Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  expand section
གསང་ཆེན་རྡོ་རྗེ་ཐེག་པ་ཕྱི་འགྱུར་གསར་མ་གཙོ་བོར་སྟོན་པའི་ཟིན་བྲིས་སྣ་ཚོགས་དང་མདོ་རྒྱུད་ལུང་བཏུས་བཅས།


 
no previousགསང་ཆེན་རྡོ་རྗེ་ཐེག་པ་ཕྱི་འགྱུར་གསར་མ་གཙོ་བོར་སྟོན་པའི་ཟིན་བྲིས་སྣ་ཚོགས་དང་མདོ་རྒྱུད་ལུང་བཏུས་བཅས།no next

གསང་ཆེན་རྡོ་རྗེ་ཐེག་པ་ཕྱི་འགྱུར་གསར་མ་གཙོ་བོར་སྟོན་པའི་ཟིན་བྲིས་སྣ་ཚོགས་དང་མདོ་རྒྱུད་ལུང་བཏུས་བཅས།

ཤོག་ལྷེབ་ ༡ ནས་ ༡༠༠ བར།


JKT004_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

མ ཧཱ གུ བྱ ཡཱ ན བཛཱ ཡ ཏི བི ཀཱ ར ན བྱ ཛེ ཎྞཾ ཤཱ བྷྱཱ པཱ ཀྟ ལེ ཁ བི ཤཱ ཉྩ སཱུ ཏྲ ཏ ནྣཱ སཱ ག མོ དྡྷོ ཏཾ བི ཧ ར ཏི སྨ།།
གསང་ཆེན་རྡོ་རྗེ་ཐེག་པ་ཕྱི་འགྱུར་གསར་མ་གཙོ་བོར་སྟོན་པའི་ཟིན་བྲིས་སྣ་ཚོགས་དང་མདོ་རྒྱུད་ལུང་བཏུས་བཅས་བཞུགས་སོ། །


JKT004_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶརྦ་ཛྙཱ་ཡ། གང་གི་མཁྱེན་པའི་ཡེ་ཤེས་ཀྱིས། །རེག་པས་རྨད་བྱུང་སྤོབས་པའི་མཆོག །སྦྱིན་མཁས་འཇམ་མགོན་བླ་མའི་ཞབས། །བྱང་ཆུབ་བར་དུ་བསྙེན་བྱས་ནས། །རང་ངམ་ཐར་འདོད་གཞན་ཀྱང་རུང་། །བློ་གྲོས་སྒོ་འཕར་དབྱེ་བའི་སླད། །སྣ་ཚོགས་གཏམ་གྱི་མུཀྟི་ཀཿ །ཡི་གེའི་སྲད་བུར་བསྟར་འདིའོ། །སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་དོན་དུ་གཉེར་བའི་གང་ཟག་དེས་བསླབ་པར་བྱ་བའི་གནས་ཀྱི་གཙོ་བོ་ནི་ཤེས་བྱ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་སྟེ། དེ་ཡང་ཐོག་མ་ཁོ་ནར་སྒྲ་དང་། དོན་ལ་མཁས་པས་དེ་དང་དེ་ཡི་ལོག་ གྲུབ་ཐོབ་རྒྱ་མཚོ་སྤྱི་མེས་ཆེ། །རྣལ་འབྱོར་དབང་ཕྱུག་ས་ར་ཧ༔ ཟབ་མོ་དབུ་མའི་སྲོལ་འབྱེད་པ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས།


JKT004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་དྲུང་ནས་ཕྱུང་ཞིང་ཡང་དག་པའི་རྣམ་དཔྱོད་ཕུལ་དུ་བྱུང་བའི་རྐང་སྟེགས་མཐོན་པོར་བསྒྲུབས་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གྲོང་ཁྱེར་ཆེན་པོར་འཇུག་པར་བྱ་བ་ནི་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྒྱལ་བ་དགྱེས་པའི་ལམ་སྲོལ་ལ་ཞུགས་པ་རྣམས་དང་ཚུལ་མཐུན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཤཱན་དེ་བས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ན་ཡོད་མིན་པ། དེ་ལྟ་བས་ན་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་སོ། །འོ་ན་དཔལ་དུས་ཀྱི་འཁོར་ལོར། ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་གོ་ན། བསྟན་བཅོས་སྒྲ་ དྲང་ངེས་རྣམ་པར་འབྱེད་མཁས་པ། །རྒྱལ་བས་ལུང་བསྟན་ཐོགས་མེད་རྗེ། །འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་བ། །རྒྱལ་བའི་སྲས་པོ་ཞི་བ་ལྷ།


JKT004_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ནི་ཅི་ཞིག་བྱ། །སོགས་དང་། ལང་གཤེགས་ལས། བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་རྣམ་པར་བརྟག །ཅེས་སོགས་སྒྲ་ཚད་ལ་སྨད་པར་མཛད་པ་དག་ཅི་ཞེ་ན། དེ་དང་དེ་ལ་མངོན་པར་ཞེན་པའི་ང་རྒྱལ་ཅན་གྱི་ཕྱི་རོལ་པ་དག་གི་ཁེངས་པ་གཞོམ་པ་སོགས་ཀྱི་སླད་དུ་ཡིན་གྱི་སྒྲ་ཇི་བཞིན་དུ་བཟུང་བར་མི་བྱ་ཞིང་། དེ་བཞིན་དུ། སློབ་དཔོན་ཙནྡྲ་གོ་མཱིས། བུད་མེད་ཡན་ལག་རུལ་བ་དྲི་ང་མི་སྡུག་པ་སོགས་གསུངས་པའང་འདོད་པའི་གཏམ་གྱི་སྙན་དངགས་མི་བྱ་བ་ལ་དགོངས་ཀྱི། གཞན་དུ། མདོ་ལས། དམ་པའི་ཆོས་གསལ་བར་བྱ་བའི་ཕྱིར་སྙན་ངག་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ཡང་རིག་པའི་གནས་ཐམས་ཅད་བསྡུ་ན་ཕྱི་ནང་གཉིས་སུ་འདུ་ཞིང་། ཅུང་ཟད་སྤྲོ་ན་ཚར་བཅད་རྗེས་བཟུང་གསུམ་དང་། སྒྲ་ཚད་བཟོ་གསོ་ནང་རིག་པ་སྟེ་ལྔ་དང་། དེ་སྟེང་སྙན་ངག་སྡེབ་སྦྱོར་ཟློས་གར་མངོན་བརྗོད་སྐར་རྩིས་བསྣན་པའི་བཅུ་དང་། འདུལ་བ་ལུང་རྣམ་འབྱེད་ལས་གསུངས་པའི་རིག་པའི་གནས་བཅོ་བརྒྱད་ལ་སོགས་པའི་བར་ཏེ། གཞན་དུ་ན་ཤིན་ཏུ་རྒྱས་པར་དབྱེ་ན་སྒྱུ་རྩལ་རིགས་རྣམས་ཀྱང་འདྲེན་པས། དེའི་ཚེ་རྒྱ་ཆེ་རོལ་པ་ལས་སྒྱུ་རྩལ་༢༨དང་། དེ་ཉིད་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་དྲུག་ཅུ་རྩ་བཞིར་བསྡུས་ལ། དེ་ལས་རྣམ་གྲངས་གཞན་པ་བྱེ་བྲག་རྟོགས་བྱེད་དུ་སྡེ་ཚན་བཞིར་བསྡུ་བ་


JKT004_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེས་སུ་མཐུན་པར་སློབ་དཔོན་དཱཎཱིས་ཀྱང་སྒྱུ་རྩལ་ཡོངས་སུ་བཅད་པ་ཞེས་ལེའུ་བཞི་པ་ཞིག་མཛད་ཡོད་པར་གྲགས་སོ། །གཞན་ཡང་། ཚོང་པ། རྫ་མཁན། ཕྲེང་མཁན། ཆང་འཚོང་། ཕྱུགས་འཚོ་བ། འདྲེག་མཁན། འབྲུ་མར་འཚིར་བ། མགར་བ། ཤིང་མཁན། ཕྱྭ་མཁན། ཐ་ག་པ། ཀོ་པགས་མཁན། རྒྱལ་ཆེན་པ། བཙོ་བླགས་མཁན། སྨིག་མ་མཁན། བཤན་པ། གདོལ་བ་མཁན། ཤིང་རྟ་མཁན་ཏེ་བཟོ་སྦྱངས་བཅོ་བརྒྱད་དང་། རིན་པོ་ཆེ། ས་གཞི། གོས། ལྗོན་ཤིང་། རྟ། གླང་པོ། སྐྱེས་པ། བུད་མེད་བརྟག་པ་སྟེ་བརྟག་པ་བརྒྱད་ལ་སོགས་པའང་མདོ་སྡེ་འགའ་ལས་བཤད་ཅིང་། དྲང་སྲོང་ལེའུའི་བུས། སེན་མོས་༡འབྲད་དང་སོས་འདེབས་༢དང་། །འཁྱུད་པ་༣དང་ནི་མཐང་སྦྱར་དང་། །བྱ་བ་༥དང་ནི་ལག་པས་༦གདབ། །སྨྲ་བའི་བྱེ་བྲག་དག་དང་ནི། །སྐྱེས་པའི་སྟེང་དུ་མྱུལ་དང་བརྒྱད། །རེ་རེ་ལ་ཡང་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་བཞིར་ཤེས་པར་བྱ། །ཞེས་ནང་གི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་འདོད་པའི་བསྟན་བཅོས་ལས་བཤད་པ་སོགས་མཐའ་ཀླས་མོད། འདིར་རེ་ཞིག་མཁས་པ་ཀུན་ལ་ཡོངས་སུ་གྲགས་པའི་རིག་པའི་གནས་ཆེ་ཆུང་བཅུ་ལས་བརྩམས་ཏེ་ཅུང་ཟད་བཤད་ན་རྣ་བ་བླགས་ཏེ་ཉོན་ཅིག་དང་ཡང་དག་པའི་ངག་སྦྱིན་པར་བྱའོ། །དེ་ལ་དང་པོ་གཞན་རྗེས་སུ་བཟུང་


JKT004_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཟོ་རིག་པ་ནི། གཙོ་བོར་ལུས་ངག་ཡིད་གསུམ་གྱིས་བསྡུས་པ་སྟེ། དང་པོ་ལའང་གཙོ་བོ་དང་ཕལ་པ་གཉིས་ལས། དང་པོ་ནི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་ཀྱི་བྱ་བ་ཕལ་ཆེར་རོ། །ཕྱི་མ་ནི་བཟོ་སྦྱངས་བཅོ་བརྒྱད་ཀྱི་ནང་ཚན་ལས་ཕལ་མོ་ཆེ་ཞིག་གོ །ངག་བཟོ་ལའང་གཙོ་བོ་ནི། དབྱངས་ཀྱི་ཡན་ལག་དྲུག་དང་ལྡན་པའི་རྡོ་རྗེའི་གླུ་ལ་སོགས་པ་དང་། ཆོས་ཀྱི་འབེལ་གཏམ་གྱིས་མཚོན་པ་དང་། ཕལ་པ་ནི་འཇིག་རྟེན་པ་རྣམས་དགའ་བ་སྐྱེད་པའི་གླུ་དབྱངས་ཀྱི་བརྗོད་པ་དང་། འདོད་པའི་གཏམ་དང་། གཤགས་འབྱེད་པ་ལ་སོགས་པའོ། །ཡིད་བཟོའི་གཙོ་བོ་ནི་ཐོས་བསམ་སྒོམ་པ་གསུམ་དང་། ཕལ་པ་ནི་ལུགས་ཀྱི་བསྟན་བཅོས་ལས་བྱུང་བ་བཞིན་བླང་དོར་གྱི་གནས་ལ་མཁས་ཤིང་སྒྲིན་པའོ། །གསོ་བ་རིག་པ་ནི། རིག་བྱེད་བཞིའི་ནང་ཚན་ཚངས་པའི་ཞལ་དབུས་མ་ལས་བྱུང་བའི་ཚེའི་རིག་བྱེད་དང་དོན་གཅིག་སྟེ། གཞན་དུ་བདག་ཅག་གི་སྟོན་པས་ཀྱང་སྡེ་སྣོད་གསུམ་དང་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་ལས་ཀྱང་ཟུར་གྱིས་བསྟན་ཏོ། །དེང་སང་གྲགས་པ་བརྟན་པའི་དཔལ་ལྡན་རྒྱུད་བཞི་ཞེས་གྲགས་པ་འདི་མཁས་པའི་དབང་པོ་ལེགས་བཤད་འཚོལ་གྱིས། ཕྱི་ལྟར་བཀའ། ནང་ལྟར་པཎྜི་ཏའི་བསྟན་བཅོས། གསང་བ་བོད་དུ་བརྩམས་པར་བཞེད་པའི་སྒྲུབ་བྱེད་


JKT004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བཀོད་ལ། རྒྱལ་པོ་པཎྜི་ཏ་བུདྡྷ་ཨབྷི་ནི་བདག་ཅག་གི་སྟོན་པས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གསུངས་པ་ཉིད་བོད་དུ་ཐེ་རོ་དང་གཡུ་ཐོག་རྙིང་མས་བསྒྱུར་ཞིང་། གཅིག་ཤོས་གཏེར་དང་། མངའ་བདག་གི་ཞལ་ངོ་ནང་བརྒྱུད་དུ་གནས་པ། གྲྭ་མངོན་པས་གཏེར་ནས་དྲངས་པ་དང་སྙན་བརྒྱུད་གཉིས་ཀ་གཡུ་ཐོག་གསར་མས་གསན་ནས་བོད་ལ་ཉེ་བར་མཁོ་བ་འགའ་ཞིག་བསྣན་པ་སོགས་སུ་བཞེད་དོ། །དེ་ཡང་དཔལ་ལྡན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པར་གནས་དྲུག་ཏུ་བསྡུས་པའི། དང་པོ་མདོག་༡ནས་ལ་ལེའུ༣༠། གཉིས་པ་ལུས་གནས་༦ལ། གསུམ་པ་ནད་གནས་༡༦ལ། བཞི་པ་གསོ་བའི་གནས་༢༢ལ། ལྔ་པ་ཆོ་ག་གྲུབ་པ་༦ལ། དྲུག་པ་ཕྱི་མའི་གནས་ཏེ་བསྡོམས་པས་ལེའུའི་༡༢༠བདག་ཉིད་ཅན་དང་། དེའི་འགྲེལ་བ་ཁ་ཆེ་ཟླ་བ་མངོན་དགས་མཛད་པ་སོགས་མང་ངོ་། །བརྗོད་བྱ་ནི། ཡན་ལག་བརྒྱད་དམ། གསོ་བྱ། གསོ་བྱེད། ཇི་ལྟར་གསོ་བ། གསོ་བ་པོ་རྣམ་པ་བཞིར་འདུས་པའི་ཚུལ་རྒྱས་པར་འཆད་དུ་ཡོད་མོད་ཀྱི་རེ་ཞིག་མ་སྤྲོས་སོ། །ལོག་སྨྲ་ཚར་བཅད་པ་སྒྲ་རིག་པ་ནི། ལུང་དུ་སྟོན་པའི་སྒྲ་ལས་ལེགས་པར་སྦྱར་བའི་སྐད་ཀྱིས་བསྒྲུབ་པའི་ཚུལ་ཏེ། དེ་ལ་ཐུན་མོང་གི་བརྗོད་བྱ་ལ། ངོ་བོ་གཟུགས་དང་བྱེད་ལས་དང་། །ངེས་ཚིག་དབྱེ་བསྡུ་ཀློག་ཚུལ་ལོ། །ཅེས་པས་ཡི་


JKT004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གེ་དང་། དཔང་ལོས། ཡི་གེ་གཉིས་སམ་གསུམ་འདུས་པས། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །ཞེས་དང་། སྨྲ་སྒོར། དེ་ཡང་མིང་ནི་ཐོག་མ་དང་། །རྗེས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་བཤད་པའི་རྒྱུ་མཚན་ལ་མ་ལྟོས་པར་ཚ་ཞིང་སྲེག་པ་ལ་མེ་ཞེས་བཏགས་པ་ལྟ་བུ་འདོད་རྒྱལ་ཐོག་མའི་མིང་། རྒྱུ་མཚན་ལ་ལྟོས་པ་སྔར་ཐ་སྙད་ལ་གྲགས་ཟིན་ཞིག་གིས་གཞན་ལ་བཏགས་པ་བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་ལ་སེངྒེ་ཞེས་བརྗོད་པ་ལྟ་བུ་རྗེས་གྲུབ་བཏགས་པའི་མིང་། ཕྱི་མ་ལའང་བཏགས་པའི་རྗེས་གྲུབ་ཅེས་རླུང་ནད་པུས་མོར་ཞེན་པ་ལ་ལྕེ་སྤྱང་མགོ་ཞེས་བརྗོད་པ་དང་། དངོས་མིང་དང་མཐུན་པར་འཇུག་པ་མཐུན་པའི་རྗེས་གྲུབ་ཕན་བྱེད་ལ་སྨན་ཅེས་པ་ལྟ་བུ། དངོས་བཏགས་གང་དང་ཡང་མ་འབྲེལ་བ་གཟའ་མིག་དམར་ལ་བཀྲ་ཤིས་སུ་བརྗོད་པ་ལྟ་བུ་ལོག་པའི་རྗེས་གྲུབ་སྟེ་གསུམ་དང་། གཞན་ཡང་རྒྱུ་ལ་འབྲས་མིང་བཏགས་པ་བཤལ་སྨན་སྐྱུགས་སྨན། འབྲས་བུར་རྒྱུ་མིང་བཏགས་པ་མཁྲིས་ནད་དང་རླུང་ནད། རྟེན་ལ་བརྟེན་པའི་མིང་སྲོག་གི་རླུང་། ཆ་ཤས་ལ་ཚོགས་པའི་མིང་སྨན་རྣམས་ཚང་། ཡ་གྱལ་གྱི་མིང་ཅུ་གང་བདེ་བྱེད། གཙོ་བོའི་མིང་ག་བུར༢༥། ནུས་པའི་སྒོ་ནས་རིན་ཆེན་ཚ་གྲང་གི་སྦྱོར་བ། བྱེད་ལས་ཀྱི་སྒོ་ནས་གཏར་བསྲེག་ཅེས་པ་ལྟ་བུ་ཡང་ངོ་། །ཚིག་ལ། གསུང་རབ་སྤྱི་ལ་


JKT004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ནི། དཔང་ལོས། མིང་གཉིས་སམ་ནི་མང་པོ་ཡི། །དོན་གྱི་ཁྱད་པར་རྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡི། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །ཅེས་སོ། །བརྡ་སྤྲོད་པའི་ལུགས་ལ། འཆི་མེད་མཛོད་ལས། རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། སུཔ་དང་ཏིངའི་མཐའ་ཅན་ཚིག །ཅེས་སོ། །དེ་ཡང་སློབ་དཔོན་བློ་གྲོས་བརྟན་པས། དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་སོ། །བརྡ་སྤྲོད་ཐུན་མོང་མ་ཡིན་པའི་བརྗོད་བྱ་ནི། །རང་བཞིན་བྱིངས་དང་མིང་ཡིན་ཏེ། །ཞེས་པ་ལྟར་མདོ་དང་གླེགས་བམ་ལས་བྱུང་བའི་བྱིངས་དང་། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སམ་མིང་ངོ་། །རྐྱེན་ནི་སྒྲའི་རང་བཞིན་མིང་ཚིག་གང་རུང་དུ་སྒྲུབ་པར་བྱེད་པ་སྟེ། དབྱེ་ན་བྱིངས་རྟགས་སུ། ཚིག་ཏུ། བྱིངས་སུ་སྒྲུབ་པ་གསུམ། རྟགས་རྟགས་སུ། མིང་དུ། བྱིངས་སུ། ཚིག་ཏུ་སྒྲུབ་པར་བྱེད་པ་སྟེ་བདུན་ནོ། །རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །ཞེས་པའི་སྔ་མ་ནི་སུཔ་ཏིང་ཀྲྀ་ཏྲ་དང་། ཕྱི་མ་ནི་མཚམས་སྦྱོར་གྱི་མདོས་བསྒྱུར་བ་དང་དབྱི་བའོ། །དེ་ལྟ་བུ་སྟོན་པར་བྱེད་པའི་གཞུང་ཡང་། བཅོམ་ལྡན་འདས་ཀྱིས་ལུང་རྒྱས་པ་ཞེས་བྱ་བའི་མདོ་ལས། བདག་གིས་རབ་


JKT004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ལེགས་སྦྱར་ཆོས་ཀྱི་གཞུང་། །གསལ་བྱེད་པཱ་ཎི་ནི་འབྱུང་དེ་རྗེས་སུ། །ས་ཡི་དབང་ཕྱུག་ཆོས་ཉིད་མཐོང་མིག་ལྡན། །དགེ་བསྙེན་ཟླ་བ་ཐོགས་མེད་སྤོབས་ལྡན་འབྱུང་། །ཞེས་ལུང་བསྟན་པའི་སློབ་དཔོན་པཱ་ཎི་པར་འཕགས་པ་སྤྱན་རས་གཟིགས་ཀྱིས་སྩལ་བའི་སྒྲ་མདོ་པཱ་ཎི་པ་དང་། ཟླ་ཁོལ་ཀྱིས་མཛད་པའི་དེའི་དོན་གསལ་བར་བྱེད་པ་ཙཱནྡྲ་པ་སྟེ། དེ་ཡང་སློབ་དཔོན་སྐལ་ལྡན་གྲགས་པས། །ཀླུ་སྒྲུབ་ཀྱིས་ནི་ཆོས་རྣམས་རྣམ་ཕྱེ་སྦྱར། །སྒྲ་རྗེས་དོན་མཁས་ཙནྡྲ་གོ་མཱིར་གྲགས། །སྙན་དངགས་མཁན་གཙོ་དཔའ་བོ་ལས་སུ་ཡོད། །སྔགས་ཚུལ་ལ་འདིར་སྐལ་ལྡན་བདག་རྣམས་མཛེས། ཞེས་དང་། ཁ་ཆེ་ཁྲི་བརྟན་གྱི་རྒྱལ་པོས་དུས་སྟོན་གྱི་ཚད། །ཙནྡྲ་གོ་མཱིའི་སྒྲ་ཡི་ལུང་ཚིག་དང་། །དྷརྨ་ཀཱི་རྟིའི་ཡིད་འོང་ཏཀའི་གཞུང་། །དཔའ་བོའི་སྙན་དངགས་སྦྱོར་བའི་ཕྲེང་རྒྱུད་དེ། །འཇིག་རྟེན་ན་ནི་རིན་ཆེན་རྣམ་པ་གསུམ། ཞེས་གླུར་བླངས་པར་གྲགས་སོ། །དེ་ཡང་པཱ་ཎི་པར་ཀུན་བཤད་དང་། ཙནྡྲ་པར་དེ་ཕན། རྒྱལ་པོ་བདེ་སྤྱོད་བཟང་པོའི་དོན་དུ་དབང་ཕྱུག་གོ་ཆ་གཞོན་ནུ་གདོང་དྲུག་གིས་བཤད་པའི་ཀ་ལཱ་པར་ཀྲྀ་ཏ་རྒྱས་པར་མངོན། ཡང་འཕགས་ཡུལ་དུ། ཨིནྡྲ་བྱཱ་ཀ་ར་ཎ། པཱིཤ་ཡི་བྱཱ་ཀ་ར་ཎ། ཤ་ཀོ་ཊ་ཡན་བྱཱ་ཀ་ར་ཎ། པཱ་ཎི་བྱཱ་ཀ་ར་ཎ། ས་མནྟ་བྷ་དྲ་བྱཱ་ཀ་ར་ཎ། ས་ཏཎྜལི་བྱཱ་ཀ་ར་ཎ། མ་ནུ་ཛེན་བྱཱ་ཀ་ར་ཎ། སྭ་ར་སྭ་ཏཱི་


JKT004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བྱཱ་ཀ་ར་ཎ་སྟེ་བརྒྱད་དུ་བསྒྲགས་མོད། བརྟག་པར་བྱ་བའི་གནས་སོ། །ཚད་མ་རིག་པ་ནི། ངོ་བོ། ཡུལ་གྱི་མཚན་ཉིད་ལ་བློས་དཔྱོད་པའི་རིག་ཤེས་ཏེ། རང་གིས་གཞལ་བྱ་མ་འཁྲུལ་བའི་འཇལ་བར་བྱེད་པ། དེ་ཡང་གཞལ་བྱའི་གནས་ཚུལ་འཁྲུལ་མེད་དུ་རྟོགས་པའི་བློ་ཞིག་ལ་མངོན་སུམ་དང་། ཚུལ་གསུམ་པའི་རྟགས་ལས་གཞལ་བྱའི་དོན་ངེས་པའི་བློ་ཞིག་ལ་རྗེས་དཔག་སྟེ་ཚད་མ་གཉིས་དང་། གཞན་ཡང་རབ་བློ་ལྐོག་གྱུར་དུ་འདོད་པའི་ལོག་རྟོག་དང་། བློ་ལ་ཚུལ་གཉིས་དང་རང་རིག་མི་འདོད་པ་སོགས་ཀྱི་ལོག་རྟོག་ཚར་གཅོད་ཅིང་། དངོས་བསྟན་ལ་མེད་པའི་ཤེས་བྱ་ཇི་སྙེད་ཀྱི་གནས་ལ་ལོག་པར་རྟོག་པའི་སྨྲ་ངན་ཐམས་ཅད་ཐལ་འགྱུར་གྱིས་ཚར་གཅོད་ཚུལ་དང་། སྒྲུབ་ངག་གིས་རྗེས་སུ་འཛིན་ཚུལ་རྒྱ་ཆེར་དངོས་སུ་སྟོན་པས་བཟློག་པར་ནུས་ཕྱིར་ལོག་སྨྲ་ཚར་གཅོད་ཀྱི་རིག་པའི་མཆོག་ཏུ་གྲུབ་བོ། །ངེས་ཚིག་ནི། པྲ་མཱ་ཎ་ཞེས་པའི་སྒྲ་ལས་དྲངས་ན་རབ་ཏུ་འཇལ་བ་སྟེ། དོན་ཇི་བཞིན་རྟོགས་པའི་རིག་པ། དེ་ཡང་རྒྱལ་བས་གསུངས་ཚུལ་དང་། ཕྱོགས་གླང་ཡབ་སྲས་ཀྱིས་བཀྲལ་ཚུལ་གཉིས་ལས། དང་པོ་ལ་ཡང་། མངོན་སུམ་དང་། རྗེས་དཔག་གསུང་ཚུལ་ལོ། དང་པོ་ནི། འཁོར་ལོ་དང་པོའི་སྐབས། དགེ་སློང་དག་མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་པས་


JKT004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ཤེས་ཀྱི་ཡན་ཆད་ཀྱིས་མ་འཁྲུལ་པའི་རིག་པ་དེ་བསྟན། དེ་མན་གྱིས་རྟོག་བྲལ་དེ་བསྟན་པས་མངོན་སུམ་གྱི་མཚན་ཉིད་རྫོགས་པར་གསལ་བར་བསྟན་པ་ཡིན་ནོ། །ཡང་མདོ་ལས་དགེ་སློང་དག་གཟུགས་ཞེས་པ་ནི་རྣམ་པ་གཉིས་ཏེ་མིག་༡དང་། ཡིད་ལ་༢བརྟེན་པའོ། །ཞེས་པས་དབང་མངོན་༡དང་། ཡིད་མངོན་༢བསྟན། འཁོར་ལོ་བར་པར། སེམས་ལ་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་རང་རིག་མངོན་སུམ་དང་། ཡང་། སོ་སོ་རང་གིས་རིག་བྱའི་ཕྱིར། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ། །ཞེས་སོ། །མདོ་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་རྣམ་པར་དག་ཅེས་པས་རྣལ་འབྱོར་མངོན་སུམ་བསྟན་ཏེ། ཆོས་རྣམས་ཞེས་པས་བདེན་བཞི་བཅུ་དྲུག་གི་རྣམ་པ། ཆོས་ཀྱི་མིག་ཅེས་པས་ཟག་མེད་ཀྱི་ཤེས་རབ། རྡུལ་མེད་ཅེས་པས་བར་ཆད་མེད་ལམ། དྲི་མ་དང་བྲལ་བ་རྣམ་པར་དག་ཅེས་པས་རྣམ་གྲོལ་ལམ་དེ་བསྟན་པ་ཡིན་ནོ། །གཉིས་པ་ནི།གཞལ་བྱ་འདིས་འཇལ་བྱེད་དང་སྒྲུབ་བྱེད་དངོས་སྟོབས་རྗེས་དཔག་གི་རྟེན་དུ་གྱུར་པའི་གཏན་ཚིགས་གསུམ་གསུང་རབས་རྣམས་སུ་བཤད་ལ། དེ་ཡང་། ཆོས་བཅུ་པའི་མདོར། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །


JKT004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་འབྲས་རྟགས་དང་། སཱ་ལུ་ལྗང་པའི་མདོར། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགགས་པའི་བདག་ཉིད་དོ། །ཞེས་དང་། །རྣམ་འགྲེལ་ལས༢། ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགགས་ཆོས་ཅན། །ཞེས་སོགས་ཀྱིས་རང་བཞིན་གྱི་གཏན་ཚིགས་དང་། དཀོན་བརྩེགས་འོད་སྲུང་གིས་ཞུས་པར། ངའམ་ང་འདྲ་བས་གང་ཟག ཟག་གི་ཚོད་བཟུང་བར་ནུས་ཀྱི། གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་ནུས་ཏེ་ཉམས་པར་འགྱུར་ཏ་རེ། ཞེས་དང་། རྣམ་འགྲེལ་དུ། ཚད་མ་རྣམས་ནི་མི་འཇུག་པར། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །ཞེས་སོགས་ཀྱིས་མ་དམིགས་པའི་གཏན་ཚིགས་བསྟན་ཏེ། དེ་ཡང་སྔར་གྱི་ཚིག་ཟུར་དང་པོ་ངའམ་སོགས་ཀྱིས་སྣང་རུང་མ་དམིགས་པའི་གཏན་ཚིགས་བསྟན་ཏེ། དཔེར་ན་བུམ་པས་དབེན་པའི་ས་ཕྱོགས་སུ་བུམ་པ་མེད་དེ། དེ་སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། གང་ཟག་གིས་སོགས་ཕྱི་མས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་བསྟན་ཏེ། བསྒྲུབ་བྱ་དེའི་ཚད་མས་མེད་པར་ཡང་མ་ངེས། མངོན་སུམ་དང་ལུང་སོགས་རྟགས་ཀྱིས་ཡོད་པར་མི་འགྲུབ་པའི་ཤིན་ཏུ་ལྐོག་གྱུར་བསྐལ་དོན་དེ་ལྟར་གྱུར་པས་


JKT004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པ་སྟེ། སྤྱིར་ཡོད་སྲིད་ཀྱང་གང་ཟག་དེའི་མངོན་རྗེས་ཚད་མས་ཡོད་མེད་གང་རུང་དུ་མ་གྲུབ་པའི་ཕྱིར་གོང་དུ་ཁྱབ་པ་གྲུབ་སྟེ། མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་རྟགས་ནི་རྗེས་དཔག་གི་རྟེན་ཡིན་ཏེ། རྣམ་འགྲེལ་ལེའུ་གཉིས་པའི་འཇུག་ཏུ། མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་ཚད་མ་རིག་པ་འདི་སྔོན་ཚེ་ལོ་༢༠༠༠༠པའི་དུས་སུ་སངས་རྒྱས་འོད་སྲུང་གི་བསྟན་པ་ལའང་བྱུང་བར་གྲགས་ཤིང་། རང་ལུགས་བསྟན་པ་འདི་ལ་བསྟན་བཅོས་རྩོད་གྲུབ་ལས་སྔ་བར་བྱུང་བར་མ་མངོན་ཏེ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་མ་མཛད་རྒྱ་གར་དུ་ཐེ་ཚོམ་གྱི་གཞིར་སྣང་ནའང་། དོན་དུ་ཐོགས་མེད་ཀྱི་གཅུང་དེས་ནི་མིན་པར་སེམས་ཤིང་། མངོན་པ་སྡེ་བདུན་གྱི། རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། ཞེས་བཤད་པ་དེས་མཛད་དམ་སྙམ་ལ། ཕྱི་རོལ་པའི་རྟོག་གེ་ནི་ཐོག་མར་དྲང་སྲོང་ཕུར་བུས་ཚེ་སྔ་ཕྱི་མེད་པའི་བསྟན་བཅོས་བརྩམས། དེ་རྗེས་ཛམ་གླིང་དུ་དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བས་ཚད་མའི་མདོ་བྱས། དེའི་འགྲེལ་པ་དྲང་སྲོང་འཇུག་སྟོབས་ཅན་ཞེས་པས་བྱས་ནས་འཕེལ་བར་གྲགས་པའི་ཚུལ་འགྲེལ་བ་སྤྱན་རས་གཟིགས་བརྟུལ་ཞུགས་ལས་བཤད། རྟག་པར་སྨྲ་བ་ནི་སེར་སྐྱ་པའི་གཞུང་སྟེ་ཤེས་བྱ་ཉི་ཤུ་རྩ་ལྔ་སྟོན་པའི་


JKT004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་སོ། །དེ་དག་ཚད་མ་མདོར། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་ན། །དེ་ནི་ཐུབ་པའི་བསྟན་ལས་ཆེས་བསྲིངས་ཉམས་པ་ཡིན། །དེ་ལྟ་ནའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་རྣམས། །གལ་ཏེ་གཞན་དུ་གྱུར་ན་དཔྱད་པར་བྱ་བའི་རིགས། ཞེས་དང་། རྣམ་ངེས་ལས་ཀྱང་དེ་མཐུན་དང་། ཇོ་བོས། མངོན་སུམ་རྗེས་དཔག་དགོས་པ་མེད། །ཅེས་པ་ཡང་དེ་དང་ཕྱོགས་མཐུན་པའི་མུ་སྟེགས་པའི་རྟོག་གེ་དེ་དག་ལ་དགོངས་པ་ཡིན་ནོ། །གཉིས་པ་ནི། དུས་ཀྱི་འཁོར་ལོར། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བའི་པདྨའི་མྱུ་གུ་དང་། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ། ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོས་ཕར་ཕྱིན་གྲོལ་སྡེ། འདུལ་བ་ཡོན་ཏན་འོད། མངོན་པ་བློ་བསྟན། ཞེས་གྲགས་སོ། །ཚད་མ་ཀུན་བཏུས་དང་། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་པའི་བྲམ་ཟེའི་རིགས་འཁྲུངས་དཔལ་ཆོས་ཀྱི་གྲགས་པས་ཕྱོགས་གླང་སློབ་མ་རྒོལ་བ་དབང་ཕྱུག་སྡེ་ལས་ཀུན་བཏུས་ཚར་གསུམ་མཉན་པས་དོན་ཇི་བཞིན་ཁོང་དུ་ཆུད། ཕྱིར་རྒོལ་མང་པོ་ཕམ་པར་བྱས།


JKT004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ཚད་མ་རྣམ་འགྲེལ་ལེའུ་བཞིའི་དང་པོ། རང་གི་གཞལ་བྱ་རྟོགས་པའི་ཐབས་ཀྱི་ནང་ནས་ལྐོག་གྱུར་རྟོགས་བྱེད། རང་བཞིན། འབྲས་བུ། མ་དམིགས་པའི་རྟགས་ཡང་དག་གསུམ་གྱི་སྒོ་ནས་རྟགས་ཡང་དག་གི་མཚན་ཉིད། དེའི་ལྡོག་པ་གཏན་ཚིགས་ལྟར་སྣང་དང་བཅས་པའི་དོན་གཏན་ལ་འབེབས་པར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། གཏན་ཚིགས་དེ་ནི་རྣམ་པ་གསུམ། ཞེས་སོགས་རང་དོན་གྱི་ལེའུ། གཉིས་པས་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱིས་རྟོགས་པར་བྱེད་པའི་ཐབས། ཀུན་བཏུས་ཀྱི་མཆོད་བརྗོད་ཀྱི་དོན་ཚད་མའི་རྣམ་བཞག་གྱུར་པའི་ཚུལ། འགྲོ་ལ་ཕན་པར་བཞེད་པའི་ཚུལ་ལས་སྟོན་པར་གྲུབ་ཚུལ། བདེ་གཤེགས་སུ་གྲུབ་ཚུལ། སྐྱོ་བ་ཉིད་དུ་སྒྲུབ་པ། དེ་ལས་ཚད་མར་གྲུབ་པའི་ཚུལ་སོགས་ལུགས་དང་མཐུན་པ་དང་། མི་མཐུན་པ་ལུགས་ལྡོག་གི་སྒོ་ནས་བདེན་བཞི་མི་རྟག་སོགས་བཅུ་དྲུག་སྟོན་པ་ཚད་མར་གྱུར་པ་གང་ལས་གཤེགས་པའི་ལམ་རྒྱ་ཆེར་སྟོན་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་སྒྲ་ལས་བྱུང་བ་ཡང་། །མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་སོགས་ཚད་མ་གྲུབ་པའི་ལེའུ་གསུམ་པ་མངོན་གྱུར་རྟོགས་པའི་ཐབས། དབང་ཡིད་རང་རིག་རྣལ་འབྱོར་མངོན་སུམ་བཞི་སོགས་མངོན་སུམ་གཏན་ལ་འབེབས་པར། གཞལ་བྱ་གཉིས་


JKT004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་སོགས་དང་། །མངོན་སུམ་གྱི་ལེའུ་བཞི་པ་རྟོགས་ནས་གཞན་རྗེས་སུ་འཛིན་པའི་ཡན་ལག་ལ། སྤྱིར་གཞན་དོན་རྗེས་དཔག་གི་མཚན་ཉིད། དབྱེ་བ། ལོག་རྟོག་སྤོང་ཚུལ། བྱེ་བྲག་སོ་སོའི་སྒོ་ནས་རྒྱ་ཆེར་སྟོན་པ་ལ། གཞན་ལ་བསྟན་པར་བྱ་བའི་ཕྱིར། བདག་མཐོང་མིན་ཡང་གཞན་དག་གི །ཞེས་སོགས་གཞན་དོན་གྱི་ལེའུ་རྣམས་དང་། འབྲིང་རྣམ་ངེས་ལ། ལེའུ་དང་པོས་མངོན་སུམ་བཞི། གཉིས་པས་རྗེས་དཔག །གསུམ་པས་གཞན་དོན་རྣམས་བསྟན། བསྡུས་པ་རིག་ཐིགས་ནི་རང་ལུགས་སྙིང་པོར་དྲིལ་ཏེ་ལེའུ་གསུམ་གྱིས་མངོན་རྗེས་གཞན་དོན་གསུམ་བསྟན་པ་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། རང་དོན་རྗེས་དཔག་ལས་འཕྲོས་ནས་རྟགས་བྱེ་བྲག་ཏུ་སྟོན་པ་གཏན་ཚིགས་ཐིགས་པ། མུ་སྟེགས་ཀྱིས་བརྟག་པའི་འབྲེལ་བ་འགོག་པ་ལ་འབྲེལ་བ་བརྟག་པ། གཞན་དོན་རྗེས་དཔག་ལས་འཕྲོས་ནས་སྣང་བ་སེམས་ཡིན་ཡང་གཞན་རྒྱུད་འཐད་པ་རྒྱུད་གཞན་གྲུབ་པ་དང་། རྩོད་པའི་ཚུལ་སྟོན་པ་རྩོད་པའི་རིག་པ་ཞེས་ཡན་ལག་གི་བསྟན་བཅོས་བཞི་སྟེ་སྡེ་བདུན་མཛད། ཚད་མ་སློབ་པ་ན་དང་པོར་རྟགས་ཀྱི་རྣམ་བཞག་གལ་ཆེ་བར་དགོངས་ཤིང་། རྟོགས་དཀའ་བར་གཟིགས་ནས་རྣམ་འགྲེལ་གྱི་རང་དོན་ལེའུ་ལ་རང་འགྲེལ་མཛད་དོ། །དེའི་


JKT004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཀུན་མཁྱེན་ལྷ་དབང་བློ་དང་། དེའི་སློབ་མ་ཤཱཀྱ་བློ་རྣམས་ཀྱིས་འགྲེལ་བཤད་དང་། སློབ་དཔོན་དུལ་བའི་ལྷས་སྡེ་བདུན་ཀ་ལ་འགྲེལ་པ། རྒྱུན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་སྟོང་ཕྲག་བཅོ་བརྒྱད་པ་དང་། སློབ་དཔོན་ཆོས་མཆོག་གིས་རྣམ་ངེས་ལ་འགྲེལ་པ་འཐད་ལྡན་ཆེན་མོ་ཞེས་སྟོང་ཕྲག་བཅུ་གཉིས་པ་དང་། རིག་ཐིགས་ལ་འགྲེལ་པ་སློབ་ཕན། རྒྱན་མཁན་པོའི་སློབ་མ་བྲམ་ཟེ་ཛ་མ་ཁ་ཆེ། རིས་རྣམ་འགྲེལ་ལ་འགྲེལ་བཤད། རྒྱལ་དབང་བློས་ཚད་མ་མདོ་ལ་འགྲེལ་བཤད་སོགས་མཛད། དེ་དག་གི་དོན་བསྡུ་ན། ཇི་སྐད་དུ། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་དང་བཅས་བདག་རིག་བྱེད། །བསྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པས་གཞན་རིག་བྱེད། ཅེས་རྟོག་གེའི་ཚིག་དོན་བརྒྱད་དེ། དེ་ཡང་མངོན་སུམ་ལ་བཞི་ལས་དབང་པོའི་མངོན་སུམ་དབང་ལྔའི་ཡུལ་དུ་གྱུར་པ། དབྱེ་ན། ཡང་དག་ནི་ཟླ་བ་དང་། ལྟར་སྣང་ནི་ཟླ་བ་གཉིས་ལྟ་བུ། ཡིད་མངོན་སོ་སྐྱེའི་ཡིད་ཤེས་ཀྱི་ཡུལ་དུ་གྱུར་པའི་ཆོས། ཚད་མ་ནི་གཞལ་བྱའི་གནས་ལུགས་མ་འཁྲུལ་བར་མཐོང་བ་དང་། ཚད་མིན་ནི་ལོག་རྟོག །རྣལ་འབྱོར་མངོན་སུམ་ནི་འཕགས་རྒྱུད་ཀྱི་ཤེས་པ་དང་། རང་རིག་མངོན་སུམ་ནི་ཡིད་ཤེས་ཆ་ཕྲ་བ་ཞིག་སྟེ་འདི་གཉིས་ཡང་དག་གོ །རྗེས་དཔག་ཚད་མ་ལ་ཡང་དག་དང་ལྟར་སྣང་གཉིས་ལས།


JKT004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གསུམ། དངོས་སྟོབས་ཀྱི་རྗེས་དཔག་ཚད་མ་ནི་དུ་བ་མཐོང་བས་མེ་ཡོད་པར་ཤེས་པ་ལྟ་བུ་དང་། གཞན་ལ་ལྟོས་ནས་རང་འཆི་བར་ངེས་པ་ལྟ་བུ། གྲགས་པའི་རྗེས་དཔག་ཚད་མ་ནི།། འཇིག་རྟེན་ན་གྲགས་པའི་རྗེས་སུ་འབྲངས་ནས་རི་བོང་ཅན་ཞེས་པས་ཟླ་བ་མཚོན་པ་ལྟ་བུ། ཡིད་ཆེས་པའི་རྗེས་དཔག་ཚད་མ་ནི། རྒྱུ་འབྲས་བསླུ་བ་མེད་པ་ཐམས་ཅད་མཁྱེན་པས་རྗེས་སུ་གདམས་པ་ལ་བརྟེན་སོམ་ཉི་བྲལ་བ་ལྟ་བུ། ཚད་མིན་ནི། སྨིག་རྒྱུ་མཐོང་བ་ལས་ཆུར་འཛིན་པའི་ཤེས་པ་ལྟ་བུ་ལ་བཞག་གོ། །སྒྲུབ་ངག་ཚད་མ་ནི་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་སྟེ། དཔེར་ན་མར་མེ་འཆི་ཀ་མ་བཞིན་ནོ། །སྒྲ་ཡང་བྱས་སོ། །ཞེས་པའི་སྒྲུབ་ངག་དེ་སྒྲུབ་ངག་ཡང་དག །གཞལ་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་སྟེ། མར་མེ་འཆི་ཀ་མ་བཞིན་ནོ། །སྒྲ་ཡང་གཞལ་བྱ་ཡིན་ནོ། །ཞེས་པའི་སྒྲུབ་ངག་དེ་སྒྲུབ་ངག་ལྟར་སྣང་། སུན་འབྱིན་ཚད་མ་ནི། ངག་ཆོས་ཅན། མ་བྱས་པར་ཐལ་རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་སུན་འབྱིན་ཚད་མ་དང་། ངག་ཆོས་ཅན། རྟག་སྟེ་གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟར་སྣང་ངོ་། །འདི་སྔ་མ་བཞི་བློ་རིག་དང་། ཕྱི་མ་བཞི་རྟགས་རིགས་ཀྱིས་རྒྱས་པར་སྟོན། དེ་ཉིད་བོད་དུ་རྔོག་ལོ་ཆེན་པོས་བསྒྱུར་ཞིང་རྣམ་ངེས་ལ་འགྲེལ་པ་དང་གཞུང་ཕྲན་ཡང་མཛད། རྗེ་བཙུན་


JKT004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱ་པཎྜི་ཏས་པཎ་ཆེན་ཤཱཀྱ་ཤྲཱི་སོགས་བསྟེན་ནས་གསན་ཅིང་རྣམ་འགྲེལ་གྱི་སྒོ་འཕར་དབྱེ་བ་སོགས་ནས། ཕྱིས་སུ་དགེ་ཕྱོགས་སུ་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་ངེས་འགྲེལ་པ་དགོངས་པ་རབ་གསལ་༤༠༢། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྣམ་འགྲེལ་རིག་པའི་རྒྱ་མཚོ། པཎ་ཆེན་དགེ་འདུན་གྲུབ་ཀྱི་རིགས་རྒྱན་སོགས་༡ ༢༤ དང་། ཀར་ཕྱོགས་སུ་ཀརྨ་པ་ཆོས་གྲགས་རྒྱ་མཚོས། ཚད་མ་རིག་གཞུང་རྒྱ་མཚོ་སོགས་མང་ངོ་། །བཤད་བྱ་ཀུན་བཏུས། དེ་ཡང་རྔོག་ལོ་ཆེན་པོས། ཆོས་རྣམས་ཐམས་ཅད་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིག་པའི་མཐར་ཐུག་རྣམ་འགྲེལ་མཛད་པའི་གཞུང་མཛེས་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩྭ་བཞིན་དོར། །ཞེས་སོགས་གསུངས་པས་ནང་རིག་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ལྟ་བུར་ཤེས་པར་བྱའོ། །བདག་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པ་ལ། ཐོག་མར་བདེན་བཞིའི་ཆོས་འཁོར་གྱི་ནང་ཚན་འདུལ་བའི་སྡེ་སྣོད་ལ་སྡོམ་པ་མ་ཐོབ་པ་ཐོབ་བྱེད། ཐོབ་པ་སྲུང་ཐབས། ཉམས་ན་ཕྱིར་བཅོས་གསུམ་གྱི། དང་པོ་ལ་སྔོན་ཆོག་དང་ད་ཆོག་གཉིས། དང་པོ་ལ་བཅུ་སྟེ། རྫོགས་པའི་སངས་རྒྱས་ནི་ཁྱིམ་ནས་བྱུང་བའི་ཚེ་སྤོང་བདུན་ཐུགས་ལ་འཁྲུངས་ཤིང་། མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བཅད་


JKT004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ངུར་སྨྲིག་གི་གོས་བླངས་པ་དང་། རང་སངས་རྒྱས་ཁྱིམ་ནས་བྱུང་ནས་རབ་བྱུང་གི་རྟགས་བླངས་པའི་སྐབས་དེར་རབ་ཏུ་བྱུང་ཞིང་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་པའི་སྐབས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པ་སྟེ་རང་བྱུང་གིས་བསྙེན་པར་རྫོགས་པའོ། །གང་དག་སངས་རྒྱས་པའི་ཚེ་དགེ་སློང་གི་སྡོམ་པ་ཐོབ་ཟེར་བ་དེ་དག་གིས་ནི། སྒོམ་སྤང་མཐའ་དག་སྤངས་པའི་སྐབས་དེར་སྒོམ་སྤང་ཞིག་གསར་དུ་རྙེད་ཅེས་འཆད་དགོས་བར་འགྱུར་རོ། །སྟོན་པས་ཝཱ་རཱ་ཎ་སཱིར་བདེན་བཞིར་བཟླས་པ་ལན་གསུམ་དུ་བསྐོར་བའི་སྐབས་སུ་བཟླས་པ་དང་པོ་ལ་ཀུན་ཤེས་ཀཽཎྜི་ནྱས་མཐོང་ལམ་དང་། གཉིས་པར་གཞན་བཞིས་ཀྱང་ཐོབ་པ་དེ་རྣམས་ཀྱི་རྒྱུད་ཀྱི་མཐོང་ལམ་དེ་ཉིད་དགེ་སློང་གི་སྡོམ་པའི་ཐོབ་རྒྱུར་སོང་སྟེ་ཡེ་ཤེས་ཁོང་ཆུད་ཀྱིས་ཏེ། དེའི་རྒྱུད་ཀྱི་མཐོང་ལམ་དང་། དགེ་སློང་གི་སྡོམ་པ་གཉིས་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་ནོ། །དེ་ནས་ཤཱ་རིའི་བུ་དང་མོང་གལ་བུ་སོགས་མང་པོ་ལ། དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་གསུངས་པའི་མོད་ལ་སྐྲ་རང་བྱི་བ་སོགས་གྱུར་ཏེ། ལྷ་རྣམས་ཀྱིས་ནམ་མཁའ་ནས་ཆེད་དུ་བརྗོད་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་རྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། སངས་རྒྱས་དགོངས་པས་ལུས་


JKT004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཀབ་པར་གྱུར། །ཅེས་རྗོད་པར་བྱེད་དེ། སྟོན་པའི་དྲུང་དུ་འདི་ཁོ་ནས་བསྙེན་པར་རྫོགས་པ་མང་ངོ་། །ཤཱ་རིའི་བུས་བསྙེན་པར་རྫོགས་ནས་ཞག་བཅོ་ལྔ་ན་དགྲ་བཅོམ། བྲམ་ཟེ་ནྱ་གྲོ་དྷ་སྐྱེས་སམ་འོད་སྲུངས་ཆེན་པོ་ནི་སྟོན་པ་རྒྱལ་པོའི་ཁབ་བུ་མང་མཆོད་རྟེན་གྱི་འགྲམ་ན་བཞུགས་པའི་ཚེ་བདག་གིས་སྟོན་པ་མཐོང་ངོ་སྙམ་ནས་དྲུང་དུ་ཕྱིན་ཏེ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ལ། བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ་ཞེས་བརྗོད་པར། བཀའ་སྩལ་པ། འོད་སྲང་ཁྱོད་ནི་ངའི་ཉན་ཐོས་ཡིན་ལ། ང་ནི་ཁྱོད་ཀྱི་སྟོན་པའོ་གསུངས་པས་དགེ་སློང་དུ་གྱུར་ཏེ་སྟོན་པར་ཁས་བླངས་པས་སོ། །དེས་ཉི་མ་དགུ་ནས་དགྲ་བཅོམ་པར་གྱུར་ཏོ། །ཚེ་དང་ལྡན་པ་འཆར་ལྡན་ནམ་ལེགས་བྱིན་ནི་སྟོན་པའི་དྲུང་དུ་འོངས་པར། བཀའ་སྩལ་པ། ལེགས་བྱིན་གཅིག་ཏུ་དགེ་བ་གང་ཡིན། ཐར་པའོ། །དེ་ལ་དགོས་པ་གང་ཡིན། དད་པའོ། །ཞེས་ལན་བཏབ་པས་སྟོན་པ་ཐུགས་མཉེས་པ་དེ་ཉིད་ལེགས་བྱིན་གྱི་དགེ་སློང་གི་སྡོམ་པ་ཐོབ་པའི་རྒྱུར་སོང་སྟེ་དྲི་བས་སོ། །སྟོན་པ་ལྟེངས་རྒྱས་ཀྱི་རས་བལ་ཅན་གྱི་ནགས་ཚལ་ཚང་ཚིང་ཅན་ན་བཞུགས་ཚེ། བཟང་སྡེའི་ཚོགས་དྲུག་ཅུ་འོངས་པ་སྐྱབས་སུ་འགྲོ་བའི་སྒོ་ནས་བསྙེན་རྫོགས་སུ་བཀོད་དེ་སྐྱབས་འགྲོ་ཁས་བླངས་ཀྱིས་སོ། །སྟོན་པ་གྲོང་ཁྱེར་སེར་སྐྱར་བཞུགས་ནས་ཤཱཀྱའི་ཚོགས་


JKT004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་རབ་ཏུ་བྱུང་ཚེ། སྲུ་སྐྱེ་དགུའི་བདག་མོ་བུད་མེད་ལྔ་བརྒྱ་དང་བཅས་པ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་འཚལ་ཞེས་ལན་གཉིས་སུ་ཞུས་ཀྱང་མ་གནང་ནས་སྡུག་བསྔལ་བར་གྱུར་པ་ལ། མཐར་ཀུན་དགའ་བོས་ཞུས་པས། ངའི་བསྟན་པ་འདི་ལ་བུད་མེད་རབ་ཏུ་བྱུང་བར་མ་ཞུ་ཞིག །བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །འོན་ཀྱང་གཉིས་ཀའི་དགེ་སློང་ལས་བསྙེན་པར་རྫོགས་པ་དང་། གཉིས་ཀའི་དགེ་འདུན་ལས་དགག་དབྱེ་བྱེད་པ་སོགས་ལྕི་ཆོས་བརྒྱད་བཀའ་སྩལ་ཏེ་འདི་རྣམས་ཁས་བླངས་ན་བསྙེན་པར་རྫོགས་པར་འགྱུར་རོ་ཞེས་བཀའ་སྩལ་པས། ཀུན་དགའ་བོས་དེ་རྣམས་ཀྱི་དྲུང་དུ་ཕྱིན་ནས། སྲིང་མོ་དག་སྟོན་པས་ཁྱེད་རྣམས་བསྙེན་པར་རྫོགས་པར་གནང་མོད་ཀྱི། འོན་ཀྱང་ལྕི་ཆོས་བརྒྱད་བཀའ་སྩལ་ཏོ། །འཕགས་པ་གསུངས་ཤིག་ཅེས་ཉན་ནས། དེས་བརྗོད་པ་དང་། དགེ་སློང་གིས་དགེ་འདུན་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ། དགེ་སློང་ལས་ཟླ་བ་ཕྱེད་ཕྱེད་ཀྱིས་གདམས་པ་དང་རྗེས་སུ་གདམས་པ་བཙལ་བ། དབྱར་དགེ་སློང་མེད་པའི་གནས་སུ་གནས་པར་མི་བྱ་བ། དགག་དབྱེའི་ཚེ་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱས། དགེ་སློང་གི་ཉེས་པ་བཞི་མི་སྨོད་པ་དང་། དགེ་སློང་ལ་ཁྲོ་བ་དང་ཚིག་རྩུབ་མི་བྱ་བ་དང་། ལྕི་བའི་ཆོས་ལས་འདས་ན་དགེ་འདུན་གཉིས་ཀ་ལོ་ཟླ་ཕྱེད་ཀྱི་བར་དུ་མགུ་བ་སྤྱོད་པ་དང་། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་རྒྱ་ལོན་པས་ཀྱང་དགེ་སློང་བསྙེན་པར་རྫོགས་མ་ཐག་


JKT004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱག་དང་བཀུར་སྟི་བྱེད་པའོ། །མཆན། སྐྱེ་དགུའི་བདག་མོས་འདི་རྣམས་ནི་བདག་གི་ལུས་ངག་ཡིད་ཀྱིས་སྤྱི་བོས་ནོད་དོ། །ཞེས་སྨྲས་ཏེ་དགེ་སློང་མར་གྱུར་པ་དང་སྟོན་པར་གསོལ་པ། བུད་མེད་ལྔ་བརྒྱ་པོ་དེ་དག་བསྙེན་པར་རྫོགས་པར་གྱུར་ཏམ། བཀའ་སྩལ་པ་གྱུར་ཏོ། །ཞེས་གསུངས་ཏེ་ལྕི་ཆོས་ཁས་བླངས་ཀྱིས་སོ། །ཡང་ཁྱིམ་བདག་སྦྱིན་པའི་བུ་མོ་ཆོས་སྦྱིན་མ་སྐྱེས་མ་ཐག་ནས་རི་དྭགས་འཛིན་གྱི་བུ་ས་ག་ལ་སྟེར་བའི་ཆད་བྱས་སོ། །དེ་རབ་ཏུ་འབྱུང་འདོད་པས་ཕ་མར་སྨྲས་པས་མ་གནང་། དེས་དགེ་སློང་ཨུཏྤལ་ལ་སྨྲས་པ་དང་། སྟོན་པར་ཞུས་པས། བུ་མོ་ཆོས་སྦྱིན་མ་ཁྱིམ་ན་འདུག་བཞིན་དུ་རབ་བྱུང་དང་དགེ་ཚུལ་མར་གྱིས་ཤིག་གསུངས་ཏེ་དགེ་སློང་མས་ཆོ་ག་བརྗོད། ཨུཏྤ་ལའི་མདོག་འཕྲིན་པར་གཏོང་སྟེ་དགེ་བསྙེན་དང་དགེ་ཚུལ་མར་བྱས་པས་རྒྱུན་ཞུགས་ཐོབ། ལོ་བཅུ་ལོན་པའི་འཇུག་ཏུ་ཨུཏྤལའི་མདོག་འཕྲིན་པར་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་དགེ་སློབ་མའི་ཚུལ་ཁྲིམས་ཕོག །དེས་ཕྱིར་འོང་ཐོབ། ལོ་གཉིས་སོང་བ་ན་འཕྲིན་ལ་བརྟེན་ནས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕོག །དེས་ཕྱིར་མི་འོང་ཐོབ་སྟེ་རྫུ་འཕྲུལ་བསྒྲུབ། དེར་ལོ་བཅུ་གཉིས་ལོན་ཏེ་གཞོན་ནུ་མར་གྱུར་པ་ན་ས་གས་ལེན་པར་བརྩམས་པ་ན། ཨུཏྤ་ལས་འཕྲིན་བྱས་ཏེ། དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མའི་སྡོམ་པ་བྱིན། དེ་དགྲ་བཅོམ་


JKT004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱུར། དེ་ནས་ས་གས་བག་མ་ལེན་ཕྱིར་སྒོར་བྱུང་སྟེ་ལག་པ་ནས་བཟུང་བ་ན། དེ་ངང་པའི་རྒྱལ་པོ་བཞིན་དུ་ནམ་མཁའ་ལ་ལྡིང་བས། ས་ག་དད་དེ་སོང་བས། འདི་ནི་འཕྲིན་གྱི་ལས་ཀྱིས་བསྙེན་པར་རྫོགས་པ་ཞེས་བྱའོ། །དེར་བསྙེན་རྫོགས་དོན་གཉེར་ཐག་རིང་ནས་འོང་བ་རྣམས་ལམ་བར་དུ་ཉེར་འཚེས་ཤི་བར་གྱུར་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་མ་ཕྱིན་པར་བསྙེན་རྫོགས་ཀྱི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་པས། ངའི་ཉན་ཐོས་རྣམས་ཐག་རིང་པོ་ནས་འོངས་པས་སྡུག་བསྔལ་བར་འགྱུར་ཏ་རེ་སྙམ་དུ་དགོངས་ནས། དེ་ཕྱི་ན་དགེ་སློང་གི་དགེ་འདུན་གྱིས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་བྱ་བར་གནང་ངོ་། །ཞེས་གསོལ་བཞིའི་ལས་ཀྱིས་རབ་བསྙེན་གཅིག་ཅར་དུ་སྒྲུབ་པའི་ཆོ་ག་གནང་། དེ་རྣམས་ལ་སྒྲ་ཡངས་པའི་དབང་དུ་བྱས་ན་ཆོ་གའི་སྒྲ་འཇུག་པས་སྔོན་ཆོག་བཅུ་ཞེས་བོད་ཀྱི་འདུལ་འཛིན་ཆེན་པོ་རྣམས་བཞེད། སྒྲ་དོག་པའི་དབང་དུ་ན། ད་ཆོག་གི་ཟླས་ཕྱེ་བའི་སྔོན་ཆོག་ནི་གསོལ་བཞིའི་ལས་ཀྱི་སྔོན་ཆོག་ཁོ་ནའོ། །དེར་དགེ་སློང་རྣམས་ལེགས་པར་མ་སྦྱངས་ཤིང་སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པ་ཡང་། སྲིད་པ་ཐ་མ་པའི་གང་ཟག་འགའ་ཞིག་གིས་སྔོན་ཆོག་གིས་རྫོགས་པར་བྱས་པས་བྱུང་བས་ན། ཁྱིམ་པ་རྣམས་མ་དད་མུ་སྟེགས་པ་རྣམས་འཕྱ་བར་གྱུར་པའི་ཚེ། ད་ལྟར་གྱི་ཆོ་ག་གསུམ་སྟེ་


JKT004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་གསུམ་རིམ་གྱིས་ལེན་པ་དང་གནས་དང་གནས་པའི་ཚུལ་ཁྲིམས་སོགས་གསུངས། ཉེར་སྡེས་བསྙེན་པར་རྫོགས་ནས་ལོ་གཉིས་ལས་མ་ལོན་པ་གཞན་གྱི་མཁན་པོར་བྱས་པས་མཁན་པོ་བྱས་པ་ལོ་བཅུ་ལོན་དགོས་པ་དང་། ཡང་ལོ་བཅུ་ལོན་ཡང་འདུལ་བ་མི་ཤེས་པའི་དགེ་སློང་ཞིག་གིས་མཁན་པོར་བྱས་པས་གདམས་ངག་སྟོན་རྒྱུ་མ་བྱུང་བ་ལ་མཁན་པོར་བྱས་པ་ལ་མང་དུ་ཐོས་དགོས་པར་གསུངས་ཏེ། དེ་དག་ལས་འཕྲོས་ནས་ལྔ་ཕྲུགས་ཉི་ཤུ་རྩ་གཉིས་ཀྱི་རྣམ་བཞག་གསུངས་སོ། །འདུལ་བའི་བསྟན་བཅོས་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་དང་། ལས་བརྒྱ། དེའི་སློབ་མ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ། ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ། ས་ག་ལྷས་མེ་ཏོག་ཕྲེང་རྒྱུད། ཁ་ཆེ་དགེ་འདུན་པ་བཟང་པོས་ཀཱ་རི་ཀཱ་ལྔ་བཅུ་པ་སོགས་མཛད། བོད་དུའང་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་འདུལ་བའི་རྣམ་བཤད་ཉི་འདི་དང་མཐུན་པར་ཀརྨ་པ་མི་བསྐྱོད་པས་མདོ་རྩའི་འགྲེལ་ཆེན་མཛད་པར་སྣང་། མའི་འོད་ཟེར་དང་། མདོ་རྩའི་མཆན་འགྲེལ། བུ་སྟོན་རིན་ཆེན་གྲུབ་ཀྱི་གླེང་འབུམ་དང་མདོ་འགྲེལ། པཎ་ཆེན་དགེ་འདུན་གྲུབ་ཀྱི་གླེང་འབུམ་དང་། འདུལ་ཊཱིཀ་རིན་ཆེན་ཕྲེང་བ་སོགས་བསྟན་བཅོས་མཐའ་ཀླས། དེ་ཡང་བརྗོད་བྱའི་དབང་དུ་བྱས་ན་གཞི་བཅུ་བདུན་དུ་འདུ་སྟེ། མདོ་རྩ་ལྟར་ན། ༡༽ དང་པོ་རབ་བྱུང་གི་


JKT004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་དུ་བྱས་ཏེ། སོགས་ཀྱིས་རབ་བྱུང་བསྙེན་རྫོགས་གཅིག་ཆར་དུ་བྱེད་པའི་ཆོ་ག་དང་། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་སོགས་ད་ལྟར་གྱི་ཆོ་ག་གསོལ་བ་དང་བཞིའི་ལས་ཀྱི་རིམ་ཅན་དུ་སྒྲུབ་ཐབས། རང་བཞིན་ཉམས་པར་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ། །ཞེས་སོགས་སྡོམ་པ་འབུལ་པའི་ཆོ་ག་དང་། བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ། །ཞེས་སོགས་ཐོབ་པ་མི་ཉམས་པར་སྲུང་བ་རྣམ་འབྱེད་ཀྱི་དོན་བཞིན་དགེ་སློང་ཕ་མའི་བསླབ་པ་རྣམས་བཤད་པ་དང་། ཉམས་པ་དང་འཆག་པ་གཉིས་ལྟུང་བ་ལ་སྦྱར་ན་ཉེས་བྱས་སོ། །ཞེས་སོགས་རབ་བྱུང་གི་གཞི་ཕལ་ཆེར་ལ་མཁོ་བ་སྤྱིར་བསྟན་པ་རྣམས་སོ། ༢༽ །གསོ་སྦྱོང་གི་གཞི་ལ། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་༧ བསྒོམ་པར་མི་བྱའོ། །སོགས་ནས་བཟུང་། གསོ་སྦྱོང་བཅུ་བཞི་པ། བཅོ་ལྔ་པ། གནོད་པ་ཞི་བའི། མཐུན་པའི། བཀྲ་ཤིས་པའི་ཞི་གནས་ཀྱི་གསོ་སྦྱོང་དྲུག་གི་དབྱེ་བསྡུ། གོ་རིམ། སྒྲ་བཤད། ལག་ལེན་སོགས་རྒྱ་ཆེར་བསྟན། ༣༽ དབྱར་གནས་ཀྱི་གཞི་ལ། དབྱར་གནས་པར་ཁས་བླང་པར་བྱའོ། །ཞེས་སོགས་སྲོག་ཆགས་མི་གསོད་པ་སོགས་ཀྱི་ཆེད་དབྱར་གནས་པའི་གཞི། ཆོས་པ། གང་ཟག །


JKT004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དུས། གནས། ཡུལ། བསམ་པ། ཆོ་ག ཁས་བླངས་ཚུལ་ཇི་ལྟར་བྱ་བའོ། །དེ་ཡང་ཞག་༤༥ཁས་བླངས་པ་སྟེ། དབྱེ་ན་སྔ་ཕྱི་གཉིས་སོ། །དགག་དབྱེའི་གཞི་ལ། མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱ། ཞེས་སོགས། ཡུལ། གང་ཟག །བྱེད་པ་པོ། དངོས་པོ། དུས། བསམ་པ། ཆོ་ག །དགོས་པ་ཅིའི་ཕྱིར་སོགས་ཀྱིས་བཤད། དབྱར་གྱི་དུས་ལྟུང་བ་གླེང་དྲན་སོགས་དགག་པ་དེ་སྐབས་དབྱེ་བའི་ལས། ༥༽ སྲ་བརྐྱང་གི་བཞི་ལ། སྲ་བརྐྱང་བཏིང་བར་བྱའོ། །ཞེས་སོགས། གདིང་ཚུལ། བརྐྱང་ཚུལ། དབྱུང་བའི་ཆོ་ག་སོགས་ཀྱི་སྒོ་ནས་བསྟན། དེ་ཡང་དགག་དབྱེ་ཟིན་ནས་ཟླ་བ་ལྔ་ཡི་བར་སྲ་བརྐྱང་བཏིང་བའི་སྟེང་དུ་དགེ་འདུན་རྣམས་ཀྱི་ཆོ་གས་སྤུངས་ཏེ་བཞག་པས་དེ་བར་འཆང་འབྲལ་འཇོག་གསུམ་ཁེགས་པ་སོགས་བག་ཡངས་དང་འབྲེལ་བ། ༦༽ གོས་ཀྱི་གཞི་ལ། མཚོན་གྱིས་མ་དྲས་པའི་གོས་བཅང་བར་མི་བྱའོ། །ཞེས་སོགས་གོས་ཇི་ལྟར་བསྒྲུབ་ཚུལ། རྙེད་པའི་གོས་ཀྱི་རྒྱུའི་རྣམ་བཞག །དེ་ལས་གྲུབ་པའི་གོས་ཀྱི་རྣམ་བཞག་སོགས་ཀྱིས་བསྟན། འཚོ་བའི་ཡོ་བྱད་༡༣། མཁོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད་དེ་གསུམ། ༧༽ ཀོ་པགས་ཀྱི་གཞི་ལ་ཡུལ་དབུས་ཀྱི་མཚམས་སོ། །ཞེས་སོགས་བཅང་དུ་རང་བའི་ཡུལ་དང་། བཅང་ཚུལ་དངོས་སོགས་གསུངས། ༨༽ སྨན་གྱི་གཞི་ལ། སྨན་བསྟེན་པར་བྱའོ། །དེ་ནི་རྣམ་


JKT004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིའོ། །ཞེས་སོགས་དུས་རུང་། ཐུན་ཚོད་རུང་བ། ཞག་བདུན་པ། འཚོ་བཅང་བཅས་བཞིར་དབྱེ་བ། མཚན་གཞི། མཚན་ཉིད། དགོས་པ། སྒྲ་བཤད། བསྟེན་ཚུལ་སོགས་ཀྱི་སྒོ་ནས་སྨན་ཇི་ལྟར་བསྒྲུབ་ཚུལ། སྨན་དངོས་ཀྱི་སྣོད། བསྟེན་པའི་གང་ཟག །གཞག་པའི་གནས། རུང་བའི་ཁང་པ། སྨན་ལ་འཇུག་ཚུལ། རྒྱུ་མཐུན་ཟག་པ་འདོར་བའི་ཐབས་སོགས་བཤད། ༩༽ ལས་ཀྱི་གཞི་ལ། ཆོ་ག་ལས་འདས་ན་ལས་མི་ཆགས་སོ། །ཞེས་སོགས་དགེ་འདུན་དང་འབྲེལ་བའི་ལས་དངོས་དང་། གང་ཟག་དང་འབྲེལ་བའི་ཞར་བྱུང་དང་བཅས་བཤད། ༡༠༽ ཕྱིར་བཅོས་གཞི་ལ། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱས་སོ། །ཞེས་སོགས་མི་མོས་པ་ནན་གྱིས་ཕྱིར་བཅོས་སུ་འཇུག་པ་ལ་ནན་ཏུར་དང་། ཕྱིར་བཅོས་དངོས་ཀྱི་རྣམ་བཞག་སྟེ། རྒྱུ་ནི་ནན་ཏུར་བཅུ་གཅིག་དང་། ངོ་བོ་ནི་རྩོད་པ་ལྟུང་བ་ཞི་བྱེད་གཉིས་སོ། ༡༡༽ །དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ལ། འདི་ལ་དགེ་འདུན། ལྷག་མ་མི་ཤེས་པ་ཉིད་དང་བཅས་པའི་སེམས་ཉེ་བར་མ་བཞག་པར་བརྗོད་པ་དང་བྱས་སམ་མ་བྱས་ཅི་ལྟ་བུ་ཞིག་ཡིན་ཞེས་དྲན་པར་མི་ནུས་པ་ཉིད་དང་། ཞེས་སོགས། འཆབ་པའི་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་


JKT004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་སྒོ་ནས་བསྟན། ༡༢༽ ས་གཞན་ན་གནས་པ་སྤྱོད་པའི་གཞི་ལ། ལྷག་མའི་ཕྱིར་བཅོས་དངོས་གཞི་སྤོ་མགུ་དབྱུང་གསུམ་སྟེ། སྤོ་བ་དང་མགུ་བ་བྱ་བ་སྤྱོད་པ་དག་གིས། དགེ་སློང་རང་བཞིན་དུ་གནས་པ་ལ་མངོན་པར་སྨྲ་བ་དང་། ཕྱག་དང་། སྔོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གུས་པའི་ལས་དག་བདག་གིར་མི་བྱའོ། །ཞེས་པ་གཞན་ན་གནས་པའི་དབྱེ་བསྡུ། གྲལ། བསླབ་བྱ། སྒྲ་དོན་སོགས་བཤད། ༡༣༽ ཡོངས་སུ་སྦྱང་བའི་གཞི་ལ། མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ། །ཞེས་སོགས་ཀྱི། ཡུལ་གང་ལ། གང་ཟག་གང་གིས་བསམ་པ་ཇི་ལྟ་བུས། དངོས་པོ་གང་གིས། དུས་ནམ་གྱི་ཚེ། ཆོ་ག་གང་གིས། དགོས་པ་ཅིའི་ཕྱིར། ཇི་ལྟར་བསྒྲུབ་པ་དགུས་བསྟན། ༡༤༽ ལས་ཕྱེ་བའི་གཞི་ལ། དགེ་འདུན་ཐ་དད་དུ་གནས་པ་ལ་མི་འདོད་པར་གླེང་བ་དང་། གླེང་བར་བྱེད་པ་ན་ལོག་པར་མི་བྱའོ། །ཞེས་སོགས་གཞི་བསམ་སྦྱོར་བ་མཐར་ཐུག་བཞིའི་སྒོ་ནས་ཞི་བྱ། དགེ་འདུན་བྱེ་བའི་རྒྱུ་སྤང་པ། གཉེན་པོ་བསྟེན་པ་གཉིས་ཀྱིས་བྱེ་བ་ཞི་བར་བྱེད་པའི་ཆོས་བཤད། ༡༽ འཁོར་ལོའི་དབྱེན་ནི། དགེ་འདུན་གྱི་དགེ་འདུན་ནི་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་སམ་དོན་དེས་ཚུལ་ཤིང་ལེན་དུ་གཞུག་པས་སོ། །ཞེས་སོགས་གཞི་བསམ་སྦྱོར་བ་མཐར་ཐུག་ཉེས་དམིགས་གནས་ཚད་གླིང་གང་ན་


JKT004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་སྒོ་ནས་ཞི་བྱ་དང་ཞི་བྱེད་བསྟན། ༡༦༽ །རྩོད་པའི་གཞི་ལ། འཁྲུགས་ལོང་གི་རྒྱུ་བཞིའོ། །ཞེས་སོགས་ངོ་བོ་རྒྱུ་དབྱེ་བ་གསུམ་གྱི་སྒོ་ནས་ཞི་བྱ་དང་ཞི་བྱེད་ཀྱི་ཆོས་ཀྱིས་ཞི་བ་དང་། རང་བཞིན་གྱིས་ཞི་བ་གཉིས་ཀྱི་སྒོ་ནས་ཞི་བྱེད་བསྟན་ནོ། ༡༧༽ །གནས་མལ་གྱི་གཞི་ལ། སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །ཞེས་སོགས་ཀྱིས་ཕྱག་བྱ་བ་དང་མི་བྱ་བའི་ཚུལ། གཙུག་ལག་ཁང་བརྩིགས་པའི་ཆོ་ག་ཞར་བྱུང་དང་བཅས་པ། གཙུག་ལག་ཁང་བསྐྱང་བའི་ཆོ་ག །ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཇི་ལྟར་བྱ་ཚུལ་རྣམས་ཀྱི་སྒོ་ནས་བཤད་པ། དེ་ཡང་གླེང་གཞི་རྣམས་མེད་པ་ཙམ་མ་གཏོགས་ལུང་སྡེ་བཞིའི་བརྗོད་བྱ་ཐམས་ཅད་ཚང་ལ་མ་ནོར་བར་བཞུགས་ཤིང་། ལུང་གི་བར་སྡོམ་ནས་བྱུང་བ་དང་མཚུངས་ཀྱང་། དེ་དང་གོ་རིམ་ཅུང་ཟད་མི་འདྲ་ཙམ་ཡོད་དོ། །སྡོམ་རྒྱུན་གསུམ་དང་། བཤད་རྒྱུན་ལ་སྔ་འགྱུར་གྱིས་མདོ་རྩ་དང་། ཕྱིས་སུ་པཎ་ཆེན་ཤཱཀྱ་ཤྲཱི་པས་ས་པཎ་ལ་མདོ་རྩ་དང་། ཁྲོ་ཕུར་མེ་ཏོག་ཕྲེང་རྒྱུད་བཤད། ཕྱི་མ་མཁན་པོ་ཟིལ་གནོན་སེང་གེས་ཊི་ཀྲ་མཛད་པ་ལྟར་གྱི་གསུང་རྒྱུན་དང་། ཕྱིས་སུ་ཀུན་མཁྱེན་རོང་པོས་པཎ་ཆེན་ནགས་རིན་དང་བཅས་རྒྱ་དཔེ་གསར་དུ་བཅོས་ནས་རྒྱུ་གསུམ་གྱིས་བསྔགས་ཏེ་རྣམ་བཤད་ཀྱིས་ཁ་འད་རྒྱུན་གཏན་ལ་ཕབ་པ་ནས་ཡིག་ཆ་སོགས་རྒྱ་


JKT004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་དར་ཀྱང་དེང་སང་རྒྱུན་ནུབ་བོ་སྙམ་ལ། མདོ་རྩ་ནི་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀྱིས་དེང་སང་ཡང་དར་ཞིང་རྒྱས་པར་མཐོང་། འཁོར་ལོ་པར་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་སྟོན་པ་དབུ་མ་རིག་ཚོགས་དྲུག་སོགས་ཏེ། བོད་སྔ་མ་ཐམས་ཅད་ཀྱིས་རང་རྒྱུད་དང་། པ་ཚབ་ལོ་ཙཱ་བས་ཐལ་འགྱུར་གྱི་སྲོལ་བཏོད། སྦས་དོན་མངོན་རྟོགས་ཀྱི་རིམ་པ་མདོ་སྡེ་མངོན་རྟོགས་རྒྱུན་གྱི་བཤད་སྲོལ་རྔོག་ལོ་ཆེན་པོས་པཎྜི་ཏ་འབུམ་ཕྲག་གསུམ་པ་སོགས་ལས་གསན་ཏེ་དར། འཁོར་ལོ་ཐ་མ་མངོན་པའི་སྡེ་སྣོད་ལས། ཐེག་དམན་གྱི་མངོན་པར་མཛོད་ཚིག་ལེའུར་བྱས་པའི་བཤད་སྲོལ་སྔ་འགྱུར་དུས་སུ་བྱུང་ཡང་བར་སྐབས་སུ་ཆད་པ་ལ། ཕྱིས་སུ་པཎྜི་ཏ་སྨྲི་ཏིས་ཁམས་སུ་འཆད་ཉན་གྱིས་སྲོལ་བཏོད་པའི་རྒྱུན་ལས་དར་ཞིང་། མཛོད་ལ། ཁམས་བསྟན་པའི། དབང་པོ་བསྟན་པའི། འཇིག་རྟེན་བསྟན་པའི། ལས་བསྟན་པའི། ཕྲ་རྒྱས་བསྟན་པའི། ལམ་དང་གང་ཟག་བསྟན་པའི། ཡེ་ཤེས་བསྟན་པའི། སྙོམས་འཇུག་བསྟན་པའི། གནས་ཏེ་བརྒྱད་དོ། །ཐེག་ཆེན་མངོན་པའི་བཤད་སྲོལ་ནི་ཆེར་མ་བྱུང་ངོ་། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ནི། འདོད་ཆགས་ཀྱི་བྱེ་བྲག་བཞི་དང་མཐུན་པར་བྱ་སྤྱོད་རྣལ་འབྱོར་བཞིར་བསྟན་ལ། དེ་ཡང་སྔ་མ་གཉིས་ཀྱི་བཤད་སྲོལ་ནི་བོད་འདིར་ཆེས་མ་དར་ལ། རྣལ་འབྱོར་གྱི་རྒྱུད་ཀྱི་འགྲེལ་


JKT004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐོར་ལོ་ཆེན་རིན་ཆེན་བཟང་པོ་སོགས་ནས་བརྒྱུད་ཅིང་མཁས་གྲུབ་བུ་སྟོན་རིན་པོ་ཆེས་རྩལ་དུ་བཏོན། བླ་མེད་ལ། ཕ་རྒྱུད་གཤེད་སྐོར་དང་གསང་འདུས། མ་རྒྱུད་བདེ་ཀྱེ་གཉིས་སོགས་ཀྱི་བཤད་སྲོལ་དང་། གཉིས་མེད་དམ་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་མཐུན་པ་དཔལ་དུས་ཀྱི་འཁོར་ལོ་སོགས་ཀྱི་སྨིན་གྲོལ་བཤད་དཀའི་རིམ་པ་ནི། མར་དཔྱལ་འབྲོག་བཤོས་མལ་དང་རྭ་ལོ་གྱི་གྱོ་སོགས་ཀྱི་ལོ་ཙཱ་བ་མང་པོས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་སྟེ་ཤིན་ཏུ་རྒྱས་པར་གྱུར་ཏོ། །དེ་ཡང་མདོར་བསྡུ་ན་བཀའི་མཚན་ཉིད་ནི། རྒྱུད་བླ་མས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། ཞེས་བརྗོད་བྱ་དོན་ཆེན་པོ་དང་ལྡན་པ། རྗོད་བྱེད་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་བ། སྤང་བྱ་ཁམས་གསུམ་གྱི་ཉོན་མོང་པ་སྤོང་བྱེད། གཉེན་པོ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ་སྟེ་ངག་མཚན་ཉིད་བཞི་ལྡན། བདག་རྐྱེན་སངས་རྒྱས་འཕགས་པ་ལས་བྱུང་བ། སྒྲ་བཤད་སུ་བྷ་ཥི་ཏ་ཞེས་ལེགས་པར་གསུངས་པ། དབྱེ་ན་དུས་ཀྱི་སྒོ་ནས་འཁོར་ལོ་གསུམ། བརྗོད་བྱའི་ཀུན་རྫོབ་དང་། དོན་དམ་བདེན་པ་གཉིས་སྟོན་པའི་དྲང་ངེས་གཉིས། རྗོད་བྱེད་ཀྱི་སྒོ་ནས་གསུང་


JKT004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ཡན་ལག་བཅུ་གཉིས། གཉེན་པོའི་སྒོ་ནས། ཐེ་ཚོམ་གྱི་གཉེན་པོར་མདོ་སྡེ། མཐའ་གཉིས་ལ་ཞེན་པའི་གཉེན་པོར་འདུལ་བ། རང་ལྟ་མཆོག་འཛིན་གྱི་གཉེན་པོར་མངོན་པའི་སྡེ་སྣོད་གསུམ། གདུལ་བྱའི་སྒོ་ནས་དམན་པ་དང་། རྒྱ་ཆེན་པོ་ལ་མོས་པར་ཐེག་པ་དམན་མཆོག་གཉིས། བདག་རྐྱེན་གྱི་སྒོ་ནས། ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་བརླབས་པ་གསུམ། ཕྱི་མ་ལའང་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་དང་། ཐུགས་ལའང་ཐུགས་ཏིང་ངེ་འཛིན། ཐུགས་ཐུགས་རྗེ། ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབས་པ་གསུམ་དུ་དབྱེ། བསྟན་བཅོས་ནི་གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་ན། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་པ་ལྟར། བཤད་བྱ་རྒྱལ་བ་སངས་རྒྱས་ཀྱི་སྟོན་པ་འབའ་ཞིག་གི་དབང་དུ་བྱས་ནས་སྟོན་གྱི་རང་བཟོ་མིན་པ། འཆད་པ་པོའི་ཁྱད་པར་ཆོས་དང་དོན་ལེགས་པར་ཤེས་ཤིང་། རྙེད་བཀུར་ལ་སོགས་པར་ཆགས་པའི་ཕྱིན་ཅི་ལོག་གི་རྣམ་གཡེངས་མེད་པ། འབྲས་བུའི་ཁྱད་པར་ཐར་པ་བླ་ན་མེད་པའི་མྱང་འདས་ཐོབ་པའི་ཆེད་དང་། ཐབས་ཀྱི་ཁྱད་པར་དེའི་ལམ་སྟོན་པ་དང་རྗེས་སུ་མཐུན་པ་སྟེ་ཡོན་ཏན་བཞི་དང་ལྡན་པ་ནི་བསྟན་བཅོས་ཀྱི་མཚན་ཉིད།


JKT004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྐྱེན་བྱང་སེམས་འཕགས་པ་ནས་སོ་སྐྱེའི་བར་གྱི་ངག་ཚིག །སྒྲ་བཤད་ཤཱསྟ་ཞེས་པ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ། དབྱེ་ན་མཆོག་དམན་གྱི་སྒོ་ནས། དོན་མེད་དོན་ལོ་གདོན་ལྡན་དང་། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པའི། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་དགུར་བཤད། བྱེད་ལས་ཀྱི་སྒོ་ནས་བཀའ་རྒྱ་ཆེན་པོ་སྡུད་པ། ཟབ་མོ་རྣམ་པར་འབྱེད་པ། འཁྲུགས་པ་བསྡེབས་པ་གསུམ་བརྗོད་པའི་སྒོ་ནས་ཇི་སྙེད་པ། ཇི་ལྟ་བ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་གསུམ། བཤད་བྱའི་སྒོ་ནས་བཀའ་སྤྱིའི་དགོངས་འགྲེལ་དང་བྱེ་བྲག་གི་དགོངས་འགྲེལ་གཉིས་སོ། །དེ་ཡང་བཀའ་དང་བསྟན་བཅོས་མི་འགལ་བ་དང་། འགལ་བའི་ལུགས་གཉིས་ལས་འདིར་སྔ་མ་འཐད་ཕྱོགས་སུ་བཟུང་ངོ་། །རིག་གནས་ཆུང་བ་ལྔའི་དང་པོ་ཚིག་རྒྱན་ཤེས་ན་སྙན་དངགས་ལ་མི་རྨོངས་ཞེས་པ་ནི། སྤྱིར་འདིའི་ལམ་སྲོལ་མང་མོད། ཡོངས་སུ་གྲགས་པ་དཔལ་ལྡན་དབྱུག་པ་ཅན་གྱི་རྗེས་སུ་འབྲངས་ན། ལུས་རྒྱན་སྐྱོན་སེལ་གསུམ་དུ་བསྡུ་སྟེ། དང་པོ་ལའང་བཅད་ལྷུག་སྤེལ་གསུམ། གཉིས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སྔ་མ་ལ་ཤར་ལྷོའི་ལམ་སྲོལ་བཅུ་དང་། ཕྱི་མ་ལ་དོན་རྒྱན་༣༧། སྒྲ་རྒྱན་༢། གབ་ཚིག་གི་རྒྱན་༡༦དང་། གསུམ་པ་


JKT004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་བཅུ་སྤོང་པའི་ཚུལ་དང་བཅས་པས་སོ། །སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་པ་ནི། ཕྱི་རོལ་གྱི་དྲང་སྲོང་དམར་སེར་ཅན་དང་། རྒྱལ་བའི་ལྷས་མཛད་པའི་གཞུང་རྩ་འགྲེལ་དང་། ཕྱིས་སུ་ཡོན་g ཏན་བརྒྱད་དང་ལྡན་པ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སྟེ། དེ་ཡང་བྲིཏྟ་དང་ཛཱ་ཏི་གཉིས་ལ་ནང་གསེས་སུ་དབྱེ་བ་གསུམ་རེ་དང་། དེ་རེ་རེ་ལའང་མཐའ་ཀླས་ཤིང་། མཉམ་པའི་བྲྀཏྟ་ཁོ་ན་ལ་འཇུག་པའི་ངོ་མཚར་རྟོགས་བྱེད་ཀྱི་སྦྱོར་བ་དྲུག་དང་བཅས་པའོ། །མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས་པ་ནི་དོན་གཅིག་ལའང་མིང་དུ་མའི་སྒོ་ནས་བསྙད་པ་དང་། མིང་གཅིག་དོན་དུ་མར་འཇུག་པ་སོགས་ཀྱིས་ཤེས་བྱར་སྲིད་དོ་ཅོག་གི་མིང་དོན་ཕལ་མོ་ཆེ་འཆད་པ་དང་བཅས་པ་སྟེ། དེ་ཡང་བསྟན་བཅོས་འཆི་མེད་མཛོད་རྩ་འགྲེལ་དང་། མུ་ཏིག་ཕྲེང་བ་ལ་སོགས་པའོ། །ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པ་ནི། སྔོན་བྱུང་གི་གཏམ་ལས་བརྩམས་ཏེ་སྐད་རིགས་བཞིས་བརྗོད་པའི་གླུ་དང་། རྐང་ལག་གི་གར་ལ་སོགས་པ་གཙོ་བོར་བྱེད་པ་སྟེ། དེ་ཡང་ལག་པའི་ཟླུམ་སྐོར་དང་པད་སྐོར་ལ་སོགས་པ་ལན་མང་དུ་ཟློས་ཀྱང་མཛེས་ཤིང་ཡིད་དུ་འོང་བའི་གར་དུ་གྱུར་པ་སྟེ་ཡན་ལག་ལྔ་དང་ལྡན་པའོ། །དེ་གང་ཞེ་ན་ཟློས་གར་དང་། མདོ་འཛིན་པ་དང་། རོལ་མོ་བ་དང་། ཆས་ཞུགས་


JKT004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཞད་གད་པ་སྟེ་ལྔའོ། །དེ་ཡང་ཡང་གི་སྦྱོར་བ་དུ་མ་དང་། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་པ་དང་། དབྱངས་ཀྱི་བྱེ་བྲག་ཐ་དད་པ་དང་། ལྷའི་རྗེས་སུ་སྐྱེས་པ་དང་། དྲང་སྲོང་གི་རྗེས་སུ་སྐྱེས་པ་དང་། བློ་གསལ་གྱི་རྗེས་སུ་སྐྱེས་པ་སོགས་དང་། འདྲེན་པ་དང་། དཀྱུས་གཅིག་ཏུ་སྤྱར་བ་དང་། དཀྱུས་གཉིས་པ་དང་། ཕྱེད་ཕྱི་མ་ལ་སོགས་པའི་མཚན་ཉིད་རྣམས་དང་ལྡན་ཞིང་རྗོད་བྱེད་ཀྱི་ཚིག་གལ་ཆེར་སཾ་སྐྲྀ་ཏ། བུད་མེད་ལ་སོགས་པའི་ལད་མོ་བགྱིད་པ་ལ་པྲ་ཀྲྀ་ཏ། བཞད་གད་དང་ཅོ་འདྲི་བ་ལ་སོགས་པར་ཨ་བ་བྷམ་ཤ །འབྱུང་པོ་རོ་ལངས་ཀྱི་ཚུལ་དང་། ཁྲོས་ཚིག་དང་སྡིགས་ཚིག་ལ་སོགས་པ་རྣམས་པི་ཤཱ་ཙཱིའི་སྐད་རིགས་ཀྱིས་འདྲེན་པ་སོགས་ཏེ། འོན་ཀྱང་བོད་དུ་དགོས་པ་ཆེར་མ་གཟིགས་ནས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་པར་མ་མཛད་དོ། །སྐར་རྩིས་ཤེས་ན་གྲངས་ཀྱི་གནས་ལ་མི་རྨོངས་པ་ནི། འདི་ལྟར་བརྩམ་བྱ་དུས་དང་། གཟུགས་ཅན་གཉིས་དང་རྩོམ་བྱེད་གྲངས་ཀྱི་གནས་ཏེ་གསུམ་ལས། དང་པོ་དུས་ཀྱི་ཚད་ཇི་ལྟར་བརྩམ་པ་ནི། སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་ལ་དུས་མཐའི་སྐད་ཅིག་གཅིག །དེ་བརྒྱ་ཉི་ཤུ་ལ་བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག །དེ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་གཉིས་


JKT004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དུས་གཅིག །དེ་གསུམ་ལ་བགྲོད་པ་གཅིག །དེ་གཉིས་ལ་ལོ་གཅིག །དེ་ལ་དུས་བཞི་དང་། དུས་བཞི་ཆེན་པོ་དང་། བསྐལ་ཆུང་དང་། བསྐལ་ཆེན་ལ་སོགས་པ་རྣམས་ཀྱི་རྣམ་བཞག་འཇོག་པར་བྱེད་པ་དང་། ཡང་སྐྱེས་བུ་ནད་མེད་ཀྱི་དབུགས་དྲུག་ལ་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་ཆུ་ཚོད་གཅིག །དེ་དྲུག་ཅུ་ལ་ཉིན་ཞག་གཅིག་དང་། ཚེས་དང་། རེས་གཟའ། རྒྱུ་སྐར་ལ་སོགས་པ་རྣམས་ཀྱི་རྣམ་བཞག་འཇོག་པར་བྱེད་དོ། །གཉིས་པ་གཟུགས་ཅན་གྱི་ཚད་ཇི་ལྟར་འཇལ་བ་ནི། རྫས་ཀྱི་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག །དེ་བཞིན་བདུན་འགྱུར་དུ་བསྒྲེས་ཏེ། ལྕགས་རྡུལ། ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་གྱི་རྡུལ། སྲོ་མ། ཤིག ནས། སོར་མོ་ཉེར་བཞི་ཁྲུ་གང་། ཁྲུ་བཞི་གཞུ་འདོམ། དེ་ལྔ་བརྒྱ་རྒྱངས་གྲགས་གཅིག་གམ་དགོན་པ། དེ་བརྒྱད་ལ་དཔག་ཚད་གཅིག་གོ ། དེས་འཇིག་རྟེན་གྱི་ཚད་འཇལ་བར་བྱེད་དོ། །ཡང་དཔངས་ཚད་འཇལ་བར་བྱེད་པ་ལ་སོར། ལྕི་ཚད་ལ་སྲང་། བུངས་ཚད་ལ་བྲེ་སོགས་ཀྱང་ངོ་། །གསུམ་པ་རྩི་བྱེད་གྲངས་གནས་དངོས་ནི་རྐྱང་ཁུག་གཉིས་སམ། བྱེ་རྟོག་དང་འཇམ་དཔལ་རྩ་རྒྱུད་སོགས་ལས་འབྱུང་བའི་གྲངས་གནས་སོགས་སོ། །གཞན་ཡང་། ཨདྷི། འབྲི། བསྟན། བགོད་བསྒྱུར་ཏེ་ཡི་གེའི་ཡན་ལག་ལྔ། གཟའ། ཚེས། སྐར་མ།


JKT004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ། བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔ་དང་། གཟའ་སོ་སོའི་མྱུར་བ་དང་། བུལ་བ་དང་། དྲང་པོ་དང་། འཁྱོག་པོའི་རྐང་པ་གཉིས་བཙལ་བ་དང་། ཁྱིམ་དང་ལོངས་སྤྱོད་དང་། དེ་དག་གི་དགེ་ལེགས་ཀྱི་རྩིས་དང་། སྒྲ་གཅན་དང་། དུས་མེ་དང་། དེ་དག་གིས་ཉི་ཟླ་འཛིན་པའི་རྩིས་དང་། དུ་བ་མཇུག་རིང་དང་། འཆར་ནུབ་ལ་སོགས་པ་ཕྱིའི་ལས་ཀྱི་རྩིས་དང་། ནང་གི་རྩ་རླུང་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་དང་། དབུགས་དང་། ཆུ་སྲང་དང་། དབྱུ་གུ་དང་། འཕོ་བ་དང་། ཐུན་ཚད་དང་། ཉིན་མཚན་དང་། དེ་དག་བརྟེན་པ་ཡེ་ཤེས་འཆར་བ་དང་། ནུབ་པ་ལ་སོགས་པ་དང་། གཞན་ཡང་ཐུན་མོང་མིན་པའི་དབྱེ་བ་སོགས་མངོན་པར་འཚང་རྒྱ་བའི་བར་རྣམས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས་རྒྱ་ཆེར་བསྟན་པ་བཞིན་ནོ། །སྨྲས་པ། རྨད་བྱུང་ཚིག་གི་ག་བུར་བཅུད། །གཅུས་པའི་ངག་གི་དཔལ་གྱི་དུམ། །འདི་ཡང་བློ་གསལ་གདུང་སེལ་སླད། །བློ་གྲོས་མ་ལ་ཡ་ལས་འཁྲུངས། ཤུབྷཾ། ཞེས་སྣང་། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་སྤྱི་དོན་ལས་ཁོལ་བཏུས་སོ།། ༈ །།དཔལ་འབྲུག་པ་ཐམས་ཅད་མཁྱེན་པ་མི་ཕམ་པདྨ་དཀར་པོའི་ཞབས་ཀྱི་གསུངས་ལས། གསང་བ་འདུས་པའི་རྒྱན་ཞེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པར། གང་བཤད་བྱ་


JKT004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལུས། གང་གིས་འཆད་བྱེད་རྒྱན་བདུན་གྱིས་བརྒྱན་ཏེ་འཆད་པར། སྔ་མ་ལའང་ཐ་སྙད་ལ་བརྟེན་ནས་དོན་རྟོགས་པའི་ཕྱིར་མཚན། དེས་ཇི་ལྟར་གསུངས་ཤིང་བཀྲལ་བ།རྒྱུད་རང་གི་ངོ་བོ་གཏན་ལ་དབབས་པའོ། །ཞེས་གསུངས། གསང་འདུས་རྩ་རྒྱུད་ལ་བཤད་རྒྱུད་བདུན་གྱིས་འགྲེལ་ཏེ་ལྷ་མོ་བཞིས་ཞུས་ལྟ་བུ་རྩ་རྒྱུད་དུ་ཐིག་ལེའི་གནས་ཚུལ་འགའ་ཞིག་སྦས་པ་གསལ་བར་བྱེད་པ་མི་གསལ་བར་བྱེད་པ། ལྷ་གྲངས་དང་ཆོ་ག་༢༠མ་ཚང་བ་ཁ་སྐང་བ་མ་ཚང་བ་ཁ་སྐོང་བའི་རྒྱུད་རྡོར་འཕྲེང་གླིང་གཞི་དང་། ལྷ་ལ་སོགས་པ་འདྲ་མི་འདྲར་སྟོན་པ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྟ་བུ་ཚུལ་མི་འདྲ་བ། རྒྱུད་ཕྱི་མ་རྩ་རྒྱུད་ཀྱི་ལེའུ་བཅུ་བདུན་པོ་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་ནས་སྟོན་པ་དོན་བསྡུས་པ། རྣམ་སྣང་སྒྱུ་དྲྭ་ལྟ་བུ་སྔགས་དང་ལས་ཚོགས་རྩ་མཐུན་དུ་སྟོན་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལྟ་བུ་ཚིག་དོན་རྒྱན་བདུན་གྱི་སྒོ་ནས་བཤད་ཚུལ་སྟོན་པ། དགོངས་པ་ལུང་སྟོན་ལྟ་བུ་དགོངས་པའི་དོན་གསལ་བར་སྟོན་པའོ། །ཞེས་བཤད། ༈ །།སློབ་དཔོན་ཀླུ་བྱང་གིས། གསོལ་བ། ཉོན་མོངས་པ་ཐམས་ཅད་སྤངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བརྙེས་པ་རྣམས་འདིར་ཐ་མལ་པའི་ལུས་ལ་དགོད་པ་མི་འགལ་བ་ལགས་


JKT004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སམ། བཀའ་སྩལ་པ། ཇི་སྲིད་དུ་བཀྲུ་བཤལ་གྱི་སྣོད་ཡིན་པའི་དུས་སུ་ནི་མཆིལ་མ་འདོར་ལ། གཞོང་པའི་གནས་སྐབས་སུ་ནི་འཇིག་རྟེན་པ་རྣམས་ཟས་ཟའོ། །གཟུགས་བརྙན་སྐབས་སུ་ནི་མཆོད་པ་བྱེད་དོ། །དེ་བཞིན་དུ་ཐ་མལ་པའི་ལུས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་བརླན་པའི་སྔོན་གྱི་གནས་སྐབས་སུ་འཁོར་བའི་རྒྱུ་ཡིན་ལ། ཕྱིས་རང་བཞིན་ཡོངས་སུ་ཤེས་ཤིང་ཡོངས་སུ་དག་པས་ཐམས་ཅད་མཁྱེན་པ་གྲུབ་པའི་རྒྱུར་འགྱུར་བ་ལ་སྐྱོན་མེད་དོ། །ཞེས་དང་། འདིར་བསྟན་གྱི་སྦྱོར་དྲུག་དང་། དུས་ཀྱི་འཁོར་ལོ་ནས་བཤད་པའི་སྦྱོར་དྲུག་མིང་མཐུན་པ་ཙམ་ཡིན་གྱི། དོན་མི་གཅིག་གོ་ཞེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ་འདིར་ཡང་ཐ་མལ་གྱི་སྣང་བ་སྡུད་ཅིང་ཡེ་ཤེས་ཀྱི་སྣང་བ་སྤྲོ་བ་སོར་སྡུད། དེ་སྦྱངས་པ་རབ་ཀྱི་མཐར་ཕྱིན་པའི་སེམས་རྩེ་གཅིག་པ་བསམ་གཏན། རྡོ་རྗེ་བཟླས་པ་སྲོག་རྩོལ། སྲོག་རྩོལ་གྱི་ཡོན་པོ་འགགས་ནས་དབང་བསྐུར་བཟུང་བ་ལ་འཛིན་པ། སྟོང་པ་ཉིད་ཀྱི་གཟུགས་བརྙན་རྗེས་སུ་དྲན་པར་བྱེད་པ་ལ་རྗེས་དྲན། བདེན་གཉིས་གཅིག་ཏུ་སྦྱོར་བ་ལ་ཏིང་ངེ་འཛིན་ཞེས་བཤད་ཅིང་། དུས་ཀྱི་འཁོར་ལོར་ཡང་དེ་ཉིད་ལས་དོན་ཟུར་པ་ཅི་ཡང་མ་གསུངས་སོ།། ༈ །།རྒྱན་བདུན་ལས་དང་པོ་གླེང་བསླང་བ་ཡི་གྲངས་ནི་ལྔ། ཞེས་པས། རྒྱུད་འདིའི་མཚན་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་


JKT004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཛད། །སུ་ཞིག་བྱེད་པ་འདིའི་ཚད་ཅི། །ཚིག་འདིའི་དགོས་པ་ཅི་ཞིག་ཡིན། ཞེས་སོ། །གཉིས་པ་ཚུལ་ནི་རྣམ་པ་བཞི་དང་ཡང་། ཞེས་པ། རྒྱུད་དང་གླེང་གཞི་ཞེས་པ་དང་། ངེས་པའི་ཚིག་དང་རྒྱུ་ཡང་ངོ་། །ཞེས་པར་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་ཀྱི་ཆོས་ཀྱི་དབྱེ་བ་གཉིས། དང་པོ་ལ་ཡང་། རྒྱུད་གླེང་གཞི། ངེས་ཚིག །རྒྱུ་བཞིའོ། །དང་པོ་ནི་མི་གདུལ་བྱ་ཡིན་པས་འདྲ་བའི་སྐྱེ་བ་བཟུང་བ་ནི་རིགས་པ་ཁོ་ནའོ་ཞེས་དགོངས་པས་སོ། །གཉིས་པ་ནི། ཆགས་བྲལ་ལ་མ་བརྟེན་པར་སེམས་ཅན་རྣམས་མ་འདུལ་བའི་ཕྱིར་བཙུན་མའི་འཁོར་གྱི་ནང་ནས་ངེས་པར་འབྱུང་བའོ། །གསུམ་པ་ནི། དགོན་པར་གནས་པ་ལ་ཡང་འདོད་ཆགས་འབྱུང་བའི་ཕྱིར་དེ་བཟློག་སླད་འདུལ་བའི་བསླབ་གཞི་སྣ་ཚོགས་སུ་སྤྱོད་པའོ། །བཞི་པ་ནི། འབྲས་བུའི་བཞེད་པ་ཡོད་པས་བཅོམ་ལྡན་འདས་དགའ་བ་སྤྱོད་པ་ལ་སོགས་པའི་ཆོས་སྤྱོད་པར་མཛད་པ་དེ་ནི་རྒྱུ་ཡིན་ཏེ། འབྲས་བུ་ཐོབ་པར་བྱ་བ་ལ་ཐབས་ཡིན་པའི་ཕྱིར་རོ། །གཉིས་པ་ལའང་བཞི་ལས། དང་པོ་ནི། རྣམ་ཤེས། ཕུང་པོ། རླུང་། འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་སྐུར་བཟུང་བའོ། །གཉིས་པ་ནི། རིགས་ལྔར་བསྟན་པ་ཀུན་རྫོབ་སྟེ་དེ་བཟློག་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་


JKT004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རིགས་ཀྱི་ངོ་བོ་གཅིག་ཏུ་མཛད་པའོ། །འདི་གཉིས་རང་དོན་ཕུན་ཚོགས། གསུམ་པ་ནི། སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་པ་ཡིན་པས་དེ་དག་རྗེས་སུ་བཟུང་སླད་རྡོ་རྗེ་ལེགས་པའི་མཚོན་ཆ་བསྣམས་པ་དེ་དག་ཀྱང་ཡེ་ཤེས་རྣམ་པར་དག་པ་ཡིན་ནོ། །བཞི་པ་ནི། བཅོམ་ལྡན་འདས་ཁྲོ་ཆགས་ཀྱི་དབང་དུ་མཛད་ནས་སྒེག་པ་ལ་སོགས་པའི་གར་དགུའི་ཉམས་ཀྱི་སྤྱོད་པ་མཛད་ནས། གཞན་དག་ལ་ཡང་དེ་ལྟར་སྟོན་པར་མཛད་པའོ། །གསུམ་པ་ནི། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །ཞེས་དང་། དབྱེ་བ་དྲང་བ་ངེས་དོན་དང་།. །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་སྒྲ་མིན་ཏེ། །མཐར་ནི་དྲུག་ཅེས་བྱ་བར་གྲགས། ཞེས་པས་དང་པོ་ནི། སྐལ་པ་ངན་པའི་སློབ་མ་རང་བཞིན་གྱི་དོན་ལས་གཞན་པ་ཉིད་དུ་འཁྲིད་པ་དེ་དག་ལ་ནི་དེ་ཙམ་གྱིས་དོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་ནི། མཆོག་འདོད་པའི་སྐལ་ལྡན་ལ་ཡང་དག་པའི་དོན་གྱི་བདེན་པ་དེ་ཁོ་ན་ཉིད་ཇི་ལྟ་བ་རབ་ཏུ་སྟོན་པའོ། །གསུམ་པ་ནི། མོས་པ་སྣ་ཚོགས་པའི་འཁོར་གྱི་ནང་དུ་བརྗོད་པར་མི་རུང་བའི་ཕྱིར་འཇིག་རྟེན་ལས་འགལ་བའི་ཚིག་གི་སྦྱོར་བས་གསུངས་པའོ། །བཞི་པ་ནི། དབང་པོ་དམན་པ་ནི་སྟོན་པའི་སྣོད་དུ་རུང་བ་མ་ཡིན་ནོ། །འོན་ཀྱང་བླ་མར་གུས་ཤིང་བདེན་པ་དང་། དཀོན་མཆོག་གསུམ་ལ་སོགས་པའི་


JKT004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་གུས་པ་དང་བཅས་ཤིང་སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཅན་དེ་ཁོ་ན་ཉིད་ཀྱི་སྣོད་དུ་རུང་བ་དེ་དག་ལ། མཆོག་ཏུ་གསལ་བས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་སྟོན་པ་གང་ཡིན་པ་དེ་ནི་g དགོངས་པ་མ་ཡིན་པ། ཞེས་སོ། །ལྔ་པ་ནི། དཀྱིལ་འཁོར་གྱི་ཆོ་ག་དང་། རྟོག་པ་དང་། སྤྱོད་པ་སྒྲས་ཇི་ལྟར་བཤད་པ་དེ་ཁར་དོན་གནས་པའོ། །དྲུག་པ་ནི། བ་ལང་ཅེས་སོགས་འཇིག་རྟེན་ན་གྲགས་པ་དང་། དེ་བཞིན་ཅེས་སོགས་བསྟན་བཅོས་ལ་གྲགས་པའི་སྒྲ། ཀོ་ཊ་ཁྱུ་ལ་སོགས་པའི་སྒྲ་ལུགས་གཉིས་དེ་གང་དུའང་མ་གྲགས་པས་བཅོམ་ལྡན་འདས་ཀྱིས་རྟོག་གེ་པ་དང་སྒྲ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་དོན་དུ་དེ་བཞིན་གཤེགས་པ་ལྔའི་མཚན་ནམ་སྲོག་ལ་སོགས་པ་རླུང་གི་མིང་དུ་མཛད་པ་ལྟ་བུའོ། །དེ་ཡང་དགོངས་པ་དྲང་དོན་གྱི་ཁྱད་པར་ནི་སྒྲ་དང་དོན་གྱི་ཁྱད་པར། །དགོངས་པ་དང་ཇི་བཞིན་མ་ཡིན་པའི་སྒྲའི་ཁྱད་པར་ནི་འགལ་བ་དང་གྲགས་པ་མ་ཡིན་པའི་ཕྱིར་དང་། དགོངས་པ་དང་ཇི་བཞིན་པ་ནི་འགལ་བ་དང་མི་འགལ་བ་དང་ངེས་དོན་དང་དགོངས་མིན་གྱིས་ཁྱད་པར་ནི་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་གིས་སོ། །བཞི་པ་ནི། འཆད་ཚུལ་ཡང་ནི་རྣམ་པ་བཞིས། །ཞེས་པར། འཆད་ཚུལ་དབྱེ་བ་བརྗོད་པར་བྱ། །ཡི་གེའི་དོན་དང་སྤྱིའི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །ཞེས་པའི། དང་པོ་


JKT004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རང་བཞིན་རྐྱེན་དང་རྣམ་འགྱུར་མིང་ཡི་གེའི་ངེས་པ་སྒྲ་པས་བཞག་པ་དང་མཐུན་པར་སྟོན་པ། གཉིས་པ་ནི། མདོ་སྡེ་ལ་སོགས་པར་རབ་ཏུ་ཞུགས་པར་སྔགས་ཀྱི་ལམ་ལ་འཇུག་པའི་ཚེ་དམ་ཚིག་དང་སྤྱོད་པ་སོགས་ལ་སོམ་ཉིར་གྱུར་པའི་ཚེ་དེ་བཟློག་ཕྱིར་མདོ་སྡེ་དེ་དག་གི་རྗེས་སུ་སྟོན་པ་དང་། བསྐྱེད་པའི་རིམ་པ་སྟོན་པ་གཉིས། གསུམ་པ་ནི། འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་སྦྱོང་བ་དང་། བདག་བྱིན་གྱིས་བརླབས་པ་དང་། སེམས་རྣམ་པར་བདེན་པ་ཙམ་སྟོན་པ་གསུམ། བཞི་པ་ནི། འོད་གསལ་བ་དང་ཟུང་འཇུག་སྟོན་པ་གཉིས་སོ། །དེ་ཡང་ཡིག་དོན་ལ་དགོངས་མིན་དང་སྒྲ་ཇི་བཞིན་པ་གཉིས་སྤྱི་དོན་ལ་དྲང་ངེས། སྦས་དོན་གྱིས་དགོངས་བཤད། མཐར་ཐུག་པས་སྒྲ་ཇི་བཞིན་མ་ཡིན་པ་བསྡུས་ལ། ཡང་དང་པོ་གཉིས་ཀྱིས་བསྐྱེད་རིམ། སྦས་དོན་གྱིས་རྡོར་བཟླས་དང་སེམས་དབེན་རང་བྱིན་རླབས། མཐར་ཐུག་གིས་མངོན་བྱང་དང་ཟུང་འཇུག་བསྡུས་སོ། །ལྔ་པ་ནི། ལྔ་པའི་དབྱེ་བ་རྣམ་པ་གཉིས། ཞེས་དང་། འཆད་དང་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །གཉིས་པ་སློབ་མར་བཤད་པའོ། ཞེས་དང་། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུའང་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་དོན་རྣམས། །ཚོགས་པ་ལ་


JKT004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཤད་པར་འདོད། །ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་པ་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། ཞེས་སོ། །དྲུག་པ་ནི། དྲུག་པ་དབྱེ་gབ་ལྔ་དང་ལྡན། ཞེས་པས། །རྣམ་པ་ཀུན་ཏུ་སྟན་འདོད་འདིས། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ནི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཨུཏྤལ་པདྨ་དཀར་པོ་དང་། །ཙནྡན་རིན་པོ་ཆེ་ཡི་དཔེ། ཞེས་པས། ཙནྡན་ནི་བེམ་པོ། ཨུཏྤལ་ནི་ཐ་མ། པད་དཀར་འབྲིང་། པདྨ་མཆོག །རིན་པོ་ཆེ་ནི་ཡང་རབ་སྟེ། སྔ་མ་བཞི་ནི་ཚོགས་བཤད་དང་། ཕྱི་མ་གཅིག་ནི་སློབ་བཤད་ཀྱི་སྣོད་ཡིན་ནོ། །བདུན་པ་ནི། བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་པ། རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་སྒྲུབ་པའོ། །རྒྱན་དྲུག་པོ་མཐར་ཕྱིན་པས་བསྟན་བཅོས་ཀྱི་ལུས་རིམ་པ་གཉིས་སུ་ཕྱིན་པར་འགྱུར་རོ། །དེའི་ཕྱིར་རྒྱན་བདུན་ལ་རྣམ་པར་དབྱེ་བ་ཉི་ཤུ་རྩ་བརྒྱད་པ། །རྒྱན་དེས་ཇི་ལྟར་བརྒྱན་པའི་ཚུལ་ནི། ཐཱནྡྷས། གླེང་བསླངས་ལྔ་དང་མཐའ་དྲུག་རྒྱན། །བརྡ་ཡི་རྒྱུད་ལ་འཇུག་པ་ཡིན། །རིག་པ་རྣམ་བཞི་བཤད་པ་བཞི། །བདེན་གཉིས་ངེས་པའི་རྒྱན་དག་ནི། །དོན་ལ་


JKT004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་རྒྱན་ཡིན་ནོ། །ཞེས་དང་། ཀུ་མཱ་རས། མཐའ་དྲུག་ལ་ཚིག་དང་དོན་གྱི་རྒྱན་གཉིས་ཀ་དང་། རྒྱན་ཐོག་མ་དང་གཉིས་པ་ཀུན་འཇུག་པ་དང་། ཐ་མ་བསྡུས་པའི་རྒྱན་ཞེས་བཞེད་ལ། འཆད་ཚུལ་གཉིས་སྨྲ་བ་པོ་དང་། གང་ཟག་ལྔ་ཉན་པ་པོའི་རྒྱན་ནོ། །གསང་བ་འདུས་པ་ཞེས་པའི་དོན་ལ་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་དང་། རྒྱུད་ཕྱི་མར། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་སུ་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། ཞེས་པའི་དོན་སྒྲོན་གསལ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པའི་རིགས་གསུམ་ཡོངས་སུ་གྱུར་པ་སྟེ་ཡི་གེའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་སྤྱིའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་གསུམ་པོ་རང་བཞིན་གྱི་སྣང་བ་ནི་རླུང་གི་བཞོན་པ་ཅན་ཏེ་སྦས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་མཐར་ཐུག་པའོ། །ཞེས་དང་། འདུས་པ་ཞེས་པ་ནི་གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ་ཡི་གེའི་དོན་ཏོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་


JKT004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་སྟེ་སྤྱིའི་དོན་ཏོ། །ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་འདྲེས་པ་ནི་འདུས་པ་སྟེ་མཐར་ཐུག་པའོ། །ཞེས་བཤད་ལ། g དང་པོའི་དངོས་པོའི་གནས་ལུགས་དང་། དེ་ཁྱད་པར་དུ་བྱེད་པ་དབང་། གཉིས་པ་དང་གསུམ་པས་རིམ་བཞིན་བསྐྱེད་རྫོགས་ཏེ་ལམ། བཞི་པས་འབྲས་བུ་སྟེ། འདི་ཙམ་གྱིས་དབང་རྣོན་གྱིས་རྒྱུད་ཀྱི་དོན་གོ་བར་ནུས་པའོ། །ཞེས་བཤད།། ༈ །།ཡང་རྒྱུད་རང་གི་ངོ་བོ་གཏན་ལ་དབབ་པར་རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། ཞེས་སོགས། གཞི་ལམ་འབྲས་བུའི་རྒྱུད་དུ་བསྡུས་ནས་འཆད་པ། དང་པོ་ལའང་གཉུག་མ་དོན་གྱི་རྩ་རླུང་ཐིག་ལེ་གསུམ་དབྱེ་མི་ཕྱེད་པ་རོ་མཉམ་ཕྱག་རྒྱ་ཆེན་པོ། །དེ་གཏན་ལ་འབེབས་པར་བྱེད་པ་ལ། རྩ་བའི་རྒྱུད་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པའི་དོན། སློབ་དཔོན་ཀླུ་སྒྲུབ་སེམས་འགྲེལ་དུ། དངོས་པོ་ཐམས་ཅད་དང་བྲལ་བས་མུ་སྟེགས་དང་། ཕུང་ཁམས་སྐྱེ་མཆེད་དང་བྲལ་བས་ཉན་ཐོས་དང་། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པས་སེམས་ཙམ་གྱི་ལྟ་བ་སུན་ཕྱུང་ནས་ལྷག་མ་དབུ་མ་རང་ལུགས་བསྟན་པའི་ཚུལ་


JKT004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། གཉིས་པ་ལམ་ལ། སྨིན་བྱེད་དབང་དང་གྲོལ་བྱེད་གཉིས། དང་པོ་ལའང་ངོ་བོ་དབྱེ་བ་གཉིས། ཕྱི་མ་ལ། གང་གིས་དབང་བསྐུར་བའི་སློབ་དཔོན། གང་དུ་དབང་བསྐུར་བའི་དཀྱིལ་འཁོར། གང་བསྐུར་བའི་དབང་། གང་གི་གྲོགས་དམ་ཚིག་དང་སྡོམ་པ་རྣམ་པར་བཞག་པའོ། །ཞེས་དང་། སྒྲོན་གསལ་ལས་དཀྱིལ་ནི་སྙིང་པོ་ཀུན་རྫོབ་ཀྱི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པས་དྲྭ་དཀྱིལ་འཁོར་ཏེ་དྲྭ་བའི་དོན་ནོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པའི་དཀྱིལ་འཁོར་ཏེ། ཞེས་བཤད། དེ་ཡང་ཀླུའི་བློས་ཆོ་ག་ཉི་ཤུས་འགྲུབ་པར་བཤད། །གཉིས་པ་གྲོལ་བྱེད་ལ། མཆོག་གི་བསྙེན་སྒྲུབ་ཡན་ལག་བཞི་ལས། དང་པོ་ནི། སའི་ཆ་བསྐྱེད་པ་ནས་སྟག་མོས་བསྒོམ་པ་རྫོགས་པའི་བར་བསྙེན་པར་བྱ་ཞིང་བྱང་ཆུབ་ཀྱི་སེམས་ལ་དམིགས་པར་བྱ་བས་བསྟེན་པའི་ཡན་ལག་གོ། །དེ་ནས་རྡོ་རྗེ་སེམས་དཔའ་རྫོགས་པའི་བར་ནི་ཉེ་བར་གནད་དུ་བསྒྲུབ་པར་བྱ་ཞིང་བསྐྱེད་པར་བྱ་བ་ཉེ་བར་སྒྲུབ་པའི་ཡན་ལག །སྤྱི་བོར་རྣམ་སྣང་གི་རང་བཞིན་ཨོ་བཀོད་པ་ནས་ཏིང་ངེ་འཛིན་རྒྱལ་མཆོག་རྫོགས་པའི་བར་ནི་ཉེ་བར་བཞག་པའི་དོན་དུ་གསོལ་བ་འདེབས་པ་ཡིན་པས་རང་གི་དོན་བསྒྲུབ་པས་བསྒྲུབ་པའི་ཡན་ལག །དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་ནི་


JKT004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་གྱི་སྒྲུབ་པ་ཆེན་པོ་སྟེ་དེ་དག་ཀྱང་དང་པོ་སྦྱོར་བའི་ཏིང་འཛིན་ལ་རྒྱལ་མཆོག །དཀྱིལ་འཁོར་རྒྱལ་པོ་མཆོག །ལས་རྒྱལ་པོ་མཆོག་སྟེ་གསུམ་ལས། དང་པོ་ལའང་རྣལ་འབྱོར་སོགས་བཞི་སྟེ། ལྷ ཚོགས་བསགས། སྙིང་རྗེ་བསྒོམ་པ། སྲུང་འཁོར་བསྒོམ་པ། གཙོ་བོ་བསྒོམ་པ། མི་བསྐྱོད་པ་སྤྲུལ་ནས་བདག་ཉིད་ཞེ་སྡང་རྡོ་རྗེར་བསྒྱུར་བ། ཁྲོ་བོ་སྤྲོ་བ། བཀའ་བསྒོས་ཏེ་བགེགས་འཇོམས་པ། སྟོང་@པ་ཉིད་བསྒོམ་པ། གཞལ་ཡས་ཁང་བསྒོམ་པ། །དཀྱིལ་འཁོར་དགོད་པ། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ། ལྡང་བ། ཉི་མའི་དཀྱིལ་འཁོར་ལ་དམིགས་པ། ཟླ་བའི་དཀྱིལ་འཁོར་ལ་དམིགས་པ་བཅོ་ལྔས་ནི་རྣལ་འབྱོར། ཡི་གེ་དང་། ཕྱག་འཚན་དང་། རྡོ་རྗེ་འཆང་བསྐྱེད་པ་གསུམ་རྗེས་སུ་རྣལ་འབྱོར། མདུན་དུ་མི་བསྐྱོད་པ་སྤྲུལ་པ། དེར་བདག་ཉིད་ལ་ཞུགས་པ། རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུར་བསྒྱུར་བ། ཕུང་པོ་ཁམས་སྐྱེ་མཆེད། ཡན་ལག་ལ་དགོད་པ་བདུན་ཤིན་ཏུ་རྣལ་འབྱོར། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། དེ་གསུམ་དབྱེར་མི་ཕྱེད་པ། ཡེ་ཤེས་སེམས་དཔའ། རྒྱས་བཏབ། ཏིང་འཛིན་སེམས་དཔའ་བསྒོམ་པ་གསུམ་རྣལ་འབྱོར་ཆེན་པོ་ལྡན་པའི་འདུས་བྱས། རྡོ་རྗེ་པདྨ་འདུས་བྱས། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབ་པ། པདྨའི་ནང་དུ་སྔགས་ཀྱི་དཀྱིལ་འཁོར་ཕྱུང་བ།


JKT004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལྷའི་དཀྱིལ་འཁོར་བྱུང་བ་ལྔ་དཀྱིལ་འཁོར་རྒྱལ་མཆོག །ཕྲ་མོ་བཟླས་པ་ནི་དོན་ལ་ཞུགས་པ། གླུ་བསྐུལ། སླར་བཞེངས། བསྟོད་པ། ཉེར་བསྡུ། ཚིམ་པར་བྱེད་པའི་ཆོ་ག །ནང་གི་སྦྱིན་སྲེག་གཤེགས་གསོལ་གཏོར་མ། གཉིད་ལོག་པའི་ཆོ་གའི་དེ་ཉིད་བཞི་བཅུ་རྩ་དགུའོ། །རྡོ་རྗེ་ཕྲེང་བར་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཉིད་དབྱེ་བ་བཅོ་ལྔ་ཡིན། །དང་པོ་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་མན་ཆད་འབྱོར་སོགས། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ། བསྐྱེད་པའི་རིམ་པ་མདོར་བསྡུས་པའོ། །ཞེས་སོ། །གཉིས་པ་ནི། རིམ་པ་མཉམ་བཞག་བཞི་གཙོ་བོར་བསྟན་པ་སྦྱོར་བ་དྲུག་ལ་སོགས་པ་རྣམ་གྲངས་སུ་བཤད་པ་བོགས་འདོན་དུ་སྤྱོད་པ་རྣམ་པར་དབྱེ་བ་གསུམ་ལས། དང་པོ་ནི། སེམས་དབེན་ལ་སྟེང་སྒོ་རྣམ་གྲོལ་རང་ལུས་ཐབས་ལྡན། འོག་སྒོ་གཞན་ལུས་ཤེས་རབ། རིན་ཆེན་འཁོར་ལོའི་འཁྲུལ་འཁོར་ཐུན་མོང་དུ་འཇུག་པ། སྤྲོས་བྲལ་རྟོགས་མེད་དུ་འཆར་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་གདམས་ངག་བཞི། རིམ་པ་གསུམ་པ་སྒྱུ་མ་ལ། མཉམ་བཞག་དང་། རྗེས་ཐོབ་སྒྱུ་མ། ཕྱི་མ་ལ། སྣང་བ་རྨི་ལམ། བར་དོ་སྒྱུ་མ་


JKT004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། རིམ་པ་བཞིས་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་རིམ་པ་ལ། ཉིན་མོར་ལམ་དང་རང་བཞིན་བསྲེ་བ། མཚན་མོར་ལམ་དང་རང་བཞིན་བསྲེ་བ། བར་དོར་ལམཾ་དང་རང་བཞིན་བསྲ་བ་གསུམ། རིམ་པ་ལྔ་ཟུང་འཇུག་ལ་སློབ་པ་དང་མི་སློབ་པ་གཉིས་སོ། །སྤྱོད་པ་ལ་ཀུན་ཏུ་བཟང་པོའི་སྤྱོད་པའམ་རྣལ་འབྱོར་གྱི་སྤྱོད་པ། གསང་བའི་སྤྱོད་པའམ་རྨད་དུ་བྱུང་བའི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའམ་ཀུན་ཏུ་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའམ་སྔགས་ཀྱི་སྤྱོད་པ་རྣམས་སོ། །དེ་ཡང་གཉུག་མའི་ལུས་ངག་སེམས་གསུམ་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོའི་རང་བཞིན་གྱི་རྒྱུའི་རྒྱུད་དང་། ཤེས་རབ་ནི་སྨིན་པ་དང་གྲོལ་བ་རབ་ཏུ་ཤེས་པ་ཡིན་ལ། ཏིང་ངེ་འཛིན་ནི་ཤེས་རབ་ཀྱིས་རབ་ཏུ་དབྱེ་བ་ལ་དེ་སེམས་རྩེ་གཅིག་ཏུ་གྱུར་པ་སྟེ། དེས་ན་དེ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་ཕྱིར་གཞི་རྒྱུད་དང་། རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ཡིན་པས་ནས་ཐབས་རྒྱུད་དེ། མི་གནས་པའི་མྱང་འདས་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱིས་འཕྲོག་པར་མི་ནུས་པ་ནི་རིག་པའི་སྐྱེས་བུ་སྟེ། ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་ལྡན་པ་ནི་འབྲས་བུའི་རྒྱུད་དོ། །ཞེས་སོ། །དེ་ཡང་། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར་གཞི་དང་དེའི་རང་བཞིན་ཏེ། །མི་འཕྲོག་པ་ཡིས་རབ་ཕྱེ་བས། །རང་བཞིན་རྣམ་པ་རྒྱུ་


JKT004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་དོན་བསྡུས་པའོ། །ཞེས་སོ། །རྒྱན་བདུན་གྱིས་བརྒྱན་ཚུལ་ལ། འཆད་བྱེད་རྒྱན་གྱི་རྣམ་བཞག ། རྒྱན་དེས་ཇི་ལྟར་བརྒྱན་ཚུལ། རྒྱན་གྱིས་མཛེས་པའི་རྒྱུད་དངོས་གསུམ་ལས། སྔ་མ་གཉིས་ནི་སྨོས་ཟིན་ལ། ཕྱི་མ་ནི་བསྡུས་པའི་དོན་དང་། ཡང་དག་གི་དོན་གཉིས། དེ་ལའང་ལེའུ་བཅུ་བདུན་པོ་རེ་རེ་༧ ནས་བསྡུས་དོན་དང་། ཡང་དག་གི་དོན་འཆད་པའོ། །ཟླ་བ་འདུས་པའི་ཕྱག་གི་རྩེ། །ནུས་སྟེར་རྒྱུད་ཀུན་འཕེལ་བགྱིད་ཚེ། །བསྡུས་དོན་ཀུ་མུད་སར་པའི་འཛུམ། །རྣ་རྒྱན་གྱི་ནི་བརྫུ་བས་འོང་། ཞེས་ཀྱང་སྨྲས་སོ། །ཤུབྷཾ།། མཛོད་ཀྱི་སྐོར་སྣ་ཚོགས། མངོན་པ་མཛོད་ཀྱི་འགྲེལ་པར། ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་ལ་སོགས་པ་དང་བྲལ་བ་ལས་གཞན་གང་ཡིན་པ་དེ་ནི་སོ་སོར་བརྟག་མིན་པས་འགོག་པ་སྟེ། དེ་ཡང་སོ་སོར་བརྟག་པ་ལས་ཐོབ་པ་མ་ཡིན་པ་དང་། རྐྱེན་མ་ཚང་བ་ལས་ཐོབ་པ་ཡིན་ཏེ། དཔེར་ན་མིག་དང་ཡིད་གཟུགས་གཅིག་ལ་སེམས་པའི་གཟུགས་གཞན་རྣམས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་གང་ཡིན་པ་དག་ནི་འདས་པར་འགྱུར་ལ། དེ་དག་ལ་དམིགས་པའི་རྣམ་པ་ཤེས་པ་ཚོགས་ལྔ་པོ་དག་ནི་ཡང་སྐྱེ་བར་མི་ནུས་ཏེ། དེ་དག་འདས་པའི་ཡུལ་ལ་དམིགས་པའི་མཐུ་མེད་


JKT004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཞེས་དང་། ཆོས་ཀྱི་ཕུང་པོའི་ཚད་གང་ཞེ་ན། ཁ་ཅིག་བསྟན་བཅོས་མངོན་པའི་ཚད་ཅེས་ཟེར། དེ་ནི་ཤོ་ལོ་ཀ་དྲུག་སྟོང་ངོ་། །གཞན་དག་ཕུང་པོ་ལ་སོགས་པའི་གཏམ་རེ་ཡིན་པར་འདོད་ལ། ཡིན་ལུགས་ལ། སེམས་ཅན་ལ་སྤྱོད་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལ་སོག་པ་བརྒྱད་ཁྲི་ཡོད་དེ། དེ་རྣམས་ཀྱི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་དེ་དང་གྲངས་མཐུན་པར་གསུངས་སོ། །ཞེས་དང་། བསྟན་དུ་ཡོད་པ་ནི། འདི་འདི་ནས་སོ། ཆེ་གེ་མོ་ཞིག་ནས་སོ། །ཞེས་པའོ། །ཐོགས་པ་ནི། རང་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྒྲིབ་ཐོག །མིག་སོགས་ཀྱི་ཡུལ་ཅན་རྣམས་གཟུགས་སོགས་ལ་ཐོགས་པ་ཡུལ་ཐོགས་པ། སེམས་ལས་བྱུང་བ་རྣམས་རང་རང་གི་དམིགས་པ་དག་ལ་ཐོགས་པ་སྟེ་གསུམ་མོ། །ཞེས་བཤད།། ༈ །།དབང་པོ་ཉེར་གཅིག་ལས་མིག་སོགས་ལྔ་པོས་ནི་ཕན་ཚུན་རང་རང་གི་དོན་ཐམས་ཅད་ལ་དབང་བ་དང་། དེ་བཞིན་དུ། ཡིད་ནི་དོན་ཐམས་ཅད་ལ་དམིགས་པར་བྱ་བ་ལྷག་པར་དབང་བར་བྱེད་པ་དང་། ཕོ་ཉིད་དང་མོ་ཉིད་ལ་དབང་བར་བྱེད་པའི་ཕྱིར་ལུས་དབང་ཁོ་ན་ལ། རིས་མཐུན་པར་གནས་པར་བྱེད་པ་དབང་བའི་ཕྱིར་སྲོག་དབང་། ཚོར་བས་ཀུན་ནས་ཉོན་མོངས་པ། དད་སོགས་ཀྱིས་རྣམ་པར་བྱང་བ། མྱ་ངན་ལས་འདས་པ་སོགས་གོང་ནས་གོང་


JKT004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མར་སོང་བ་འཐོབ་པ་ལ་དབང་བྱེད་པའི་ཕྱིར། ཀུན་ཤེས་སོགས་གསུམ་སྟེ། དེ་ཡང་ཀུན་ཤེས་པར་བྱེད་པའི་དབང་པོས་ནི་ཀུན་ཤེས་པའི་དབང་ཐོབ་པ་ལ་དབང་བར་བྱེད་དོ། །ཀུན་ཤེས་པའི་དབང་པོས་ནི་ཀུན་ཤེས་ལྡན་པ་ཐོབ་པ་ལ་དབང་བར་བྱེད་དོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལ་དབང་བར་བྱེད་དོ། །མདོ་ནས་དབང་ནི་དབང་ཕྱུག་དམ་པ་ཡིན་ལ། དེས་དབང་བར་བྱེད་པས་དབང་པའོ། །ཞེས་དང་། མཐོང་ལམ་ནི་མི་ཤེས་པ་ཀུན་ཤེས་པར་བྱ་བ་ལ་ཞུགས་པ་ཡིན་ནོ། །སྒོམ་ལམ་ནི་སྔོན་མ་མཐོང་བ་ཀུན་ཤེས་པར་བྱ་བ་ནི་མེད་ཀྱི། ཕྲ་རྒྱས་ལྷག་མ་སྤང་བར་བྱ་བའི་ཕྱིར་དེ་ཉིད་ཀུན་ཤེས་པར་བྱེད་དོ། །མི་སློབ་པའི་ལམ་ནི། ཀུན་ཤེས་སོ་སྙམ་དུ་རྟོགས་པ་ནི་ཀུན་ཤེས་པ་སྟེ། དེ་འདི་ལ་ཡོད་པས་སམ་འདི་ཀུན་ཤེས་པ་བསྲུངས་བའི་ངང་ཚུལ་ཅན་ཡིན་པས་ཀུན་ཤེས་པ་དང་ལྡན་པའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་ཕྱིར་བདག་གི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱར་མེད་དོ་སྙམ་པ་སྟེ། དེ་ལྟ་བུའི་དབང་པོ་ནི་ཀུན་ཤེས་པ་ལྡན་པའི་དབང་པོ་ཡིན་ནོ། །ཞེས་སོ། །འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམ་པ་ལས་བྱུང་བའི་འབྲས་བུ་གཟུགས་ཁམས་བསམ་གཏན་བཞི་པའི་ནང་ཚན་ནོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་དེའི་རྒྱུ་སྟེ།


JKT004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ངེས་པར་འབྱུང་བ་འདོད་པས་ཏེ། ཐར་པ་འདོད་པས་དེ་ལ་སྙོམས་པར་འཇུག་གོ །དེ་དགེ་བ་ཡིན་ཡང་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ན་ལས་མཐོང་ཆོས་དང་ལན་གྲངས་གཞན་ལ་མྱོང་འགྱུར་མ་ཡིན་ནོ། །དེ་ཡང་སོ་སྐྱེ་ལས་འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །འགོག་པའི་སྙོམས་འཇུག་ནི་ཞི་བར་གནས་པའི་དོན་གྱིས་སྙོམས་པར་འཇུག་གི །ཐར་པར་འདོད་པས་མ་ཡིན་ཏེ། འདིས་སྲིད་རྩེར་སྐྱེ་བས་སྤྱི འདུ་ཤེས་དང་འདུ་ཤེས་མེད་མིན་ཁོ་ནའི་ས་སྟེ་གང་ཟག་ཀྱང་འཕགས་པ་ཁོ་ནས་བསྡུས་པའོ།། ༈ །།སྟོན་པས་བདེན་པ་བཞི་ཞེས་ཀྱང་བཤད། བདེན་པ་གཉིས་སུ་ཡང་གསུངས་ན་གཉིས་ཀྱི་མཚན་ཉིད་གང་ཞེ་ན། གང་ལ་ཆ་ཤས་བཅོམ་ན་དེའི་བློ་མ་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ལ་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ །གང་ལ་བློ་ཡིས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་ཆུ་ལྟ་བུ་དེ་ལ་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་བློ་མི་འཇུག་གོ །དེ་དག་ཁོ་ན་ཀུན་རྫོབ་དེའི་མིང་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་དབང་གིས་བུམ་པ་དང་ཆུ་ཡོད་དོ། །ཞེས་བརྗོད་པ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་གྱི་བརྫུན་པ་ནི་མ་ཡིན་པས་དེ་ནི་ཀུན་རྫོབ་གྱི་བདེན་པའི། །དོན་དམ་པའི་བདེན་པ་གཞན་ནོ་སྟེ། གང་ལ་བཅོམ་ཡང་དེའི་བློ་


JKT004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །དེ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་རོ་ལ་སོགས་པའི་ཆོས་བསལ་ཀྱང་རུང་། གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དེ། དེ་ནི་དོན་དམ་པར་ཡོད་པའི་ཕྱིར་དོན་དམ་པའི་བདེན་པའོ། །ཞེས་བཤད། ལུས་ཚོར་སེམས་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ལ་བསྟན་པ་ནི་དྲན་པ་ཉེར་བཞག་གོ །དང་པོ་ནི་རང་གི་ངོ་བོ། གཉིས་པ་ནི་འདུས་བྱས་ཐམས་ཅད་ལ་ཡོད་པ་མི་རྟག་པ། ཟག་བཅས་ཐམས་ཅད་ལ་ཡོད་པ་སྡུག་བསྔལ་བ། ཆོས་ཐམས་ཅད་ལ་ཡོད་པ་སྟོང་དང་བདག་མེད་པའོ། །ངེས་པར་འབྱེད་པས་ན་ངེས་པར་འབྱེད་པ་སྟེ་འཕགས་པའི་ལམ་མོ། །དེས་ཐེ་ཚོམ་སྤང་བའི་ཕྱིར་དང་། བདེན་པ་འདི་རྣམས་ནི་སྡུག་བསྔལ་ལོ་ནས་འདི་ནི་ལམ་མོ་ཞེས་པའི་བར་རྣམ་པར་འབྱེད་པའི་ཕྱིར་རོ། །དེའི་ཆ་ནི་མཐོང་ལམ་གྱི་ཕྱོགས་གཅིག་ཡིན་ཏེ། དེ་འདྲེན་པར་བྱེད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱའོ། །ཞེས་དང་། འཇིག་རྟེན་ཆོས་མཆོག་གི་མཇུག་ཐོག་ནས་འདོད་ཁམས་ལ་དམིགས་པའི་ཆ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་སྟེ། དེ་སྐྱེས་ནས་འཕགས་པའི་གང་ཟག་ཅེས་བྱ་བ་ཉིད་དོ་དེའི་རྗེས་ལ་དེ་ཉིད་ལ་དམིགས་པའི་ཆོས་ཤེས་པ་སྐྱེ་སྟེ་ངོ་བོ་དེ་ཁོ་ན་ཉིད་ཤེས་


JKT004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེའི་རྗེས་སུ་ལྷག་མ་གཟུགས་དང་གཟུགས་མེད་ན་སྤྱོད་པའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པ་སྐྱེ་སྟེ། དེ་བཞིན་བདེན་པ་ལྷག་མ་གསུམ་ལའང་སྦྱར་བས་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གོ། ༈ །།ཚད་མ་སྡེ་བདུན་གྱི་སྤྱི་དོན་ལས། སྡེ་པ་གཉིས་ཀ་འདོད་པ་མཐུན་པར་བསགས་པའི་རྡུལ་ཕྲ་རབ་ཆ་དང་བཅས་པ་དེ་འདོད་པ་ན་སྒྲ་དང་དབང་པོ་མེད་པས་རྡུལ་རྫས་བརྒྱད་ལྡན་དུ་སྐྱེ། རྫས་བརྒྱད་ནི་འབྱུང་བ་བཞིའོ། །འབྱུང་འགྱུར་བཞིའོ། །སྒྲ་མེད་ལ་དབང་པོ་དང་བཅས་ན་དགུའམ་བཅུ། ལུས་དབང་པོ་གཞན་མེད་ན་དེའི་ཁ་མིག་སོགས་གང་དང་ལྡན་པས་སྒྲ་དང་ལྡན། གོ་རིམ་བཞིན་དུ། དགུ། བཅུ། བཅུ་གཅིག་དང་ལྡན་པར་སྐྱེའོ།། ༈ །།རྒྱུ་འབྲས་བུའི་རྐྱེན་གྱི་རྣམ་པར་བཞག་པ་ལ། རྒྱུ་ནི་དྲུག་སྟེ། བྱེད་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ། ཀུན་ཏུ་འགྲོ་བའི་རྒྱུ། རྣམ་སྨིན་ཀྱི་རྒྱུ་དང་བཅས་པའོ། །དང་པོ་ནི། རང་གི་ངོ་བོ་ལས་གཞན་པའི་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་བྱེད་རྒྱུ་ཡིན་ཏེ། སྐྱེ་བ་ལས་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་སྟེ། དེ་ཡང་འབྱུང་བ་བཞིའམ་སེམས་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱིས་སམ། འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་མཚན་གཞིའི་ཡིན་ལ། དེ་དག་ཀྱང་


JKT004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དེའི་ཡིན་པ་ལྟ་བུའོ། །གསུམ་པ་ནི་བཅོས་འདྲ་བ་རྣམས་ཏེ། རང་རིགས་ཀྱི་དགེ་བ་རྣམས་ཀྱང་ཕན་ཚུན་དུ་དགེ་བ་དང་ཉོན་མོངས་པ་དག་ཀྱང་དེ་བཞིན་ནོ། །བཞི་པ་ནི། སེམས་དང་སེམས་ལས་བྱུང་བའི་ནང་ནས་གང་དག་ལ་རྟེན་མཚུངས་པ་ཡོད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དཔེར་ན་མིག་གི་རྣམ་ཤེས་རྟེན་མིག་དབང་སྐད་ཅིག་མ་གང་ཡིན་པ་དེ་ཉིད་དེ་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་ཀྱིའང་ཡིན་པ་ལྟ་བུའོ། །ལྔ་པ་ནི། རང་གི་ས་པའི་ཉོན་མོངས་པ་ཅན་གྱི་ཆོས་སྔར་སྐྱེས་པ་རྣམས་ཉོན་མོངས་པ་ཅན་གྱི་ཆོས། ཕྱི་མའི་ནི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ནོ། །དྲུག་པ་ནི། མི་དགེ་བ་དང་། དགེ་བ་རྣམས་ཀྱི་ཆོས་ཟག་པ་དང་བཅས་པ་ཁོ་ན་སྟེ། རྣམ་པར་སྨིན་པའི་དངོས་པོ་ཡིན་པའི་ཕྱིར་རོ། །གཉིས་པ་འབྲས་བུ་ལ། རྣམ་སྨིན། ཐུན་མོང་མ་ཡིན་པ། ཐུན་མོང་པ། བདག་ལྔ་ལས་ཕྱི་མ་འབྲས་བུ་བཏགས་པ་དང་། དང་པོ་གཉིས་རྒྱ་ཐ་མའི་འབྲས་བུ། གཉིས་པ་རྒྱུ་དང་པོའི། གསུམ་པ་སྐལ་མཉམ་དང་ཀུན་འགྲོའི། བཞི་པ་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུའི་འབྲས་བུའོ། །དེ་བས་བདག་པོའི་འབྲས་བུ་དང་སྐྱེས་བུ་བྱེད་པ་གཉིས་འདུས་བྱས་དང་ཁྱབ་མཉམ་མོ། །རྐྱེན་བཞིའི་དང་པོ་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ཐམས་ཅད་ཡིན་


JKT004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྐྱེན་བཞི་ནི། རྒྱུ། དམིགས་པ། དེ་མ་ཐག་པ། བདག་པོའི་རྐྱེན་ནོ། །དང་པོ་ནི། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་སྟེ། དེ་ཡང་མིག་དང་ཡུལ་གཟུགས་ལ་བརྟེན་ནས་དེའི་རྣམ་ཤེས་སྐྱེས་པ་ལྟ་བུའི་དུས་ལ་མཚོན་ན་མིག་གི་དབང་པོར་ལ་ཡོད་པའི་འབྱུང་བ་དང་འབྱུང་འགྱུར་རྣམས་ཏེ། དེས་རྒྱུ་བྱས་ནས་མིག་གི་དབང་ཤེས་ཚང་ཞིང་རྫོགས་པར་བསྐྱེད་པས་སོ། །གཉིས་པ་ནི། ཆོས་ཐམས་ཅད་དེ་འདུས་མ་བྱས་ཀྱང་ངོ་། །དེ་ཡང་ཡུལ་ཁ་དོག་དང་དབྱིབས་སུ་སྣང་བའི་གཟུགས་ཉིད་དེ་ལ་དམིགས་པས་སོ། །གསུམ་པ་ནི། དགྲ་བཅོམ་པའི་ཐ་མའི་ཡིད་མ་གཏོགས་པའི་སེམས་དང་སེམས་བྱུང་ཐམས་ཅད་དེ། མིག་གི་རྣམ་ཤེས་སྐྱེ་བའི་སྐད་ཅིག་མའི་ཤེས་པ་སྟེ། དེའི་སྐད་ཅིག་པ་གཞན་གྱིས་བར་མ་ཆད་པར་སྐྱེ་བའི་ཕྱིར་རོ། །བཞི་པ་ནི། བྱེད་རྒྱུ་ཐམས་ཅད་དེ། དཔེར་ན་མིག་གི་དབང་པོ་ཁོ་ན་སྟེ་དེའི་བདག་རྐྱེན་གྱིས་གཟུགས་མཐོང་བའི་ཕྱིར་རོ། །ཞེས་བཤད་དོ།། ༈ །རྒྱུད་སྡེ་བཞིའི་རྣམ་བཞག་དང་། བྱང་སྡོམ་སྐབས་ཀྱི་ཟིན་བྲིས་ཐོར་བུ་བཅས་དགེ །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བྱེ་བྲག་ཏུ་འབྱེད་པའི་སྒོ་ཙམ་ཞིག་བསྟན་པར་བྱ་སྟེ། དེ་ལ་ཡང་དབྱེ་བསྡུའི་བཞེད་ཚུལ་བསམ་གྱིས་མི་ཁྱབ་ཀྱང་རེ་ཞིག་བཞིར་དབྱེ་བའི་རྗེས་སུ་འབྲངས་ཏེ་ཅུང་ཟད་ཅིག་བཤད་པར་སྤྲོ་བ་ལ། དང་པོ་


JKT004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྒྱུད་དུ་ཇི་ལྟར་བཀྲི་བའི་ཚུལ། འཇུག་པ་དང་། སྦྱོར་བ་དང་། འགྲུབ་པ་དང་། གྲུབ་པའི་སྤྱོད་པ་བཞི་ལས། དང་པོ་ལ་གཉིས། རིག་པ་སྟེ་གསང་སྔགས་ཀྱི་ལྷ་བཟླས་ལུང་ཙམ་གྱིས་རྗེས་སུ་དྲན་པར་བྱེད་པ་རིག་པ་གཏད་པའི་ཚུལ་ཅན་དང་། རིགས་གང་ཡིན་པ་དེའི་གསང་བ་གསུམ་གྱི་རྗེས་སུ་སྒོ་གསུམ་ཉེ་བར་འགྲོ་བར་བཤད་པ་རྗེས་སུ་གནང་བ་དང་། རིགས་གང་གི་བྱ་བ་མཐའ་དག་ལ་དབང་བར་བྱེད་པ་དབང་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཇི་ལྟར་ཡང་དག་པའི་ལྟ་བ་མེད་པ་ལ་སྡོམ་བརྩོན་མེད་པ་དང་། སྐྱབས་སུ་མ་སོང་བ་ལ་ཆོས་འདི་པར་གཏོགས་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་མེད་པ་ལྟར། མངོན་པར་དབང་བསྐུར་བ་མ་བྱས་པ་དག་ལ་གསང་སྔགས་ཀྱི་ཐ་སྙད་མེད་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་སྔོན་དུ་ངེས་པར་འགྲོ་དགོས་ལ། སྡོམ་པ་བཟུང་བའི་ཚུལ་ཀྱང་། དམ་ཚིག་གསུམ་བཀོད་ལས། དེ་ལ་དམ་ཚིག་དང་སྡོམ་པ་བླང་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ལ། གཙང་སྦྲ་བྱས་ནས་གཡས་སུ་མེ་ཏོག་ཐོགས་ཏེ། གདོང་གཡོགས་པ་གཞུག་པར་བྱའོ། །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གཅིག་གཉིས་གསུམ་བཞིའམ་ལྔ་ཡང་གཞུག་པར་བྱ་ཞིང་། སྡོམ་པ་འདི་ལྟར་


JKT004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །བདག་ཆེ་གེ་མོ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་གྱིས། །ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་བདག་རབ་ཏུ་བཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་རྣམས་ཀྱིས་བདག་ལ་ཡོངས་སུ་བསྐྱབ་ཏུ་གསོལ། ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་བདག་ལ་སྩལ་དུ་གསོལ། ཞེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ཞེས་སོ། །དེ་ཡང་། སྤྱི་རྒྱུད་ལས། དེའི་ནུབ་མོ་ཅི་རིགས་པར། སློབ་མ་སྡོམ་པ་འཛིན་དུ་གཞུག །ཅེས་གསུངས་པས་སྟ་གོན་ལ་སོགས་པའི་གནས་སྐབས་ཅི་རིགས་པར་ནོད་པས་ཐོབ་བོ། །དབང་དངོས་ནི། གསང་བ་སྤྱི་རྒྱུད་མས། མདོར་ན་དེ་ལ་སོགས་པ་ཡི། །ཆོ་ག་རྒྱས་པར་བྱས་ནས་སུ། །ཡིད་ཀྱི་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱར་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཅིང་། །བློ་དང་ལྡན་པས་དབང་བསྐུར་བྱ། །དེ་ནས་


JKT004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་བློས་ནི་སྤྱི་བོར་གཏུགས། །གསང་སྔགས་རྒྱུད་ནི་འཛིན་འགྱུར་བ། །བློ་དང་ལྡན་པས་དབང་བསྐུར་རོ། །ཞེས་ཆུའི་དབང་བསྐུར་གསལ་བར་གསུངས་ཤིང་། འཇམ་དཔལ་རྩ་རྒྱུད་ལས། དང་པོ་རེ་ཞིག་དབང་བསྐུར་བ་བྱིན་ཏེ། ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་འཆིང་དུ་གཞུག་པར་བྱའོ། །ཞེས་ཕྱག་རྒྱའི་དབང་གསུངས་པ་དེའི་ཤུགས་ཀྱིས་དབུ་བརྒྱན་གྱི་དབང་བསྐུར་བ་ཡང་བསྟན་པར་འདོད་དེ་བྱ་རྒྱུད་རང་རྐང་གི་དབང་ནི་དེ་ཙམ་དུ་ཟད་ལ། དཀྱིལ་ཆོག་འགའ་ཞིག་ལས་རྣལ་འབྱོར་གྱི་རྒྱུད་བཞིན་ཕྱིར་མི་ལྡོག་པའི་དབང་ཡན་ཆད་ཙམ་ཅི་རིགས་བསྐུར་བར་སློབ་དཔོན་པདྨ་ལྕགས་ཀྱུ་སོགས་ཀྱིས་བཤད་དོ། །དེ་ནི་དབང་ལ་སོགས་པ་ནོད་པ་སྟེ་འཇུག་པ་དང་པོའོ། །གཉིས་པ་ནི་བརྟུལ་ཞུགས་བསྟེན་པ་སྟེ། དེ་ལ་རྣམ་པར་དབྱེ་བ་དང་། བསླབ་གཞི་ཡོངས་སུ་བཟུང་བའི་ཚུལ་གཉིས་ལས། དང་པོ་ནི། གང་གི་ཚེ་སྡོམ་པ་དོན་གཉེར་གྱི་ཀུན་སློང་རྩེ་གཅིག་པ་ནི་སྨོན་པའི་སེམས་དང་། ཇི་ལྟར་བསྒོམ་པའི་དམིགས་པ་རྣམས་ལས་མི་གཡོ་བ་ནི་འཇུག་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་ནས་རིག་སྔགས་འཆང་གི་ཁྲིམས་དང་ལྡན་པ་ཡིན་ནོ། །དེའི་ཆེད་དུ་ལུང་ལས་ཇི་སྐད་བསྟན་པ་དང་མཐུན་པར་སྤྱོད་ལམ་ཐམས་ཅད་དུ་ལྷའི་མཛད་པ་མཛད་པ་དང་། སྐུའི་རྣམ་པ་བརྟན་པའི་ང་རྒྱལ་དང་མི་


JKT004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་ལ་སློབ་པར་བརྩོན་པ་ནི་གནས་པའི་བྱང་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་པའི་ཚེ་བརྟུལ་ཞུགས་ལ་གནས་པ་ཡིན་ནོ། །དེའི་ངང་ནས་སྦྱིན་སྲེག་དང་། མཆོད་པ་དང་། གཏོར་མ་ལ་སོགས་པའི་ལས་། སྤྱོད་པ་ལྡང་པའི་བྱང་ཆུབ་སེམས་ཀྱི་སྡོམ་པ་སྟེ། དེ་ཐོབ་པ་དེའི་ཚེ་སྤྱད་པ་སྤྱོད་པ་ཡིན་ནོ། །དེའི་ཕྱིར་བྱ་རྒྱུད་ཀྱི་རིགས་སྔགས་འཆང་བའི་རྒྱའི་གནས་སྐབས་ཀྱི་དམ་ཚིག་གསུམ་ནི་དེ་དག་ཏུ་ངེས་པ་ཡིན་ནོ། །འབྲས་བུའི་གནས་སྐབས་ནི་འོག་ནས་འཆད་འགྱུར་ལས་ཤེས་སོ། །གཉིས་པ་ལ་གསུམ། བསླབ་བྱའི་དམ་ཚིག །བསྲུང་བྱའི་རྩ་ལྟུང་༡༦། ཉམས་ན་ཕྱིར་བཅོས་ཚུལ་བཤད་པ་གསུམ་ལས། དང་པོ་ནི། སྒྲུབ་ཚིག་གིས་གསུངས་པ་དང་༡༢། དགག་ཚིག་གིས་གསུངས་པ་ལས༡༨། དང་པོ་ནི། །དཀོན་མཆོག་གསུམ་ལ་དད་པ་བསྐྱེད་པ། ༡ །གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ཚོགས་ལ་དད་པ་སྟེ། དེའི་དབྱེ་བའང་། སློབ་དཔོན་ཛྙཱ་ན་ཤཱིས། དེ་ཡང་ལྷ་ཕོ་ནི་གསང་སྔགས། མོ་ནི་རིག་སྔགས། སྔགས་གཅིག་ཉིད་ལ་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུགས་སྔགས་སོ། །ཡང་སྔགས་གཅིག་ཉིད་ལ་དེ་གསུམ་ཚང་བ་དང་། ལྷ་གཅིག་ལ་སྔགས་དེ་གསུམ་ཆར་ཚང་བ་ཡང་ཡོད་ལ། རིག་སྔགས་གཟུངས་སྔགས་གཉིས་ཀ་ལྷ་ཕོ་མོར་བཞག་པ་ཡང་ཡོད་པས། མཐའ་གཅིག་ཏུ་མ་ངེས་སོ། །ཞེས་


JKT004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་དག་ཀྱང་དོན་དམ་པར་ཐབས་ཤེས་གཉིས་སུ་མེད་པའི་ཡིན་པའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དེ་ཉིད་དེ་ཁོ་ན་ཉིད་ཤེས་པས་དང་འགྲོ་བ་སྐྱོང་བར་བྱེད་པས་སམ་ཡིད་སྐྱོབ་པར་བྱེད་པས་སྔགས་སོ། ༢ །ཆེན་པོ་བདུན་དང་ལྡན་པའི་ཐེག་པ་ལ་ཁྱད་པར་དུ་མོས་པ་སྟེ། དེ་ཡང་དཔུང་བཟང་ལས། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཞེས་སོ། ༣ །བླ་མ་དང་། དམ་ཚིག་ཅན་ཏེ་འདི་བའི་སྔགས་པ་དང་། མཛའ་བོ་སྟེ་སྒྲུབ་པ་པོའི་གྲོགས་རྣམས་ལ་གུས་པར་བྱ་བ་དང་། ༤ ཉ་སྟོང་ལྟ་བུའི་ཐུན་མཚམས་ཀྱི་ཁྱད་པར་ལ་འཇིག་རྟེན་པའི་ལྷ་ལ་མཆོད་པར་བྱ་སྟེ། མ་མཆོད་ན་གེགས་སུ་འགྱུར་བའི་ཕྱིར་དང་། ༥ རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞིར། ཕྱོགས་མི་འབྱེད་པར་སྦྱིན་པས་མགྲོན་པོ་གློ་བུར་བ་མཆོད་པར་བྱ་བ་དང་། ༦ མདོ་སྡེ་བཀླག་པ་དང་། མཆོད་རྟེན་གདབ་པ་དང་། དེ་ལ་བཀུར་སྟི་བྱ་བ་སོགས་བསོད་ནམས་ཀྱི་ཚོགས་སྒྲུབ་པ་དང་། ༧ འཕགས་པ་དགྱེས་པའི་སྤྱོད་པ་བཟླས་བརྗོད་ལ་སོགས་པ་གསང་སྔགས་སྤྱོད་པ་ལ་བརྩོན་པ་སྟེ། དེ་ཡང་དཔུང་བཟང་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་འབྱུང་ཧ་ཅང་ཆུང་བ་མིན། །སྨྲ་བཞིན་


JKT004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚིག་དྲག་ཉམས་པར་མིན། ཞེས་པའི་དོན་རིམ་པར། ༡ ཟུར་མ་ཕྱིན་པ་དང་། སེམས་གཞན་དུ་གཡེང་བ་༢དང་། རྒོད་པ་༣དང་། བྱིང་པ་༤དང་། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་ཚིག་ལ་ཕལ་པ་འདྲེས་པས་དངོས་གྲུབ་མི་འབྱུང་བ་༥དང་། ལྷའི་སྐུ་དང་། ཡི་གེ་དང་། སྒྲ་མ་གཏོགས་པར་གཞན་དུ་འགྲོ་བ་༦དང་། དམིགས་པ་དང་འདོན་པ་གཉིས་ཀར་གུག་སྐྱེད་སོགས་༧ཉམས་པ་རྣམས་སྤང་དགོས་པའོ། ༨ །རིགས་གསུམ་སོ་སོ་དང་། དེའི་ནང་ཚན་ལྷ་དང་། ལས་དང་། དངོས་གྲུབ་གང་བསྒྲུབ་པ་དེའི་དང་། གང་ཟག་སོ་སོའི་ཐུན་མོང་མ་ཡིན་པའི་དམ་ཚིག་རང་རང་གི་རྒྱུད་ལས་བསྟན་པ་བཞིན་བསྲུང་བ་དང་། ༩ གསང་སྔགས་ཟབ་མོའི་རྒྱུད་རྣམས་ཐམས་ཅད་དུ་མི་བསྟན་པར་གསང་ཞིང་སྦ་བ་སྟེ་རྒྱུད་བསྲུང་བ་དང་། དེའི་དོན་ལ་ཐོས་བསམ་སྒོམ་གསུམ་གྱིས་རྟོགས་པར་བྱ་བ་དང་། ༡༠ འདོད་ཆགས་ཤས་ཆེ་བ་ལ་མི་སྡུག་པ་དང་། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་འབྲེལ་ལ་སོགས་པས་བཟློག་སྟེ་སྒོ་གསུམ་ཉེ་བར་ཞི་བར་བྱ་བ་དང་། ༡༡ དུས་གསུམ་དུ་ཁྲུས་དང་གཙང་སྦྲ་བསྒྲུབ་པ་སྟེ་བཅུ་གཉིས་སོ། ༡༢ །གཉིས་པ་དགག་ཕྱོགས་ནི། གསང་སྔགས་དང་། ལྷ་དང་། ཟློས་པ་བདག་ཉིད་ཆེན་པོ་སྟེ་ཡོན་ཏན་གྱི་ཞིང་ལ་


JKT004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བ་སྤང་བ་དང་། ༡ གཞན་མུ་སྟེགས་བྱེད་ལ་སོགས་པའི་གཞུང་གཅེས་པར་བཟུང་ནས་མི་མཆོད་པ་དང་། ༢ །ཁུངས་ནས་ཇི་ལྟར་འབྱུང་བ་ལས་གསང་སྔགས་ཀྱི་ཆོ་ག་རང་བཟོའི་བརྙས་ཐབས་སུ་མི་བྱ་བ་དང་། ༣ གཞན་གྱིས་རྗེས་སུ་མ་གནང་བར་སྔགས་ལ་རང་དགར་འཇུག་པ་དང་། ༤ གདོན་སོགས་ལ་བསད་བསྐྲད་བཅད་པ་སོགས་དྲག་པོའི་ལས་སྦྱོར་མི་བྱ་བ་དང་། ༥ ཞི་བའི་ལས་བྱེད་པ་རྣམས་ལ་མི་འགྲུབ་པའི་དོན་དུ་དྲག་པོ་ལ་སོགས་པའི་ཚུལ་དུ་མི་བསྒྱུར་བ་སྟེ། མདོར་ན་དངོས་གྲུབ་སྒྲུབ་པ་ལ་ཕན་པའི་ལས་སྦྱོར་མ་གཏོགས་ནུས་པ་འགྲན་པ་དང་། གཞན་ལ་ཉམས་སད་པའི་ཕྱིར་བདག་གི་གསང་སྔགས་ལས་མ་མི་སྦྱོར། ༦ །དམ་ཚིག་མི་ཤེས་ཤིང་བསྲུང་བར་མི་ནུས་པ་ལ་དབང་བསྐུར་མི་སྦྱིན་པ་དང་། ༧ །ཕྱག་རྒྱ་དང་། བཞོན་པ་ཤིང་རྟ་སོགས་དང་། མཚན་མ་དག་མི་འགོང་ཞིང་། ° དེ་ལྟ་བུའི་དབྱིབས་ཅན་མི་ཟ་བ་དང་། ༨ ཟས་དང་སྤྱོད་པ་ལ་སྒོ་གསུམ་མ་བསྡམ་པར་མི་བྱ་བ་དང་། ༩ ཕྱག་རྒྱ་ལ་སོགས་པའི་མཚན་མ་ཅན་གྱི་ཟས་དང་། །ཤ་ཆང་ཀེའུ་སྒོག་བཙོང་འབྲུ་མར་དང་། །ཏིལ་དང་ལ་ཕུག་འབྱུང་པོའི་ཁ་ཟས་དང་། །ལྷ་བཤོས་གཏོར་མ་ལ་སོགས་མ་གནང་ཟས། ཞེས་པ་རྣམས་མི་ཟ་བ་དང་། ༡༠ སེམས་ཅན་སྡུག་བསྔལ་བ་སོགས་ལ་བྱམས་པ་བཏང་བར་མི་བྱ་བ་དང་། ༡༡ །


JKT004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཟློས་ནས་མི་ཟིན་བར་དུ་མི་སྨྲ་བ་དང་། ༡༢ ཉེས་པ་ཆུང་ངུ་དག་ལ་ཁྲོས་ནས་དྲག་ཤུལ་གྱི་ལས་མི་བྱ་བ་དང་། ༡༣ བདག་གི་ལུས་ལ་སོགས་པ་བརྙས་པར་མི་བྱ་བ་དང་། ༡༤ སེམས་ཅན་གཞན་ལ་སླད་པར་མི་བྱ་བ་དང་། ༡༥ །དཔུང་བཟང་ལས། ཚིག་རྩུབ་ཕྲ་མ་ཀྱལ་པ་སྨྲ་བ་དང་། །གཞན་གྱི་བུད་མེད་བསྒྲོད་དང་བརྫུན་སྨྲ་དང་། །བརྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང་། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། ཞེས་སོགས་གནས་ངན་ལེན་རྣམས་སྤོང་བ་དང་། ༡༦ ལྟད་མོ་བལྟ་བ་དང་། སེར་སྣ་དང་། རྒྱགས་པ་དང་། །ཁེངས་པ་རྣམས་བསྐྱུང་བར་བྱ་བ་དང་། ༡༧ བཤང་གཅི་ཆུའམ་དེའི་ཉེ་ཕྱོགས་སུ་མི་འཐོར་བ་སྟེ་བཅོ་བརྒྱད་དོ། ༡༨ །གཉིས་པ་རྩ་ལྟུང་བཅུ་དྲུག་ནི། ཆད་པར་ལྟ་བས་ཡང་དག་པའི་ལྟ་བ་མེད་པར་བྱེད་པ། ༡ །དཀོན་མཆོག་གསུམ་སྤངས་པས་ཆོས་འདི་པ་དང་། ༢ ཀུན་རྫོབ་བྱང་སེམས་སྤངས་པས་ཐེག་པ་ཆེན་པོ། ༣ དབང་བསྐུར་སྤངས་པས་རྡོ་རྗེ་ཐེག་པ་སྤངས་པ་དང་། ༤ བླ་མར་འཁུ་བས་དངོས་གྲུབ་ཐམས་ཅད་མེད་པར་བྱེད་པའི་ཕྱིར་རྩ་བའི་ལྟུང་བ་ཞེས་འཇམ་དཔལ་རྩ་རྒྱུད་ལས་བཤད་དོ། །དཔུང་བཟང་ལས། ཕ་མ་དགྲ་བཅོམ་བསད་པ། དགེ་འདུན་གྱི་དབྱེན་བྱེད་པ། ༩ དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ། ༡༠ །སྟེ་མཚམས་མེད་


JKT004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། མཆོད་རྟེན་འཇིག་པ༡༡། བྱང་སེམས་གསོད་པ༢༣། དགྲ་བཅོམ་༡༤པ་སུན་འབྱིན་པ། སློབ་པ་གསོད་པ། དགེ་འདུན་གྱི་དཀོར་འཕྲོག་པ་༡༤སྟེ་ཉེ་བའི་མཚམས་མེད་ལྔ། སྙིང་ནས་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་སྟེ་༡༠བཅུ་གཅིག་གསུངས་ཏེ། དེ་དག་སྤྱད་ན་ཕུང་པོ་འདི་ལ་དངོས་གྲུབ་མི་ཐོབ་པ་དང་། སྡུག་བསྔལ་མཐའ་ཀླས་པ་ཉམས་སུ་མྱང་བས་སོ། དེ་དག་ཀྱང་བསྡུ་ན་གཞི་དང་ཡན་ལག་གི་དམ་ཚིག་གཉིས་སུ་འདུ་བ་ལས། གཞི་ནི་རྩ་ལྟུང་བཅུ་དྲུག་དང་། ཡན་ལག་ལ་ཐམས་ཅད་དུ་ཐུན་མོང་དུ་བྱ་བ་དང་། ཁྱིམ་པ་དང་རབ་བྱུང་སོགས་བྱེ་བྲག་སོ་སོར་བྱ་བ་དང་། གནས་སྐབས་འགའ་ཞིག་ཏུ་ལྷག་པར་བྱ་བ་གསུམ་དུ་གསུང་སྟེ། འཇམ་དཔལ་རྩ་རྒྱུད་ལས། དམ་ཚིག་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཞི་དང་། ཡན་ལག་གོ །ཞེས་དང་། ཡན་ལག་ཏུ་བརྗོད་པའི་དམ་ཚིག་གང་ཞེ་ན། གཞི་རྣམ་པ་བཞི་ལ་བསྟེན་པའི་དབང་ལས་ཐོབ་པའི་དམ་ཚིག་ཇི་སྙེད་པ་སྟེ། དེ་ཡང་ཐུན་མོང་དང་། བྱེ་བྲག་དང་། ལྷག་པ་གསུམ་མོ། །ཞེས་སོ། །དེ་དག་ཀྱང་བསྡུ་ན་རིགས་ལྔའི་དམ་ཚིག་ཏུ་འདུ་ཞིང་། དེ་ཡང་བྱ་རྒྱུད་ལ་རིགས་གསུམ་ལས་མི་འདོད་པ་ནི། གཙུག་ཏོར་དྲི་མེད་ཀྱི་འགྲེལ་པར། ལྷ་རིགས་ལྔ་དང་། རིགས་ལྔའི་ཤིས་བརྗོད་འབྱུང་བ་སོགས་ཀྱིས་གནོད་ལ། དོན་དུ་དངོས་གྲུབ་ཁྱད་


JKT004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་བསྒྲུབ་པའི་གཙོ་བོ་ནི་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་དུ་འདུ་བའི་དོན་ཡིན་གྱིས་དེའི་གྲངས་དང་རྒྱལ་བའི་རིགས་ཀྱི་གྲངས་མཚུངས་པར་དགོངས་པ་མ་ཡིན་པས་རིགས་ལྔའི་སྡོམ་བཟུང་མི་ཐོབ་པར་སྨྲ་བའང་གྱི་ན་ཙམ་མོ། །གསང་བ་སྤྱི་རྒྱུད་དང་། དཔུང་བཟང་དང་། ལེགས་གྲུབ་སྟེ་བྱ་བ་སྤྱིའི་རྒྱུད་གསུམ་ལས་གསུངས་པའི་བརྟུལ་ཞུགས་ཀྱི་རྣམ་པར་དབྱེ་བ་ཐམས་ཅད་ཀྱང་སྨོས་མ་ཐག་པར་དོན་གྱིས་འདུ་ཞིང་། རྒྱུད་གཞན་བྱེ་བྲག་པ་དག་གི་ཡང་ངོ་། །གསུམ་པ་ཉམས་ན་ཕྱིར་བཅོས་པ་ནི། སྤྱི་རྒྱུད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེ་ནི་རང་རང་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་རྡོ་རྗེ་མི་ཕམ་པར་མེ་ལྟར་རབ་ཏུ་རྨོངས་པར་བྱེད་པའི་གཟུངས་ཡིན་པར་གནའ་མཆན་ལས་བཤད། གཟུངས་སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་བླ་མ་བརྟེན་པའམ། བདག་འཇུག་གམ། ལེགས་གྲུབ་ལས་དཀྱིལ་འཁོར་སྒྲུབ་མཆོད་ཚུན་རང་གིས་བྱས་ནས། དབང་བསྐུར་དངོས་བླ་མའམ་སྒྲུབ་གྲོགས་ཀྱིས་བྱེད་པར་གསུངས་སོ། །དཀྱིལ་འཁོར་དུ་ཡང་འཇུག །ཞེས་སོ། །གཉིས་པ་སྦྱོར་བ་ལ་གཉིས། ཀུན་རྫོབ་ཏིང་ངེ་འཛིན་རྣམ་བཅས་དང་། དོན་དམ་ཏིང་ངེ་འཛིན་གཉིས་སུ་མེད་པའི་སྦྱོར་བའོ། །དང་པོ་ལ་ལྷའི་རྣལ་འབྱོར་གྱི་ཆོ་ག་དང་།


JKT004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་བསམ་གཏན་གཉིས། དང་པོ་ནི་གཙང་སྦྲ་བྱ་བ་དང་། གནས་དང་བདག་བསྲུང་བ་དང་། མདུན་གྱི་བྲིས་སྐུ་ལ་ལྷ་སྤྱན་དྲངས་ནས་མཆོད་དེ། དེའི་སྤྱན་སྔར་རང་གི་རིགས་དང་མཐུན་པའི་སྐྱིལ་ཀྲུང་གིས་གནས་ནས། བདག་གི་དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུའི་ཕུང་པོ་ལྔ་པོ་འདི་དག །གང་ཟག་དང་ཆོས་ཀྱི་བདག་གཉིས་དང་བྲལ་བ་གཟུང་འཛིན་གྱིས་སྟོང་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་འོད་གསལ་བའི་བྱང་ཆུབ་ཀྱི་སེམས་བསྒོམས་ཤིང་། དེ་ནས་བདག་གི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པའི་སྣང་བ་ལས་འདས་ནས། བདག་གི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་མཚུངས་པའི་ལྷའི་དེ་ཁོ་ན་ཉིད་སྣང་བ་མེད་པར་རང་གི་རིག་པ་མངོན་སུམ་དུ་གྱུར་ཀྱི་བར་དུ་བསྒོམ། དེ་ལས་ལངས་ནས་གསང་སྔགས་ཀྱི་སྒྲར་བརྟག །དེ་ལ་སྔགས་ཀྱི་ཡི་གེའི་རྣམ་པ་ནམ་མཁའ་གནས་པར་བསམ། དེ་ཡང་ཟླ་བའི་དཀྱིལ་འཁོར་དང་གཅིག་ཏུ་གྱུར་པ་ལས་འོད་ཟེར་སྤྲོ་བསྡུས་རང་གི་ལྷག་པའི་ལྷའི་གཟུགས་སུ་བསྐྱེད། དེ་ནས་གཙུག་ཏོར་ལ་སོགས་པ་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཡན་ལག་དང་བཅས་པར་བྱས་ལ་རྣམ་པར་རྟོག་པ་དང་བཅས་པའི་ལྷར་བསྒོམ་མོ། །དེ་ལྟ་བུ་ལ་སེམས་གཞན་དུ་མི་འཕྲོ་བར་བསྡམས་ནས་བཟླས་བརྗོད་མ་རྫོགས་ཀྱི་བར་རམ་ཅི་ནུས་པར་སྲོག་རྩོལ་བཟུང་སྟེ། སྲོག་དང་རྩོལ་བ་རབ་


JKT004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྡམ། ཞེས་སོ། །གཉིས་པ་ནི། མདུན་གྱི་ཐུགས་ཀའི་ཡི་གེ་ལ་དམིགས་པ་དང་། རང་གི་སྙིང་གའི་ཡི་གེ་ལ་དམིགས་པ་དང་། སྒྲ་ལ་དམིགས་པའོ། །དེ་ལ་དང་པོ་ནི། སྒྲ་སྔགས་ཀྱི་ཕྲེང་བ་དང་། སེམས་ཟླ་བའི་དཀྱིལ་འཁོར། གཞི་སངས་རྒྱས་ཀྱི་སྐུ་རྣམ་རིམ་པ་འདིས་གཅིག་ཅར་དམིགས་ཤིང་ཡིད་བཟླས་སམ་ཤུབ་བུས་བཟླ། བར་སྐབས་སུ་རླུང་བག་ཡངས་སུ་བྱ་ཞིང་དབུགས་འབྱུང་བ་ན་གསང་སྔགས་མི་འགྱུར་བར་གཞི་རང་གི་བསྒོམ་པའི་ལྷ་ལ་བལྟས། ཡང་སྔར་བཞིན་མདུན་གྱི་སྐུ་ལ་སོགས་པ་གསུམ་ལ་དམིགས་ཤིང་དབུགས་དབྱུང་བའི་མཐའི་བར་སྲོག་རྩོལ་བསྡོམས་ལ་བཟླས་བརྗོད་བྱའོ། །ངལ་ན་སྒྲ་ལ་སོགས་པ་རིམ་པས་བསྡུས་ཏེ་ཐ་མལ་གྱི་ངང་ནས་ལྡང་ངོ་། །གཉིས་པ་ནི། རླུང་ནང་དུ་འཇུག་པ་ན་ལྷན་ཅིག་ཏུ་ཟླ་བ་སྔགས་དང་བཅས་པ་རང་གི་སྙིང་གར་བསྡུས་ནས་དང་། ཕྱིར་འབྱུང་བ་དང་བསྟུན་མདུན་གྱི་སངས་རྒྱས་ཀྱི་ཐུགས་ཀར་བཀོད་ལ་བཟླས་བརྗོད་གཏོང་གི་བར་དུ་བཟླས་ཤིང་། གཏོང་བའི་ཚེ་ཡན་ལག་བཞི་ཆར་ཐེངས་གཅིག་ཏུ་དམིགས་པར་བྱའོ། །གསུམ་པ་ནི། དེ་ལྟར་བཟླས་བརྗོད་ཡན་ལག་བཞི་བསྒོམས་པས་རླུང་ནང་དུ་བསྡུས་ནས་དབང་པོའི་གྲོང་དུ་སྡུད་པའི་ཚུལ་གྱིས་བཟླས་བརྗོད་བྱ་བ་ནི། དྲན་པ་དང་རླུང་འབྱུང་པའི་ལམ་བཀག་སྟེ་བརྗོད་བྱའི་སྒྲ་ལ་དམིགས་ཤིང་སེམས་བཟུང་ནས། །


JKT004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབྱུང་བའི་མཐའ་མ་སྔགས་ཀྱི་མཐའི་བར་དུ་སྔགས་བཏོན་ལ། ཡང་རླུང་ཕྱིར་འགྲོ་བ་དང་བསྟུན་དེ་བཞིན་གཤེགས་པ་ལ་སོགས་པ་གསུམ་ལ་དམིགས་ཤིང་བཟླས་བརྗོད་བྱ་སྟེ། དེ་ལྟར་རླུང་འབྱུང་འཇུག་དང་སྤྲོ་བསྡུའི་སྒོ་ནས་སྒྲ་ལ་དམིགས་པའི་བཟླས་བརྗོད་བྱའོ། །གཉིས་པ་གཉིས་སུ་མེད་པའི་སྦྱོར་བ་ནི། དེ་ཉིད་གསུམ་སྟེ། དང་པོ་གསང་སྔགས་མེར་གནས་དངོས་གྲུབ་སྟེར་བ་ནི། ཐོག་མར་བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། དེའི་རྗེས་ཐོབ་སྒྲའི་བདག་ཉིད་ཀྱི་ལྷའི་དེ་ཁོ་ན་ཉིད་དུ་བསྒོམས་ལ། སྒྲ་དེ་སྙིང་གའི་ཕྱོགས་ན་གནས་པའི་མེ་འབར་བའི་ནང་ན་འདུག་ཅིང་། དེའི་ཡི་གེའི་ཕྲེང་བར་གནས་པ་སྲོག་རྩོལ་བཀག་ནས་བྱིངས་རྒོད་སྤངས་ཏེ། ཉིན་རེ་བཞིན་དུ་བསམ་གཏན་དུ་བྱ་བ་ནི་ཇི་སྲིད་བཀྲེས་པ་མེད་པ་ལ་སོགས་པའི་ཕྱི་ནང་གི་མཚན་མ་བྱུང་ནས་བདག་ཉིད་ཇི་ལྟར་བསམ་པ་སྒྲུབ་ནུས་ཀྱི་བར་དུ་བསྒོམ་སྟེ། འདི་ནི་སྔར་གྱི་བཟླས་བརྗོད་ཀྱི་འཇུག་དང་། གཞན་དུའང་བསྒོམ་མོ། །གཉིས་པ་སྒྲ་གནས་རྣལ་འབྱོར་སྟེར་བ་ནི། རིགས་སྔགས་ཀྱི་ཚིག་ཡི་གེ་སྒྱུར་ཡིད་ཀྱིས་བརྟགས་པའི་བསམ་གཏན་གྱི་རང་བཞིན་ཏེ། བདག་གི་དེ་ཁོ་ན་ཉིད་ལ་གནས་པའི་སྙིང་གར་ཟླ་བའི་ནང་གི་མེ་ལྕེའི་ནང་ན་ལྷའི་གཞིའམ་ཟླ་བ་འབའ་ཞིག་ལ་ཡིག་འབྲུའི་ཕྲེང་བ་བསྒོམས་ལ་ཅུང་ཟད་ཏིང་ངེ་འཛིན་གྱིས་གསལ་བཏབ་སྟེ།


JKT004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་རྣམ་པ་སྤངས་ལ་སྒྲའི་དབྱངས་ཙམ་འབའ་ཞིག་བསམ་གཏན་དུ་བྱའོ། །གསུམ་པ་སྒྲ་མཐས་ཐར་པ་སྟེར་བ་ནི། ཡོངས་སུ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཆོས་དབྱིངས་བསམ་གཏན་གྱི་རང་བཞིན་ཡིན་ལ། དེ་ཡང་སླར་སྡུད་པ་དང་། དཀའ་ཐུབ་དང་། བསམ་གཏན་བཞག་ནས། སྲོག་རྩོལ་སོགས་བྱས་ནས་རང་གི་ལྷའི་གཟུགས་བསྒོམ་པ་རབ་ཏུ་བསྒོམ་པའི་ཏིང་འཛིན་བརྟན་ནས། དེ་ཤུབ་བུའི་བཟླས་པའི་སྒྲར་དམིགས་པ་རགས་པའི་ཏིང་ངེ་འཛིན་གྱིས་སྤངས་ཤིང་དེ་ཉིད་བརྟན་པ། ཕྲ་བ་ཡིད་ཀྱིས་བཟླས་པའི་ཏིང་ངེ་འཛིན་གྱིས་སྤངས་ཏེ། དེ་བརྟན་པ་ཡང་རབ་ཏུ་ཕྲ་བ་གསང་སྔགས་ཀྱི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གྱིས་སྤངས་ཏེ། དེ་ཉིད་ཀྱང་ཡོངས་སུ་སྤངས་ནས། འོད་གསལ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྒོམ་པའོ། །གསུམ་པ་འགྲུབ་པ་ནི། ལུས་སམ། རྫས་སམ། ལོངས་སྤྱོད་དག་བསྒྲུབ་པའོ། །བཞི་པ་གྲུབ་པའི་སྤྱོད་པ་ནི། དངོས་གྲུབ་གསུམ་གང་རུང་གཅིག་གྲུབ་ནས་རང་གཞན་གྱི་དོན་དུ་ཇི་ལྟར་སྤྱོད་པ་གནས་སྐབས་དང་། མཐར་ཐུག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་གང་བསྒོམས་པའི་ལྷ་དེའི་གནས་ལུས་ལོངས་སྤྱོད་ཅན་དུ་སྣང་བ་སྐུ་དང་། གཟུངས་སྔགས་གསུང་དང་། ཕྱག་རྒྱ་ཐུགས་ཏེ་འབྲས་བུའི་དམ་ཚིག་གསུམ་ཞེས་བྱ་ལ། དེ་ཉིད་རང་སའི་སྐུ་གསུམ་དུ་ཡང་འགྱུར་ཞིང་།


JKT004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུད་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་ཞེས་གཙོ་བོ་རིགས་གསུམ་དང་། དེ་དག་གི་འཁོར་དུ་ནོར་བུའི་རིགས་དང་། བ་གླང་ངམ། རྒྱས་པའམ། ལྔས་རྩེན་གྱི་རིགས་དང་། འཇིག་རྟེན་པའི་རིགས་ཏེ་དྲུག་ཏུ་ཕྱེ་བས་རྒྱུད་སྡེ་འདི་ལ་སྒོ་དྲུག་ཅེས་རྣམ་པར་བཞག་གོ །དེ་ལྟ་བུའི་བྱ་བའི་རྒྱུད་དེ་ཡང་། ཚུལ་སྒྲོན་ལས། གང་ཡང་རེ་ཞིག་སྐྱེ་བ་གཞན་དུ་བསྒོམ་པའི་བག་ཆགས་༡༥ ཀྱིས་སྐྱེ་བོ་མེད་པའི་ནགས་ཚལ་གྱི་གནས་དང་། ཁྲུས་དང་། དཀྱིལ་འཁོར་བྲི་བ་དང་། མཆོད་པ་དང་། སྦྱིན་སྲེག་དང་། དཀའ་ཐུབ་དང་། བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་མི་ཐུབ་པས་དེའི་ཕྱིར་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །ཞེས་སོ།། ༈ །།གཉིས་པ་སྤྱོད་པའི་རྒྱུད་དུ་བཀྲི་བའི་ཚུལ་ལ་ཚུལ་སྒྲོན་ལས། །གང་ཡང་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག་ཀྱང་དད་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐོབ་པར་འགྱུར་བས་བྱ་བ་ལ་ལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བའི་ཡན་ལག་ཤིན་ཏུ་མང་པོ་མ་ཡིན་པ་རྩ་བའི་རྒྱུད་གསུངས་སོ། །ཞེས་སློབ་དཔོན་འདིས་སྤྱོད་རྒྱུད་ལ་རྩ་བའི་རྒྱུད་དུ་བཞེད་དོ། །དེ་ལ་ཡང་། གསང་སྔགས་མཉེས་པར་བྱ་བ་ལ་འཇུག་པའི་སྤྱོད་པ་དང་། གསང་སྔགས་


JKT004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་བྱ་བའི་ཕྱིར་སྤྱོད་པའི་སྤྱོད་པ། གསང་སྔགས་མཉེས་པར་གྲུབ་པའི་སྤྱོད་པ་གསུམ་ལས། དང་པོ། ཕྱིའི་འཇུག་སྤྱོད་དང་། ནང་གི་འཇུག་སྤྱོད་གཉིས། དང་པོ་ལ་ཡང་། དཀྱིལ་འཁོར་དུ་འཇུག་མིང་དབང་ནོད་པ་དང་། དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྡོམ་པ་ལ་གནས་པ་གཉིས་ལས། དང་པོ་ལ་ནོད་པའི་ཡུལ་རྒྱུད་ལས། གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཤེས་བྱ། །ཞེས་པ་ལྟར་ཟབ་མོ་སྟོང་པ་ཉིད་བསྒོམ་པས་སེམས་ལས་སུ་རུང་བ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུར་སྤྱོད་པ་སྤྱད་པས་བསོད་ནམས་རྒྱ་ཆེ་བ་སྟེ་མཆོག་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཟློབར་རྗེས་སུ་གནང་བའོ། །གཉིས་པ་ནི་ཟབ་ཅིང་རྒྱ་ཆེ་བའི་སེམས་མ་ཐོབ་པ་སྟེ་རྡུལ་ཚོན་སོགས་ཕྱི་ཡི་དཀྱིལ་འཁོར་བྲི་བར་རྗེས་སུ་གནང་ངོ་། །གང་གིས་ནོད་པའི་སློབ་མ་དད་ཅིང་རིགས་བཙུན་པ་དང་ཟབ་མོ་ལ་མོས་པ་སོགས་ཁྱད་པར་གྱི་མཚན་ཉིད་ཅན་སྨིན་པར་བྱ་བའི་སློབ་མ་དང་། སྤྱི་ཙམ་དུ་དེ་ལས་གཞན་པ་དག་ཀྱང་སྙིང་རྗེ་བསྐྱེད་ནས་དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་ཀྱི་རྒྱུའི་མངོན་དུ་འགྱུར་བའོ། །རབ་ཏུ་དབྱེ་བའི་མཚན་ཉིད་ཅན་ནི། བཞི་དང་། ལྔ་དང་། དྲུག་ལས། དང་པོ། གཅིག་ནི་དེ་ཡི་མོད་ལ་བསྒྲུབ། གཉིས་སུ་བསྒྲུབ་དང་གཉིས་ཀར་མིན། །མཚན་ཉིད་ཐམས་ཅད་རྫོགས་པའོ། །ཞེས་


JKT004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་ཡང་དང་པོ་ལ་མཁས་ཤིང་བྱང་ཆུབ་ཀྱི་སེམས་གོམས་པ་འཇིག་རྟེན། ནང་ཡོད། འདས་མ་འདས་ཀྱི། རྡུལ་ཚོན། དཀྱིལ་འཁོར་གཉིས་ཀར་དང་། མཁས་ཀྱང་བྱང་སེམས་མ་གོམས་པ་འཇིག་རྟེན་པ་དང་། མཁས་པ་མིན་ཡང་བྱང་སེམས་མ་གོམས་པ་དག་དཀྱིལ་འཁོར་དུ་བཅུག་མ་ཐག་དབང་བསྐུར་བའི་དཀྱིལ་འཁོར་དུ་དབང་བསྐུར་ནས་སྒྲུབ་པ་པོ་བྱེད་པ་སྟེ་གསུམ་མོ། །གཉིས་པ་ནི། བྱང་ཆུབ་སེམས་མ་གོམས་ཀྱང་གོམས་སུ་རུང་བ་དག་དང་པོར་དཀྱིལ་འཁོར་དུ་བཅུག །དེའི་མོད་ལ་མི་བསྒྲུབ་པར་རེ་ཞིག་བར་བྱང་སེམས་བསྒོམ་དུ་བཅུག་ལ། ཕྱི་ནས་བསྒྲུབ་པ་དང་། མཁས་སུ་རུང་བ་དག་ཀྱང་དེ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ནས་རྒྱུད་ལ་རྣམ་པར་སྦྱངས་ནས་མཁས་པར་གྱུར་པ་ན། ཕྱིས་སློབ་དཔོན་དུ་བྱ་བའི་དབང་བསྐུར་བའོ། །གསུམ་པ་ནི། བྱང་ཆུབ་སེམས་དང་། མཁས་པ་གཉིས་ཀ་སྔོན་དུ་ཡང་མ་གྱུར་ལ་ཕྱིས་སུ་ཡང་མི་རུང་བ་ནི་འཇུག་པ་དང་། གཉིས་སུ་བསྒྲུབ་པ་གཉིས་ཀ་མ་ཡིན་ནོ། བཞི་པ་ནི། ཁྱད་པར་གྱི་མཚན་ཉིད་དང་ལྡན་པ་དེ་ནི་མཚན་ཐམས་ཅད་རྫོགས་པས་དཀྱིལ་འཁོར་གསུམ་ཆར་དུ་རིམ་བཞིན་དབང་བསྐུར་བར་བཤད་པ་དེ་ནི་རྒྱལ་བའི་མཆོག་ཅེས་བྱའོ། །ཡང་ལྔར་བཤད་པ་ནི། བྱང་ཆུབ་སེམས་མ་གོམས་པ་དག་དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་མཐོང་བ་ཙམ་ལས་སྒྲུབ་པ་པོར་


JKT004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དུ་མི་རུང་བ་དང་། ༡ དཀྱིལ་འཁོར་དུ་བཅུག་ཅིང་མཐོང་བའི་རྗེས་བྱང་ཆུབ་སེམས་བསྒོམ་དུ་བཅུག་པ་ལས་དུས་གཞན་ན་སྒྲུབ་པ་པོར་བྱ་བའི་སྔགས་དང་ཕྱག་རྒྱ་བྱིན་ནས་ཡོངས་སུ་བཟུང་བ་དང་། ༢ སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་མཐོང་བ་དང་། དེའི་མོད་ལ་སྔགས་རྒྱ་བསྟན་ཅིང་དེ་མཐུན་གྱི་ལས་དང་བྱ་བ་ལ་ཡང་སྦྱར་བ་སྟེ་བྱང་ཆུབ་སེམས་གོམས་པ་དག་གོ །འོན་ཀྱང་མི་མཁས་པ་སློབ་དཔོན་དུ་དབང་བསྐུར་བའི་ལུང་ནི་མ་བྱིན་པའོ། ༣ །སྐུ་དང་གསུང་གི་དཀྱིལ་འཁོར་གཉིས་ཀའམ། གང་རུང་དུ་དབང་བསྐུར་ཆོ་ག་བཞིན་ཐོབ་ཅིང་གསར་པའི་དཀྱིལ་འཁོར་དུ་མ་ཐོབ་པ་དང་། ༤ སྐུ་གསུང་དུ་མ་ཟད་གསང་དཀྱིལ་དུ་ཡང་དབང་བསྐུར་བ་སྟེ། སྔར་བཤད་པའི་མཚན་ཉིད་ཀུན་རྫོགས་པ་དེ་ཉིད་དོ། ༥ །དྲུག་པ་ནི། སྔོན་དཀྱིལ་འཁོར་མ་མཐོང་བས་རིག་སྔགས་མ་ནོས་པ་དང་དམ་ཚིག་ནོད་པ་ཁོ་ནའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་དང་། ༡ དངོས་གྲུབ་མཆོག་འབྲིང་ཐ་མ་དོན་དུ་གཉེར་བས། དཀྱིལ་འཁོར་དུ་བཅུག་ནས་བྱང་ཆུབ་སེམས་གོམས་པར་མ་བྱས་པ་གོམས་པར་བྱས་ཏེ་རིག་སྔགས་ནོད་པ་སྔོན་དུ་འགྲོ་བའི་སྒྲུབ་པ་ལ་བརྩོན་པར་བྱེད་པ་དང་། ༢ སྔོན་དུ་བྱང་སེམས་གོམས་མ་གོམས་ཇི་ལྟར་ཡང་རུང་། རིག་སྔགས་དང་གསང་སྔགས་མ་ནོས་པ། རིག་སྔགས་དང་གསང་སྔགས་ཀྱི་


JKT004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་དག་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སེམས་ཤིན་ཏུ་གཏན་ལ་ཕབ་སྟེ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་རམ། ཡི་གེའི་འཁོར་ལོས་སྐོར་བའི་དཀྱིལ་འཁོར་དུ་བཅུག་ནས། དེ་ནས་བྱུང་བའི་སློབ་དཔོན་དུ་དབང་བསྐུར་བ་དོན་དུ་གཉེར་བའོ། ༣ །སྔར་བཤད་པའི་རིམ་པ་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཀྱང་། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བ་སྟེ། གསང་བའི་དཀྱིལ་འཁོར་དུ་འཇུག་པར་བྱས་ནས་དེ་ལས་བྱུང་བའི་དབང་བསྐུར་ནོད་པ་ཡིན་ནོ། ༤ །དང་པོ་ནས་དམ་ཚིག་ཅན་དག་རིག་སྔགས་མནོས་ཀྱང་རུང་མ་མནོས་ཀྱང་རུང་། སློབ་དཔོན་གྱི་ཐབས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་རང་གི་བསོད་ནམས་འཕེལ་བར་བྱ་བ་ཁོ་ནའི་ཕྱིར། དཀྱིལ་འཁོར་གང་རུང་ལ་བལྟ་བའོ། །གཞན་དག་བགེགས་ཀྱིས་འཚེ་བ་ཞི་བ་དང་འབྱོར་བ་འདོད་པ་ལ་སོགས་པས་དཀྱིལ་འཁོར་ལ་བལྟ་བ་སྟེ། དེ་དག་ནི་དང་པོ་ནས་ཅི་རིགས་པར་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་དམ་ཚིག་ཅན་ཁོ་ན་ཡིན་ལ། དེ་ལས་གཞན་པ་ནི་དཀྱིལ་འཁོར་གཅིག་ཀྱང་མ་མཐོང་བའི་ཕྱིར་དམ་ཚིག་ཅན་མ་ཡིན་ནོ། །ཞེས་སློབ་དཔོན་སངས་རྒྱས་གསང་བས་བསྡུས་དོན་ལས་བཤད་དོ། །དེས་ན་སློབ་མའི་མཚན་ཉིད་ལ་ཁྱད་པར་གྱི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་


JKT004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་གསུམ་དུ་བཤད་པའོ། །ཇི་ལྟར་ནོད་པའི་ཆོ་ག་ལ་གསུམ་ལས། དང་པོ་སྟ་གོན་གྱི་སྐབས་སུ། སྟ་གོན་ལ་ཆིངས་དགུར་བཤད་པའི་གསུམ་པ་དུས་གསུམ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་པ་སྟེ། དགོངས་གསོལ་སོགས་སྔོན་དུ་འགྲོ་བས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ལྕེ། ཏན་ང་་བ ས་པ་ག་ག་ན་ཏ། བ ན་པ་ས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ། ཞེས་ལན་གསུམ་བརྗོད་པས་སྡོམ་པ་བཟུང་ངོ་། །ཞེས་འབྱུང་། གཉིས་པ་འཇུག་པའི་དུས་སུ། སློབ་མ་ཇི་ལྟར་བཟུང་བའི་ཚུལ་ལ། གདོང་དག་པ་ནས་སྒོམ་ཁྱུད་ཀྱི་ནང་དུ་བཞག་པ་དང་། སྐྱབས་འགྲོ་སྔོན་དུ་འགྲོ་བས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ཆོས་དབྱིངས་སྔགས་རྒྱས་སྟོང་པར་བྱིན་གྱིས་བརླབ་པ་དང་། ཆོས་འཁོར་གྱི་སྔགས་རྒྱས་རྡོར་སེམས་ཀྱི་སྐུར་སྒྲུབ་པ་དང་། དམ་ཚིག་གི་སྔགས་རྒྱས་དམ་ཚིག་ལ་གནས་སུ་གཞུག་པ་དང་། ཆོས་དབྱིངས་ཀྱི་ཡི་གེས་རྒྱུད་བྱིན་གྱིས་བརླབ་པ་དང་། དམ་ཚིག་གི་སྔགས་རྒྱས་མེ་ཏོག་སྦྱིན་དོར་བྱ་བ་སྟེ་ཆོ་གའི་ཡན་ལག་བདུན་དུ་བསྡུས་དོན་ལས་བཤད་དོ། །གསུམ་པ་དབང་རྫོགས་ནས་དམ་ཚིག་ནོད་


JKT004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་བཞག་ནི། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ། ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱས་དབང་བསྐུར་བ་བུམ་པ་ལ་སོགས་པའི་ལས་དང་བྱ་བ་ཐམས་ཅད་སྤང་བ་ནི་དང་པོ། །ཡང་དཀྱིལ་འཁོར་དེ་གཉིས་བྲིས་ནས་བུམ་པ་ལ་སོགས་པས་དབང་བསྐུར་བ་གཉིས་པ། གསང་བའི་དཀྱིལ་འཁོར་དུ་ཡིད་ཙམ་གྱིས་དབང་བསྐུར་བ་ནི་གསུམ་པ་སྟེ། དེའི་ཕྱིར་རྒྱུད་འདིའི་སྡོམ་པ་རྫོགས་པར་ཐོབ་པ་ལ་དབང་རིམ་པ་འདི་གསུམ་ཆར་ཚང་པ་དགོས་སོ། །དེ་ཡང་། རྣམ་པར་སྣང་མཛད་ཀྱི་སྐུའི་མཚན་ཉིད་ཀྱི་དམ་ཚིག་འདི་ཡང་གསང་བའི་དཀྱིལ་འཁོར་གྱི་ནང་ཁོ་ནར་བྱིན་གྱིས་བརླབས་པའི་དམ་ཚིག་ཅེས་བྱའི་གཞན་དུ་ནི་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །དབང་དངོས་ནི། རྒྱུད་ལས། དེ་ནས་རིན་པོ་ཆེའི་བུམ་པ་རིན་པོ་ཆེ་དང་སྨན་ཐམས་ཅད་བླུགས་ལ། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྦྱོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །ཞེས་དང་། དེ་ནས་གསེར་གྱི་ཐུར་མ་ནི། །ཐོགས་ཏེ་མདུན་ཏུ་འདུག་པར་བྱ། ཞེས་དང་། དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་བཤད་པར་བྱ། ཞེས་དང་། དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་


JKT004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པར་བྱ། ཞེས་སོགས་ཀྱིས་བསྟན་པ་ལྟར། ཆུ་དབང་མིག་ཐུར། མེ་ལོང་། ཆོས་བཤད་ཀྱི་རྗེས་སུ་གནང་བ་བཞི་དང་། དེ་མཐར་སློབ་དཔོན་དུ་བྱེད་པ་དག་གི་དབང་དུ་བྱས་ནས་དམ་ཚིག་བཞི་ནོད་པ་འབྱུང་ཞིང་། གལ་ཏེ་སྒྲུབ་པ་པོར་བྱེད་ན་ཆུ་དབང་གི་རྗེས་སུ་ནོད་པ་ཙམ་ལས་མི་འབྱུང་ཞིང་། ཡེ་ཤེས་ཐིག་ལེ་ལས་དབང་ལྔ་བཤད་དོ། །འདིའི་སྐབས་སུ་ནོད་པ་ཞེས་བྱ་བ་ནི་དབང་དུས་སུ་ཐོབ་པ་བརྟན་པར་བྱ་བའི་ཕྱིར་བསླབ་པ་བརྗོད་པ་ཡིན་ནོ། གནས་པ་དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྡོམ་པ་ལ་གནས་པ་བཤད་པ་ལ། བསླབ་པར་བྱ་བའི་དམ་ཚིག་གསུམ་དང་། བསྲུང་བར་བྱ་བའི་རྩ་ལྟུང་གི་རྣམ་པར་དབྱེ་བ་བཤད་པ་གཉིས་ལས། དང་པོ་ནི། དམ་ཚིག་ཆེན་པོ་ལ་འཇུག་པའི་ཕྱིར་འཇུག་པའི་སེམས་དང་། དམ་ཚིག་ཆེན་པོ་ལ་ཞུགས་པ་གནས་པའི་སེམས་དང་། དམ་ཚིག་ཆེན་པོར་ཆུད་ནས་དེ་ལ་སེམས་ཅན་རབ་ཏུ་འགོད་པ་ལྡང་བའི་སེམས་ཀྱི་སྡོམ་པ་གསུམ་ནི་རྒྱུའི་གནས་སྐབས་འདིའི་དམ་ཚིག་གསུམ་ཞེས་བྱའོ། །དེ་ལ་དང་པོ་ནི། སྒོ་གསུམ་ཟག་བཅས་ཀྱི་ཕུང་སོགས་བསྐྱེད་པའི་རྒྱུར་གྱུར་པའི་ལས་ཟག་པ་དང་བཅས་པ་དག་མངོན་པར་འདུ་མི་བྱེད་པར་བསྡམས་པས་ན། འཁོར་བར་སྐྱེ་བའི་རྒྱུ་འདུ་བྱེད་པ་འགོག་པའི་ཕྱིར་སྡོམ་པ་ཞེས་བྱ་སྟེ། རྒྱུད་ལས། དེ་ལ་སྡོམ་པ་གང་ཞེ་ན། བསྡམ་པ་ནི་སྡོམ་པ་སྟེ།


JKT004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་དང་ཡིད་རྣམས་བསྡུས་ཤིང་ཡོངས་སུ་བསྡུས་ལ་ཕྱི་དང་ནང་གི་སྡུག་བསྔལ་སེལ་བར་གྱུར་པ་དེ་ནི་སྡོམ་པ་ཡིན་ནོ། །ཞེས་དང་། གཉིས་པ་ནི། རང་གི་སེམས་ཇི་ལྟ་བ་བཞིན་ཤེས་པའི་ལམ་དེ་ཉིད་དུ་དངོས་སུ་ཞུགས་ནས་གནས་པ་ནི་བྱང་ཆུབ་དང་མཐུན་པར་སེམས་བསྐྱེད་པ་སྟེ་གནས་པ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དེ་ཡང་། དེ་ལས་མི་སྐྱེ་བའི་ཚུལ་དང་མི་དམིགས་པའི་ཚུལ་གྱི་སེམས་སྐྱེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། དེ་ལྟར་ཁོང་དུ་ཆུད་ཀྱང་། རྣམ་པར་མི་རྟོག་པ་ཁོ་ནར་མི་གནས་པར། སེམས་ཅན་གྱི་ཁམས་མ་ལུས་པ་ལ་བལྟས་ནས་དམིགས་པ་མེད་པ་ཉིད་དུ་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པའི་བྱང་ཆུབ་རང་གིས་ཐོབ་པའི་གོ་འཕང་དེ་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་ལྡང་བའི་སེམས་སྟེ། དེ་ཡང་། འདུས་མ་བྱས་པའི་ཚུལ་ཁྲིམས་གྱི་ཕུང་པོ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། ཞེས་གསུངས། དེ་གསུམ་མཚན་ཉིད་པ་ནི་ས་དང་པོ་ཡན་ཆད་ལ་བཞག་སྟེ། སོ་སྐྱེའི་གནས་སྐབས་སུ་རྗེས་མཐུན་ཙམ་སྟེ། འོན་ཀྱང་རང་སའི་དོན་དམ་པའི་སྡོམ་པར་བཞག་ཏུ་རུང་ངོ་། །


JKT004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་གཉིས་ཏེ། དང་པོ་རབ་བྱུང་གི་ཕྱོགས་ལ་རྩ་ལྟུང་བཅུ་བཞི་སྟེ། རྒྱུད་ལས། དེ་ནས་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམས་པ་ལས་སླར་ལྡོག་པར་བྱའོ། །བརྫུན་དུ་སྨྲ་བ་དང་། ངག་རྩུབ་པོ་དང་། ཕྲ་མ་ཟེར་བ་དང་། ཚིག་ཀྱལ་པ་སྨྲ་བ་ལས་སླར་ལྡོག་པར་བྱའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལས་སླར་ལྡོག་པར་བྱའོ། །ཞེས་པས་དང་པོ་དགུའི་དངོས་གཞི་ནི། གནས་ངན་ལེན་གྱིས་ཀུན་ནས་བླངས་ཏེ་སྤྱོད་ན་དགེ་བའི་ལམ་ལས་ཉམས་པར་འགྱུར་བ་དང་། བཅུ་པས་ནི་དགེ་བའི་རྩ་བ་གཅོད་པའི་ཕྱིར་རྩ་ལྟུང་ཞེས་བྱའོ། །ཡང་བསྟན་པའི་ཆོས་དང་བསྒྲུབ་པའི་ཆོས་གཉིས། ཆོས་སྨྲ་བ་གསུམ་ལ་མ་གུས་པས་འདོར་བ་༡༠དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣས་འཇུངས་པ་༡༣དང་། སེམས་ཅན་གྱི་ཡུལ་ལ་གནོད་པ་འགྱུར་བའི་བྱ་བ་བྱེད་པ་སྟེ། བཞི་པོ་འདི་དག་ནི་ལྟུང་བའི་རྩ་བ་ཞེས་བྱའོ། །ཅེས་བཤད་དོ། །གཉིས་པ་ཁྱིམ་པ་ལ། རྒྱུད་ལས། དེ་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམས་པ་དང་། བརྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བ་རབ་ཏུ་སྤང་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་བཞི་ལྔ་དེ་བཟུང་ནས་བསླབ་པ་ཇི་སྐད་བསྟན་པ་རྣམས་ལ་སློབ་


JKT004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དད་པས། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཞེས་སོ། །ལྟུང་བའི་རྩ་བ་བཞི་ནི་ཐུན་མོང་ཉིད་ཀྱི་ཕྱིར་དེས་ན་འདིར་དགུའོ། །ཕྱིར་བཅོས་སྔར་བྱ་རྒྱུད་ལྟར་དང་། ཁྱད་པར་རྒྱུད་ལས། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ལ་སྔགས་ལན་གསུམ་བཟླས་ན་དམ་ཚིག་ཉམས་པ་ལ་སོགས་པ་སླར་འཚོ་བར་འགྱུར་རོ། །ཞེས་སོ། །གཉིས་པ་ནང་གི་འཇུག་པའི་སྤྱོད་པ་ནི། སྔ་མ་ནི་སྒྲུབ་པ་པོ་མཉམ་པར་མ་བཞག་པའི་སྐབས་ན་ཡང་འཇུག་པས་ཕྱི་ཞེས་དང་། འདིར་དེ་ལྟར་མ་ཡིན་པས་ནང་སྟེ། དེ་ལ་གཉིས། མཚན་བཅས་དང་མཚན་མེད་དོ། །དང་པོ་ལའང་། ཐོག་མར་བདག་དང་གནས་བསྲུང་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བསྒོམ། ཡི་གེ་གཉིས་པ་སྔགས་ཀྱི་སྒྲར་ལྡང་། གཞི་དང་པོ་རང་ལུས་སངས་རྒྱས་ཀྱི་སྐུར་བསྐྱེད་པ་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས། གཞི་གཉིས་པ་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་ནས་ཐུགས་ཀར་ཟླ་དཀྱིལ་སྟེང་དུ་སྔགས་ཕྲེང་བཀོད་ནས་དེ་ལ་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །དེ་ཡང་རྒྱུད་ལ། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་


JKT004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པ་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། ཅེས་སོ། །གཉིས་པ་ནི་ལུས་དང་། སེམས་ཚོགས་དྲུག་དང་། ཡིད་གཟུང་འཛིན་གྱི་རྣམ་ཤེས་ཏེ། གསུམ་པོ་རིམ་པ་བཞིན་དུ་སྒྱུ་མ་ལྟ་བུ་དོན་དམ་པར་སྐྱེ་བ་མེད་པར་ཐོས་བསམ་སྒོམ་གསུམ་གྱི་གོམས་པའི་སྒོ་ནས་མཚན་མེད་ཀྱི་ཏིང་འཛིན་མངོན་དུ་བྱ་སྟེ། དེ་བས་རྣམ་པ་ཐམས་ཅད་དུ། སྟོང་ཉིད་རྟག་ཏུ་དྲན་པར་བྱ། ཞེས་སོ། །འདི་དག་ནི་མཉམ་པར་བཞག་པའི་སྐབས་ན་ཡང་འཇུག་པའི་ཕྱིར་ནང་འཇུག་ཏུ་བཞག་གོ །གཉིས་པ་གསང་སྔགས་མཉེས་པར་བྱ་བའི་སྦྱོར་བའི་སྤྱོད་པ་ལ། མཚན་བཅས་དང་། མཚན་མེད་ཀྱི་བཟླས་བརྗོད་བསྒྲུབས་པ་གཉིས་ལས། དང་པོ་ལའང་། སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྒོམས་པར་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། ཞེས་པས་མཚན་བཅས་སུ་བཤད་མ་ཐག་ལྟར་ཡན་ལག་བཞི་དང་ལྡན་པའི་སྒོ་ནས་སྲོག་རྩོལ་བསྡམས་ནས་གྲངས་བསྙེན་འབུམ་ཕྲག་གཅིག་བྱ་བ་ནི་ཕྱིའི་འོ། །རང་སངས་རྒྱས་ཤཱཀ་ཐུབ་ཀྱི་སྐུར་བསྐྱེད། རང་དང་སངས་རྒྱས་གཉིས་སུ་མེད་པའི་ཐུགས་ཀར་སངས་རྒྱས་རྣམ་སྣང་བསྐྱེད། དེའི་ཐུགས་ཀར་ཟླ་བར་སྔགས་བཀོད་ནས་བཟླས་བརྗོད་བྱེད་པ་


JKT004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ངོ་། །གཉིས་པ་ནི། སྔར་བཤད་རྣམས་མངོན་དུ་བྱས་ནས་ལྷའི་སྐུ་དང་བདག་གཉིས་སུ་མེད་པའི་ཁ་དོག་ལ་སོགས་པའི་ངོ་བོ་ཀུན་བརྟགས་པར་སྣང་བ་ལ་ལེགས་པར་བརྟགས་པས། ཇི་ལྟར་རྟོག་པ་བཞིན་སེམས་རང་རིགས་ཙམ་ལྷའི་གཟུགས་སྐུ་དངོས་པོ་དང་བྲལ་བ་སྣང་བ་མེད་པ་མངོན་སུམ་དུ་བྱས་ནས་ཅི་རིགས་པར་ཡིད་ཀྱི་བཟླས་པ་བྱ་བ་སྟེ། ཡིད་ཀྱིས་འཇིག་རྟེན་འདས་ཤེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་དང་སྦྱོར་བ་དང་། །ཐ་དད་མ་ཡིན་འཛིན་པ་ཡི། །ཡིད་ཀྱི་རང་བཞིན་དབྱེར་མེད་བྱ། གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་སོ། །གསུམ་པ་གསང་སྔགས་མཉེས་པ་གྲུབ་པའི་སྤྱོད་པ་ནི། ཕྱི་དང་ནང་གི་གཉིས་ལས། དང་པོ་ནི་རལ་གྲི་ཞགས་པ་འཁོར་ལོ་དང་། །ལྕགས་མདའ་དེ་བཞིན་ཐོ་བ་སྟེ། །རྫས་དེ་ཉིད་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། ཅེས་པས་རྫས་དེ་འབར་བ་དང་། ལག་ཏུ་བླངས་པས་རིག་པ་འཛིན་ལ་སོགས་པ་གྲུབ་པའོ། །གཉིས་པ་ནི། དཀར་པོ་སེར་པོ་དམར་པོ་གང་། །ཡིད་ཀྱི་སེམས་པར་བྱེད་པ་སྟེ། ཞེས་ནང་གི་རླུང་འབྱུང་བ་བཞིའི་དཀྱིལ་འཁོར་གོམས་པས། ནང་གི་དངོས་གྲུབ་སེམས་ཀྱི་དབང་ཙམ་ལ་རགས་ལས་པས་འཇིག་རྟེན་པའི་མངོན་ཤེས་རྫུ་འཕྲུལ་སོགས་གྲུབ་པ་དང་། ཞར་ལ་མཚན་བཅས་ཀྱི་དངོས་གྲུབ་ཐམས་ཅད་གྲུབ་པ་


JKT004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྱད་པར། གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན་ཤེས་ན། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལ་ཡང་དག་འབྱུང་བ་ཐོབ། ཅེས་པས་མཐར་ཐུག་པ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ཡང་རྟོག་པ་འཇུག་པའི། རྟོག་པ་ཉེ་བར་ལེན་པའི། རྟོག་པ་ལྷན་ཅིག་བྱེད་པའི་རྒྱུ་གསུམ་ལས་བྱུང་བ་ཡིན་ཏེ། དང་པོ་ནི་བླ་མེད་བྱང་ཆུབ་དོན་དུ་གཉེར་བའི་རྒྱུ་སྙིང་རྗེ་ཆེན་པོའོ། །གཉིས་པ་ནི་ས་དང་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཏེ། འདི་ཉིད་ས་གོང་ནས་གོང་དུ་མི་མཐུན་པ་གཉེན་པོའི་ཚུལ་གྱིས་ཡོངས་སུ་སྦྱང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དུ་ཡང་འགྱུར་རོ། །གསུམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་བསྒྲུབ་པ་ཡིན་པར་ཉེ་བར་བསྟན་ཏོ། །དེ་ལྟར་བྱ་སྤྱོད་ཀྱི་རྣམ་བཞག་འདི་དག་ཞིབ་ཏུ་ཤེས་པར་འདོད་ན་བསམ་གཏན་ཕྱི་མ་དང་། རྣམ་སྣང་མངོན་བྱང་ལས་གཙོ་བོར་རྟོགས་པར་བྱའོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲི་ཚུལ་ལ། འཇུག་ཏུ་རུང་བའི་གང་ཟག །ཐབས་ལ་འཇུག་པའི་སྒོ། འབྲས་བུ་ཐོབ་པར་བྱེད་པའི་ཐབས། འབྲས་བུ་རྣམ་པར་བཞག་པ་དང་བཞི་ལས། དང་པོ་ནི། ཚུལ་སྒྲོན་ལས། གཞན་དག་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བསྒོམ་པར་གཅིག་ཏུ་མོས་ལ། བྱ་བ་མང་པོའི་ཚོགས་


JKT004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཡེང་བར་འདུ་ཤེས་པ་དེའི་དོན་དུ་རྣལ་འབྱོར་རྒྱུད་གཙོ་བོར་མཛད་དེ། བྱ་བའི་ཡན་ལག་ཅུང་ཟད་ཅིག་ཞར་ལ་སྟོན་པར་མཛད་པའི་སྤྱོད་པའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་སོ། །དེ་ལའང་ཉོན་མོངས་པ་མཉམ་ཞིང་རང་བཞིན་བཟང་བ་དེ་བཞིན་གཤེགས་པ། འདོད་ཆགས་ཤས་ཆེ་བ་དེ་བཞིན་གཤེགས་པ། །ཞེ་སྡང་ཤས་ཆེ་བ་རྡོ་རྗེའི། གཏི་མུག་ཤས་ཆེ་བ་པདྨ། ལེ་ལོ་ཤས་ཆེ་བ་དེ་བཞིན་གཤེགས་པའི་རིགས་སུ་གསུངས་ཤིང་། དེའི་གཉེན་པོར་གྱུར་པ་ཡང་སངས་རྒྱས་བྱང་སེམས་མཆོག་གི་རིགས་རྣམ་པ་ལྔའོ། །དེ་ཡང་རིགས་ཞེས་པའི་ངེས་ཚིག །ཀུ་ལ་ཀུཏྲེ་ངན་པ། ལ་ཡ་ཐིམ་པ་སྟེ། །ཉོན་མོངས་པའི་དབང་གིས་ལམ་ངན་པར་ཐིམ་པས་ན་དམན་པ་དང་། ཀོ་ས་ལའི་རྒྱན་ལས། དེ་ཡང་འགྲོ་བ་ངན་པ་རྣམས་ཐུགས་རྗེའི་དབང་གིས་ཐིམ་པས་ན་རིགས་སོ། །ཞེས་པ་ལྟར་རོ། །དབྱེ་ན་སྔ་མ་ལ་དྲུག་དང་། ཕྱི་མ་ལ་ལྔའོ། །རྩ་བའི་རྒྱུད་པས་ལས་ཀྱི་རིགས་གུད་དུ་མ་བསྟན་པར་བཞིར་མཛད་དེ། ཉོན་མོངས་པ་འདོད་ཆགས་ཀྱི་གཉེན་པོར་གྱུར་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་གཙོ་བོར་གྱུར་པའི་དུམ་བུ་དང་པོ་ནས་བསྟན་པའི་ལམ་རྣམས་ནི་ཕྱག་ཆེན། ཞེ་སྡང་གི་གཉེན་པོར་གྱུར་པ་མཚན་མ་མེད་པ་དང་། དེ་བཞིན་གཤེགས་པའི་བཀའི་རྗེས་སུ་འཇུག་


JKT004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་དུམ་བུ་གཉིས་པ་ནས་བསྟན་པའི་ལམ་རྣམས་ནི་དམ་རྒྱ། གཏི་མུག་གི་གཉེན་པོར་གྱུར་པ་སྨོན་པ་མེད་པ་དང་། ཤེས་རབ་ཀྱི་རང་བཞིན་དུམ་བུ་གསུམ་པ་ནས་བསྟན་པའི་ལམ་རྣམས་ནི་ཆོས་རྒྱ། སེར་སྣ་དང་ལེ་ལོའི་གཉེན་པོར་གྱུར་པ་མངོན་པར་འདུ་མི་བྱེད་པ་དང་། སྦྱིན་པ་དང་བརྩོན་འགྲུས་ཀྱི་རང་བཞིན། སེམས་ཅན་ཀྱི་བསམ་པ་རྫོགས་པར་བྱེད་པ་རིན་པོ་ཆེ་ཡིན་ཞིང་། དེའི་བྱེད་པ་ལས་ཡིན་པར་བྱེད་པ་དང་བྱེད་པ་པོ་ཐ་མི་དད་པ་ལ་དགོངས་ནས། དེ་གཉིས་གཅིག་ཏུ་བསྡུས་པའོ། །མཆན། དུམ་བུ་བཞི་པ་ནས་བསྟན་པ་རྣམས་ལས་རྒྱའོ། །དེ་ལྟར་དུམ་བུ་བཞི་ཀའམ་རྒྱུད་ཐམས་ཅད་ཀྱི་ལྷ་རིགས་ལྔར་འདུ་བ་ཡིན་ལ། དེ་ལ་རིགས་ཐམས་ཅད་ཀྱི་ལྷ་ཐམས་ཅད་ལ་ཡང་སྐུ་གསུང་ཐུགས་ཕྲིན་ལས་བཞི་ཡོད་པ་ལས་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་སྙིང་པོ་སྟེ། ཕྱག་རྒྱ་ཆེན་པོ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན། དམ་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར་རྣམས་ཀྱི་དཀྱིལ་འཁོར་རྣམས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྲིམས་སུ་བཅས་པའི་ཕྱག་རྒྱ་ལས་འདའ་བར་མི་ནུས་པ་བཞིན་དུ་བདག་ཉིད་ཆེན་པོ་རྣམས་ཀྱི་སྤྱོད་ལམ་མཚོན་པར་བྱེད་པའི་གཟུགས་བརྙན་གྱི་ཕྱག་རྒྱ་སྟེ། ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར་རྣམས་ནི་སྔགས་ཀྱི་ཚུལ་གྱིས་གསང་བའི་དངོས་གྲུབ་སྒྲུབ་པ་ཅན་གསང་སྔགས་ཏེ། རྒྱུད་ཕྱི་མའི་ཕྱི་མར། འདའ་བར་


JKT004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མ་ཡིན་ཞིང་། །དབྱེ་བར་དཀའ་བ་གསང་བ་ཉིད། །གསང་བ་འགྲུབ་ཕྱིར་བརྗོད་པས་ན། །དེ་ནི་གསང་སྔགས་ཞེས་བརྗོད་དོ། ཞེས་སོ། །དེའི་མཚན་ཉིད་ནི་སངས་རྒྱས་ཀྱི་ཐུགས་གསང་བ་ཆོས་ཀྱི་སྙིང་པོ་སྒྲུབ་པ་ཡིན་ལ། ངེས་ཚིག་ནི་མན་ཏྲ་ལ་ཡི་གེ་ཕྱིས་བསྣན་གྱིས། ཨཱ་མནྟ་བོད་པ་དང་། ཨུཙྪ་ཊ་མ་སྐྱོད་པ་སྟེ། སྔགས་ཀྱི་ལྷ་འབོད་ཅིང་། གདུག་པ་ཅན་རྣམས་སྐྲོད་པ་སྟེ། རྩེ་མོར། སྔགས་རྣམས་ཀྱི་ནི་མཚན་ཉིད་ཀྱང་། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང་། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །གསང་སྔགས་རྣམས་ནི་འབོད་བྱེད་ཅིང་། །གདུག་པ་ཅན་རྣམས་སྐྲོད་པར་བྱེད། །ཉོན་མོངས་སྔགས་རྣམས་འཇོམས་བྱེད་ཅིང་། །སངས་རྒྱས་ཆོས་ནི་སྤྱན་འདྲེན་ཡིན། ཞེས་སོ། །རིག་སྔགས་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ལས་ཀྱི་དཀྱིལ་འཁོར་རྣམས་ནི་མ་རིག་པ་འཇོམས་ཤིང་། ངག་གི་རིག་པའི་མཆོག་སོ་སོ་ཡང་དག་པར་རིག་པ་བཞི་གྲུབ་པའི་ཕྱིར་རིག་སྔགས་ཏེ། སྡུག་བསྔལ་རྒྱུ་དང་བཅས་ཞི་བར་བྱེད་པའི་མཚན་ཉིད་ཅན་ཡིན་ལ། ངེས་ཚིག་ནི་བིད་ལ་བི་ན་ཡ་འདུལ་བ། ཨཱ་བིདྨ་མ་རིག་པ་ཆགས་སྡང་འདུལ་བ་མ་རིག་པ་ཟློག་པར་བྱེད་པས་རིག་སྔགས་ཏེ། རྒྱུད་


JKT004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་ཕྱི་མར། མ་རིག་པ་ནི་འཇོམས་པ་དང་། ངག་གི་རིག་མཆོག་གྲུབ་པའི་ཕྱིར། །རྟོགས་ཤིང་རིག་པའི་དངོས་གྲུབ་སྟེ། །དེ་ཕྱིར་རིག་པ་ཞེས་བརྗོད་དོ། །ཞེས་དང་། རྩེ་མོར། རིག་སྔགས་ཀྱི་ནི་མཚན་ཉིད་གསུངས། །འཁོར་བར་མྱང་བའི་སྡུག་བསྔལ་དང་། འདོད་ཆགས་ལ་སོགས་ཉེས་པའི་ཚོགས། །རིག་དང་བཅས་པ་ཞི་བྱེད་པའི། །རིག་སྔགས་ཀྱི་ནི་མཚན་ཉིད་བརྗོད། །ཅི་ཡི་ཕྱིར་ནི་རིག་སྔགས་བརྗོད། འདོད་ཆགས་མུན་པ་རྣམས་འདུལ་ཞིང་། ཉོན་མོངས་རྣམ་ཀྱང་རྣམ་པར་འདུལ། མ་རིག་པ་ནི་ཟློག་བྱེད་པ། དེ་ནི་རིག་སྔགས་ངེས་པར་བརྗོད། ཅེས་སོ། །དེ་བས་ན་རྒྱུའི་རིགས་ཅན་དེ་དག་རང་རང་གི་རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ལས། འབྲས་བུའི་རིགས་དེ་དག་ཏུ་འགྲུབ་པ་ཡིན་ནོ། །གཉིས་པ་ཐབས་འཇུག་པའི་སྒོ་ལ། དབང་བསྐུར་ནོད་པ་དང་། རང་གི་སྡོམ་པ་ལ་གནས་པར་བྱ་བ་གཉིས་ལས། དང་པོ་ནི། གང་དུ་དབང་བསྐུར་བའི་ཡུལ་ནི་དཀྱིལ་འཁོར་ཏེ། དེ་ལའང་བཞི་ལམ་འབྲས་གསུམ་ལས། དང་པོ་ནི། སེམས་ཅན་རྣམས་ཀྱི་ཐ་མལ་པའི་གནས་སྐབས་ཀྱི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བཅས་པ་དང་། བདག་མེད་གཉིས་ལ་གཞོལ་བའི་ཤེས་རབ་དང་ཏིང་ངེ་འཛིན་ནི་དཀྱིལ་འཁོར་རོ། །དེ་ཡང་སྙིང་པོའི་ཕྱིར་འཛིན་པའམ། སྙིང་པོ་ལ་འཛིན་


JKT004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པས་དཀྱིལ་འཁོར་ཞེས་བྱའོ། །གཉིས་པ་ནི། སྔོན་བྱུང་རྣམ་འཕྲུལ་གྱི་དབང་དུ་བྱས་ནས། སངས་རྒྱས་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ནི། ནང་གཟུགས་མེད་པའི་དཀྱིལ་འཁོར་ཡིན་ལ། ཡེ་ཤེས་དེ་ཉིད་ལས་གདུལ་བྱའི་དོན་དུ་རི་རབ་ཀྱི་རྩེ་མོ་དང་གཞན་འཕྲུལ་དབང་བྱེད་ལ་སོགས་པར་སྤྲུལ་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནི་གཟུགས་ཅན་གྱི་དཀྱིལ་འཁོར་ཡིན་ཏེ། སྤྱོད་རྒྱུད་ལས། སངས་རྒྱས་ཀུན་ཀྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། ཞེས་གསུངས་པའི་ཕྱིར་དང་། དཔལ་མཆོག་སྟོད་འགྲེལ་དུ། ཁ་དོག་དབྱིབས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དུ་གསུངས་པ་ཡིན་ཏེ། ཞེས་སོ། །རྗེས་འཇུག་གི་དབང་དུ་བྱས་ནས་རྣལ་འབྱོར་པའི་སེམས་ཐ་མལ་གྱི་རྣམ་རྟོག་ལས་གྲོལ་བས་སངས་རྒྱས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བར་བསྒོམས་པའི་ཏིང་ངེ་འཛིན་རྗེས་སུ་དྲན་པའི་རྟེན་དུ་གྱུར་པ་གཟུགས་མེད་དང་གཟུགས་ཅན། དེ་དང་རྣམ་པ་འདྲ་བ་རྡུལ་ཚོན་དང་བྲིས་སྐུ་ལ་སོགས་པར་བྲིས་པ་གཉིས་ནི། ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱའོ། །དེ་ཡང་དམ་པའི་ཆོས་ཀྱི་བཅུད་ཀྱི་སྙིང་པོ་འབྱུང་བས་དཀྱིལ་འཁོར་ཏེ། རྩེ་མོར། ཅིའི་ཕྱིར་ན་དཀྱིལ་འཁོར་ཡིན། །དམ་པའི་ཆོས་ཀྱི་བཅུད་སྙིང་པོ། །


JKT004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དེ་ནི་དཀྱིལ་འཁོར་བརྗོད། །དཀྱིལ་འཁོར་ཆེན་པོ་གསང་བ་ཆེ། །ཆོས་ཆེན་ཤིན་ཏུ་བརྟན་པ་པོ། །ཞེས་སོ། །འབྲས་བུ་ནི་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ནི་དཀྱིལ་འཁོར་ཏེ། སྙིང་པོའི་རང་བཞིན་དུ་འཛིན་པའམ། སྙིང་པོ་འཛིན་པས་དཀྱིལ་འཁོར་རོ། །དེ་ཡང་ལམ་དུས་ཀྱི་དབང་དུ་བྱས་ནས་རྒྱས་པ་ལ་མོས་པ་རྣམས་ལ་དཀྱིལ་འཁོར་རྒྱས་པ་དང་། འབྲིང་པོ་ལ་མོས་པས་ཕྱག་རྒྱ་བཞི་པ་དང་། བསྡུས་པ་ལ་མོས་པས་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐོབ་པར་བྱའོ། །དེའི་ཚུལ་ཡང་སྔོན་དུ་བསྙེན་པ་ནས་གནང་བ་ནོད་པའི་བར་སློབ་དཔོན་དང་། འཇུག་པར་གསོལ་བ་བཏབ་པ་ནས་ཞུགས་པ་སླར་བཏང་བའི་བར་སློབ་མའི་རྒྱུད་སྨིན་པར་བྱེད་པའི་ཆོ་ག་གཉིས་སུ་གསུངས་ལ། འདིར་དབང་ནི། དེ་ནི་དྲུག་པའི་བྱེ་བྲག་དབང་། །ཞེས་པས་རིག་དབང་ལྔ་དང་། སློབ་དཔོན་གྱི་དབང་ལ། ཕྱིར་མི་ལྡོག་པའི་དབང་། གསང་བའི་དབང་། རྗེས་གནང་། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་དྲུག་ནི་སློབ་དཔོན་གྱི་དབང་སྟེ་བསྡོམས་པས་བཅུ་གཅིག་གོ །ཡང་ན་ཡེ་ཐིག་ལས། ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་དང་། །ལུང་བསྟན་པ་དང་སྐྱབས་སྦྱིན་དང་། །སྔགས་དང་ཕྱག་རྒྱའི་ཡེ་ཤེས་སོ། །རྣལ་འབྱོར་རྒྱུད་ལ་མོས་པ་དང་། །དབང་བརྒྱད་ཕྱེ་ལ་སྦྱིན་པར་


JKT004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། ཞེས་པའི་དོན་ལ་འབྲེལ་བར་སྔགས་དང་ཕྱག་རྒྱ་ཡེ་ཤེས་རྣམས་ཞར་བྱུང་དུ་བྱས་ནས་བརྒྱད་དང་། དེའི་སྟེང་དུ་དམ་ཚིག་གསུམ་བསྣན་ནས་བཅུ་གཅིག་ཏུ་བྱེད་དོ། །སྡོམ་པ་ནི། སྟ་གོན་གྱི་ཆིངས་བཅུ་གཉིས་ཀྱི་བཞི་པར། རྣལ་འབྱོར་དུ་སེམས་བསྐྱེད་པ་ནི་བརྡར་བཏགས་པའི་རྡོ་རྗེ་སེམས་དཔའ་ལ་སྨོན་ལམ་གྱི་བསྐྱེད་པའི་ཕྱིར་སྨོན་པའི་སེམས་ཞེས་བྱའོ། །འཇུག་པའི་གནས་སྐབས་ཀྱི་སྡོམ་བཟུང་ལས་ནི་དཀྱིལ་འཁོར་དུ་འཇུག་པ་ཞེས་པའི་རིག་པས་འཇུག་པའི་སེམས་ཀྱིས་སྡོམ་པ་ཐོབ་པ་ཡིན་ཏེ། དམ་ཚིག་ལ་འཇུག་པའི་སྐབས་ཡིན་པས་སོ། །གསང་བའི་འཇུག་པ་ཡེ་ཤེས་བབས་པ་ལ་ཐོབ་པ་ནི་དམ་ཚིག་ཆེན་པོ་དངོས་ཡིན་ཏེ། རྩེ་མོར། དེ་ནས་བབས་པར་གྱུར་པ་ཉིད། །མངོན་པར་ཤེས་པ་དྲུག་ཐོབ་ཅིང་། །ཡེ་ཤེས་དམ་པ་ཐེབས་གཅིག་གིས། །སྔོན་བྱུང་མིན་པའི་དགའ་བདེ་དང་། །དགའ་དང་མགུ་དང་མཆོག་དག་དང་། །རིག་པ་ཐམས་ཅད་མངོན་དུ་འགྱུར། །རྫུ་འཕྲུལ་དག་ནི་རྫོགས་པར་འགྱུར། ཞེས་དང་། ཀོ་ས་ལའི་རྒྱན་ལས། འདིར་སེམས་བརྟན་པར་འགྱུར་བ་ནི་རྟོགས་པ་མ་ཐོབ་ཅིང་། ཚེ་གཞན་དུ་བརྗེས་སུ་ཟིན་ཀྱང་ཐེག་པ་ཆེན་པོ་ལས་སེམས་ལྡོག་པར་མི་འགྱུར་ཏེ། རྡོ་རྗེ་སེམས་དཔའ་ཡོངས་སུ་བཟུང་བ་ཡིན་པའི་ཕྱིར་རོ། །


JKT004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་བས་ན་རིག་པ་འཛིན་པའི་སྡོམ་པ་དེ་ཉིད་འདིར་ཕྱིར་མི་ལྡོག་པའི་ས་བོན་གྱི་ངོ་བོར་སྐྱེས། དེ་ཉིད་རིག་པའི་དབང་གི་ཆོ་གས་འབྲས་བུའི་རིགས་ཀྱི་ངོ་བོར་བསྡོམས་པས་སྨིན། སློབ་དཔོན་གྱི་དབང་དུ་རྫོགས་པ་ཡིན་ནོ། །སྤྱིར་ཆོ་ག་ནི། ཨུ་པཱ་ཡི་ཀཱ། ཞེས་པ། ཨུ་པཱ་ཡ་ཐབས། ཨི་ཀཱ་ལྡན་པ་སྟེ། ངེས་པའི་ཚིག་ཏུ་ན། ཨུ་པ་ཉེ་བ། ནཱ་ཡ་ཀ་འཁྲིད་པའམ་འདྲེན་པ་སྟེ། ཉེ་བར་འཁྲིད་པས་ན་ཐབས། ཐབས་འདི་ལ་ཡོད་པས་ཐབས་ཅན་ཏེ། དཀྱིལ་འཁོར་མཐའ་དག་ཁོང་དུ་ཆུད་པར་བྱེད་པ་ལ་བློ་འཁྲིད་པའི་ཐབས་ཟབ་མོ་དང་བཅས་པས་ན་ཆོ་གའོ། །དེ་ལ་དབྱེ་ན། རྩེ་མོར། དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། ཞེས་གཉིས་སོ། །སྟོད་འགྲེལ་ལས་དེ་ཁོ་ན་ཉིད་ནི་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། བདག་དང་གནས་ལ་སོགས་པ་བསྲུང་བ་དང་། ལྷ་རྣམས་སྤྱན་དྲང་པའི་ཆོ་ག་དང་། བཟླས་བརྗོད་དང་། བསྒོམ་པ་དང་། ཕྱི་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང་། ཉེ་བར་བསྡུ་བ་དང་། མཆོད་ནས་གཤེགས་སུ་གསོལ་བའོ། །ཞེས་སོ། །དེ་ལ་དང་པོ་ནི། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་སོ། །གཉིས་པ་ནི། དུས་དང་། བཟླས་པའི་གྲངས་དང་། རས་རིས་དང་། སྐྱིལ་མོ་ཀྲུང་ལ་


JKT004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ངེས་པ་དང་། སྔགས་བཟླས་པའི་ཚུལ། རྡོ་རྗེ་བཟླས་པའི་ཆོ་ག་དང་། བཟླས་བརྗོད་ཀྱི་འབྲས་བུ་གྲུབ་ཚུལ་ལ་སོགས་པའོ། །གསུམ་པ་ནི། ཏིང་འཛིན་གསུམ་སྒོམ་པར་བྱེད་པ་ན། ལྷ་རྣམས་ངེས་པར་ཕྱག་རྒྱ་བཞིས་རྒྱས་གདབ་པས་ཕྱག་རྒྱ་བཞིའོ། །བཞི་པ་ནི། སྲུང་འཁོར་ཏེ། སོགས་ཁོང་ནས། ཁྲུས་དང་། གོས་བརྗེ་བ་དང་། ལྕེ་ལག་བྱིན་གྱིས་བརླབ་པ་བསྡུས་སོ། །ཡང་ན་རྣལ་འབྱོར་སྲུང་བའོ། །ལྔ་པ་ནི། ཡེ་ཤེས་པ་རྣམས་བསྡུས་ཏེ། །བསྟོད་ན་དགུག་གཞུག་བྱ་བའོ། །དྲུག་པ་ནི། ཚིག་དང་། རྡོ་རྗེའི་བཟླས་པ་ལ་སོགས་པའོ། །བདུན་པ་ནི། སྔོན་དུ་བསྙེན་པའི་དུས་སུ་ཏིང་འཛིན་རྣམ་གསུམ་རྫོགས་པ་དང་། སྙིང་གའི་དཀྱིལ་འཁོར་དང་། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་དང་། རྣལ་འབྱོར་ལ་སོགས་པ་བསྒོམ་པའོ། །བརྒྱད་པ་ནི། དཀྱིལ་འཁོར་ལ་སོགས་པ་མཆོད་པའི་སྐབས་ཀྱི་སྦྱིན་སྲེག་བྱ་བའོ། །དགུ་པ་ནི། ཕྱག་རྒྱ་དགྲོལ་པའི་ཆོ་གའོ། །བཅུ་པ་ནི། རྡོ་རྗེའི་གླུ་དང་སྒེག་སོགས་བརྒྱད་ཀྱིས་མཆོད་ཅིང་། གསོལ་བ་བཏབ་ནས་གཤེགས་སུ་གསོལ་བའོ། །དེ་དག་ཀྱང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་དེ་རྟོགས་པའི་ཡེ་ཤེས་གཉིས་སུ་དབྱེར་མེད་པ་ནི། དེ་ཁོ་ན་ཉིད་ཡུལ་དུ་མི་བསླུ་བའི་ཕྱིར་དོན་དམ་པའི་དེ་ཁོ་ན་ཉིད་ཤེས་རབ་ཀྱི་རང་བཞིན་ནོ། །ཡེ་


JKT004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དེའི་མཐུ་ལས་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷའི་སྐུ་དང་། སྔགས་དང་། ཕྱག་རྒྱ་ལ་སོགས་པར་སྣང་བ་ནི། འགྲོ་བའི་དོན་བྱེད་པའི་ཡུལ་དུ་མི་བསླུ་བའི་ཕྱིར། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཐབས་ཀྱི་རང་བཞིན་ནོ། །དེ་ཉིད་གཉིས་པོ་དེ་ཡང་དག་པར་བཟུང་བའི་བརྟལ་ཞགས་ནི་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་སྡོམ་པར་གསུངས་སོ། །དེ་ཡང་དེ་ཉིད་བཅུའི་ནང་ཚན་ཕྱག་རྒྱ་བསྡུ་ཞེས་པ་འདི་གལ་ཆེ་བས་ཅུང་ཟད་བཤད་ན། ངོ་བོ་ནི། དོན་དམ་པ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་རྣམ་སྣང་ཆེན་པོའི་ངོ་བོ་ཉིད་ཡིན་ལ། དེའི་མཚན་མ་ནི་ཕྱག་རྒྱ་སྟེ། དོན་དམ་པའི་ལྷ་དང་དེ་དང་འབྲེལ་བའི་སེམས་དཔའ་དང་། འཇིག་རྟེན་པའི་ལྷར་སྣང་བ་རྣམས་ཀྱང་དེའི་འཁོར་དུ་བསྡུ་བའོ། །ཞེས་སོ། །སྒྲ་དོན་ནི། མུ་ཏྲ་ལ་ངེས་ཚིག་གིས། མོ་དཱ་ནཱ་ཏཱ་མགུ་བའི་ཕྱིར་ཕྱག་རྒྱ་སྟེ། ལྷ་རྣམས་ཀྱི་ཡིད་མགུ་བར་བྱེད་པའི་ཕྱིར་རོ། །མུ་དཱ་ན་རྒྱས་འདེབས་པའི་སྟེ། སེམས་ཅན་རྣམས་སྲུང་བའི་ཕྱིར་ཕན་གདགས་པ་དང་། འདོད་པའི་དངོས་པོ་མྱུར་དུ་འགྲུབ་པའི་ཕྱིར་རྒྱས་འདེབས་པ་སྟེ། རྒྱུད་ཕྱི་མར། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་གདབ་པ་ལྟར། །བདག་ཆེན་ཉིད་ཀྱི་ཕྱག་རྒྱས་ཡང་། །སྐྱེ་བོ་རྣམས་ལ་དེ་བཞིན་བཏབ། །ཅེས་སོ། ཡང་། ས་མ་ཡ་མཱུ་ལ་དམ་ཚིག་གི་རྩ་བར་གྱུར་པའི་ཕྱིར་


JKT004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མུ་ཀུཊ་དབུ་རྒྱན། ད་ཧ་རུ་བསྒྱུར་བས། ཧེ་ཏུ་རྒྱུ། པ་ར་མ་མཆོག་སྟེ་དབུ་རྒྱན་བཅིང་བ་ནི་དབང་བསྐུར་བ་ཡིན་ལ། དེའི་རྒྱུ་མཆོག་ཏུ་གྱུར་པའི་ཕྱིར་དང་། མུ་ཏྟི་ལུས། ཌིཌྷ་བརྟན་པར་བྱེད་པས་ན་ཕྱག་རྒྱ་སྟེ། །འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པར། །འདི་ནི་དམ་ཚིག་རྩ་བ་སྟེ། །དབུ་རྒྱན་བཅིང་བ་རྒྱུ་ཡི་མཆོག །གང་གི་ལུས་ཀུན་བརྟན་པས་ན། །དེ་བས་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་སོ། །ཕྱག་རྒྱ་དང་། མཚན་མ་དང་། རྟགས་དང་། ཉེ་བའི་མཚན་ཉིད་ཅེས་བྱ་བ་རྣམས་རྣམ་གྲངས་ཡིན་ནོ། །བྱེ་བྲག་ཏུ་སེམས་ཅན་གྱི་རྒྱུ་ལ་རྒྱས་འདེབས་པས་ན་ཕྱག་རྒྱ། དེ་ཉིད་གཞན་པས་མཆོག་ཏུ་གྱུར་པས་ན་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཀུན་རྫོབ་ཏུ་སྟོན་པར་བྱེད་པས་ན་དམ་ཚིག་གི་ཕྱག་རྒྱ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །ཞེས་རྟོགས་པ་ནི་ཆོས། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱས་འདེབས་པས་ན་ཕྱག་རྒྱ། བརྩོན་འགྲུས་ཀྱི་རང་བཞིན་གྱི་བྱ་བ་ནི་ལས། དེ་སྟོན་པར་བྱེད་པའི་ཚུལ་འདྲ་བ་ནི་ཕྱག་རྒྱའོ། །དབྱེ་ན་ལྷར་བཏགས་པ་དང་། དམ་ཚིག་ཅན་གྱི་སྐྱེ་བོས་བཏགས་པ་གཉིས། དང་པོ་ནི། ལྷའི་ངོ་བོ་ཉིད་དང་། དེས་སྒྲུབ་པའི་མཚན་མ་དང་། དེའི་ཆ་ཤས་སུ་བྱེ་བྲག་མེད་པར་བྱས་ཏེ་བཏགས་པའོ། །གཉིས་པ་ནི། ལྷའི་ལུང་ལས་དེའང་


JKT004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཐུན་དམ་ཚིག་ཅན་གྱིས་བསྐྱེད་པའི་ལྷའི་ངོ་བོ་ཉིད་དམ། དེའི་ཆ་ཤས་སུ་བྱེ་བྲག་མེད་པར་མོས་པ་ནི། དེ་ལ་ལྷ་རྣམས་སྔོན་གྱི་དམ་ཚིག་གི་མཛད་པའི་རྗེས་སུ་དགོངས་ནས་བྱིན་གྱིས་རློབ་པར་མཛད་དོ། །དེ་ལ་ཡང་ཕྱི་ནང་གི་བྱེ་བྲག་གཉིས་གཉིས་ཏེ། ཕྱག་ཆེན་ལ། ཕྱི་རོལ་དུ་བྲིས་པའམ་ལུས་ཀྱི་འདུ་བྱེད་དང་། ལྷའི་གཟུགས་བརྙན་ཡིད་ཀྱིས་བསྒོམ་པ་ནི་ནང་། དམ་རྒྱ་ལ་རྡོ་རྗེའམ། ལག་པའི་གཟུགས་བརྙན་བྲིས་པ་ལ་སོགས་པ་ནི་ཕྱི། ཏིང་ངེ་འཛིན་གྱིས་བསྒོམ་པ་ནི་ནང་། ཆོས་རྒྱལ། ཡི་གེ་ཕྱི་རོལ་དུ་བྲིས་པ་དང་། ངག་ཏུ་བརྗོད་པ་སོགས་ནི་ཕྱི། ཡིད་ཀྱིས་ལྕེ་ལ་བཀོད་ནས་བསྒོམ་པ་ནི་ནང་ངོ་། །ལས་རྒྱ་ལ་ཕྱི་རུ་ཕྱག་ལ་སོགས་པའི་གཟུགས་བརྙན་བྲིས་པ་དང་། ཏིང་ངེ་འཛིན་གྱིས་བརྟགས་པ་ནི་ནང་ངོ་། །རྒྱས་གདབ་དགོས་པའི་རྒྱུ་མཚན་ནི། རང་དོན་མི་གནས་པའི་མྱང་འདས་བརྙེས་ནས། སྤྲུལ་སྐུས་སེམས་ཅན་གྱི་དོན་མཛད་པའི་སྤྱོད་པ་ནི་གཟུགས་བརྙན་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་མོས་ནས། ཕྱག་རྒྱ་བཞིས་བཅིང་བས་འགྲུབ་པའི་ཕྱིར་དེ་ལ་རག་ལས་ལ། ཕྱག་རྒྱ་བཞི་ཡི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་འབྲས་བུའི་ཚུལ་དུ་གནས་པའི་ཕྱིར་རྣལ་འབྱོར་ལ་རགས་ལས་སོ། །གང་ལ་རྒྱས་གདབ་པའི་ཡུལ་ནི།

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JKT004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དམ་ཚིག་ཅན་གྱི་སྐྱེ་བོས་བཏགས་པའི་ལྷའི་ཕྱག་རྒྱ་བཞིས་རྒྱས་གདབ་པའི་དབང་དུ་བྱས་ནས། དམ་ཚིག་སེམས་དཔའི་ཕྱག་རྒྱ་ཆེན་པོས་བསྐྱེད། ཡེ་ཤེས་པ་བཅུག་པ་དེ་ལ་འདེབས། གང་གིས་འདེབས་ན་ཡེ་ཤེས་པའི་ཕྱག་རྒྱ་བཞིས་འདེབས་ཏེ། དེས་བཏབ་པས་དམ་ཚིག་པ་ཡེ་ཤེས་པའི་རང་བཞིན་དུ་འགྱུར་བའོ། །གོ་རིམ་ནི། ཐུགས་དམ་ཚིག་གི་ཕྱག་རྒྱས་བསྒྲུབ། གསུང་ཆོས་ཀྱི་ཕྱག་རྒྱས་བཀོད། ཕྲིན་ལས་ཀྱི་ཕྱག་རྒྱས་ཕྲིན་ལས་ལ་སྦྱར་ནས། ཕྱག་རྒྱ་ཆེན་པོའི་ཚུལ་རབ་ཏུ་གནས་པར་བྱེད་པའོ། །གཉིས་པ་རང་གི་སྡོམ་པ་གནས་པར་བྱ་བ་ལ། རིགས་ཀྱི་རྗེས་སུ་མཐུན་པའི་དམ་ཚིག ། དེའི་མི་མཐུན་ཕྱོགས་ཀྱི་ལྟུང་བ། ཉམས་སུ་བླང་བའི་དམ་ཚིག་གསུམ་ལས། དང་པོ་ནི། རྩེ་མོར། སངས་རྒྱས་ཆོས་དང་དགེ་འདུན་དང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། ༡ །རྡོ་རྗེ་དྲིལ་བུ་༢ཕྱག་རྒྱ་༣ཡང་། །བློ་ཆེན་གྱིས་ནི་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུང་། ༢ །རིན་ཆེན་རིགས་མཆོག་ཆེན་པོ་ལ། ཉིན་དང་མཚན་མོ་ལན་


JKT004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། ཉན་རང་བྱང་སེམས། །དམ་ཆོས་ཁྱོད་ཀྱིས་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་gཔའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། ༤ །ལས་ཀྱི་རིགས་མཆོག་ཆེན་པོ་ལ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་གྱིས། མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཉིས་པ་ལ། རྩ་བ་དང་། དེའི་རྗེས་སུ་མཐུན་པ་ཡན་ལག་གི་ལྟུང་བ་གཉིས་ལས། དང་པོ་ནི། དཀོན་མཆོག་གསུམ་དང་། རྡོར་དྲིལ་ཕྱག་རྒྱ་སློབ་དཔོན་བཞི། སྦྱིན་པ་རྣམ་བཞི། ཐེག་པ་གསུམ། སྡོམ་པ་དང་མཆོད་པ་སྟེ་བཅུ་བཞི་པོ་སྤང་ཞིང་དོར་བར་སློབ་དཔོན་ཀུན་སྙིང་བཞེད་དོ། །གཉིས་པ་ནི། རྩེ་མོ་ལས། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པས། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པས་ལོག་པར་མི་སྤྱོད་ཅིང་། །བརྫུན་དུ་སྨྲ་བར་མི་༤ བྱའོ། །ཕུང་དཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་༡༠། །དམ་པ་ཉེ་བར་བསྟེན་པར་བྱ༧། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་


JKT004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་རྣམས་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས༩། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །ཕྱག་རྒྱ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། ཅེས་པ་ལྟར་བཅུ་གཅིག་སྟེ་དེ་དང་འགལ་ན་རྩ་བའི་ལྟུང་བ་དང་རྗེས་སུ་མཐུན་པའོ། །རྣལ་འབྱོར་གྱི་རྒྱུད་སྡེ་སྟོང་ཕྲག་དྲུག་ཏུ་དགག་བསྒྲུབ་རྩ་བ་དང་ཡན་ལག་གི་དམ་ཚིག་དང་ལྟུང་བ་མ་ཕྱེ་བར་ཅི་རིགས་པར་གསུངས་པ་དེ་དག་དང་རྗེས་སུ་མཐུན་པར་སྦྱར་ཏེ་ཤེས་པས་བསྲུང་བར་བྱའོ། །གང་ཞེ་ན་རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གཙོ་བོ་དེ་དག་ལྷུར་བླང་བྱ། ཞེས་དང་། རྟག་པ་ཐམས་ཅད་བསྡུས་པར། །སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས། །ཡོངས་སུ་གཏང་བར་མི་བྱ་ཞིང་། ཞེས་དང་། དཔལ་མཆོག་ལས། བྱང་ཆུབ་སེམས་ནི་བཏང་མི་བྱ། ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་ནི། རྡོར་སེམས་ལ། རྩ་རྒྱུད་ལས། སྐུ་དང་གསུང་དང་ཐུགས་གསང་བ། །མཁས་པས་དམ་ཚིག་བསྲུང་བར་བྱ། ཞེས་དང་། པདྨའི་དེ་ཉིད་བསྡུས་པར། །གང་དག་འདོད་ཆགས་སྙོམས་འཇུག་


JKT004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེ་ནི་འདོད་ཆགས་ཉིད་ཀྱིས་སྦྱང་། ཞེས་དང་། དེ་བཞིན་གཤེགས་པར། སྔ་མར། སེམས་ཅན་དོན་ཕྱིར་ཁྲོ་བ་ཡང་། །ཁྲོ་བོ་ཆེན་པོ་སྟོན་པར་མཛད། །འདི་ནི་རྡོ་རྗེ་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་དང་། པདྨ་དང་ནི་རིན་ཆེན་ལ། །རང་བཞིན་དག་པར་ཤེས་ནས་ནི། །དགོས་པ་དེ་དང་དེ་དག་བྱེད། །འདི་ནི་པདྨའི་རིགས་ཅན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་གསུངས་པ་ལྟར་སོ་སོའི་རིགས་ཅན་སྦྱིན་པར་བྱ་བའི་དམ་ཚིག་གོ །ཉམས་ན་ཕྱིར་བཅོས་པ་ནི། བཟླས་པ་དང་། ཞི་བའི་སྦྱིན་སྲེག་དང་། དབང་ནོད་པ་སོགས་ཀྱིས་འཆོས་པ་དང་། གཞན་ཡང་སྙིང་པོ་རྒྱན་ལས་གསུངས་པ་དག་ཇི་ལྟར་རིགས་པར་སྦྱར་རོ། །གསུམ་པ་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ལ། ཐུན་མོང་དང་། འདས་པའི་དངོས་གྲུབ་སྒྲུབ་བྱེད་དབང་པོ་རབ་དང་། བསྒོམ་པས་སྐྲག་ཅིང་བྱ་བ་ལ་ཞེན་པའི་དབང་པོ་དམན་པ་རྣམས་རྗེས་སུ་འཛིན་པའི་ཐབས་དང་གསུམ་ལས། དང་པོ་ནི། ཐབས་ཀྱི་གཙོ་བོ་དང་པོར་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་སྟེ་ཏིང་འཛིན་གསུམ་ཡིན་ལ། དེ་བསྒོམ་ནུས་པའི་སློབ་མའི་དབང་དུ་བྱས་ནས། དཔལ་མཆོག་འགྲེལ་པར། དེ་ཁོ་ན་ཉིད་རྣམ་པ་ལྔ་བསྒོམས་པས་བདག་ཉིད་རང་གི་ལྷའི་ངོ་བོ་ཉིད་དུ་བསྐྱེད་པ་བསྒོམ་པ་ནི། རྣལ་འབྱོར་


JKT004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །ཡེ་ཤེས་སེམས་དཔའ་བཅུག་ནས་དེ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པ་ཐམས་ཅད་ངོ་བོ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་བསྒོམ་པ་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་ཀྱི་རྣལ་འབྱོར་རྣམས་བསྒོམས་པས་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །ཞེས་སོ། །སློབ་དཔོན་གྱི་དབང་དུ་བྱས་ནས་རྣལ་འབྱོར་ཆེན་པོའི་ཐུགས་ཀར་དཀྱིལ་འཁོར་བསྒོམ་པ་སྟེ་ལྔའོ། །དེ་རྣམས་ཀྱི་ངོ་ནས་དངོས་གྲུབ་རབ་འབྲིང་ཐ་གསུམ་པ་སྒྲུབ་པའོ། །གཉིས་པ་ནི། རང་གི་དམ་ཚིག་ལ་གནས་པས་གཟུགས་བརྙན་དང་འདྲ་བ་ཉིད་དུ་རྟོགས་ནས། མཆོད་པ་དང་། ཕྱག་རྒྱ་བསྒྲུབ་པ་དང་། ངེས་པ་བསྐྱེད་ནས་བསྒྲུབས་པས་མཚན་མ་ཐོབ་པ་དང་མངོན་ཤེས་བསྒྲུབ་སྟེ་སངས་རྒྱས་ལ་སོགས་པའི་ཆ་ལུགས་འཛིན་པའི་བརྟུལ་ཞུགས་ཀྱིས་རིགས་ཐམས་ཅད་མཉེས་ཤིང་དབང་དུ་བྱས་ནས་བསྒྲུབ་ལ། ལན་བདུན་བསྒྲུབས་ཀྱང་མ་གྲུབ་ན་ལྷ་བསད་པའི་ཆོ་ག་བྱས་ལ་བསྒྲུབ་བོ། །གསུམ་པ་ནི། དམན་པ་ལ་དཀྱིལ་འཁོར་མཐོང་བའི་དུས་ཀྱི་ངེས་པ་དང་། སྔགས་བཟླས་པའི་གྲངས་དང་། རས་རིས་དང་། ཉེར་སྤྱོད་དང་། ཕྱག་རྒྱའི་མཆོད་པ་དང་། སྐྱིལ་ཀྲུང་ལ་སོགས་


JKT004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངེས་པ་དང་ལྡན་པས་བཟླས་པ་བྱ་བ་ལ། ཚིག་དང་རྡོ་རྗེའི་བཟླས་པ་གཉིས་ལས། ཕྱི་མ་སློབ་དཔོན་སངས་རྒྱས་གསང་བས། ཀུན་རྫོབ་དམིགས་བཅས་དང་། དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གཉིས་སུ་གསུངས་ཤིང་། དེ་བཞིན་དུ་རྩེ་མོ་ལ་སོགས་པ་རྣམས་སུ་གསུངས་པ་ཡང་ཤེས་པར་བྱའོ། །ཐབས་གསུམ་པོ་དེ་རྣམས་ཀྱིས་གནས་སྐབས་ཀྱི་འབྲས་བུ་ནོར་གྱི་དངོས་གྲུབ་དང་རིག་པ་འཛིན་པ་སོགས་འགྲུབ་ལ། དེ་ནས་གྲུབ་པའི་འབྲས་བུ་དེ་དག་ཀྱང་ཐབས་རྒྱུད་དུ་བསྡུས་སོ། །བཞི་པ་འབྲས་བུ་རྣམ་པར་བཞག་པ་ནི། མངོན་བྱང་ལྔས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རིགས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང་སྤྱོད་པ་མཐའ་ཡས་པ་མི་ཟད་པ་བཀོད་པ་སྟོན་པའི་རྒྱུད་ཕྱི་མར་གྲུབ་པའོ། །དེ་ཡང་རྒྱུ་རྒྱུད་དེ་ཉིད་བག་ཆགས་དང་བཅས་པའི་དྲི་མ་མ་ལུས་པ་དང་བྲལ་བས་འཁོར་བའི་ཕ་རོལ་དུ་སོན་པ་ནི་རྒྱུད་ཕྱི་མའམ། འབྲས་རྒྱུད་དེ། ས་རྣམས་ཀྱི་མཐར་ཕྱིན་པའི་རྒྱལ་བའི་སྐུ་བཞི་འཕྲིན་ལས་དང་བཅས་པ་རྒྱུད་ཆགས་པས་ན་རྒྱུད། ངེས་ཚིག་ནི། སྲིད་པའི་བཙོན་ར་ལས་བརྒལ་བར་གྱུར་པའི་དོན་གྱིས་ན་ཕྱི་མ་སྟེ་འབྲས་རྒྱུད་དོ། །རྩེ་མོར། ཅི་ཕྱིར་རྒྱུད་དང་ཕྱི་མ་ཡིན། ས་མཐར་ཕྱིན་པའི་རྒྱལ་བ་མཆོག །སྲིད་པའི་བཙོན་ར་ལས་བརྒལ་ཡིན། ཞེས་སོ། །


JKT004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། ཨུཏྟ་ར་བླ་མ་སྟེ། སྔར་གནས་ཀྱི་རྒྱུན་ཡན་ལག་ཕུལ་དུ་བྱུང་བའི་དོན་གྱིས་ན་རྒྱུད་བླ་མའོ། །བཞི་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དུ་བཀྲི་བའི་ཚུལ་ལ་སྨིན་པར་བྱེད་པ་དབང་། གྲོལ་བར་བྱེད་པ་ལམ། བོགས་འདོན་སྤྱོད་པ། མཐར་ཐུག་པའི་འབྲས་བུ་བཞི་ལས། དང་པོ་ལ། གང་ལ་ནོད་པའི་སློབ་དཔོན། གང་གིས་ནོད་པའི་སློབ་མ། གང་དུ་ནོད་པའི་དཀྱིལ་འཁོར། ཇི་ལྟར་ནོད་པའི་ཆོ་ག །གང་ནོད་པའི་དབང་གི་བསླབ་བྱ་བཤད་པ་སྟེ། །ལྔ་ལས། དང་པོ་ནི། དུས་འཁོར་ལས་དྲང་དོན་གྱི་དམ་ཚིག་དང་བསྐྱེད་རིམ་གྱི་དེ་ཁོ་ན་ཉིད་གོམས་པར་བྱེད་པ་དབང་བདུན་དང་། ངེས་དོན་གྱི་དམ་ཚིག་དང་རྫོགས་རིམ་གྱི་དེ་ཉིད་ཤེས་པ་མཆོག་དབང་གོང་མས་ཁྲིད་པར་ནུས་པའི་ཡོན་ཏན་ཅན་དང་། དགྱེས་རྡོར་ལས། རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །རང་འདོད་ལྷ་དང་མཉམ་སྦྱོར་བ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། དུས་འཁོར་ལས་ཕྱག་རྒྱ་ཆེན་པོ་མཆོག་དང་། འཇིག་རྟེན་པ་ཐུན་མོང་བའི་དངོས་གྲུབ་དོན་དུ་གཉེར་བ་གཉིས་དང་། གསང་འདུས་འགྲེལ་པར་སྣོད་ཀྱི་དབྱེ་བ་རྣམ་པ་ལྔ་གསུངས་སོ། །གསུམ་པ་ནི། དུས་འཁོར་ལ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་རྡུལ་ཚོན་དང་། མཆོག་སྒྲུབ་པའི་དོན་དུ་དཀྱིལ་འཁོར་རྣམ་པ་གསུམ་གསུངས་སོ། །བཞི་པ་ནི། དང་པོར་བསྙེན་པ་


JKT004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་དཀྱིལ་འཁོར་དུ་བདག་འཇུག་ཟིན་པའི་མཐར་སློབ་མ་གཞུག་པའི་དོན་དུ་གསོལ་བ་བཏབ་པ་ཡན་ཆད་བྱེད་པ་སློབ་དཔོན་སྨིན་པའི་ལམ་ཡིན་ལ། དེ་ནས་སློབ་མ་རྣམས་དང་པོར་རྡུལ་ཚོན། དེ་ནས་ཀླུལུས་དཀྱིལ། དེ་ནས་བྷ་ག །དེ་ནས་བྱང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ནས། སློབ་དཔོན་བཞི་ནི། རྡོ་རྗེ་སློབ་དཔོན་དང་། མ་དང་། ཕྱག་རྒྱ་དང་། རང་སེམས་བཞི་ལ་རྩོད་མེད་ཞལ་བཞེད་དོ། །དེ་ལྟར་ཡང་། སཾ་ཊར། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་སོ། །ལྔ་པ་བསྲུང་བྱ་རྩ་ལྟུང་བཅུ་བཞི་ཡན་ལག་དང་བཅས་པ། བསྒྲུབ་བྱ་རིགས་དྲུག་གི་དམ་ཚིག་ཉམས་སུ་བླང་བ་དང་འགྲེལ་པའི་དམ་ཚིག །ཉམས་ན་ཕྱིར་བཅོས་དང་བཞི་ལས། དང་པོ་ནི། རྩ་བ་དང་ཡན་ལག་གཉིས་ལས། དང་པོ་ནི། བླ་མ་ལ་སྨོད་སོགས་བཅུ་བཞི་སྟེ། དེའི་གཉིས་པ་རྡོ་རྗེ་སྤུན་ལ། སྤྱི་རིང་ནང་འདྲེས་ཀྱི་མཆེད་རྣམས་སློབ་དཔོན་ལཱ་སྱ་བཛྲའི་རྗེས་སུ་འབྲང་ལ། ལྔ་པ་བྱང་ཆུབ་སེམས་དོར་བ་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེ་སྟེ། བརྟག་གཉིས་ལས། ཀུན་རྫོབ་ཀུནྡ་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་བཤད་ཅིང་དམ་པ་དང་པོའི་རྒྱུད་ལས་ཀྱང་ལྷག་པར་བསྟན་ཏོ། །དེ་དག་ཀྱང་སྙིང་པོ་རྒྱན་གྱི་དགོངས་པ་ལྟར། དེ་དག་རེ་རེ་བཞིན། ཡུལ། བསམ། སྦྱོར་བ།


JKT004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དུས། ཉེས་པ། ལན་གྲངས་ཏེ་དྲུག་གིས་བསྒྱུར་བས་། དེ་ཡང་ལྕི་འབྲིང་ཡང་གསུམ་གྱིས། བསྒྱུར་བས་རིག་པ་འཛིན་པའི་ཁྲིམས་གཉིས་བརྒྱ་ང་གཉིས་ཞེས་བྱའོ། །གཉིས་པ་ནི་དམ་ཚིག་དང་མི་ལྡན་པའི་རིག་མ་བསྟེན་པ་སོགས་བརྒྱད་དོ། །གཞན་ཡང་ཕྲ་མོར་བཤད་པ་ཡང་ངོ་། །གཉིས་པ་ནི། རིགས་དྲུག་གི་དམ་ཚིག་ལ་དྲང་ངེས་མ་ཕྱེ་བ་དང་ཕྱེ་སྟེ་དུས་ཀྱི་འཁོར་ལོ་ལས་འདི་སྐབས་འདོད་པའི་རྡོ་རྗེ་ཞེས་རྡོ་རྗེ་རྩེ་ལྔ་པ་སྟེ་མི་བསྐྱོད་པའི་མཚོན་བྱེད་དུ་བཤད། གཉིས་སུ་གསུངས་སོ། །གཞན་ཡང་བདེ་མཆོག་རྩ་རྒྱུད་ལས་དེའི་དབྱེ་བ་བརྒྱད་དུའང་གསུངས་སོ། །སྤྱིར་དམ་ཚིག་ཅེས་པ། རྒྱས་པར། ས་མ་ཡ་མཉམ་ཇི་བཞིན་སྤྱོད།། ༈ །།གྲུབ་པའི་མཐའ་དང་ཕུན་སུམ་ཚོགས། །ཁྲིམས་བཅའ་གཞན་ཡང་རྒྱས་པར་བསྟན། །བརྡ་དང་དུས་སྐད་རྣམས་ལའོ། །ཞེས་དོན་བཅུར་འཇུག་པར་གསུངས། དེ་ཡང་དག་པ་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་གཅིག་ཏུ་བསྡོམས་པ་རྒྱལ་བ་མཆོག་གི་འདུས་པ་དག་པའི་རྣལ་འབྱོར་དང་། ཐུགས་དང་ཆོས་ཀྱི་སྐུ་གཅིག་ཏུ་བསྡོམས་པ་རྒྱལ་བ་མཆོག་གི་འདུས་པ་ཆོས་ཀྱི་རྣལ་འབྱོར་དང་། གསུང་དང་ལོངས་སྤྱོད་རྫོགས་སྐུ་གཅིག་ཏུ་བསྡོམས་པ་རྒྱལ་བ་མཆོག་གི་འདུས་པ་སྔགས་ཀྱི་རྣལ་འབྱོར་དང་། སྲིད་པ་གསུམ་གྱི་མཆེད་སྐུ་དང་སྤྲུལ་པ་གཅིག་ཏུ་བསྡོམས་པ་རྒྱལ་བ་མཆོག་གི་འདུས་པ་དབྱིབས་ཀྱི་རྣལ་འབྱོར་ཏེ། །ས་མ་ཡ་


JKT004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའམ་ཚོགས་པ་ལ་འཇུག་པས་སོ། །དེ་ལྟར་སྡོམ་འབྱུང་ལས། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་མཆོག་ཐུགས་ཀྱི་ལས། །རྣམ་པ་ཀུན་མཆོག་སྡོམ་པའོ། །ཞེས་གསུངས་སོ། །ཡང་ན་ཉེར་བསྒྱུར་སམ་དོན་ལས་མི་འགྱུར་བའི་བདེ་བ་རྫོགས་པའོ། །གསུམ་པ་དུས་འཁོར་ལས་གསུངས་པའི་བརྟུལ་ཞུགས་ཉེར་ལྔ་དང་མངོན་བརྗོད་བླ་མ་ལས་མཆོད་པའི་དེ་ཁོ་ན་ཉིད་དགུ་སོགས་དང་། གུར་ལས་དཀོན་མཆོག་གསུམ་མི་སྤང་བ་སོགས་བཅུ་བཞི་དང་། གཞན་ཡང་འབུམ་སྡེ་ནི་མཚོན་པར་བྱེད་པ་སྟེ་སེམས་ཅན་ལ་རྣམ་པར་རྟོག་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་གཉེན་པོ་འདུལ་བྱེད་ཀྱི་དམ་ཚིག་ཀྱང་དེ་རྙེད་དུ་གསུངས་སོ། །བཞི་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་སོགས་ལས་རྒྱས་པར་བསྟན་པ་བཞིན་ནོ། །གཉིས་པ་གྲོལ་བྱེད་ཀྱི་ལམ་ནི་རིམ་པ་གཉིས་འཁོར་དང་བཅས་པ་སྟེ། དང་པོ་ནི་ཟབ་དང་མི་ཟབ་པ་ལས་ནང་དང་ཕྱིའི་དབྱེ་བ་སོགས་གསུང་ལ། རྫོགས་རིམ་ལ་ཇོ་བོ་མི་མཆོག་པས། །གཏུམ་མོ་ལམ་གྱི་གཞི་མར་མཛད་ནས། །གཅིག་ཆར་བ་ཡི་བསྲེ་སྐོར་གསུམ། །ཐུགས་ཀྱི་བདག་ཉིད་ཆོས་ཀྱི་སྐུ། །ཐོད་རྒལ་བ་ཡི་བསྲེ་སྐོར་གསུམ། །ལོངས་སྐུ་སྐུ་ཡི་བདག་ཉིད་ཅན། །རིམ་སྐྱེས་པ་ཡི་བསྲེ་སྐོར་གསུམ། །སྤྲུལ་པ་གསུང་གི་བྱེད་པར་འགྱུར། །ཞེས་སོ། །དེ་ཡང་གསུང་ལས་རླུང་


JKT004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་སྟེང་བཅིང་པའི་བྱེད་ལས་ཀྱི་རྩ་རྣམ་པར་དག་པ་སྤྲུལ་པའི་སྐུ་མངོན་དུ་བྱེད་པ་རིམ་སྐྱེས་པའི་བསྲེ་བ་གསུམ་སྐུ་རྡོ་རྗེའི་རྣལ་འབྱོར། རྩ་རྣམ་པར་དག་པས་ལས་རླུང་དབུ་མར་ཟོས་པ་སྲོག་གི་གཟུགས་ལོངས་སྐུ་གསུང་རྡོ་རྗེར་བྱེད་པ་ཐོད་བརྒལ་བའི་བསྲེ་སྐོར་གསུམ་གསུང་རྡོ་རྗེའི་རྣལ་འབྱོར་དང་། ཐུགས་ཐིག་ལེ་འཕོ་བ་འཛག་མེད་དུ་འཆིང་བས་རིག་མའི་སྐྱེས་བུ་ཆོས་ཀྱི་སྐུར་བྱེད་པ་ཅིག་ཅར་བའི་བསྲེ་བ་གསུམ་ཐུགས་ཀྱི་རྣལ་འབྱོར་ཏེ། སྒོ་གསུམ་གསང་གསུམ་དུ་བསྲེ་བས་ན་བསྲེ་བ་སྟེ། དེ་ཉིད་མ་དག་པའི་སྣང་བ་དག་པར་འཕོ་བའི་ཕྱིར་འཕོ་བ། དེ་ལྟ་བུའི་གནད་ཀྱིས་རྒྱུ་སེམས་ཅན་འབྲས་བུ་སངས་རྒྱས་སུ་མཚམས་སྦྱོར་བས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཞེས་གསུངས་སོ། །གསུམ་པ་བོགས་འདོན་སྤྱོད་པ་ལ། ངོ་བོ་ནི། ནཱ་རོ་འགྲེལ་ཆེན་ལས། སྤྱོད་པ་ཞེས་བྱ་བ་ནི་རྡོ་རྗེའི་སྤྱོད་པ་ཕྱག་རྒྱ་ཆེན་མོ་དང་ལྷན་ཅིག་སྐྱེས་པ་སྟེ། རྡོ་རྗེ་པདྨ་དག་གིས་མི་འཛག་པའི་བདེ་བ་ཐོབ་པའོ། །ཞེས་སོ། །དབྱེ་ན། ཀུན་བཟང་། གསང་བ། ཚོགས་སམ་རིག་པ་བརྟུལ་ཞུགས། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ་བཞིའོ། །གསང་འདུས་ལས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་དུ་གསུངས་སོ། །བཞི་པ་མཐར་ཐུག་གི་འབྲས་བུ་ནི། དེ་ཡང་མི་ཟབ་པའི་བསྐྱེད་རིམ་བསྒོམ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་བསྟེན་


JKT004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པས་འོག་མིན་དང་། ལས་རྒྱ་བསྟེན་པས་འདོད་ལྷའི་ལུས་ཙམ་དུ་འགྱུར་བའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་འགྱུར་བའི་བདེ་བ་ཆེན་པོས་འགྱུར་བའི་བག་ཆགས་བཅོམ་པ་ལས་འདོད་ཆགས་ལ་སོགས་པ་གསུམ་གྱི་བདག་ཉིད་མ་རིག་པ་འགགས། དེ་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་འགགས་ལ། དེ་འགགས་པས་ཕྱི་རོལ་དུ་ཁྱིམ་བཅུ་གཉིས། ཞག་སུམ་བརྒྱ་དྲུག་བཅུ། ཆུ་ཚོད་༢༡༤༠༠སོགས་འགག་ཅིང་། ནང་དུའང་དུས་སྦྱོར་སོགས་ཀྱི་འཕོ་བ་བཅུ་གཉིས་སོགས་འགག་གོ །དེ་འགགས་པས་ལུས་འགགས་ཏེ། དེ་ལྟར་ཡན་ལག་བཅུ་གཉིས་འགགས་པས་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བའི་བདེ་བ་ཆེན་པོའི་སྐུ་བརྙེས་པ་ལ་འགག་པ་ཡིན་ནོ། །དེ་ཉིད་འགྱུར་བ་མེད་པ་ལྷན་ཅིག་སྐྱེས་པའི་ས་དང་། གཉིས་སུ་མེད་པ་ཆོས་ཀྱི་སྐུ་དང་། མི་ཟད་ཅིང་གཞོམ་དུ་མེད་པའི་སྒྲའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཞི་དྲག་ལ་སོགས་པའི་དབྱིབས་ཏེ་རྫུ་འཕྲུལ་གྱིས་བགྲོད་པ་ཅན་སྤྲུལ་པའི་སྐུའོ། །དེ་ཡང་ཐམས་ཅད་མཁྱེན་པ་དང་། ཡེ་ཤེས་སྐུ་དང་། ཉིན་མོར་བྱེད་པ་དང་། པདྨ་འདབ་མ་རྒྱས་པའི་སྤྱན་ཞེས་ཀྱང་བྱའོ། །དེ་ཉིད་ཚེ་འདི་ཉིད་ལ་འགྲུབ་པའང་དུས་འཁོར་ལས། །གདོལ་པ་སྨྲིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་པ་རྣམས།


JKT004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྤྱད་པ་རྗེས་སྤྱད་ན། སྐྱེ་འདི་ཉིད་ལ་འཚང་རྒྱ་འགྱུར། ཞེས་དང་། དེར་མ་གྲུབ་ཀྱང་བར་དོར་འགྲུབ་སྟེ། རྒྱུད་དུ། ཟུང་གི་རླུང་དག་འགག་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། ཞེས་སོ། །དྲི་མེད་འོད་ལས། ཅི་སྟེ་གང་གི་ཚེ་ལམ་དུ་རབ་ཏུ་ཞུགས་པ་རྣལ་འབྱོར་མ་ཐོབ་པར་འཆི་བར་འགྱུར་ན་དེའི་ཚེ་འཛིན་པ་སྟེ་བག་ཆགས་སྤྱི་ལ་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ཀྱང་ངོ་ཞེས་པའི་ངེས་པའོ། །ཞེས་གསུངས་སོ། །རྩེ་མོར། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། ཞེས་སོ། ཤུ་བྷཾ། །ལུས་ངག་ཡིད་གསུམ་ཐབས་དང་ཤེས་རབ་ཟབ་མོའི་བདག་ཉིད་ཅན་དུ་བསྡམས་པའི་ཚུལ་ཁྲིམས་སྔགས་སྡོམ་གྱི་མཚན་ཉིད་ཡིན་ཏེ། བྱ་བའི་རྒྱུད་ཕྱག་རྡོར་དབང་བསྐུར་བ་ལས། གང་གི་ཚེ་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པས་བདག་ཉིད་ལྷའི་གཟུགས་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱི་ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་། འགྲེང་ཡང་རུང་།


JKT004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཀྱང་རུང་། རྟག་ཏུ་དུས་ཐམས་ཅད་དུ་བསྐྱོང་ཅིང་མི་གཡོ་བ་དེའི་ཚེ་ཞི་བའི་བློ་གྲོས། བྱང་ཆུབ་སེམས་དཔའི་སྤྱོད་པ་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེ་འཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་དང་། རྣལ་འབྱོར་གྱི་རྒྱུད་ལས། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་ཉིད་དུ་ནི་འབབས་པར་ཤོག །ཅེས་དང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལས། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། ཞེས་གསུང་པས་སོ།། ༈ །།ཐར་པ་ནི་མྱ་ངན་ལས་འདས་པ་ངེས་པར་འབྱུང་བའིts ཡིན་ལ། སོ་སོ་བ་ནི་དེའི་རྒྱུ་དགེ་སློང་གི་སྡོམ་པ་ལ་སོགས་པ་སྟེ། དེ་གཙོ་བོར་བསྟན་པ་ཡིན་པས་མི་ཟད་པའམ་གྲངས་མེད་པའི་བསྡུ་བ་བྱས་པས། པྲ་ཏི་མོཀྵ། སོ་སོར་ཐར་པ་སྟེ་ཐེག་དམན་གྱི་ཉམས་ལེན་གཙོ་བོར་གྱུར་པ་ཡིན་ལ། སྡོམ་པ་དང་བར་མའི་ཚུལ་ཁྲིམས་ཀྱིས་བསྡུས་པའོ། །གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་བློ་ནི་ཀུན་རྫོབ་སེམས་བསྐྱེད་ཡིན་ལ།


JKT004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་སྤོང་བའི་སེམས་ཀྱིས་སྤོང་བའི་སེམས་ནི། ཟིན་པ་ལས་བྱང་སྡོམ་དུ་བཞག་པ་སྟེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཉམས་ལེན་གྱི་གཙོ་བོར་གྱུར་པ་ཡིན་ལ། སྨོན་པ་དང་འཇུག་པས་བསྡུས་པའོ། །རིག་པ་ནི་ཐབས་ཤེས་ཟུང་འཇུག་གི་སེམས་ཡིན་ལ། འཛིན་པ་ནི་དེ་ལ་གནས་ཏེ། དེས་སྒོ་གསུམ་བསྡམས་པས་ན་སྡོམ་པ་སྟེ། རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ། འབྲས་བུ་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་གཙོ་བོར་གྱུར་པ་ཡིན་ལ། དོན་དམ་པའི་བྱང་ཆུབ་སེམས་ཀྱིས་བསྡུས་པའོ། །ཚུལ་འདི་ལས་ཀྱང་འབྲས་བུ་ལམ་བྱེད་ཀྱི་གནད་གོ་བར་འགྱུར་རོ། །དོན་དམ་པར་དེ་ཡང་། རྒྱུད་སྡེའི་དབང་གིས་དུ་མར་གྱུར་ཀྱང་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཡེ་ཤེས་མིང་ཙམ་རྣམ་པར་བཞག་པ་ནི་མི་སྔར་ལུང་དྲང་ལས་གསལ། མཐུན་པ་ཡིན་ནོ།། ༈ །།མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་དུ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་བསྐུར་བ་ཐོབ་ན་རིགས་གཞན་གཉིས་ཀའི་ལྷ་སྔགས་བསྒོམ་བཟླས་དང་། རྒྱུད་ཉན་པ་ཙམ་དབང་ཡང་། འོན་ཏེ་ལྷ་དེ་ཡི་ལུང་རྗེས་གནང་ཙམ་ཐོབ་དགོས་པར་ལེགས་གྲུབ་ལས་བཤད་ཅིང་། གཞན་ལས པདྨའི་རིགས་ལ་རྡོ་རྗེ་དང་། རྡོ་རྗེའི་རིགས་ལ་ཁོ་རང་ལས་མི་དབང་བར་གསུངས། བྱ་སྤྱོད་ལ་བྱང་སེམས་ལས་ཐུན་མིན་གྱི་སྡོམ་པ་མེད་པར་བཞེད། དམ་ཚིག་བསྡུས་པ་ངོ་བོས་མཛད་པ་བཞེད་དེ་བདག་


JKT004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཡོད་པར་འདོད།། ༈ །།བྱང་སྡོམ་སྐྱེ་རྒྱུ་ལ་རྐྱེན་བཞི་སྟེ། བྱང་ཆུབ་སེམས་དཔའི་མཐུ་དཔག་ཏུ་མེད་པ་མཐོང་བ་དང་ཐོས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་ཤིང་དད་པ། བྱང་ཆུབ་སེམས་དཔའི་ཆོས་ནུབ་ཏུ་ཉེ་བ་དང་། དུས་སྙིགས་མའི་མཐུས་ཡིད་དབྱུང་བ་སྟེ་བཞིའོ། །གཉིས་པ་རྒྱུ་བཞི་སྟེ་རིགས་ཕུན་སུམ་ཚོགས་པ། དགེ་བའི་བཤེས་གཉེན་གྱིས་ཟིན་པ། སེམས་ཅན་ལ་སྙིང་རྗེ་བ། དཀའ་བ་སྤྱད་པ་ལ་མི་འཇིགས་པའོ། །སྟོབས་བཞི་སྟེ། རང་གི་མཐུས་བླ་ན་མེད་པའི་བྱང་ཆུབ་འདོད་པ་ནང་གི གཞན་མ་མཐུས་བསྐུལ་བས་གཞན་གྱི་སྔོན་ཐེག་ཆེན་ལ་གོམས་པས་ད་ལྟ་བྱང་སེམས་རྩོལ་མེད་དུ་སྐྱེ་བ་རྒྱུའི། ཚེ་འདི་ཉིད་ལ་ཐེག་པ་ཆེན་པོའི་བཤེས་གཉེན་བསྟེན་ཅིང་སྡེ་སྣོད་ལས་སྦྱངས་པ་སྦྱོར་བའི་སྟོབས་ཏེ་བཞིའོ།། ༈ །།ཀླུ་སྒྲུབ་ཀྱི་ལུགས་ལ་བསླབ་པ་ཡོངས་སུ་སྦྱོང་བས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱ་བའི་ཐབས་ལ། བསླབ་བཏུས་ལས། སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་སོ། ༧ དེ་ལ་བཏང་བ་ནི། སེམས་ཅན་ཀུན་ལ་རང་གི་མགོ་དང་རྐང་ལག་ལ་སོགས་པ་ལུས། བུ་དང་ཆུང་མ་སོགས་ལོངས་སྤྱོད། དུས་གསུམ་གྱི་དགེ་བའི་ཚོགས་སྟེར་བའོ། ༧ །གཉིས་པ་སྲུང་བ་ལ་གསུམ། ལུས། ལོངས་སྤྱོད། དགེ་བའོ། །དང་པོ་ལ་ནོར་བཟང་གི་རྣམ་ཐར་ལྟར་བཤེས་གཉེན་


JKT004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཏོང་བ་དང་༡། བྱང་ཆུབ་སེམས་དཔའི་བསླབ་བྱ་མདོ་སྡེ་དག་ལས་འབྱུང་བ་སྟེ་དེ་དག་ཚུལ་བཞིན་དུ་ཐོས་བསམ་བྱ་བ་དམ་པའི་ཆོས་འཛིན་ལ། གནོད་པར་འགྱུར་བ་སྤོང་བ་སྟེ། དེ་ཡང་། ལུས་ངག་ཡིད་གསུམ་མ་བསྡོམས་པ་དང་བདུད་ཀྱི་ལས་མི་དགེ་བའི་ཆོས་ཀྱི་རྗེས་སུ་འཇུག་པ། མི་དགེ་བའི་བཤེས་བསྟེན་པ། སྨོན་སེམས་བརྗེད་པ། སེམས་ཅན་ཡོངས་སུ་མ་སྨིན་པ་ལ་དམ་པའི་ཆོས་ཟབ་མོ་སྟོན་པ་སོགས་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། ཆོས་དང་མཐུན་པའི་ཆོས་ཉན་པ་དང་། དེ་བཞིན་གཤེགས་པ་ལ་ཞལ་ཏ་བྱ་བ་ལས་ཕྱིར་ཕྱོགས་པ་གནོད་པ་དང་། གཞན་རབ་བྱུང་བ་སོགས་ལ་བར་དུ་གཅོད་པ། མི་དགེ་བ་བཅུའི་ལས་ལ་འཇུག་པ། དགེ་བའི་རྩ་བའི་བར་གཅོད་བྱེད་པ། བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་བྱེད་པ། བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ། ལས་ཀྱི་སྒྲིབ་པ་བསགས་པ། བྱང་ཆུབ་སེམས་དཔའ་བརྙས་པ། དམ་པའི་ཆོས་སྤོང་པ། །ཆོས་སྨྲ་བ་སྤང་བ། ཤེས་རབ་ལས་གཞན་གྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཁྱད་དུ་གསོད་པ་སྟེ་བཅོ་བརྒྱད་དྲན་པ་དང་ལྡན་པས་སྤོང་བ་དང་། གང་གིས་བདག་བརྟགས་པ་དང་། མཐོང་བ་དང་། ཐོས་པས་འཇིག་རྟེན་མ་དད་པའི་ཆ་ཐམས་ཅད་སྤོང་བ་དང་། གཏན་དུ་བའི་སྨན་དང་། ན་བའི་སྨན་དང་། གོས་དང་། གནས་མལ་སོགས་ལོངས་སུ་


JKT004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་བྱ་བའི་གཞི་རྣམས་ལ། །སྦྱིན་པ་པོ་ལ་ཕན་གདགས་པ་དང་། ལུས་ཀྱི་སྲིན་བུ་གསོ་བ་དང་། སེམས་ཅན་གྱི་དོན་སྒྲུབ་སྟེ་གནས་གསུམ་དུ་དྲན་པ་ཉེ་བར་བཞག་སྟེ་ཟ་བ་དང་། གཞན་ཡོངས་སུ་སྤྱད་ནད་སྨན་སོགས། པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་བྱིན་གྱིས་བརླབ་པ་སོགས་སོ། །གཉིས་པ་ལོངས་སྤྱོད་སྲུང་བ་ནི། བདག་གཞན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་ཐོས་སོགས་ཀྱི་བར་ཆད་དུ་འགྱུར་བའི་གཏོང་བའམ་མི་གཏོང་བ་གཉིས་ཀ་བསྲུང་བའོ། །གསུམ་པ་ནི། རང་གི་དགེ་བ་སྤྱོད་པ་ལ་མངོན་མཐོ་དང་མྱང་འདས་ལ་སོགས་པའི་རྣམ་སྨིན་འདོད་པ་དང་། སྦྱིན་བ་སོགས་ཟིན་པ་ལ་འགྱོད་པ་དང་། གཞན་ལ་ངོར་སོགས་བསྒྲགས་པ་རྣམས་བསྲུང་བར་བྱའོ། །རྙེད་པ་ཐོབ་པ་དང་བཀུར་སྟི་ལ་སོགས་པ་ཆགས་པས་བདག་གིར་བྱ་བ་སྤང་ཞིང་། རྟག་ཏུ་ཁེངས་པ་བསྐྱུངས། བྱང་ཆུབ་སེམས་དཔའ་ལ་དད་པར་བྱ། མདོ་སྡེ་དག་ཐོས་པའམ་མ་ཐོབ་པ་དག་ལའང་ཐེ་ཚོམ་མི་བྱ་སྟེ། མདོར་བསྡུ་ན་དགེ་བའི་རྩ་བ་ཐམས་ཅད་ཀྱང་བྱང་ཆུབ་ཡོངས་སུ་བསྔོ་བར་བྱའོ། ༧ །གསུམ་པ་དག་པ་ལའང་གསུམ། དང་པོ་ལུས་དག་པར་བྱ་བ་ནི། སྡིག་པ་སྟོབས་བཞིས་སྦྱོང་བ་དང་། ཉོན་མོངས་པ་སྦྱོང་བའི་ཕྱིར། ཐོག་མར་བཟོད་པ་བསྒོམ། དེ་ནས་ཐོས་པ་བཙལ། དེ་ནས་ནགས་སུ་བརྩོན་འགྲུས་བརྩམས་ཏེ། མི་སྡུག་པ་དང་།


JKT004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་དང་། རྟེན་འབྲེལ་བསྒོམས་ནས་སེམས་ལས་སུ་རུང་བ་དྲན་པ་ཉེ་བར་བཞག་པ་བཞི་ལ་འཇུག་ཅིང་། དེས་སེམས་འོས་སུ་གྱུར་པ་ན་སྟོང་པ་ཉིད་ལ་འཇུག་གོ །གཉིས་པ་ལོངས་སྤྱོད་དག་པ་ནི། ཚུལ་འཆོས་དང་ཁ་གསག་སོགས་ཁ་ན་མ་ཐོ་བ་དང་བྲལ་བའི་རྙེད་པ་ལ་ཞེན་མེད་དུ་ལོངས་སྤྱོད་པའོ། །དགེ་བ་དག་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་འདོར་ཞིང་། ཐབས་ཀྱི་ཡེ་ཤེས་ནི་སྒྱུ་མའི་མཚན་ཉིད་ཅན་གྱིས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་སྟེ། སྦྱིན་སོགས་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པར་སྤྱོད་པ་སྟེ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་སོ། །བཞི་པ་སྤེལ་བ་ལའང་གསུམ་ལས། ལུས་སྤེལ་བ་ནི། སྟོབས་བཅུ་བསྐྱེད་ཅིང་ལེ་ལོ་མེད་པར་རྟག་ཏུ་བརྩོན་འགྲུས་བརྩམས་ཏེ། དེ་ལ་དང་པོ་ནི། ལུས་སྲོག་གི་ཕྱིར་ཡང་དམ་ཆོས་མི་གཏོང་བ་དང་། ང་རྒྱལ་དང་། ཁོང་ཁྲོ་བ་སྤང་བ་དང་། བཀྲེས་པ་རྣམས་ལ་ཟས། འཇིགས་པ་རྣམས་ལ་མི་འཇིགས་པ་དང་། ནད་པ་རྣམས་གསོ་བ། དབུལ་པོ་རྣམས་ལ་ལོངས་སྤྱོད་སྦྱིན་པ། མཆོད་རྟེན་རྡོ་ཐལ་གྱིས་སྐུད་པ། སེམས་ཅན་དགའ་བའི་ཚིག་དང་། ཆད་པ་རྣམས་ཁུར་ཁྱེར་བ་རྣམས་སོ། །གཉིས་པ་ལོངས་སྤྱོད་


JKT004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་བསོད་ནམས་འཕེལ་བར་འགྱུར། ཞེས་དང་། དེའི་དོན་རྡོ་རྗེ་གཅོད་པར། བྱང་ཆུབ་སེམས་དཔའ་གང་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཚད་བཟུང་བར་སླ་བ་མ་ཡིན་ནོ་ཞེས་སོ། །གསུམ་པ་དགེ་བ་སྤེལ་བ་ནི། བརྩོན་འགྲུས་དང་། བསམ་གཏན་པ་སྔོན་དུ་འགྲོ་བས་སྙིང་རྗེ་ཆེན་པོའི་བློས་བསོད་ནམས་སྤེལ་བ་བཟང་པོ་སྤྱོད་པའི་ཆོ་ག་བཞིན་བྱ་བ་སྟེ། དེ་ཡང་། འཇམ་དཔལ་དཔའ་བོས་སོགས་བློ་ཀ་གཉིས་སོ། །མདོར་ན་དད་སོགས་བསྒོམས་ཤིང་། བྱམས་པ་དང་། དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། དུས་ཀུན་ཏུ་སེམས་ཅན་གྱི་དོན་བྱ་བ་དང་། ཆོས་སྦྱིན་པ་དང་། བྱང་ཆུབ་ཀྱི་སེམས་རྣམས་ནི་བསོད་ནམས་འཕེལ་བའི་རྒྱུའོ། །ཞེས་སོ།། ༈ །།གཉིས་གཉིས་འཁྱུད་པའི་འཁྲིག་བདེ་ནི་འཐབ་བྲལ་མན་ཆད་དུ་བཞག་གོ །དཔལ་ལྡན་ཆོས་སྐྱོང་གིས་བདག་མེད་མའི་དབང་བསྐུར་བ་ཐོབ་མ་ཐག་ཏུ། ས་དང་པོ་རྒྱུད་ལ་སྐྱེས་པས་ཀྱང་། དབང་གི་དུས་སུ་ལྷག་མཐོང་སྐྱེ་བར་གྲུབ་སྟེ། བདག་མེད་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་ཀྱི་དུས་སུ་སེམས་ཙམ་པ་ཡིན་པས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྤྲོས་བྲལ་གྱི་ལྟ་བ་མེད་པའི་ཕྱིར་རོ།། ༈ །།རུས་པའི་རྒྱན་དྲུག་ནི། མགུལ་རྒྱན་སྦྱིན་པ་གདུ་བུ་ཚུལ་ཁྲིམས་ཏེ། །རྣ་ཆ་བཟོད་པ་དཔུང་


JKT004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཏིང་ངེ་འཛིན། །བཏང་སྙོམས་སེ་མོ་དོ་དང་སྐ་རགས་ནི། །བསམ་གཏན་མཆོད་ཕྱིར་ཐོགས་པ་ཤེས་རབ་བོ། །ཞེས་པ་ལས་གཞན་གོ་སླ། སེ་མོ་དོ་ནི་རུས་པའི་ཕྲེང་བ་ནུ་མའི་བར་དུ་སླེབས་པ་དང་། མཆོད་ཕྱིར་ཐོགས་ནི་རུས་པའི་ཚངས་སྐུད་སེ་རལ་ཁར་བྱས་པའོ། །མཆོད་སྦྱིན་བྱེད་པའི་ཚེ་འཆང་བར་འོས་པའི་རྒྱན་ཡིན་པས་དེ་སྐད་དོ།། ༈ །།མི་བསྒོམ་མི་མནོ་ཡིས་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབས་བཞག །ཅེས་སོ། །ཁ་ཅིག་སྡོམ་པ་གཉིས་ཀྱི་བཅས་པ་ལ་དགོས་ཆེད་དུ་འདའ་བ་ཞེས་པ་སྦྱིན་སྲེག་གི་ཚེ་ལ་མེ་ལ་དུས་དྲན་དང་། འབྲུ་ལ་རུང་བ་མི་བྱེད་པ་ལྟ་བུ་ལ་ཟེར་མོད། དཔྱད་ན་སྦྱིན་སྲེག་ནི་དགོས་པའི་ཆེད་དུ་ཡིན་པས་མཚན་གཞིར་སྲེག་པ་ཡང་མི་འཐད་ལ། ཡང་དྲག་པོའི་སྦྱིན་སྲེག་གི་ཚེ་སྲོག་གཅོད་པ། སྒོར་དགུག་པའི་སྦྱིན་སྲེག་གི་ཚེ་ལ་བྱིན་ལེན་གྱི་རུང་བའང་བྱེད་དགོས་པར་ཐལ་བར་འགྱུར་རོ།། ༈ །།ཨོཾ་སྭ་སྟི། གཡུ་ཐོག་སྙིང་ཏིག་གི་ཐད་སྐྱབས་རྗེ་དེ་ཞབས་རིན་པོ་ཆེ་འཇམ་པའི་རྡོ་རྗེ་མངོན་སུམ་པའི་ཡེ་ཤེས་གཟིགས་པས་མ་ཁྱབ་པ་ཞིག་སོ་སྐྱེ་ཆེས་ཐ་ཤལ་བློ་གྲོས་ཀྱི་མིག་གཉིས་ཀ་ལོང་བས་མཐོང་བའི་ཚུལ་གྱིས་རྒྱུ་མཚན་ཞུ་ན་ཧ་ཅང་ཐལ་པ་ལས་མ་འདས་རུང་། བླ་སློབ་ནང་ལུགས་བུས་ཕ་མའི་གམ་དུ་སྨྲ་བ་ལྟར་གང་དྲན་རང་གར་ཞུ་ན། སྤྱིར་གཞུང་འདི་ལ་སྨིན་གྲོལ་ཆ་ལག་


JKT004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གྲོལ་བྱེད་ལ་བསྐྱེད་རྫོགས་གཉིས། བསྐྱེད་རིམ་ལ། ཕྱི། ནང་། གསང་། དྲིལ། ཞར་བྱུང་བཅས་ལྔ། ཞར་ལས་བྱུང་བ་ལ། མཁའ་འགྲོའི་སྒོས་སྒྲུབ། གསང་སྒྲུབ། ཐུན་མོང་མ་ཡིན་པ་བླ་མའི་རྣལ་འབྱོར་སྙན་བརྒྱུད་སོགས་སུ་མཆིས་པ་ལས། སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚེ། སྔོན་འགྲོ་ཕྱི་སྒྲུབ་ཀྱིས་རྒྱུད་སྦྱངས། དངོས་གཞི་ནང་སྒྲུབ་རྒྱུད་སྡེ་བཞི་དང་འབྲེལ་བའི་ཉམས་ལེན་གྱི་ས་བོན་གདབ། གསང་སྒྲུབ་བླ་མེད་ཐུན་མོང་མ་ཡིན་པའི་སྒྲུབ་པ་དང་དྲིལ་སྒྲུབ་རྒྱུན་གྱི་ཉམས་ལེན་གྱིས་བསྐྱེད་བསྲིང་བས་དངོས་གྲུབ་ཀྱི་འབྲས་བུ་མངོན་དུ་བྱེད་པ་སྟེ། རིམ་བཞིན་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོའི་ཚུལ་ལམ། བསྙེན་སྒྲུབ་ལས་གསུམ་མམ། བསྐྱེད་རིམ་ཁོ་ནར་བསྙེན་སྒྲུབ་ཡན་ལག་བཞིར་དབྱེ་ན། ནང་སྒྲུབ་སྐབས་རྒྱུད་སྡེ་འོག་མ་གསུམ་དང་སྒོ་བསྟུན་པའི་ཉམས་ལེན་རྣམས་ཉེ་བསྙེན་དང་། བླ་མེད་ཀྱི་ཉམས་ལེན་སྒྲུབ་པར་བཞག་ཀྱང་རུང་། བསྐྱེད་རྫོགས་གཉིས་ཀ་བསྙེན་སྒྲུབ་བཞིའི་སྒོ་ནས་འདོན་པའི་དབང་དུ་བྱས་ནས། སྔོན་འགྲོ་ཕྱི་སྒྲུབ་བསྙེན་པ། ནང་སྒྲུབ་ཉེ་བསྙེན། གསང་སྒྲུབ་སྒྲུབ་པ། རྫོགས་རིམ་སྐུ་གསུམ། རང་ཤར་ལས་སྦྱོར་རྣམས་གཙོ་བོར་ཚོགས་ལམ། སྦྱོར་ལམ་དྲོད་རྩེ་བཟོད། ཆོས་མཆོག་ཆེན་པོའི་ངོ་སྐལ་གྱི་ཉམས་ལེན་ཏེ། ཆོས་མཆོག་གི་རྟེན་དེས་རླུང་སེམས་ཀྱི་ལྷ་སྐུ་སྒྲུབ་པས་


JKT004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསུམ་གྱི་རྫོགས་རིམ་ཟབ་མོའི་ཉེ་རྒྱུས་མཆོག་གི་དངོས་གྲུབ་འོད་གསལ་གྱི་ལྷ་སྐུ་མངོན་དུ་བྱས་ཏེ། སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་གོ་འཕང་བགྲོད་ཚུལ་རྒྱ་ཆེར་སྦྱར་དུ་ཡོད་པར་སེམས་ནའང་བློ་གྲོས་ཕུར་ཁུང་ཐུག་པས་དེ་ཙམ་ལས་ཞུ་རྔོ་མ་ཐོགས། བྱེ་བྲག་ནང་སྒྲུབ་སྐབས། ཐུན་ཁྱད་གཉིས། དང་པོ་ལ། རང་ཐ་མལ་པའི་ངང་ནས་ངག་ནས་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་སྐད་ཅིག་གིས་ལྷ་སྐུར་དྲན་པ་ཙམ་བྱས་ཏེ་གནས་གསུམ་བྱིན་གྱིས་བརླབས་པ་ནི། བྱ་རྒྱུད་ཀྱི་ཉམས་ལེན་དང་སྒོ་མཐུན་པ་སྟེ། སྤྱིར་བྱ་རྒྱུད་ལ་བདག་བསྐྱེད་ཡོད་མེད་སོགས་རྩོད་གཞི་ཆེའང་། རྙིང་མ་རང་ལུགས་ལ་ཁྱད་པར་བར་བདག་གི་རྣལ་འབྱོར་བཞེད་པར་མ་ཟད། བདག་བསྐྱེད་མི་བཞེད་པའི་ཕྱོགས་ལ་རང་སྔགས་དང་ཕྱག་རྒྱ་སོགས་ཀྱིས་གཞི་ལུས་བྱིན་གྱིས་བརླབ་པར་བཤད་པས། སྐབས་འདིར་ཡང་གཞི་ལུས་བྱིན་གྱིས་བརླབ་པའི་ཕྱིར་ལྷར་དྲན་པ་ཙམ་ལས་བསྐྱེད་རིམ་དངོས་གཞི་མ་ཡིན་པའི་ཕྱིར་འགལ་བ་མེད། དེ་ནས་སྲུང་འཁོར་བསྒོམ་པ་སོགས་ཀྱི་རྗེས་ཡེ་ཤེས་པ་སྤྱན་དྲངས་ཏེ། དེའི་འོད་ཟེར་གྱིས་རང་ལུས་ལྷར་དྲན་པའི་གསལ་སྣང་སྔར་ལས་གསལ་ཞིང་བརྟན་པར་བསྒོམ་པ་སྤྱོད་རྒྱུད་ཀྱི་ཉམས་ལེན། ཡེ་ཤེས་པ་རང་ལ་ཐིམ་ནས་གནས་ལྔར་འབྲུ་ལྔས་རྒྱས་གདབ་པ་རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན། སྙིང་མགོ་ཐུར་དུ་བལྟ་


JKT004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བ་བློས་གྱེན་དུ་བསློང་པའི་པདྨ་འདབ་བརྒྱད་ཀྱི་དབུས་དང་འདབ་མར་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཚུལ་གྱིས་སྨན་བླ་དགུ་དང་། དེ་བཞིན་གནས་གཞན་གྱི་ལྷ་བསྒོམ་པ་དང་། དེ་རྣམས་ལ་སེམས་འཛིན་པ་དང་། བསྐྱེད་རིམ་ལ་ལྟས་པའི་རྫོགས་རིམ་ལྷ་སྐུ་བདེ་གསལ་སྟོང་ཉིད་དུ་བསྒོམ་པ་སོགས་བླ་མེད་ཀྱི་ཉམས་ལེན། ཁྱད་པར་བ་ནང་སྒྲུབ་ཞལ་གདམས་དངོས་གྲུབ་རྫིང་བུ་ལྟར་སྦྱར་བ་རྣམས་དཀྱུས་ལྟར། འོན་ཀྱང་སྤར་མ་འདི་དཔེ་ཧ་ཅང་མི་དག་པ་ཆེ་བས་དེ་ཕྱོགས་བྲིས་མ་དཔེ་རྙིང་ཁུངས་དག་ཡོད་སྲིད་ཚེ་གཟིགས་པ་བཙའ་བ་གལ་ཆེ་སྟེ། དཔེར་ན་ནང་སྒྲུབ་སྐབས། ལྡེབ་༤ ༨་༢བར་གང་གི་པདྨའི་འདབ་མ་བརྒྱད་ལ། ཕྱག་མཚན་བརྒྱད་ལ་སོགས་པ་ལས། ལྷ་བརྒྱད་རིམ་པ་བཞིན་ཀྲོང་བསྐྱེད་བྱ་སྟེ། རང་ལྷར་གསལ་བའི་སྙིང་ག་ཆོས་འཁོར་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་ལ་སྨན་བླ་དགུ་བསྒོམ། ཞེས་གསུངས་རྒྱུར། གང་གི་པདྨའི་ཨོ་རྒྱན་གྱི་པདྨ་འདབ་བརྒྱད་ལ་སོགས་བྲིས་ངན་བླུན་པོའི་ལག་རྗེས་སོར་བཞག་སྤར་དུ་བརྐོས་པས་ཅིའང་འབྲེལ་མེད་དུ་སོང་བས་མཚོན། ལས་བྱང་གི་སྐབས་མཆན་དཀྱུས་ཤོར་སོགས་ཐ་ན་ཐད་ཀར་འདོན་ཡང་མི་ལོ་བ་མང་པོ་འདུག་པ་ལྟར་ལས། གསང་སྒྲུབ་ནི་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་སོགས་རྣལ་འབྱོར་བླ་མེད་ཐུན་མོང་མ་ཡིན་


JKT004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྐྱེད་རིམ་གྱི་ལུས་ཡོངས་སུ་རྫོགས་ཤིང་། ལས་བྱང་ཡང་འདི་དང་མཐུན་པ་བཅས་བསྙེན་སྒྲུབ་སྐབས་ཀྱི་ཉམས་ལེན་གཙོ་བོར་སེམས་ཤིང་། དྲིལ་སྒྲུབ་ནི། བསྙེན་སྒྲུབ་སྔོན་དུ་སོང་བའམ། མ་སོང་ཡང་རུང་སྟེ། རྒྱུན་གྱི་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་ལ་དེ་སྐད་དུ་ཐ་སྙད་བཏགས་པ་ལས། ཕྱི་ནང་གསང་བའི་དོན་དངོས་སུ་ཚང་བའི་དྲིལ་སྒྲུབ་ནི་མིན་པར་སེམས། འོན་ཀྱང་ཉམས་རྟགས་གསལ་བྱེད་དང་སྦྱར་ན། ཕྱི་ནང་གསང་བའི་བསྙེན་སྒྲུབ་རྒྱས་པར་སྔོན་དུ་སོང་ནས། དྲིལ་སྒྲུབ་ཁོ་ན་ལ་གནད་དུ་བསྣུན་ཅིང་སྤོག་ཆོག་གི་ཚུལ་དུ་ཉམས་སུ་བླངས་པས་གྲུབ་པའི་རྟགས་མཐར་དབྱུང་བའི་ཚུལ་དུ་གསལ། གཞན་ཡང་རྗེ་དྷརྨ་སྭ་མཱིས་གཡུ་ཐོག་སྙིང་ཏིག་གི་མ་ཚང་བ་ཁ་སྐོང་བའི་ཚུལ་དུ་ཆོས་ཚན་འགའ་ཞིག་མཛད་པའི་ནང་ནས་གེགས་སེལ་གྱི་རིམ་པ་ལ། འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ། ཏིང་ངེ་འཛིན་སེམས་འཁྲུགས་ཀྱི་གེགས་སེལ། བར་ཆད་བདུད་ཀྱི་གེགས་སེལ། དེ་རྣམས་ཐུན་མོང་གི་གེགས་སེལ་དང་བཞིར་མཛད་ཅིང་། དང་པོ་རང་གཞུང་དུ་ཚིག་ལྷུག་པ་ས་བཅད་བཅོ་ལྔ་པ་དང་། དེ་ལས་རྒྱས་པར་འཕྲོས་ཏེ་བྱེ་བ་རིང་བསྲེལ་ཞེས་པའི་གསོ་དཔྱད་ཀྱི་གཞུང་འདི་བྱུང་། ནང་སྒྲུབ་ཀྱི་ལུས་དཀྱིལ་ནི། ཐུན་མོང་བ་ལུས་ལ་ལྷ་བཀོད་པ་ཙམ་ལས། རྫོགས་རིམ་ཐུན་མོང་མ་ཡིན་པའི་སྨིན་བྱེད་དུ་འགྲོ་


JKT004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུས་དཀྱིལ་དངོས་མ་ཡིན་ཏེ། འདི་ཙམ་རྣལ་འབྱོར་རྒྱུད་དུའང་རྙིང་མའི་བདག་འཇུག་ལ་དགོངས་པའི་ལུས་དཀྱིལ་ཙམ་པོ་པ་ཞིག་གསུངས་པ་དང་། སྒོ་མཐུན་པའི་ཕྱིར་གསང་སྒྲུབ་ཀྱི་ཞལ་གདམས་ལས་གསུངས་པའི་ལུས་དཀྱིལ་ནི། ལྷ་ཉིད་སྔགས་ཀྱི་གཟུགས་ཀྱིས་ནི། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། ཞེས་པ་ལྟར་ངོ་བོ་ལྷ་ལ་རྣམ་པ་ཡི་གེར་བསྒོམ་པའི་ཟབ་མོའི་ལུས་དཀྱིལ་ཕྲ་ཐིག་སོགས་བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་རྣམས་དང་སྒོ་མཐུན་པར་སེམས་ལགས། བསྙེན་སྒྲུབ་སྔོན་དུ་སོང་བས། ཆ་ལག་ཕྱི་འཇིགས་པ་བརྒྱད་སོགས་སེལ་བའི་སྲུང་འཁོར། ནང་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བ། གསང་བའི་བར་ཆད་བདུད་ཀྱི་གེགས་སེལ། བཀྲ་ཤིས་ཚེ་དང་། ཕྲིན་ལས་མེ་དང་། བསྟན་སྲུང་ཆོས་སྐྱོང་དང་། མངོན་ཤེས་པྲའི་སྒྲུབ་པ་སོགས་སོ། །དེ་ལྟར་གང་དྲན་གསོལ་བ་ལ། །ཉེས་པའི་ཚོགས་ཀུན་སྙིང་ནས་བཤགས། །ལེགས་པའི་དགེ་བས་ལེགས་བཤད་ཆར། །རྒྱ་ཆེར་འབེབས་པའི་རྒྱུར་གྱུར་ཅིག །མངྒལཾ།། ༈ །།ལམ་འབྲས་ཀྱི་ཐོག་མར་འཁོར་བའི་ཉེས་དམིགས་བཤད་པ་ནི། འདུལ་བ་མདོ་རྩ་བར། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་ཐམས་ཅད་གྱི་སྔོན་དུ་ངེས་འབྱུང་འགྲོ་དགོས་པར་བཤད་པ་དོན་མཚུངས་ཏེ། ལམ་འོག་མ་ཐམས་ཅད་ངེས་འབྱུང་མཚན་ཉིད་པས་ཟིན་པས། ཐར་


JKT004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྣལ་མར་འགྱུར་བའི་ཕྱིར་རོ། ༈ །།སྣང་གསུམ་གྱི་བསྒོམ་རིམ་མདོར་བསྡུས་པ་ནི་འདི་ཡིན་ཏེ། དབེན་པའི་གནས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། ཅུང་ཟད་ངལ་བསོ། དེ་ནས་སྦྱོར་བ་སྐྱབས་གསོལ་སོགས་ཀྱིས་དྭང་བའི་དད་པ་དྲངས། དངོས་གཞིར་སྡུག་བསྔལ་རྣམ་གསུམ་དྲན་པས་སྐྱོ་ཤས་དང་ངེས་འབྱུང་བསྐྱེད། དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པས་ལྕག་བྱས། ལས་འབྲས་དྲན་པས་ངོ་ཚ་དང་ཁྲེལ་བསྐྱེད། ཕ་མ་སེམས་ཅན་འདི་ཀུན་གནས་ལུགས་ཟབ་མོ་མ་རྟོགས་པས་མེད་བཞིན་དུ་འཁྲུལ་པའི་རྗེས་སུ་འབྲང་བས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་མནར་བ་ལ་བལྟས་ཏེ། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་སྙིང་རྗེ། དེའི་ཆེད་དུ་རང་ཉིད་རྫོགས་བྱང་ཐོབ་འདོད་ཀྱི་བསམ་པ་ལྷང་ངེ་བ་སྨོན་པ་དང་། བདག་དང་སེམས་ཅན་མཉམ་པ་དང་། བརྗེ་བ་སྟེ་འཇུག་པའི་སེམས་རྣམས་རིམ་བཞིན་དུ་བསྐྱེད་ལ་རང་སེམས་གསལ་རིག་ངོས་བཟུང་དང་བྲལ་བའི་ངང་དུ་མ་བཅོས་པར་འཇོག་ཅིང་། རྗེས་ཐོབ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ།། ༈ །།དབུ་མ་བཞི་བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་ཟློག །བར་དུ་བདག་ནི་ཟློག་པ་དང་། །ཐ་མ་ལྟ་གཞི་ཀུན་ཟློག་པ། །གང་གིས་ཤེས་ཏེ་མཁས་པ་ཡིན། །ཅེས་


JKT004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མིན་པ་བཟློག་པ་ནི། གཙོ་བོར་ལས་འབྲས་དང་འཁོར་བའི་ཉེས་དམིགས་སོགས་བསྒོམ་པའི་ཚུལ་ཇི་སྙེད་པ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། རེ་ཞིག་ཉེས་ཀུན་འབྱུང་བའི་རྒྱུ། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། ཞེས་སོ། །བདག་ཟློག་པ་ནི། ཀླུ་སྒྲུབ་ཀྱིས་སྔ་མའི་འཕྲོར། རིག་པ་གང་གིས་ཡོད་ཉིད་ཀྱང་། །ཟློག་པར་བྱ་བས་མཉན་པར་གྱིས། །ཞེས་གསུངས་པའི་བདག་འཛིན་གྱི་སྤྲོས་པ་གཅོད་པའི་ཚུལ་ནི། འདི་ལྟར་འཁོར་བ་སྤོང་བ་ལ་འཁོར་བའི་རྒྱུ་ཡི་གཙོ་བོ་ངོས་ཟིན་དགོས་པས། འཁོར་བར་འཁྱམས་པའི་རྒྱུ་ཡི་གཙོ་བོ་ནི། རྟག་ཆད་ཀྱི་ལྟ་བ་ངན་པའི་གནས་སུ་གྱུར་པའི་རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་འདི་ཁོ་ན་ཡིན་ཏེ་བདེན་འཛིན་དེ་ལ་བརྟེན་ནས་རང་སྡེ་དངོས་སྨྲ་བ་ནས་ཕྱི་རོལ་པའི་བར་གྱི་སྙིང་ལ་ཞུགས་པའི་རྟག་ཆད་ཀྱི་ལྟ་བ་ངན་པ་དེ་བྱུང་། དེ་ལས་ཕུང་པོ་ལས་བདག་ཏུ་འཛིན་པའི་འཇིག་ལྟ་དང་། དེ་ལས་ཆགས་སོགས་ཉོན་མོངས་དང་། དེས་ལས་ངན་བསགས་པས་འཁོར་བར་འཁྱམས་པ་ཡིན་ཏེ། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཅེས་སོ། །དེ་ལྟར་དགག་བྱ་ངོས་ཟིན་ནས། དེ་ཇི་ལྟར་འགོག་པའི་ཚུལ་ནི། རྒྱུ་མཚན་མ་རྙེད་པར། ཕུང་པོ་བདེན་


JKT004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྲུབ་སྙམ་དུ་བཟུང་བས་མི་ཆོག་གི །དེ་བདེན་པར་མ་གྲུབ་པའི་སྒྲུབ་བྱེད་དོན་དམ་དཔྱོད་པའི་རིག་ཤེས་ཚད་མས་རྙེད་ཀྱི་སྒྲུབ་བྱེད་རྣམ་དག་ཅིག་དགོས་ཤིང་། །དེ་ཡང་རིག་པ་དྲུག་ཅུ་པར། །། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་ཟད་མ་རུང་འབྱུང་། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་བ་ཉོན་མོངས་ཡོངས་སུ་འབྱངས། །གང་གིས་དེ་ཤེས་འགྱུར་སྙམ་ན། །བརྟེན་ནས་འབྱུང་བ་མཐོང་བས་ཏེ། །བརྟེན་ནས་སྐྱེས་པ་མ་སྐྱེས་བར། །དེ་ཉིད་མཁྱེན་པ་མཆོག་གིས་གསུངས། །ཞེས་རྟེན་འབྲེལ་གྱི་རིག་པ་ཉིད་རིག་པ་ཐམས་ཅད་ཀྱི་རྒྱལ་པོར་གསུངས་ཏེ། སྣང་བས་བཏགས་པའི་ཕུང་སོགས་ཀྱི་ཆོས་འདི་ཀུན་བདེན་པར་གྲུབ་ན། རྒྱུ་རྐྱེན་གང་ལའང་ལྟོས་པ་མེད་པར་ཐོག་མ་ནས་གྲུབ་པ་ཡིན་དགོས་པ་ལ། འདི་དག་རེ་རེ་ནས་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པ་འབའ་ཞིག་ཏུ་མཐོང་བས་ཐོག་མ་སེམས་འཁྲུལ་པའི་བག་ཆགས་ཀྱིས་བསླད་པའི་འཁྲུལ་སྣང་ཁོ་ན་ཡིན་གྱི་དོན་དམ་པར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་དོ། །ལྟ་གཞི་ཀུན་ཟློག་པ་ནི། དེ་ལྟར་བདེན་མེད་དུ་གཏན་ལ་ཕབས་རྗེས་ཡུལ་ཆོས་ཐམས་ཅད་བདེན་མེད་ཡིན་པ་དེ་ཡང་དགོས་པ་མ་ཡིན་ཏེ། རྩོད་ཟློག་ལས།


JKT004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པ་ཉིད་ཟློག་ན། །རང་བཞིན་དུ་ནི་རབ་འགྲུབ་འགྱུར། །ཞེས་པའི་རིག་པས་གནོད་པའི་ཕྱིར། དེ་བས་ན། བདེན་མེད་དུ་འཛིན་པའི་ཡུལ་ཅན་གྱི་བློ་ཉིད་དགག་དགོས་ཏེ། གཉིས་སྣང་དང་བཅས་པའི་བློ་ཡི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །དེ་བས་ན། རྟེན་འབྲེལ་གྱི་རྟགས་ལས་ཆོས་ཐམས་ཅད་བདེན་མེད་དུ་གྲུབ་རྗེས། བདེན་མེད་དོ་སྙམ་པའི་བློ་དེའང་རང་བཞིན་གྱིས་མ་དམིགས་པའི་ཚུལ་ཤེས་པ་སྟེ། ཞི་ལྷས། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱིས་ནས་སྤོང་པར་འགྱུར། །ཞེས་སོ།། ༈ །།སྤྱིར་འཁོར་འདས་དབྱེར་མེད་ཙམ་དབུ་མའི་སྐབས་སུའང་བཤད་མོད། འདིར་སེམས་ཀྱི་ཆོས་ཅན་རྣམ་པར་རྟོག་པ་གསལ་སྟོང་ཟུང་འཇུག་ངོ་འཕྲོད་པ་ཙམ་མ་ཡིན་པར། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ། ཕྱི་རོལ་པའི་བདག་ཤེས་རིག་ལྟ་བུ་རྟག་བརྟན་བདེན་གྲུབ་དང་། དགག་བྱ་བཅད་ཙམ་གྱི་སྟོང་པ་དང་། ཉི་ཚེ་བའི་སྟོང་པ་དང་། སྟོང་པ་ཐལ་བྱུང་དང་། ཆད་སྟོང་ལ་སོགས་པ་མ་ཡིན་པར་གཟོད་མ་ནས་གཟུང་འཛིན་གྱི་རྙོག་མ་དང་བྲལ་བའི་ཡེ་ཤེས་ཉམས་སུ་མྱོང་ཡང་བསམ་བརྗོད་འདས་པར་ཤེས་པ་སྟེ། དེ་ཡང་ལྟ་བ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པས་མ་རིག་པའི་དུག་ཐོན། ལྟ་བ་དེ་


JKT004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཉམས་མྱོང་དང་འབྲེལ་བས་རྣམ་རྟོག་རྒྱུན་ཆགས་རྩོལ་བའི་དུག་ཐོན། །ཉམས་མྱོང་དེ་ཡང་ལྟ་བ་ལྷག་མཐོང་གིས་ཟིན་པས་ཉམས་སྐྱོན་ཅན་གྱི་དུག་ཐོན། དུག་གསུམ་གྱིས་མ་སྦགས་པའི་ལྟ་བ་འདི་ཉམས་ལེན་གྱི་སྙིང་པོར་བཟུང་དགོས་པ་ཡིན་ཏེ། དང་པོ་ནི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ། གཉིས་པ་ནི་ཞི་གནས་ཀྱི་ཉམས་མྱོང་དང་བསྲེ་བ། གསུམ་པ་ནི་ཞི་ལྷག་ཟུང་འཇུག་གི་ཚུལ་ལོ།། ༈ །།རྩ་བའི་འགྲོས་ཐིམ་སོགས་གསུངས་པ། རྩ། ཡི་གེ །བདུད་རྩི། རླུང་རྣམས་སེམས་ཉིད་གསལ་སྟོང་ཟུང་འཇུག་གི་ལྡོག་ཆ་ལས་མ་འདས་པས། དེ་དང་དེར་སྣང་བའི་རིགས་པ་གློ་བུར་པའི་འགྲོས་རྣམས་ཕྲ་བ་གཉུས་མའི་ཡེ་ཤེས་སུ་ཐིམ་པས་སྐུ་བཞིའི་ངོ་བོར་གྱུར་པ་ནི། རྟེན་གནས་གྱུར་ཀྱི་སྐུ་བཞི་ཞེས་བྱ་སྟེ། མདོར་ན་འགྲོས་ཞེས་པ་གློ་བུར་བའི་དྲི་མ་ལ་དགོངས་སོ།། ༈ །།ཐོག་མར་ལྟ་བ་འཁོར་འདས་དབྱེར་མེད་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ནས། ཉམས་མྱོང་ཅི་རིགས་པ་ཤར་བ་ན་བསྐྱེད་རིམ་སོགས་ལ་འཇུག་པས་བསྐྱེད་རིམ་འཁོར་འདས་དབྱེར་མེད་སོགས་འགྱུར་ཏེ། ལུགས་ལ་འགྱུར་རྩིས་ཐེབས་པས་དངོས་པོ་གང་བཅོས་ཀྱང་གསེར་དུ་སྣང་བ་བཞིན་ནོ།། ༈ །།སྤྱིར་ལྟ་བ་དང་། རྟོག་པ་ཙམ་ལ་ལྟ་བར་བཞག་པ་རྒྱུ་དུས་ཀྱི་ལྟ་བ་ཐོས་བསམ་གྱིས་བསྡུས་པ་དང་། ཉམས་མྱོང་ཏིང་ངེ་


JKT004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་ལྟ་བར་བཞག་པ་བུམ་དབང་གི་ལྟ་བ་ངོ་བོ་ཉིད་གསུམ་སོགས་བཞི་སྟེ། ངོ་བོ་ཉིད་གསུམ་ནི། བསྒོམ་བྱའི་ལྷ་ཡི་རྣམ་པར་སེམས་ཟིན་པ་སྣང་ཕྱོགས། རྣམ་པར་དེས་དབེན་པའི་སྟོང་ཉམས་སུ་སོང་། བ་སྟོང་ཕྱོགས། འོད་གསལ་དུ་སོགས་ཀྱི་ཉམས་ཤར་བ་ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །སྔ་མ་གཉིས་སྒྲོ་སྐུར་དང་བཅས་པའི་ཕྱིར་སྐྱོན་ཅན་དང་། ཕྱི་མར་དེ་མེད་པས་སྐྱོན་མེད་དོ། །དེ་ཡང་ངོ་བོ་ནི་རྣམ་པ་དང་། སྟོང་པ་དང་། འོད་གསལ་གྱི་ཉམས་གསུམ་ཡིན་ལ། ཉིད་ཅེས་པ་ནི། རང་རང་གི་ཉམས་དེ་ལ་ཡིད་ཀུན་བརྟག་གི་འཁྲུལ་རྟོག་གཞན་གྱིས་སྟོང་པ་སྟེ། དེས་མ་བསླད་པར་སེམས་ཟིན་པ་ལ་བྱའོ། །ལམ་གྱི་བགྲོད་ཚུལ་ནི། བསྐྱེད་རིམ་གྱི་གསལ་སྣང་དང་པོར་ཤར་བ་ནས། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་ཀྱི་བར་ནི་ཚོགས་ལམ་རང་རྐྱང་དང་ཉམས་སྐྱོན་ཅན་ཞེས་བྱ། ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེས་ནས་སྦྱོར་ལམ་དྲོད་ཀྱི་སྣེ་ཟིན་པ་ཡིན་ཏེ། སྐྱོན་མེད་ཀྱི་ཉམས་དེ་བསྐྱངས་པས་མཚོན་བྱེད་དཔེ་ཡི་ཡེ་ཤེས་འདྲེན་ནུས་པའི་ཕྱིར་རོ། །སྔགས་ཀྱི་ཕྱག་ཆེན་མཚན་ཉིད་པའང་འདི་ནས་འཇོག་གོ །དེ་སྤྱོད་པས་བོགས་དབྱུང་བས་དྲོད་གསུམ་རིམ་བཞིན་དུ་ཐོབ་ནས། དྲོད་ཆེན་པོའི་སྐབས་ལུང་བསྟན་པའི་ཕྱག་རྒྱ་པདྨ་ཅན་དང་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པས་དབུ་མའི་མདུད་པ་དང་པོ་གྲོལ། གྲུབ་མཐའ་འཁོར་འདས་དབྱེར་མེད་


JKT004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྙོགས། ས་དང་པོ་རབ་དགའ་ཐོབ་པ་ནི་གནས་སྐབས་ལམ་གྱི་འབྲས་བུ་དང་། དེ་ནས་ས་ལམ་གྱི་ལྷག་མ་རིམ་གྱིས་བགྲོད་པས། ལུས་རྩ་ཡི་འགྲོས་ཐིམ་རྩ་གནས་གྱུར་སྤྲུལ་པའི་སྐུ་མངོན་དུ་བྱས་པ་ནི་མཐར་ཐུག་གི་འབྲས་བུ་མཚན་ཉིད་པའོ། །དེས་ན་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་པའང་། སྔར་བླ་མས་རྒྱུ་དུས་ཀྱི་དབང་གི་སྐབས་སོགས་ངོ་སྤྲོད་ཅིང་། ཐོས་བསམ་དང་ཉམས་མྱོང་གིས་བརྟགས་པ་ཙམ་རིམ་གྱིས་སྐྱེས་པ་འདིར་དངོས་སུ་མཐོང་བ་ལ་བྱ་སྟེ། ལྟ་བ་རང་གི་ངོས་ནས་དབྱེ་བ་མེད་ཀྱང་། རྟོགས་ཚུལ་གྱི་སྒོ་ནས་དབྱེའོ།། ༈ །།དངོས་གྲུབ་ལེན་པའི་དུས་བཞི་སྟེ། དབང་གསུམ་པའི་དུས་དང་། རྨི་ལམ་དང་། འཆི་བའི་འོད་གསལ་དང་། བར་དོའོ། །གནད་དུ་ཆེ་བ་བཞི་སྟེ། ཚེ་འདིར་གྲུབ་མཐའ་སྙོགས་པ་ལ་འཁྲུལ་འཁོར། འཆི་ཁར་སྙོགས་པ་ལ་འདའ་ཀ་མ། བར་དོར་སྙོགས་པ་ལ་དྲན་པ་སྐྱེ་བ་བརྒྱུད་ནས་སྙོགས་པ་ལ་དམ་ཚིག་མ་ཉམས་པས་སྨོན་ལམ་རྣམ་པར་དག་པ་གནད་དུ་ཆེའོ། །འདའ་ཀ་མ་གསལ་མ་ཐེབ་ན་བར་དོ་དང་། དེའི་ཚོད་འཛིན་དང་སེམས་ཀྱི་བདེན་འཛིན་བཤིགས་པ་ལ་རྨི་ལམ། ལམ་དེ་གྲུབ་པའི་རྩ་བ་དང་ལུས་ཀྱི་བདེན་འཛིན་བཤིགས་པ་ལ་སྒྱུ་ལུས་ཀྱང་ལམ་སོ་སོར་བཤད་དོ། །གསང་དབང་གི་ལམ་ལ་ཁྱབ་བྱེད་རླུང་དང་། ཁྱབ་བྱ་གཏུམ་མོ་གཉིས། དང་པོར།


JKT004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་འཇུག་གནས་གསུམ་དབྱེར་མེད་བཞི་ལམ་དུ་བྱེད་པ་ལ་རླུང་སྦྱོར་རོ། །གཏུམ་མོ་ལས། འཁོར་ལོའི་གནད་ལ་༢བརྟེན་པ་དང་། མ་༡བརྟེན་པ། གཞན་མན་ངག་གི་གནད་ལ་བརྟེན་པ་གསུམ་ལས་ཕྱེ་བ་ཉིད་བཅོ་བརྒྱད་དོ། །འདི་ལ་རླུང་སེམས་འདུས་པའི་ཚུལ་ལས་ལྟ་བ་རང་བྱུང་གི་ཡེ་ཤེས་བཞི་ལས། ཕྱི་མ་གསལ་ཞིང་ཡང་ལ་མི་རྟོག་པའི་རང་བྱུང་གི་ཡེ་ཤེས་སྐྱེས་ནས་སྤྱོད་པས་བོགས་དབྱུང་བས་ཡེ་ཤེས་མངོན་དུ་བྱེད། ཤེར་དབང་གི་ལམ་ལ་ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན། རིག་མ་དག་པ་ནི་མཚན་ཉིད་དང་ལྡན་པའོ། །ལུས་ངག་མཉམ་པ་ནི་ལྷ་སྔགས་སུ་གསལ་བའོ། །བྱིན་རླབས་མཉམ་པ་ནི་མཁའ་གསང་བསྣོལ་མར་བརླབ་པའོ། །འདོད་པ་མཉམ་པ་ནི་ལྷན་སྐྱེས་པ་སྐྱེད་འདོད་པ་སྟེ་སྐུ་གསུམ་ལམ་བྱེད་དོ། །མན་ངག་གི་གནད་ལ་བྱང་ཆུབ་སེམས། དབབ་བཟུང་། བཟློག །ཁྱབ་མི་ཉམས་པར་བསྲུང་བའོ། །དེ་ལས་སྐྱེས་པའི་ལྟ་བ་ནི་དགའ་བ་བཞི་སྟེ། ཕྱི་མ་ཞུ་བདེ་ལས་བྱུང་བའི་རང་བཞིན་ལྷན་སྐྱེས་ཉིད་སྤྱོད་པས་བོགས་དབྱུང་ངོ་། །ཤེས་རབ་ཡེ་ཤེས་པ་གཉིས་ལ་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་སྟེ། སྣང་བ་འཁོར་བའི་ཆ་ཙམ་བདེ་སྟོང་དུ་འཆར་བའོ།། ༈ །།དབང་བཞི་པའི་ལམ་རྡོ་རྗེའི་རྦ་རླབས་ལ། སྲོག་རྩོལ་སོགས་དྲུག་ལྷག་པར་སྦྱངས་ནས་སླར་ཁ་སྦྱོར་དུ་བསྒོམ་པ་སྟེ་འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས།


JKT004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འདྲེན་པ་ཞི་དྲག་གི་རྦ་རླབས། ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ལ། རོ་རྐྱང་དབུ་གསུམ་གྱིས་ལམ་སྦྱངས་པ་ལ་བརྟེན་ནས་གཟུང་དང་། འཛིན་པ་དང་། གཉིས་ཀའི་རྦ་རླབས་རེངས་སྲོག་རྩོལ་གནས་གསུམ་གྱི་རླུང་ལ་དབང་ཐོབ་པས་རྣམ་ཐར་སྒོ་གསུམ་མངོན་དུ་བྱས་པའོ། །དེ་ལྟ་བུ་ཡབ་ཡུམ་གཉིས་ཀ་ལ་སྦྱར་རོ། །ལྟ་བ་ནི་མས་བརྟན་གྱི་དགའ་བ་བཞི་ཕན་འདོགས་ཀྱི་སྒོ་ནས་སྐྱེ་བ་ལས། ཐ་མ་འཁོར་འདས་ཐམས་ཅད་བདེ་སྟོང་དུ་འཆར་བ་ཉིད་སྤྱོད་པས་བོགས་དབྱུང་ངོ་།། ༈ །།སྤྱོད་པ་ཆེན་པོ་ཡང་དག་སྤོང་བ་བཞི་ལ་བརྟེན་ནས། གསང་གནས་ཀྱི་དབུ་མ་ལ་མདུད་པ་བཞི་ཡོད་པའི་དང་པོ་གྲོལ་བས་ས་དང་པོ་ཐོབ། གསང་གནས་ཀྱི་མདུད་པ་ཕྱི་མ་གསུམ། ལྟེ་སྙིང་གི་རྩ་མདུད་དྲུག་གཉིས་རྣམས་ཀྱི་གསུམ་གསུམ་གྲོལ་བས་ས་རེ་ཐོབ་པས་བུམ་དབང་ས་དྲུག་པ་ལ་གྲུབ་མཐའ་འཁོར་འདས་དབྱེར་མེད་སྙོགས། མགྲིན་སྨིན་གྱི་རྩ་མདུད་དྲུག་གཉིས་གྲོལ། གསང་དབང་ས་བཞི་ལ་གྲུབ་མཐའ་མ་འདྲེས་ཡོངས་རྫོགས་སྤྱི་བོའི་རྩ་མདུད་བཞི་ལས་དང་པོ་གསུམ་གྲོལ་བས་ས་བཅུ་གཅིག་དང་། ཕྱི་མ་གྲོལ་བས་ས་བཅུ་གཉིས། ཤེས་དབང་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་སྙོགས། འདི་ཡན་གྱིས་ནང་གི་ཡུལ། དེ་ནས་མཐར་ཐུག་བླ་མ་ངོ་བོ་ཉིད་སྐུ་ལས་ཉེ་རྒྱུའི་ཉམས་ལེན་སྐད་ཅིག་བདུན་ལྡན་གྱི་འབྲས་བུའི་དབང་


JKT004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས་བཅུ་གསུམ་ཕྱེད་འོག་མ་ལུང་སྒོ་བསྟུན་གྱི་མཐར་ཕྱིན་པའི་ལམ་བཞི་པས་ཕྱེད་ཁེལ་བ་དེར་སླེབས། གཙུག་ཏོར་ཕྱེད་འཕགས་ཉམས་ལེན་བྱེད་བཞིན་པས་འཁོར་འདས་ཐམས་ཅད་བདེ་སྟོང་ཆེན་པོར་ཤར་བའི་གྲུབ་མཐའ་བདེ་སྟོང་རྒྱ་ཆེན་སྙོགས། སྐད་ཅིག་ཕྱི་མར་ས་བཅུ་གསུམ་པ་ཕྱེད་ཕྱི་མ་ཡོངས་སུ་རྫོགས་ནས་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་འགྱུར་བའོ།། ༈ །།བིར་སྲུང་ཕྱི་མའི་སྐབས་སུ། །འཇམ་མགོན་ཀུན་བསོད་ཀྱི་ཟིན་ཐོར། །བིར་སྲུང་ཐུན་མོང་བ་འདི་ཉིད། །ཉམས་ལེན་བྱེད་ཚེ་རང་གི་མདུན། །རྣལ་འབྱོར་དབང་ཕྱུག་བསྐྱེད་དགོས་པས། །དེ་ལ་ཡེ་ཤེས་པ་འཇུག་དུས། །བླ་མ་དང་ནི་བིར་བ་པའི། །རྣམ་པར་ཐིམ་ཞིང་སངས་རྒྱས་དང་། །བྱང་སེམས་ཐམས་ཅད་ཀྱེ་རྡོ་རྗེའི། རྣམ་པས་མདུན་བསྐྱེད་དེ་ཡི་ཐུགས། །ཞུགས་པར་བསྒོམ་པ་ཡིན་ཞེས་པའི། །བླ་མའི་གསུང་དེ་འདིར་བྲིས་སོ། །ཞེས་དང་། མངའ་རིས་པ་ཚུལ་འོད་ཀྱིས། རྡོ་རྗེ་རྩེ་གསུམ་པས་སྲུང་བའི་སྐབས་ཕོ་བྲང་ལྔ་ཡི་གཙོ་བོ་རྣམས་བསྐྱེད་ནས་སྔགས་བརྗོད་ཅིང་ཕྱག་རྒྱས་རེག་པའི་ཚེ་ལྷ་རྣམས་གསལ་གདབ་ཅེས་བཤད་དོ།། ༈ །།ལམ་འབྲས་ཀྱི་ལམ་དུས་ངག་འདོན་བྱ་བྲལ་མ་ཡིན་ན། བདག་ཆེན་གྱི་ལམ་དབང་དང་། མཁྱེན་བརྩེའི་བསྐྱེད་རིམ་ཟིན་བྲིས་ཀྱི་དབུ་ནས་འབྱུང་བའི་སློབ་བཤད་པའི་ཁྱད་ཆོས་ཀྱིས་ཟུར་བརྒྱན། མཛེས་རྒྱན་


JKT004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ནའང་སློབ་བཤད་སྐབས་དེར་མ་གསལ་བའི་སྦྱང་གཞིའི་རྣམ་གྲངས་སྨོས། དེ་གཉིས་ཀ་ལས་ཡེ་ཤེས་པ་བཅུག་པའི་རྐྱེན་གྱིས་ལུས་དཀྱིལ་གསལ་གདབ་པ་དང་། སློབ་བཤད་ལ་ལུས་དཀྱིལ་རིགས་ལྔ་སོ་སོའི་རྣམ་པར་བསྒྱུར་ཏེ་དབང་ལེན་པར་མཛད། བརྟན་བྱེད་ཆུ་དབང་རྣམས་ཀྱང་ཆུ་རྒྱུན་གཅིག་ལ་དབང་བཞི་ཐོབ་པ་དམིགས་པ་དགོས། དབང་བཞི་ལ། བདག་ཉིད་ལུས་དཀྱིལ་ལྷ་དང་བཅས་པ་ཞེས་སྒྱུར། བརྡ་ཚིག་བརྒྱུད་ཐོབ་པས་དབང་བཞིའི་བརྡ་ལྔ་བསྡུས་རྩེ་མོ་གནོན་པ་སོགས་བརྗོད་ཅིང་། ཐུན་མོང་བ་ཐོབ་པས་རྩ་བ་དང་ཡན་ལག་གི་ལུས་ངག་གི་བརྡ་དང་། ཐུན་མིན་ཐོབ་པས་ཡི་གེའི་བརྡ་བཅས་ཆགས་མེད་བྱེད། རླུང་སྦྱོར་གཏུམ་མོ་འཁོར་ལོ་བཞི་ཆགས་མེད་དང་། ཕྲེང་བ་གསར་པ་ལ་བྱིན་རླབས་ཉི་ཟེར་ནས་འབྱུང་པ་ལྟར་འགྱུར་སྔགས་བཟླས། རྒྱུན་དུ་བཟླས་པའི་གོང་དེ་བཟླ། ཡིད་ངག་ལུས་དང་ལྕེ་བྱིན་རླབས་ཀྱི་སྔགས་ཀྱང་བཟླ་བར་མཛད་འདུག །རྒྱུན་པར་ཞལ་བརྒྱད་ཁོ་ནར་བསྡུས་ནས་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་བྱ། གཏོར་བསྔོ་མི་བཏང་ན་རྡོར་གླུ་བཀྲ་ཤིས་སྨོན་ལམ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་བསྔོ་སྨོན་བཀྲ་ཤིས་རྣམས་བྱ། རྣལ་འབྱོར་དགུའི་རྣམ་བཞག་ནི་རྣམ་བཤད་དུ་གསལ་བ་ལྟར་རོ། །ལམ་ཟབ་ཕྱི་མ་མུས་ཆེན། དཀོན་མཆོག་ལྷུན་གྲུབ། བདག་ཆེན་ལྔ་པ། ས་སྐྱ་


JKT004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དགའ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད། འདི་སྤྱིར་ཕྱི་ནང་གསང་གསུམ་གྱི་ལམ་ཟབ་ལས་གསང་བ་ཡིན་ཀྱང་། ལུས་དཀྱིལ་མེད་པས་ཕྱི་མར་མིང་བཏགས། སློབ་བཤད་ལ་གཞལ་ཡས་ཁང་བསྒོམ་ཚུལ། སྐྱབས་ཡུལ་བསྒོམ་ལུགས། བདུད་རྩི་འཕུལ་ཚུལ། དབང་ལེན་ལུགས་སོགས་བདག་ཆེན་གསུང་སོར་བཞག་གོ །བིར་སྲུང་ཕྱི་མ་འཕགས་པ། ངོར་ཆེན། ཚུལ་འོད། པཎ་ཆེན། ཀུན་བཀྲས་རྣམས་ཀྱིས་མཛད། ནཱ་རོ་མཁའ་སྤྱོད། དཀོན་མཆོག་ལྷུན་གྲུབ། ཚར་ཆེན། ཀུན་བཀྲས། ཐུན་མོང་མ་ཡིན་པ་གནས་གསར་བས་མཛད་པ་རྣམས་སོ། །ལམ་ཟབ་ནང་མ། ར་ཆེན། ཀླུ་སྒྲུབ། ཨ་མེས་ཞབས། ལྔ་པ། ཀུན་བཀྲས་རྣམས་ཀྱིས་མཛད། བིར་སྲུང་ནང་མ་ངོར་ཆེན་དང་ཀུན་བཀྲས་ཀྱིས་མཛད།། ༈ །།འཇམ་མགོན་ཨ་མེས་ཞབས་ཀྱིས། །དེ་ལྟར་སྣང་གསུམ་རྒྱུད་གསུམ་གྱི། །ཉམས་ལེན་ཐམས་ཅད་མདོར་བསྡུ་ན། །སྣང་གསུམ་རྒྱུད་གསུམ་གཉིས་སུ་འདུ། །སྣང་གསུམ་ལམ་གྱིས་གཞི་བཅས་ཏེ། །ཉམས་བླངས་རྒྱུད་གསུམ་དག་གིས་ཤེས། །དེ་ཡང་སྟན་ཐོག་གཅིག་ཉིད་དུ། །ཉམས་སུ་ལེན་ན་འདི་ལྟར་ཡིན། །ཤེས་བྱའི་གནས་ལུགས་ཐམས་ཅད་ཀྱང་། །རྣལ་འབྱོར་རང་གི་སེམས་སུ་བསྡུ། །སེམས་ཉིད་སྤྲོས་བྲལ་ངང་ནས་ནི། །བསྐྱེད་རྫོགས་ཏིང་འཛིན་གསལ་བར་བསྒོམ། །དྲོད་ཀྱི་ཏིང་


JKT004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྐྱེས་པ་ན། །སྤྱོད་པ་བོགས་དབྱུང་ཉེ་རྒྱུ་ཡིས། །མཚམས་སྦྱོར་ས་ལམ་ལེགས་བགྲོད་ནས། །མཆོག་གི་གོ་འཕང་ཐོབ་པར་འགྱུར། །ཅེས་སོ།། ༈ །།རྣལ་འབྱོར་མའི་སྐྱབས་ཡུལ་ཐུན་མིན་ལྟར་ན་དཔའ་བོ་རྡོ་རྗེ་ཆོས་སུ་བསྒོམ་པར་མཛད་གསུངས། ལུས་དཀྱིལ་གྱི་སྔགས་གཡོན་དུ་ཡ་ལྗང་གུ། རྒྱབ་ཏུ་ར་དམར་པོ། གཡས་སུ་ལ་སེར་པོ། མདུན་དུ་ཝ་དཀར་པོ་བསྒོམ་པ་འབྱུང་བཞིའི་ས་བོན་དང་ཁ་དོག་མཐུན་པས་ལེགས། གོ་ཆའི་སྔགས་ཟླ་བ་ལ་མར་མེའི་སྡོང་བུ་བཙུགས་པ་ལྟར་ལེགས་འདྲ་སྟེ། ལྷ་སྔགས་གཞི་མཐུན་པའི་ཕྱིར། ལྷ་བསྒོམ་པ་ན་དེ་ལྟར་བསྒོམ་པ་ལས་འོས་མ་མཆིས་སྙམ་དུ་དགོངས་པའོ།། ༈ །།རྒྱུད་དང་མན་ངག་གི་དཀྲི་ཚུལ་ལམ་གྱི་ཚུལ་སྤྱིར་འདྲ་བ་ལ། བཤད་པ་དང་ཉམས་ལེན་གཙོ་བོར་བཏོན་པའི་དབང་གིས་ཅུང་ཟད་ཁྱད་པར་དུ་ཕྱེ་བ་སྟེ། དཔེར་ན། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། ཞེས་བཤད་པ་གཙོར་བཏོན། ཉམས་ལེན་གྱི་སྐབས་སུ། རྒྱུད་གསུམ་གྱིས་བཀྲི་བ་ལ་འཚང་རྒྱ་བའི་ལམ་མཐའ་དག་ཚང་བའི་ཕྱིར། རྒྱུད་སྡེ་འོག་མའི་ལམ་རིམ་བསྒོམ་མི་དགོས་པ་བཞིན་ནོ།། ༈ །།སྔ་འགྱུར་ལུགས་ཀྱི་བསྐྱེད་རིམ་ཕལ་ཆེར་བདག་མདུན་དབྱེར་མེད་དུ་སྒྲུབ་པ་སྟེ། དེ་ཡང་དངོས་གཞིའི་ཏིང་འཛིན་གསུམ་ནས་བཟུང་། རྫས། བསྒྲུབ་གཞི། བསྒྲུབ་བྱ་ཐམས་ཅད་བདག་མདུན་དབྱེར་


JKT004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དམ་ཚིག་དཀྱིལ་འཁོར་གཅིག་གིས་བསྡུས་པར་བསྒོམ་པ་སྟེ། འདི་ལྟར་འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་བྱེད་རྫོགས་རིམ་གྱི་འོད་གསལ་ཀ་དག་གི་ཡེ་ཤེས་འཆར་བའི་རྒྱུར་ཆོས་ཐམས་ཅད་མདོ་མང་ནས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གནས་ལུགས་མ་བཅོས་པའི་ངང་དུ་བློ་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན། བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་བྱེད་རྫོགས་རིམ་དུས་སྟོང་ཉིད་ལས་ཟུང་འཇུག་གི་དཀྱིལ་འཁོར་དུ་སད་བྱེད་སྙིང་རྗེ་ཆེན་པོ་རང་བྱུང་དུ་འཆར་བའི་རྒྱུད། དེ་ལྟར་མ་རྟོགས་པའི་སེམས་ཅན་ཀུན་ལ་སྙིང་རྗེ་སྒྱུ་མ་ལྟ་བུ་མཁའ་ཁྱབ་ཏུ་བསྒོམ་པ་ནི་ཀུན་སྣང་གི་ཏིང་འཛིན། སྐྱེ་བ་འཛིན་པར་ཕྱོགས་པའི་དྲི་ཟའི་སེམས་ཀྱི་ནཱ་ད་སྦྱོང་ཞིང་སྤྲུལ་སྐུའི་སྣང་བ་ལམ་བྱེད་རྫོགས་རིམ་འོད་གསལ་ལས་སྙིང་རྗེའི་འཕེན་པས་ཟུང་འཇུག་གི་དཀྱིལ་འཁོར་དུ་འཆར་བའི་རྒྱུར། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རིག་གདངས་ཡི་གེའི་རྣམ་པར་བསྒོམ་པ་རྒྱུའི་ཏིང་འཛིན་ཏེ། དེ་ལས་ཐམས་ཅད་ཀྱི་བག་ཆགས་སྦྱོང་ཞིང་། སངས་རྒྱས་ཀྱི་ཚེ་རྣམ་པར་དག་པའི་ཞིང་ཁམས་ལམ་བྱེད། རྫོགས་རིམ་དུ་རྩ་འཁོར་འབྱུང་བའི་ཁམས་དང་བཅས་པ་དྭང་མར་སྒྲུབ་ཕྱིར་རྒྱུ་ཏིང་ངེ་འཛིན་ལས་འབྱུང་ལྔ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་བསྒོམ་པ། སྐྱེ་གནས་སུ་བཞུགས་པ་ནས་ལུས་རྫོགས་པའི་བར་སྦྱོང་ཞིང་། སྤྲུལ་པའི་


JKT004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུམས་སུ་ཞུགས་པ་ནས་བལྟམས་པའི་བར་ལམ་བྱེད། རྫོགས་རིམ་དུས་བདེ་བ་ཆེན་པོ་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་སྨིན་བྱེད་གཙོ་བོ་བསྒོམ་པ། བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་བུ་ཚ་འཁོར་གཡོགས་སོགས་འདུས་པའི་བག་ཆགས་སྦྱོང་ཞིང་། འབྲས་བུ་སྤྲུལ་སྐུའི་འཁོར་སྡུད་པ་ལམ་བྱེད་དང་། རྫོགས་རིམ་ཟུང་འཇུག་གི་ལྷ་སྐུ་རྒྱ་ཆེར་སྤྲོ་བའི་ཕྱིར་འཁོར་བསྒོམ་པ། བྱིས་པ་དེ་སྒོ་གསུམ་གྱི་ནུས་པ་སྟོབས་འཕེལ་བ་སྦྱང་ཞིང་། འབྲས་བུ་རྡོ་རྗེ་གསུམ་ལམ་བྱེད། རྫོགས་རིམ་དུ་ཁུ་རྡུལ་རླུང་གསུམ་གྱི་དྭང་མ་སྟོབས་སུ་བྱ་བའི་ཕྱིར་གནས་གསུམ་བྱིན་བརླབས། ཚོར་འདུ་རྫོགས་པས་རྒན་པ་རྣམས་དང་བློ་གྲོས་མཉམ་པ་སྦྱོང་ཞིང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་ཉིད་དུ་གྱུར་པ་ལམ་བྱེད། རྫོགས་རིམ་སྐབས་འཁོར་འདས་དབྱེར་མེད་ཀྱི་ཡེ་ཤེས་བསྐྱེད་ཕྱིར། ཡེ་ཤེས་པ་སྤྱན་དྲངས་བསྟིམ། བློ་གྲོས་རྫོགས་པས་རིགས་མཐུན་གྱི་ལས་ལ་དབང་བསྒྱུར་བ་སྦྱོང་ཞིང་། འབྲས་བུར་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་དང་། རྫོགས་རིམ་དུ་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་ཆེད་དབང་བསྐུར་བ། དབང་པོ་རྒྱས་པས་འདོད་ཡོན་ལོངས་སྤྱོད་པ་སོགས་སྦྱོང་ཞིང་། སངས་རྒྱས་ཀྱི་ཚེ་ཡེ་ཤེས་ཆེན་པོའི་མཆོད་བསྟོད་རྒྱུན་མི་འཆད་པ་དང་། རྫོགས་རིམ་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱད་པ་སྤང་བླང་མེད་


JKT004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པའི་ཆེད་མཆོད་བསྟོད་བྱ་བ། དེ་ནས་བསྐྱེད་རིམ་གྱི་གཙོ་བོ་ལྷ་ཡི་སྣང་ཞེན་ལ་བསླབ་པ་སྟེ། སྔགས་ལམ་གྱི་སྤྱད་བྱར་གྱུར་པའི་སྡུག་བསྔལ་ནི་དོན་དུ་ཐ་མལ་གྱི་སྣང་ཞེན་ཉིད་ཡིན་ལ། དེ་ཡང་སྣང་བ་ནི་སེམས་འཁྲུལ་པའི་སྣང་བ་མ་དག་པའི་སྣོད་བཅུད་འདི་ཡིན་ལ། ཞེན་པ་ནི་ཡུལ་སྔ་མ་ལ་ཕྱི་མ་མུ་མཐུད་པའི་རྟོག་པའི་ལུ་གུ་རྒྱུད་དེ་ཡིན་ཅིང་རྟོག་པ་ལ་མཚམས་སྦྱོར་བཅོལ་ནས་དེའི་ངང་ལ་རང་སར་བཞག་པ་ནི་སྣང་ཆ་ལྷར་བསླང་བ་ཡིན་ལ། མཚམས་སྦྱོར་གྱི་རྟོག་པ་དེ་ལ་ནང་གི་ཡིད་བྱེད་ཕྲ་མོ་ཟེར་ཡང་མི་མཐུད་པའི་ཕྱིར་རྟོག་པ་ཕལ་པ་མིན་ནོ། །དེ་ལྟར་ན་མ་དག་པའི་སྣང་བ་ཐམས་ཅད་དེ་ཏིང་གིས་སྟོང་ཉིད་དུ་སྦྱངས་པའི་ངང་ལས་རྩལ་སྙིང་རྗེའི་འཕེན་ཤུགས་ལྷ་སྐུའི་གསལ་སྣང་ལམ་མེ་བར་གསལ་བ་ལ་སེམས་བཟུང་ཞིང་དེ་ལྟར་མི་གསལ་ན་བྱིང་རྒོད་ཀྱི་མཐར་བརྟག་ནས། བྱིངས་ནམས་རིམ་དང་རྒོད་ན་ཡས་རིམ་གྱིས་སྐུ་ཡི་ཆ་ཤས་ལ་སེམས་བཟུང་ནས་མཐར་ཅིག་ཅར་དུ་གསལ་བ་ལ་སྦྱངས་པས་དང་པོ་ཡིད་ཀྱི་ཡུལ་དུ་ལྷ་ཡི་རྣམ་པ་ཝ་ལ་ཝ་ལ་འཆར། དེ་ནས་རེག་མཐོང་གི་མཚན་མ་ཡོད་པ་ལྟར་དབང་པོའི་མངོན་སུམ་དུ་གསལ། དེ་ནས་རབ་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་ནུབ་ནས་ལྷ་ཡི་གསལ་སྣང་དང་ང་རྒྱལ་ལ་རྩེ་གཅིག་ཏུ་གནས་པ་འབྱུང་། དེ་གསུམ་ལ་ཡིད་ཀྱི་ཡུལ། སྣང་བའི་ཡུལ།


JKT004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པའི་ཡུལ་དུ་གསལ་བ་ཟེར། དེ་ལྟར་ཡུལ་གསུམ་གསལ་ནས་སྐུ་ཡི་ཆ་ཤས་དང་རྒྱན་ཕྲ་མོ་རེ་རེ་ནས་ཀྱང་གསལ་སྣང་འདོན་ཅིང་། ལྷ་སྐུ་ཆེ་ཆུང་མ་ངེས་པ། མང་ཉུང་ཐུན་རིང་ཐུང་སོགས་མ་ངེས་པ་ལ་རྩལ་སྦྱངས་པས་ལྷ་གྱད་དུ་མྱུར་བ་ཞེས་བྱ་སྟེ། ཇི་ལྟར་བསྒོམས་ཀྱང་བདེ་བར་འགྱུར་པའི་ཚུལ་ལ་བསླབ་ཅིང་། ཚུལ་དེས་རྟེན་དང་བརྟེན་པའི་གསལ་སྣང་ཐོན་པ་ནི། སེམས་ཉིད་གདོད་ནས་ལྷར་ཀ དག་པ་ལས་གཞན་ནས་བཙལ་དུ་མེད་པ་དང་། སེམས་དང་ལྷ་སྐུ་དབྱེར་མེད་དེ་ཡང་གསལ་སྟོང་འཛིན་མེད་དུ་ཤེས་པ་ནི་གནད་དམ་པའོ། །དེས་སྐྱོ་ན་ཐུགས་དམ་བསྐུལ་བའི་ཕྱིར་བཟླས་པ་བྱ་བ་ནི། ངག་གི་ཞེན་པ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་སྦྱོང་། འབྲས་དུས་ཆོས་འཁོར་བསྐོར་བ་དང་། རྫོགས་རིམ་དུས་རླུང་དབུ་མར་ཐིམ་པར་བྱེད་པའོ། །ཐུན་མཐར་དཀྱིལ་འཁོར་བསྡུ་བ་ནི། འདུ་བྱེད་ཀྱི་ཐ་མ་འཇ ག་པ་སྦྱོང་། འབྲས་དུས་གཟུགས་སྐུ་ཆོས་སྐུར་ཐིམ་པ་དང་རྫོགས་རིམ་དུ་འོད་གསལ་གྱི་ཡེ་ཤེས་འཆར་བའི་རྒྱུའོ། །དེ་ལས་ལྷར་ལྡང་བ་ནི། འཆི་སྲིད་ལས་བར་དོར་ལྡང་བ་སྦྱོང་ཞིང་། ཆོས་སྐུ་ལས་གཟུགས་སྐུར་བཞེངས་པ་དང་། རྫོགས་རིམ་སྐབས་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བའི་རྒྱུའོ།། ༈ །།བར་དོའི་རྣམ་བཞག་ལ། ངོ་བོ། སྒྲ་དོན། དབྱེ་བ། སོ་སོའི་ཁྱད་པར་དང་བཞི། དང་པོ་ནི། གཞི་


