ་ལྔ་ལྷག་ཙམ་གྱི་རྗེས་ལ། ཕྲེང་གཉིས། ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་དྲུག་ཙམ་གྱི་རྗེས་ལ། ཕྲེང་གཉིས་ཅུང་མེད། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་གཅིག་ཙམ་གྱི་རྗེས་ལ། ལེ་བརྒྱད་མར་ཕྲེང་གཅིག་ལྷག་གོ །ལེའུ་ཉེར་དྲུག་པ་རྫོགས་སོ།། །།དེ་ནས་ཤོག་གུ་གསུམ་ཅུང་མེད་ཙམ་གྱི་སྐབས་སུ། རང་བཞིན་གྱིས་འོད་གསལ་བའི་ཕྱིར། ཞེས་པ་འདི་ལན་གསུམ། ལེ་བརྒྱད་མར་ཆད་ཅིང༌། དེའི་ཚབ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར། ཞེས་པ་རེ་སྣང་ངོ༌། །དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་གྱི་སྐབས་སུ། ཕྲེང་ཕྱེད་ཅུང་མེད། ལེ་བརྒྱད་མར་ལྷག་གོ ། དེ་ནས་ཤོག་གུ་བཞི་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་ཅུང་མེད། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་བཅུ་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་དང་གཉིས་ཅུང་མེད། ལེ་བརྒྱད་མར་ཆད་དོ། །ལེའུ་ཉེར་བདུན་པ་རྫོགས་སོ།། །།གཟུགས་ལ་སོགས་རློམ་མེད་ཞེས་པའི་སྐབས་སུ་མདོའི་དུམ་བུ་ཉེར་བཞི། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ལྔ་ཙམ་གྱི་རྗེས་ལ་ཤོག་གུ་གཅིག་གི་ལྟོ་རྒྱབ་ཙམ་ལ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ། ཞེས་པ་འདི་ལན་གསུམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་ལྔ་ཙམ་གྱི་རྗེས་ལ། ལེ་བརྒྱད་མར་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ། །ཞེས་པ་ཆད་ཅིང༌། དེ་ཡང་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཞེས་པ་ལྷག་གོ །དེ་ནས་ཕྲེང་བརྒྱད་ཙམ་གྱི་རྗེས་ལ། མདོའི་དུམ་བུ་གཅིག་དང༌། དེ་ནས་ཕྲེང་དེའི་འཇུག་ཙམ་དུ། ཐོབ་པའམ། ཐོབ་པ་བསྐྱེད་པའམ། འགག་པའམ། ཞེས་པ་རྣམས་ཀྱང་ལྷག་གོ །དེ་ནས་ཤོག་ལོགས་གཅིག་ཙམ་གྱི་རྗེས་ལ། བྱང་ཆུབ་སེམས་དཔའི་ས་བཅུ་བསྒྲུབ་པ་མ་ཡིན། འདོར་བ་མ་ཡིན། ཞེས་པ་ཡང་ལྷག་གོ །དེ་ནས་ཕྲེང་བཞི་ཅུང་མེད་ཀྱི་རྗེས་ལ། ཕྲེང་གཅིག །ལེ་བརྒྱད་མར་ལྷག་གོ །དེ་ནས་ཡང་ཕྲེང་བཞི་ཅུང་མེད་ཀྱི་རྗེས་ལ། ལྷུང་ལྷུང་ལྡེག་གི་སྒྲ་བྱུང་སྟེ། ཞེས་པ་ཡང་ཆད་དོ། །ལེའུ་ཉེར་བརྒྱད་པ་རྫོགས་སོ།། །།ལེའུ་དེ་ནས་ཤོག་གུ་གཅིག་ཙམ་གྱི་རྗེས་ལ་ལེ་བརྒྱད་མར་ཕྲེང་གཅིག་ཆད་ཅིང་ཕྲེང་གཅིག་ལྷག་གོ །དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ། ཕྲེང༌། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་གསུམ་ཙམ་གྱི་རྗེས་ལ། ཕྲེང་གཅིག ། ལེ་བརྒྱད་མར་ལྷག་པོ་བྱུང༌། དེ་ནས་དྲུག་ཙམ་གྱི་རྗེས་ལ་ཕྲེང་ཕྱེད་དང་བཞི། ལེ་བརྒྱད་མར་ལྷག་གོ །ལེའུ་ཉེར་དགུ་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་ལྔ་ལྷག་ཙམ་གྱི་རྗེས་ལ། སྟོང་པ་ཉིད་ཐམས་ཅད་དང༌། ཞེས་པ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་བཅོ་བརྒྱད་ཙམ་གྱི་རྗེས་ལ། ཕྲེང་གཅིག །ལེ་བརྒྱད་མར་ཆད་དོ། །དེ་ནས་ཕྲེང་བདུན་གྱི་ཙམ་གྱི་རྗེས་ལ་མདོའི་དུམ་བུ་གཅིག །ལེ་བརྒྱད་མར་ལྷག་གོ །ལེའུ་སུམ་ཅུ་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་གསུམ་ལྷག་ཙམ་གྱི་རྗེས་ལ། ཕྲེང་ཕྱེད། ལེ་བརྒྱད་མར་ལྷག་ཅིང༌། མི་འདྲ་བ་ཡང་ཅུང་ཟད་སྣང་ངོ༌། །དེ་ནས་ཤོག་གུ་གསུམ་ལྷག་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་ཅུང་མེད། ལེ་བརྒྱད་མར་ལྷག་གོ །ལེའུ་སོ་གཅིག་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་གྱི་རྗེས་ལ། ལེ་བརྒྱད་མར། ཕྲེང་ཕྱེད་དང་ཅུང་མེད་ཙམ་ལྷག་གོ །དེ་ནས་ཤོག་གུ་བརྒྱད་ཙམ་གྱི་རྗེས་ལ། བྱམས་པ་ཆེན་པོ་རྣམས་ཚད་མེད་པ་དང༌། ཞེས། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་ལྔ་ལྷག་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་ཅུང་མེད་ཙམ་གཅིག །ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་གཉིས་ལྷག་ཙམ་གྱི་རྗེས་ལ། ཕྲེང་གཅིག་ལྷག་ཙམ་ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་བཞི་ལྷག་ཙམ་གྱི་རྗེས་ལ། ཕྲེང་གསུམ་ལྷག་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་གཅིག་ཙམ་གྱི་འོག་ཏུ་ཕྲེང་གཅིག །ལེ་བརྒྱད་མར་ཆད་དོ། །ལེའུ་སོ་གཉིས་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཕྲེང་གཅིག་ཙམ་གྱི་རྗེས་ལ། ཕྱོགས་གཅིག་ཏུ་འཁོད་དོ། །ཞེས་པ། ལེ་བརྒྱད་མར་ལྷག་གོ །ལེའུ་སོ་གསུམ་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཕྲེང་བཅུ་གཉིས་ལྷག་ཙམ་གྱི་རྗེས་ལ། ཕྲེང་གཅིག་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །ལེའུ་སུམ་ཅུ་སོ་བཞི་པ་དང༌། སོ་ལྔ་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཕྲེང་བཞི་ཙམ་གྱི་རྗེས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ། སློབ་པར་འདོད་པས། ཞེས་པ། ལེ་བརྒྱད་མར་ལྷག་གོ །ལེའུ་སུམ་ཅུ་སོ་དྲུག་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་གཅིག་ཙམ་གྱི་རྗེས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཞེས་པ། ལེ་བརྒྱད་མར་ལྷག་གོ །ལེའུ་སོ་བདུན་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་བཅོ་ལྔ་ལྷག་ཙམ་གྱི་རྗེས་ལ། ཕྲེང་གཉིས་མ་ལོངས་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་གཉིས་ཅུང་མེད་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་དང་ལྔ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་གཉིས་ལྷག་ཙམ་གྱི་རྗེས་ལ་ཡང༌། ཕྲེང་ཕྱེད་ལྷག་གོ །དེ་ནས་ཤོག་གུ་བརྒྱད་དུ་ཕྲེང་གཉིས་ཀྱིས་མ་ལོངས་ཙམ་གྱི་རྗེས་ལ། ཕྲེང་ཕྱེད། ལེ་བརྒྱད་མར་ལྷག་གོ །ལེའུ་སོ་བརྒྱད་པ་དང༌། སོ་དགུ་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་བཞི་ལྷག་ཙམ་གྱི་རྗེས་ལ། ཕྲེང་ཕྱེད། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་དྲུག་ཙམ་གྱི་རྗེས་ལ། ཕྲེང་གཅིག །ལེ་བརྒྱད་མར་ཆད་དོ། །ལེའུ་བཞི་བཅུ་པ་རྫོགས་སོ།། །།དེ་ནས་ཤོག་གུ་ཕྱེད་དང་བརྒྱད་ཙམ་གྱི་རྗེས་ལ། ཕྲེང་གཅིག །ལེ་བརྒྱད་མར་ཆད་ཅིང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཞེས་པ་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་གསུམ་ཙམ་གྱི་རྗེས་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བརྩོན་པར་བྱས་ནས། ཞེས་པ་ལེ་བརྒྱད་མར་ལྷག་ཅིང༌། དེ་ནས་ཕྲེང་བཞི་ཙམ་གྱི་རྗེས་ལ་ཡང། དེ་ཉིད་ལྷག་གོ །དེ་ནས་ཕྲེང་གཅིག་ལྷག་ཙམ་གྱི་རྗེས་ལ། ཕྲེང་གཅིག་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་བདུན་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་དང་གཉིས་ཙམ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་བདུན་ཙམ་གྱི་རྗེས་ལ། ཕྲེང་གཅིག །ལེ་བརྒྱད་མར་ལྷག་གོ །ལེའུ་བཞི་བཅུ་གཅིག་པ་དང༌། བཞི་བཅུ་གཉིས་པ་དང༌། བཞི་བཅུ་གསུམ་པ་དང༌། བཞི་བཅུ་བཞི་པ་རྣམས་རྫོགས་སོ།། །།ལེ་མཚམས་དེ་ནས་ཕྲེང་གཉིས་ཀྱི་རྗེས་ལ། ལེ་བརྒྱད་མར། ཕྲེང་ཕྱེད་དང་གཉིས་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་དགུ་ཙམ་གྱི་རྗེས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཞེས། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་བཞི་ཙམ་གྱི་རྗེས་ལ། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཞེས་པ། ལེ་བརྒྱད་མར་ལྷག་གོ །ལེའུ་ཞེ་ལྔ་པ་རྫོགས་སོ།། །།ལེ་མཚམས་དེ་ནས་ཕྲེང་ཕྱེད་དང་གཉིས་ཀྱི་རྗེས་ལ། ཕྲེང་གཅིག་ཅུང་མེད། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་ཕྱེད་གཉིས་ཙམ་གྱི་རྗེས་ལ་ཕྲེང་གཅིག་ཅུང་མེད། ལེ་བརྒྱད་མར་ཆད་དོ། །ལེའུ་ཞེ་དྲུག་པའོ།། །།ལེ་མཚམས་དེ་ནས་ཤོག་གུ་གཉིས་ཙམ་གྱི་རྗེས་ལ། ཕྲེང་གཅིག་མ་ལོངས་ཙམ་གཅིག །ལེ་བརྒྱད་མར་ལྷག་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཞེས་པ་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་བཞི་ཙམ་གྱི་རྗེས་ལ། ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་ལྷག་ཙམ་གྱི་རྗེས་ལ་ཕྲེང་ཕྱེད། ལེ་བརྒྱད་མར་ལྷག་གོ །ལེའུ་ཞེ་བདུན་པའོ།། །།ལེ་མཚམས་དེ་ནས་ཤོག་གུ་ཕྱེད་གསུམ་ཙམ་གྱི་རྗེས་ལ། ས་དང་པོ་དང༌། ས་བཅུ་པའི་བར་དང༌། ཞེས་པ། ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་བཞི་ཙམ་གྱི་རྗེས་ལ། ཕྲེང་ཕྱེད། ལེ་བརྒྱད་མར་ལྷག་གོ །དེ་ནས་དེ་མ་ཐག་པ་ནས་བཟུང་སྟེ། ཤོག་གུ་བདུན་བཅུ་རྩ་གཅིག་ཡར་བཅད་ཙམ་གྱི་བར་ལ། ལེ་བརྒྱད་མར། གོ་རིམ་འཁྲུགས་ཏེ། ལེ་མང་དང་མི་མཐུན་པ་རིམ་པ་གཉིས་སུ་བྱུང་ངོ༌། །མཚམས་འདི་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ལྷག་ཙམ། ལེ་བརྒྱད་མར། ཤོག་གུ་བརྒྱད་དང་ཕྲེང་གཅིག་ལྷག་ཙམ་གྱི་འོག་ཏུ་ཕུད་སྣང་ངོ༌། །དེ་ནས་ཡང་ཤོག་གུ་སོ་དགུ་དང་ཕྲེང་གསུམ་ཙམ། ལེ་བརྒྱད་མར། ཤོག་གུ་ཉི་ཤུ་དང་ཕྲེང་བཞི་ཙམ་གྱི་འོག་ཏུ་ཕུད་སྣང་ངོ༌། །ཤོག་གུ་ཐམས་ཅད་ཕྲེང་བདུན་པའི་རྩིས་སོ། །གོ་རིམ་འཁྲུགས་པ་འདི་དག་ལེ་མང་གི་ལེའུ་ཞེ་བརྒྱད་པ་དང༌། ང་གསུམ་པའི་ཕྱེད་ཙམ་ཡར་བཅད་ཀྱི་བར་ལ་ཡོད་དོ། །ད་ནི་མ་འཁྲུགས་པའི་གོ་རིམ་དང་བསྟུན་ཏེ་སྔར་གྱི་གཉུག་མའི་སྲོལ་ཆད་ལྷག་རྩི་བ་ལ་འཇུག་པར་བྱས་ཏེ། དེ་ནས་ཤོག་གུ་གཅིག་ལྷག་ཙམ་གྱི་རྗེས་ལ། ལེ་བརྒྱད་མར། ཕྲེང་ཕྱེད་ཆད་དོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ཙམ་གྱི་རྗེས་ལ། ལེ་བརྒྱད་མར་ཕྲེང་ཕྱེད་ཅུང་མེད་ལྷག་ཅིང་མདོའི་དུམ་བུ་གཅིག་ཆད་དོ། །ལེའུ་ཞེ་བརྒྱད་པའོ།། །།ལེ་མཚམས་དེ་ནས་ཤོག་གུ་གསུམ་མ་ལོངས་ཙམ་གྱི་སྐབས་སུ། ཕྲེང་གཅིག ། ལེ་བརྒྱད་མར་ཆད་དོ། །ལེའུ་ཞེ་དགུ། ནས། ང་གཉིས་ཀྱི་བར་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་ཕྱེད་དང་དྲུག་ཙམ་གྱི་རྗེས་ལ། ཕྲེང་གཅིག་མ་ལོངས་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཉེར་གཅིག་ཙམ་གྱི་རྗེས་ལ། དེ་ལ་ཕན་ཡོན་འདི་དག་ཡོད་པ་ཡིན་ནོ། །ཞེས་པ་ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་དགུ་ཙམ་གྱི་རྗེས་ལ། ཕྲེང་གཅིག་ལེ་བརྒྱད་མར་ལྷག་གོ །དེ་ནས་ཕྲེང་གཉིས་ལྷག་ཙམ་གྱི་རྗེས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའམ། ཞེས་པ་འདི་ལན་གཉིས། ལེ་བརྒྱད་མར་ལྷག་གོ །དེའི་རྗེས་ལ་ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་བྲིས་ནས་ཕྱིས་གདའ་སྟེ། ལེ་མང་ན་སྐྱོན་མ་ཞུགས་པར་ཡོད་པས་དཔྱད་དགོས་སོ། །དེ་ནས་ཤོག་གུ་བཅུ་གཉིས་ཙམ་གྱི་རྗེས་ལ། མཁྱེན་གསུམ་གྱི་ཁྱད་པར་སོགས་སྟོན་པའི་མདོ་ཞིག་ལོགས་གཅིག་ལྷག་ཙམ་ཡོད་པ།ལེ་མང་ན་དམན་རིགས་ཀྱི་ཡོད་ལ། ལེ་བརྒྱད་མར་རིམ་པ་འཁྲུགས་ཏེ་མཆོག་རིམ་གྱིས་ཕྱུང་ངོ༌། །ལེའུ་ང་གསུམ་པའི་སྐབས་འདིར། ཕྲེང་གཅིག་ཅུང་མེད་ལ། ལེ་བརྒྱད་མར་ཆད་ཅིང༌། ཕྲེང་གཅིག་ལྷག་ཙམ་ལྷག་གོ །ལེའུ་ང་གསུམ་པ་རྫོགས་སོ།། །།

ལེ་མཚམས་དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་ཙམ་གྱི་རྗེས་ལ། འདོད་པའི་ཁམས་ཐམས་ཅད་ཀྱང༌། རྒྱུན་ཆད་པར་མི་འགྱུར་ཞེས་པ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ལྔ་དང་ཕྲེང་ཕྱེད་དང་བཞི་ཙམ་གྱི་རྗེས་ལ། ཕྲེང་གཅིག་ལྷག་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ཅུང་མེད་ཙམ་གྱི་རྗེས་ལ། ཕྲེང་གཅིག །ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་གཅིག་ཅུང་མེད་ཙམ་གྱི་རྗེས་ལ། ཕྲེང་ཕྱེད། ལེ་བརྒྱད་མར་ཆད་དོ། །ལེའུ་ང་བཞི་པ་དང༌། ང་ལྔ་པ་དང༌། ང་དྲུག་པ་དང༌། ང་བདུན་པ་རྣམས་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་ཕྱེད་ལྷག་ཙམ་གྱི་རྗེས་ལ། ཕྲེང་གཅིག་མ་ལོངས་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་ལྔ་ཙམ་གྱི་རྗེས་ལ། ཕྲེང་གཅིག་ཅུང་མེད་ཙམ། ལེ་བརྒྱད་མར་ཆད་དོ། །དེ་ནས་ཤོག་གུ་ཕྱེད་དང་བཞི་ཙམ་གྱི་རྗེས་ལ། ཕྲེང་གཉིས། ལེ་བརྒྱད་མར་ལྷག་གོ །དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་ཙམ་གྱི་རྗེས་ལ། ཕྲེང་ཕྱེད་ཅུང་མེད། ལེ་བརྒྱད་མར་ཆད་དོ། །ལེའུ་ང་བརྒྱད་པ་དང༌། ང་དགུ་པ་དག་རྫོགས་སོ།། །།ལེའུ་དྲུག་ཅུ་པར། ཤོག་གུ་གཅིག་གིས་མ་རྫོགས་ཙམ་གྱི་སྐབས་སུ། ལེ་བརྒྱད་མར། ཕྲེང་གཅིག་ཆད་དོ། །ལེའུ་དྲུག་ཅུ་པ་དང༌། རེ་གཅིག་པ་དག་རྫོགས་སོ།། །།ལེའུ་རེ་གཉིས་པའི་མགོ་འདིར། ཕྲེང་བཅུ་གཉིས་ལྷག་ཙམ། ལྷག་གོ །ལེའུ་རེ་གཉིས་པ་དང༌། རེ་གསུམ་པ་དང༌། རེ་བཞི་པ་དང༌། རེ་ལྔ་པ་རྣམས་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་ཕྱེད་དང་དྲུག་ལྷག་ཙམ་གྱི་རྗེས་ལ། ལེ་བརྒྱད་མར། ཕྲེང་ཕྱེད་ཆད་དོ། །ལེའུ་རེ་དྲུག་པ་དང༌། རེ་བདུན་པ་དག་རྫོགས་སོ།། །།ལེ་མཚམས་དེ་ནས་ཤོག་གུ་གསུམ་དུ་ཕྲེང་གཅིག་གི་མ་ལོངས་ཙམ་གྱི་རྗེས་ལ། ལེ་བརྒྱད་མར། ཕྲེང་གཉིས་ཆད་དོ། །ལེའུ་རེ་བརྒྱད་དང༌། རེ་དགུ་དང༌། བདུན་ཅུ་པ་རྣམས་རྫོགས་སོ།། །།དེ་ནས་ལེ་མང་གི་ལེའུ་བདུན་ཅུ་རྩ་གཅིག་པ་སོང་སྟེ། དེ་ནས་ལེ་བརྒྱད་མ་ཡང་ཡོངས་སུ་རྫོགས་སོ།། །།དེས་ན་ལེ་མང་དང༌། ལེ་བརྒྱད་མ་ལ་མི་འདྲ་བ། སུམ་བརྒྱ་དང་བདུན་བྱུང་སྟེ། དེ་རྣམས་ལེ་བརྒྱད་མ་ཡོངས་སུ་རྫོགས་ཀྱི་བར་བྱུང་ངོ༌། །དེའི་རྗེས་ལ་ལེ་མང་ན་ཡོད་པའི་ལེའུ་བཞི། ལེ་བརྒྱད་མར་མ་བྱུང་བ་རྣམས་ནི། བྱམས་པས་ཞུས་པ་དང༌། རྟག་ཏུ་ངུ་དང༌། ཆོས་འཕགས་དང༌། ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པོ་དེ་རྣམས་སོ། །དེ་ཡུམ་བར་མ་ཡང་ཡོངས་སུ་རྫོགས་སོ།། །།འདི་རྣམས་མཁས་པ་རྣམས་ཀྱི་ལེགས་པར་གཟིགས་ཤིང་དགོངས་མཛད་ནས། ལེ་མང་དང་ལེ་བརྒྱད་མ་གཉིས་ལ་ལེའུ་མང་ཉུང་ཙམ་མ་གཏོགས་པ་ཁྱད་པར་གཞན་ཅུང་ཟད་ཀྱང་མེད་ཅེས་པའི་ཚིག་འདི་དང་ལེ་བརྒྱད་མ་ལ་ཡང་ལེགས་པར་རྟོག་དཔྱོད་མཛད་དགོངས་པར་གདའ་བས་དེ་བཞིན་ཐུགས་ལ་དགོངས་པར་ཞུ། ཞུས་དག །[མ་དཔེ་ནི་འཛམ་ཐང་པར་མ་དང༌། ཛ་འགོའི་པར་རྙིང་ལ་ཁ་གསབ་བྲིས་པ་ཞིག་ཡོད་པ་དེ་གཉིས་ཡིན།]


previousཉི་ཁྲི་ལེ་མང་དང་ལེ་བརྒྱད་པའི་ཁྱད་པར་གཏན་ལ་ཕབ་པ་བཞུགས་སོ། ། next