JKT004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བ་དག་པ་ཆོས་ཉིད་བར་དོ། །འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་སོ་ཅོག་ནི་མ་དག་པ་འཁྲུལ་བའི་བར་དོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་། འཆར་གཞིའི་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའོ། །གཉིས་པ་སྒྲ་དོན་ནི། སྔ་མ་དང་ཕྱི་མ་དག་གི་བར་གྱི་ཆ་ལས་བཏགས་པ་སྟེ་བར་དོ་དང་པོ་གཉིས་ཀྱི་དབང་དུ་བྱས་ན་སྔ་མས་འཕང་ཞིང་ཕྱི་མ་མ་གྲུབ་པའི་བར་གྱི་ཆ་ལས་བར་དོ་དང་། ཕྱི་མ་གཉིས་ཀྱི་དབང་དུ་ན་མཛོད་ལས། འདི་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། སྲིད་པ་བར་མ། ཞེས་པས་འདི་ནས་ཤི་སྟེ་ཕ་རོལ་ཏུ་སྐྱེ་སྲིད་མ་གྲུབ་དེ་སྲིད་ལ་བར་དོ། །ཞེས་བྱའོ། །དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་བ་རྣམ་པ་བཞི་དག་ལས། ཞེས་པའི་དང་པོ་སྐྱེ་ཤི་བར་དོ་ནི། མི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནད་ཀྱིས་བཏབ་ཚུན་དང་། གཉིས་པ་འཆི་ཁའི་བར་དོ་ནི། འཆི་བ་ལ་ཕྱོགས་ནས་ནང་དབུགས་ཐིམ་ཚུན་ཆད་དང་། གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི། ནང་དབུགས་ཆད་ནས་ལྷུན་གྲུབ་གྱི་སྣང་བ་ཐིམ་པ་ཚུན་ཆད་དང་། བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་གྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་ཚུན་ཆད་དོ། །


JKT004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་ཏེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ནང་དུ་འཇུག་པ་ལྟ་བུ་སྟེ། དོན་དམ་བླ་མ་ལ་བརྟེན་ནས། དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་སྒོམ་པ་ནན་ཏན་ལྷུར་བྱས་ནས་སྒྲོ་འདོགས་ཆོད་པ་བྱའོ། །དེ་བཞིན་དུ་འཆི་ཁ་བར་དོ་གསལ་གདབ་པ་སྒེག་མོའི་མེ་ལོང་བལྟ་བ་ལྟ་བུ་ནི་སྔར་གོམས་པའི་གདམས་ངག་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི་གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདེང་ཚུད་པའོ། །སྲིད་པ་བར་དོར་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུ་ནི་འཁྲུལ་སྣང་འཇིགས་སྐྲག་ཤར་ཡང་སྔར་གོམས་པ་དང་གཞན་རྐྱེན་གྱི་གསལ་འདེབས་ལ་བརྟེན་དག་པའི་སྐྱེ་སྲིད་ཀྱི་ལམ་དུ་འཇུག་པའོ།། ༈ །།གཅོད་ཡུལ་ཟེར་བ་འདི་ལ་གོ་བ་ལེན་ཚུལ་མང་ནའང་། ཤིང་གཅོད་པའི་ཡུལ་ས་གཞི་ཡིན་པ་ལྟར། བཅད་བྱ་གཟུང་འཛིན་གྱི་རྟོག་པ་གཅོད་པའི་ཡུལ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཏེ། དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞིར་ཕྱེ་བའི་གཞི་ཤེར་ཕྱིན་གང་ཡིན་པ་སྟེ། དེའི་ནང་དུ་བྱེད་པའི་གཞུང་ལའང་དེ་ཡི་སྒྲས་སྨོས་པའོ། །


JKT004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཞེད་དོ།། ༈ །།སློབ་དཔོན་རིན་པོ་ཆེ་འཁྲུངས་ཡུལ་ཨོ་རྒྱན་གྱི་ཡུལ་གྱི་ནུབ་བྱང་མཚམས་ཞེས་པ་སྲིན་པོའི་ཡུལ་དུ་བཞེད་པའང་ཡོད་དེ། དེའི་ཡུལ་གླིང་དགུ་བཤད་པ་ན། ལྷོ་ནུབ་མཚམས་ན་སྲིན་པོའི་གླིང་ཞེས་ཡོད། ཅེས་གསུངས་པ་ལ་དགོངས། དེ་ལྟར་ན། ལྷོ་ནུབ་སྲིན་པོའི་ཡུལ་ཞེས་པ་ལ་རྩོད་པ་མི་འབྱུང་བ་ཡིན། སྔོན་གྱི་བསྐལ་པ་དང་པོ་ལ། ཞེས་པའི་སྤྱིར་བཏང་དུས་བཞིའི་ཟླས་ཕྱེ་བ་ལྟ་བུ་མ་ཡིན་པར། དང་པོ་སྐུ་འཁྲུངས་བའི་དུས་དེ་ཙམ་ལ་སྔོན་གྱི་བསྐལ་པ་ཞེས་རྣམ་པར་བཞག་སྟེ། འདི་ལྟ་བུ་མང་ངོ་།། ༈ །།སྡེ་གསུམ་པོའང་ཆོས་སྐད་མི་མཐུན་པ་ཙམ་མང་མོད། མཐར་ཐུག་གི་ལྟ་བ་ལ་ཁྱད་པར་མེད་ཅིང་། ཐབས་ཀྱིས་ཁྱད་པར་འཕགས་པ་ཙམ་དུ་ཁས་བླངས་ན་བདེ་ཞིང་། སྤྱིར་སེམས་སྡེས་ཟབ་པའམ་སྟོང་ཉིད། ཀློང་སྡེས་གསལ་བའམ་འོད་གསལ། མན་ངག་སྡེས་ཟབ་གསལ་དབྱེར་མེད་ཙམ་དུ་བཏོན་ནས་འཆད་པ་དང་། དེ་དང་དེའི་ཐབས་ཀྱང་། གཉུག་མ་རང་སར་འཇོག་པ་ཙམ་དང་། རླུང་དང་ལྟ་སྟངས་ཀྱིས་བོགས་འདོན་པ་དང་། ཐོད་རྒལ་གྱིས་རླུང་སེམས་དབྱིངས་སུ་འཇུག་པའི་ཐབས་ཁྱད་པར་ཅན་གྱིས་འབྲས་བུ་ལ་སྦྱོར་བའི་ཚུལ་ལའང་མྱུར་དུ་བྱུང་བར་བཞེད་དོ།། ༈ །།སློབ་དཔོན་བི་མ་ལས་གཡུའི་ཐང་མ་གྲས་དགུ་ལས། །བྱ་བྱེད་ཀྲི་ཡི་དོན་དམ་དུ། །ཀུན་ཀྱང་དག་པ་ཆོས་ཉིད་ལ། །མཐའ་ཡི་


JKT004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་ཡེ་ནས་མེད། །ཀུན་རྫོབ་རང་བཞིན་རིགས་གསུམ་སྐུ། །ཀུན་ཀྱང་དག་ཕྱིར་དུག་གསུམ་གསུམ། །ལྷ་ཡི་དཀྱིལ་འཁོར་ཡིན་པར་འདོད། །ཅེས་སོ།། ༈ །།བྱང་གཏེར་སྔོན་འགྲོ་གཟེར་ལྔ་སྦྱངས་སྐབས། རྒྱལ་ཆེན་ཐོ་འཛུག་སོགས་བསྙེན་སྒྲུབ་ལྟ་བུའི་སྤྲོས་པ་མ་དགོས་རུང་། མིའི་རྒྱུ་འགྲུལ་བཅད་པ་སོགས་དབེན་པའི་སླད་སྒོ་རྩར་མཚམས་ཐོ་དཀྱུས་འགྲེ་བཙུག །ཐུན་བཞིའི་རིམ་པས་དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྦྲགས་མ་འབུམ་ཐེར་སྐབས། ཐུན་གྱི་སྔོན་འགྲོ་ལུས་ངག་ཡིད་གསུམ་རྣལ་དུ་དབབ། སྐྱབས་སེམས་མདོར་བསྡུས། བདག་དང་ཁམས་གསུམ་སོགས་ལན་གསུམ། བླ་མ་ལ་གསོལ་བ་གདབ་ཅིང་རང་ལ་བསྟིམ། སྐྱབས་ཡུལ་དང་། སྐྱབས་སུ་འགྲོ་མཁན། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་རྣམས་གསལ་ལེགས་པར་གདབ་ལ། སྐྱབས་སེམས་མདོར་བསྟན། ཀྱེ་མ་ཁམས་གསུམ་སོགས་ལན་གསུམ། རྒྱས་པ། ཡོན་ཏན་ཀུན་འབྱུང་བརྒྱ་ཚར་ཙམ། དེ་ནས་མདོར་བསྟན་ཁམས་གསུམ་འཁོར་བར་སོགས་སུམ་བརྒྱ་ཙམ་གྱི་མཐར། འབུམ་ཐེར་གསོག་རྒྱུ་དེའམ། དེ་ལས་ཀྱང་བསྡུ་ན། བདག་དང་ཁམས་གསུམ་ཐུན་རེར་ཅི་ལྕོག་གིས་གྲངས་བཟུང་། ཐུན་བསྡུ་བ་ན་སྐྱབས་ཡུལ་མ་བསྡུས་པར་མཎྜལ་གྱི་རྟེན་དུ་བྱས་ནས། ཐོག་མར་མཎྜལ་རྒྱས་པ་སོ་བདུན་མ་ཡོངས་གྲགས་ཚར་གཅིག་ཕྱི་ནང་


JKT004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་མཎྜལ་ཚར་གསུམ། ས་གཞི་སྤོས་བྱུགས་ཉེར་གཅིག་ཙམ་གྱི་མཐར། ཚོགས་ཞིང་བསྡུ་ཚུལ་སྐྱབས་སེམས་ལྟར།། ༈ །།རྡོར་སེམས་བསྒོམ་བཟླས་དམིགས་པ་ངག་འདོན་དཀྱུས་གསལ་ལྟར་ཡིག་བརྒྱ་ཉེར་གཅིག་ཙམ། ཡིག་བདུན་ཕྲེང་སྐོར་ཙམ་གང་ལྕོག་མཐར་མགོན་པོ་བདག་ནི་སོགས་བཤགས་སྡོམ་དང་བཅས་རྡོར་སེམས་རང་ལ་བསྟིམ། མི་རྟག་རྒྱུད་བསྐུལ་གསལ་ལེགས་པར་བཏབ་ལ་ཚར་གཅིག་གསུམ་སོགས་བློ་འཐུལ་ངེས་སུ་བརྗོད། བླ་མའི་རྣལ་འབྱོར་བརྒྱུད་འདེབས་ཁྲིད་བརྒྱུད་ཁ་སྐོང་བཅས་གཞུང་གསལ་མཐར། གས་བདུན་གསོལ་འདེབས་བརྒྱ་རྩའམ་ཉེར་གཅིག་ཙམ་གསོག །སྤྲོ་ན་༡ ལེའུ་བདུན་མ་སོགས་གསོལ་འདེབས་གང་རུང་ཀྱང་བྱ། མཐར་བླ་མ་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་པ་དར་གཅིག་མཉམ་བཞག་རྗེས་རང་གི་གཞི་ལུས་སྟོང་པར་སྦྱངས། དེའི་ངང་ལས་ཧཱུཾ་ཧཱུཾ་ཞེས་སོགས་དཔའ་བོ་གཅིག་པའི་བདག་བསྐྱེད་བླངས་ལ་ཧཱུཾ་སུམ་བརྒྱ་ཉེར་གཅིག་གི་བཟླས་པའི་མཐར་བསྔོ་སྨོན་བཀྲ་ཤིས་བཅས་སྤྱོད་ལམ་ལ་འཇུག་གོ །རྒྱུན་དུ་ཆགས་མེད་སྐབས་སུའང་སྐྱབས་སེམས་ཉེར་གཅིག་ཙམ་གྱིས་ཆོག་པ་ལས་ངག་འདོན་འདི་སོར་བཞག་བྱ། དེ་ལྟར་ཐུན་བཞིའི་རིམ་པས་དང་པོ་སྐྱབས་སེམས་བསྡུས་པ་འབུམ་ཐེར་དང་ཁྲི་ཕྲག་ལྷག་བཅས་འགྲོ་ངེས་བྱ་བ་འབུམ་ཐེར་དང་པོའོ།། ༈ །།མཎྜལ་སྐབས་


JKT004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེམས་ཉེར་གཅིག་ཙམ་དང་། དངོས་གཞི་མཎྜལ་སོ་བདུན་མ་ཉེར་གཅིག་གམ་བདུན་སོགས། ཕྱི་ནང་གསང་བའི་མཎྜལ་བརྒྱ་རྩ་ལས་མི་ཉུང་བ། ས་གཞི་སྤོས་བྱུགས་ལ་གྲངས་བཟུང་ནས་ཐུན་རེར་གང་ཚར། རྡོར་སེམས་མཎྜལ་གང་ལྟར་ཤར་བསྒོམ། དེ་ལྟ་བུས་མཎྜལ་བསྡུས་པ་འབུམ་ཐེར་ཁ་སྐོང་བཅས་འགྲོ་ངེས་བྱ་བ་འབུམ་གཉིས་པ།། ༈ །།རྡོར་སེམས་སྐབས་ཀྱང་སྐྱབས་སེམས་མཎྜལ་༥ མདོར་བསྡུས། རྡོར་སེམས་ཡིག་བརྒྱ་ཐུན་གྱི་དངོས་གཞི་དང་། ཐུན་མཐར་ཡིག་བདུན་གང་ལྕོགས་ཙམ། མཐར་བཤགས་སྡོམ་དང་བཅས་རང་ལ་བསྟིམ། དམིགས་པ་གཙོ་བོར་ངག་འདོན་དཀྱུས་གསལ་དང་། ཐུན་མཐར་དུག་ལྔ་གནས་སྦྱོང་གི་དམིགས་པའང་ནན་ཏན་དུ་བྱ། བླ་མའི་རྣལ་འབྱོར་མན་གོང་གསལ་ལྟར། མཚམས་ཀྱི་སྐབས་བཤགས་སྡོམ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་སོགས་དྲི་མེད་བཤགས་རྒྱུད་སྨེ་བཤགས་གྲུབ་ན་ལེགས། དེ་ལྟ་བུས་ཡིག་བརྒྱ་འབུམ་ཐེར་ཁ་སྐོང་བཅས་ས་གྲུབ་ན་ལེགས། དེ་ལྟ་བུས་ཡིག་བརྒྱ་འབུམ་ཐེར་ཁ་སྐོང་བཅས་འགྲོ་ངེས་བྱ་བ་འབུམ་གསུམ། ༈ །།ཕྱག་འབུམ་ཐེར་རྡོར་སེམས་ཀྱི་ཐུན་མཚམས་སུ་ན་རག་སྐོང་བཤགས་ཀྱི་ཕྱག་འཚལ་དང་། ཡིག་བརྒྱ། ལྟུང་བཤགས་བཅས་ངག་ཏུ་འདོན་ཅིང་གང་ལྕོག་བྱ་བའམ། ཡང་ན་ལོགས་སུ་མཚམས་བཅད་ནས་འབུམ་ཐེར་བྱུང་ནའང་ཆོག་པ་བཅས་འབུམ་བཞི།། ༈ །།བླ་མའི་རྣལ་འབྱོར་


JKT004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྒྱུད་འདེབས་ཆར་གསུམ་རེ་ཙམ། ལེའུ་བདུན་མ་ཚང་བའམ་འདོན་རེས། ཚིག་བདུན་གསོལ་འདེབས་འབུམ་ཐེར་ཁ་སྐོང་དང་བཅས་འགྲོ་ངེས་སུ་བྱས་ན་འབུམ་ལྔ་ཞེས་གྲགས་པའི་གྲངས་ཚང་བར་འགྱུར་རོ།། ༈ །།དེ་ནས་བདག་བསྐྱེད་དཔའ་བོ་གཅིག་པ་དང་འབྲེལ་བའི་ཧཱུྃ་བསྙེན་ལས་བཞི་བདུན་ཕྲག་བཞིས་བསྙེན་ཚད་གཅིག་རྫོགས་པ་སོགས་རིག་འཛིན་པད་ཕྲིན་བསྙེན་ཡིག་ལྟར་ཉམས་སུ་བླངས། འདི་སྐབས་རྒྱལ་ཆེན་ཐོ་འཛུགས་དང་། ནུབ་རེ་རེ་ཙམ་ལ་ལས་བྱང་འབྲིང་པོ་བཀའ་སྲུང་མཆོད་པ། ཚོགས་མཆོད་བཅས་བྱ་དགོས་པ་གཞིར་བཅས།། ༈ །།དེ་རྗེས་ཐུགས་རྗེ་ཆེན་པོ་མ་ཡིན་པའི་སྔོན་འགྲོའམ་སེམས་འཛིན་སྐུ་གསུང་ཐུགས་བཅས་ལ་སྦྱངས་པ་གང་ལྕོག་གི་ངོས་དངོས་གཞིའི་ཞི་གནས་སེམས་འཛིན། ལྷག་མཐོང་སེམས་འཚོལ། མཐར་ཞི་ལྷག་ཟུང་འཇུག་རང་ངོར་འཇོག་པ་སོགས་རིག་ཐོག་ཏུ་བརྡར་ཤ་བཅད་ནས་རིག་པ་ངོ་འཕྲོད་ཕན་ཆད་མཚམས་བྱས་མིན་ལ་མ་ལྟོས་པར་དྲན་ཤེས་ཀྱི་གསལ་འདེབས་བཅས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡིས། ཞེས་སོགས་གསུངས་པ་ལྟར་འགྱུ་བ་རང་ཐོག་ཏུ་བཞག །རིག་པའི་རང་ངོ་དང་བསྐྱང་བ་ཁོ་ན་ཉམས་ལེན་གྱི་སྙིང་པོ་དང་། མདོར་ན་མི་རྟག་ངེས་འབྱུང་། བྱང་ཆུབ་ཀྱི་སེམས། བླ་མའི་མོས་གུས། རིག་པ་མ་བཅོས་པར་མཉམ་པར་འཇོག་པ་བཞི་ལ་ཧྲིལ་གྱིས་


JKT004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་ནས། ལྷ་སྔགས་ཆོས་སྐུར་རྩལ་སྦྱོང་བ་ནི་ལམ་གྱི་སྙིང་པོ་ཁོ་ན་ཡིན་ནོ།། ༈ །།དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་འཁྲིད་ལ། །ཁྲིད་ཡིག་དངོས་གཞི་འཇམ་དབྱངས་བདེ་བའི་རྡོ་རྗེས་མཛད་པ་དེ་སོར་བཞག་ནས། ཞལ་ཤེས་ཀྱི་སྐོར་ཟུར་དུ་འབྲི་བ་ལ། སྐྱབས་འགྲོའི་སྐབས་བདུད་རྩི་འབེབས་སྦྱང་ལམ་ཁྲིད་ལྟར། མཐར་གནང་བ་བྱིན་ནས་སྨིན་མཚམས་ནས་རང་ལ་ཐིམ་པར་བསམ། མཆོད་པ་བྱིན་རླབས་བླ་མཆོད་ལྟར་རམ། བདེན་སྟོབས་ཀྱི་སྒོ་ནས་བྱ། བྱམས་མགོན་གྱི་ཞིང་དང་སྐུ་དང་ཤེར་མདོའི་ཆོས་དངོས་སུ་གསུངས་སྙམ་པ་དང་བཅས་གསལ་བཏབ། སྤྱན་འདྲེན་པའི་ཚེ་རྗེ་ཡབ་སྲས་གསུམ་གྱིས་མངོན་སུམ་དུ་གསན། ཕན་ཚུན་རང་ཉིད་སྨིན་གྲོལ་ལ་འགོད་པའི་གསུང་གླེང་དང་བཅས་ཏེ་བྱོན་པར་བསམ། དེ་དག་སྐྱབས་གནས་ཀུན་འདུས་ནོར་བུ་ལུགས་སུ་བྱེད་པ་དང་། འོད་ཟེར་གྱི་སྣེ་ལས་བརྒྱུད་པ་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ་གང་ཡང་རུང་། གང་ལྟར་ཡང་རྗེ་བླ་མ་སྲིད་ཞི་ཀུན་ཁྱབ། བརྟན་གཡོ་ཀུན་གྱི་རང་བཞིན་ཡེ་ཤེས་ཀྱི་སྐུ་ཅན་དུ་གསལ་བ་ནི་ཤིན་ཏུ་གལ་ཆེ། ཕྱི་མཆོད་སོགས་གང་གི་ཚེའང་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་མཉེས་ཤིང་སྟོང་ཉིད་ལ་ཞུགས་པར་


JKT004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ནི་སྔགས་དང་། མདོ་ཆོག་ཏུ་ཐུགས་རྒྱུད་མཉེས་པ་ཙམ་བསམ་གསུངས། བཤགས་པའི་སྐབས་འོད་ཟེར་འཕྲོ་བས་ལུས་ལ་ཐིམ་པ་དང་། ཆོས་འཁོར་བསྐོར་བའི་ཚེ་ཞལ་གྱིས་བཞེས་པ་དང་། བསྔོ་བའི་ཚེ་དེ་དག་གི་རྒྱུར་བསྔོས་ཤིང་བྱིན་གྱིས་བརླབ་པར་བསམ། རྒྱས་པར་ན་དཔལ་ལྡན་ས་གསུམ་མ་བཏོན་ནས། མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། ཞེས་པའི་མཚམས་དམིགས་བརྩེ་མ་བཟླ། དེ་ཡང་དོན་དྲན་བཞིན་པས་འདོན་དགོས། དོན་དྲན་ཚུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་གསུམ་མགོན་པོར་འདུས་ཤིང་དེའི་ཡོན་ཏན་ཀྱང་མཁྱེན་བརྩེ་ནུས་གསུམ་ལ་འདུས། དེ་ཐམས་ཅད་རྗེ་བླ་མ་ལ་ཚང་ཞིང་། རྗེ་ཉིད་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་ཚུལ་བཀའ་གདམས་གླེགས་བམ་གྱི་ལུང་དང་། ཡུམ་གྱི་མནལ་ལྟས་སུ་ལྕང་ལོ་ཅན་ནས་རྡོ་རྗེ་འཕང་པ་དང་། བལྟམས་པའི་དུས་སུ་བཙུན་པ་མང་པོས་སྤྱན་རས་གཟིགས་ལ་བསུ་བ་བྱེད་ཟེར་བ་སོགས་མ་མཐའ་འང་འདི་ཙམ་དྲན་དགོས། དེ་ཡང་བཞི་སྐོར་བྱེད་པའི་ལུགས་ཏེ། ལྔ་སྐོར་ལ། བསྟན་པའི་བདག་པོ་ཐུབ་དབང་བཅོམ་ལྡན་འདས། ཞེས་དང་། དྲུག་སྐོར་ལ། རིགས་བརྒྱའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་། ཞེས་དེ་འོག་ཏུ་བསྣན་པ་ལྟར་དང་། ཡང་ན། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། ཞེས་དང་། དགུ་སྐོར་


JKT004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན། རྗེ་རིན་པོ་ཆེའི་དཔྲལ་བར་སྤྱན་རས་གཟིགས་ཕྱི་སྒྲུབ་ཕྱག་བཞི་པ། དེའི་ཐུགས་ཀར་ནང་སྒྲུབ་རྡོ་རྗེ་ཆོས་འོག །དེའི་ཐུགས་ཀར་བླ་མེད་ནས་བཤད་པའི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། མགྲིན་པར་འཇམ་དབྱངས་ཕྱི་ནང་གསང་གསུམ་འཇམ་དབྱངས་ཆོས་སྐོར་ལྟར་དང་། ཐུགས་ཀར་ཕྱག་རྡོར་གོས་སྔོན་ཅན། གཏུམ་པོ། འཁོར་ཆེན་རྣམས་གསལ་བཏབ་པ་ན་སྐུ་ནོར་བུ་མཛོད་འཛིན། གསུང་ཉི་མ་སྣང་བྱེད། ཐུགས་གསང་བ་མཛོད་འཛིན། ཡང་ན་རྗེའི་ཐུགས་ཀར་འཇམ་དབྱངས། རྒྱལ་ཚབ་རྗེའི་ཐུགས་ཀར་སྤྱན་རས་གཟིགས། མཁས་གྲུབ་རྗེའི་ཐུགས་ཀར་ཕྱག་རྡོར་བསྒོམས་ཀྱང་རུང་། འཆད་རྩོད་རྩོམ་གསུམ་གྱི་ཞལ་ཤེས་ལ། བདུད་རྩི་འབེབས་སྦྱང་འདྲ། རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་ལུས་གང་བར་བསམ་པ་དང་། འཆད་པ་དངོས་ཀྱི་ཚེ། རང་གི་སྤྱི་བོར་རྗེ་བླ་མ་བསྒོམས་ལ། བདུད་རྩི་འབེབས་སྦྱང་དང་། ཁྱད་པར་རང་གི་ལྕེ་སྟེང་སྣ་ཚོགས་རྡོ་རྗེ་རེ་རེ་བསྒོམ། སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩིས་སློབ་མའི་ལུས་ཀྱང་སྣ་ཚོགས་རྡོ་རྗེ་གང་བར་བསྒོམས་པས་ཕན་ཐོགས་ཆེ་གསུང་། རྩོད་ཚེ་རང་གི་ལྕེ་སྟེང་དུ་གཞུང་གི་འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བས་ཕྱིར་རྒོལ་གྱི་ལྕེ་དུམ་བུར་བཅད་པར་བསམ། འོན་ཀྱང་ཕྲན་ཚེགས་ལ་གཞུང་གི་དེ་གས་འཐུས། རྩོམ་པ་ལ་གླེགས་བམ་རྣམས་གང་བརྩམ་


JKT004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་བརྗོད་བྱ་ཅན་གྱི་ཚིག་དོན་ཕུན་ཚོགས་པར་གསལ་འདེབས། བདུད་རྩི་འབེབས་སྦྱང་སྤྱི་གཙུག་ནས་ཡར་གཞལ་བའི་སོར་བཞི་ཙམ་གྱི་མཚམས་ནས་མྱུ་གུ་གསུམ་འདྲེས་པར་བྱེད་ཅིང་། མཐར་སྦུ་གུ་ཡང་རང་ལ་ཐིམ་པ་ཡིན། མཇུག་ཏུ་དཔལ་ལྡན་རྩ་བའི་བླ་མ་ཚར་གསུམ་བརྗོད་པ། གཅིག་བརྗོད་པའི་ཕྱི་མ་གཞུང་ལྟར། དང་པོ་བདག་གི་སྤྱི་བོར་ཞེས་པའི་སྐབས་ཡབ་སྲས་གཅིག་ཏུ་གྱུར། གཉིས་པའི་སྐབས་རང་གི་སྤྱི་བོར་བྱོན། གསུམ་པའི། བདག་གི་སྙིང་གར་ཞེས་བརྗོད་པ་ན་སྙིང་ག་ཡན་གྱི་དབུ་མ་གསལ་འདེབས། སྙིང་གའི་རྩེ་མོར་རྡོ་རྗེའི་དབུས་ཧཱུྃཧཱུྃ་གང་རུང་གསལ་བཏབ་སྟེ། བདུད་རྩི་འབེབས་སྦྱང་ཞི་ཁྲོ་སྦྲགས་སྒྲུབ་ལྟར་དང་། སྙིང་གི་སྟེང་དུ་ཨ་ར་པ་ཙ་གཡས་སྐོར་དང་། དམིགས་བརྩེ་མས་གཡོན་དུ་དཀྲི་བ་དང་། དབུ་མའི་ཕྱི་ལ་ཡང་སྔགས་དང་དམིགས་བརྩེ་མས་དཀྲི། དེང་ནས་བརྩམས་ཏེ་སོགས་སྨོན་ལམ་གྱིས་མཐའ་བརྒྱན་ཅིང་། ཐུན་མཚམས་ཀྱི་སྐབས་སུ་ཟས་གོས་སོགས་སྙིང་གའི་བླ་མ་དང་རང་སེམས་དབྱེར་མེད་ལ་ཕུལ་བ་སོགས་བློ་དང་འཚམས་པར་སྤྱད། འདི་ལ་ཐུན་བཞི་སོགས་ཆིག་དྲིལ་དུ་བྱེད་ན། དང་པོ་གསུམ་གྱི་ཚེ་རང་འདྲ་གཉིས་པ་རེ་ཆད་ནས་ཐིམ་པའི་དམིགས་པ་བྱེད། དེའི་ཚེ་སྙིང་གི་པདྨ་བུམ་སྐུའི་ཁ་ལྷོད་ཀྱིས་གྲོལ་ནས་སྔར་ཡོད་ལ་ཐིམ། སླར་ཁ་བསྡུ། རྗེས་མ་རྣམས་ལ་ཡན་ལག་


JKT004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་སོགས་ཐུན་དང་པོ་ལྟར་དགོས། གསར་དུ་སྤྱན་དྲངས་པ་རྣམས་སྔར་ཡོད་ལ་བསྟིམ། ལས་ཚོགས་བཅུ་གཅིག་སོགས་སྒྲུབ་པ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་ལྔའམ་གསུམ་དང་མ་མཐའ་ཡང་འབུམ་ཕྲག་གཅིག་དགོས་ཀྱང་། ཤེས་རབ་དང་ཚེ་སྒྲུབ་པ་སོགས་གྱི་དམིགས་པ་དང་པོ་ནས་བྱས་ན་ཆོག །སྤྱིར་ཤེས་རབ་ལ། ཕྱག་གི་གླེགས་བམ་དབུ་ཕར་སོགས་གང་འདོད་ཡི་གེའི་རང་སྒྲ་སྒྲོགས་པ་འོད་ཟེར་གྱི་རང་བཞིན་དུ་གསལ་བཏབ། ཚེ་སྒྲུབ་ལ་གཡས་ཆོས་འཆད། གཡོན་མཉམ་བཞག་ཚེ་བུམ། དེ་ལས་བདུད་རྩི་བབས། སྤྱི་བོ་ནས་ཞུགས། ཚེའི་བར་ཆད་དང་། །འཆི་མེད་ཐོབ་པར་བསམ། བུམ་ནང་དུ་ཟླ་བ་ལ་སྔགས་ཕྲེང་བཀོད་དེ་ཚེ་གཟུངས་དང་དམིགས་བརྩེ་མ་སྤེལ་ནས་བཟླ། ནོར་སྒྲུབ་ལ་གཡས་མཆོག་སྦྱིན། གཡོན་མཉམ་བཞག་རིན་ཆེན། དེ་ལས་འདོད་དགུའི་ཆར་འབེབས་པ། མངོན་སྤྱོད་ལ་སྐུ་ལས་མེ་དཔུང་སྤྲོས་པས་བསྲེགས་པ་དང་། ཁྲོ་བོ་སྤྲོ་བ་སོགས་བྱ། སྐུ་ལུས་སྤྲོས་པའི་རྡོ་རྗེའི་མེ་རེ་ཁཱ་ཕྲ་མོ་སྤྲོས་ཏེ་ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲུང་། མདོར་ན། ཞི་བ་དཀར་པོ་པད་དཀར་འཛིན། སོགས་རྒྱས་སེར་རལ་གྲི་གླེགས་བམ་དང་། སོགས། དབང་དམར་ཚེ་བུམ་དམར་པོ་དང་། སོགས་འཇམ་དབྱངས་ཆོས་སྐོར་ལས་འབྱུང་བའི་མན་ངག་རྣམས་ཀྱང་འདིར་བྱའོ། །ཤུབྷཾ།། ༈ །།གཉན་སར་


JKT004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གནས་བརྟགས་ལ་འགྲོ་ངེས་པ་དང་གསང་ཞིང་གཞན་ལ་ཁ་འཕངས་ཏེ་འགྲོ། སྐྱབས་འགྲོ་སེམས་བསྐྱེད་བླ་མ་ལ་གསོལ་བ་དྲག་ཏུ་གདབ། ལམ་དུ་ཞུགས་དུས་རང་གི་འོད་ཟེར་གྱིས་གཉན་སའི་ལྷ་འདྲེ་རྒྱལ་བློན་འབངས་ཅད་རྩ་ལག་བཅས་བསྡུས་ནས་རང་ལ་བསྟིམ། འདུག་སར་སླེབ་པ་དང་རང་ཉིད་གཉན་སར་བསྟིམས་ལ་དབྱེར་མེད་དུ་བཞག་གོ །གཉན་ཐོག་གཉན་དབབ། མེ་བཙའ་ཨ་ན་ཚུགས་སུ་བཞག །གཉན་སའི་དབྱིབས་རྫས་དང་། གཟུགས་དང་། མ་ངེས་པ་དང་། འཆོལ་བའོ། །འཁོར་ལོའམ་དཔལ་བེའུའི་ལྟེ་བ། གདུགས་དང་རྒྱལ་མཚན་གྱི་ཏོག །གཅན་གཟན་ཁ་སྡེར། འདབ་ཆགས་སྙིང་། །དུད་འགྲོའི་རྭ། གཞན་གཙུག་དང་རྐེད་པ། ལྷ་ཁང་སྟོང་པའི་སྒོ། མཆོད་རྟེན་དྲུང་། ལམ་སྲང་མདོ། རི་རྩེ་གཅིག་རྩེ་མོ། གཉིས་པའི་སྒང་། རྒྱུད་རིང་བའི་འབུར་བ། རི་ངོས་འབུར་བའི་སྐམ། སྐམ་གྱི་འབུར་འབོ། །ལུང་མདོ། ཐང་དཀྱིལ། ཤིང་རྩ། རི་སུལ། ནགས་ཚལ་མཐུག་པའི་སྲབ། སྲབ་པའི་མཐུག རྩུབ་པའི་སྲབ། སྲབ་པའི་རྩུབ། ན་བ་དང་མཚོ་སྟོད། ཆུ་ཆེན་འགྲམ། ཆུ་དམར་འདུས་མདོ། ཟླ་གམ་སྟེ། ཟླུམ་པའི་ཁུག །འཁྱོགས་པའི་ཁུག །ཆུ་མིག་མགོ་གཅིག་འོག །མགོ་མང་འདུས་སོ། །ཕ་བོང་དང་བྲག་སྟེང་། ཤིང་གི་ཡལ་ག་བཅད་ལ་ཞབས་སུ་བཏིང་། གངས་རི་བརྡལ་


JKT004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྩེར་བསྡད་དམིགས། གཉན་དམིགས་མང་ན་ཤིང་ས་རྡེའུ་བླངས་ལ་ཞབས་སུ་གཞུག །ས་དམིགས་མ་སྙེད་ན་གཅེར་བུ་ཌཱ་དྲིལ་དཀྲོལ་གར་སྟབས་བྱས་པས་སྐྱི་གཟིངས་ཉམས་དགའ་བྱུང་སར་བསྡད། ཟབ་གཏིབ་ཕྱམ་གཤའ་ཆུ་སྣ་དགྲ་དེ་རྣམས་སྤངས། གཉན་དམིགས་སྙེད་ནས་སྦྲ་གུར་མལ་ས་བྱས་ལ་མ་ཆོད་བར་དུ་མི་སྤྲོ། ངག་ཏུ། འཁོར་བ་མ་སྟོང་གི་བར་འདིར་འདུག་གི་གཞན་དུ་མི་འགྲོ། བརྗོད། དེས་མགོ་བསྐོར་མི་འོང་། ཕྱོགས་བཞིར་ཐོ་བཞི་ཡུམ་ཆེན་བཞིར་བསྒོམ། དེས་མནན་བྲོས་དབང་མེད་པར་བསམ། དེ་ནས་བླ་མའི་རྣལ་འབྱོར་བསྒོམ་རྗེས། སྟོང་པའི་ངང་ལས་རང་ཉིད་ཡུམ་ཆེན་མོ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཕྱག་གཡས་གྲི་གུག་ནམ་མཁའ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊཾ་ག་ཡོད་པ། རུས་པའི་རྒྱན་ལྔ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་བ། ཞབས་གཉིས་གར་སྟབས་ཁྱུག་ཁྱུག་བྱེད་པ། ཤིན་ཏུ་འཇིགས་སུ་རུང་བ་གཅིག་བསྒོམ། ངག་ཏུ་ཨཱརིང་པོ་བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད། ཡིད་ཀྱི་ཕོ་ཉ་ཕྱག་རྒྱ་བཞི་འཛིན་པ་གྲངས་མེད་སྤྲོས་ནས་སྤྱིར་སྟོང་གསུམ། སྒོས་འཛམ་བུ་གླིང་། ཁྱད་པར་གཉན་སའི་ལྷ་འདྲེ་རྩད་


JKT004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཐམས་ཅད་རང་དབང་མེད་པར་བཀུག་ནས་བསྒོམ་པའི་ས་གཞི་ལ་བསྟིམ་ནས་རང་གི་ལུས་ཆེན་པོར་གྱུར་ནས་མནན་པར་བསམས་ལ་ཉལ་ལོ། །ཞག་གསུམ་དེ་ལྟར་བྱས་པས་ཚར་ཚད་མྱུར་བའི་དགོས་ཊྛ པ་ཡོད་དོ། །རབ་ཀྱིས་གཉིས་མེད་དོན་ལ་བཞག །འབྲིང་གིས་དེ་ལ་གཏད་དེ་བསྒོམ། །ཐ་མལ་ཕུང་པོ་གཟན་དུ་བསྒྱུར། དབང་པོ་ཐ་མས་ཆོ་འཕྲུལ་འཇིགས་སྐྲག་བྱུང་བ་ན་ལུས་སེམས་ཕྲལ་ལ། སེམས་དངོས་མེད་ནམ་མཁའ་དང་འདྲ་བས། འདྲེ་ཁྱོད་བས་དུས་གསུམ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བས་འཇིགས་པའི་ཡུལ་དུ་མ་གྲུབ་པས། ལུས་བེམ་པོ་ས་རྡོ་དང་འདྲ་བ་འདི་ལ་འཇིགས་པའི་རྒྱུ་མེད་པས། དེས་ནི་བདག་ཏུ་མི་བཟུང་། མི་མ་ཡིན་ཁྱེད་རྣམས་ལ་ཅི་དགའ་བ་ཁྱེར་ཅིག །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ། བཀའ་ལྷ་མ་སྲིད་སྡེ་བརྒྱད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། དྲེགས་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། །མོ་གདོན་འདྲེ་མོ། ཀླུ་གདོན་ཐེའུ་རང་། གཟའ་བདུད་རྒྱལ་པོ་རཱ་ཧུ་ལ། ཡུམ་གདོང་མོ་བཞི། ཀླུ་བདུད་རྒྱལ་པོ་ཉ་ནག་མདོང་། མཆེད་རིགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ས་དང་ནམ་མཁའ་བར་སྣང་ལ་གནས་ཤིང་རྒྱུ་བའི་བགེགས་ཐམས་ཅད་ལ་འབུལ་ལོ། །སྒོས་བདག་ཅག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་


JKT004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བར་བྱེད་པའི་ལོག་འདྲེན་ཐམས་ཅད་ལ་འབུལ་གྱི། ཤ་ལ་དགའ་བས་ཤ་ཟོ། ཁྲག་ལ་དགའ་བས་ཁྲག་འཐུང་། རུས་ལ་དགའ་བས་རུས་པ་མུར། ཏིལ་འབྲུ་ཙམ་ཡང་མ་ལུས་པར་མཛོད་ཅིག ། ཅེས་ངག་ཏུ་བརྗོད་ལ་ཡིད་ཀྱིས་བསམ་མོ། །སེམས་ཀྱི་རེ་དོགས་འཁྲི་བ་མ་ཆོད་ཀྱི་བར་ནན་ཏན་དུ་བྱའོ།། ༈ །།ལྷ་འདྲེ་འཇིང་ཆེ་ནས་སློང་མ་ཐུབ་པ་ལ་མཐའ་གཏད་བྱ་སྟེ། ཕྱི་ཡི་མཐའ་གཏད་དུས་སུ་ཆོ་འཕྲུལ་མ་བྱུང་ན། །ཡིད་ཀྱིས་རི་ཡི་རྩེ་ནས་བསྙིལ་པ། བྲག་བཤིག་པ། ཤིང་གཅོད་པ། མཚོ་དཀྲུག་པ། ཆུ་མིག་ཁ་གཏིང་བཟློག་པ། ན་བཀྲལ་བ། ས་བརྐོ་བ། ཟབ་གཏིང་བ་སོགས་གཉེན་ས་དེར་འོས་པའི་བརྟུལ་ཞུགས་བྱས་པར་བསྒོམ། དེས་ཀྱང་མ་སློང་ན་དངོས་སུ་མི་རྟག་ཙམ་གྱི་བརྟུལ་ཞུགས་སྤྱོད་པ་ཕྲན་ཚེགས་བྱའོ། །དེས་ཀྱང་མ་སློང་ན་ལུས་གཅེར་བུར་གོང་གི་ཏིང་ངེ་འཛིན་གྱི་སྤྱོད་པ་དངོས་སུ་བྱ། དབྱིངས་རིག་བསྲེ་ལ་བདག་འཛིན་མེད་པར་ངར་གདགས། །ཤེས་པ་ཧུར་ཕྱུང་། གང་ལའང་ཉམ་ང་བག་ཚ་མེད་པར་མི་ཕོད་ཐོག་རྩིས་བྱའོ།། ༈ །།ནང་གི་མཐའ་གཏད་ནི་གཉེན་ཆེན་མཐའ་ལ་གཏད་པ་སྟེ། །གཉན་ནི་ང་དང་བདག་ཏུ་འཛིན་པས་གཉན། །མཐའ་ནི་དེ་ཡི་རང་བཞིན་སྟོང་པ་ཉིད། །གཏད་ནི་དེའི་ངང་ལ་བཞག་པའོ།། ༈ །།གསང་བའི་མཐའ་གཏད་བེམ་རིག་ཕྲལ་ལ་ལུས་ཚོགས་བྱ།


JKT004_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ངོ་བོ་རིགས་ལྔའི་ཌ་དྲིལ་རུས་རྒྱན་ཅན་དཔག་མེད་ནམ་མཁའ་ས་གཞི་གང་བས་གར་སྟབས་ཀྱིས་རི་བྲག་ཁོང་སེང་ཐམས་ཅད་ཕཊ་སྒྲས་གཡེང་ནས་རང་དབང་མེད་པར་སློང་བར་བསམ། རྗེས་ཐམས་ཅད་གཉིས་མེད་ངང་ལ་མཉམ་པར་བཞག ༈ །ནད་པའམ་གདོན་ཆེན་ཅན་ལ་མཐའ་གཏད་ནི། ཆོ་འཕྲུལ་དྲག་པོ་འོང་བའི་སྒང་ལ་མཐའ་གཏད་བྱ། གཅེར་པུར་ཕུད་ལ་རེ་དོགས་གཟུང་འཛིན་བློས་བཏང་ལ། ངག་ཏུ། གཟའ་བདུད་རྒྱལ་པོ་རཱ་ཧུ་ལ། ཀླུ་བདུད་ཀྱི་རྒྱལ་པོ་ཉ་ནག་མདོང་། གཞན་ཡང་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་མ་ལྷ་སྲིན་སྡེ་བརྒྱད་དམག་དཔུང་དང་བཅས་པ། ཁྱད་པར་དུ་ཡང་གཉན་ས་འདིར་གནས་པའི་ལྷ་འདྲེ་རྒྱལ་བློན་འབངས་གསུམ་དུ་གཏོགས་པ་ཐམས་ཅད་ཉོན་ཅིག །བདག་རྣལ་འབྱོར་པས་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་བསྒོམ། རིག་པ་བྱང་ཆུབ་ཀྱི་སེམས་ཀྱིས་རྩལ་སྦྱོང་། ང་བདག་གཉིས་འཛིན་གྱི་གཞི་རྩ་གཅོད། ལུས་བེམ་པོ་སྦྱིན་པར་བཏང་། མ་རིག་པའི་ལྷ་འདྲེའི་འཁྲུལ་པ་བསལ། དམ་པ་ཆོས་ཀྱི་འབྲེལ་པ་འཇོག །ཐེག་པ་ཆེན་པོའི་ལམ་ལ་བཀོད། མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་བཞག་པའི་ཆེད་དུ་གནས་འདིར་འོང་བ་ཡིན་པས། །ཆེ་གེ་མོ་ལ་སོགས་པ་བདག་ཅག་རྣམས་ཀྱི་ཕུང་པོ་ལུས་གདོན་དང་བཅས་པ་ཁྱེད་རྣམས་ལ་གཏད་པས་ད་ལྟ་ཉིད་དུ་ལོངས་ཤིག །


JKT004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡི་རྩེ་མོ་མན་ཆད། རྐང་པའི་མཐིལ་ཡན་ཆད། ཕྱི་ཤ་ནང་ཁྲོལ། སྐྲ་དང་བ་སྤུ་ཚུན་ཆད་ཏིལ་འབྲུ་ཙམ་ཡང་མ་ལུས་པར་ཁྱེར་ཅིག །ཁྱེར་མ་ནུས་ན་ཁྱེད་རྣམས་ཞན། སྟེར་མ་ནུས་ན་རྣལ་འབྱོར་པ་ཞན། ཁྱེད་རྣམས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་དང་དམ་ལ་མ་འདའ་ཞིག །མཁའ་འགྲོའི་ཚོགས་དང་ལྷ་འདྲེ་ལ་དམར་འགྱེད་དྲག་ཏུ་བྱའོ། །རྗེས་ལྷ་འདྲེས་གཙོར་བྱས་སེམས་ཅན་ཐམས་ཅད་ལ་བསྔོ་སྨོན་རྒྱ་ཆེན་བྱའོ། །སྐག་ན་སྐྲག་ཐོག །ཡ་ང་ན་ང་ཐོག །སྐྱུག་བྲོ་ན་བྲོ་ཐོག་སྐྱུག །སྙེམས་གང་ལ་ཞུགས་པ་ན་དེར་ཕར་བསྲེ་ལ་བསྒོམ། འགོས་ནད་ལྟ་བུ་ལའང་དེ་ལ་ལུས་ངག་ཡིད་གསུམ་བསྲེ། དེ་ལྟ་བུའི་མི་འདོད་པ་གང་བྱུང་ཡང་དེ་ལྟར་བྱའོ། །ཚར་ཚད་རྫོགས་འཕྲལ་ཕྱི་རོལ་ཐོག་སེར་བྱུང་ན་དྲག་ཏུ་མི་གཅུན། གཅུན་ན་ལྡོག་པས་མི་ལྡོག་སྒོ་གཏན་ཉམས་སུ་བླང་།། ༈ །།མི་ལྡོག་སྒོ་གཏན་ལྟ་བུ་ནི། སྐྲག་ཅིང་སྤངས་ཀྱང་མི་བྲོས་སོ། །ཆོ་འཕྲུལ་འཇིག་སྐྲག་སྔངས་གསུམ་ཅི་བྱུང་ཡང་། །འཕྲལ་འཕྲིག་སྙེམ་ཚོལ་མེད་པར་ཉལ་ལ་སྡད། །ངག་ཏུ། ཆོ་འཕྲུལ་གདུག་རྩུབ་མི་བཟད་པ་ཆེན་པོ་ཉིན་མཚན་མེད་པར་ཤོག་ཅིག །བདག་གི་ཕུང་པོ་རྣམ་རྟོག་བདག་འཛིན་དང་བཅས་པ་ད་ལྟ་ཉིད་དུ་ཐལ་བར་གྱིས་ཤིག །ཆོ་འཕྲུལ་མ་བྱུང་ན་ཁྱོད་ཞེན་ནོ། །སྡོད་མ་ནུས་ན་ཁོ་བོའི་སྐྱོན་ཡིན་པས་བྱང་ཆུབ་མ་


JKT004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཀྱི་བར་དུ་མི་འགྲོའོ། །ངག་ཏུ་བརྗོད་ཅིང་ཡིད་ཀྱིས་བསམ་མོ། །ཚར་ཚད་རྫོགས་ཀྱང་དམིགས་པ་གློད་ལ་ཞག་གྲངས་ཅི་རིགས་པར་བསྡད། དེ་ནས་སྤོ་དུས་སྲོག་སྙིང་གཏའ་མར་བཟུང་ལ་སྦྲུལ་ཆིང་བྱའོ།། ༈ །།ཆོ་འཕྲུལ་ལ་གསུམ། རབ་མངོན་སུམ། འབྲིང་གཟི་བྱིན། ཐ་མ་རྨི་ལམ། རྒྱུན་དུ་རྨི་བའི་རྨི་ལམ་ནི་བག་ཆགས་དང་ལུས་གདོན་རྨི་ལྟས་ནི་ཆོ་འཕྲུལ་ཡིན་གྱི་སློབ་དཔོན་ནི། གཞན་ལས་གནས་གདོན་ལུས་གདོན་གཉིས་ཀ་གཟེངས་ན་སྔར་མེད་པའི་ཆོ་འཕྲུལ་འོང་བ་སློང་ཚད་དོ། །གཉན་སའི་ཆོ་འཕྲུལ་ལས་ལུས་གདོན་ཆོ་འཕྲུལ་མ་བྱུང་ན་བོགས་ཆེ། སྲོད་གཉན་ས། ཐོ་རེངས་ལུས་གདོན་ཆོ་འཕྲུལ་གཉན་ས་འབྲིང་། ལུས་གདོན་ལས་གཉན་སའི་ཆོ་འཕྲུལ་མ་བྱུང་ན་གཉན་ས་ཆུང་བས་འཇམ་ཆོས་བྱ།། ༈ །།ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ། ནང་སློང་ལུས་ཀྱི་ན་ཚ། གསང་སློང་སེམས་ཀྱི་ཟུག་རྔུ་ངོས་ཟིན་པར་བྱ་བ་ལམ་ཁྱེར་བྱ། དེ་དག་གི་སྐབས་སུ་རྫི་གྲིབ་ཆོ་འཕྲུལ་རྣམས་འབྱུང་སྟེ། རྫི་སེམས་ལ་འབྱུང་། གྲིབ་ལུས་ངག །ཆོ་འཕྲུལ་ཕྱི་རོལ་ཡུལ་ལ་འབྱུང་བའོ།། ༈ །།གདོན་ལ་གསུམ། ཉོན་མོངས་པ་ལ་གསུམ། དཀར་ཕྱོགས་ལ་གསུམ།། ༈ །།ཕོ་གདོན་ཞེ་སྡང་ལས་བྱུང་བའི་ལུས་ངག་སེམས་ལའོ། །དེ་བཞིན་མོ་གདོན་འདོད་ཆགས། ལྷ་གདོན་ལ་གཏི་མུག །ཀླུ་གདོན་ལ་གཏི་མུག་དང་ཁྱད་པར་དུག་


JKT004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་འབྱུང་།། ༈ །།ཉོན་མོངས་པ་ལ་གཅོད་པ་སྔ་མས་ཡུལ་ལ་བརྟེན་ནས་དུག་གསུམ་ལམ་དུ་མ་སློང་ནས་དེའི་གྲིབ་གནས་ལ་ཕོག་པས་གཅོད་པ་ཕྱི་མ་དེའི་རྫི་གྲིབ་ཆོ་འཕྲུལ་འབྱུང་། དུག་གསུམ་ལུས་ངག་ཤེད་ཤིན་ཏུ་ཆེ་བ་འབྱུང་།། ༈ །།དཀར་ཕྱོགས་གཅོད་པ་སྔ་མའི་ལུས་ངག་ཡིད་ཀྱི་དགེ་སྦྱོར་ཟག་བཅས་སོང་བ་ལ་དེ་ལྟ་བུའི་རྫི་གྲིབ་ཆོ་འཕྲུལ་འབྱུང་། དེ་རྣམས་ཤིན་ཏུ་ངོས་ཟིན་པར་བྱས་ལ་དེ་དག་གི་དབང་དུ་མ་སོང་བར་བྱ།། ༈ །།ཚར་ཚད་ལ་ཐུན་མོང་དང་ཁྱད་པར་མཆོག་གསུམ། ཐུན་མོང་ལ་དངོས་གྲུབ་ནད་དང་གདོན་གསུམ། དང་པོ་ཟས་ནོར་ལོངས་སྤྱོད་སྟེར། གཉིས་པ་རྣག་ཁྲག་གཤང་གཅི་ཐོན། གསུམ་པ་ལ་དྲག་པོ་གཏུམ་པོ་བསད་དང་ལུས་ལས་ཐོབ།། ༈ །།ཆོ་འཕྲུལ་འདྲ་བའི་ཚར་ཚད་མཛོ་གཡག་གིས་བརྡུང་། གཅན་གཟན་གྱིས་ཟོས་དང་ཁྱེར་བ། དམག་བརྒྱབ། མཚོན་ཕོག་ཤུལ་རྨ་དང་ཁྲག་འབྱུང་བའོ།། ༈ །།ཚར་ཚད་འདྲ་བའི་ཆོ་འཕུལ་ནི། མཚོན་བརྒྱ་པ་རྨ་མེད། ཁྲབ། འབྲུ་ནག་ཤ་ཁྲག་བུ་རམ་ཚྭ་བཙོད་འབུལ་བ། མེ་ཏོག་དམར་པོ་ཐུ་བ་གོས་དམར་གྱོན་པའོ།། ༈ །།འཁོར་ལོའི་རིགས་བསྐོར་བ་མགོ་འཁོར་བརྟགས་སོ།། ༈ །།ཁྱད་པར་ལ་དབང་འདུས། དམ་ཐོག །སྒྲིབ་དག་གསུམ། དབང་འདུས་འགྲོ་བ་དབང་དུ་འདུས་པས་དགའ་བྲོད་བདུད་ལ་ཟིན་བྱ། དམ་ཐོག་ཆོས་


JKT004_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ཕྱག་བསྐོར་བྱེད། སྒྲིབ་དག་གྱེན་སྐས་འཛེགས། མཁར་འཕུར། ཁྲུས་གོས་དཀར་ནམ་ལངས་ཉི་ཟླ་ཤར་བ། མཆོད་རྟེན་བསྐོར། དར་ཕྱར་དུང་འབུད་མེ་ཏོག་དཀར་སེར་འཐུ། རང་གི་རོ་བསྲེག་པ། །རུས་པ་དཀར་སིལ་སོང་བ།། ༈ །།མཆོག་ལ་མངོན་སུམ། གཟི་བྱིན། རྨི་ལམ་གསུམ། མངོན་སུམ་ཆོ་འཕྲུལ་བྱུང་མ་ཐག་ལུས་རྣལ་ཕེབས་དགེ་སྦྱོར་སྟེང་དུ་འཕེལ་བའོ། །རྨི་ལམ་ཆོ་འཕྲུལ་རྨི་ལམ་ཟིན་ནས་ཏིང་ངེ་འཛིན་ངང་དུ་སོང་བ་ཡིན་ཀྱང་གཞན་ལ་གསང་། སྟོང་རྟགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་རོ། ༈ །།སྲིད་པའི་འདྲེ་དགུ་ནི། ནག་རྩིས་ཀྱི་གཏོ་བཅོས་སྐབས། མི་ལ། བསེ་རག །འགོང་པོ། གྲི་བོ། གོད་འདྲེ། ནད་འདྲེ། དམུག་འདྲེ། ཐེའུ་རང་། མི་ཁ་དང་དགུ་ཡིན་པར་བཤད་ཅིང་། སྲིད་པའི་འདྲེ་དགུ་སྐྱས་འདེབས་ཞེས་གསུངས།། ༈ །།གཙུག་ལག་གི་གདོན་བཅུ་ཤིན་ཏུ་གསལ་བར་བཤད་པའི་ཁུངས་མ་མཐོང་ཡང་། ནག་རྩིས་ཀྱི་གཏོ་བཅོས། སྣང་སྲིད་སིལ་བུའི་གཏོ་ཕྲན་ཞིག་ཏུ། །གཙུག་ལག་ཁང་གི་ཕུང་བྱེད་གདོན། །བཤིག་བྱེད་འཕུང་བྱེད་ཤི་བའི་འདྲེ། །ད་ངན་པར་བྱེད། །དབུལ་བྱེད་རྨོངས་བྱེད་མཐར་བྱེད་པ། །ལོག་པར་བྱེད་པའི་འདྲེ་གདོན་རྣམས། ཞེས་ས་བྱེད་མཐར་བྱེད་པ། །ལོག་པར་བྱེད་པའི་འདྲེ་གདོན་རྣམས། ཞེས་གསུངས་པ་ལྟར། གཙུག་ལག་ཁང་བཤིག་པར་བྱེད་པའི་གདོན། །ཡུལ་འདྲེ། །


JKT004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་མཁན་ཐམས་ཅད་འཕུང་བར་བྱེད་པའི་གདོན། །དུར་སྲི། དེའི་མི་ཐམས་ཅད་ཤི་བར་བྱེད་པའི་གདོན། །ཤི་འདྲེ། ཁང་པ་དེ་སྟོང་པར་བྱེད་པའི་གདོན། །འགོང་འདྲེ། དེར་འཁོད་ཐམས་ཅད་འཇིགས་པ་ཆེན་པོ་བསྐྱེད་པའི་གདོན། །བགེགས་རྒྱལ། སྐྱེ་བོ་ཐམས་ཅད་མི་རྒྱུ་ངན་པར་བྱེད་པའི་གདོན། །བཙོགས་འདྲེ། ཐམས་ཅད་དབུལ་པོ་རྐྱང་པར་བྱེད་པའི་གདོན། །དབུལ་འདྲེ། མི་ཐམས་ཅད་རྨོངས་པར་བྱེད་པའི་གདོན། །རྨོངས་འདྲེ། མཐའ་རྗེས་བུད་མེད་ཀྱིས་གཟུང་བར་བྱེད་པའི་གདོན། །སྒབ་སྲི། དེར་སྐྱེས་པའི་མི་ཐམས་ཅད་ལོག་པ་མི་དགེ་བ་ཁོ་ན་ལ་གཞོལ་བར་བྱེད་པའི་གདོན་ཏེ། དམ་སྲི། དེ་ལྟར་ཁང་ཆེན་གཙུག་ལག་གི་བདག་པོ་བྱེད་མཁན་ལ། མི་ཤིས་པར་བྱེད་པའི་གདོན་བཅུ་ཨེ་ཡིན་སྙམ།། ༈ །།མགུར་ལྷ་བཅུ་གསུམ་ཞེས་པ། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་ཐམས་ཅད་ཀྱིས་མགུར་དུ་མཆོད་ཅིང་བསྟེན་པའི་གཞི་བདག་སྟེ། གཉེན་ཐང་ལྷ། ཡར་ལྷ་ཤམ་པོ། དགྲ་ལྷ་འབྲང་ནམ། སྒྱོགས་ཆེན་གདོང་ར། རྫུ་འཕྲུལ་ཅན་འོད། དགེ་ལྷ་བྱང་རྩེ། ཅོག་ལ་མཚལ་རྩེ། དབྱིབས་ཆེནཎནེ་རིང་གཉེན་པོ།འབྲི་ཆེན་སྡོང་དུར། རྩེ་ལྷ་བྱས་ཡག །སྐུ་ལྷ་མཁའ་རི། བོད་ཀྱིས་དྷུ་དང་བཅུ་གསུམ་དུ་མཁས་པ་ཚེ་དབང་གྲགས་ཀྱིས་ཟིན་ཐོར་བཤད། གཞན་མི་འདྲ་བ་ཡང་ཁ་ཤས་སྣང་།། ༈ །།ལྷ་གཤོག་པ་ཅན་ལ་མཇུག་


JKT004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡོད་པ་ནི། །རད་གླིང་ཕུར་པ་གསང་སྒྲུབ་ལ་མཇུག་མ་ཡོད་པར་བཤད་ཅིང་། ༈ །ལྷ་ཕུར་ཤམ་ཅན་ལ་གཤོག་པ་མེད་པ་ནི། ཕུར་སྒྲུབ་ཐམས་ཅད་ཀྱི་སྲས་མཆོག་ལ་གཤོག་པ་མེད་ཅིང་། ཞལ་གསུམ་ཕྱག་དྲུག་ཅན་གཤོག་པ་མེད་པ་ནི། བཀའ་མའི་ཡང་དག དཔྱད། ས་ཕུར། ཇོ་མོ་ལུགས་ཕུར་པ། རོང་ཟོམ་ལུགས་ཕུར་པ། གཏེར་མ་ཞང་ཁྲམ་གྱི་ཚེ་བདག་ལྕགས་འདྲ། ལྕགས་སྡིག །ཡང་ཟློག ། ཀློང་གསལ་སྙིང་པོའི་ཡེ་ཤེས་རབ་འབར་སོགས་གཤོགས་པ་མེད་པ་མང་པོ་སྣང་། ༈ །ཨེ་ཝཾ་གྱི་དོན་ཚིག་ལེའུ་བྱས་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ཡི་གེ་གཉིས་ཀྱི་སྦྱོར་བ་ནི། །ཐབས་ཤེས་ཟུང་འཇུག་སྟོན་པ་སྟེ། །དེ་སླད་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་ཀུན་གྱི་འབྱུང་གནས་ཆེ། །ཡིན་ཕྱིར་ལྷའི་བུའི་ཞུས་མདོ་ལས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་དག་གི་གྲངས་རྙེད་ཀྱང་། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་དེར་རབ་བསྟན། །ཡི་གེ་ཨེ་ནི་མ་འགྱུར་ལ། །ཝཾ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་གཉིས་སྦྱོར་བ་སྟེ། །སྦྱོར་དང་ཤིན་ཏུ་རྨད་བྱུང་པའོ། །ཞེས་གསུངས་དེ་ཡང་འདི་སྐད་ཅེས། །མདོ་རྣམས་ཀུན་གྱི་གླེང་གཞིར་གསུངས། །རྒྱུ་མཚན་ཨེ་ནི་ཨ་ལི་དང་། །ཝཾ་ནི་ཀཱ་ལིའི་ཡི་གེ་སྟེ། །དེ་འདུས་པ་ལས་མིང་དང་ཚིག །ཚིགས་སུ་བཅད་དང་ལེའུ་ནས། །གླེགས་བམ་བར་དུ་


JKT004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆགས་ཕྱིར། ཁྱད་པར་སྔགས་ལ་བརྗོད་པ་སྒྲས། །བྲིས་པ་གཟུགས་དང་མཚོན་པ་བརྡ། །གནས་ལུགས་དོན་གྱི་ཨེ་ཝཾ་བཞི། །དང་པོ་སྟོང་ཉིད་མཚོན་བྱེད་པར། །ཨེ་ཡི་མིང་གི་རྣམ་གྲངས་གཞན། །ནམ་མཁའ་གསང་ཆེན་པདྨ་སོགས། །བདེ་ཆེན་ཝཾ་གྱི་མངོན་བརྗོད་ཀྱང་། །བདེ་ཆགས་སྙིང་རྗེ་ཐིག་ལེ་སོགས། །དེ་སྐད་དུའང་དུས་འཁོར་ལས། །ཨེ་དང་གསང་ཆེན་ནམ་མཁའི་ཁམས། །བྷ་ག་ཆོས་འབྱུང་ཆུ་སྐྱེས་དང་། །སེངྒེའི་ཁྲིར་བཞུགས་རྡོ་རྗེ་ཅན། །ཝཾ་དང་རྡོར་འཛིན་རྡོ་རྗེ་སེམས། །དུས་ཀྱི་འཁོར་ལོ་ཧེ་རུ་ཀ །རྒྱུད་རྣམས་ཀུན་གྱི་གནས་སུ་གསུངས། ཡུལ་ཅན་དུ་མའི་མིང་རྣམས་དང་། །སེམས་ཅན་དུ་མའི་བསམ་པའོ། །ཞེས་གསུངས་གཉིས་པ་གཟུང་སྒྲུབ་ཕྱིར། །དབུས་སུ་ཨ་ཡིག་གྲི་གུག་དབྱིབས། །ཤར་དུ་ཨེ་ཡིག་དབྱུག་པ་དང་། །ལྷོ་རུ་རི་ཡིག་ཚེགས་དྲག་སྟེ། །ནུབ་ཏུ་ལི་ཡིག་དགྲ་ལྟར་བཏགས། །བྱང་དུ་ཨོ་ཡིག་ཐིག་ལེར་བྲི། །ཨ་ལ་ལི་བྱིན་མགོ་བོར་འགྱུར། །ཨེ་བྱིན་གཡོན་ཕྱོགས་ཨེ་ཉིད་དེ། །མི་བྱིན་ཟླ་ཆོས་ཨོ་བྱིན་པས། །ཀླད་ཀོར་དུ་འགྱུར་སྟོང་ཆེན་གྱི། །ཡི་གེ་ལྔ་འདུས་ཨེ་ཝཾ་གྲུབ། །དེ་སྐད་དུ་ཡང་རྩ་རྒྱུད་ལས། །ཡི་གེ་ཨེ་དབུས་ཡི་གེ་ཝཾ། །སངས་རྒྱས་ཀུན་གྱི་བདེ་བའི་གནས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ནམ་མཁའི་ཁམས་སུ་རྡོ་རྗེ་སེམས། །ཟླ་བ་ས་བོན་ཡི་གེ་ལུས། །ཉི་མ་རྡུལ་


JKT004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚེགས་དྲག་དང་། །སེམས་ཀྱི་རྣམ་པ་ཡི་གེ་ལས། །ཨེ་ཝཾ་ནམ་མཁའི་ཁམས་སུ་གནས། །ཞེས་གསུངས་གསུམ་པ་ཐབས་ཤེས་དང་། རྡོ་རྗེ་དྲིལ་བུ་ཞལ་སྦྱོར་སོགས། །ཆོས་རྣམས་བདེ་སྟོང་མཚོན་བྱེད་པའོ། །བཞི་པ་བདེ་སྟོང་ཟུང་འཇུག་ཕྱི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས། །དེ་ཉིད་རབ་ཏུ་བརྗོད་པ་ཡིན། །རྒྱས་པར་ཀཱ་ལ་ཙཀྲ་དང་། །སྡོམ་འབྱུང་སོགས་ལས་རྟོགས་པར་བྱོས། །མདོར་བསྡུས་འདི་བྲིས་དགེ་བ་ཡིས། །སྣོད་བཅུད་ཐབས་ཤེས་འཁོར་ལོར་དང་། །རླུང་སྔགས་ཨེ་ཝཾ་ཐིག་ལེར་རྫོགས། །བདེ་སྟོང་ཐུགས་སུ་སྨིན་གྱུར་ཅིག །ཅེས་པའང་མཁྱེན་བརྩེའི་དབང་པོས་སོ། །སརྦ་མངྒ་ལཾ། ༈ །།བླ་མ་ས་སྐྱ་པ་ཆེན་པོས། །བསྐྱེད་རིམ་རྟོག་པ་ཡིན་མོད་ཀྱི། །རྟོག་པའི་ངོ་བོ་སེམས་ཡིན་ཏེ། །སེམས་ཀྱི་མཚན་ཉིད་གསལ་རིག་ཉིད། །གསལ་རིག་རང་བཞིན་སྟོང་པ་ཡིན། །སྟོང་པ་གདོད་ནས་ཆོས་ཀྱི་དབྱིངས། །འཁྲུལ་པ་ཆོས་ཀྱི་དབྱིངས་ཉིད་དུ། །ཤེས་པས་རྟོག་པ་ཐམས་ཅད་ཀྱང་། །ཇི་ལྟར་བསྒོམས་ཀྱང་མི་རྟོག་ཉིད། །བཙལ་ཡང་འཁྲུལ་པ་ག་ལ་སྲིད། །ཅེས་དང་། དེ་ལྟར་ཆོས་ཀྱི་དབྱིངས་གོ་ན། །མཚན་བཅས་དགེ་སྦྱོར་མི་སྲིད་དེ། །དེ་ཡིས་བསྐྱེད་རིམ་བསྒོམས་ན་ཡང་། །མཚན་མ་མེད་པའི་དགེ་སྦྱོར་ཡིན། །ཅེས་སོ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། འདིར་འབྲལ་སྤང་མའི་རྟེན་བཞེངས་ཚུལ་ལ། ཐུགས་རྟེན་རྣམ་


JKT004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལྟ་བུ་ཕྱག་ཚད་དང་ལྡན་པ་སོར་བརྒྱད་པའི་ནང་དུ། སངས་རྒྱས་ཀྱི་འཕེལ་གདུང་འཁྲུལ་མེད། སྡོམ་པ་གསུམ་གྱི་བླ་མ་བརྒྱུད་པའི་མཚན་སྔགས། རྡོ་རྗེ་སློབ་དཔོན་གོང་མ་ཞི་བར་གཤེགས་པ་མཚན་ཉིད་དང་ལྡན་པའི་གདུང་རུས་སཱཙྪར་བསྒྲུབས་པ་དང་། དབུ་ལོ། ཕྱག་སེན་བཅས། ཁྱད་པར་གསུང་རྟེན་རྒྱུད་སྡེ་བཞིའི་རིགས་གཙོ་བསྡུས་ཀྱི་སྔགས་དང་། སྡེ་སྣོད་དང་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ཡེ་དྷརྨ་དང་། ཐུབ་པའི་སྔོན་གྱི་གསོ་སྦྱོང་། སྡིག་པ་ཅི་ཡང་མི་བྱ་ཞིང་། སོགས་མཐིང་ཤོག་ལ་གསེར་གྱིས་བྲིས་པ། གདན་ཁྲིའི་མཚམས་སུ་ཆོས་སྲུང་ནོར་ལྷ་སྤྱིའི་སྙིང་པོ་དང་། བཀྲ་ཤིས་དང་འདོད་གསོལ་བློ་ཀ་གང་རིགས་བཅུག །བུམ་སྒོར་སྐུ་རྟེན་སྟོན་པའི་སྐུ་ཆུང་དུ་ཕྱག་ཚད་དང་ལྡན་པ་ཞིག་གི་མཛོད་སྤུར་རིང་བསྲེལ་གྱི་ཕྲས་བཏབ་པ་ཞིག་བཞག་སྟེ། དེ་ལྟར་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྟེན་དེ་ཉིད་ཟག་པ་ཆེ་ཆུང་འདོར་སྐབས་མ་གཏོགས་ལུས་ལ་བཅངས་ཤིང་བླ་མ་མཆོད་པ་དང་། སེམས་བསྐྱེད། གསོ་སྦྱོང་སོགས་ཀྱི་རྟེན་ཐམས་ཅད་འདིས་རུང་བས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །ཞེས་རབ་འབྱམས་སྨྲ་བ་སུམ་ཏིའི་གསུང་རྒྱུན་ལྟར་བྲིས་པའོ།། ༈ །།མཎྜལ་འབུལ་བའི་འབྲུ་ལ་རླན་ཡོད་པ་གལ་ཆེ་སྟེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡིན། རྡུལ་ཕྱི་བ་ཡང་དག་པའི་ལྟ་


JKT004_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱེ་བའི་རྟེན་འབྲེལ། མགྲོན་བུ་བསྲེ་བ་སྔགས་ཀྱི་སྐབས་ཞིང་སྔགས་ལྷན་སྐྱེས་ཀྱི་མཁའ་འགྲོ་འདུ་བའི་རྟེན་འབྲེལ་ཏེ། བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་ཉེར་ལེན་ནོ། །མདའ་རྒྱུ་དམར་པོ་བསྲེ་བ་ཤེས་རབ་ཆེ་བའི་རྟེན་འབྲེལ་དུ་བཞེད་གསུངས་སོ།། ༈ །།ཆོས་གྲྭར་ཚོགས་པའི་ཚེ། མཆིལ་ལྷམ་ཕུད། རྐང་པ་བཀྲུ། ཁ་བཤལ། ཤིན་ཏུ་གུས་པས་ཡན་ལག་སྨད་ལྔ་ས་ལ་རེག་པའི་ཕྱག་གསུམ་དལ་བུར་བྱ། དེ་ནས་བསླབ་གྲལ་དང་མཐུན་པར་རང་གི་གདིང་བ་བཏིང་། ཆོས་གོས་ཡོད་ན་བཞེས། མེད་ན་གཟན་ཕབས་ཏེ་སྡོད། བླ་མ་ལ་གདོང་ཕྱོགས་པས་པུས་མོ་བཙུགས། ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་མཎྜལ་སོགས་ལ་འཇུག་པ་སྟེ། འདི་དག་གི་རྣམ་བཞག་ཞིབ་པར་བླ་མ་ལྔ་བཅུ་པ་རྩ་འགྲེལ་སོགས་ལས་ཤེས་པར་བྱ་བ་གལ་ཆེའོ།། ༈ །།བཙན་དྲྭས་ར། སྒོ་སྟེང་དུ་ཚུལ་ཤིང་། གཡས་གཡོན་དུ་རྒྱལ་ཆེན་བཞི་དང་། སོ་སོར་ཁ་བྱང་ཚིག་རིང་བི་བརྟ་བཅས། གཡས་སྒོའི་ལྟག་ཏུ་གནོད་སྦྱིན་དང་། དེའི་གཤམ་འབྱུང་པོ་གང་དག་སོགས་ཚིགས་བཅད་སུམ་བིད། སྒོ་སྟེང་དུ་རྟེན་འབྲེལ་བཅུ་གཉིས་འགགས་ཚུལ་ཚིག་ལྷུག་དང་། ཆོས་རྣམས་གང་དག་སོགས་ཚིགས་བཅད། གཡས་སྒོའི་འོག་ཏུ་སྲིད་པ་འཁོར་ལོ་ཆ་ལྔ་པའི་སྟེང་གི་གཡས་གཡོན་དུ་ཐུབ་དབང་འཁོར་ལོ་དཀར་པོ་རྩིབས་བརྒྱད། གཤམ་དུ། བརྩམ་པར་བྱ་


JKT004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སོགས་སུམ་བིད། གཡོན་སྒོའི་སྟེང་དུ་བཀྲ་ཤིས་གང་ཞིག་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་སོགས་ཚིགས་བཅད། ལྟག་ཏུ་གནོད་སྦྱིན་ལག་ན་གཞོང་ཐོགས་དང་། འོག་ཏུ་སྣོད་བཅུད་ཆགས་ཚུལ། ཞལ་ནང་ལྟའི་གཡས་སུ་ཆེད་བརྗོད་ཚིགས་བཅད་དང་། གཡོན་དུ་ཚིག་ལྷུག་པ་རྣམས་བྲིའོ། །གོང་སྨོས་ཕལ་ཆེར་འདུལ་བ་གནས་མལ་གྱི་གཞི་ལས་ཇི་ལྟར་འབྱུང་བའི་མཚན་ཉིད་དང་བཀོད་པ་ཕུན་སུམ་ཚོགས་པ་དཔྱོད་ལྡན་ཡོད་ན་འདི་ཁོ་ནས་ཀྱང་དད་པའི་པདྨོ་རྒྱས་པར་སྣང་ངོ་། །འོན་ཀྱང་བླུན་པོ་གསེར་དངུལ་གྱིས་མིག་བྲིད་པ་རྣམས་ཀྱིས་ནི་རྟོག་དཔྱོད་ཙམ་ཡང་ག་ལ་ཡོད།། ༈ །།ས་སྐྱ་པ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ལམ་འབྲས་ཁོག་ཕུབ་ལས་འབྲོག་མིའི་རྣམ་ཐར་དུ། དེ་དུས་བོད་ན་རྙིང་མ་དར་བས་ཇི་ཙམ་དྲིས་ཀྱང་མ་རྙེད་པ་ལ། རྡོ་རྗེ་གདན་གྱི་སྒོ་གོང་ན་རུ་ལུ་འབྲུ་བརྒྱད་པ་ཞིག་བྲིས་འདུག་པ་ཅི་ཡིན་དྲིས་པས་ཤེས་པ་མ་བྱུང་ཞིང་། ཡང་པཎྜི་ཏ་གཅིག་གི་དཔེ་གསེབ་ན་ཡང་ཕུར་གྱི་དུམ་བུ་འདུག་པ་ཁོ་རང་གིས་ཀྱང་མ་ཤེས་པར་འདུག་གསུང་། ཞེས་སྣང་ངོ་།། ༈ །།ཐུགས་གཏེར་གྱི་ཁུངས། མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འབྱུང་བ་ཆེན་པོ་བཞི་ནི་ནམ་མཁའི་གཏེར་ནས་འབྱུང་གི །དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་ཀྱི་གཏེར་ལས་འབྱུང་བས་


JKT004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་དོན་ལ་ལོངས་སྤྱོད་པ་ཤེས་པར་གྱིས་ཤིག །ཅེས་དང་། ཡེ་ཤེས་གསང་བའི་རྒྱུད་ལས། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ན་ཁྱད་པར་ཆེ། །ཞེས་དང་། སྒྱུ་དྲྭར། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་སོ། །དེ་ལ་བརྒྱུད་པ་མེད་ཟེར་ན། རྒྱལ་བས་དགོངས་པ་ཉིད་ཀྱི་ཚུལ། །དགོངས་པས་བབས་པ་དབང་གི་མཆོག །ཅེས་སོགས་དྲངས།། ༈ །།ནེ་ཙོ་འདི་དག་དང་། རྒྱལ་བའི་ཉན་ཐོས་པ་དག་སོགས་དོན་ལ་མང་ཚིག་ཡིན། བྱེད་པ་པོ་དང་། སྟོན་པ་པོ་ལྟ་བུ་ལ། ཀྲྀཏའི་བྱེད་པ་པོའི་རྐྱེན་བྱིན་པའི་རྗེས་ལས་སྐད་དོད་ལོགས་སུ་མི་དགོས་ཏེ། ཀཚྭ་དང་། ཤཱསྟི། ཞེས་པ་ལྟ་བུའོ།། ༈ །།གསང་བའི་རྗེའུ་ཆུང་ནི་རུ་ཏྲའི་དཔྱི་ལས་གྲུབ་པ་དང་། རེའུ་ཆུང་ནི་སྔ་རབས་པ་རྣམས་ཀྱི་བྲིས་ཆར་རྔ་ཆུང་བྲིས་སྣང་། གནོད་གདུག་ཟློག་བྱེད་དཔའ་བོ་ལྗགས་ཀྱི་ཆས། །ཞེས་པ་ལྗགས་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲི་སྲོལ་སྣང་།། ༈ །།ཚངས་སྐུད་ནི་སྐུད་པ་སེ་རལ་ཁ་བྱས་པ་སྟེ། འདི་ལ་མཆོད་ཕྱིར་ཐོགས་ཞེས་པའི་རྒྱུ་མཚན་མཆོད་སྦྱིན་གྱི་ཚེ་འཆང་བར་འོས་པའི་ཡོ་བྱད་ཡིན་པའི་ཕྱིར་རོ།། ༈ །།རྒྱལ་སྲིད་སྣ་བདུན་གྱི་ཁུངས་མངོན་འབྱུང་། ལྷ་རྫས་ལས་གྲུབ་སོགས། དང་རྒྱ་ཆེ་རོལ་པ་ལས་བཤད། ཉེ་བའི་རིན་ཆེན་བདུན་ཡང་མངོན་འབྱུང་གི་མདོ་ལས་གསུངས་ཏེ།


JKT004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམས་ཆ་འདི་ཡིས་ཐོབ་པར་འགྱུར། །ཅེས་སོ།། ༈ །།རེག་ཟིག་ཅེས་པ་ཟིན་བྲིས་ཀྱི་བརྡ་རྙིང་། དོན་བློ་ལ་གང་ཟིན་ཙམ་བྲིས་པའོ།། ༈ །།མཧཱ་པཉྩའི་རྣམ་ཐར་དུ། དགྱེས་རྡོར་བསྙེན་ཆེན་མ་སོང་བར་སློབ་བཤད་མི་གནང་ཚུལ་སྣང་། སྔོན་ཙཱ་ནའི་རྒྱལ་པོ་ཡོང་ལོའུས་ཐང་ཀ་ཞིག་བྲིས། དེ་རྒྱས་བཏབ་ནས་འདི་སུས་བཤིགས་པའི་དུས་རྒྱལ་ས་འཆོར་བས་མ་བཤིགས་ཞེས་ཁ་ཆེམས་སུ་བཞག་པས་མི་རབས་བདུན་ཙམ་བར་བཤིགས་མཁན་མ་བྱུང་རུང་། ཁྲུང་རྩི་རྒྱལ་པོས་བཤིགས་པས་མན་ཇུའི་མི་ལ་རྒྱ་ནག་གིས་ཟས་འདྲེན་ཅིང་འདུད་པའི་ཚུལ་འདུག་པས། དེ་འདྲའི་རྟེན་འབྲེལ་གྱིས་རྒྱལ་ས་ཤོར་བ་སོགས་གླེང་ཚུལ་སྣང་།། ༈ །།ཀུན་སྙིང་རྣམ་ཐར་དུ། མཁན་ཆེན་ལུང་རིག་རྒྱ་མཚོར་ལམ་རིམ་དང་། མི་ཏྲ་ཁྲིད་དྲུག་དང་། སྦྱོར་དྲུག་ཇོ་ལུགས་དང་། བུ་ལུགས་གཉིས་ཀ །ཕག་མོ་སྒོམ་དྲུག་དང་། གྲུབ་ཐོབ་ཆོས་དྲུག་སོགས་གསན་ཚུལ། བྲག་སྟོད་པར། བསྲེ་འཕོ། ཚལ་པའི་སྐོར། ཡང་དགོན་སྐོར། མེ་ཏྲི་བཅུ་གསུམ་མ། ཐོད་པ། བསྙེན་སྒྲུབ་དང་། ཁྱད་པར་རྔོག་དཀྱིལ་བདུན་གསན་པས་བྱིན་རླབས་ཀྱི་ཚན་ཀ་ཐོབ་ཚུལ། ལམ་རིམ་


JKT004_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་གུའི་ཁྲིད་ངག་ནས་བཤད། ལྷག་མ་ཁྲིད་བརྒྱ་ལུང་ཁྲིད་ཀྱི་ཚུལ་དུ་རྫོགས་པར་གནང་ཚུལ། མདོ་རྒྱན་ཐོགས་མེད་ཊཱི་ཀ་དང་། འགྱེད་གཉིས་རོང་ཊིཀ་ལྟར་གསན། དུས་འཁོར་ལྷ་དགུ་ལ་བརྟེན་ནས་རྒྱུད་སྡེ་གཞན་གྱི་རུང་མཐུན་སྦྱར་བའི་བསྙེན་པ་གནང་། སྦྱོར་དྲུག་ཟླ་བ་གསུམ་བསྒོམས་པས་སོར་སྡུད་མཐར་ཕྱིན་བུདྡྷ་གུལྟར་ཕྱག་རྒྱ་བཞིའི་སྙིང་པོ་ཞེས་བྱ་བའི་བླ་མའི་རྣལ་འབྱོར་དེ་ཆོས་འབྲེལ་ཐོག་མར་གསན། དེ་ནས་ཕག་མོའི་སྐོར་མང་པོ། ཛ་ལནྡྷ་རའི་དོ་ཧའི་བཤད་པ་གསན། སྒྲོལ་མ་རྣལ་འབྱོར་མ་གསན་པའི་སྟ་གོན་ནུབ་མནལ་ལྟས་ཁྱད་པར་ཅན་བྱུང་། མི་གཡོ་བའི་བྱིན་རླབས་གསན། རྒྱུད་ཁྲིད་ཐོག་མར་སྲུང་འཁོར། གཏོར་མ། མཎྜལ་སོགས་བྱེད་པ་སྒྲོས་རྙིང་རང་ཡིན་པའི་ངེས་པ་མེད་གསུང་། རྭ་བསྒྲེངས་རྒྱ་དཔེ་མེ་ཐུབ་མའི་གྲས། ཤཱནྟི་པའི་བརྟག་གཉིས་འགྲེལ་པ་སོགས་ཀྱི་གཤམ་ན། བྷཾ་ག་ལ་པཎྜི་ཏ་བྷིཀྵ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་སྱ་པུསྟ་ཀཾ །ཞེས་འདུག་པ་ཇོ་བོའི་ཕྱག་དཔེར་ངེས་པ་རྙེད་གསུངས། གླང་ཐང་དུ་གསེར་མདོག་པཎ་ཆེན་མཇལ་ནས་ཞུ་ལན་བྱུང་བའི་རྡོ་རྗེའི་ཚིག་འགྲེལ་ཟུར་ན་ཡོད་ཚུལ། དགེ་སློང་ཡེ་ཤེས་དབང་པོར་གསང་འདུས་འགོས་ལུགས་རྙིང་མ་ས་སྐྱའི་རྗེ་བཙུན་དཀར་པོ་རྣམ་གསུམ་ཡང་བརྒྱུད་པ་ལ་བཞུགས་པ་གསན་ཞིང་བསྔགས་བརྗོད་མཛད། གྲོལ་མཆོག་བཀའ་འབུམ་པོད་བཞི།


JKT004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རབས་བརྒྱ་རྩ་རྒྱན་གྱི་མེ་ཏོག་གི་ལུང་གནང་ཚུལ། འབྲུག་གསར་གྱི་ཡིག་ཆར་ཐུགས་མ་མགུ་ཚུལ་དང་། ཕྱག་ཆེན་ལ་རྣམ་བདུན་དཔྱད་པའི་རིགས་པ་དང་། འཇུག་པའི་གཏན་ཚིགས་སྦྱོར་བ་སོགས་ལ་ཐུགས་མ་རངས་པར་གནང་། སྒྲུབ་ཐབས་རྒྱ་མཚོའི་ནང་འགའ་ཞིག་མ་ཚང་བ་ཐར་པ་ནས་རྒྱ་དཔེ་བླངས་ཏེ་གསར་དུ་བསྒྱུར་ཚུལ། གསུང་རྩོམ་ཆེ་ཁག་ཐམས་ཅད་ལ། གསོལ་བ་ཡུན་རིང་བཏབ་ཅིང་གནང་བའི་མཚན་མ་དངོས་སུ་བྱུང་བའམ། ལྟས་བཟང་རེ་ངེས་པར་མ་བྱུང་བར་མི་མཛད་ཚུལ་སྣང་། དུས་འཁོར་བསྐྱེད་རིམ་དང་། དབང་གི་རྣམ་བཤད་མཛད་དུས་རྟགས་ངེས་པར་བྱུང་། ལུ་ཧི་པའི་སྒྲུབ་ཐབས་ལ་རྩ་རྐྱང་ལུགས་དང་འགྲེལ་པ་ལུགས་གཉིས་ལས། ཕྱི་མ་ལྔ་བའི་འགྲེལ་པ་ལས་པྲཛྙཱ་རཀཱིཏས་ལོགས་སུ་བཀོལ་བའི་ཆོས་བཞིའི་དགོངས་པ་བཞིན་དཀྱིལ་ཆོག་དཱ་རི་ཀ་ཆུང་བའི་ལུགས་དང་། དྲིལ་བུ་དབང་ཆོག་རྒྱ་གཞུང་ལ་ཁ་སྐོང་རྒྱས་བསྡུས་གཉིས་ལས་བསྡུས་པ་དང་། ནག་པོའི་སྒྲུབ་ཐབས་བཅོས་དགོས་རྣམས་བཅོས་ཤིང་། དཀྱིལ་ཆོག་གཞུང་གི་དགོངས་པ་ཇི་ལྟ་བར་སྦྱར་ཏེ། དེའི་ཚེ་མནལ་ལྟས་ཆེས་ཁྱད་པར་ཅན་བྱུང་གསུང་། ཞི་སྦས་ལུགས་ཀྱི་དགྱེས་རྡོར་ཉེ་བརྒྱུད་ཅན། བློ་སྦྱོང་ཐུན་གཅིག་མ་དང་། ཚིག་རྐང་བརྒྱད་མ་སོགས། བཤེས་སྤྲིངས་ཀྱི་ལམ་གྱི་འགྲེལ་བསྒྲིགས་སོགས་སྔོན་མེད་པའི་


JKT004_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་གསར་པ་དུ་མས་བརྒྱན་ཏེ་བཤད་པར་སྡེ་པ་ཕུན་ཚོགས་རྣམ་རྒྱལ་གྱིས་ཟིན་བྲིས་བྱས་པ་ལེགས་པོ་བྱུང་ཚུལ་སྣང་། བདུད་རྩི་རིལ་བུར་ཆོས་རྒྱུན་སྣ་ཚོགས་པའི་བྱིན་རླབས་རྟེན་དེ་ངོ་ཏི་བཟང་ཡང་། བརྒྱུད་པའི་སེལ་དུ་འགྲོ་གསུངས་ནས་བསྲེ་བར་མི་མཛད་པ་བླ་མ་གོང་མ་བརྒྱུད་པ་ནས་བརྒྱུད་པའི་མྱོང་གྲུབ་ཡིན། སློབ་དཔོན་པཱུརྞ་བཛྲ་དང་གསུང་གླེང་ལ་བསླབ་བཏུས་ཀྱི་ནམ་མཁའི་སྙིང་པོའི་བཤགས་པའི་འཕྲོས་གཅིག་བྱུང་། དེ་ཡོང་བ་ལ་དེང་སང་ནམ་མཁའི་སྙིང་པོ་ལ་བསྙེན་པ་བྱེད་དགོས་གསུང་གིན་འདུག །དེ་རྗེས་གཅིག་ལ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་ཀྱི་ལུགས་ཀྱི་བསྙེན་པ་ཞིག་ཀྱང་བྱས། མདོ་ལས་འབྱུང་བ་ལྟར། ཐོ་རངས་ཀྱི་དུས་སྐྱ་རེངས་ལ་གསོལ་བ་འདེབས་པ་དེ་ནུབ་བདུན་བསྟུད་ནས་བྱས་པའི་རྟིང་མ་ལ་རྟགས་མཚན་བྱུང་ཚུལ་གསུང་སྣང་།། ༈ །།ཀུན་མཁྱེན་ཆེན་པོར་གསོལ་བ་བཏབ་པས་འཕགས་པ་ཆོས་འཕགས་ཡིན་སྙམ་པའི་བྱང་སེམས་ཞིག་དང་མཇལ་བས། རྣམ་པར་བཞག་བྱ་འཇོག་བྱེད་དང་། །རྣམ་བཞག་ཐམས་ཅད་རྫུན་པ་ཡིན། །བློ་ལ་སྣང་བ་འཁྲུལ་པ་སྟེ། །བདེན་པའི་དོན་ལ་གོས་པ་མེད། །གསུངས་པ་ཞིག་བྱུང་བས་གཞན་སྟོང་གི་ལྟ་བ་ལ་ངེས་པ་རྙེད་ཚུལ་གསུངས། དེ་ལ་བརྟེན་ནས་གཞན་སྟོང་སྙིང་པོའི་རྒྱན་ལུང་སྦྱོར་དང་


JKT004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་མཛད་དོ། །མངྒ་ལཾ།། ༈ །།སྔ་འགྱུར་རྙིང་མའི་བསྙེན་སྒྲུབ་སྤྱིའི་ཆིངས་ལས། སྤྱིར་ཐོར་ཐུན་ལ་མཆོད་པ་བྱིན་རླབས་ཡན་རྒྱས་པ་དང་། སྔ་ཕྱིའི་ཐུན་གཉིས་ལ་ཏིང་འཛིན་གསུམ་ནས་བཟུང་བསྟོད་པ་ཡན་རྒྱས་པར་བྱ། སྲོད་ཐུན་ལ་ཚོགས་སྐོར་སོགས་རྗེས་ཆོག་རྣམས་རྒྱས་པར་བྱ། ཐོར་ཐུན་ལ་དངོས་གཞི་དང་རྗེས་ཀྱི་བྱ་བ། སྔ་ཕྱིའི་ཐུན་གཉིས་ལ་སྔོན་རྗེས། སྲོད་ཐུན་ལ་སྔོན་དངོས་རྣམས་བསྡུས་པ་རེས་ཆོག །དེ་ཡང་དངོས་གཞི་བསྡུ་སྐབས། ཏིང་འཛིན་གསུམ་ནས་བཟུང་ལྷ་བསྐྱེད་ཡོངས་རྫོགས་བསྐྱེད་རིམ་ལ་དབང་འབྱོར་བ་མ་གཏོགས། རྣལ་འབྱོར་པ་གསར་བུ་དག་གིས་བསྡུས་ན་གསལ་མི་ཐེབས་པས་གཞུང་སོར་བཞག་དང་། དེ་འཕྲོས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་རྣམས་སྔགས་ཚིག་ཙམ་དང་། བསྟོད་པའང་ཚིགས་བཅད་བསྡུས་པ་མདོ་ཙམ་གྱིས་འཐུས། ཐུན་སྒང་དུ་གཏམ་སོགས་ཀྱང་མི་རུང་སྟེ། གསང་སྔགས་ཆུ་བོའི་རྒྱུན་བཞིན་བར་མ་ཆད་པར་བཟླ་དགོས་པར་གསུངས་པའི་ཕྱིར་རོ། །སྲིད་པ་དང་ལུད་པ་འདོར་བ་སོགས་མི་བྱེད་ཀ་མེད་བྱུང་ན། བར་ཆོད་ཡུན་རིང་ཐུང་དང་བསྟུན་པའི་བཟླས་པ་སྔོན་སོང་གི་ནང་ནས་ཕྲེང་རྡོག་གང་འོས་ཕྱིར་ཕྱུང་། ཐུན་མཚམས་སུ་བཟླས་པ་ཅི་འགྲོ་བྱ་སྟེ་བཟླས་པ་དངོས་གཞིའི་གྲངས་སུ་མི་བརྩི། དེང་སང་འགའ་ཞིག་གིས་སྟབས་བདེའི་ཕྱིར་ཚོགས་མཆོད་


JKT004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོར་བསྔོས་སོགས་ཕྱི་ཐུན་དང་སྲོད་ཐུན་ཀྱི་མཚམས་སུ་མཛད་སྲོལ་འདུག་ཀྱང་། སྲོད་ཐུན་གྱི་ནང་དེར་འོད་གསལ་ལ་ཞུགས་ནས་ཐུན་མཚམས་ཀྱི་ལྷ་སྐུར་མ་ལྡང་བའི་བར་དུ་བྱ་བ་ལེགས་གསུངས།མཚམས་ཁང་ནས་ཀ་ཅ་ཕྱིར་མི་བཏང་། ནང་དུ་ལེན་དགོས་རྣམས་ཀྱང་ཞག་མ་འདའ་བར་མ་ཡིན། ལེན་དུས་ཀྱང་ལྷའི་ང་རྒྱལ་བརྟན་པོས་བགེགས་བསྐྲད་ཅིང་བྲབས་བདུག་བྱ། མཚམས་ལ་འཇུག་པའི་དུས་ནི། དེང་སང་མར་ངོ་ནས་འཇུག་པ་ཤས་ཆེ། རྒྱུད་ལས། དུས་ནི་ཡར་ངོའི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་ཐོབ་པའི་ཕྱིར། །གཟའ་སྐར་ཤིས་པས་བླང་བར་བྱ། ཞེས་དང་། རྔམས་གློག་ལས། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བར་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་གསུངས་པ་ལྟར་རོ།། ༈ །།ཐུན་བཞིའི་རྣལ་འབྱོར་གྱི་ཚུལ་ལས། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལྡང་། གནས་ལུགས་མ་བཅོས་པའི་ངང་ལས། རང་གཉུག་མའི་ཡི་དམ་གྱི་སྤྱི་བོར་བླ་མ་བསྒོམ། རླུང་རོ་དགུ་ཕྲུགས་སུ་བུས། འབྲུ་གསུམ་རྡོ་རྗེའི་བཟླས་པ་ཅུང་ཟད་བྱ། རྟེན་སྙིང་དབྱངས་གསལ་རྣམས་ཉེར་གཅིག་བཟླ། འདིས་ཉིན་ཞག་ཕྲུགས་གཅིག་གི་རླུང་ཐམས་ཅད་རྡོ་རྗེའི་བཟླས་པར་


JKT004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ། སྔགས་བྱེ་སྙེད་དུ་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད། དེ་ནས་རྡོར་སེམས་སྒོམ་བཟླས་དང་། སྐྱ་རེངས་ལ་ཕྱག་འཚལ་བླ་མའི་རྣལ་འབྱོར་གནད་དུ་བསྣུན། ཐུན་གྱི་དངོས་གཞིར་རྒྱུན་གྱི་ཡི་དམ་བསྒོམ། བཟླས་པ་ཅི་ནུས་མཐར་དབྱངས་གསལ་རྟེན་སྙིང་གིས་ཁ་བསྐང་། བུམ་ཅན་བཟུང་། རྩ་འཁོར་ཀུནས་གང་བར་བསམ། བདུད་རྩི་རིལ་བུ་བཟའ། ལྷ་སྐུ་ནཱ་དར་གཞི་ལ། ཉམས་ལེན་དམིགས་བསལ་ཡོད་ན་ཅུང་ཟད་གཉིད་ལོག་ལ་རྨི་ལམ་ངོས་བཟུང་། ཤེས་པ་འཇུར་པའི་མན་ངག་ཀྱང་བྱ། ཐུན་གཉིས་པ། ནམ་ལངས་འཕྲལ་ཆབ་བླང་། ཡན་ལག་བདུན་པ་དང་ལྟུང་བཤགས་བཀླག་ཅིང་ཕྱག་འཚལ། རྒྱུད་སྡེ་བཞི་དང་འབྲེལ་བའི་སྒོམ་བཟླས་ཇི་རིགས་དང་གཟུངས་སྔགས་ཁྱད་ཅན་མང་དུ་བཟླ།་གཏོར་མ་བཏང་། དཀར་བསུར་བསྔོ། དེ་ནས་རྒྱུན་གྱི་ཡི་དམ་ལ་འཇུག །གུང་ཚིགས་དུས་ཕུད་མཆོད་བྱ། དངོས་གཞི་ཚོགས་འཁོར་དུ་རོལ། རྗེས་ཡོན་སྦྱོང་གཟུངས་དང་མདོ་བསྔོ་བྱ། ཐུན་གསུམ་པར། ཉི་མ་ཕྱི་ཆའི་དུས་ལུས་ལྟ་སྟངས་སམ་འཁྲུལ་འཁོར། ངག་བཟླས་བརྗོད་དམ་སྲོག་རྩོལ། ཡིད་བསྐྱེད་རིམ་མམ་མཉམ་བཞག་བྱ། ནམ་མཁའ་དང་དུས་ཐོད་རྒལ་གཟིར། ཉི་མའི་མདངས་སྡུད་པར་ཉེ་བ་ན། བདག་བསྐྱེད་སྔོན་དུ་འགྲོ་བས་གཏོར་ཚོགས་རྒྱས་པར་བྱ། ཉི་མའི་མདངས་སྡུད་པ་ན་


JKT004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཟློག་དང་། སྔགས་ཟློག་བྱ། ཐུན་བཞི་པ་སྲོད་དུས། ལྷ་དྲག་པོའི་བཟླས་སྒོམ་གང་ལྕོགས་དང་། ཁྱད་པར་ཧཱུྃ་བཟླས་བྱ། ཙཎྜ་ལཱི་བསྒོམ། དེ་མཐར་ཕུང་པོ་མཆོད་སྦྱིན་དང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ། ཉལ་བའི་རྣལ་འབྱོར་གྱིས་ཉལ་ཞིང་འོད་གསལ་དང་རྨི་ལམ་ངོས་ཟིན་པར་བྱ། མདོར་ན་དུས་རྒྱུན་དུ། བླ་མ་ལ་མོས་གུས། ཡེངས་མེད་ཀྱི་དྲན་པ། སེམས་ཅན་ལ་སྙིང་རྗེ་རྣམས་དང་མ་བྲལ་བའི་ངང་། ཉོན་མོངས་པ་གང་ཤར་འབུར་འཇོམས་སུ་བྱས་ལ་ཤེས་པ་སྤྲོ་བསྡུ་དང་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ལ་བཞག་གོ། ༈ །།སྤྱིར་སྔགས་མཚམས་སྦྱར་འོས་པ་རྣམས་སྦྱར་ནས་བཀླག་པ་དག་པར་བཞེད་དེ། དག་ལྡན་ལས། བཀླག་པའི་ཚེ་ཁ་ཕྲལ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། བྱེ་བྲག་ཏུ་ཚེ་འབྲུ་༡༠༨གཟུངས་དང་། ཨཊྚ་༡༢༥ལྟ་བུ་གྲངས་ངེས་ཡོད་པ་རྣམས་ཕྲལ་ན་ཡི་གེ་ལྷག་པའི་སྐྱོན་དུ་འགྱུར་ཏེ། དཔེར་ན་ཚེ་གཟུངས་ཀྱི་མི་ཏཱ་ཡུར་དང་། ག་ཏཱ་ཡཱདྷ་ཏེ་ཕྲལ་ན་ཡི་གེ་བརྒྱ་དང་བརྒྱད་པའི་དམ་བཅའ་མས་པར་འགྱུར་ཏེ། བརྒྱ་དང་བཅུར་འགྱུར་བའི་ཕྱིར། ཞེས་འདོད་པའང་སྣང་མོད་དཔྱད་པར་བྱའོ། །རྒྱུད་སྡེའི་སྔགས་བཏུ་ཡོད་པ་རྣམས་དེ་ཁོ་ནར་བསྟུན་པ་ལེགས། བྱེ་མདོ་གཉིས་ཀྱི་ལུགས་སུ། བདག་ཅག་གི་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་རྒྱལ་པོའི་སྲས་མཚན་དཔེ་གོས་དང་


JKT004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་རྣམ་པར་ཞུགས་པར་བཞེད། རྒྱུད་བླ་དབུ་མ་རང་རྒྱུད་དུ་བཞེད་པ་ལེགས་ཚུལ་ཀུན་ཚུལ་བས་བཤད། ལྷ་བབས་དུས་ཆེན། ཟླ་དགུ་ཚེས་ཉེར་གཉིས་ལ་འདོད་པ་ནི་དུས་དངོས་དང་། ཡང་ཟླ་དགུ་ཚེས་བཅོ་ལྔ་ལ་འདོད་པ་ནི། ཚེས་ཉེར་གཉིས་ལ་ཕེབས་པར་འགྱུར་ཞེས་གཏམ་ཐོས་པའི་གཏམ་སྙན་གྱི་དུས་ཆེན་ཡིན་ནོ། །ཝཱ་རཱ་ཎ་སཱིར་ལྔ་སྡེར་ཆོས་གོས་ཟླུམ་པོར་བགོ་བ་སོགས་གསུངས་པ་དེ་༡༥ སྣམ་སྦྱར་སོགས་སུ་འདོད་ཅིང་། དེའང་འཚོ་བྱེད་ཀྱིས་ཕུལ་བའི་རས་ལ་དྲས་དྲུབ་བྱས་པར་བཤད་མོད་དེ། དེའི་སྔོན་དུའང་དྲས་དྲུབ་ཡོད་པར་གསལ་ཅེས་འདོད་སྣང་ནའང་དཔྱད་གཞིའོ། །ཉི་མ་བྱང་བགྲོད་༣ མཐར་ཐུག་པའི་ཚེ་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་གིས་མཐོ་བ་དང་། ལྷོ་བགྲོད་མཐར་ཐུག་ཚེ་དཔག་ཚད་བདུན་ཁྲི་ལྔ་སྟོང་གིས་དམའ་བར་བཞེད། ཨ་བྷ་ཡས། བུམ་པའི་སྟེང་དུ་ཀུ་ཤའི་འཐོར་ཡབ་འཇོག་པར་བཤད་པ་ལས་རྒྱུད་ཚིག་དངོས་མ་མཐོང་ཡང་དོན་དུ་མེ་ཏོག་དང་འབྲས་བུར་བཅས་པའི་ཤིང་གིས་ཁ་བརྒྱན་པར་བཤད་པས། བོད་འདིར་དགུན་དུས་དེ་འདྲ་མི་འབྱོར་བས། དེའི་མཚོན་བྱེད་དང་དག་བྱེད་ཀྱི་རྫས་ཡིན་པ་སོགས་ཀྱི་རྒྱུ་མཚན་དུ་མས་བོད་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་དེ་ལྟར་མཛད་དོ།། ༈ །།ཆུ་སྦྱིན་སྐབས། ཆུ་ཡི་སྦྱིན་པ་རྒྱ་ཆེན་པོ་འདི་ལ་བརྟེན་ནས་སོགས་ཀྱི་དོན། ཡི་དྭགས་


JKT004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཆུའི་སྦྱིན་པ་རྒྱ་ཆེན་པོ་བགྱིས་པ་འདི་ལ་བརྟེན་ནས། ཆུ་དེའི་བདག་པོ་ཀླུ་ཡིན་པས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་ལ་སོགས་པ་མདོར་ན་སྲིད་པ་འདི་ན་རླན་ཤིང་གཤེར་བ་ཆུ་ཀླུང་། ཆུ་མིག །རྫིང་བུ་སོགས་ཀྱི་བདག་པོ་རྣམས་དམིགས་ཡུལ་དུ་བྱས་ནས། དགེ་བའི་རྩ་བ་དེས་སྦྱིན་པའི་བདག་པོ་དང་ཀླུ་རྣམས་ལམ་ལྔ་རིམ་གྱིས་བགྲོད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་གདབ་པ་སྟེ། དེའང་། སྦྱིན་པ་དམ་པ་ནི་ཚོགས་ལམ་ཡིན་ཏེ། དེའི་སྐབས་སུ་ཞི་གནས་དང་། ལྷག་མཐོང་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཇིག་རྟེན་པ་ལམ་མ་ཞུགས་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཚོགས་བསགས་ཚུལ་ཡོད་པའི་ཕྱིར་རོ། །སེམས་ཀྱི་རྒྱན་ནི་སྦྱོར་ལམ་གྱི་སྐབས་ཡིན་ཏེ། དེའི་སྐབས་ཀྱི་དགེ་རྩ་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུར་འགྱུར་ངེས་པས། སྤོས་ཀྱི་གླང་པོ་ཆེ་ལ་གསེར་གྱི་དྲ་བས་གཡོགས་པ་ལྟར་རྣལ་འབྱོར་པའི་སེམས་ལ་ཤིན་ཏུ་མཛེས་པ་བསྐྱེད་པའི་ཕྱིར་རོ། །སེམས་ཀྱི་ཡོ་བྱད་ནི་མཐོང་ལམ་གྱི་གནས་སྐབས་ཡིན་ཏེ། དེའི་ཚེ་ཆོས་ཉིད་སྤྲོས་བྲལ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པས་ཚོགས་གཉིས་དངོས་སུ་འབྲེལ་བའི་སྟོབས་ཀྱིས་ཡང་དག་པའི་ལྟ་བ་ལ་སོགས་པས་རྣལ་འབྱོར་པའི་སེམས་རབ་ཏུ་ཕྱུག་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་ཚོགས་ནི་སྒོམ་ལམ་གྱི་


JKT004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཡིན་ཏེ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྟོགས་པ་ཁྱད་པར་ཅན་གོང་ནས་གོང་དུ་གོམས་པར་བྱེད་ཅིང་། ཡང་དག་པའི་རྟོག་པ་ལ་སོགས་པ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཚོགས་ཀུན་ནས་འཕེལ་བར་བྱེད་པའི་ཕྱིར་རོ། །དོན་གྱི་མཆོག་ནི། མཐར་ཕྱིན་པའི་ལམ་གྱི་སྐབས་ཡིན་ཏེ། རང་བཞིན་གྱི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་སྐུ་གསུམ་ཕྲིན་ལས་དང་བཅས་པ་ལ་དབང་ཐོབ་ཅིང་ཡུན་རིང་པོ་ནས་འབད་པར་བྱས་པའི་དོན་ཐམས་ཅད་གྱི་ཕུལ་དུ་ཕྱིན་པ་ཕན་པའི་ཕྱིར་རོ། །ཞེས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་གསུང་རབ་ལས་འབྱུང་ཞིང་། ཡང་མངོན་པ་ནས། སྦྱིན་པ་དམ་པ་སེམས་ཀྱི་རྒྱན་རྫུ་འཕྲུལ། སེམས་ཀྱི་ཡོ་བྱད་འཕགས་ལམ་བརྒྱད་དང་། རྣལ་འབྱོར་གྱི་ཚོགས་ཏིང་ངེ་འཛིན་གྱི་ཚོགས་དང་། དོན་གྱི་མཆོག་མྱང་འདས་ལ་བཤད་དོ།། ༈ །།སྤྱན་རས་གཟིགས་བརྒྱ་རྩ་ལས། །དེ་ལྟར་རིང་ནས་ལམ་གོམས་པའི། །བློ་ལྡན་དུས་ལས་འདས་གྱུར་ཚེ། །འཕགས་པ་ངན་སོང་སྦྱོང་དཔལ་གྱི། །ཆོ་གས་བདུན་ཕྲག་བདུན་དུ་སྦྱང་། །རོའམ་རུས་པ་གོས་སམ་མིང་། །རྟེན་དེའི་མདུན་དུ་བཞག་ནས་སུ། །མ་དག་པ་དང་དག་པ་ཡི། །དཀྱིལ་འཁོར་གཉིས་ལ་རྟེན་གཉིས་བཞག །བརྡེག་དང་བསྲེག་དང་བཀྲུ་བ་ཡིས། །དྲི་མ་གཞིག་གཞོམ་དད་པ་དག །དཀྱིལ་འཁོར་ནག་པོ་བྱ་བས་ཏེ། །


JKT004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་དང་དབང་བསྐུར་བྱ་བ་ལའོ། །ཡུངས་ཀར་བྱེ་མ་ཐལ་ཆེན་ལ། །རིག་པ་བཟླས་ནས་བསྣུན་བྱ་ཞིང་། །སྦྱིན་སྲེག་ཆོ་གའི་བྱ་བ་ཡིས། །རྟེན་བཅས་བག་ཆགས་འབད་དེ་བསྲེག །ངན་སོང་སྦྱོང་བའི་སྐུ་གསུང་ཐུགས། །བཞུ་བའི་ཆུས་བཀང་བུམ་པར་བླུགས། །རྡོ་རྗེའི་གླུ་བླངས་རིག་པ་བཟླ། །མ་ལུས་དྲི་མ་བཀྲུ་བར་བྱ། །ཨོཾ་ཨཱ ཤྲཱི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛཱ་ཡ། ཨ་མུ་ཀེ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་པཱ་པཾ་ཏོ་ཥ་པ་ར་ཎ་བྷཾ་ག་བྷཾ་ག་དྲ་ཧ་དྲ་ཧ་བཱ་ར་ཙྪ་བཱ་ར་ཙྪ། ཤོ་དྷ་ཡ་ཤོ་དྷ་ཡ་ཕཊ་ཕཊ་སྭཱ་ཧཱ། དེ་རྗེས་དྲི་མ་དག་པའི་སེམས། །ལྷག་པའི་ལྷ་ལ་བཅུག་ནས་ནི། །ཇི་བཞིན་དབང་བསྐུར་བྱས་ཏེ་མཆོད། །དགའ་སྟོན་ཆེན་པོ་སྦྱིན་པར་བྱ། །ཞེས་སོ། །གཞན་ཡང་འདི་སྐོར་ལ་ལས་ཀྱི་ཚོགས་ཁྱད་པར་དུ་འཕགས་པ་ཡོད།། ༈ །།མཚམས་ཀྱི་སྐབས། མི་གདོང་གསར་སོགས་ཡོང་རྒྱུའི་སྔོན་དུ་གྲིབ་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་ནན་ཆེར་བསྒོམ། རྗེས་སུ་བྱུང་ན་གྲིབ་ཡིན་པས་ཁྲུས་ཀྱི་རྣལ་འབྱོར་བྱ། གཞན་ཡང་གདན་མི་སྤྲུགས། ཁ་མི་བཤལ། མཚོན་རྩེ་ཁར་མི་འཇུག །སྐྲ་སེན་ཁ་སྤུ་མི་བྲེག །གདན་ཁར་གཞན་མི་གཏོང་། སྔགས་ཕྲེང་ལ་གཅེས་སྤྲས་ཆེ་བར་བྱ། གལ་ཏེ་ཉམས་ན་རུ་རྟ་དང་སྤོས་དཀར་གྱི་ཆུས་བཀྲུ། ལྕེ་དང་མཚེར་པ་མི་ཟ། ལན་ཚྭ་ལ་ཕུག་སྒོག་བཙོང་ཤ་རུལ་ཆང་སྐྱུར་རྣམས་སྤང་ཐུབ་ན་ལེགས། མ་གྲུབ་ན་ཟ་དུས་


JKT004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གསལ་བཟླ། མཆིལ་མ་འགྲིམ་ལམ་དུ་མི་འདོར། གཞན་དུ་འགྲོ་དགོས་བྱུང་ན་གདན་གྱི་ཁར་ཕྲེང་བ་སྦྲུལ་མདུད་ཀྱིས་བཞག་པ་སོགས་སྤང་བླང་རྒྱས་པ་སྔགས་སྡེབ་སོགས་ལས་འབྱུང་བ་ལྟར་ཤེས་པར་བྱའོ།། ༈ །།ཚེ་རྟེན་ཨ་ལ་སྲོག་རྟེན་ནཱཾ། བསོད་ནམས་བློ་ལ་དབང་ཐང་ཛ༔ ཞེས་སོ།། ༈ །།ཞི་བ་སྤྱིའི་རྒྱན་ཆས་ཕྱི་འགྱུར་གྱི་སྐབས་སུ། དར་གྱི་རྒྱན་དང་། རིན་པོ་ཆེའི་རྒྱན་བརྒྱད་ལས། དང་པོ་ལ། སྟོད་གཡོགས་ནི། དཀར། དར་ལྗང་། བཟང་པོ། སྨུག ཁ་དོག་ལྔ་ལྗང་། ལྡན་གྱི་ཆོས་གོས་ལྕགས་རི་མེད་པ་གཅིག་གིས་རྐེད་པ་ཡན་གྱི་སྐུ་སྟོད་ཁེབས་ཤིང་དཔུང་པའི་ཐད་ཀར་རླུང་གིས་བསྐྱོད་པའི་སྟོབས་ཀྱིས་ཕུར་མ་ལྷབ་ལྷུབ་ཏུ་འབྱུང་བའོ། །སྨད་གཡོགས་ནི། དར་གྱི་ཤམ་ཐབས་ལྟ་བུ་ཞིག་གིས་རྒྱབ་མདུན་དུ་དཀྲིས་པའོ། །གཉིས་པ་ལ། དབུ་རྒྱན་ནི། རིན་པོ་ཆེའི་སྲོག་ཞུ་རིམ་པ་གསུམ་ལྡན་དབུ་སྐྲ་གྱེན་དུ་བཅིངས་པའི་སྟེང་མནབས་པ། རིན་པོ་ཆེའི་རྩེ་བྲན་ལྔའི་དབུས་སུ་རིགས་ལྔ་བཞུགས་པ། རྣ་བའི་ལྟག་ཏུ་ཨུཏྤལ་རྒྱས་པའི་རྣ་རྒྱན་གཉིས་ལས་དར་དཔྱངས་འཕྱང་པའོ། །རྣ་རྒྱན་༢ནི། རིན་པོ་ཆེའི་རྣ་གོར་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་མཛེས་པ། མགུལ་རྒྱན་༣ནི། གཡས་གཡོན་དབུས་གསུམ་དུ་རིན་པོ་ཆེའི་གཞུང་གསུམ་བྱས་པའི་བར་རྣམས་རིན་པོ་ཆེའི་དྲྭ་བ་སྦྲེལ་བ་མགུལ་པར་འཁྱིལ་བ་


JKT004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕྱང་འཕྲུལ་ཅུང་ཟད་དང་བཅས་པ། ལག་གདུབ་༤ནི། རིན་པོ་ཆེའི་གཞུང་གསུམ་གྱི་བར་དུ་རིན་པོ་ཆེའི་ཕྲེང་བས་སྦྲེལ་བ། ཆེ་བ་གཉིས་ཀྱིས་དཔུང་པ་དང་། ཆུང་བ་གཉིས་ཀྱིས་མཁྲིག་མ་གཉིས་བརྒྱན་པ། རྐང་གདུབ་༥ནི། ལག་གདུབ་དང་འདྲ་བ་ལས། ཐ་མ་གཉིས་སུ་རིན་པོ་ཆེའི་ཟ་ར་ཚག་མང་པོ་འཕྱང་བ། སྐེ་རགས་༦སམ་འོག་ལྤགས་སམ་རྐེད་རྒྱན་ནི། དབུས་དང་གཡས་གཡོན་རྣམས་སུ་རིན་པོ་ཆེའི་གཞུང་ལྔ་གྱེན་དུ་བྱས་པའི་བར་རྣམས་སུ་དྲ་བས་སྦྲེལ་ཞིང་སྨད་དུ་ཟ་ར་ཚག་མང་པོ་འཕྱང་བས་མདུན་ཕྱོགས་ནས་ཕྱིར་རྐེད་པར་བརྒྱན་པ། དོ་ཤལ་༧ནི་རིན་པོ་ཆེའི་ཕྲེང་བ་ཆེ་ཆུང་སྦེལ་བས་མགུལ་ནས་ལྟེ་འོག་ཡན་ཆད་འཁོར་བ། སེ་མོ་དོ་རནི། རིན་པོ་ཆེའི་ཕྲེང་བ་དེ་ལས་ཐུང་བ་ནུ་མའི་བར་སླེབས་པའོ།། ༈ །།སྔ་འགྱུར་གྱི་གཞུང་རྣམས་སུ། །དར་དཀར་པོ་གསེར་གྱི་ངང་པའི་རི་མོ་ཡོད་པ་ཅན་གྱི་སྟོད་གཡོགས། ཚི་གུ་ཞེས་ཁ་དོག་སྣ་ཚོགས་སུ་འཆར་བའི་དར་གྱི་སྨད་དཀྲིས། དར་སྣ་ཚོགས་རྣ་རྒྱན་ལས་འཕྱངས་པའི་ཅོད་པན། དར་ཤམ་གྱི་སྟེང་དུ་སུལ་ཐུང་མཐིང་ག་ནི་ཟི་སྡིར། ཡང་གཞན་དག་དར་མཐིང་ཁྲའི་འཕན་དབྱིབས་ལྟག་པ་ནས་ཕྱིར་འཕྱང་བའོ། །ཞེས་པར་བཞེད། གར་གྱི་ཕུ་དུང་འདི་ལ་ལར་ཕོད་ཀ་འདྲ་བ་བྲིས་སྣང་ནའང་དཔྱད། ཞེས་དར་དཔྱངས་ཀྱི་གར་གྱིས་ཕྱག་གཉིས་ལ་དཀྲིས་པ་བཅས་དར་གྱི་རྒྱན་


JKT004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། དེ་སྟེང་སྔར་གྱི་རིན་པོ་ཆེའི་རྒྱན་བརྒྱད་བསྣན་པས་རྒྱན་ཆས་བཅུ་གསུམ་མོ།། ༈ །།སྦྱང་ཆས་བྱང་བུ་སོགས་ཀྱི་གཡས་ནས་རིམ་བཞིན། གཏོར་མ༡། ཏིང་ལོ་ཆང་བུ་སོགས་རེ་རེ་ནས་བཤམ། རྟེན་ལ་བསྐོར་དུས་དང་པོ་དབུས་དང་དེ་ནས་གཡས་གཡོན་ལེན། སློབ་དཔོན་གྱིས་གཡས་མཆོག་སྦྱིན་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་བཅས་ནམ་མཁའ་མཛོད་ཀྱི་སྔགས་བརྗོད། ཏིལ་སྦྱང་སྐབས། ཏིལ་དེ་ཉིད་ལས་རྡོར་གྱིས་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། རྟེན་ལ་ལག་གཡས་ཀྱིས་གཡས་དང་། གཡོན་པས་གཡོན། གཉིས་ཀས་གཡས་སུ་བསྐོར་ལ། མཐར་ལག་གཉིས་བསྣོལ་ནས་མེ་ཆུར་དོར། ལས་རྡོར་གྱིས་བསྙེན་པ་མ་སོང་ན་དཀྱིལ་འཁོར་ལ་ཁྲུས་བྱ་བར་མི་རུང་བས་ངེས་པར་བསྙེན་པ་རྫོགས་པས་བྱ། ༈ །སྐྱབས་གསོལ་སོགས་ཀྱི་སྐབས། བདག་གིས་དང་། ཚེ་འདས་ཞེས་བརྗོད་པ་གང་ཡང་མི་འགལ་ཏེ། སྔ་མ་ནི་རྗེས་ཟློས་བྱེད་པའི་དབང་དུ་བྱས་ལ། ཕྱི་མ་ནི་སློབ་དཔོན་རང་ཉིད་ཀྱིས་ངོ་ཆེན་གྱི་ཚུལ་དུ་དཀྱིལ་འཁོར་གྱི་ལྷ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །འོན་ཀྱང་དམིགས་རྣམ་དང་བརྡའ་སྤྲོད་ལུགས་མ་ནོར་བ་གལ་ཆེ། འདོད་ཡོན་བསྔོ་བར། གཟུགས་ལ་མེ་ལོང་སྟེང་རྡོ་རྗེ་བཞག་པ། སྒྲར་ཏིང་ཤག །དྲི་ལ་བཏུང་བའི་རིགས་དང་རྣམ་རྒྱལ་བུམ་ཆུ་བསྲེས་པ། རོ་ལ་བཟའ་བཅའི་རིགས། རེག་


JKT004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོས་ལིང་དར་སོགས་བཤམས་པར་བཤད་ནའང་པར་བཀབ་མེད། བྱང་སྲེག་སྐབས་བདག་མདུན་གྱི་འོད་ཟེར་སྤྲོ་བསྡུ་སོགས་ནི་རིག་བཟོ་ཙམ་སྟེ། ཆོས་ཐམས་ཅད་བདག་མེད་པའི་གནས་ལུགས་ལ་བློ་བཞག་པ་ཁོ་ནས་འཐུས། ཞག་གསུམ་ལྟ་བུའི་ཚེ་ཆོ་ག་དང་འཕོ་བ་སྦྲེལ་མ་བྱེད་ན། ཕུང་པོ་ཉིད་བསང་སྦྱང་ནས་ཟས་གཏད་པར་དཀྱུས་ལྟར་གསལ་འདེབས་དང་། འཕོ་བ་སོགས་དཀྱུས་ལྟར་དང་། ཡང་བགེགས་སྦྱང་བ་ཙམ་སྔོན་དུ་འགྲོ་བས་དབང་བསྐུར་མཐར་འཕོ་བ་མཛད་པའི་སྲོལ་གཉིས་ཡོད། རྣམ་པར་དཔྱད་ན་ཞག་གསུམ་ཚུན་རྣམ་ཤེས་ཕུང་པོར་གནས་པའི་དབང་དུ་བྱས་ཚེ་རྣམ་ཤེས་དགུག་བསྟིམ་སོགས་མི་འོས་ཀྱང་། སྡིག་པ་སྦྱང་བ་ནི་ངེས་པར་འོས་པས་གསོན་པོ་ལ་བྱ་བ་བཞིན་ཕྱིར་ལྡོག་དབང་དང་བཅས་པའི་མཐར་འཕོ་བ་སོགས་མཛད་ན་ལེགས་སོ། །བྱང་བུ་མི་སྲེག་ན་ཟས་གཏད་ཀྱི་རྗེས་སུ་ཚེ་འདས་ཀྱི་རྣམ་ཤེས་རྡོ་རྗེ་སེམས་དཔར་གསལ་བ་མདུན་གྱི་ནམ་མཁར་སྤར་ནས་ལམ་བསྟན། བྱང་བུ་སྲེག་ན། རྣམ་ཤེས་ནམ་མཁར་སྤུར་རྗེས་བྱང་བུ་བསྲེག །དེ་ནས་ལམ་བསྟན། ཕུང་པོ་ཡོད་ཚེ་རྣམ་ཤེས་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་ཚར་ནས་ལམ་བསྟན། ལམ་བསྟན་སྦྱང་གཉིས་སྔོན་རྗེས་སྣ་ཚོགས་སུ་སྣང་ནའང་རང་རང་གི་ལུགས་དེ་ལས་འགལ་བ་མེད། བྱང་བུ་བསྲེགས་ནས་སཱཙྪ་ཚུལ་བཞིན་


JKT004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པ་ཉིད་བཟླས་ཡུངས་དང་བྱེ་མ་བཅས་རྒྱ་མཚོར་འབབས་པའི་ཆུ་བོར་སྤྱན་འདྲེན་པ་ལེགས། བདུན་ཚིགས་ཀྱི་དོན། ཤི་ནས་ཞག་བདུན་གྱི་ཚེ་བདུན་དང་པོ་སོགས་རིམ་པར་འཛིན་པའི་ཁུངས། སྦྱོང་རྒྱུད་ལས། ལྷ་ཡི་བུ་ནོར་བུ་དྲི་མ་མེད་པ་ཤི་ནས་ཞག་བདུན་ནས་ངན་སོང་དུ་སྐྱེ་བར་གསུངས་པ་དང་འབྲེལ། གཞན་དག་ཞག་གསུམ་པར་རྣམ་ཤེས་ཕུང་པོར་གནས་པས། བདུན་ཚིགས་ཀྱི་མགོ་ཞག་བཞི་པ་ནས་འཛིན་པར་མཛད་དོ། །ཀུན་བཏུས་ལས། ཇི་ལྟར་ཐོགས་ན་ཞག་བདུན་གནས་ཏེ། ཞེས་དང་། གལ་ཏེ་མ་རྙེད་ན་ས་སྡེ་ལས། ལུས་བརྗེས་ནས་ཡང་ཞག་བདུན་བར་དུ་གནས་སོ། །ཤིན་ཏུ་བུལ་བ་རྣམས་ཀྱིས་སྐྱེ་བའི་རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་དུའང་གནས་སོ། །དེ་ཕན་ཆད་ནས་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞེས་གསུངས་པ་སྤྱིར་བཏང་གི་དབང་དུ་མཛད་པ་ལས། དམིགས་བསལ་ལ་ནི་ངེས་པ་མེད་དེ། མདོ་སྡེ་དག་ལས་ལོ་དང་བསྐལ་པར་གནས་པའང་བཤད་ཕྱིར། དགེ་རྒྱུན་ནར་མར་བཏང་བ་ནི་བར་དོར་ཡུན་རིང་དུ་གནས་པ་ལ་ཕན་གདགས་པ་དང་། གལ་ཏེ་ངན་སོང་སོགས་སུ་སྐྱེས་ནའང་དེའི་ཆེད་དུ་ལས་བྱས་པས་སྒྲིབ་པ་དག་པའི་ཕྱིར་ཏེ། རྒྱུད་ལས། སྦྱིན་སྲེག་མངོན་པར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་སོ། །མདོར་ན་རྡོ་རྗེ་སློབ་དཔོན་


JKT004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱིས་ལམ་བསྟན་ན་གྲོལ་བར་ནུས་པ་དང་། འབྲིང་གིས་ཀྱང་ངན་སོང་གི་སྐྱེ་བ་ལས་ལྡོག་པར་འགྱུར་བ་དང་། ཐ་མས་ཀྱང་ཆོ་ག་ཚུལ་བཞིན་དུ་བྱས་པས་ཅི་རིགས་པའི་སྨན་ཡོན་དུ་འགྱུར་བས་ན་བསྙེན་པ་ལས་སུ་རུང་བས་ཆོ་ག་ཚད་ལྡན་གྱིས་རྗེས་སུ་འཛིན་པ་ཤིན་ཏུ་གལ་ཆེའོ། ༈ །འོད་དཔག་མེད་ཀྱི་སྒོ་ནས་འཕོ་བའི་རྣལ་འབྱོར་ཟབ་མོའི་དམིགས་རིམ། རང་དང་གཞན་གང་ལའང་རུང་སྟེ། ལུས་ཕྱི་བལྟས་ནང་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་དྲང་པོར་ལྟེ་བ་ནས་སྤྱི་གཙུག་བར་རྩ་དབུ་མ་པདྨའི་སྣལ་མ་ལྟར་ཕྲ་བ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་ཞིང་སྣུམ་པ། ཏིལ་གྱི་མར་མེ་ལྟར་གསལ་དྭངས་འོད་ཀྱི་རང་བཞིན་ཅན་ཏེ་ཆོས་བཞི་ལྡན་སྦོམ་ཕྲ་གྲོ་སོག་འབྲིང་པོ་ཙམ་མམ་མདའ་སྨྱུག་འབྲིང་པོ་ཙམ་གང་བདེ་བསྒོམས་པའི་སྙིང་གའི་ཐད་དུ་རླུང་སེམས་འཇུག་པ་གཅིག་ཏུ་འདུས་པའི་ངོ་བོ་ཨ་ཡིག་དཀར་པོ་འོད་ཀྱི་རང་བཞིན་ཅན་ཞིག་བསམས་ཏེ། ངག་ཏུ་ཨ་ཞེས་སྐད་གདངས་རིང་པོར་བརྗོད་པས་སྙིང་གའི་ཨ་ཡིག་དེ་ཉིད་འདར་ཁྲི་ལི་ལི་ཡར་འཕར་ལ་ཁད་པ་ཞིག་གསལ་བཏབ་ལ། ཕྲཊ་ཅེས་དྲག་ཏུ་བརྗོད་པས་ཨ་དེ་ཉིད་སྐར་མདའ་འཕངས་པ་བཞིན་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམས་ལ་མཉམ་པར་བཞག །སླར་མར་ཕབ་པ་སོགས་སྤྱི་ལྟར། ཚེ་འདས་ལ་འོད་དཔག་མེད་


JKT004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐུགས། རང་སེམས། ཚེ་འདས་ཀྱི་རྣམ་ཤེས་བཅས་དབྱེར་མེད་དུ་ཅུང་ཟད་རེ་མཉམ་པར་བཞག །ཡང་སྔར་ལྟར་ཨ་ཡིག་ཞིག་གསལ་བཏབ་ལ་འཕོ་བ་སོགས་ལན་གསུམ་མམ་ཡིད་ཆེས་མ་སྐྱེས་བར་བསྐྱར། ཡང་ན། ཨ་ཕྲཊ་ཚར་གསུམ་གྱི། དང་པོས་ཨ་ཡིག་དེ་སྙིང་ག་ནས་མགྲིན་པར། གཉིས་པས་སྤྱི་བོར། གསུམ་པས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བ་ཡང་ཡོད་དེ་གང་བདེ་བྱའོ། །འདི་རྣམས་ཞལ་གྱི་གདམས་པ་སྟེ་གཞན་གཞུང་ལྟར་རོ།། ༈ །།དཀོན་བརྩེགས་ཉེ་བར་འཁོར་གྱིས་ཞུས་པའི་ལེའུ་ལས། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་པས་ཉེས་པ་བགྱིད་པའི་གནས་ལས་ངེས་པར་འབྱུང་ཞིང་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ།། ༈ །།དོན་ཞགས་ཀྱི་ཆོ་ག་ཞིབ་༡༨༠མོར། ཨོ་པདྨོ་རྞཱི་ཥ་བི་མ་ལེ་ཧཱུཾ་ཕྲཊ། གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ནས་ས་བཅུ་པ་ལ་གནས་འགྱུར། ཅེས་སོགས་དང་། དུང་ལ་ལན་བདུན་བཟླས་བརྗོད་བྱས་ནས་གནས་མཐོན་པོར་བུས་ན་སེམས་ཅན་གང་དག་དུང་དེའི་སྒྲ་ཐོས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། རི་དྭགས་དང་། བྱ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་དག་ཐམས་ཅད་མཐོ་རིས་ཀྱི་


JKT004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་གཞོལ་བར་འགྱུར་རོ། །ཞེས་དང་། ཙན་དན་ལ་ལན་བདུན་བཟླས་བརྗོད་བྱས་ནས་དགེ་འདུན་གྱི་ཀུན་དགའ་ར་བའམ། མཆོད་རྟེན་གྱི་འཁོར་སའམ། དགེ་འདུན་གྱི་ནང་ངམ། སྐྱེ་བོ་མང་པོའི་ནང་ངམ། རྒྱལ་པོའི་ཕོ་བྲང་དུ་བདུགས་ན་གང་དག་དེར་དྲི་མནམས་པའི་སེམས་ཅན་དེ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་གོས་ལ་བདུགས་ནས་གང་གི་ལུས་ལ་གྱོན་པ་དེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་དེའི་ཐིག་ལེའི་ཆོ་གར། །གང་ཞིག་རིལ་བུ་དེ་དག་བརྟེན། །རིལ་བུ་ཐིག་ལེ་རྟག་བྱེད་ལ། །དེ་བཞིན་གཤེགས་ཀུན་དགོངས་པར་མཛད། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཚེ་བརྗེ་བ་ནི་འཕོས་ནས་སུ། །བདེ་བ་ཅན་དུ་མོད་ལ་འགྲོ། །གང་དང་གང་དུ་སྐྱེ་བར་ནི། །ཚེ་རབས་རྟག་ཏུ་ཚེ་རབས་དྲན། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཞིང་། །དུས་ཀུན་དུ་ནི་བསྲུང་བ་དང་། །སྐྱོབ་དང་སྲེད་དང་སྲུང་བར་བྱེད། ཅེས་སོགས་གསུངས་ཤིང་། རིལ་བུ་གསང་སྔགས་འབུམ་བཟླས་པས་བསྒྲུབ་པར་གསུངས་སོ། །ཡང་དེ་ཉིད་ལས་གླེགས་བམ་མཐོང་བ་ཙམ་གྱིས་ཕྱིར་མི་ལྡོག་པ་སོགས་རྒྱ་ཆེར་བསྟན་ཏོ། ༈ །།སློབ་དཔོན་ངག་དབང་གྲགས་པས་འཆི་བདག་བསླུ་བའི་རྟོག་པར། །


JKT004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་ཀུན་ཏུ་བསླུ་བ་ནི། །གྲོལ་བ་ཉིད་ལ་རིགས་པ་ཡིན། །མ་གྲོལ་བ་ནི་ཐམས་ཅད་ཀྱི། །ཅུང་ཟད་དུས་སུ་བསྲིང་བ་ཡིན། །ཚེ་དང་དབང་པོ་རྣམས་དང་སེམས། །འགག་པ་འཆི་བའི་མཚན་ཉིད་དེ། །ཐབས་ཀྱིས་ཡུན་རིང་འཚོ་བ་ནི། །འཆི་བ་བསླུ་བ་ཞེས་བཤད་དོ། །ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། །ཅེས་སོགས་ནས་བརྩམས་ཏེ་ཕྱི་དང་། །ནང་གི་འཆི་ལྟས་བརྟག་པ་དང་། །ཕྱི་དང་ནང་གི་ཐབས་ཀྱིས་བསླུ་བ་སྟེ་ལེའུ་བཞིར་མཛད་དོ། །དེའི་ལེའུ་གསུམ་པ་ལས། །ཕྱི་དང་ནང་གི་བདག་ཉིད་ཀྱི། །འཆི་ལྟས་ཚོགས་ནི་ཤེས་བྱས་ནས། །ཕྱི་དང་ནང་གི་བདག་ཉིད་ལའང་། །བསླུ་བའི་བསྡུས་པ་ཤེས་པར་བྱ། །ལུས་དང་ངག་གི་ལས་ཀྱི་ཕྱི། །བསམ་གཏན་ལས་ཀྱི་ནང་གི་ཡིན། །ནོར་བུ་སྨན་སོགས་ཕྱི་ཡིན་ཏེ། །རྣལ་འབྱོར་ནུས་པ་ནང་གིའོ། །ཞེས་དང་། ཕྱིའི་འཆི་བསླུ་བཤད་པར། །དད་པ་སྔོན་དུ་འགྲོ་བས། །བྱ་དང་ཉ་དང་རི་དྭགས་སྦྲུལ། །རྐུན་པོ་གསད་པའི་ཕྱོགས་གཏོགས་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཅེས་སྲོག་


JKT004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབ་པ་དང་། དེ་བཞིན་དུ་བསླབ་གཞི་བསྲུང་བ། འཇིགས་པ་ལས་བསྐྱབ་པ། ཚུལ་གནས། མཆོད་པ། མཆོག་ལ་བཀུར་བ། འདོད་པའི་ལྷ་ལ་གུས་པ། །མཆོད་རྟེན་སོགས་འཇིག་པ་གསོ་བ། རྟེན་བཞེངས་པ། དགེ་འདུན་མཆོད་པ། མདོ་བཀླག་པ། གཟུངས་བཟླ་བ། དཀྱིལ་འཁོར་མཆོད་པ་སོགས་ཚོགས་སྤེལ་བའི་ལས་དང་། །ནོར་བུ་སྔགས་དང་སྨན་གྲུབ་དང་། །བཅུད་ལེན་སྟོབས་ཀྱིས་རང་ཉིད་ནི། །འཆི་བདག་ཕ་རོལ་གནོན་མཐོང་སྟེ། །རིག་འཛིན་གྲུབ་པ་ཇི་བཞིན་ནོ། །རིན་ཆེན་བརྟག་པའི་བསྟན་བཅོས་གང་། །རྟོག་ལ་མཁས་པས་རྡོ་རྗེ་འཆང་། །ཚེ་ཡི་ནོར་བུ་འཆང་བའང་རུང་། །དེ་བཞིན་ནོར་བུ་སྣ་ཚོགས་འཆང་། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། འཆང་བར་བྱེད་པས་འཆི་བདག་ཀུན། །ཟློག་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་སོགས་དང་། དབེན་པའི་གནས་སུ་རས་རིས་སོགས། །མདུན་དུ་མཆོད་པ་བྱས་ནས་ཀྱང་། །སྔགས་རྣམས་བཟླས་པ་ཙམ་གྱིས་ཀྱང་། །འཆི་བ་བསླུ་བ་འབྱུང་བར་འགྱུར། །ཅེས་མཚམས་སྦྱར་ནས། ཨ་རོ་ལི་ཀ་དང་། སྒྲོལ་དཀར། སྤྱན་མ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། སོར་འབྲང་སོགས་དང་། གྲུབ་པའི་སྨན་ནི་གཞན་དག་ཀྱང་། །ངེས་པར་བསྟེན་པར་གྱུར་པ་ཡིས། །ཚེ་འཕེལ་ནད་དང་རྒས་པ་ཡིས། །ཟད་པའི་


JKT004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མི་མཐོང་ངོ་། །ཅེས་སོགས་བཅུད་ལེན་གྱི་སྦྱོར་བ་སྟེ། རིན་པོ་ཆེ་དང་། སྔགས་དང་། སྨན་གྱི་བཅུད་ལེན་རྣམས་རིམ་པར་བཤད་ཅིང་། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། སོ་སོ་བྷིངྒ་རཱ་ཛར་བཅས། །རྣལ་འབྱོར་པ་ཡིས་རྟག་སྤྱད་ན། །ཕན་ཞིང་བདུད་རྩིར་འགྱུར་བ་ཡིས། གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེའི་ལུས་ཀྱི་གཟུགས་བཟང་ལྡན། །བསྐལ་པ་ཡི་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་བཟློག་པ་ཡིན། །ཅེས་དང་། ནང་གི་འཆི་བསླུ་ལ། ཐོག་མར་སྲུང་བའི་སླད་བགེགས་དགྲའི་གསང་སྔགས་འབུམ་བཟླ་བ་དང་། དེ་ནས་རིགས་ལྔ། འཇིག་རྟེན་དབང་ཕྱུག །སྒྲོལ་དཀར། །ཡུམ་བཞི། འཆི་མེད་རྡོ་རྗེ་ལྷ་མོ། །སྤྱི་བོར་ཟླ་དཀྱིལ་བསྒོམ་པ། ལྕེ་ཆུང་གི་བདུད་རྩི་མྱང་བ་སོགས་དང་། འཇུག་པའི་རླུང་ནི་བགྲང་བྱ་ཞིང་། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱི་ཆོ་ག་བཞིན། །སྒྲ་མེད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་དུ་ནི། །ཆོ་ག་བཞིན་དུ་རྫོགས་གྱུར་ན། །མི་ནི་ཚེ་ཉམས་གྱུར་པ་ཡང་། །ལོ་ལྔའི་བར་དུ་འཚོ་བར་ངེས། །སོགས་དང་། ནང་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བསྒྲུངས་ན་ནི། །ནད་རྣམས་ཀུན་ལས་ངེས་གྲོལ་ཞིང་། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་དང་། ཡང་བུམ་ཅན་དང་། ནམ་མཁའི་བ་འཇོ་བ་སོགས་


JKT004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་མཐར། །མཁས་པས་དངོས་པོ་མི་བསམ་ཞིང་། །དངོས་པོ་མེད་པའང་མི་བསམ་མོ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྒོམ་པ་དེ་ནི་བསྒོམ་དང་བྲལ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་ཉིད་འཛིན་པ་རྣམ་སྤངས་པའི། །སྟོང་པ་ཉིད་ནི་རྟག་བསྒོམས་ན། །འཆི་བདག་གིས་ནི་མཐོང་མི་འགྱུར། །ཅེས་དང་། འཆི་བ་ཞེས་བྱའི་རྣམ་རྟོག་འདི། །དངོས་པོ་ཀུན་ལ་ཡོད་མིན་ཏེ། །སོ་སོ་སྐྱེ་བོའི་རྣམ་འཕྲུལ་གྱིས། །རྣམ་པར་རྟོག་པས་བཅོས་པ་ཡིན། །རྣམ་རྟོག་སྡུག་བསྔལ་ཐམས་ཅད་དེ། །རྣམ་པར་རྟོག་པ་བདུད་ཅེས་བཤད། །དེ་བས་རྣམ་པར་རྟོག་གཞོམ་ཞིང་། །རྣམ་པར་མི་རྟོག་ཉིད་དུ་བྱ། །ཞེས་སོགས་རྒྱ་ཆེར་གསུངས་སོ།། ༈ །།ཛམ་བྷ་ལར་ཕུལ་བའི་ཆུ་སྦྱིན་དེ་ལོངས་སྤྱོད་འབྱུང་བའི་རྟེན་འབྲེལ་དུ་ཆུར་སོགས་སུ་བླུགས་པ་ཕྱག་ལེན་ནོ། །འཕྲོག་མ་ལ་ཅུང་སེང་སྟེར་བ་ཞེས་པ་ཆང་བུའི་བརྡའ་རྙིང་། ཆུ་སྦྱིན་སྐབས་ཐོག་མར་རང་ཉིད་ཁ་ས་ཎིར་གསལ་བ། ཀཾ་ཀ་ནིའི་སྐབས་མི་འཁྲུགས་པ་དང་། ཛྙཱ་ན་ཨ་བེའི་སྐབས་ཡེ་ཤེས་སྐར་མདའ་སྔོན་པོ། །གཡས་དེ་བཞིན་གཤེགས་པའི་ཁུ་ཚུར་བཅངས་པ་སྙིང་གར་བཞག་པ། གཡོན་མཆོག་སྨིན་གྱི་ཕྱག་རྒྱས་ནོར་གཞོང་འདེགས་པར་གསལ། འབྲོག་གནས་མཆེད་ལྔ་ནི། ནོར་བུ་བཟང་པོ། གང་བ་བཟང་པོ། ཡང་དག་ཤེས། རྒྱལ་བ་ཁྱུ་མཆོག །སྲེད་སྤོང་། །


JKT004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔའོ། །གསང་སྔགས་རྗེས་འཛིན་གྱི་འགྲེལ་པར་འཕྲོག་མའི་བུ་དགའ་བྱེད་ལ་སོགས་པ་བརྒྱ། འཕྲོག་མའི་བུ་མཐའ་རྟགས་དང་དབང་ཕྱུག་ལ་སོགས་པ་བརྒྱ། འཕྲོག་མའི་བུ་དབུ་མ་ཁྱབ་འཇུག་ལ་སོགས་པ་བརྒྱ། འཕྲོག་མའི་བུ་གང་བ་དང་འོག་མ་ལ་སོགས་པ་བརྒྱ། འཕྲོག་མའི་བུ་སྐྱེ་དགུའི་བདག་ལ་སོགས་པ་བརྒྱ་སྟེ་ལྔ་བརྒྱའོ། །ལམ་རྒྱུད་ལྔ། ལྷ་གཡེང་བའི་ལམ། མི་གདམས་པའི་ལམ། །དུད་འགྲོ་མུན་པའི་ལམ། ཡི་དྭགས་འགོགས་པའི་ལམ། དམྱལ་བ་གདུང་བའི་ལམ་རྣམས་ཞེས་བཤད་ཀྱང་དཔྱད་པར་བྱའོ།། ༈ །།འབྱུང་བཞིའི་འཆི་བསླུ་ལ། སའི་འཆི་བསླུར་སཙྪ་ལོ་གྲངས་བཏབ་པའི་ནང་དུ་ཚེའི་སྔགས་ཚེ་གེགས་ཞི་བ་དང་། །ཚེ་བསོད་འཕེལ་བའི་སྤེལ་ཚིག་ཅན་བཅུག །ཁྲིའི་ནང་། ཚེ་ལ་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ནན། ཧཱུཾ་བྷ་ཡ་ནན། ཅེས་བྲིས་པ་གཞུག །ཁམས་མཐུན་གྱི་ན་བཟའ་གསོལ། བུམ་ནང་ཚེ་ལྷ་རབ་འབྱམས་དང་། ཁྲིའི་ནང་ལྕགས་ཀྱི་འབྲུབ་ཁུང་རྒྱ་ཆེ་ཞིང་གཏིང་ཟབ་པར་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཕྱག་རྒྱ་བཞིས་བཅིངས་ཏེ་ཁ་རྡོ་རྗེ་རྒྱ་གྲམ་དང་རི་རབ་ཀྱིས་བཅད་པར་བསམ། རབ་གནས་སྤྱི་ལྟར་བྱ། གྲུབ་ན་རྣམ་རྒྱལ་མཆོད་རྟེན་མཚན་ཉིད་ཚང་བ་བཞེངས་པའི་ནང་དུ་གཞུག །མ་གྲུབ་ན་བྲག་སྐྱིབས་སོགས་གནོད་པ་བྲལ་བའི་དབེན་གནས་སུ་བསྐྱལ། གཞན་ཡང་དྲི་


JKT004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཆོ་གས་སཙྪ་གདབ་པ་དང་། ཇོ་བོའི་ལུགས་ཀྱི་སཙྪ་དགུ་མ་དང་། ལྔ་མ་སོགས་གདབ་པ་དང་། རྟེན་གསུམ་གསར་བཞེངས་དང་ཉམས་པ་གསོ་བ། སྲོག་བསླུ། ཉེའུ་འདོན། ལམ་འཕྲང་བཅོས་པ། ཟམ་པ་འཛུགས་པ། མཆོད་རྟེན་ལ་སྐུ་དཀར་གསོལ་བ་སོགས་ཀྱང་འདིའི་ཁོངས་སུ་འདུའོ། །མེའི་འཆི་བསླུ་ནི། ཚེ་གེགས་ཞི་བ་དང་། ཚེ་བསོད་རྒྱས་པ་ལ་དམིགས་ནས་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་བ། ཁྱད་པར་ཚེ་ལྷ་གང་རུང་གི་སྒོ་ནས། དུརྦའི་མྱུ་གུ་རློན་པའི་སྦྱིན་སྲེག་འབུམ་དུ་ཚང་བར་བྱ་བ་དང་། གཞན་ཡང་སྐྲ་སེན་སྲེག་པའི་ཆོ་གས་སྡིག་སྒྲིབ་དང་ཚེ་གེགས་ཞི་ཞིང་། ཚེ་བསོད་རྒྱས་པར་སྤེལ་བ། མར་མེ་འབུལ་བ། དཀར་གསུར་གྱི་མཆོད་སྦྱིན་གཏང་བ། དམར་གསུར་ལ་བརྟེན་ནས་འཆི་བ་བསླུ་བ་སོགས་ཀྱང་ངོ་། །ཆུའི་སྒོ་ནས་འཆི་བ་བསླུ་བ་ནི། ཆུ་གཏོར་གཏང་བ། ཉེའུ་གསོ་བ། ཆུ་སྦྱིན་སྟོང་ཟློག་གི་ཆོ་ག་སོགས་སོ། །རླུང་གི་སྒོ་ནས་འཆི་བ་བསླུ་བ་ནི། མན་ངག་ལྟར་གྱི་རླུང་འཁོར་བསྐོར་བ། ཁམས་མཐུན་གྱི་དར་རས་ལ་ཚེ་ལྷའི་གཟུངས་སྔགས་སྤེལ་ཚིག་དང་བཅས་པ་བྲིས་པའི་རྒྱལ་མཚན་ཟླ་རེ་བཞིན་ཡར་ངོ་ལ་ལྷ་བསང་དང་བཅས་ཏེ་རི་མཐོན་པོའི་རྩེར་འཛུགས་པ་དང་། ནང་གི་རླུང་སྦྱོར་སོགས་མཐའ་ཀླས་སོ། །གཞན་ཡང་ཚེ་མདུད། ཚེ་འཁོར། ཚེའི་ཟ་ཡིག །བཅུད་ལེན་ཕྱི་ནང་གསང་གསུམ།


JKT004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བསླུ་ཕྱི་ནང་གསང་གསུམ་གྱི་མན་ངག་སོགས་དང་། བླ་ཚེ་འགུགས་པ། འཆི་བདག་གི་ཟློག་མདོས་སོགས་རྟེན་འབྲེལ་མང་དུ་གསུངས་སོ།། ༈ །།སྲུང་མདུད་ནི། དར་རམ་སྲད་བུ་གཡོན་གྱི་སོར་མོ་ལ་ལན་གཉིས་སུ་དཀྲིས་པའི་བར་དུ་སྣེ་གཅིག་བཅུག་ནས་འཐེན་པས་མདུད་པ་རྡོ་རྗེ་རྩེ་གསུམ་པ་ལྟ་བུ་འབྱུང་། དེ་ལྷར་བསྐྱེད་ལ་རང་སྔགས་ཀྱིས་གདབ་ཅིང་། ཞུ་བའི་མདུད་པར་བསམས་ལ་བསྲུང་བྱར་གདགས། ཁུངས་ནི་སློབ་མ་ལྷག་གནས་ཀྱི་སྐབས་དང་གཞན་ཡང་མང་ངོ་།། ༈ །།རབ་གནས་ཤིན་ཏུ་བསྡུས་པར། རང་ལྷར་གསལ། བགེགས་སྦྱང་བ་སྔོན་དུ་འགྲོ་བས་གནས་བྱ་རང་རང་གི་དམ་ཚིག་པའམ། རྡོར་སེམས་སུ་བསྐྱེད། ཡེ་ཤེས་སྤྱན་དྲང་རྒྱས་གདབ་དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། ལྷ་དེའི་སྔགས་དང་། སུ་པྲ་ཏིཥྛས་མེ་ཏོག་འཐོར་བརྟན་བཞུགས་དང་ཤིས་པ་བརྗོད་དོ།། ༈ །།སྔོན་གྱི་བསྐལ་པའི་དང་པོ་ལ། ཞེས་པ་འདིར་རཏྣ་གླིང་པས། ནང་དོན་ཁྱད་པར་ཅན་ཞིག་ལ་དགོངས་ཙམ་ལས་གསལ་བར་མ་གསུངས་མོད། གཏེར་གཞུང་འགའ་ལས། མ་འཁྲུལ་སྔོན་གྱི་བསྐལ་པ་དང་པོ་ལ༔ ཀུན་གཞི་མ་བཅོས་སྙིང་པོ་ཡེ་སངས་རྒྱས༔ ཞེས་སོགས་སྣང་བས། རྫོགས་ཆེན་གྱི་གཞུང་རྣམས་སུ་གཞིའི་སྐབས་དུས་བཞིར་ཕྱེ་ནས། རིག་པ་ཀ་དག་གི་ཡེ་གཞི་གཟོད་ནས་འཁྲུལ་མ་མྱོང་བ་ལ་རྫོགས་ལྡན་ནམ། སྔ་


JKT004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ན་གྱི་བསྐལ་པའི་སྒྲས་སྨོས་པ་དང་། དེ་དང་མཚུངས་པར་དཔལ་སམྦུ་ཊི་ལས། །བསྐལ་པ་ཀུན་གྱི་སྔོན་རོལ་ནས། །སློབ་དཔོན་ཆེན་པོ་གདོད་ནས་གྲུབ། །ཆོ་ག་འདི་ཡིས་སེམས་ཅན་ཀུན། །རྒྱལ་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། འདིར་ཡང་། ནང་གསལ་ཆོས་སྐུའི་ཡེ་ཤེས་འཁྲུལ་པའི་མཚན་མ་ཆ་དང་བཅས་པ་ཤིན་ཏུ་ཞི་བའི་སྔོན་གྱི་བསྐལ་པ་དང་པོའི་ངང་ལས། ཕྱིར་གསལ་ལྷུན་གྲུབ་སྒོ་བརྒྱད་ཀྱི་ཐུགས་རྗེའི་འཆར་ཚུལ་མ་འགགས་པར་ཤར་བ་ལས། ཞིང་དང་། སྟོན་པ་དང་གདུལ་བྱ་སོགས་མིག་འཕྲུལ་ལྟ་བུའི་སྤྲིན་བཀོད་པའི་ཚེ་ན། རེ་ཞིག་ཚེ་ལོ་བརྒྱ་པའི་དུས་འདིར་ཛམ་བུའི་གླིང་པ་རྣམས་ཀྱི་ཚུ་རོལ་གྱི་སྣང་པའི་ངོར་འདུལ་བྱེད་མཆོག་གི་སྤྲུལ་པའི་སྐུར་བཞེངས་པའི་ཚུལ་ནི། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ཞེས་སོགས་རིམ་པར་འཆད་དོ།། ༈ །།ཆོས་ཉིད་ཟད་ས་ཞེས་པ་ལྟོས་གཞིའི་ཆོས་ཅན་ཟད་པས། དེ་ལ་ལྟོས་པའི་ཆོས་ཉིད་དུ་འཛིན་པའང་ཟད་པའི་དོན་ནོ།། ༈ །།ཆོས་ཟད་འཇའ་ལུས་སྐབས་སྐྲ་སེན་ཙམ་ལྷག་མར་བཞག་ཅེས་གསུངས་པར། ལ་ལས་སྐྲ་སེན་ལུས་ཀྱི་ཆ་ཤས་མ་ཡིན་པས་སོ་ཟེར། ཁ་ཅིག་གཞན་དོན་ལ་དགོངས་ཞེས་གསུང་ནའང་། དོན་དུ་སྐྲ་སེན་ངེས་པར་འཇོག་དགོས་པའི་ཁྱབ་པ་ཁས་མ་བླངས་པའི་ཕྱིར་དེ་ཙམ་གྱི་དོགས་པ་མི་དགོས་འདྲ་གསུངས།། ༈ །།ན་མོ་གུ་རུ་

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JKT004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱཿ རིམ་དགུའི་ཐེག་པ་ཡོངས་རྫོགས་བརྗོད་བྱར་བྱས་པ་སྐོང་བཤགས་རྡོ་རྗེའི་ཐོལ་གླུ་ལས། ཉན་ཐོས་ཀྱི་དཀྱིལ་འཁོར་ལྔ་ནི། གཙོ་བོ་ཤཱཀྱའི་རྒྱལ་པོ་ལ། དུས་བཟང་གི་ལྷ་གསུམ་དང་། དུས་གསུམ་སངས་རྒྱས་ཀྱིས་བསྐོར་བ། ༡ འཁོར་རྣམ་པ་བཞིས་དགེ་སློང་ཕ་མ། དགེ་བསྙེན་ཕ་མ། བསྐོར་བ། ༢ ཡང་འཁོར་རྣམ་པ་བཞི། ཉན་ཐོས་མཆོག་བརྒྱད། རང་རྒྱུད་པ་བརྒྱད་དེ་བཅུ་དྲུག་གིས་བསྐོར་བ། ༣ མཆོག་བརྒྱད་དང་ཉན་ཐོས་བཅུ་དྲུག་གིས་བསྐོར་བ། ༤ །གནས་བརྟན་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར་ཏེ་ལྔའོ།། ༈ །།རང་རྒྱལ་གྱི་དཀྱིལ་འཁོར་ནི། གཙོ་བོ་བཅོམ་ལྡན་འདས་ལ། བསེ་རུ་ལྟ་བུ་དང་། ༡ ནེ་ཙོ་ལྟ་བུ་དང་། ༢ ཚོགས་སྤྱོད་ཆེ་ཆུང་གི་སྤྲུལ་པ་རང་རྒྱུད་པས་བསྐོར་བ་དང་། ༣ རྟེན་འབྲེལ་བཅུ་གཉིས་བསྐོར་བ་སྟེ་བཞིའོ།། ༈ །།བྱང་སེམས་ཀྱི་དཀྱིལ་འཁོར་ནི། གཙོ་བོ་ཐུབ་དབང་ལ། ཡུམ་ཆེན། ཕྱག་རྡོར། ཤཱ་རིའི་བུ། སྤྱན་རས་གཟིགས་ཀྱིས་བསྐོར་བ། ༡ ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། ༢ ཡང་ནང་གི་པད་འདབ་བཞི་ལ་ཡུམ་ཆེན་སོགས་སྔར་ལྟར་དང་། ཕྱིའི་པད་འདབ་བརྒྱད་ལ། སངས་རྒྱས་དང་། སེམས་མ་བཞི་བཞིས་བསྐོར་བ། ༣ ལིང་ཚེ་དགུར་བཅད་པའི་དབུས་སུ་ཐུབ་དབང་ལ་རིགས་བཞིའི་སངས་རྒྱས་དང་། འཁོར་ལོ་རྩིབས་བཅུར་


JKT004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སངས་རྒྱས་རེ་རེ་འཁོར་སེམས་དཔའ་བཞི་རེ་དང་། གྲུ་ཆད་ལ་སྒེག་སོགས་བརྒྱད། ཁྱམས་ལ་སེམས་དཔའ་བཅུ་དྲུག །འདོད་སྣམ་ལ་བཀྲ་ཤིས་ལྷ་མོ་བཅུ་དྲུག །སྒོ་བཞིར་སྒོ་མ་བཞི་བཅས་ཀྱིས་བསྐོར་བའི་དཀྱིལ་འཁོར་ཏེ། ༤ འདི་བཞི་ལ་གཙོ་བོ་ཐུབ་པ་དང་ཡུམ་ཆེན་མོ་གོ་བརྗེས་པས་དཀྱིལ་འཁོར་བརྒྱད་དུ་འགྱུར་ལ། ༨ དེ་སྟེང་གཙོ་བོ་རྡོ་རྗེ་སེམས་དཔའ་སྟེ་ངོ་བོ་ཐུབ་པ་ལ། དགའ་བའི་སྤྱན་སོགས་བརྒྱད་དང་། རྩིབས་དྲུག་གི་བྱང་ཤར་གྱི་རྩིབས་དབུས་སུ་ཐུབ་པ་ལ་ཡུམ་ཆེན་སོགས་བརྒྱད། ཤར་ལྷོར་རྣམ་སྣང་ལ་ཟླ་འོད་སོགས་བརྒྱད། ལྷོར་རིན་འབྱུང་ལ་གསེར་འོད་སོགས་བརྒྱད། ལྷོ་ནུབ་ཏུ་ཤཱཀྱ་སེངྒེ་ལ་དྲི་མ་མེད་པའི་སྒྲ་སོགས་བརྒྱད། ནུབ་བྱང་དུ་སྣང་མཐའ་ལ་ངེས་པར་ཤེས་པ་སོགས་བརྒྱད། བྱང་དུ་དོན་གྲུབ་ལ་དགེ་བའི་བཤེས་སོགས་བརྒྱད། གྲྭ་བཞིར་སྒེག་སོགས། ལྷ་སྣམ་ལ་སེམས་དཔའ་བཅུ་དྲུག །འདོད་སྣམ་ལྷ་མོ་བརྒྱད། སྒོ་བ་བཞི་དང་བཅས་པས་བསྐོར་བ། ༩ དབུས་སུ་ཐུབ་པ་དང་ཡུམ་ཞལ་སྤྲོད། ཕྱོགས་མཚམས་སུ་གླང་པོ་དམ་པ་སོགས་བརྒྱད། ཕྱོགས་མཚམས་སྟེང་འོག་གི་པདྨར་མྱ་ངན་མེད་པ་སོགས་སངས་རྒྱས་བཅུ་ལ། ཆོས་ཀྱི་རྒྱལ་མཚན་སོགས་བྱང་ཆུབ་སེམས་དཔའ་བརྒྱད་རེས་བསྐོར་བ། གྲུ་བཞིར་སྣ་ཚོགས་སོགས། ལྷ་སྣམ་ལ་ཕྱོགས་སྐྱོང་བཅུ། སྒོ་བཞིར་


JKT004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་བཞི་དང་བཅས་པས་བསྐོར་བའི་དཀྱིལ་འཁོར་ཏེ་༡༠བཅུའོ།། ༈ །།བྱ་རྒྱུད་ཀྱི་དཀྱིལ་འཁོར་ནི་རིགས་གསུམ་མགོན་པོ་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོར་བྱས་པ་ལ། སྒེག་མོ། ཕྲེང་བ། གླུ། གར་མ་སྟེ་བཞི་རེས་བསྐོར་བ། ༣ ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཞེས། འཇམ་དཔལ། སྤྱན་གཟིགས། ཕྱག་རྡོར་གསུམ་ལ་འཁོར་གྲངས་མ་ངེས་པས་བསྐོར་བའི་དཀྱིལ་འཁོར་ཏེ་དྲུག་ཟླ གོ། ༣ ༈ །།སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་ནི། རྒྱ་མཚོ་ཞེས་པའི་སྒྲས་རྣམ་པ་གཅིག་ཏུ་ན་བྱ་བ་དང་། རྣལ་འབྱོར་གྱི་རྒྱུད་གཉིས་ཀར་གཏོགས་པས་དཀྱིལ་འཁོར་ལོགས་སུ་མི་བྱེད་པའི་དབང་དུ་བྱས་ན་གྲངས་མང་བ་དང་། གཞན་དུ་སོ་སོར་བྱེད་པ་ལྟར་ན་བཞིར་བཟུང་སྟེ། རྒྱ་མཚོ་ཆེན་པོ་བཞིས་མངོན་པར་བརྗོད་པའོ། །དེ་ཡང་རྣམ་སྣང་ལ་རིགས་བཞིས་བསྐོར་བའི་ལྷ་ལྔ། དེ་སྟེང་སྒེག་སོགས་བརྒྱད་བསྣན་པའི་བཅུ་གསུམ་མ། ༢ དེ་སྟེང་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་བསྣན་པའི་ཉེར་གཅིག་པ། ༣ དེ་སྟེང་ཕྱི་རོལ་དུ་དཔལ་མགོན་བདུན་ཅུ་བསྣན་པའི་གོ་དྲུག་མ་སྟེ། ༤ འོན་ཀྱང་རྒྱས་འབྲིང་བསྡུས་པ་དང་ཤིན་ཏུ་བསྡུས་པའི་དབྱེ་བ་ཙམ་ལས་དཀྱིལ་འཁོར་ཐ་དད་མ་ཡིན་ནོ།། ༈ །།རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ནི། ལིང་ཚེ་དགུའི་དབུས་སུ་རྣམ་སྣང་ཀུན་ཏུ་ཞལ། ཤར་ནས་བརྩམས་ཏེ་ཕྱོགས་བཞིར་མི་བསྐྱོད་པ་སོགས་


JKT004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་ལ། འཁོར་དུ་རྡོར་སེམས་སོགས་བཞི་རེས་བསྐོར་བ། མཚམས་བཞིར་ཡུམ་བཞི། གྲུ་ཆད་ཀྱི་ཕྱིར་དུ་སྒེག་སོགས་བརྒྱད། སྒོ་བཞིར་ལྕགས་ཀྱུ་མ་སོགས་བཞི། །ཕྱིའི་ལྷ་སྣམ་ལ་བྱམས་པ་སོགས་བྱང་སེམས་བཅུ་དྲུག་གིས་བསྐོར་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ།། ༈ །།མ་ཧཱ་ཡོ་གའི་དཀྱིལ་འཁོར་ནི། འོག་ཏུ་ཁྲོ་བོའི་དཀྱིལ་འཁོར་སྒོ་སྦྲགས་བཅུ་གཅིག་པ་དང་། དེའི་སྟེང་ཁར་རེག་ལ་མ་འབྱར་བའི་ཞི་བའི་དཀྱིལ་འཁོར་ཏེ། དེ་ཡང་ལྷ་ནི། ཞི་དཀྱིལ་ལ་གཙོ་བོ་ཀུན་བཟང་ཡབ་ཡུམ། རིགས་ལྔ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །བྱ་བྱེད། ཐུབ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དོ། །ཁྲོ་བོའི་དཀྱིལ་འཁོར་དང་པོ་དབུས་མར་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་ལ། དབང་མཆོག་ཡབ་ཡུམ། རྒྱུད་ལུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད། ཁྲོ་མོ་བརྒྱད་སྒོ་མ་བཞི། རྣམས་ཀྱིས་བསྐོར་བ། དཀྱིལ་འཁོར་གཉིས་པར་སྦྱོར་མ་བརྒྱད། གསང་ཡུམ་བཞི། གསུམ་པར་དབང་མོ་ཉེར་བརྒྱད་དེ་རྩ་བའི་དཀྱིལ་འཁོར། བཞི་པར་མཁའ་འགྲོ་མ་སོ་གཉིས། ཕྲ་མེན། ལྔ་པར་མ་བདུན་སྲིང་བཞི། དྲུག་པར་གིང་ཆེན་བཅོ་བརྒྱད་དེ་མཁའ་འགྲོ་ལས་ཀྱི་དཀྱིལ་འཁོར། བདུན་པ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་སྟེ་ཁྲོ་བོ་རོལ་པའི་དཀྱིལ་འཁོར། བརྒྱད་པར་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ་མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར། དགུ་པར་མ་མོ་དྲུག་ཅུ་སྟེ་དམ་ཚིག་ཆེན་པོའི་དཀྱིལ་


JKT004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། བཅུ་པར་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་དང་། ལྷ་མི་ནས་བཟུང་ཨ་ཏིའི་བར་གྱི་ཐེག་པ་བཅུ་གཅིག་གི་དཀྱིལ་འཁོར། བཅུ་གཅིག་པར་ཡོ་ག་གསུམ་གྱི་བརྒྱུད་པའི་བླ་མ་རིག་འཛིན་རྩལ་འཆང་གི་ལྷ་ཚོགས་ཏེ། དྲིལ་བས་དཀྱིལ་འཁོར་བཅུ་གཉིས་སོ། །ལ་ལ་དག་འདི་ཉིད་ཨ་ནུའི་དཀྱིལ་འཁོར་དུ་བཤད་པས་མ་ཧཱར་དྲངས་པ་ཇི་ལྟར་འབྲེལ་ཅེ་ན། དཀྱིལ་འཁོར་དགུ་པོ་ཨ་ནུ་ཡིན་ཡང་། བཅུ་པ་མ་ཧཱ་དང་། བཅུ་གཅིག་པ་ཐུན་མོང་ཡིན་པའི་ཕྱིར་མ་ཁྱབ་བོ། །ལ་ལ་དག་མ་ཧཱ་ལ་རྒྱུད་ལུང་གཉིས་ལས། རྒྱུད་སྡེ་སྒྱུ་འཕྲུལ་ལ་ཞི་ཁྲོའི་དཀྱིལ་འཁོར་གཉིས། དེ་གཉིས་གཅིག་ཏུ་དྲིལ་བ་དོང་སྤྲུགས། །སྒྲུབ་སྡེ་བཀའ་བརྒྱད་སོ་སོ་དང་། དེ་གཅིག་ཏུ་དྲིལ་བ་སྟེ་བཅུ་གཉིས་སོ། །ཞེས་ཟེར་ཏེ་ཁུངས་དང་འབྲེལ་ན་ལེགས་སོ།། ༈ །།བསྐྱེད་རིམ་སྐབས་ཀྱི་ཟིན་བྲིས་ཉུང་གསལ་དགེ །ཐོག་མར་གཉིད་༡སད་པའམ། མཉམ་བཞག་ལས་ལྡང་བ་ན། སྣོད་བཅུད་ལྷ་དང་གཞལ་ཡས་སུ་དག་པ་དྲན་པའི་ངང་། རང་ཉིད་ཡི་དམ་གྱི་སྐུར་ལྡངས་རྗེས། རིག་པ་བྱང་ཆུབ་སེམས་ཀྱི་ངང་དུ་བསྡུས་ལྡངས་ནས་བསྔོ་སྨོན་སོགས་བྱ། དེ་ཚུནས་མཚན་གུང་གི་ལྟུང་བཤགས་འདོན་ཞིང་ཕྱག་འཚལ། སླར་མལ་དུ་ཞུགས། ཐོར་༢ཐུན་བསྡམས། ཚོགས་ཞིང་གསལ་འདེབས་དང་། བློ་ལྡོག་རྣམ་བཞི་བསྒོམ་པ་དང་རྗེས་འབྲེལ་སྐྱབས་སེམས་ཡན་


JKT004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདུན་པ་སོགས། དེ་ནས་རྡོར་སེམས་སྒོམ་བཟླས་དང་འབྲེལ་བར་དབང་བཞི་ལེན་པ་སོགས་བྱེད་པའམ། མིན་ཀྱང་ཚོགས་ཞིང་ལས་དབང་བཞི་བླངས་རྗེས། ཚོགས་ཞིང་རྣམས་སྤྱི་བོ་ནས་བསྟིམས་ཏེ་སྒོ་གསུམ་དང་དབྱེར་མེད་དུ་གྱུར་པའི་ངང་། ཏིང་འཛིན་རྣམ་གསུམ་རང་རང་ལ་བརྟན་པ་མ་ཐོབ་བར་རིམ་གྱིས་བསྒོམས་པས་དྲན་པ་ཉེར་གཞག་བཞི་སོགས་སྔགས་ཀྱི་ཚོགས་ལམ་ཆུང་ངུ་ཆེན་པོ་རྣམས་བགྲོད།རྗེས་འོད་གསལ་དུ་བསྡུ་ཞིང་སྒྱུ་མའི་ལྷ་སྐུར་ལྡང་བ། ལྟུང་བཤགས་འདོན་པ་སོགས་འདྲ། ཞོག་ཇ་བཏུང་སྔ་ཐུན་༣གཉིས་དེ་བཞིན། གུང་ཐུན་གྱི་ཆ་ལ་གཏོར་མ་བཏང་བ་དང་། གུང་ཚིགས་དང་འབྲེལ་བའི་ཁ་ཏོན་དགོས་རིགས་རྣམས་བྱ། དེ་རྗེས་ཕྱི་ཐུན་༤ ཡང་གུང་ཐུན་དང་འདྲ་བ་ལ། དམིགས་བསལ་ཚོགས་མཆོད་ཡོད་ན་ཡང་། གཏོར་བསྔོ་སོགས་བྱ། དགོངས་ཇ་བཏུང་། མཚན་ཐུན་དང་པོ་སྲོད་ཐུན་༥ནི། ལུས་སྦྱིན་དང་འབྲེལ་བ་ལས་ཐུན་དངོས་ཐོར་ཐུན་དང་འདྲ། ལྟུང་བཤགས་སོགས་ཀྱང་དེ་བཞིན། མཚན་གུང་༦གི་ཐུན་ལ། འོད་གསལ་ཟིན་པའི་ཆེད་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་དང་འབྲེལ་བར་གཉིད་ཀྱི་འོད་གསལ་ལ་འཇུག་དང་ལྡང་བ་སོགས་བྱ། དེ་དག་ནི་བསྙེན་པའི་སྐབས་སུ་ཐུན་དྲུག་གཅོད་ཚུལ་ལོ།། ༈ །།ཉེ་བསྙེན་གྱི་སྐབས་སུ་གཞན་འདྲ། ཐུན་གྱི་དངོས་གཞི་རྣམས་སུ་བསྐྱེད་


JKT004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཕྱག་རྒྱ་གཅིག་པའི་སྒོམ་བཟླས་དང་འབྲེལ་བར། རྫོགས་རིམ་དབེན་གསུམ་སོགས་གསང་དབང་གི་ལམ་གཏུམ་མོའི་རྣལ་འབྱོར་ཟུང་འབྲེལ་དུ་བསྒོམ་པ་ནི་ཁྱད་པར་རོ།། ༈ །།སྒྲུབ་པ་དང་། །སྒྲུབ་ཆེན་གྱི་སྐབས་སུ། བསྐྱེད་རིམ་ཕྲ་བ་ཕྱག་རྒྱ་སྤྲོས་བཅས་དང་འབྲེལ་བར། རྫོགས་རིམ་དབང་གོང་མ་གཉིས་ཀྱི་ལམ་དང་རིམ་བཞིན་ཟུང་འབྲེལ་དུ་བསྒོམས་པས་དབང་པོ་ལྔ་དང་སྟོབས་ལྔས་བསྡུས་པའི་སྦྱོར་ལམ་བཞི་བགྲོད་དེ། རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐོང་ལམ་རྣམ་སྨིན་རིག་འཛིན་དང་། ཚེ་དབང་། མཐར་ལམ་ལྷུན་གྲུབ་རིག་འཛིན་རྣམས་རིམ་གྱིས་ཐོབ་སྟེ་འབྲས་བུ་ལ་སྦྱོར་བའི་ཚུལ། ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་བ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན། བསྐྱེད་རིམ་ཡན་ཏིང་འཛིན། ལག་བཞི། ལམ་གྱུར་འབྲས་བུའི་མཚན་ཉིད་རིག་འཛིན་རྣམ་པ་བཞི། ལམ་རྒྱུད་ཀྱི་དངོས་པོ་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུ་བའི་ཚུལ་དཔལ་ལྡན་ཟུར་པའི་བཤད་སྲོལ་ལས་རྒྱ་ཆེར་ཕྱེ་བ་ལྟར་རོ། །བསྐྱེད་རིམ་མཆོག་ཏུ་གཅེས་པའི་ཚུལ། །


JKT004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་སྟོང་འཛིན་གྱི་བློ། བཏུལ་ནས་སུ། །སྔགས་དང་བསྐྱེད་རིམ། ཕྱག་རྒྱ་རབ་བརྟན་ནས། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། ཞེས་སོ། །མངྒ་ལཾ།། ༈ །།སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་ངར་འཛིན་པ། བག་ཆགས་སྤོང་འགྱུར་ཞིང་། བློ་བྲལ། ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །ཞེས་དང་། བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བས། །བློ་ཡི་མདུན་ན་ཅི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། སྒྱུ་དྲྭར། གང་གིས་དམིགས་མེད་མི་ཤེས་པས། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པའི་དམིགས་མེད་ཤེས་པར་གྱིས། །དབུ་མ་ཐལ་འགྱུར། ཞེས་སོ།། ༈ །།རྣམ་རྟོག་ཅི་ཤར་ཡང་རྡོ་ཚན་གྱི་སྟེང་དུ་ཁ་བ་བབས་པ་ལྟ་བུ་ཞིག་དགོས། རྣམ་ཤེས་སྟོང་པ་ནི་ཁོ་རང་གི་གནས་ཚུལ་ཙམ། རིག་པ་སྟོང་པ་ནི་ལྟ་བས་ངེས་པ་རྙེད་པ། རྣམ་ཤེས་གསལ་བ་ནི་ཡུལ་རྐྱེན་དང་འཕྲད་ཚེ་བསླད་པ། རིག་པ་གསལ་བ་ནི་སྟོང་པའི་གོ་མ་འགགས་བཞིན་ལ་ཡུལ་རྐྱེན་གྱིས་མ་གོས་པ་སྟེ་ཆུ་དང་དངུལ་ཆུ་ས་ལ་ལྷུང་བ་ལྟ་བུའོ། །རྣམ་རྟོག་སྔ་


JKT004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་བར་གསུམ་ཅི་ཤར་ཡང་མེ་ལོང་དྭངས་པའི་ངོས་ལ་གཟུགས་བརྙན་འཆར་བ་ལྟ་བུ་སྟེ། ད་ལྟར་གཟུགས་ཤར་ཡང་ཤར་དུས་ནས་རང་བཞིན་མེད་པ་ལྟ་བུའོ།། ༈ །།ཐོད་རྒལ་གྱི་སྐབས། ནང་གི་རིག་པ་ཆུ་ལྟ་བུ། ཉི་ཟེར་ཕོག་པས་ཆུའི་འོད་ལོགས་སུ་ཕོག་པ་ལྟར་སྒྲོན་མ་མཐོང་བའོ། །ཐིག་ལེ་ཁྲིག་གེར་བརྟན་དུས་རླུང་སེམས་དབུ་མར་ཚུད་པའོ། །ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་ལས། འཇིག་རྟེན་ན་ཡུལ་རྫུན་པ་དངོས་མེད་མེད་སྣང་བ་ཉིད་བློ་འཁྲུལ་པར་འཇོག་པ་ཡིན་ཏེ། རྨི་ལམ་གྱི་ཤེས་པ་བཞིན་ནོ། །དངོས་པོར་སྣང་བ་ཉིད་མ་འཁྲུལ་བར་འཇོག་པ་ཡིན་ཏེ་སད་པའམ་ཟླ་བ་གཅིག་འཛིན་གྱི་ཤེས་པ་བཞིན་ནོ། །དེ་བས་ན་སྔོ་སོང་ཆོན། སེམས་ཉིད་མ་ཡིན་ཏེ་དོན་དུ་སྣང་བའི་ཕྱིར་རོ། །ཁྱབ་པ་མེད་ན། དོན་དུ་སྣང་བ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་དེ་སེམས་སུ་མི་རུང་སྟེ། མ་འཁྲུལ་བ་ཐམས་ཅད་ཀྱི་ཡུལ་དེ་ཁོ་ན་ལྟར་འཛིན་པས་ན་དོན་སྣང་ཉིད་དོན་དངོས་སུ་བདེན་པའི་ཕྱིར་རོ། །འཁྲུལ་ན་སེམས་སུ་མི་འཐད་དེ་དོན་སྣང་རྫུན་ཞིང་། རྫུན་པ་དངོས་མེད་ཡིན་པས་དངོས་པོ་ཙམ་ཁེགས་པས་སེམས་ཀྱི་དངོས་པོ་མི་སྲིད་པའི་ཕྱིར་རོ། །ཞེས་དང་། གཅིག་དང་ཐ་དད་དུ་མི་འཐད་པ་ནི་ཤེས་པ་དང་རྣམ་པ་སོ་སོར་བདེན་པར་མི་རུང་སྟེ། ཡུལ་མ་རིག་པ་ལ་ཤེས་པའི་མཚན་ཉིད་མེད་པའི་ཕྱིར་དང་།


JKT004_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ལུས་ཀྱི་ཕྱིར་ཐོན་པས་ཤི་བར་ཐལ་བའི་ཕྱིར་དང་། སེམས་མིག་གིས་མཐོང་བ་དང་སྲང་དུ་གཞལ་དུ་རུང་བར་ཐལ་བའི་ཕྱིར་དང་། རི་དང་ཤིང་ལ་སོགས་པས་ཚུར་རང་རང་རིག་པར་ཐལ། རང་གིས་དེ་དག་རིག་པའི་ཕྱིར། ཁྱབ་པ་མེད་ན་རི་ལ་སོགས་པ་རང་གི་ཤེས་པ་ཡིན་པ་ཉམས་སོ། །ཞེས་དང་། ཚུལ་འདིས་སྣང་བ་སེམས་སུ་འདོད་པ་དང་། འགྲོ་བ་ཐམས་ཅད་ཤེས་རྒྱུད་གཅིག་པར་སྨྲ་བའི་གཏི་མུག་ཅན་རྣམས་བཀག་པ་ཡིན་ནོ། །ཁོ་བོ་ཅག་ནི་འཁྲུལ་ངོར་སྣང་བ་འདི་ཉིད་ཇི་ལྟར་སྣང་བཞིན་པའི་རྟེན་འབྲེལ་དུ་སྣང་བ་ཉིད་ཀྱིས་སེམས་དང་སེམས་ལས་གཞན་དུའང་ཅུང་ཟད་བདེན་པར་མི་འདོད་དེ་རྨི་ལམ་བཞིན་ནོ། །ཞེས་སོ། ༈ །ལས་སྒྲིབ་རྣམ་སྦྱོང་གི་གཟུངས་ལས། གང་ཞིག་སྙིང་རྗེ་ཆེན་པོས་ནོན་ཏེ། རི་དྭགས་བྱ་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཞེས་དང་། མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་པ་བཏབ་པ་ཡང་རུང་སྟེ། འཆི་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ནས་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ། རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་


JKT004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བར་འགྱུར་རོ། །ཞེས་ཐོས་གྲོལ་དང་། མཐོང་གྲོལ་བསྟན། གཞན་ཡང་དོན་ཞགས་ཀྱི་ཆོ་ག་ཞིབ་མོ་དང་། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོགས་པ་སོགས་ལས་བྲིས་སྐུའི་ཆོ་ག་དང་། །རིལ་བུ་དང་། རྫས་ལ་བརྟེན་ནས་རིག་འཛིན་སྒྲུབ་པའི་ཚུལ་སོགས་ཤིན་ཏུ་མཐའ་ཡས་པ་བསྟན། སོར་འབྲང་མའི་མདོ་ལས་བཏགས་གྲོལ་དང་། ཇོ་བོ་རྗེའི་གྲོང་ཁྱེར་རྒྱུན་གཅོད་ཀྱི་འཁོར་ལོར་གྲགས་པའི་མཐའ་གྲོལ་སོགས་རྒྱ་ཆེར་གསུངས། ཁྱད་པར་དོན་ཞགས་ཀྱི་ཆོ་ག་ཞིབ་མོ་ལས། གསང་སྔགས་ཨོཾ་ཞེས་བྱ་བ་དྲན་ནས་ཚེ་འཕོས་པ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར། ཞེས་སོགས་ཡི་གེ་གཅིག་པ་ནས་བཅུ་པའི་བར་གྱི་ཕན་ཡོན་རྒྱ་ཆེར་བསྟེན་པ་ལས་ཡི་གེ་བཅུ་པ་ནི། ཨོཾ་པདྨ་ཊཱི་ཥ་བི་མ་ལེ་ཧཱུཾ་ཕཊ། གསང་སྔགས་སྙིང་པོ་ཡི་གེ་བཅུ་པ་འབུམ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པ་ཉིད་དུ་ས་བཅུ་པ་ལ་གནས་པར་འགྱུར་ཞིང་། ལྷ་དང་མིའི་སྐྱེ་དགུ་དག་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་བརྗོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཞེས་སོགས་དང་། སྙིང་པོ་བཅུ་པོ་ལན་གཅིག་དྲན་ནམ། ཀློག་གམ། མིང་བཟུང་པའང་དྲན་ནམ། ལག་ན་རྡོ་རྗེ། དུས་ཚིགས་གཅིག་ཏུ་དྲན་པ་ཙམ་གྱིས་ཀྱང་། དེའི་མཚམས་མེད་བྱེད་པ། མནར་མེད་གཞོལ་བ། བསྐལ་


JKT004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པ་ཡང་དེས་ཐམས་ཅད་རྣམ་པར་དག་པར་འགྱུར་ལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་སྡིག་པ་བྲལ་བར་འགྱུར། ཚེ་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ལག་ན་རྡོ་རྗེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་རེ་བཞིན་གཞན་མི་སྨྲ་བར་ལན་བདུན་དྲན་པར་བྱའོ། །སེམས་ཅན་གང་ལ་ལ་སེམས་ཅན་དམྱལ་བར་གཞོལ་བ་ཤི་བ་དང་། དགེ་སློང་ལ་ལ་བསླབ་པའི་སྡོམ་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་རལ་བ་དང་། མཁན་པོ་དང་སློབ་དཔོན་ལ་གུས་པར་མ་བྱས་པ་ཤི་བ་དེའི་དོན་དུ་བྱེ་མ་གཙང་མ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ནས། དུར་ཁྲོད་དམ། རོ་བསྲེགས་སའམ། མཆད་པ་དེར་བྱེ་མ་གཏོར་བར་བྱའོ། །གང་དང་གང་ན་སེམས་ཅན་གང་དག་གི་རུས་པ་ཡོད་པར་བྱེ་མ་གཏོར་མ་ཐག་ཏུ་དེ་དང་དེར་བྱེ་མ་བབས་པའི་སེམས་ཅན་དམྱལ་བའམ། ཡི་དྭགས་སམ། ཤ་ཟར་སྐྱེས་པའམ། སྲིན་པོའི་སྐྱེ་གནས་སུ་སྐྱེས་ན་དེའི་མོད་ལ་ཚེ་བརྗེས་ནས་མཐོ་རིས་སུ་གཞོལ་བར་འགྱུར་ཞིང་། ནམ་ཡང་སེམས་ཅན་དམྱལ་བར་གཞོལ་བར་མི་འགྱུར་རོ། །ཡང་ན་གྲོ་ག་ལ་བྲིས་ནས་


JKT004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་གྱི་ནང་དུ་བཅུག་པའི་གནས་དེར་རྐང་གཉིས་པའམ། རྐང་པ་བཞི་པ་དག་ཉེ་བར་འོངས་པ་དེ་དག་ཐམས་ཅད་གྲིབ་མ་ཕོག་པ་ཙམ་གྱིས་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་ཅིང་། །ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་རོ། །ཐ་ན་རི་དྭགས་དང་། བྱ་དང་། ཐ་ན་ལྡང་སྐོ་སྐ་དང་། ནེའུ་ལེ་དང་། སྡིག་པ་དང་། སྦྲུལ་དང་། ཁྱི་དང་། རུ་སྦལ་དང་། ལག་འགྲོ་དང་། དཀྱིལ་འཁོར་དེ་ལ་གྲིབ་མ་བབས་པ་ཙམ་གྱིས་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་རྣམས་རྣམ་པར་དག་པར་འགྱུར་ཞིང་། དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ། །དུང་ལ་ལན་བདུན་བཟླས་། བརྗོད་བྱས་ནས་གནས་མཐོན་པོར་བུས་ན་དུང་དེའི་སྒྲ་ཐོས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། རི་དྭགས་དང་། བྱ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་དག་ཐམས་ཅད་མཐོ་རིས་ཀྱི་འཇིག་རྟེན་དུ་གཞོལ་བར་འགྱུར་རོ། །གང་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སེམས་ཅན་སྦྱིན་པ་ལ་དགའ་བ་དང་། གང་དག་བསྙེན་གནས་ལ་ཉེ་བར་གནས་པ་དང་།། གང་དག་སྐྱབས་གསུམ་བཟུང་བ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་དེ་དག་ཀྱང་། དུང་གི་སྒྲ་ཐོས་ནས་སེམས་ཅན་དེ་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་


JKT004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཐོབ་པར་འགྱུར་ལ། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར་རོ། །ཙནྡན་ལ་ལན་བདུན་བཟླས་བརྗོད་བྱས་ནས་དགེ་འདུན་གྱི་ཀུན་དགའ་ར་བའམ། མཆོད་རྟེན་གྱི་འཁོར་སའམ། དགེ་འདུན་གྱི་ནང་ངམ། སྐྱེ་བོ་མང་པོའི་ནང་ངམ། རྒྱལ་པོའི་ཕོ་བྲང་དུ་བདུགས་ན། གང་དག་དེར་དྲི་མནམས་པའི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་གོས་ལ་བདུགས་ནས་གང་གི་ལུས་ལ་གྱོན་པ་དེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ལུས་ལ་བབས་པ་ཙམ་གྱིས་དྲི་མ་དང་། སེར་སྣ་དང་། སྐྱོན་ཐམས་ཅད་སྤོང་བར་འགྱུར་རོ། །གོས་བཅངས་བ་ཙམ་གྱིས་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་རོ། །བདག་ཉིད་ཀྱི་གོས་དེས་བདུགས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོ་དང་། བཙུན་མོ་དང་། འཁོར་དང་བཅས་པ་དབང་དུ་འགྱུར། མཆོད་གནས་ཆེན་པོར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་བླ་མར་ཡང་འགྱུར་རོ། །འཕགས་པའི་དགེ་འདུན་གྱི་ནང་དུ་ཞུགས་ན་དགེ་སློང་ཐམས་ཅད་ཀྱི་མཆོད་གནས་ཆེན་པོར་འོས་པར་འགྱུར་རོ། །སྐྱེ་བོ་མང་པོའི་ནང་དུ་ཞུགས་ན་ནོར་ཆེན་པོ་འཕེལ་བར་འགྱུར་ཞིང་། མཆོད་པ་ཆེན་པོའི་འོས་སུ་འགྱུར་རོ། །ཞེས་སོགས་དང་ཐུན་མོང་གི་ལས་སྒྲུབ་པ་རྒྱ་ཆེར་


JKT004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། གྲོང་ཁྱེར་གྱི་སྒོ་བཞིར་བདུགས་ན་ནད་ཡམས་འཁྲུག་རྩོད་སོགས་ཆད་པ་དང་། འབྲོག་དགོན་པར་བདུགས་ན་གཅན་གཟན་དང་། ཆོམ་རྐུན་སོགས་ཀྱི་འཇིགས་པ་ལས་གྲོལ་བ་དང་། རིམས་ཐམས་ཅད་ལ་བདུགས་ན་དེ་ལས་ཐར་པའི་བར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བསྟན་ལ། གཞན་ཡང་། གང་ཞིག་རིལ་བུ་དེ་དག་བརྟེན། །རིལ་བུ་ཐིག་ལེ་རྟག་བྱེད་པ། །དེ་བཞིན་གཤེགས་ཀུན་ཀླུ དགོངས་པར་མཛད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་། །དེ་ཉིད་རིག་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོང་དག་ནི། །ཉི་མ་རེ་རེ་སོག་པར་བྱེད། །འཇིག་རྟེན་པ་ཡི་བདེ་སྤྱད་ཅིང་། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཞེས་སོགས་རིལ་བུ་དང་། ཐིག་ལེ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། སྦྱིན་སྲེག་དང་། མིག་འཕྲུལ་དང་། དཀྱིལ་འཁོར་དང་། གཏོར་མ། བྲིས་སྐུ་དང་། ཕྱག་རྒྱ་དང་། སྔགས་ཀྱི་ཆོ་ག་མཐའ་ཡས་པར་གསུངས་སོ། །རས་རིས་ཀྱི་ཆོ་ག་ལས། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་ཆ་བྱད་འཆང་བ་པདྨ་རྒྱས་པས་ཡོངས་སུ་བསྐོར་བར་བྱ་སྟེ། ཁོར་ཡུག་ཏུ་འོད་འདོམ་གང་པ་ཀུན་ནས་འབར་བའི་ཕྲེང་བ་ཅན་ཕྱག་བཞི་པ། ཞལ་གསུམ་པ་རལ་པའི་ཅོད་པན་གྱིས་བརྒྱན་པ། ཟླ་བ་ཚེས་པས་སྤྲས་པ།


JKT004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་ཀྱི་ཅོད་པན་འཆང་བ། མདུང་རྩེ་གསུམ་འཆང་བ། པདྨའི་འདབ་མ་རྣམ་པར་བཀྲ་བའི་པདྨའི་ཞགས་པ་འཆང་བ། ཕྱག་གཡོན་པ་པདྨ་འཆང་བ། པདྨའི་སྟེང་དུ་པདྨ་གཙུག་ཏོར་བྱའོ། །ཊྛའདབ་མ་ཕྱེད་ཁ་བྱེ་བའི་དབུས་ཀྱི་འདབ་མ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགུལ་ཡན་ཆད་ཙམ་ཅོད་པན་འཆང་བ། དབུ་འབར་བའི་སྙིང་པོར་ཡོད་པ་བྲི་བར་བྱའོ། །ཕྱག་གཅིག་ནི་དབུགས་འབྱིན་པ་འཆང་ཞིང་རིན་པོ་ཆེའི་ཆར་འབེབས་པ། །འབར་བའི་སྙིང་པོ་ཅན་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྣ་ཚོགས་པའི་གོས་འཆང་བར་བྱའོ། །ཞེས་སོགས་ནས། མཐོང་བ་ཙམ་གྱི་མོད་ལ་སྡུག་བསྔལ་དང་སྡིག་པ་དང་ངན་འགྲོ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འགྲོ་བ་ཐམས་ཅད་གཅོད་པར་འགྱུར་རོ། །ཉེས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་མཚམས་མེད་པ་ལྔ་ལས་རྣམ་པར་ཐར་པར་བྱེད་དོ། །མཐོང་བ་ཙམ་གྱི་མོད་ལ་དོན་ཡོད་པའི་དངོས་གྲུབ་སོ་སོར་ཐོབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཕྱག་རྒྱའི་ལེའུ་ལས། སྡིགས་མཛུབ་ཡོངས་སུ་དཀྲིས་པ་ལ་མཐེ་བོང་གི་སོར་མོ་དང་། གུང་མོའི་སོར་མོ་རབ་ཏུ་བརྐྱངས་ལ་ལྕགས་ཀྱུའི་རྣམ་པར་བཀུག་སྟེ་མིང་མེད་དང་། མཐེའུ་ཆུང་ལག་པའི་ནང་དུ་བཅུག་ནས་རྟག་


JKT004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྙིང་གའི་གནས་སུ་བཞག་པར་བྱ་སྟེ། འདི་ནི་དོན་ཡོད་པ་པདྨ་གཙུག་ཏོར་གྱི་རྩ་བའི་གསང་སྔགས་དང་ཕྱག་རྒྱར་བརྗོད་དོ། །ཞེས་རྩ་བའི་དམ་རྒྱ་དང་། ཕྱག་རྒྱ་འདི་ཉིད་ལས་གཡས་པའི་འཛུབ་མོ་བརྐྱངས་ཏེ་རྩ་བའི་གསང་སྔགས་ལན་གཅིག་བརྗོད་དོ། །ཞེས་ལས་སྒྲུབ་པའི་ཕྱག་རྒྱ་དང་། ཕྱག་རྒྱ་འདི་ཉིད་ལས་མཛུབ་མོའི་སོར་མོ་གཉིས་བརྐྱངས་ལ་ལྕགས་ཀྱུའི་རྣམ་པ་ཙམ་དུ་བཀུག་པ་འདི་ནི། ཞེས་སྤྱན་དྲངས་པ་ནས་གཤེགས་སུ་གསོལ་བའི་བར་ཐམས་ཅད་ཀྱི་ཕྱག་རྒྱར་གསུངས་སོ། །སྔགས་ཀྱི་ལེའུ་ལས། ཨོཾ་ཨ་མོ་གྷ་ཧྲི་ད་ཡ་པདྨོ་ཊཱི་ཥ་སཱ་དྷ་ཡ། བྷ་ར་བྷ་ར་སཾ་བྷ་ར། མ་ཧཱ་པདྨེ་སྭཱ་ཧཱ། སྐུལ་བ་དང་སྤྱན་དྲང་པ་དང་གཤེགས་སུ་གསོལ་པའི་སྔགས་སོ། །ཞེས་དང་། ཨོཾ་པདྨ་ཊཱི་ཨ་མོ་གྷ་ཛ་ལེ་སྭཱ་ཧཱ། ཁྲུས་བྱ་བའི་སྔགས། ཨོཾ་བཛྲ་ཨ་དྷིཥྛ་ཎ་པདྨེ་ཧཱུྃ། བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་པདྨ་ཊཱི་ཥ་ཨ་མོ་གྷ་ཨ་བྷི་ཥིཉྩ་ཨཱཏྨ་ཤུདྡྷེ་ཧཱུཾ། དབང་བསྐུར་བའི་སྔགས་སོ། །ཨོཾ་ཨ་པ་རི་མི་ཏཱ་ཛྭ་ལ་པདྨེ་ཧཱུཾ། བགྲང་ཕྲེང་གི་སྔགས་སོ། །ཨོཾ་ཤ་ཏ་ས་ཧ་སྲ་ཛྭ་ལི་ཏ་པདྨེ་དྷ་ར་དྷ་ར་ཧཱུཾ། བཟླས་བརྗོད་ཀྱི་སྔགས་སོ། །ཞེས་སོགས་རྒྱ་ཆེར་གསུངས་སོ།། ༈ །།ལྭ་ནག་དྲིལ་གསུམ་གྱི་སྔོན་འགྲེལ་བཤད་པའི་ཟིན་བྲིས་བདེ་ཆེན་ཞལ་གྱི་ཐིགས་ཕྲེང་ལས། མདོ་ཞེས་པས་གཞི་ཚུལ་ཁྲིམས་ལ་གནས་ནས་གྲུབ་མཐའ་སྨྲ་བ་བཞིར་རིམ་


JKT004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཇུག་པར་བསྟན། བྱ་བ་སོགས་ཀྱིས་རྒྱུད་སྡེ་བཞི་དང་། གསང་བ་ཞེས་པས་སྔགས་སྤྱི་དང་། གསང་བའི་མཐས་བྱེ་བྲག་བདེ་མཆོག་བསྟན་པར་བཞེད་དེ། །ཚུལ་གནས་གྲུབ་མཐའ་བཞི་ལ་ལེགས་བསླབས་ནས། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡི། །ཐེམ་སྐས་ལ་འཛེགས་རྣལ་འབྱོར་གསང་མཐའ་ཡི། །གཞལ་མེད་ཁང་དུ་བདེར་སོན་སྐལ་བ་བཟང་། ཞེས་གསུངས་དེ་ལྟ་བུའི་ལམ་སྲོལ་འཆད་པ་ལ། སྤྱི་དོན་གྱི་སྒོ་ནས་ཁོག་ཕུབ་པ་དང་། གཞུང་དོན་གྱི་སྒོ་ནས་ཉམས་ལེན་མངོན་རྟོགས་སུ་བསྒྲིགས་པའོ། །དང་པོ་ལ། རྒྱུད་གསུང་བ་པོའི་སྟོན་པ་བྱོན་ཚུལ། བྱོན་ནས་རྩ་བཤད་ཀྱི་རྒྱུད་གསུངས་ཚུལ། འགྲེལ་བྱེད་མཁན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་ཚུལ་བྱེ་བྲག་ལམ་སྲོལ་དང་བཅས་པ། སྙིང་པོར་གྱུར་པའི་ལམ་སྲོལ་ངོས་བཟུང་བ་བཞི། དང་པོ་ལ། སྟོན་པ་ཐམས་ཅད་མཁྱེན་པ་དང་། སྟོན་པ་ཧེ་རུ་ཀའི་བྱོན་ཚུལ་གཉིས་ནི་སྤྱི་ལྟར། གཉིས་པ་ནི། རྩ་རྒྱུད་ལ། རྒྱ་གར་དུ། ཕྱག་རྡོར། ཨིནྡྲ་བྷཱུ་ཏི། དཀར་རྒྱལ་ཟླ་བ། པི་ཙུ་ར་ཙཎཱ། བྷ་བ་བྷ་དྲ། ཀོང་ཀ་ན་རྒྱལ་བཟང་། དེའི་འགྲེལ་བཤད་ལྡན་གྲགས་པ་དང་། དེ་གཉིས་ཀྱི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ལངྐ་རྒྱལ་བཟང་། ལྭ་ཝ་པ། ལྷ་སྦས། སུ་མ་ཏི་ཀཱིརྟིས་མཛད་པ་སྟེ་བཅུ་གཉིས། བཤད་རྒྱུད་མངོན་འབྱུང་ལ་པཎྜི་ཏ་ཟླ་གཞོན། རྡོ་རྗེ་མཁའ་འགྲོ་


JKT004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནོར་བཟང་དང་བྷ་བ་བྷ་དྲ། ཀུན་སྤྱོད་ལ་སྨི་ཏི། ཁ་སྦྱོར་ལ་ཨིནྡྲ་བྷུ་ཏི། ཨ་བྷི་དྷ་ན་ལ་ཛྙཱ་ན་བཛྲ་དང་། ཤུ་རང་ཝ་རྨས་མཛད་པ་རྣམས་སོ། །འོ་ན་རྩ་རྒྱུད་འདི་ལ་ལམ་སྲོལ་འགྲེལ་ཚུལ་ཇི་ཙམ་ཞེ་ན། དུས་འཁོར། འཕགས་ལུགས། མ་རྒྱུད་སྤྱི། གསང་མཐའ་ལྟར་བཀྲལ་བ་བཞི། དང་པོ་ནི། རྩ་རྒྱུད་དང་མཁའ་འགྲོ་རྒྱ་མཚོ་གཉིས་རྩ་བཤད་དུ་སྦྱར་ནས་བཤད་པ། འདི་ལ་དཀྱིལ་འཁོར་བཞི་སྦྲག་གི་ལྷ་སྣམ་ལ་དཔའ་བོ་དང་རྣལ་འབྱོར་མ་ལྔ་བརྒྱ། དབུས་སུ་ཤཱཀྱ་སེངྒེ། མགྲོན་ཐབས་སུ་བསྐལ་བཟང་གི་སངས་རྒྱས་སྟོང་ལ་གཉིས་སམ་བཞི་མ་ཚང་བར་བཀོད། ལམ་བསྐྱེད་རིམ་ཏིང་འཛིན་གསུམ། རྫོགས་རིམ་སྦྱོར་དྲུག །གྲོགས་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་ནས་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལམ་སྲོལ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། བདེ་མཆོག་སྡོམ་འབྱུང་དང་རྩ་བཤད་དུ་སྦྱར་བ་སྟེ། གཙོ་བོར་རྡོར་སེམས་ཞལ་གསུམ་ཕྱག་དྲུག་པ་ལ་འཁོར་ལྷ་བཅུ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར། བསྐྱེད་རིམ་ཏིང་འཛིན་གསུམ། རྫོགས་རིམ་རིམ་ལྔ། གྲོགས་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་ནས་འབྲས་བུ་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལམ་སྲོལ་ཡོངས་སུ་རྫོགས་པ་ཞིག་ཡོད་དོ། །གསུམ་པ་ནི། སངས་རྒྱས་མཉམ་སྦྱོར་དང་རྩ་བཤད་དུ་སྦྱར་


JKT004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆད་པ་སྟེ། འདི་ལ་མཁའ་འགྲོ་རྒྱ་མཚོ་དང་སྡོམ་འབྱུང་ལྟ་བུའི་ཁྱད་ཆོས་གང་ཡང་མེད། ཀྱེ་རྡོར་སོགས་ལམ་རིམ་ཀུན་མཐུན་པར་སྦྱིན་བྱ་བཞི་སྦྱིན། བསླབ་བྱ་གཉིས་བསླབ། གྲོགས་སྤྱོད་པ་གཉིས་འགྲེལ་པ་ལུགས། ཀྱིས་མཚམས་སྦྱར་ཏེ་འབྲས་བུ་འགྲུབ་པར་བྱེད་དོ། །བཞི་པ་ནི། དཀར་རྒྱལ་ཟླ་བས། འབྱུང་དང་མཁའ་འགྲོ་ཀུན་སྤྱོད་དང་། །ཁ་སྦྱོར་རྒྱུད་དང་བླ་མ་སྟེ། །བཤད་རྒྱུད་རྣམ་པ་ལྔ་རུ་འདོད། །ཅེས་བཤད་རྒྱུད་ལྔས་རྩ་རྒྱུད་ཀྱི་དགོངས་པ་བཀྲལ་བའི་ལམ་སྲོལ་རྨད་དུ་བྱུང་བ་ལ་ཚོགས་སློབ་ཀྱི་བཤད་མན་ངག་ལུགས། སྲོལ་གཉིས་ལས། དང་པོ་ནི་ནཱ་རོ་པ་ནས་པྲཛྙཱ་རཀྟི་ཏ། མ་ན་ཀ་ཤཱི། ཀ་ན་ཀ་ཤི། སུ་མ་ཏི་ཀཱིརྟི། དེས་མར་པ་དོ་པ་དང་པུ་རོང་ལོ་ཆུང་གཉིས་ལ་གནང་། བུ་ལུགས་དམར་ཕྱོགས་ནས་བུ་དགེར་བབས། གཉིས་པ་ནི། ནཱ་རོ་པ་དང་ཕམ་མཐིང་མཆེད། །གློག་སྐྱ་མལ་ལོ་ས་སྐྱ་པ། །ཞེས་སོ། །སྔ་མ་ནི་གྲུབ་ཆེན་གྱི་གཞུང་གི་དངོས་བསྟན་ལ་འགྲེལ་པ་དང་བསྟན་བཅོས་གཞན་ནས་ཁ་བསྐངས་ཏེ་མཁའ་འགྲོའི་ཞལ་གྱི་གདམས་པ་ལ་སྐྱོན་ཅུང་ཟད་ཞུགས་པ་ཡིན་ལ། ཕྱི་མ་ནི་ནཱ་རོ་རྩ་རྐྱང་གི་མན་ངག་བྱ་བ་གྲུབ་ཆེན་ལཱུ་ནག་དྲིལ་གསུམ་གྱི་གཞུང་གི་དངོས་བསྟན་ལ་བླ་མའི་མན་ངག་དང་རྩ་བཤད་ཀྱི་རྒྱུད་ཀྱིས་ཁ་སྐོང་ཅུང་ཟད་བྱས་ཏེ། མཁའ་འགྲོའི་ཞལ་གདམས་ལ་སྐྱོན་མ་ཞུགས་པ་ཡིན་པས་གཞན་ལས་ཆེས་


JKT004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ། དེའི་བརྗོད་བྱ་ཡང་། གཞི་དྲི་བཅས། ལམ་དྲི་མ་སེལ་བྱེད། འབྲས་བུ་དྲི་མ་དག་པའི་འཁོར་ལོ་བདེ་མཆོག་སྟེ་རྒྱུད་གསུམ་དུ་འདུས།་ཉུང་ངུའི་རྒྱུད་ལ་འགྲེལ་ཚུལ་རྣམ་བཞི་ལས། །གསང་མཐའ་ལྟར་དུ་བཀྲལ་ལ་འགྲེལ་པ་དང་། །མན་ངག་ལུགས་གཉིས་ཕྱི་མ་མཁའ་འགྲོ་ཡི། ཞལ་གདམས་སྐྱོན་མེད་རྩ་རྐྱང་ཞེས་སུ་འདོགས། །ཞེས་སོ། །བཞི་པ་སྙིང་པོར་གྱུར་པའི་ལམ་སྲོལ་ངོས་བཟུང་བ་ལ། ལུ་ནག་དྲིལ་གསུམ་ནཱ་རོ་མཁའ་སྤྱོད་དང་བཞི། དེ་ཡང་མར་པ་དོ་དང་པུ་ཧྲང་པ་སོགས་རྟེན་གྱི་གང་ཟག་གཉིས་དང་། རྗེ་བཙུན་ས་སྐྱ་པས་གཅིག་ལ་སྦྱོར་ཏེ། དེ་ཡང་། གང་ཟག་ལས་དང་པོ་པ་དང་སྐྱེ་གནས་མངལ་སྐྱེས་ཀྱི་དྲི་མ་སྦྱོང་བའི་ཕྱིར་ནག་པོ་པའི་ཆོས་སྐོར་གྱིས་འཁྲིད་པར་བྱེད། གང་ཟག་འབྲིང་དུ་ན་འཕོས་པ་དང་སྒོང་སྐྱེས་སྦྱོང་བྱེད་ལཱུ་ཧི་པ། གང་ཟག་རབ་དང་རྫུས་སྐྱེས་སྦྱོང་བྱེད་དྲིལ་བུ་པ། ཡང་རབ་ཚེ་གཅིག་མཁའ་སྤྱོད་ཆེ་ཆུང་གང་རུང་ཐོབ་འདོད་ལ་ནཱ་རོ་མཁའ་སྤྱོད་དོ། །བཤད་སྲོལ་ཀུན་གྱི་མཆོག་འདི་ལ་བརྟེན་པ་བླ་མ་གོང་མ་རྣམས་ཀྱི་ཉམས་ལེན་ཡང་འདི་ལ་བརྟེན་ནས་མཛད་ཅིང་གྲུབ་པའང་ཐོབ་པ་ཡིན་ནོ། །དེས་ན་རྩ་རྒྱུད་ནག་པོ་པའི། བཤད་རྒྱུད་ལུ་ཧི་པའི། ཟབ་དོན་དྲིལ་བུ་པའི། ཡང་རྩེ་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་དང་བཞིར་གྲགས། དང་པོ་ནི། ས་ཆེན་གྱིས་ནག་པོ་རས་


JKT004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། གཉན་གྱིས་མུ་ཏིག་ཕྲེང་བ། རྗེ་བཙུན་གྱིས་ནག་པོ་བཤད་སྦྱར་རྣམས་ལས། སྦྱིན་བྱ་བཞི་བསླབ་བྱ་གཉིས་གྲོགས་སྤྱོད་པ་གཉིས་ཀྱིས་མཚམས་སྦྱར་ནས་འབྲས་བུ་འགྲུབ་པར་གསུངས་པའི་ཕྱིར། རྩ་རྒྱུད་དང་ཧེ་རུ་ཀ་མངོན་འབྱུང་ལ་གཙོ་བོར་བརྟེན་ནས། ནག་པོ་པས་དཀྱིལ་ཆོག་གི་གཞུང་འདི་མཛད། འདི་ལག་ཏུ་བླང་བར་ས་ཆེན་གྱི་ནག་པོ་རས་བྲིས་དང་། རྗེ་བཙུན་གྱི་རྡུལ་ཚོན། འཕགས་པའི་དཀྱིལ་ཆོག་རྣམས་སོ། །ཆོ་ག་འདིའི་འགྲོས་ལཱུ་ཧི་པ་ལ་ཡང་སྦྱོར་བས། སྒྲུབ་ཐབས་གཉིས་ལ་དཀྱིལ་ཆོག་གཅིག་གིས་བྱ་བ་དེའོ། །བསྐྱེད་རིམ་ལ། རྩ་རྒྱུད་དང་རྡོ་རྗེ་མཁའ་འགྲོ་གཉིས་ལ་གཙོ་བོར་བརྟེན་ནས། ནག་པོ་པས་སྒྲུབ་ཐབས་ཀྱི་གཞུང་མཛད། དེ་ལག་ཏུ་བླང་བར་ས་ཆེན་གྱི་ནག་འབུམ། འཕགས་པའི་སྒྲུབ་ཐབས་རིམ་པ་གསལ་བ་སོགས་སོ། །རྩ་རྒྱུད། སཾ་ཊ། རྡོ་རྗེ་མཁའ་འགྲོ་གསུམ་ལ་བརྟེན་ནག་པོ་པས་སྦྱིན་སྲེག་གི་ཆོ་གའི་གཞང་མཛད། འདི་ལ་རྗེ་བཙུན་གྱིས་ཡིག་སྣ་མདོར་བསྡུས་དང་། འཕགས་པ་རིན་པོ་ཆེས་ལས་བཞིའི་སྦྱིན་སྲེག་དང་། དེ་ལ་ཞང་དཀོན་མཆོག་དཔལ་གྱི་དྲིས་ལན་སོགས་མང་ངོ་། །རྫོགས་རིམ་ལ། གསང་འདུས་དང་ཐུན་མོང་དུ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ། ཀྱེ་རྡོར་དང་ཐུན་མོང་དུ་ཨོ་ལ་པ་ཏི། གསང་མཐའ་ཐུན་མིན་དཔྱིད་ཐིག་དང་གསུམ། དེ་


JKT004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ནག་པོ་གཞུང་དྲུག་གོ །གཉིས་པ་ལ། རྩ་རྒྱུད་དང་རྣལ་འབྱོར་མ་ཀུན་སྤྱོད་ལ་རྒྱལ་པོ་ཌ་གི་པ་དང་། བློན་པོ་དྷཱ་རི་ཀ་པའི་ཆེད་དཔལ་མངོན་པར་རྫོགས་པའི་གཞུང་འདི་མཛད། འདིའི་ཚིག་དོན་གསལ་བྱེད་ཚིག་འགྲེལ་གཉན་གྱི་འབྲུ་འབུམ། ལག་ལེན་གྱི་དོན་གསལ་བྱེད་རྗེ་བཙུན་གྱི་དོན་འགྲེལ། འཕགས་པ་རིན་པོ་ཆེའི་སྒྲུབ་ཐབས། རྗེ་བཙུན་གྱི་ཀུན་སྤྱོད་ཡིག་སྣ་སོགས་མང་ངོ་། །རྫོགས་རིམ་ལ་བསྡུ་བ་གསུམ་རྩ་དབུ་མ། བདེ་མཆོག་དཀར་པོའི་ཁྲིད་རྣམས་སོ། །དྲིལ་བུའི་སྐོར་ལ། རྩ་བཤད་ཀྱི་རྒྱུད་ཀུན་ལ་བརྟེན་ནས་དྲིལ་བུ་སྐོར་གསུམ་མཛད། འདིའི་དོན་ལག་ཏུ་བླང་བར་རྩེ་མོའི་དྲིལ་བུའི་དཀྱིལ་ཆོག །སྐུ་མཆེད་གཉིས་ཀྱི་སྒྲུབ་ཐབས། འཕགས་པའི་སྒྲུབ་ཐབས། རྗེ་བཙུན་རིན་པོ་ཆེའི་རིམ་ལྔའི་འཁྲིད་སོགས་མང་ངོ་། །བཞི་པ། རྩ་རྒྱུད་ལེའུ་ཞེ་བརྒྱད་པ་དང་། ཞེ་གཉིས་པ་ནས་རྣལ་འབྱོར་མའི་ཕྱོགས་གཅིག་སོ་གཉིས་པར། རྡོ་རྗེ་ཕག་མོ་དེ་ཡི་ནི། །སྐུ་མདོག་མཚོན་ཆ་འཆང་ལ་གཟིགས། །ཅེས་པས་ལྷ་བསྟན། ནཱ་རོ་པས་གཞུང་ཆུང་དང་། ས་ཆེན་གྱི་མངོན་རྟོགས་སྐོར་བཅུ་གཅིག །བསྐྱེད་རྫོགས་ཡན་ལག་དང་བཅས་སྟོན་པ་ཕག་མོ་ལས་བཅུའི་གཞུང་རྣམས་མཛད། རྫོགས་རིམ་ནི་རྩ་རྒྱུད་ལེའུ་དང་པོར་བརྟེན་ནས་ཕྱག་ཆེན་གཅེས་བཏུས་དང་མན་ངག་གཅེས་བསྡུས་ཀྱི་ནང་ན་འཐོར་ནས་བཞུགས།


JKT004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོར་གྱུར་པ་གསང་མཐའི་ལམ་སྲོལ་ནི། །ལུ་ནག་དྲིལ་གསུམ་མཁའ་སྤྱོད་སྐོར་དང་བཞི། །རེ་རེའང་རྒྱུད་དང་གྲུབ་པའི་གཞུང་བཟང་དང་། །གསལ་བྱེད་གོང་མའི་ཡིག་སྣས་རྟགས་པར་བྱ། །གསང་མཐའ་ཉིད་རྒྱུད་སྡེ་གཞན་ལས་ཟབ་ཁྱད་ནི་སྣ་ཚོགས་སུ་འདོད་ཀྱང་རང་ལུགས་ནི། རྗེ་རྡོ་རྗེ་འཆང་གིས། འཛམ་གླིང་ན་ཞིང་སྐྱེས་ཀྱི་སྤྲུལ་སྐུ་རྣམས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབས་ཕྱིར་བཞུགས་ཀྱང་། བྱིན་རླབས་དེ་འགུགས་པའི་གདམས་ངག་མེད་ན་མི་ཡོང་བས། དེ་འགུགས་བྱེད་ཕོ་ཉ་གསུམ་བསྲེ་བ་འདི་གསང་མཐའི་ཟབ་ཁྱད་དེ། རྩ་རྒྱུད་ལས། དེ་བཞིན་ཕོ་ཉ་ལེགས་བསྲེས་པས། །སྒྲུབ་པ་པོས་ནི་དངོས་གྲུབ་ཐོབ། །ཅེས་སོ། །ཕོ་ཉ་གསུམ་ནི། རྒྱ་མཚོ་ལས། རྣལ་འབྱོར་མ་ནི་རྣམ་གསུམ་སྟེ། །ཞིང་སྔགས་ལྷན་ཅིག་སྐྱེས་རང་ངོ་། །ཞེས་སོ། །བསྲེ་ཚུལ་ནི། སྨིན་བྱེད་དབང་གི་སྐབས་དཔའ་བོ་བསྐུལ་བའི་ཚེ་བསྲེ། བསྐྱེད་རིམ་ལཱུ་ཧི་པས་དོན་འགྲེལ་ལས་གསུངས་པ་ལྟར་དང་། ནག་དྲིལ་གཉིས་ལ་བརྗོད་པ་གསུམ་དང་དྲན་པ་གསུམ་གྱི་སྐབས་བསྲེ། རྣལ་འབྱོར་མ་ལ་ཡེ་ཤེས་པ་གཞུག་པ་དང་འགྲོ་བ་དག་པའི་ཚེ་བསྲེ། རྫོགས་རིམ་ལ་ལས་རྒྱ་ལ་བརྟེན་ནས་བསྲེ་བས་ཆོས་ཀྱི་ཕྱག་རྒྱ་ལ་ཡང་བསྲེ་བ་སྐབས་ཐོབ་ཡིན་ནོ། །དེ་ལྟར་ཕོ་ཉ་བསྲེ་བའི་གདམས་ངག་གི་སྒོ་ནས་ཡི་དམ་གྱི་བྱིན་རླབས་རང་རྒྱུད་ལ་བསྡུས་ཏེ་བསྒོམས་


JKT004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱིན་རླབས་མྱུར་དུ་འཇུག །དེ་ལ་བརྟེན་ནས་ཏིང་ངེ་འཛིན་མྱུར་དུ་སྐྱེ། དེ་ལ་བརྟེན་ནས་ས་ལམ་མྱུར་དུ་བགྲོད་པ་ཡིན་ཏེ། རྩ་རྒྱུད་ལས། དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པར་བྱེད། །ཅེས་སོ། །སྐོར་ཚོ་བཞིའི་ནང་གསེས་ཀྱི་ཟབ་ཁྱད་ནི། རང་ལུགས་ཆོས་རྗེ་སངས་རྒྱས་དཔལ་བཟང་གི་གསུང་ལས། སྦྱང་གཞི་ལ་གནད་དུ་བསྣུན་ཚུལ་གྱི་སྒོ་ནས་ཟབ་ཁྱད་འདོན་གྱི། ལྷ་གྲངས་ཀྱི་སྒོ་ནས་མ་ཡིན་ནོ། །ནག་པོ་པས་ནི་ཕྱི་རྟོག་བརྟན་ནས་སེམས་ལ་གཙོ་བོར་གནད་དུ་བསྣུན། ནང་ལུས་ལ་ཞར་བྱུང་གི་ཚུལ་གྱིས་གནད་དུ་བསྣུན་པས་མི་ཟབ་སྟེ། ས་སྐྱ་པས། འདི་ནི་ཕྱི་གཙོ་བོ་ལ་ནང་ཞར་བྱུང་གི་ཚུལ་གྱིས་གནད་དུ་བསྣུན། ཅེས་གསུངས། མུས་ཆེན་གྱིས། ཕྱི་བསྐྱེད་རིམ་ནི་རྟོག་བརྟགས་སེམས་ལ་གནད་དུ་བསྣུན་པས་མི་ཟབ། ལུས་དཀྱིལ་ནི་ལུས་ངག་ལ་གནད་དུ་བསྣུན་པས་ཟབ་པ་ཡིན་གསུངས། ལཱུ་ཧི་པས་ནི་སྒྲ་ཚུལ་གྱི་སྒོ་ནས་ཕྱི་ནང་གཉིས་ཀ་ལ་ཆ་མཉམ་དུ་བསྣུན་པས་འགྲིགས། དྲིལ་བུ་པས་ནི་ཕྱིའི་སྤྲོས་པ་ཐམས་ཅད་ཆོད་དེ་ནང་ལུས་འབའ་ཞིག་ལ་གནད་དུ་བསྣུན་པས་ཤིན་ཏུ་ཟབ། ནཱ་རོ་མཁའ་སྤྱོད་ནི་དབང་བཞིའི་དོན་ཐམས་ཅད་བསྐྱེད་རིམ་གྱི་སྟེང་དུ་ཚང་བར་ཉམས་སུ་ལེན་པས་ཤིན་ཏུ་ཟབ་པ་ཡིན་ཏེ། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོས། དབང་བཞིའི་དོན་ལྡན་བསྐྱེད་རིམ་ཟབ་


JKT004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ལམ། །ཐུན་བཞིར་བསྒོམ་ཞིང་གུས་པས་གསོལ་བཏབ་པས། །སྐུ་བཞིའི་དབྱེར་མེད་ཟུང་འཇུག་བདེ་བའི་རྒྱུ། །མཁའ་སྤྱོད་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསུངས། ལམ་རིམ་ནི། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་སྔོན་དུ་འགྲོ་བས། སྦྱིན་བྱ་བཞི་ལེགས་པར་བྱིན་ནས་ཡེ་ཤེས་པ་འབེབས་ཐང་གསུམ་གྱི་སྒོ་ནས་ཕོ་ཉ་གསུམ་ལེགས་པར་འདྲེས་པའི་དབང་དང་། རྩ་ལྟུང་དང་སྦོམ་པོ་སྟེ་ཐུན་མོང་གི་དམ་ཚིག་ཉེར་གཉིས་དང་། རིགས་དང་མཐུན་པའི་ཕྱག་རྒྱ་བསྟེན་པ་སོགས་ཁྱད་པར་གྱི་དམ་ཚིག་བརྒྱད་དེ་གཞི་དམ་ཚིག་ལ་གནས་པར་བྱས་ནས། ལམ་ཉམས་སུ་ལེན་པའི་ཐོག་མར། ལྟ་བའི་སྒོ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མཐའ་བྲལ་དུ་གཏན་ལ་ཕབ། ཕབ་དོན་དུ་རྩེ་གཅིག་མཉམ་པར་བཞག་པ་ལ་ལྟ་བའི་མིང་འདོགས་ལྟ་བ་གཏན་ལ་ཕབས་ཚད་བསྐྱེད་རིམ་གྱི་སྒོ་ནས་ཡི་དམ་གྱི་ལྷར་བསྒོམ། ལྷར་བསྒོམས་ཚད་རྫོགས་རིམ་གྱི་སྒོ་ནས་ཡེ་ཤེས་སུ་བསྒྱུར་ཏེ་སྐུ་དང་ཡེ་ཤེས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དུ་བགྲོད་པར་བྱེད་པ་ནི་གཞི་ལམ་འབྲས་གསུམ་མོ།། ༈ །།ཨོཾ་སྭསྟི་པྲ་ཛ་བྷུ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཚིགས་སུ་བཅད་པ། །ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་བལྟམས། །ཕྱི་ནང་རིག་པའི་གནས་རྣམས་ཀུན་ལ་མཁས། །བསླབ་གསུམ་རྣམ་དག་གནས་བརྟན་འདུལ་


JKT004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཛིན། །རྩ་བའི་སྡེ་བཞི་གྱེས་པ་བཅོ་བརྒྱད་ཀྱི། །ལུགས་རྣམས་སོ་སོར་མ་འདྲེས་ཐུགས་ཆུད་པས། །ཀུན་གྱིས་བཀུར་ཅིང་ཁྱོད་གསུང་ཚད་མར་ལེན། །རྣམ་གནོན་ངང་ཚུལ་ལ་སོགས་མ་ག་དྷཱའི། །གཙུག་ལག་ཁང་ཆེན་ཀུན་གྱི་བདག་པོ་མཛད། །ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས་ཤིང་། །སྡེ་སྣོད་རྒྱུད་སྡེའི་ཆོས་ལ་མི་མཁྱེན་མེད། །གསེར་གླིང་ཞལ་གྱི་བུམ་བཟང་ལས་འོངས་པའི། །བྱང་ཆུབ་སེམས་ཀྱི་བདུད་རྩི་རྫོགས་པར་གསོལ། །སྒྲུབ་དང་སུན་འབྱིན་རིགས་པའི་ང་རོ་ཡིས། །རྒོལ་བ་ངན་པའི་གླང་ཆེན་མྱོས་མཛད་ཅིང་། །སྐལ་བར་ལྡན་རྣམས་རང་རང་བསམ་པ་དང་། །མཐུན་པར་དམ་པའི་ཆོས་ཀྱིས་ཚིམས་པར་མཛད། །བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཞེས། །ཇོ་མོས་ལུང་བསྟན་དཔལ་ལྡན་ནཱ་རོ་པས། །བསྟན་པའི་བདག་པོ་ཉིད་དུ་མངའ་གསོལ་བ། །དེ་ནི་དཔལ་ལྡན་མར་མེ་མཛད་དཔལ་ལ། །ལྔ་བརྒྱ་པ་ཡི་ཐམས་ཅད་མཁྱེན་པ་དེ། །ལྷ་རིགས་དགེ་སློང་བྱང་ཆུབ་སེམས་ལྡན་པས། །དགེ་སློང་ཚུལ་ཁྲིམས་རྒྱལ་བ་རབ་མངགས་ཏེ། །དཀའ་བ་དུ་མས་བོད་དུ་སྤྱན་དྲངས་ཚེ། །ཆུ་ཕོ་རྟ་ལ་མགོན་པོ་བོད་དུ་བྱོན། །མེ་མོ་ཕག་ལ་བསམ་ཡས་གནས་སུ་ཕེབས། །ས་མོ་གླང་ལ་ར་ས་འཕྲུལ་སྣང་དང་། །ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་བཞུགས། །ལྕགས་ཕོ་སྟག་ལ་སྙེ་ཐང་འོར་དུ་ཕེབས། །


JKT004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྐོར་གཅིག་གི་བར་དུ་བོད་ཡུལ་དུ། །ཟབ་ལ་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར། །ཐམས་ཅད་མཐོ་རིས་བྱང་གྲོལ་ལམ་ལ་བཀོད། །དེ་ནས་བླ་མ་རྗེ་བཙུན་ཆེན་པོ་དེས། །བསྟན་པ་རྒྱལ་བའི་འབྱུང་གནས་ལ་གཏད་ནས། །ཤིང་ཕོ་རྟ་ལ་དགའ་ལྡན་གནས་སུ་གཤེགས། །དེར་ནི་ནམ་མཁའ་དྲི་མ་མེད་པར་གྲགས། །དེ་ནས་ལོ་ངོ་བཅུ་ཡི་བར་དག་ཏུ། །དགེ་བཤེས་སྟོན་པས་ཚོགས་ཀྱི་དཔོན་མཛད་དེ། །ཇོ་བོའི་གདན་ས་དཔལ་གྱི་རྭ་སྒྲེངས་བཏབ། །ཡོངས་སུ་དག་པའི་འཁོར་སློབ་སྨིན་པར་མཛད། །དེ་ནས་ལོ་གྲངས་ཉི་ཤུ་ལྷག་ཙམ་ན། །སྐུ་མཆེད་གསུམ་གྱི་ཕྲིན་ལས་ཀློང་བརྡོལ་ཏེ། །དབུ་རུ་བྱང་དུ་བཀའ་གདམས་ཉི་མ་ཤར། །གངས་ཅན་མ་ལུས་འོད་ཀྱིས་ཁྱབ་པར་མཛད། །དྲང་སྲོང་ཆེན་པོ་པུ་ཏོ་བ་ལ་ནི། །ལྟ་སྤྱོད་ཡོངས་སུ་དག་པའི་སློབ་མ་ནི། །དུས་རེ་ལ་ཡང་ཉིས་སྟོང་ལྷག་ཙམ་དང་། །སྤྱན་སྔ་བ་ལ་བརྒྱད་བརྒྱ་དགུ་བརྒྱ་འདུས། །ཕུ་ཆུང་པ་ཡིས་ཚོགས་པ་མ་བསྐྱངས་ཀྱང་། །སྦས་པའི་ཚུལ་དུ་དཔག་མེད་སྨིན་པར་མཛད། །ཁམས་པ་ལུང་པའི་ཐུན་བརྒྱད་མ་ལ་ཡང་། །རྣམ་གྲོལ་དོན་གཉེར་བརྒྱད་བརྒྱ་འདུས་པར་གྲགས། །སྐུ་མཆེད་གསུམ་གྱིས་ལེགས་པར་བསྐྱངས་པའི་སྲས། །གླང་ཐང་པ་ལ་སྟོང་ཕྲག་རེ་ཙམ་དང་། །དགེ་བཤེས་ཆེན་པོ་ཤ་ར་བ་ལ་ནི། །རྣམ་ཐར་གཙང་བས་སུམ་སྟོང་ལྷག་རེ་འདུས། །དགེ་བཤེས་


JKT004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་གད་པ་ལ་སྟོང་ལྷག་དང་། །བྱ་ཡུལ་བ་ལ་ཉིས་སྟོང་བདུན་བརྒྱ་སོགས། །ཕྲིན་ལས་སྐྱོང་བའི་བཤེས་གཉེན་མཐའ་ཡས་ཏེ། །དེ་དུས་ཁོ་ན་བསྟན་པའི་གདལ་ཆེའོ། །ཞེས་བཀའ་གདམས་ཆོས་འབྱུང་ལས་གསུངས་སོ། ༈ །མཁས་གྲུབ་ཁྱུང་པོ་ནི། རང་གི་གསུང་ལས། །བན་ཆུང་བདག་གི་སྐྱེ་ས་གངས་དཀར་མདའ། །སྙེ་མོ་ར་མང་རྗེ་རིགས་ཁྱུང་པོ་ཡིན། །ཕ་རུ་སྨོས་པ་ཁྱུང་རྒྱལ་སྟག་སྐྱེས་དང་། །མ་རུ་སྨོས་པ་མགོ་བཟའ་བཀྲ་ཤིས་སྐྱིད། །དེ་ཉིད་ལྷུམས་སུ་བདག་ཉིད་ཞུགས་པའི་ཚེ། །ཕ་མ་ཡུལ་མི་བདེ་སྐྱིད་ལྡན་པར་གྱུར། །སྟག་གི་ལོ་ལ་མ་ཡི་རུམ་ནས་བཙས། །ཞེས་དང་། ལོ་བཅུ་ལོན་ནས་ཡིག་རྩིས་མཁས་པ་ཤེས། །བཅུ་གཉིས་ལོ་ལ་ཕ་མེས་བག་ཆགས་ཀྱིས། །སེམས་ཕྱོགས་བོན་བསླབ་དེ་རྗེས་རྫོགས་ཆེན་བསླབ། །ཅེས་དང་། དེ་ནས་རིན་ཆེན་གསེར་ཕྱེ་ཕངས་མེད་ཁྱེར། །གཅེས་པའི་སྲོག་ལ་མ་བལྟས་དཀའ་སྤྱད་ནས། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། །རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། །ཁྱད་པར་མཁས་ཤིང་གྲུབ་ཐོབ་ལྔ་བཅུ་དང་། །རྩ་བའི་བླ་མ་ཁྱད་འཕགས་རྣམ་བཞི་བསྟེན། །ལོངས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དངོས་སུ་ཆོས་གསན་ཡེ་ཤེས་མཁའ་འགྲོ་གཅིག །མཉེས་པར་བྱས་ནས་མཐར་ཐུག་གདམས་ངག་ཞུས། ཞེས་སོ།། ༈ །།མ་བྱོན་སངས་རྒྱས་རབ་


JKT004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་རྣམ་འཕྲུལ་བུ་སྟོན་རིན་ཆེན་གྲུབ་ནི། ཤབ་སྨད་སྒོམ་གནས་ཞེས་བྱ་བར། གདུང་རུས་བྲག་པ། ཡབ་བྲག་སྟོན་རྒྱལ་མཚན་དཔལ་བཟང་ཞེས་བྱ་བའི་དབོན་པོ་བླ་མ་བྲག་སྟོན་པ་ཞེས་སྔགས་རྙིང་མའི་རིགས་དང་། ཡུམ་སློབ་དཔོན་མ་བསོད་ནམས་འབུམ་གྱི་སྲས་སུ་ལྕགས་ཕོ་རྟའི་ལོ་དཔྱིད་འབྲིང་མར་ངོའི་ཚེས་དགུ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས། ཆེར་སྐྱེས་པ་ན་འཇམ་དབྱངས་ཀྱི་ཞལ་གཟིགས། དགུང་ལོ་བདུན་པར་སེམས་དཔའ་ཆེན་པོ་ཁྲོ་ཕུ་པའི་དྲུང་དུ་སེམས་བསྐྱེད་ཀྱི་གདམས་པ་ཞུས་པས་བདག་བས་གཞན་གཅེས་ཐུགས་ལ་འཁྲུངས། བརྒྱད་པར་བླ་མ་དེ་ཉིད་ལས་བདེ་མཆོག་དྲིལ་བུ་པ་དང་། མན་ངག་བརྒྱ་རྩ་སོགས་ཞུས། མེས་པོ་ཚུལ་ཁྲིམས་དཔལ་བཟང་ལ་གསང་སྙིང་དགོངས་འདུས་སོགས་རྙིང་མའི་ཆོས་སྐོར་མང་པོ་དང་། ཞི་བྱེད་ཀྱི་རྒྱུད་ཕྱི་མ། གུ་རུའི་གཏོར་མའི་དོན་སོགས་ལ་མཁས་པ་ཕུལ་ཕྱིན་དུ་མཛད། བཟླས་བརྗོད་དང་བསྐྱེད་རྫོགས་བསྒོམས་པས་དྲོད་ཚད་ཐོབ། བཅོ་བརྒྱད་པར་མཁན་ཆེན་བཟང་པོ་དཔལ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ཉིད་ལ་ཕར་ཕྱིན་ལོ་ངོ་གཉིས་ཀྱི་བར་དུ་འབད་རྩོལ་གྱིས་སྦྱངས་པས་ཤིན་ཏུ་མཁས། ཉི་ཁྲི་སྣང་བ། བརྒྱད་སྟོང་འགྲེལ་པ། ས་སྡེ་ལྔ། སྡོམ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད་སོགས་ལའང་བྱང་ཆུབ། གཞན་ཡང་སྤྱོད་འཇུག་སོགས་མདོ་


JKT004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའི་དགོངས་འགྲེལ་སྐོར། མདོ་རྩ་མེ་ཏོག་ཕྲེང་རྒྱུད་སོགས་འདུལ་བ། ཚད་མ་ཀུན་བཏུས་སོགས་ཚད་མ། མངོན་པ་ཀུན་བཏུས། གཞན་ཡང་རྒྱུད་སྡེ་བཞིའི་དབང་བཀའ་དང་། བཤད་བཀའ་མཐའ་ཀླས་པ་གསན། ཉེར་གཅིག་པར་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་ཀུན་གྱི་ཡིད་འཕྲོག །ཉེར་གསུམ་པར་མཁན་ཆེན་གྲགས་པ་གཞོན་ནུ་ལས་བསྙེན་པར་རྫོགས་ཤིང་། སོ་ཐར་གྱི་མདོ། ཀརྨ་ཤ་ཏཾ་སོགས་ཀྱི་བཤད་པ་གསན། དེ་ནས་ཐར་ལོའི་དྲུང་དུ་ཀ་ཙཱ་ན་འགྲེལ་བཅས་ལ་སྦྱངས་པས་ལོ་ཙ་བ་ཆེན་པོར་གྱུར། འགྱུར་ཡང་མང་དུ་མཛད། དེ་ཉིད་ལས་སྦྱོར་དྲུག་གསན་ནས་བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བླ་མ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ལས་ཐ་མལ་གྱི་སྣང་བ་སྐད་ཅིག་ཀྱང་མ་སྐྱེས་གསུངས། གཞན་ཡང་སྙན་ངག་དང་སྡེབ་སྦྱོར་སོགས་གསན། བླ་མ་དཔལ་ལྡན་སེང་གེ་ལས་དུས་འཁོར་སོགས་རྒྱུད་སྡེ་བཞི་ཀའི་དབང་བཤད་བཀའ་སོགས་བོད་དུ་རྒྱུན་ཡོད་དོ་ཅོག་ལྟ་བུ་དང་། བླ་མ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་གི་དྲུང་དུ་དུས་འཁོར་གྱི་སྐོར་མཐའ་ཆོད་པ་སོགས་གསན། དགུང་ལོ་སོ་གཅིག་པར་རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྣམ་འཕྲུལ་སྐུ་ཞང་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ཞ་ལུ་གསེར་བཀང་གི་གདན་སར་སྤྱན་དྲངས་ཏེ་མདོ་སྔགས་ཀྱི་བཤད་གྲྭ་ཆེན་པོ་བཙུགས།


JKT004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་འཕགས་པའི་སྦུགས་སུ་སྤྱན་དྲངས་གསང་འདུས་ཀྱི་སྨིན་གྲོལ་གསན་པས་འདུས་པ་ལྷ་སོ་གཉིས་ཀྱི་ཞལ་གཟིགས། འོད་གསལ་མ་བསྒོམས་ཀྱང་ཟིན། དག་པའི་ཞིང་དུ་བྱོན་པ་སོགས་ལམ་རྟགས་རང་བྱུང་དུ་ཤར། རྒྱུད་སྡེ་བཞིའི་བསྟན་པའི་བདག་པོར་གྱུར། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། ཁྱད་པར་དུ་བཀའ་བསྟན་བཞེངས་པའི་ཚེ་མ་ཚང་བ་བཅུག །ལྷག་པ་བཏོན་པ་སོགས་དག་ཐེར་འགྲན་ཟླ་བྲལ་བ་མཛད། ཆོས་སྡེ་ཆེན་པོར་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་དང་། རི་སྦུག་ཏུ་སྡེ་སྣོད་འཛིན་པ་འདག་སྦྱར་ཆུ་བུག་སྒོ་ལ་བཞུགས་པའི་དགེ་བཤེས་ལྔ་བརྒྱ་ཙམ་རེ་འདུས། བཤད་སྒྲུབ་ཐམས་ཅད་ཀྱི་ཆུ་གཏེར་དུ་གྱུར། ས་སྐྱ་བླ་མ་དམ་པས་སྤྱན་དྲངས་ཏེ་ཡོངས་འཛིན་དུ་བཀུར། སྙན་གྲགས་ཀྱིས་ས་སྟེང་ཐམས་ཅད་ཁྱབ་པས་རྒྱ་ནག་རྒྱལ་པོ་ཐོ་གོན་ཐེ་གུར་ཁཱན་དང་། རྒྱ་གར་ཆོས་ཀྱི་རྒྱལ་པོ་པུཎྱ་མཱ་ལ་ལ་སོགས་པས་ཀྱང་བསྔགས་པའི་སྤྲིངས་ཡིག་གིས་མཆོད། རེ་གཉིས་པར་གཡའ་ཕག་གཉིས་འཁྲུགས་པར་འདུམ་པར་དབུས་སུ་བྱོན་ཅིང་། ལམ་བར་དུ་ཆེན་པོ་ཐམས་ཅད་ཀྱིས་ཞབས་ནས་བཏེགས། རེ་གསུམ་པར་རི་སྦུགས་སུ་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས། རེ་བཞི་པར་ས་སྐྱར་ཕེབས་ཤིང་ཏི་ཤྲིར་བཀུར། རེ་ལྔ་པར་སླར་ཉིད་ཀྱི་གདན་སར་ཕེབས་ཤིང་ཡང་བསྐྱར་ས་སྐྱར་བྱོན། དེ་


JKT004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདན་སར་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བསྐོ་བར་གནང་། ཉིད་ཀྱིས་རི་སྦུགས་སུ་ཀུན་སྤོང་མཛད་དེ་ཐུགས་དམ་ཟབ་མོ་ལ་གཞོལ་པར་མཛད། རྗེ་བཙུན་གྲགས་པ་ལན་གཉིས་སུ་ཞལ་མཇལ་ཞིང་ཆོས་ཀྱི་དག་ཐེར་གྱིས་ཤིག་པའི་གནང་བ་ཐོབ། །རྒྱུད་སྡེ་བཞི་དང་འབྲེལ་བའི་འཆད་ཉན་བསམ་གྱིས་མི་ཁྱབ་པ་མཛད། མདོར་ན་འཁོར་ལོ་གསུམ་གྱི་བྱ་བ་རེ་རེ་ལ་འདི་ཁོ་ན་སྐུ་ཚེ་ཧྲིལ་པོར་མཛད་དམ་སྙམ་པ་ཡོད། དམ་པའི་ཆོས་མ་བསྒྱུར་བ་རྣམས་བསྒྱུར། བསྒྱུར་པ་རྣམས་ཞུ་ཆེན་བྱས། ཧོལ་ཁང་བསབས། འགྲེལ་བཤད་ཀྱིས་བཀྲལ། ཐུན་མོང་དང་ཐུན་མོང་མིན་པའི་ཆོས་ཐམས་ཅད་ཕས་བུ་གཅིག་པུ་ལ་སྟེར་པ་ལྟ་བུར་མཛད་པས་བསྟན་པ་སྤྱི་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་དགུང་ལོ་དོན་ལྔ་པ་ཤིང་འབྲུག་ཟླ་བ་དྲུག་པའི་ཉི་ཤུ་གཅིག་ལ་དགའ་ལྡན་ཆོས་ཀྱི་འདུན་ས་ཆེན་པོར་གཤེགས་སོ། །ཞལ་སློབ་ཀྱི་རིམ་པ་ནི་རྒྱ་དཀར་ནག་བོད་བལ་སོག་པོ་སོགས་སྨོས་ཀྱིས་མི་ལང་། ལེགས་བཤད་གསུང་རྩོམ་གྱི་དབང་དུ་བྱས་ན་སྒྲ་ཚད་དབུ་ཕར་རྒྱུད་སྡེ་རྣམ་བཞི་དང་འབྲེལ་བའི་བསྟན་བཅོས་པོད་ཆེན་ཉེར་བརྒྱད་ཀྱིས་མཚོན་མཐའ་ཀླས་སོ།། ༈ །།རྒྱལ་སྲས་ཐོགས་མེད་པ་ནི། དཔལ་ས་སྐྱའི་ལྷོ་ནུབ་ཕུལ་བྱུང་བྲག་སྐྱེ་ཞེས་བྱ་བར། ཡབ་དཀོན་མཆོག་དཔལ་དང་། ཡུམ་འབུམ་སྒྲོན་གྱི་སྲས་སུ་ཤིང་


JKT004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་ལོར་འཁྲུངས། ངེས་འབྱུང་དང་། སྙིང་རྗེ། ཤེས་རབ་རྣམས་རང་བརྡོལ། བཅུ་གཉིས་པར་དཔལ་འབར་བར་རབ་ཏུ་བྱུང་། མཚན་བཟང་པོ་དཔལ་དུ་བཏགས། དགུང་ལོ་བཅོ་ལྔ་པར་བོ་དོང་ཨེར་བྱོན་ནས་ཀུན་བཏུས་གསན་ཅིང་། རྣམ་དཔྱོད་ཆེ་བས་ཐོགས་མེད་གཉིས་པར་གྲགས། གཞན་ཡང་དབུ་ཕར་ཚད་མ་སོགས་མདོ་ཕྱོགས་ཐམས་ཅད་ལ་བྱང་ཆུབ་པར་མཛད། ཉེར་གསུམ་པར་གཙང་ཕྱོགས་སུ་གྲྭ་སྐོར་ལ་བྱོན། སུམ་ཅུ་པར་མཁན་པོ་བྱང་སེམས་རིན་མགོན་ལས་རབ་ཏུ་བྱུང་། སོ་གཉིས་པར་བཀྲ་ཤིས་བོ་དོང་རྟ་རའི་གདན་ས་ལོ་བདུན་མཛད། དགུང་ལོ་ཞེ་གསུམ་པ་ནས་གྲུ་འཛིན་གཉིས་པ་དངུལ་ཆུ་ཆོས་རྫོང་དུ་བྱོན། ལོ་ཉི་ཤུ་རྩ་གྲངས་བར་ཐུགས་དམ་ཁོ་ནར་བཞུགས། མདོར་ན་དང་པོ་བཤེས་གཉེན་བཅུ་ཕྲག་བཞི་དང་། འགྲན་ཟླ་དང་བྲལ་བ་གཉིས་བསྟེན་ནས་མདོ་སྔགས་ཀྱི་ཆོས་བོད་དུ་འགྱུར་རོ་ཅོག་མ་གསན་པ་མེད་པ་ལྟ་བུར་གྱུར། བར་དུ་དེ་དག་གི་དོན་འཆད་ཅིང་རྩོད་པས་བཤེས་གཉེན་མཐའ་ཀླས་པ་སྤེལ། མདོ་རྒྱན། རྒྱུད་བླ་མ། སྤྱོད་འཇུག་སོགས་ཀྱི་འགྲེལ་པས་མཚོན་ལེགས་བཤད་རྩོམ་པའང་མང་དུ་མཛད། བྱང་ཆུབ་ཀྱི་ཤུ་རྩ་གཅིག་ཙམ་དུ་སྒྲུབ་པ་སྙིང་པོར་དྲིལ། སྒྲུབ་པ་མཐར་ཕྱིན་ནས། རེ་གསུམ་ནས་རེ་བདུན་པའི་བར་སྟོན་ཟླ་གསུམ་ལ་སྐུ་མཚམས་གྲོལ་ནས་


JKT004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་མཛད། རེ་བདུན་པར་ཏཱ་སི་ཆེན་པོས་དབུས་ཕྱོགས་སུ་གདན་དྲངས་ནས་གཞན་དོན་རྒྱ་ཆེན་མཛད། དགུང་ལོ་དོན་ལྔ་བཞེས་པ་ས་བྱ་ཟླ་བ་བཅུ་པའི་ཚེས་ཉི་ཤུའི་དགོངས་མོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདས། འདིའི་ཞལ་སློབ་འགྲོ་མགོན་དཔལ་ཡེ་པས་བློ་སྦྱོང་ཟིན་བྲིས་ཆེན་མོ་དང་། པུ་ཏོ་བའི་དཔེ་ཆོས་རིན་སྤུངས་ཀྱི་ཟུར་འདེབས་གཏམ་རྒྱུད་རིན་ཆེན་ཕྲེང་བ་མཛད།། ༈ །།རྗེ་བཙུན་རེད་མདའ་བ་ནི། ས་སྐྱ་དང་ཉེ་བའི་རེད་མདའ་མཁན་པོ་འགར་སྟོང་བཙན་ཡུལ་བཟུང་གི་རྒྱུད་དུ་ཡབ་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་དབང་ཕྱུག་སྐྱིད་ཀྱི་སྲས་སུ་ས་གླང་ལོར་འཁྲུངས། བཅོ་བརྒྱད་པར་ས་བཟང་པཎ་ཆེན་ལས་དགེ་ཚུལ་བཞེས། མཚན་བཟང་པོ་དཔལ་དུ་བཏགས། དེ་ནས་མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ་དང་། ལུང་རིགས་སྨྲ་བ་མཁན་ཆེན་སངས་རྒྱས་དཔལ་གཉིས་ལས། ཚད་མ་ལ་ཤིན་ཏུ་མཁས་པར་སྦྱངས། དེ་ནས་རིམ་པར་རྒྱན་ལ་སོགས་པ་ཕར་ཕྱིན་གྱི་སྐོར་དང་། མངོན་པ་གོང་འོག་སོགས་གསན། མཁན་ཆེན་ཀུན་དགའ་བཟང་པོའི་དྲུང་དུ་བསྙེན་པར་རྫོགས་ཤིང་འདུལ་བ་གསན། ཆོས་རྗེ་བྱང་སེང་བ་ལས་དབུ་མའི་སྐོར་སོགས་གསན། ལོ་ཆེན་སྐྱབས་མཆོག་དཔལ་བཟང་ལས་གསང་འདུས་བཤད་པ་སོགས་གསན་ཅིང་མཁས་པར་གྱུར།


JKT004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྒྱན། མངོན་པ་གོང་འོག །མདོ་རྩ། རྩ་འཇུག་བཞི་གསུམ། རྒྱུད་བླ། བཤེས་སྤྲིངས། ཀུན་བཏུས། གསང་འདུས་རྩ་རྒྱུད་རྣམས་ལ་ཊི་ཀའང་མཛད་དེ། གསུང་ལས། སྐྱེ་རྒུའི་གཙུག་རྒྱན་ཆོས་རྗེ་བསོད་རྒྱལ་དང་། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། །མ་ཏི་པཎ་ཆེན་པཎ་ཆེན་བྱང་རྩེ་དང་། །མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་སོགས། །བཀའ་དྲིན་ནོས་པའི་བླ་མ་བཅུ་ཕྲག་གཉིས། །ཡུན་རིང་འབད་དེ་གུས་པའི་གཙུག་གིས་བསྟེན། །ཞེས་གསུངས་ཤིང་། བར་སྐབས་སུ་བྱ་བ་ལས་དང་ཀློག་པ་ཐོས་བསམ་འཆད་སྤེལ་གྱི་བྱ་བ་རྒྱ་ཆེ། མཐར་གཡུ་ལུང་རྡོ་རྗེ་རྫོང་དུ་ལོ་ལྔའི་བར་དུ་སྒྲུབ་པ་རྩེ་གཅིག་མཛད་པས་མཆོག་གི་དངོས་གྲུབ་ཐོབ། དགུང་ལོ་རེ་བཞི་པ་ཆུ་འབྲུག་ཟླ་བ་བཅུ་གཉིས་པའི་ཉི་ཤར་ལ་གཟུགས་སྐུའི་བཀོད་པ་ངོ་མཚར་བའི་ལྟས་དང་བཅས་ཏེ་བསྡུས་སོ། །དེའི་སློབ་མ་ནི། །ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས། །གཞུང་ལུགས་རབ་འབྱམས་དགེ་བའི་བཤེས་གཉེན་བདུན། །བཀའ་བཅུ་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག །ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ། །ཞེས་དང་། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེར་འོད་དང་། །སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ། །ཤེས་རབ་མཆོག་གྱུར་ཉི་མ་རྒྱལ་


JKT004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་། །བརྩེ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་། །འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་། །རྩོད་པ་མཆོག་གྱུར་དར་མ་རིན་ཆེན་ཏེ། །གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན། །ཞེས་སོ།། ༈ །།བློ་བཟང་གྲགས་པ་ནི། བོ་དོང་པ་ཕྱོགས་ལས་རྣམ་རྒྱལ་གྱིས། །ཐུབ་བསྟན་ཉི་མ་ནུབ་རིར་ལྟུང་གྱུར་ཅིང་། །ཤེས་ལྡན་རྐང་དྲུག་ལྡན་པ་མྱ་ངན་འདས། །ལོག་སྨྲ་འབྱུང་པོའི་བྱ་ཚོགས་རྒྱུ་དུས་འདིར། །སྨྲ་བའི་ཟླ་བ་བློ་བཟང་གྲགས་པ་ཤར། །ཅེས་དང་། མི་བསྐྱོད་རྡོ་རྗེས། བྱང་ཕྱོགས་འདི་ན་རྒྱལ་བའི་བསྟན་པ་ལ། །ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས། །འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ། །རི་བོ་དགའ་ལྡན་པ་ལ་བསྟོད་པར་བགྱི། །ཞེས་དང་། སྟག་ཚང་ལོ་ཙཱ་བས། ཁྱོད་བློ་གཞོན་ནུ་ཉིན་མོའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཞེས་དང་། འབྲུག་པ་པདྨ་དཀར་པོས། དགེ་ལེགས་ཆུ་གཏེར་ཆེན་པོའི་འཇིག་རྟེན་ལ། །བློ་བཟང་ཉིན་མོར་བྱེད་པ་ཁྱོད་བྱོན་ཚུན། །ས་འདི་རྨོངས་པའི་མུན་ལས་རྣམ་རྒྱལ་ཞེས། །གྲགས་པའི་གཞིར་གྱུར་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྔགས་པ་ལྟར། མདོ་སྨད་ཀྱི་ཡུལ་ཙོང་ཁ་ཞེས་


JKT004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པར། ཡབ་ཀླུ་འབུམ་དང་། ཡུམ་ཤིང་ཟ་ཨ་ཆོས་ཀྱི་སྲས་སུ་མེ་བྱ་ལོར་ཟླ་བ་དང་པོའི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། དེ་མ་ཐག་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་བརྙེས་མཁས་གྲུབ་ཆེན་པོ་དོན་གྲུབ་རིན་ཆེན་གྱིས་འཇིགས་བྱེད་ཀྱི་སྤྲུལ་པར་ལུང་བསྟན། དགུང་ལོ་གསུམ་པར་ཆོས་རྗེ་རོལ་རྡོར་པར་དགེ་བསྙེན་མཛད། མཚན་ཀུན་དགའ་སྙིང་པོར་གསོལ། བདུན་པར་ཆོས་རྗེ་དོན་རིན་པས་རབ་ཏུ་བྱུང་ནས་མཚན་བློ་བཟང་གྲགས་པར་གསོལ། བཅུ་བདུན་ནས་ཆོས་རྗེ་དོན་རིན་པས་བསྐུལ་ཏེ་དབུས་སུ་ཕེབས། འབྲི་གུང་སྤྱན་སྔར་ཐུགས་བསྐྱེད་དང་ཕྱག་ཆེན། ཚལ་གུང་ཐང་དུ་གསོ་རིག །བདེ་བ་ཅན་དུ་རྒྱན་རྩ་འགྲེལ་སོགས་ལ་སྦྱངས་ཤིང་། བྱམས་ཆོས་ཕྱི་མ་རྣམས་ཀྱང་གསན། བླ་མ་དམ་པ་ལའང་ཆོས་འབྲེལ་ཞུས། གཙང་དུ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ས་བཟང་པཎ་ཆེན། སྒྲ་གསན། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྤྱི་བོ་ལྷས་པའི་མཁན་པོ་རྣམས་ལའང་བཀའ་ཆོས་ཅི་རིགས་གསན། ས་སྐྱ། བཟང་ལྡན་སོགས་སུ་གྲྭ་ཕར་ཕྱིན། སྐོར་མཛད། རྩེ་ཆེན་དུ་ཉ་དབོན་ལ་ཕར་ཕྱིན་དང་། རེད་མདའ་བ་ལས་མཛོད་སོགས་གསན། སྐྱོར་མོ་དབུ་མ། ལུང་དུ་བཀའ་བཞི་པ་བློ་གསལ་ལ། མདོ་རྩ། ས་སྐྱར་རེད་མདའ་པར་མངོན་པ་ཀུན་བཏུས། ཚད་མ་རྣམ་འགྲེལ་གསན། ས་སྐྱར་རྣམ་འགྲེལ། མདོ་རྩ།


JKT004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པ་གོང་འོག་གཉིས་ཏེ་ཀ་ཆེན་བཞིའི་གྲྭ་སྐོར་མཛད། ལོ་ཙཱ་བ་ནམ་མཁའ་བཟང་པོ་ལས་སྙན་ངག །རེད་མདའ་བར་དབུ་ཚད་ཕར་ཕྱིན་སོགས་གསན། ཡར་ཀླུང་རྣམ་རྒྱལ་དུ་ཚོགས་ཆེན་མཁན་པོ་ཚུལ་རིན་པར་བསྙེན་པར་རྫོགས། གདན་ས་ཐེལ་དུ་སྤྱན་སྔ་རིན་པོ་ཆེ་གྲགས་བྱང་པ་ལས་ཆོས་དྲུག་སོགས་གསན། མོན་མཁར་བཀྲ་ཤིས་གདོང་དུ་རྒྱ་སྐད་བཅོ་ལྔའི་དབུ་དུས་གཅིག་བཙུགས་ནས་བཤད་པ་མཛད་པ་སོགས་འཆད་ཉན་མང་དུ་མཛད། སླར་གཙང་དུ་གོང་གསུམ་པ་ཆོས་དཔལ་བར་དུས་འཁོར། ཁྱུང་པོ་ལྷས་པ་ལ་འདུས་པ་སོགས་རྒྱུད་སྡེ་བཞིའི་དབང་ལུང་དཔག་ཏུ་མེད་པ། ཡོ་ག་པ་གྲགས་པ་རྒྱལ་མཚན་ལ་ཡོ་གའི་རྒྱ་གཞུང་མཐའ་ཀླས་པའི་ལུང་སོགས་གསན། དགུང་ལོ་སོ་དྲུག་པར་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་བྱ་བྲལ་བ་མཛད། སོ་དགུ་པར་ལྷོ་བྲག་ཕྱག་རྡོར་བ་ལས་ལམ་རིམ་སོགས་གསན། དྭགས་པོ་ལྷ་སྡིང་དུ་མནལ་ལམ་ན་འཕགས་པ་ཡབ་སྲས་ལྔ་དང་མཇལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བྱིན་གྱིས་བརླབས་ནས། འགྲེལ་པ་བུདྡྷ་པཱ་ལི་ཏར་བརྟེན་ཐལ་འགྱུར་པའི་ལྟ་བ་ཐུན་མོང་མ་ཡིན་པ་ཐུགས་ལ་འཁྲུངས། ས་མོ་གླང་ལོར་ལྷ་སར་སྨོན་ལམ་བཙུགས་ཤིང་དགེ་འདུན་ཁྲི་རྭ་ཅན་ལ་བསྙེན་བཀུར་མཛད། དེའི་དཔྱིད་ཀར་ལྷ་དང་བླ་མའི་ལུང་གིས་སྐབས་ཕྱེས་ནས་འབྲོག་དགེ་


JKT004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། གནས་ངེས་མེད་དུ་མདོ་ཕྱོགས་གཙོ་བོར་གྱུར་པའི་མཆོད་ཉན་བཤད་སྒྲུབ། ལམ་རིམ་རྣམ་གཉིས་ཀྱིས་གཙོས་པའི་ལེགས་བཤད་གསུང་རྩོམ་པོད་ཆེན། ༡༨ གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱིས་མཚོན་ཉིན་ཞག་ཕྲུགས་རེའི་ཐུགས་དམ་ཉམས་བཞེས་སོགས་བསམ་གྱིས་མི་ཁྱབ། མཐར་དགུང་ལོ་རེ་གསུམ་པ་ས་ཕག་ཧོར་ཟླ་བཅུ་པའི་ཚེས་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་བསྡུས། རང་གི་བླ་མ་གསུམ། སྔ་ཚར་བཞི། འཁོར་དག་པ་རྣམ་བརྒྱད། ཁྱད་པར་འཕགས་པའི་འཁོར་གསུམ། ནང་ཐུགས་ཀྱི་མཁས་གྲུབ་སྲས་གཅིག །སྲས་ཀྱི་ཐུ་བོ་གཉིས་རྒྱལ་ཚབ་འདུལ་འཛིན། ཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞི་འཇམ་དབྱངས་ཆོས་རྗེ། ཆོས་རྗེ་རྒྱལ་མཚན་བཟང་པོ། རྗེ་ཤེས་རབ་སེང་གེ །དགེ་འདུན་གྲུབ། སོགས་མཁས་ཤིང་གྲུབ་པའི་སློབ་མ་ནམ་མཁའི་སྐར་ཚོགས་ཙམ་བྱོན།། ༈ །།རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ནི། ཙོང་ཁའི་ཡུལ་དུ་འཁྲུངས། དབུས་སུ་བྱོན་ནས་ཚད་མ་སོགས་ལ་ལེགས་པར་སྦྱངས་ཤིང་ཕྱིས་རྗེའི་ཕྱག་ཕྱི་མཛད་ནས་སྒྲུབ་པ་སྙིང་པོར་དྲིལ། རྗེས་འཇམ་དཔལ་དཔའ་གཅིག་གིས་རྗེས་གནང་མཛད་ནས་མཁས་གྲུབ་པས་ཞལ་གཟིགས་ཏེ་མི་དང་མི་ལབས་པ་བཞིན་དུ་གྱུར། དགུང་ལོ་དོན་གསུམ་པར་གཤེགས།། ༈ །།རྒྱལ་ཚབ་དར་མ་རིན་ཆེན་ནི་


JKT004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་དྲུག་པའི་ཤིང་འབྲུག་བུ་སྟོན་གཤེགས་ལོ་དེར་སྐུ་བལྟམས། གཙང་སྟོད་དུ། གནས་རྙིང་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་། གངས་ཅན་ཀུན་དགའ་དཔལ། བཀའ་བཞི་པ་རིན་ཆེན་རྡོ་རྗེ། རྗེ་བཙུན་རེ་མདའ་བ་སོགས་བསྟེན་ནས་ཤིན་ཏུ་བརྩོན་པས་ལུང་རིགས་སྨྲ་བའི་མཁས་པ་ཆེན་པོར་གྱུར། ས་སྐྱ། གསང་ཕུ་རྩེ་ཐང་སོགས་སུ་གྲྭ་སྐོར་གནང་བས་མཁས་པའི་ཡང་རྩེར་སོན། རྗེ་རིན་པོ་ཆེ་དང་གཉལ་རྭ་གྲོང་དུ་མཇལ་བས་ཁེངས་པའི་རི་བོ་བསྙིལ་ནས་ཞལ་སློབ་ཏུ་གྱུར། རྗེ་གཤེགས་པའི་མཇུག་དེ་ཀར་འདུལ་འཛིན་རིན་པོ་ཆེས་ཐོག་དྲངས་རྒྱལ་ཚབ་ཏུ་དབང་བསྐུར། ཕྱིས་དབེན་གནས་རྒྱལ་ཁང་རྩེར་ཐུགས་དམ་ལ་བཞུགས། ཚད་མ། ཕར་ཕྱིན། དབུ་མ་སོགས་པོད་ཆེན་ཤིན་ཏུ་མང་པོའི་འགྲེལ་པ་མཛད། རེ་དགུ་པར་ཆུ་བྱི་ཧོར་ཟླ་ལྔ་པའི་ཚེས་བརྒྱད་ལ་པོ་ཏ་ལར་གཤེགས་སོ།། ༈ །།འདུལ་འཛིན་གྲགས་རྒྱན་པ་ནི། དབུར་སྟོད་དུ་ཤིང་སྟག་ལོར་འཁྲུངས། དང་པོ་འབྲི་གུང་པའི་ཆོས་གསན། དེ་ནས་བྲག་ཚབ་ཏུ་འདུལ་བ་དང་། བུ་སྟོན་ནས་བརྒྱུད་པའི་སྔགས་ཕྱོགས་སྐོར་གསན། ཕྱིས་རྗེ་ཐམས་ཅད་མཁྱེན་པའི་ཐུགས་སྲས་ཀྱི་ཐུ་བོར་གྱུར། བཙུན་མོ་ཚལ་གྱི་དགོན་པ་བཏབ། ལེགས་བཤད་ཀྱང་པུསྟི་གསུམ་ཙམ་བཞུགས། རེ་གཅིག་པར་གཤེགས་སོ།། ༈ །།མཁས་གྲུབ་རྗེ་ནི། གཙང་སྟོད་མདོག་


JKT004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འགྲེ་མའི་སྲས་སུ་ཤིང་གླང་ལོར་འཁྲུངས། ལམ་འབྲས་པ་ཡེ་ཤེས་དཔལ་བ། ཀུན་དགའ་རྒྱལ་མཚན་པ། རེད་མདའ་བ་རྣམས་ལས་མདོ་རྒྱུད་མཐའ་དག་སྤངས་པའི་ཕ་རོལ་ཏུ་སོན། བཅུ་བདུན་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལུང་རིག་གིས་བཏུལ། རེད་མདའ་བར་བསྙེན་རྫོགས་གསན། སེ་ར་ཆོས་སྡིངས་སུ་རྗེ་དང་མཇལ་ཞིང་གསུང་གི་བདུད་རྩིས་ཐུགས་རྒྱུད་གཏམས། དེ་ནས་ཉང་སྟོད་ལྕང་རའི་གདན་ས་མཛད། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་མཆོད་ཡོན་འབྲེལ་ནས་དཔལ་འཁོར་བདེ་ཆེན་གྱི་ཆོས་སྡེ་བཏབ། རྗེརིན་པོ་ཆེའི་གདན་ས་གསུམ་པ་མཛད། འཆད་རྩོད་རྩོམ་གསུམ་ལ་འཇིགས་པ་མེད་པའི་སེང་གེའི་སྒྲ་ཆེན་པོ་བསྒྲགས། ང་བཞི་པར་ས་རྟ་ཟླ་བ་དང་པོའི་ཚེས་༢༡ལ་སྐུ་གཤེགས་སོ། །འོན་ཀྱང་རོང་སྐྱེས་ཤཱཀྱ་ཡི། །བསྟན་ལ་སྡང་བའི་ཡིད་ལྡན་ཞིང་། །གཤེན་རབ་གཞུང་ལུགས་རྒྱལ་མཚན་འཛིན། །བྱིས་པ་མཁས་པར་རློམས་པ་གང་། ཞེས་གསུངས།། ༈ །།བ་སོ་ཆོས་རྒྱན་ནི། མཁས་གྲུབ་རྗེའི་གཅུང་དུ་ཆུ་རྟ་ལོར་འཁྲུངས། རྗེ་ཡབ་སྲས་ཀྱི་ཞབས་པད་བསྟེན། དང་པོར་གསང་ཕུར་ར་བ་སྨད་པའི་འཆད་ཉན་མཛད་པ་ཐུགས་ཀྱིས་བོར་ནས། ལྷན་པ་སོར་གདམས་པ་ཐུགས་ཉམས་སུ་བསྟར་བས་བདེ་སྟོང་གི་ཏིང་འཛིན་ཟབ་མོ་ཐུགས་ལ་


JKT004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། ཕྱིས་དགའ་ལྡན་གྱི་གདན་ས་ལྔ་པའང་མཛད། དོན་གཉིས་པར་ཐེགས།། ༈ །།ལྷ་བཙུན་རིན་ཆེན་བློ་གྲོས་རྒྱལ་མཚན་ནི་འབྲོང་རྩེ་པའི་ཞོལ་ངོར་འཁྲུངས། མཁས་གྲུབ་རིན་པོ་ཆེ་ལས་གདམས་པ་བུམ་པ་གང་བྱོར་གསན། བདག་བས་གཞན་གཅེས་ཐུགས་ལ་འཁྲུངས། འབྲོང་རྩེ་བེ་བུམ་དུ་གྲགས་པ་དེའང་འདིས་མཛད་དོ།། ༈ །།ཀུན་བཟང་ཀློང་རྒྱུད་ལས། ཀུན་གཞི་ནི་འཁོར་འདས་ཀུན་གྱི་སྤྱི་གཞི་དབང་པོ་ཡུལ་ལ་མ་སད་པ་གཉིད་དུ་སོང་བའི་གནས་སྐབས་ལྟ་བུ་ཡིན་ལ། བདེ་གཤེགས་སྙིང་པོར་མི་བཞེད། སེམས་ཉིད་དང་། ཡེ་ཤེས་དང་། སེམས་ཅན་དང་། སངས་རྒྱས་གང་ཡང་མ་ཡིན་པ་ཀུན་གྱི་འཆར་གཞི་ལྟ་བུའོ། །རིག་པའི་ཡེ་ཤེས་ནི་ཀུན་གཞིའི་ཁམས་ལས་རྒྱུན་ཆགས་ཀྱི་ཆ་ནས་རྫས་འགལ་བ་མ་ཡིན་ཡང་། ངོ་བོ་གནས་འགྱུར་པ་སྟེ། གཉིད་དུ་སོང་བ་དང་། དེ་ལས་སད་པ་ལྟ་བུའོ། །སེམས་ནི་འཛིན་པ་དང་བཅས་ཤིང་ཡུལ་གྱི་བག་ཆགས་པ་ལྟར་མི་མངོན་པ་དང་འགྲོགས་ལ། སེམས་ཉིད་ནི། ངོ་བོ་སྤྲོས་བྲལ་རང་བཞིན་ཟང་ཐལ་རྣམ་པ་ཐམས་ཅད་པའི་ཤེས་རབ་ཡུལ་དང་བྱིང་རྒོད་ཀྱིས་བརྫི་བར་མི་ནུས་པས་མྱ་ངན་ལས་འདས་པའི་རྟེན་འབྱུང་ཐམས་ཅད་རྫོགས་པའོ། །འཁོར་འདས་ཐམས་ཅད་ཀྱི་སྣོད་དམ་གཞིར་གྱུར་པས་ཀུན་གཞི། གོ་འབྱེད་པའི་ཆ་ནས་ཀུན་གཞིའི་རྣམ་ཤེས། དེ་ཁ་ཕྱིར་


JKT004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཏེ་ཡུལ་ལ་སད་པའི་ཆ་ནས་སྒོ་ལྔ། རང་ས་ནས་ཉོན་མོངས་ཉེ་བར་ལེན་པའི་ཆ་ནས་ཉོན་ཡིད། སྣ་ཚོགས་སུ་འབྱེད་པའི་ཆ་ནས་ཡིད་ཤེས་ཏེ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཅེས་བྱའོ། །ལོངས་སྤྱོད་རྫོགས་སྐུའི་འཆར་གཞི་ནི་ཆོས་སྐུའི་རྩལ་སྣང་སྟེ། འབྲས་བུའི་ལོངས་སྐུ་ལས་བྱད་དང་མེ་ལོང་གི་ཚུལ་བཞིན་སྟོན་པ་རྡོ་རྗེ་འཆང་གི་ཐུགས་རྗེ་ལས་རང་བཞིན་དུ་སྤྲུལ་པ་མངོན་པར་དགའ་བ་སོགས་ལྔའོ། །ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་རང་གི་སྙིང་ག་ན་གཞི་སྣང་བ་ཆེན་པོའི་འོད་གསལ་ཡེ་ཤེས་ལྔའི་རང་བཞིན་ལྷུན་གྲུབ་ཆེན་པོའི་འཆར་གཞིར་བཞུགས་པ་ལས་བར་དོའི་ལམ་སྣང་དུ་རིག་པ་ཚད་ཕེབས་ཀྱི་མཚན་དཔེ་འགོད་ཅིང་གདུལ་བྱའི་དོན་ཀྱང་རྨི་ལམ་ལྟར་བྱེད། འདི་ནས་ཤར་གྱི་ཕྱོགས་རོལ་ན༔ ཞེས་སོགས་སྐུ་གསུམ་གྱི་ཞིང་ལ་སྦྱོར་ཚུལ་གྱི་གནད་འདིར་དྲན་ནོ། །ཀུན་བཟང་དགོངས་ཉམས་ལས། དེ་ཡང་འདུ་བྱེད་བློ་ཡི་འཚོལ་འཕྲོ་དང་༔ བཏགས་བཞག་ཆེད་འཛིན་མཐའ་དག་སྤང་བྱས་ནས༔ ཐད་ཀའི་ཤེས་པ་རྩིས་མེད་རང་ཡན་འདི༔ བཅས་བཅོས་འཕྲི་བསྣན་སྤངས་ལ་རང་སོར་ཞོག༔ དེ་ཚེ་མཚན མའི་རྣམ་རྟོག་ཅི་ཤར་ཡང་༔ གང་ཤར་མི་བལྟ་ཤར་མཁན་ངོས་བཟུང་ལ༔ སྤང་ལ་བེ་ཕུར་བཏབ་པ་ཇི་བཞིན་དུ༔ ཤེས་རིག་རང་ཚོ་བཟུང་པ་གནད་དུ་ཟབ༔ ཅེས་གསུངས།། ༈ །།གནད་གསུམ་ཤན་


JKT004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ལས༔ ཀུན་གཞི་འཁོར་འདས་ཀུན་གྱི་གཞི་ཡིན་ཏེ༔ རྙོགས་མ་ཅན་གྱི་ཆུ་དང་ཁྱད་པར་མེད༔ བག་ལ་ཉལ་གྱི་གཏི་མུག་མགོ་རྨོངས་ནས༔ ཡེ་ཤེས་རིག་པའི་དྭངས་ཆ་ལྐོག་ཏུ་གྱུར༔ ཆོས་སྐུ་རྙོགས་མ་དྭངས་པའི་ཆུ་དང་འདྲ༔ གློ་བུར་དྲི་མ་སྤངས་པའི་བདག་ཉིད་ཅན༔ རྣམ་གྲོལ་ཡོན་ཏན་ཀུན་གྱི་ངོ་བོ་སྟེ༔ ཕྱིན་ཆད་འཁྲུལ་མི་ཤེས་པའི་ཡེ་ཤེས་ཡིན༔ ཞེས་སོ། །སེམས་དང་རིག་པ་རླུང་དང་འཚནམ་མཁའ་འདྲ༔ སེམས་ནི་དམིགས་གཏད་གྱ་གྱུའི་རྣམ་པ་ཅན༔ ཝལ་ལེར་འཁྱིལ་བ་བླུད་བུ་དགང་བའམ༔ ཡར་ལུད་འཕྱོ་བ་འཐོར་རླུང་ལྟ་བུ་སྟེ༔ བྱུང་ཚོར་སྣ་ཚོགས་རྐྱེན་གྱི་རྟེན་གཞི་ཅན༔ རིག་པ་རྟེན་དང་བྲལ་ཞིང་ཀུན་ལ་ཁྱབ༔ སྟོང་ལ་གོ་འབྱེད་ནམ་མཁའི་དབྱིངས་ལྟ་བུ༔ གསལ་ལ་རྟོག་མེད་དྭངས་ཤེལ་གཙང་མ་འདྲ༔ དེ་ཕྱིར་སེམས་ལས་རྣམ་གྲོལ་རིག་པའི་ཀློང་༔ གནས་ལུགས་བཙན་ས་འཛིན་པ་སྙིང་ཏིག་གནད༔ ཅེས་དང་། ཞི་གནས་དབང་པོ་མེད་པའི་མི་དང་འདྲ༔ ལྷང་ངེ་ཐོམ་མེ་བུན་ནེ་ཡོ་རེ་བ༔ ཤེས་པ་མདུང་ཚུགས་དྲན་པ་དམིགས་གཏད་ཅན༔ ལྷག་མཐོང་སྒོ་ལྔ་ཚང་བའི་སྐྱེས་བུ་འདྲ རང་བཞིན་ཤེས་ཤིང་ངོ་བོའི་ཆོས་ཉིད་མཐོང་༔ ཧ་ཅང་དཔྱད་དྲགས་ཡུལ་སོགས་བློ་ཡིས་བགྲོད༔ ཅེས་སོ།། ༈ །།ཡེ་ཤེས་བླ་མ་ལས། དད་པ་དང་ལྡན་པ་སྙིང་ཏིག་གི་གདུལ་བྱ་ཡིན་ཡང་རྣམ་ཤེས་ལྐོག་ཏུ་


JKT004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་རིགས་ཅན་ལ། ངོ་སྤྲོད་སྦས་པ་ལས། སྣང་བ་སེམས་སུ་ངོ་སྤྲད་ཚུལ་སོགས་གསུངས་པ་ནི། སྣང་བ་སེམས་ཀྱིས་བཟོས་པར་ངོ་སྤྲད་པས་བདེན་འཛིན་རང་རྒྱུད་པ་བཟློག །དེ་ལྟར་བཟོ་བྱེད་ཀྱི་སེམས་སྟོང་པར་ངོ་སྤྲད་པས་ཕྱི་ཡུལ་དོན་དུ་ཞེན་པ་སྤང་། སྟོང་པ་རིག་པར་ངོ་སྤྲད་པས་ཆོས་ཉིད་ཆད་ལྟར་མི་གོལ་བའི་གནད་ཙམ་ལ་ཁ་དྲངས་ཏེ་ཁྲིད་པའོ། །ཞེས་གསུངས། དེ་ནི་སྙིང་ཏིག་རང་རྐང་གི་དགོངས་པ་མཐར་ཐུག་པ་མ་ཡིན་ཏེ། རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་གྲོལ་བར་མ་བཤད་དོ། །ཞེས་དང་། དེའི་འཐད་པའང་། སེམས་མེད་པའི་གནས་སྐབས་ལྔ་ཡི་དུས་ནའང་། སྣང་བ་གང་དུའང་མ་སོང་ཞིང་། རྨི་ལམ་གྱི་སྣང་བ་སད་ནས་ཅིའང་མེད་པ་ལྟར། དྲན་བསམ་དང་སྣང་བ་དཀར་དམར་གློ་བུར་གྱི་རྐྱེན་ལས་བྱུང་བའི་ཕྱིར་རོ། །འཇོག་སོ་དངོས་ནི། ད་ལྟའི་རིག་པ་སྐད་ཅིག་མ་བཅས་བཅོས་སྤྲོ་བསྡུ་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཅན་གང་ཡིན་པའོ། །དེའི་ངང་ལས་ཚོགས་དྲུག་གི་སྣང་བ་ལ་མཚོན་ན། རི་ཤར་བའི་སྐད་ཅིག་མ་དང་པོར་རིའོ་སྙམ་པ་ནི་སོ་སྐྱེའི་དབང་ལམ་མི་སྐྱེ་བའི་དབང་མེད་ཀྱང་། སྐད་ཅིག་མ་གཉིས་པར་རིའི་རང་བཞིན་ལ་དཔྱོད་པའི་སེམས་བྱུང་


JKT004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩལ་རྫོགས་པས་རིའི་རྣམ་རྟོག་རང་ཡལ་རྗེས་མེད་དུ་སོང་ནས། དེའི་ཚེ་རིའི་སྣང་ཆ་མ་འགགས་ཀྱང་དེར་འཛིན་མེད་པའི་ཆོས་ཉིད་ལ་གོམས་པར་གྱུར་པ་ལ་ཤར་གྲོལ་དུས་མཉམ་དུ་དག་ནས་སྣང་སེམས་འདྲེས་པ་རང་བཞིན་རྫོགས་པ་ཆེན་པོའི་ལམ་མ་ནོར་བ་སྟེ། རིག་འཛིན་དགའ་རབ་རྡོ་རྗེས། ཤར་བའི་དུས་ན། སོགས། ཆོས་ཉིད་བར་དོར་གྲོལ་བར་བྱེད་པའི་གནད། རིག་པ་སྟོང་ཉིད་ཟང་ཐལ་བསམ་བརྗོད་ལས་འདས་པ་དེ་ཀ་དག་གི་རང་ངོར་འདུག་པས་མཐར་ཐུག་གི་གྲོལ་བ་ཅེར་མཐོང་ཡིན་པ་རང་ཐོག་ཏུ་རང་ངོ་ཤེས་དགོས། ཡིན་ཐོག་ཏུ་ཐག་ཆོད་དགོས། གྲོལ་ཐོག་ཏུ་གདེངས་འཆའ་དགོས། རང་བཞིན་གྱི་སྣང་བ་ལ་ཕར་བལྟས་ན་མཐའ་ཡས་ཀྱང་། ཚུར་བལྟས་ན་གཅིག་ཀྱང་མེད་པས། མེད་དོ་སྙམ་པའི་འཛིན་པ་ཡང་རང་གོལ་བའི་སྐད་ཅིག་མ་རྗེན་པའི་རང་ངོ་རྟོག་དཔྱོད་མེད་པ་ནི་གདོད་མའི་གྲོལ་ས་ལ་སྤར་གྱིས་བཏབ་པའི་གནད། ཐུགས་རྗེ་ཡུལ་ལ་ཇི་ལྟར་འཇུག་ཀྱང་དེ་ཉིད་ཀྱི་རྗེས་མི་བཅད། ནང་དུ་མི་དགག །ཤར་ས་དེར་ཅོག་གེར་བཞག་པས། ཕྱི་ནང་བར་མེད་ཀྱི་ཤེས་པ་ཟང་ཐལ་ལེ་བས་བར་དོའི་སྣང་བ་རིག་གདངས་སུ་རང་དག་ནས་གྲོལ་བ་ཅེར་མཐོང་དུ་ངོ་ཤེས་པའི་གནད་སྙིང་གི་ཞུན་ཐིག་སྟེ། ཞེས་གསུངས། ཟབ།། ༈ །།གནས་ལུགས་རྡོ་རྗེའི་ཚིག་རྐང་ལས། བཟང་རྟོག་ངན་རྟོག་ལུང་མ་


JKT004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན༔ གང་གི་ཕྱོགས་སུའང་མི་ལྷུང་ཞིང་༔ ཤར་གྲོལ་དབྱེ་བའི་མཁན་པོ་མེདཿ ཤེས་རིག་རང་ཚུགས་མ་ཤོར་ན༔ འདི་ལས་ལྷག་པ་གཞན་མི་དགོས༔ ཞེས་གསུངས།། ༈ །།ཀུན་མཁྱེན་ཞལ་ལུང་ལས། ངོ་བོ་ལ་བཟང་ངན་འཕེལ་འགྲིབ་བྲལ་ཐོབ་མེད་ཀྱང་། རྩལ་གྱི་རྣམ་རྟོག་ཁོ་ནས་འཁོར་འདས་བར་ལག་འབྱེད་ཅིང་སྒོམ་ཆེན་བསླུ་བས་དེའི་རང་བཞིན་ཞིབ་ཏུ་བསྙད་པ་ལ་དེ་ཡང་རིམ་སྐྱེས་པའི་དབང་དུ་བྱས་ན། རྣམ་རྟོག་ལ་གྲོལ་ལུགས་གསུམ་དུ་པཎ་ཆེན་བི་མ་ལའི་རྗེས་འབྲངས་རྣམས་བཞེད་པའི། འདི་ལྟར་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་གྲོལ་བ། རྣམ་རྟོག་ཁོ་རང་གྲོལ་ན་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་གྲོལ་བ། རྣམ་རྟོག་ཕན་མེད་གནོད་མེད་ཆོས་སྐུར་གྲོལ་བ་ཞེས་མཚོན་དཔེ་རྣམ་གྲངས་གསུམ་གྱིས་བཤད་པའི་དང་པོ་ནི། ཤེས་པ་གསལ་སྟོང་རྩེ་གཅིག་ཏུ་གནས་དུས་དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཆར་བ་རིག་པ་སྟེ་གཟུགས་མེད་ཀྱི་ལྷ་དང་རྗེས་མཐུན་པའི་མཉམ་བཞག་དང་པོ་སྐྱེ་དུས་ནས་ཡོད་ཅིང་། དེ་ལ་བལྟ་བྱའི་རྣམ་རྟོག་དང་། ལྟ་མཁན་གྱི་དྲན་པ་གཉིས་སུ་ཡོད་པས་གཉིས་འཛིན་ནི་འཁོར་བའི་རྩ་བ་སྡུག་བསྔལ་གྱི་འབྱུང་ཁུངས་ས་ལམ་གྱི་བཀག་སོ་ཡིན་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་རྟོགས་པ་ཀློང་དུ་གྱུར་པའི་ཚེ་ནོར་ས་རྔམས་པོ་ཆེ་ཡིན་ནོ། །ཞེས་དང་།


JKT004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། དེ་ལ་ཞེན་པ་མེད་པར་བསྐྱང་ཤེས་ན་བལྟ་བྱ་དང་ལྟ་བྱེད་ཀྱི་འཛིན་སྟངས་ཞིག་ནས་མཉམ་བཞག་རྩེ་གཅིག་པས། བལྟ་མ་དགོས་པར་རྣམ་རྟོག་ཁོ་རང་གིས་ཁོ་རང་ངོ་ཤེས་ནས་རང་གྲོལ་དུ་སོང་བ་སྦྲུལ་གྱི་མདུད་པ་ལྟར་གྲོལ་བའི་ཐ་སྙད་བཏགས་ཤིང་། ཆོས་སྐད་ཀྱི་དབང་དུ་བྱས་ན་ཐབས་ཀྱིས་ཟིན་པའི་རྗེས་ཐོབ་མཚན་ཉིད་པ་ཡིན་ལ། འདི་ལ་ཐེག་པ་གཞན་དག་ནས་རྩིས་ཅན་དུ་བྱེད་ཀྱང་། །རྫོགས་ཆེན་པས་ངོ་ཤེས་མཁན་གྱི་འདུ་ཤེས་དྲུང་པོ་དེ་ཀ་གོལ་སྒྲིབ་ཏུ་བཤད་ནས། གཉིས་སྣང་གི་ཤེས་པ་ཕྲ་མོ་ཡོད་པར་འདོད་ལ། དེ་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་ལ་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པས་དཔྱད་ན་རྣམ་འབྱེད་ཤིན་ཏུ་ཕྲ་བ་ཡོད་པས་འདི་ཡང་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་མ་ཡིན་ནོ། །ཞེས་དང་། གྲོལ་ལུགས་གསུམ་པ་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་དེ་ཉིད་རྣལ་འབྱོར་དབང་ཕྱུག་གི་ལམ་ཡིན་ཏེ། འདི་ལྟར་ཁང་པ་སྟོང་པའི་ནང་དུ་རྐུན་པོ་ཞུགས་ཀྱང་ཆོམ་རྐུན་ལ་ཐོབ་རྒྱུ་མེད། ཁང་སྟོང་ལ་ཤོར་རྒྱུ་མེད་པས་ཕན་གནོད་ཐོབ་ཤོར་གྱི་རང་བཞིན་ལས་ཡེ་ནས་འདས་པ་ལྟར། འདིར་རིག་པའི་ངོ་བོ་ཟང་ཐལ་རྟོག་དཔྱོད་ཀྱི་ཤེས་སྒྲིབ་དང་བྲལ་བའི་ཚུགས་མ་ཤོར་བ་དེ་ཉིད་སྒོམ་གྱི་སྙིང་རྡོའམ། གཉུག་མའི་དྲན་རིག་ཡིན་ལ། རྩལ་


JKT004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་རྟོག་ཇི་ལྟར་གཡོ་ཡང་དཔྱོད་བྱེད་ཀྱི་འདུ་ཤེས་དག་པས་ཤར་ས་ཤར་མཁན་མེད་པའི་རིག་སྟོང་རྗེན་པ་བློ་འདས་རྒྱ་ཡན་གྱི་ངང་དུ་ཆོས་སྐུ་འཕོ་མེད་རྒྱལ་པོའི་བཙན་ས་ཟིན་པའི་ཕྱིར་རྣམ་རྟོག་གིས་ཕན་གནོད་མ་བྱས་པའི་སྒྲ་བཤད་བཞག །ཅེས་གསུངས། གོལ་ཤོལ་ཚར་གཅོད་ལས། ཐ་མལ་གྱི་ཤེས་པ་ད་ལྟའི་ཤེས་པ་སྐྱོན་ཡོན་གང་གིས་ཀྱང་མ་བསླད་པའི་རང་བབས་འདི་ཀ་རིག་པའི་རྒྱུན་སྐྱོང་བ་ལ་ཟེར་བ་མ་གོ་བར། འཇིག་རྟེན་ཐ་མལ་པའི་རྣམ་རྟོག་རང་རྒྱུད་པར་ངོས་འཛིན་པ་ནོར། ཞེས་དང་། ད་ལྟར་གྱི་ཤེས་པ་གྲ་མ་ཉམས་ཤིང་ཟུར་མ་ཆག་པ་འདི་ཀ་ལ་སྒོམ་མཁན་གྱི་གཉེན་པོ་དང་། ལྟ་བའི་ཞེན་པས་མ་བཅིངས་པ་ཟང་ཐལ་ཁ་ཡན་དུ་ལམ་དུ་འཁྱེར། ཞེས་དང་། སྒོམ་མེད་ནི། གནས་ལུགས་ལྷུམས་སུ་ཞུགས་ནས་སྒོམ་མི་སྒོམ་གྱི་ཞེན་པ་དག་སྟེ་སེམས་ལ་བཟོ་བཅོས་དང་དམིགས་གཏད་གང་ཡང་མེད་པ་ཁྱབ་གདལ་གྱི་དྲན་པའི་མཁར་ཚུགས་པ་ལ་གཟེར་གྱི་བློས་བཏང་བའི་བཏང་སྙོམས་ཐ་མལ་དུ་སྡོད་པའམ། ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་དུ་རྒྱ་འབྱམས་ན་ནོར། ཞེས་དང་། གང་ཤར་སྐྱོང་ཟེར་བ་དེ། གང་ཤར་གྱི་རྣམ་རྟོག་དེ་ལ་ནེར་གྱིས་བལྟས་ནས་དགག་པའང་མ་ཡིན། དེ་ལ་བརྟག་གཞིག་བྱེད་པའང་མ་ཡིན། དེའི་རྗེས་སུ་འབྲང་བའང་མ་ཡིན་པར་རྣམ་རྟོག་ཤར་མཁན་ཁོ་རང་རིག་ཐོག་ཏུ་གློད་ནས་


JKT004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུ་ཟང་ཐལ་དུ་སྐྱོང་བ་ལ་ཟེར་བ་མ་གོ་བར། གང་ཤར་རང་དགར་རྗེས་སུ་འབྲངས་ཤིང་རྟོག་དཔྱོད་བྱེད་ན་ནོར། ཞེས་དང་། བཟང་ངན་གྱི་རྣམ་རྟོག་གང་ཤར་ཡང་རྣམ་རྟོག་གོ་སྙམ་པའི་ཅེར་འཛིན་གྱི་ལྷན་པ་འདེབས་པ་དང་། སྤང་བྱའི་སྟེང་དུ་གཉེན་པོའི་མེ་བཙའ་རྒྱགས་པ་སོགས་གང་ཡང་མི་བྱེད་པར་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་ལྟར་སྣང་མེད་སྤྲོས་བྲལ་གྱི་ངང་དུ་ཉིན་མཚན་བར་མེད་དུ་ལ་བཟློ་བར་བྱས་པས། ལྷག་མཐོང་རྟོག་མེད་ཀྱི་རྩལ་རྫོགས་ཏེ། གནས་འགྱུ་དྲན་རིག་བཟང་རྟོག་ངན་རྟོག་ཇི་ལྟ་བུ་འཆར་ཡང་། རིག་སྟོང་བློ་འདས་རྫོགས་པ་ཆེན་པོའི་ངང་དུ་བཙན་ས་ཟིན། ཞེས་གསུངས། མདོར་ན་མ་བཅོས་པའི་ངང་དང་མ་བྲལ་བ་ལས་གཞན་ཅི་ཡང་དགོས་རེ་ཀན། གནས་ལུགས་ཅེར་མཐོང་གི་དོན། རྫོགས་པ་ཆེན་པོའི་དོན་གྱི་འཇོག་སོ་ནི། མ་བཅོས་པའི་རིག་པ་རྗེན་པ་འདི་ཀ་ཡིན། དེ་ཉིད་རྟག་ཏུ་མ་བརྗེད་ཙམ་པའི་དྲན་པས་སྐྱོང་བ་ལ་སྒོམ་ཟེར་བ་ཡིན། ཧ་ཅང་འཇུར་དྲན་མ་ཡིན་པའི་ངང་ནས་རང་ངོ་ཤེས་ཙམ་དུ་མ་བརྗེད་པར་བསྐྱངས་པས། གཟོད་དོན་དམ་སྤྲོས་བྲལ་གྱི་བདེན་པ་དཔེ་དང་ཐ་སྙད་ལས་འདས་པ་ཞིག་འཆར། ལས་དང་པོ་པའི་དུས་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་ཡེངས་སུ་བཅུག་ནས། ནམ་ཞིག་དྲན་པས་སླེབ་ནས་ཡེངས་འདུག་སོགས་འགྱོད་པ་ཤར་


JKT004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྣམ་རྟོག་སྔ་མའི་རྗེས་གཅོད་དང་འགྱོད་པ་སོགས་མི་བྱ་བར། དྲན་པ་ཧྲིག་གེ་བ་དེ་ཀའི་སྟེང་དུ་རང་བབས་སུ་བཞག །དེ་ལ་རྒྱུན་རིང་བར་གོམས་པས་རྣམ་རྟོག་སྒོམ་ལ་ཤར་ནས་གནས་འགྱུ་མཉམ་གྲོལ་དུ་འགྲོ་བ་ཡིན། འདིའི་ཚེ་གྲོལ་ལུགས་གསུམ་འབྱུང་བའི་ཐ་མར་སླེབས་པས་སངས་རྒྱས་ཀྱི་བདེན་མཐོང་མོས་སྤྱོད་ལས་འཕགས་པ་ཡིན་ཀྱང་། ད་དུང་དག་པ་གསུམ་ལ་མ་སླེབ་པར་བྲལ་ཐོབ་དང་ལྡོག་པ་ལ་ཚེགས་མེད་པས་དབེན་པར་བསྒོམ་པ་ཁོ་ན་གལ་ཆེ། རིག་པ་རང་ངོས་ནས་ས་ལམ་གྱི་དོད་མེད་ཀྱང་། རྗེས་ཐོབ་རིག་པའི་རྩལ་རྫོགས་ཚུལ་ལ་ལྟོས་ནས་རྣལ་འབྱོར་བཞི་སོགས་སུ་མཆོག་གཟིགས་རྣམས་ཀྱིས་ཕྱེ་བའང་རིམ་གྱིས་བགྲོད་པ་ལ་དོན་དུ་གནས་པ་ཁོ་ནའོ།། ༈ །།ཤཱན་པུ་རི་ཕྱི་མཆོད་རྟེན་ལ་ནང་གཞལ་མེད་ཁང་རྒྱ་ཁྱོན་བསམ་ལས་འདས་པ། ཕྱི་རོལ་དུ་ཌཱ་ཀིའི་གྲོང་ཁྱེར་འབུམ་ཚོ་ཙམ་ཡོད་པ། གཞལ་ཡས་ཁང་དེའི་དབུས་ན་ཁྲི་འཕང་མཐོན་པོའི་སྟེང་། དཔའ་བོ་རིག་འཛིན་ཐོད་པའི་དུམ་བུ་ཞེས་པ་ན་ཚོད་བཅོ་ལྔ་པ་ཤངས་ཞུར་དཀར་པོ་ཡོད་པ། དར་དང་རིན་ཆེན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། འཁོར་དུ་དཔའ་བོ་མཁའ་འགྲོ་དང་། རབ་བྱུང་དང་། བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཐེག་པ་སྣ་ཚོགས་ཀྱི་ཆོས་འཁོར་བསྐོར་བ་ཞིག་གཟིགས། ཞེས་སོ། །རྣམ་ཐར་ངོ་


JKT004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་གཏམ་བཅུ་ཆོས་རྗེ་ཀུན་བཟང་པས་མཛད་པར་སྣང་ངོ་།། ༈ །།རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་བརྒྱུད་པའི་བཀའ་མི་འདྲ་བ་བཞི་ཙམ་ཕྱག་ཏུ་བབས་པ་ཡིན་ཏེ། དེ་ཡང་ག་ཡ་དྷ་ར་ནས་བརྒྱུད་པའི་ལམ་འབྲས་པའི་མགོན་རྐྱང་དཔའ་བོ་གཅིག་པ་དང་། རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་བ་ལས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩའི་ནང་ན་བཞུགས་པའི་གུར་གྱི་མགོན་པོ་དང་། པཎ་ཆེན་ཤཱཀྱ་ཤྲཱི་ནས་ས་པཎ་ལ་བརྒྱུད་པའི་སྤུ་གྲི་སྐོར་གསུམ་གྱི་གདམས་ངག་དང་། བྲམ་ཟེ་མཆོག་སྲེད་ནས་པཎ་ཆེན་བདེ་བའི་རྡོ་རྗེ་སོགས་ལ་རིམ་བཞིན་དུ་བརྒྱུད་པ་མལ་ལོ་ཙཱ་བ་ལས་གསན་པའི་སྐོར་དང་བཞི་ལས། དང་པོ་གསུམ་པོ་དེ་ལ་ནི་སྒྲུབ་ཐབས་རྗེས་གནང་མན་ངག་ཙམ་ལས་ཁྲིད་ལ་སོགས་པའི་རྣམ་གཞག་རྒྱ་ཆེར་མེད་ཅིང་། བཞི་པོ་དེའི་ནང་ནས་ཐུགས་རྩིས་དང་ཐུགས་དམ་གྱི་སྙིང་པོ་ནི་མལ་ལོ་ནས་བརྒྱུད་པ་འདི་ལ་མཛད་པ་ཡིན་ཅིང་། དེ་ལའང་བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པ། གདམས་ངག་གསེར་འགྱུར་གྱི་རྩི་དང་འདྲ་བའི་སརྒ་མ་ལོག་པ། མོས་གུས་གཞོན་ནུ་མའི་དགའ་བ་དང་འདྲ་བའི་བསམ་པ་ཚིམ་པ། བསྙེན་བཀུར་ལྷ་འདོད་ཡོན་ལ་ལོངས་སྤྱོད་པ་དང་འདྲ་བའི་དཔལ་འབྱོར་རྒྱུན་མི་ཆད་པ་སྟེ། སྙན་བརྒྱུད་བཞི་ལས། དང་པོ་ལ། དབང་བཀའ་མ་


JKT004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་པ་བཞི། བྱིན་རླབས་བཀའ་མ་ནུབ་པ་གཅིག །རྗེས་གནང་བཀའ་མ་ནུབ་པ་ཉི་ཤུ་ཙམ་ཡོད། གཉིས་པ་ལ། ཁྲོ་བཅུའི་རྗེས་གནང་སྔོན་དུ་སོང་ནས་ཕྱི་སྲུང་བའི་འཁོར་ལོ་ལ་བརྟེན་པ་ཕྱི་འཁྲིད་དང་།། དྲག་པོ་སྔགས་རྒོད་ནང་གི་བྲག་རྫོང་མ། སེམས་ཉིད་ཡེ་ཤེས་རྩལ་འདོན་གསང་བའི་བྲག་རྫོང་མ་སྟེ་གསུམ། ལྷ་བརྒྱད་ཟངས་གྲི་ཅན་དང་བཅས་པའི་རྗེས་གནང་སྔོན་དུ་སོང་ནས། གསང་བ་ཡང་གསང་སེམས་ཀྱི་གནད་ལ་བརྟེན་ནས་སྒྲུབ་པའི་ཁྲིད་ཕོག །དེའང་ཕྱི་ནང་གསང་གསུམ་གྱི་བྲག་རྫོང་མ་སྔོན་དུ་སོང་བ་དང་། ཕྱི་ཁྲིད་ཙམ་སྔོན་དུ་སོང་བ་དང་། བྲག་རྫོང་མའི་སྲུང་འཁོར་ཙམ་སྔོན་དུ་སོང་བ་དང་། མ་སོང་ཡང་བླ་མའི་རྣལ་འབྱོར་ཡན་ཆད་སྔོན་དུ་སོང་ནས་སྟོན་དུ་རུང་བར་བཞེད། འདི་རྣམས་ཀྱི་ཁུངས་ཀྱང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ནས་རྡོ་རྗེ་འཛིན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ནག་པོ་ཆེན་པོ་འདི་ཉིད་རབ་ཏུ་ཕྱུང་ངོ་། །ཞེས་པས་དེ་སྤྱི་དོན་ལྟར་ན། རྡོ་རྗེ་འཛིན་པ་ནི་རྒྱུད་གསུངས་པའི་སྟོན་པ། དེའི་སྐུ་གསུང་ཐུགས་ལས་བསྟན་པ་སྤྱི་དང་། བྱེ་བྲག་རྒྱུད་འདི་གསུངས་པའི་ཕྱིར་ནག་པོ་ཆེན་པོ་ཞལ་ཕྱག་གི་རྣམ་པ་ཅན་འཇིགས་སུ་རུང་བ་སྤྲོས་ཏེ། ཕྱི་སྒྲུབ་ཐམས་ཅད་བསྟན་པ་ཡིན་ནོ། །སྦས་དོན་དུ་བཤད་ན། རྡོ་རྗེ་འཛིན་པ་ནི་ཁམས་དྲུག་ལྡན་གྱི་སྒྲུབ་པ་པོ་རང་ཉིད་དང་། རྩ་


JKT004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རོ་རྐྱང་དབུ་གསུམ་རཀྟ་ཁུ་བ་ཁུ་ཁྲག་འདྲེས་པ་རླུང་ལྡང་འཇུག་གནས་གསུམ་དང་བཅས་པ་ནི་སྐུ་གསུང་ཐུགས་རྡོ་རྗེ། དེ་ལ་གནད་དུ་བསྣུན་པས་ཕྱི་ནང་གི་དྲེགས་པ་རྒྱུད་གསུམ་དབང་དུ་སྡུད་པར་བྱེད་པ་ནང་སྒྲུབ། མཐར་ཐུག་གི་དོན་དུ། རྡོ་རྗེ་འཛིན་པ་ནི་ཁམས་དྲུག་ལྡན་གྱི་སྒྲུབ་པ་པོ། །སེམས་གསལ་སྟོང་ཟུང་འཇུག་ནི་རྡོ་རྗེ་གསུམ། དེ་ལ་གནད་དུ་བསྣུན་ནས་སྒྲུབ་པ་ལ་གསང་སྒྲུབ་ཅེས་འཇོག་གོ ། དེའང་ཁའུ་པའི་ལུགས་གསང་ཁྲིད་ལ་ནང་ཁྲིད་ཀྱང་དོན་གྱིས་ཚང་བས་ལོགས་སུ་མི་མཛད།། ༈ །།བླ་མ་ལྔ་བཅུ་པ་ལས། རྟེན་ལ་ཕྱག་གསུམ་བྱས་ནས་ནི། །པུས་བཙུག་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །གསང་བ་སྤྱི་རྒྱུད་ལས། །མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་དུམ་ཅན་དང་ངམ་གྲོག་ཅན། །རུས་པ་སྡོང་དུམ་ཁུང་བུ་ཅན། །གྲོག་མཁར་ཐལ་བ་ཚ་སྒོ་ཅན། །སོག་མ་བོང་བ་རྡུལ་དང་སྐུ། །སྲིན་བུ་གྲོག་སྤུར་ལ་སོགས་མང་། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤང་། ཞེས་དང་། །སྟོན་ཟླ་ར་བ་ནས་བརྩམས་ཏེ། །ཟླ་བ་གསུམ་གསུམ་ལྟོ་འཕྱེའི་མགོ །ཤར་དང་ལྷོ་དང་ནུབ་དང་བྱང་། །བལྟས་ཏེ་གཡོན་པའི་ཟུར་གྱིས་ཉལ། །པུས་མོ་ལྟེ་བ་རྐེད་མཚམས་སུ། །དངོས་གྲུབ་རྗེས་མཐུན་ལྟོ་ནས་བརྐོ། །ཞེས་སོ། །ཕུབ་མ་གསེག་མ་རྡོ་བ་དང་། །


JKT004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བུ་ལ་སོགས་དོར་བར་བྱ། །ཞེས་སོ། །རྡོ་ལ་རླུང་། རུས་ལ་གཟེར། གྱོ་དུམ་ལ་སྐུགས་པ། ཕུབ་མ་དང་སོལ་བ་ཡོད་ན་རིམས་ནད། སྒྲ་དང་རྩ་ཤིང་སོགས་ཡོད་ན་ཉེར་འཚེ་ཕྲ་མོ་རྣམས་འབྱུང་བས་བསལ་ལོ། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་དང་། གསང་བ་སྤྱི་རྒྱུད་ལས། །དེ་ཡི་ཚེ་ན་མཚན་མ་ནི། །དེ་རྩེ་ཐུར་ལ་བསྟན་པ་དང་། །རྩེ་མོ་གྱེན་དུ་བསྒྲེངས་གྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བཤད། །དེ་བཞིན་ཐུར་དུ་བལྟས་ན་ནི། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །སོ་ཤིང་དོར་བ་བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད། །ཅེས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས། འགྲོ་བ་བགྲོད་པ་རྣམས་ཀྱི་བརྟུལ་ཞུགས་སྦྱིན་བྱ་དེ་དག་ནི། །འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་


JKT004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཙོ་བོའི་བཀའ་འདིས་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཚེ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང་། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་དང་། སྲིད་པའི་འཇིགས་པ་འཇོམས་མཛད་པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན། །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་སོ། །ཡང་། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་འཕྲོག་བྱ་མཆོག་གི་པདྨའི་རིགས་ལ་ཡང་ནི་གཞན་གྱི་བུད་མེད་འཕྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་


JKT004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པས་མིན་པར་རྒྱལ་བས་གསུངས། ཞེས་དང་། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་དང་། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོང་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་ན་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་པས་སོ། །དངོས་པོ་མེད་ལ་བསྒོམ་པ་མེད། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། བསྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་བདག་གིས་མི་མཐོང་སྟེ། །འདི་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་


JKT004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། ཞེས་དང་། །ཡན་ལག་ཕྱག་རྒྱ་ཆེ་བསྒོམས་པས། །རྣམ་འབྱོར་ཆེན་པོ་ཀུན་མཁྱེན་ཉིད། །འགྱུར་མེད་བདེ་བའི་རང་བཞིན་བསྒྲུབ། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཅེས་སོ། །ཇི་སྐད་དུ། མཚལ་ཆེན་བདུད་རྩི་ལྔ་དང་བཅས། །དུར་ཁྲོད་རས་ལ་བྱུགས་ནས་ནི། །བསྡུས་པའི་ཕྱེ་མ་ཆ་གཅིག་དང་། །བྱི་ལ་ནག་པོའི་བཤང་བ་ནི། །དེ་མཉམ་ཆ་ནི་གཅིག་ཏུ་བྱ། །དེ་ནས་གུ་གུལ་ནག་པོ་སྦྱར། །དུར་ཁྲོད་སོལ་བ་བླངས་ནས་ནི། །མཆོད་ཡོན་སྣོད་དུ་བདུག་པ་སྦྱར། །ཞེས་སོ། །སློབ་དཔོན་སྨད་པར་མི་བྱ་ཞིང་། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །རྡོ་རྗེ་སྤུན་ལ་སྨོད་མི་བྱ། །སེམས་ཅན་རྣམས་ལ་བྱམས་པ་དང་། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་སྨོད་མི་བྱ། །སྐལ་མེད་དེ་ཉིད་བསྟེན་མི་བྱ། །བདག་ཉིད་ཕུང་པོ་སྨོད་མི་བྱ། །ཆོས་ཉིད་ལ་ནི་སུན་མི་དབྱུང་། །གདུག་ལ་བྱམས་པ་རྟག་ཏུ་སྤང་། །ཆོས་ལ་ཚད་བཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །བུད་མེད་ཉིད་ལའང་སྨོད་མི་བྱ། །ཞེས་དང་། དམ་ཚིག་དག་དང་མི་ལྡན་པའི། །རིག་མ་ལ་བརྟེན་དགའ་བ་ན། །ཉེས་པ་འོང་བས་སྤང་བར་བྱ། །ཚོགས་ཀྱི་འཁོར་ལོ་རྩོད་པ་ནི། །ཉེས་པ་ཡོད་པས་མི་བྱའོ། །ཚུལ་དང་མི་ལྡན་རིག་མ་ལ། །སྤྱད་པར་མི་བྱ་ཉེས་


JKT004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་། །གསང་ཆོས་ཆོ་ག་ཤེས་པ་འདི། །བུ་ལ་ལེགས་པར་བསྟན་པར་བྱ། །དད་པས་སེམས་ཅན་ཆོས་འདྲི་བར། །ཆོས་ལོག་མི་བཤད་དོན་ལ་བཀྲི། །ཉན་ཐོས་སྤྱོད་པའི་ནང་དག་ཏུ། །ཞག་བདུན་ལ་སོགས་བསྡད་མི་བྱ། །སྔགས་ཀྱི་བསྐྱེད་རྫོགས་མི་ཤེས་པར། །སྔགས་ཀྱི་ཁ་ཕོ་མི་བཏང་ངོ་། །སྣོད་དང་མི་ལྡན་སེམས་ཅན་ལ། །གསང་ཆོས་བཤད་པར་མི་བྱའོ། །ཞེས་སོ།། ༈ །།བྱང་ཆུབ་སྙིང་པོ་རྒྱན་གྱི་ཆོ་ག་ཞིབ་མོ་ལས། ཆོས་སྐུའི་རིང་བསྲེལ་དང་། །ཆོས་ཀྱི་རིང་བསྲེལ་དང་། སྐུ་གདུང་གི་རིང་བསྲེལ་དང་། སྐུ་བལ་གྱི་རིང་བསྲེལ་དང་། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཏེ་ལྔར་བཤད་པའི། དང་པོ་ནི། སཱཙྪདང་མཆོད་རྟེན་སོགས་ཆོས་སྐུའི་རྟེན་རྣམས་དང་། གཉིས་པ་ནི་གླེགས་བམ་དང་གཟུངས་སྔགས་སོ། །གསུམ་པ་སྐུ་གདུང་དངོས་ཏེ་གང་ཟག་ཁྱད་པར་ཅན་གྱི་སྐུ་གདུང་སོགས། བཞི་པ་སྐུའི་ཉེར་སྤྱད་ན་བཟའ་སོགས། ལྔ་པ་རིང་བསྲེལ་དངོས་ཏེ་འཕེལ་གདུང་དུ་གྲགས་པ་རྣམས་ཡིན་ནོ།། ༈ །།སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་བསླུ་བའི་མན་ངག་ཀུན་ལས་བཏུས་པ་ལས། གང་གིས་དཔལ་ལྡན་སྟུག་པོ་བཀོད་པར་དོན་དམ་རྟོགས་པ་ཉིད། །སླར་ཡང་དགའ་ལྡན་སྐྱེ་བོའི་དོན་དུ་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་པ། །འཆི་བ་


JKT004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་སྒྱུ་མ་མཐའ་ཡས་སྟོན་དེ་རྒྱལ་གྱུར་ཅིག །ཅེས་དང་། །བློ་གྲོས་དམན་པས་རྟོགས་དཀའ་ཞིང་། །གཡོ་བའི་སེམས་ཀྱིས་སྒྲུབ་དཀའ་བའི། །འཆི་ལྟས་འཆི་བ་བསླུ་བར་བཅས། །བསྟན་བཅོས་ལས་བཏུས་བཤད་པར་བྱ། །རྣམ་ཀུན་འཆི་བ་བསླུ་བ་ནི། །གྲོལ་བ་ཉིད་ལ་རིགས་པ་ཡིན། །མ་གྲོལ་བ་རྣམས་ཐམས་ཅད་ལ། །ཇི་ཙམ་དུས་ལ་བསྲིང་བའོ། །ཚེ་དང་དབང་པོ་སེམས་རྣམས་ནི། །འགགས་པ་འཆི་བའི་མཚན་ཉིད་དེ། །ཐབས་ཀྱིས་རིང་དུ་འཚོ་བ་ནི། །འཆི་བ་བསླུ་བ་ཞེས་བརྗོད་དོ། །ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ལྷོཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཚོ་བ་ལས་གཞན་སྙིང་པོ་ནི། །འཁོར་བར་ཅུང་ཟད་མ་མཐོང་ངོ་། །དེ་ཕྱིར་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་བརྩམ་པར་བྱ། །གང་ཕྱིར་རིག་པས་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྨན་དང་སྔགས་རྣམས་ཀྱི། །མཐུ་ནི་ཐམས་ཅད་ཡང་དག་འདོད། །འཆི་བའི་མཚན་ཉིད་རིང་མོ་ནས། །ཤེས་བྱ་འོས་པས་བཅོས་པར་བྱ། །སྤྱི་བོར་ཐོག་ནི་བབས་པའི་ཚེ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། ཅེས་སོ། །ཡང་། ཕྱི་དང་ནང་གི་བདག་ཉིད་ཅན། །འཆི་ལྟས་ཚོགས་ནི་ཤེས་བྱས་ནས། །ཕྱི་དང་ནང་གི་བདག་ཉིད་ཀྱིས། །བསླུ་བ་བསྡུས་པའང་


JKT004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ། །ལུས་དང་ངག་དང་ལས་ཀྱིས་ནི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། །ནོར་བུ་སྔགས་སྨན་ཕྱི་ཡིན་ཏེ། །རྣལ་འབྱོར་ནུས་པ་ནང་ཡིན་ནོ། །འབད་པས་འཆི་བ་བསླུ་བ་ནི། །དད་པ་ཉིད་ཀྱིས་བྱ་བར་ནུས། །དེ་བས་དད་པ་བརྟན་པར་བྱ། །གཞན་དུ་ངལ་བ་དོན་མེད་འགྱུར། །ཞེས་སོ། །འཆི་བ་བསླུ་བར་འདོད་པ་ཡིས། །དང་པོར་བསོད་ནམས་བརྩོན་པས་བསྐྱེད། །ཆོས་ཀྱིས་འཆི་ལས་སྐྱོབ་བྱེད་ཅིང་། །ཆོས་ཀྱིས་འཆི་བ་སླུ་བར་བྱེད། །ཆོས་ནི་དོར་ཞིང་བག་མེད་དུ། །སྐད་ཅིག་ཙམ་ཡང་གནས་མི་བྱ། །ཞེས་དང་། ཆོས་གཞན་རྒྱ་ཆེན་རྣམས་ཀྱིས་ཅི། །འཚེ་བ་མེད་པ་ཆོས་ཀྱི་མཆོག ། ཅེས་དང་། །བྱ་ཉ་རི་དྭགས་རྐུན་མ་དང་། །སྦྲུལ་སོགས་བསད་བྱའི་ཕྱོགས་གྱུར་པ། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །རྐུན་མ་ཉ་དང་རི་དྭགས་སྤྲུལ། །བྱ་སོགས་སྲོག་ལ་ཆགས་པ་རྣམས། །འདི་དག་བསད་ན་འཕྲལ་དུ་ནི། །ཚེ་རིང་བ་ཡང་ཚེ་ཐུང་འགྱུར། །མི་དགེ་བཅུ་ནི་སྤངས་པ་དང་། །དེ་བཞིན་གསུམ་པ་སྐྱབས་འགྲོ་དང་། །བསླབ་པ་ལྔ་དང་བརྒྱད་བསྲུངས་ན། །འཆི་བ་ཐག་རིང་བསྲིང་བར་འགྱུར། །བཙོན་རར་ནད་དང་གདུང་བ་དང་། །འཚེ་སོགས་འཇིགས་པ་ཇི་ཙམ་ཡང་། །བསྐྱབས་བྱས་ན་ནི་ངེས་པར་དུ། །ཚེ་རིང་འཆི་བ་སླུ་བྱེད་ཡིན། །ཞེས་དང་། དབེན་པའི་གནས་


JKT004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རས་བྲིས་སོགས། །མདུན་དུ་མཆོད་པ་བྱས་ནས་ནི། །སྔགས་རྣམས་བཟླས་པ་ཙམ་གྱིས་ཀྱང་། །འཆི་བ་བསླུ་བ་འབྱུང་བར་འགྱུར། །ཞེས་དང་། དེ་ལྟར་འཆི་བའི་དགྲ་བོ་བསླུ་བ་འདི་ནི་བཤད་པ་སྟེ། །རང་ངམ་གཞན་གྱི་གཞུང་ལས་གྲུབ་པའི་བསམ་གཏན་ལས་ནི་རབ་བསྒྲུབས་ཤིང་། །བརྩེ་མེད་འཆི་བའི་འཇིགས་པ་ལས་ནི་འབད་པས་ཡང་དག་བསྒྲལ་བར་བྱ། །གང་ཕྱིར་འདིར་ནི་སྲོག་ལས་ཀྵ གཞན་པའི་ཡིད་འོང་ཡོད་མ་ཡིན། །ཞེས་དང་། དེ་བཞིན་ཉིད་ནི་སྟོང་ཉིད་བཤད། །རྣམ་པ་ཀུན་མཆོག་བདག་ཉིད་ཅན། །དེ་ནི་རྟག་ཏུ་གོམས་བྱས་ནས། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་དང་། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་འཛིན་པ་རྣམས་པར་སྤངས། །སྟོང་པ་ཉིད་ནི་རྟག་བསྒོམས་ན། །འཆི་བ་ཡིས་ནི་མཐོང་མི་འགྱུར། །ཀུན་རྟོག་ཙམ་ལས་བྱུང་བ་ཡི། །འཆི་བ་དེ་ཡང་མཐོང་མི་འགྱུར། །གཞན་ཡང་བདུད་ནི་མང་པོ་དང་། །འཁོར་བ་ཡང་ནི་མཐོང་མི་འགྱུར། །ཞེས་དང་། འཆི་བ་ཞེས་བྱ་རྣམ་རྟོག་འདི། །དངོས་པོ་ཀུན་ལ་ཡོད་མིན་ཏེ། །སོ་སོ་སྐྱེ་བོ་རྣམ་རྨུགས་པས། །རང་གི་རྟོག་པས་བཅོམ་པ་ཡིན། །རྣམ་རྟོག་སྡུག་བསྔལ་ཐམས་ཅད་དེ། །རྣམ་པར་རྟོག་པ་འཆི་བར་བཤད། །དེ་ཕྱིར་རྣམ་པར་རྟོག་གཞོམ་ཕྱིར། རྟག་ཏུ་རྣམ་པར་མི་རྟོག་བྱ། །


JKT004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། བསྟན་བཅོས་རྣམས་ནི་རྙེད་སླ་ཡི།. །དེ་སྦྱོར་ཤིན་ཏུ་རྙེད་པར་དཀའ། །སྦྱོར་བ་ཤེས་པའི་འཇིག་རྟེན་ན། །སྦྱོར་བ་རྙེད་དཀའ་ཉིད་མ་ཡིན། །ཞེས་དང་། རབ་ཏུ་སྦྱོར་བ་མཁས་ཤིང་དང་། །བཟོད་དང་བརྩོན་འགྲུས་ལ་རབ་གནས། །སྒྲུབ་ལ་བརྩོན་པའི་ཤེས་རབ་ཅན། །འཆི་བ་བསླུ་བའི་སྣོད་ཡིན་ནོ། །ཞེས་དང་། སྣུམ་དང་སྙིང་པོ་ཟད་སོགས་ལས། །མར་མེ་ལ་སོགས་འཇིག་ཕྱོགས་པའང་། །སླར་ཡང་སྣུམ་སོགས་རབ་ཐོབ་པས། །བསྐལ་པའི་བར་དུ་གནས་པ་ཡིན། །ཇི་ལྟར་དེ་བཞིན་ལུས་འདི་ཡང་། །རྒས་སོགས་ཀྱིས་ནི་འཆི་བཞིན་པར། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་མཐར་ཡང་ཅིས་མི་གནས། །ཞེས་དང་། སྟོབས་ཀྱིས་འབད་པས་དཀའ་བ་ཅུང་ཟད་མེད། །དེ་བས་རྩོལ་བའི་ཁུར་ནི་འདོར་མི་བྱ། །རྟག་ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང་། །དུས་སུ་རྡོ་ལེབ་དག་ཀྱང་རྣམ་པར་འབིགས། །གཙུབས་ན་ཤིང་ལས་མེ་ནི་འབྱུང་འགྱུར་ཞིང་། །བརྐོས་པས་ས་ལས་ཆུ་ནི་འབྱུང་བར་འགྱུར། །མི་ནི་རྩོལ་བ་བཅས་ལ་མི་འགྲུབ་མེད། །ཅེས་གསུངས་སོ། །གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་ལས། །བརྒྱུད་པའི་གསང་བ་མཐོང་བ་ལས། །རྣལ་འབྱོར་བསྟན་བཅོས་དམ་པ་སྟེ། །ཕྱི་རོལ་བསྟན་བཅོས་སུན་འབྱིན་ཡིན། །སྡེབ་སྦྱོར་དང་ནི་ཚད་མ་མེད། །སྒྲ་ཡི་མཚན་


JKT004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྣམ་པར་སྤངས། །ཡེ་ཤེས་ཅན་གྱི་རྣལ་འབྱོར་ཚིག །ཐམས་ཅད་རྣལ་འབྱོར་བསྟན་བཅོས་ཡིན། །ཞེས་དང་། དོན་ལ་རྟེན་པའི་བསྟན་བཅོས་འདི། །གཅིག་ནས་གཅིག་ཏུ་བསླབ་པ་སྟེ། །ཤིན་ཏུ་གབ་ཅིང་གསང་བའི་དོན། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །ཞེས་དང་། དང་པོར་རེ་ཞིག་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་སོགས་བྱ། །ཞེས་དང་། ཤིན་ཏུ་བརྟན་པའི་སློབ་མ་ལ། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་འདྲི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ཞིང་། །ལུས་སོགས་རང་བཞིན་དག་པར་ལྡན། །འཇམ་ཞིང་སྙན་པར་སྨྲ་བ་དང་། །སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཞྭ ཉན་དང་ཐོས་སོགས་ལྷག་པར་དང་། །སྦྱིན་སོགས་དགེ་བའི་ལས་ལ་དགའ། །ཐེག་པ་ཆེ་ལ་མངོན་པར་སེམས། །གསང་བའི་ཆོས་ལ་དད་པ་ལྡན། །རྟག་པར་རྒྱུན་དུ་བླ་མར་གུས། །དེ་འདྲའི་སློབ་མ་ཡོངས་སུ་བཟུང་། ཞེས་དང་། །དེ་ནས་དངོས་གྲུབ་ཀུན་སྒྲུབ་པའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །དང་པོར་ས་གཞི་ཡོངས་སུ་བཟུང་། །ཡིད་ཀྱིས་དག་པའི་ས་ཕྱོགས་ཏེ། །མ་དད་པ་ནི་སྤང་བར་བྱ། །དག་པའི་ས་སོགས་བཟུང་ནས་སུ། །བློ་ལྡན་དེར་ནི་དཀྱིལ་འཁོར་བརྩམ། །ཞེས་དང་། དེ་ནས་བྱང་ངམ་ཤར་དུ་ནི། །སློབ་མ་སྟ་གོན་གནས་པར་བྱ། །ཞེས་དང་། དེ་ནས་


JKT004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ནི་བསྐུར་བའི་ཕྱིར། །ལྷོ་དང་ནུབ་དང་བྱང་དང་ནི། །ཤར་གྱི་སྒོ་ཡི་བུམ་པ་ཡི། །སློབ་དཔོན་གྱིས་ནི་བསྙེན་པར་བྱ། །ཞེས་དང་། དེ་ནས་སློབ་མ་བློ་ལྡན་པས། །བླ་མར་ཡོན་ནི་དབུལ་བར་བྱ། །བུ་དང་ཆུང་མ་སྡུག་པ་དང་། །གཉེན་དང་བྲན་ཕོ་བྲན་མོ་བཅས། །ཡུལ་དང་ཁྱིམ་དང་ཞིང་དང་ནི། །མུ་ཏིག་གོས་དང་གསེར་དང་ནི། །དངུལ་དང་ཟངས་སོགས་ནོར་རྣམས་དང་། །འབྲུ་ནི་རྣམ་པ་སྣ་ཚོགས་དབུལ། །མལ་སྟན་གདུགས་དང་མཆིལ་ལྷམ་སོགས། །མཉེས་པའི་ལོངས་སྤྱོད་ཀུན་ཕུལ་ནས། །མཐར་ནི་བདག་གི་ལུས་ཉིད་ཀྱང་། །བླ་མའི་ཡོན་དུ་བསྟན་པར་བྱ། །སློབ་མ་གུས་པ་མེད་པ་ཡིས། །སྡུག་བསྔལ་གྱིས་གཟིར་ཐེ་ཚོམ་མེད། །དེ་ཕྱིར་སློབ་མས་དངོས་ཀུན་གྱི། །ཡོན་ནི་གཟབ་སྟེ་དབུལ་བར་བྱ། །ཞེས་དང་། སློབ་མར་བཅས་པས་སྔགས་དང་ནི། །བཀྲ་ཤིས་གླུ་བླངས་གར་ཡང་བྱ། །ཞེས་དང་། མཚམས་མེད་པ་དང་སྡིག་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །སྔགས་ཀྱི་དེ་ཉིད་ཕབ་པ་ཡིས། །གཙང་མའི་རིགས་སུ་སྐྱེ་བར་འགྱུར། །ཞེས་དང་། ཧཱུྃ་ཞེས་བྱ་བའི་གླུ་ཡིས་ནི། །རྡོ་རྗེ་རྣལ་འབྱོར་མ་ཆགས་བྱ། །བཀྲ་ཤིས་རོལ་མོ་སྙན་པ་ཡིས། །ཤིན་ཏུ་མཉམ་བཞག་གླུ་བླང་བྱ། །ཞེས་དཔལ་སྤྱོད་པའི་བརྟུལ་ཞུགས་ཞབས་ཀྱིས་མཛད་པའི་ཆོ་ག་ལེའུ་ཉི་ཤུ་རྩ་བརྒྱད་པ་ལས་ཁོལ་བཏུས་སོ།། ༈ །།ནག་པོ་


JKT004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རྒྱུད་དངོས་གྲུབ་ཀུན་ལས་བཏུས་པར། ལག་ན་རྡོ་རྗེས་གསོལ་པ། ཀྱེ་བཅོམ་ལྡན་འདས་དགའ་བ་རྣམས་ནི་དུ་ཞིག །བཅོམ་ལྡན་འདས་ཀྱིས་གསུངས་པ། །དགའ་བ་བཞི་སྟེ་དགའ་བ་དང་། མཆོག་དགའ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། །དགའ་བྲལ་གྱི་དགའ་བའོ། །མཆོག་དགའ་དང་དགའ་བྲལ་གྱི་དབུས་སུ་ངེས་པར་མཚོན་པར་གྱིས་ཤིག །ཅེས་དང་། ལག་ན་རྡོ་རྗེས་གསོལ་པ། ཀྱེ་བཅོམ་ལྡན་འདས། ལུས་ལ་རྩ་དུ་ཞིག་མཆིས། དེ་རྣམས་ཀྱི་རང་བཞིན་འབྱུང་བ་ཇི་ལྟ་བུ་རང་གི་མངོན་པར་འདོད་པའི་གནས་དེ་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལུས་ལ་རྩ་སུམ་ཅུ་རྩ་གཉིས་ཏེ་དེ་རྣམས་ཀྱི་ནང་དུ་རྩའི་གཙོ་མོ་གསུམ་ནི། རྐྱང་མ་དང་། རོ་མ་དང་། ཀུན་འདར་མ་སྟེ། རྐྱང་མ་ནི་ཤེས་རབ་དང་རོ་མ་ནི་ཐབས་ཀྱི་རང་བཞིན་དུ་གནས་སོ། །དབུས་ཀྱི་ཡུལ་ལ་ཨ་བ་དྷུ་ཏཱི་སྟེ་ནམ་མཁའི་རང་བཞིན་གཟུང་བ་དང་འཛིན་པ་སྤངས་པའོ། །ཞེས་དང་། ཀྱེ་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་མོ་ཞེས་པ་ཅིའི་ཕྱིར་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་སྨྱུ རྒྱའང་འདི་ལ་ཆེན་མོའང་འདི་ཡིན་པས་ཕྱག་རྒྱ་ཆེན་མོ་སྟེ། རང་བཞིན་མེད་པའི་ཚུལ་ཅན་ལུས་ངག་ཡིད་སྤངས་པ། སྟོན་ཀའི་ནམ་མཁའི་དཀྱིལ་ལྟ་བུ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ། །


JKT004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་དང་མྱ་ངན་ལས་འདས་པ་ཐམས་ཅད་གཅིག་པའི་བདག་ཉིད། བདེ་བ་ཆེན་པོའི་གཟུགས་ཅན་ནི་ཕྱག་རྒྱ་ཆེན་པོའི་མིང་གིས་བཤད་པའོ། །ཞེས་སོ། །སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད། །སྦྱིན་སྲེག་མེད་ཅིང་དཀྱིལ་འཁོར་དང་། །དཀྱིལ་འཁོར་པ་མེད་དེ་ཉིད་ནི། །སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་སྟེ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་པའང་། །ཞེས་སོ།། ༈ །།གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ལས། །བསམ་བྱ་མེད་ཅིང་བསམ་བྱེད་གང་། །དེ་ཡང་གང་དུ་ཡོད་མ་ཡིན། །དེ་འདིར་བསམ་མི་ཁྱབ་པར་བརྗོད། །སྲིད་པའི་ཤིང་གི་སྭཱ་རེ་སྟེ། །ཞེས་དང་། །སྙིང་གར་སྲོག་དང་ཐུར་སེལ་བཤད། །ལྟེ་བའི་ཕྱོགས་སུ་མཉམ་གནས་སོ། །མགྲིན་པའི་ཕྱོགས་ན་གྱེན་རྒྱུ་སྟེ། །ལུས་ཀུན་སོན་པ་ཁྱབ་བྱེད་དོ། །ཞེས་དང་། །རྐྱང་མ་དང་ནི་རོ་མ་དག །གཡོན་དང་གཡས་སུ་གནས་པའོ། །ཀུན་འདར་མ་ནི་དབུས་ཕྱོགས་སུ། །ལྷན་ཅིག་སྐྱེས་པ་རྗེས་སུ་བྱེད། །ཅེས་དང་། ལྷ་ཡི་གཟུགས་ཀྱི་བདག་ཉིད་ཅན། །སླར་ཡང་སྐུ་གསུང་ཐུགས་དབྱེ་བས། །ཡིག་གསུམ་ཉིད་ཀྱིས་མཉམ་བཞག་པའི། །ཡིད་ཀྱི་ཁོང་དུ་ཆུད་པར་བྱ། །ཨོཾ་ཡིག་གིས་ནི་འཇུག་པ་དང་། །ཨཱཡིག་གིས་ནི་དེ་བཞིན་གནས། །ཧཱུྃ་ཡིག་གིས་ནི་དབྱུང་བ་ཡང་། །རྣལ་འབྱོར་མན་ངག་ལས་བྱའོ། །ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་འདིས། །གཡོ་ཞིང་གཡོ་བ་བརྟན་པར་


JKT004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་པས་སོ།། ༈ །།ཝི། རྒྱུད་མ་ལུས་པའི་དོན་སྐུལ་བར་བྱེད་པ། དཔལ་གསང་བ་གྲུབ་པ་ཞེས་བྱ་བ་སློབ་དཔོན་པདྨ་བཛྲ་གྱིས་མཛད་པ་ལས། ལེའུ་དང་པོར། དངོས་པོ་མེད་ཅིང་ཁྱབ་པ་མཆོག་ཏུ་ཞི་བའི་གོ་འཕང་འཇིག་རྟེན་སྤྱོད་པ་དག་ལས་རྣམ་གྲོལ་བ། །གང་ཞིག་རྟག་འབྱུང་ཞི་ལ་རྒྱལ་བ་དམ་པ་ཁྱུ་མཆོག་རྣམས་ཀྱིས་ཕྱག་བྱས་བསམ་གཏན་དང་བྲལ་བ། །ཅི་ཡང་རུང་བའི་གནས་གྱུར་དཔལ་ལྡན་རྒྱལ་བའི་སྐུ་ཡི་དམ་པ་རྣམ་དག་ནང་གི་བདག་ཉིད་ཀྱིས་འཇུག་པ། །སངས་རྒྱས་ཀྱིས་ཀྱང་རྟོགས་པར་བྱ་བ་མིན་ཞིང་དྲི་མ་རྣམས་དང་བྲལ་བ་དེ་ཉིད་དེ་ལ་ཕྱག་འཚལ་ནས། །ཞེས་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་ཉིད། །དེ་ཉིད་ལྡན་པས་བསྒོམ་པར་བྱ། །གཞན་དུ་དེ་ཉིད་དམན་པས་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ཞེས་དང་། །འབབས་སྟེགས་ལྷ་རྟེན་སྦྱིན་པའང་མིན། །ཁྲུས་དང་གཙང་སྦྲ་དེ་བཞིན་ཏེ། འདི་ཀུན་བདེན་པ་མ་ཡིན་གྱི། །འདི་ཉིད་གཅིག་པུ་བདེན་པ་ཡིན། །ཞེས་དང་། མཚམས་མེད་ལྔ་པོ་བྱས་པ་དང་། །སྲིད་པར་ངལ་བར་བྱས་པས་ཀྱང་། །དེ་ཉིད་ལྡན་ན་འགྲུབ་འགྱུར་ཏེ། །དྲི་མེད་གོ་འཕང་འཐོབ་པར་འགྱུར། །ཞེས་དང་། །བྱ་བ་སྤྱོད་པའི་དབྱེ་བ་དང་། །མདོ་སྡེའི་སྡེ་སྣོད་ལ་སོགས་སུ། །མཆོག་ཏུ་དག་པ་གཅིག་པུ་ཉིད། །རྣམ་པ་དུ་མར་རྣམ་པར་གནས། །ཕུང་པོ་


JKT004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམ་པའི་བྱེ་བྲག་གིས། །དེ་ཉིད་འབད་པས་སྦ་མཛད་ནས། །སངས་རྒྱས་མགོན་པོ་རྣམ་པར་བཞག །བྱང་ཆུབ་སེམས་མཆོག་རྣམ་པར་དག །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །རང་གི་ལུས་ལ་རབ་གནས་པ། །དེ་ནི་འབད་པས་རིག་པར་བྱ། །དེ་ནས་སྤྱོད་པ་བྱ་བའམ། །ཁྱིམ་དུ་གནས་ཏེ་བསྒོམ་པར་བྱ། ཞེས་དང་། །བླ་མ་དང་ནི་རྡོ་རྗེ་འཛིན། །གང་གིས་གཉིས་སུ་མེད་དེར་མཐོང་། །དངོས་གྲུབ་བསྡུས་པའི་མཚན་ཉིད་ཅན། །དེ་ཉིད་འདིར་ནི་ཐོབ་པར་འགྱུར། །ཞེས་དང་། །དབང་བསྐུར་རྗེས་གནང་མེད་པར་ཡང་། །སློབ་མ་དག་ནི་སྡུད་པར་བྱེད། །གླེགས་བམ་མཐོང་བས་དགའ་གྱུར་ནས། །གསང་སྔགས་རང་ཉིད་ལེན་པར་བྱེད། ཅེས་དང་། །དཔལ་ལྡན་འདུས་པ་ཞེས་བྱ་འདིར། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དཔལ་ལྡན་འདུས་ལས་ཆོས་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་འགྱུར། །སྙིང་པོ་ལས་ཀྱང་སྙིང་པོའི་མཆོག །རྒྱུད་ཀུན་གྱི་ནི་བླ་མའི་བླ། །བསྟན་དང་བཤད་པའི་རྣམ་པར་གནས། །རྫོགས་པའི་རྣལ་འབྱོར་རིམ་པ་ཉིད། །འདུས་པ་གང་གིས་མི་ཤེས་པར། །དེ་ཡིས་དངོས་གྲུབ་ཇི་ལྟར་འགྲུབ། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང་། །མི་ཤེས་རབ་རིབ་སེལ་བྱེད་པ། །


JKT004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་པ་ཡོངས་སྤངས་ནས། །རྣམ་རྟོག་དུ་མས་བརྟགས་པ་ཡི། །རྨོངས་པ་དངོས་གྲུབ་འདོད་གྱུར་པ། །མཁའ་ལ་ཁུ་ཚུར་བརྡེག་པ་དང་། །སྨིག་རྒྱུའི་ཆུ་ལ་འཐུང་བ་བཞིན། །ཞེས་དང་། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །འདི་ལ་སྨྱུང་བར་བཤད་པ་མེད། །གཉིས་མེད་ཡེ་ཤེས་དང་ལྡན་ན། །བདེ་བར་གཤེགས་པའི་དངོས་གྲུབ་འགྱུར། །ཞེས་དང་། ལེའུ་གཉིས་པ་ལས། །སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྗེ་ཆེ། །གསུང་བ་པོ་དེ་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུངས་པ་མེད། །ཅེས་དང་། སངས་རྒྱས་ཀུན་གྱི་གནས་ཞེས་པ། །ཆོས་འབྱུང་མི་འགྱུར་ཞི་བ་ཉིད། །ཤེས་རབ་རང་གི་དངོས་དེ་སྲིད། །ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱིས། །སྤྲོས་པ་མེད་ཅིང་དག་པ་ལས། །འདི་དག་ཐམས་ཅད་རྣམ་པར་འཕྲུལ། །མཆོག་ཏུ་ཤེས་ཤིང་རྣམ་དག་གང་། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པའི། །བརྗོད་མིན་ཀུན་ལ་ཁྱབ་པར་


JKT004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཐམས་ཅད་དེ་ཡི་རྣམ་འཕྲུལ་ཡིན། །ཞེས་དང་། གང་ཞིག་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཚུལ་དག་གིས། །གནས་ཤིང་དངོས་གྲུབ་བཟང་སྟེར་བ། །ཤེས་རབ་ཅེས་བྱའི་མིང་། གིས་གནས། །དེ་ལ་གནས་པ་གང་ཡིན་པ། །བྷ་ག་ཞེས་བྱའི་ཡི་གེ་གཉིས། །དག་པའི་དེ་ཉིད་ཅེས་བྱ་སྟེ། །དོན་དམ་པ་དེ་བདག་གིས་བསྟན། །ཞེས་སོགས་དེའི་དོན་རྒྱས་པར་སྨོས་ནས། གཞན་ཡང་། རྡོ་རྗེ་བཙུན་མོ་ལས་བྱུང་བ། །ཨེ་ཝཾ་རྣམ་དག་ཡི་གེ་ཉིད། །ཨེ་ཝཾ་ནམ་མཁའི་ཁམས་སུ་བརྗོད། །མཱ་ཡཱ་ཕྱག་རྒྱུར་རྗེས་སུ་ཐོབ། །གང་ཞིག་དེ་ནི་སྟོན་བྱེད་པ། །ཐོབ་པ་ཞེས་བྱར་འདིར་བརྗོད་དོ། །རྟོག་མེད་ཀུན་མཁྱེན་ཡེ་ཤེས་ཉིད། །དུས་གཅིག་པ་ཡང་དེ་བཞིན་ནོ། །ཞེས་དང་། རྡོ་རྗེ་བཙུན་མོ་ཞེས་བརྗོད་པ། །ཤེས་རབ་རྒྱལ་བ་ཀུན་དངོས་ཏེ། །ཞེས་དང་། རྣམ་དག་བཙུན་མོའི་བྷ་ག་དེར། །བདེ་བ་ཆེན་པོ་རྟག་ཏུ་བཞུགས། །ཞེས་དང་། རྡོ་རྗེ་ཐུགས་སམ་གཞན་ཡང་རུང་། །དཔལ་ལྡན་བདེ་ཆེན་རྒྱལ་པོ་ནི། །འདུས་པ་ཞེས་བྱ་བྱེད་པོ་གང་། །དེ་ནི་ཨེ་ཝཾ་འདི་རབ་གནས། །ཞེས་དང་། འདིར་ནི་ཡི་གེ་གཉིས་པོ་ནི། །རྒྱུད་ཀྱི་དང་པོར་མེད་མི་འདོད། །ཅེས་སོ། །ལེའུ་གསུམ་པ་མངོན་པར་བྱང་ཆུབ་བསྟན་པ་ལས། དབང་པོ་ཀུན་ལས་རྣམ་གྲོལ་ཞིང་། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ཁྱབ་ཅིང་རང་


JKT004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པ་ཡི། །རྟོག་པ་དེ་ནི་གོ་འཕང་མཆོག །ཅེས་དང་། ངོ་མཚར་མཆོག་གྱུར་རྡོ་རྗེ་ཅན། །དེ་ཡི་ཚེ་ན་བསྒྲུབ་པར་བྱ། །རང་ལུས་ཐབས་དང་ལྡན་པའམ། །ཡང་ན་ལས་ཀྱི་ཕྱག་རྒྱས་སོ། །ཞེས་དང་། ལས་ཀྱི་ཕྱག་རྒྱ་ཁྲོ་རྒྱུ་ཅན། །ཡེ་ཤེས་ཕྱག་རྒྱ་ཡང་དེ་བཞིན། །རྣམ་རྟོག་མང་བ་སྤངས་བྱས་ལ། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་བྱ། །ཞེས་དང་། རྣམ་པར་གཡེང་བ་ཀུན་འབྱུང་བའི། །བུད་མེད་ཕྱག་རྒྱ་རྣམ་སྤངས་ལ། །རང་ལུས་ཐབས་དང་ལྡན་པ་ཡི། །ཕྱག་རྒྱ་ཆེན་པོ་བསྟེན་པར་བྱ། །རང་གི་རིག་པའི་ལྷ་རྫས་དེ། །ཕྱག་རྒྱ་ཆེན་པོ་མཆོག་ཏུ་དག །ཐ་མལ་ལུས་ལ་བསྟེན་ནས་གནས། །ཤེས་རབ་ཆུང་བས་མཐོང་མི་འགྱུར། །ཞེས་དང་། མི་འགྱུར་བ་ཡི་རང་ལུས་དེ། །མཆོག་གཅིག་གིས་ནི་ཤེས་པར་འགྱུར། །བླ་མའི་བཀའ་དྲིན་གནང་བ་ལས། །ཇི་ལྟ་བ་བཞིན་རྣམ་པར་གནས། །ཞེས་དང་། ཐབས་དང་བྲལ་ན་ནམ་དུ་ཡང་། །ལྷ་རྫས་ཡོན་ཏན་ཀུན་འབྱུང་བ། གཉུག་མའི་ལུས་ལ་གནས་ན་ཡང་། །ཤེས་རབ་དེ་བཞིན་མཐོང་མི་འགྱུར། །ཞེས་དང་། ཇི་ལྟར་བུར་ཤིང་ཁུ་བ་དང་། །ཏིལ་ལ་ཏིལ་མར་ཇི་བཞིན་པ། །དེ་བཞིན་ལུས་ལ་ཐམས་ཅད་དུ། །ཤེས་རབ་ཕ་རོལ་ཕྱིན་པ་གནས། །ཞེས་དང་། བློ་ལྡན་དངོས་པོ་མི་བསྒོམས་ཤིང་། །དངོས་མེད་ཕ་རོལ་རིང་དུ་སྤངས། །གཅིག་གིས་རྟག་པར་འཛིན་གྱུར་ཅིག །


JKT004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་གིས་ནི་སྟོང་ཉིད་དུའོ། །རྟག་དང་ཆད་པའི་སྦྱོར་བ་ལས། །མཆོག་ཏུ་འཛིན་པ་ཟག་པ་གང་། །ཡེ་ཤེས་ཅི་ཞིག་འབྱུང་འགྱུར་བ། །ཐོག་མ་དབུས་མཐའ་དྲི་མ་མེད། །གཙོ་བོ་རྟག་པ་མཆོག་ཏུ་ཞི། །རྒྱུ་དང་དཔེ་ནི་རྣམ་སྤངས་པ། །དངོས་དང་དངོས་མེད་རྣམ་པར་སྤངས། །རྟག་ཏུ་འབྱུང་ཞིང་འགྱུར་བ་མེད། །མི་གནས་མྱ་ངན་འདས་པ་ཉིད། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །དེར་གནས་སྒོམ་དང་ལྡན་གྱུར་པས། །སངས་རྒྱས་ཀྱི་ཡང་སྤྱོད་ཡུལ་མིན། །དེར་ནི་བགྲོད་དང་བགྲོད་བྱ་མེད། །བགྲོད་པར་འགྱུར་བ་འགའ་ཡང་མེད། །སྒོམ་དང་བསྒོམ་བྱ་སྒོམ་པ་པོ། །དོན་དམ་པར་ན་ཡོད་མ་ཡིན། །དཔེ་ལས་ཟློའདས་ཤིང་བརྗོད་དུ་མེད། །གཟུང་དང་འཛིན་པ་རྣམ་པར་སྤངས། མཚན་མ་མེད་ཅིང་རྡུལ་བྲལ་བ། །མྱ་ངན་འདས་ཞེས་དེ་ལ་བཤད། །ཅེས་དང་། ལྷ་དང་ལྷ་མིན་མིར་བཅས་པ། །ཐམས་ཅད་མ་ལུས་འདི་ལས་འབྱུང་། །ཁམས་གསུམ་མ་ལུས་པ་འདི་དག །ཐམས་ཅད་བདེ་བ་ཉིད་དུ་གནས། །ཞེས་དང་། གང་གིས་གཟུགས་ནི་ཤེས་མིན་ཞིང་། །གང་ཞིག་ཚིག་དང་བློ་སྤངས་ལ། །སྒྲ་དང་དྲི་དང་རོ་ལས་འདས། །བློ་ཡི་ཡུལ་ལས་གང་འདས་པ། །དེ་ནི་འཇིག་རྟེན་ལས་འདས་པ། །ཞེས་དང་། ལས་ཀྱི་ཕྱག་རྒྱ་ལྡན་པའམ། །ཡང་ན་ཕྱག་རྒྱ་ཆེན་པོ་ཡི། །སངས་རྒྱས་རྣམས་ཀྱི་ཐུགས་གྱུར་པ། །འདི་ནི་མཆོག་


JKT004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་ཉིད་མཆོག་ཡིན་ན། །ཞེས་དང་། རང་གི་རིག་པའི་དེ་ཉིད་དེ། །གཞན་གྱིས་བརྗོད་པར་ནུས་མི་འགྱུར། །གུས་དང་བསྒོམས་པས་རྟོགས་འགྱུར་གྱི། །དེ་ནི་གཞན་དུ་རྟོགས་མི་ནུས། །དེ་ཉིད་ཤེས་ནས་ཉིན་མཚན་དུ། །གུས་པས་བསྒོམ་པར་བྱ་བ་ཡིན། །མྱ་ངན་འདས་པའི་གོ་འཕང་མཆོག །བདེ་ཞིང་བདེ་བ་བླ་མེད་དེར། །དེར་ནི་གུས་པའི་སྟོབས་ཉིད་དང་། །སྒོམ་པའི་སྟོབས་ཀྱིས་གང་སྤྲུལ་པ། །དེར་ནི་འབྱུང་བར་འགྱུར་བའི་གཟུགས། །ཀུན་དགའ་ལས་བྱུང་ཅི་ཡང་མཆོག །སྤྲོ་ཞིང་སྡུད་པར་བྱེད་པ་ཅན། །གསལ་པོར་ཡུད་ཀྱིས་བྱུང་གྱུར་པ། །ས་འོག་ས་སྟེང་ས་བླ་ཡི། །རྒྱུ་དང་མི་རྒྱུ་སྣང་བར་བྱེད། །དེ་ཉིད་སྒོམ་པའི་སྟོབས་ཀྱིས་ནི། །ཐབས་དང་ཤེས་རབ་དངོས་ཞི་བ། །ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང་། །མཚན་རྣམས་ཀུན་གྱིས་རྣམ་བརྒྱན་པ། །སྟོང་ཉིད་ཡེ་ཤེས་ལས་བྱུང་ཞེས། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །རྣམ་པ་ཀུན་ཏུ་མཆོག་ལྡན་ཞིང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །རྣམ་དག་ཡེ་ཤེས་སྒྱུ་མའི་དངོས། །གསལ་ཞིང་རང་བཞིན་དྲི་མ་མེད། །ས་དང་དྲི་དང་རོ་ལས་འདས། །དེ་བཞིན་རེག་པ་རྣམ་པར་སྤངས། །ཏིང་འཛིན་ཡེ་ཤེས་མིག་གཉིས་ཀྱིས། །མཆོག་གཅིག་པུ་དེ་མཐོང་བར་འགྱུར། །བཟང་པོ་གྲིབ་མའི་སྒྱུ་འདྲ་བ། །འདུ་བྱེད་བཟང་པོ་བདེ་ལྡན་པ། །མེ་ཡིས་ཐག་པ་སྲེག་


JKT004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། །ཉོན་མོངས་འཆིང་བ་ལས་གྲོལ་བ། །རྣམ་པ་སྣ་ཚོགས་ལུས་རྣམས་དང་། །ཡེ་ཤེས་རླབས་ཀྱི་ཕྲེང་བ་སྤྲོད། །དབང་པོའི་གཞུ་དང་འདྲ་བའི་སྐུ། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །རྣལ་འབྱོར་སྒོམ་པའི་ནུས་པ་དང་། །དམ་ཚིག་རྣམས་ནི་བསྐྱངས་བྱས་ལ། །རྒྱལ་བ་ཡིས་ཀྱང་བརྗོད་མེད་པའི། །དེ་འདྲའི་གཟུགས་ནི་ཐོབ་པར་འགྱུར། །ཞེས་སོ། །ལེའུ་བཞི་པ་ལས། གོང་མ་གོང་མའི་ལམ་@ཉིད་ཀྱིས། །བསྒོམ་པར་བྱ་བ་བཞི་པོ་ཉིད། །དང་པོར་ཡི་གེ་དགོད་པར་བྱ། །བསྐྱེད་པའི་རིམ་པ་ལ་གནས་པ། །སྒྲུབ་པོའི་དབང་པོས་བསྒོམ་པར་བྱ། །གཉིས་པ་ནང་གི་རང་བཞིན་ཉིད། །གསུམ་པ་བཟང་པོ་མཆོག་གྱུར་པ། །ཡེ་ཤེས་ཕྱག་རྒྱ་རྣམ་པར་བསྒོམ། །བཞི་པ་གོང་མར་གང་གསུངས་པ། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །ཞེས་དང་། ཡི་གེ་དགོད་པའི་སྦྱོར་བ་ཡིས། །བསྒོམ་པར་བྱ་བ་གང་བསྟན་པ། །སེམས་ཅན་དང་པོའི་ལས་ཅན་རྣམས། །གཞུག་པར་བྱ་བའི་ཕྱིར་དུ་གསུངས། །ཞེས་དང་། བསྐྱེད་པའི་རིམ་པའི་ལམ་ཉིད་དུ། །གཅིག་ཉིད་རྣམ་པ་ལྔ་རུ་འགྱུར། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །ཡེ་ཤེས་མཆོག་ཏུ་དགེ་བ་ཉིད། །ཅེས་དང་། སྤྲོས་པ་ཀུན་ལས་རྣམ་གྲོལ་ཞིང་། གཟུགས་གང་མཆོག་ནི་ཞི་བ་ཉིད། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཤེས། །ཡེ་ཤེས་འདི་ལ་འདི་རབ་གྲགས། །


JKT004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། རྣལ་འབྱོར་ཕྱག་རྒྱ་གཟུགས་ལྡན་པའི། །དངོས་པོ་མེད་པའི་རང་བཞིན་གྱིས། །གཟུགས་བརྙན་ཡིད་ཀྱི་རང་བཞིན་ཉིད། །ཡོན་ཏན་མཐའ་མེད་འབྱུང་འགྱུར་བ། །སངས་རྒྱས་ཀྱིས་ཀྱང་མི་མཁྱེན་པའི། །དཔལ་ལྡན་མེ་ལོང་མིང་ཅན་དུ། །ཡེ་ཤེས་དེ་ལ་བརྗོད་པར་བྱ། །དངོས་པོ་མེད་པའི་རང་བཞིན་དུ། །དེར་ནི་འགོག་པའི་ཡེ་ཤེས་གང་། །དེ་ཡི་རང་བཞིན་རྣལ་འབྱོར་ལྡན། །མཉམ་ཉིད་ཡེ་ཤེས་ཞེས་བརྗོད་དོ། །རྒྱས་པ་ཅན་ཞེས་བྱ་བ་གང་། །ལྷ་རྫས་བུད་མེད་དཀྱིལ་འཁོར་རོ། །འབད་པས་སོ་སོར་རྟོག་གྱུར་པ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་དང་། །སངས་རྒྱས་གཟུགས་ནི་འོད་ཆེན་པོ། །བཟང་པོ་དེ་ནི་མཐོང་གྱུར་ནས། །ནམ་མཁའི་དབྱིངས་ཀྱི་གནས་བཟང་པོར། །རྣལ་འབྱོར་འདི་ལ་བརྟག་པར་བྱ། །ཞེས་དང་། དག་ཅིང་དྭངས་པ་དྲི་མེད་དེ། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད། །ཡེ་ཤེས་དེ་ནི་མདོར་བསྡུ་ན། །སོ་སོར་རྟོག་པ་ཞེས་བྱར་བརྗོད། །ཅེས་དང་། རྡོ་རྗེ་པདྨ་མཉམ་སྦྱོར་བས། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །རྣམ་པ་སྣ་ཚོགས་གཟུགས་ལྡན་པའི། །ཡེ་ཤེས་རླབས་ཀྱི་ཕྲེང་བ་སྤྲོས། །བྱ་བ་ནན་ཏན་ཡེ་ཤེས་ཞེས། །མཆོག་ཏུ་གྱུར་པ་དེ་ལ་བརྗོད། །ཅེས་སོགས་ཤིན་ཏུ་རྒྱས་པར་བསྟན་ཅིང་། །ལྷག་མ་གསུམ་པོ་ཡང་། །བསྐྱེད་པའི་རིམ་ལ་ཉུང་ལྡན་པས། །


JKT004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་པདྨ་མཉམ་སྦྱོར་བ། །འདི་ནི་སྒོམ་པ་གཉིས་ཕ་སྟེ། །རང་གི་ངོ་བོ་ཡིན་ཞེས་གྲགས། །གསུམ་པ་དེ་ནི་བསྟན་པ་སྟེ། །ནང་གི་གོ་འཕང་བསྒོམས་པ་ཡིན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་ཕྱག་རྒྱ་རབ་བརྟག་པའོ། །བཞི་པ་གོང་ན་མེད་པའི་རྒྱུ། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམས་པ། །དེ་ཡི་གོང་ན་གཞན་མེད་པའོ། །ཞེས་པ་ལ་སོགས་པས་བསྟན་ཅིང་། །གཞན་ཡང་གཅིག་ཏུ་གསང་བའི་ས་ཕྱོགས་ཡོན་ཏན་བརྒྱ་ཡི་གཞིར་གྱུར་རིའམ་ཁྱིམ་སྟོང་ངམ། །སྐྱེད་ཚལ་ཉིད་དམ་བྲག་ཕུག་དུར་ཁྲོད་དག་གམ་ས་ཕུག་ཉམས་དགའ་བའམ། །དེ་ལྟར་དྲི་མེད་བྱས་པའི་ས་ཕྱོགས་དག་ཏུ་བཟང་པོ་མཚོན་ཅིང་བཟུང་། །ཡུལ་གྱི་བདེ་བསྐྱེད་དེ་ཉིད་རིན་ཆེན་རྡོ་རྗེ་ཅན་གྱི་འདུ་འཛི་སྤངས་ལ་བསྒོམ། །ཞེས་དང་། འཁོར་བར་རབ་ཏུ་འཆིང་གྱུར་པར། །ཁམས་གསུམ་པ་ཡིས་བསྟན་པའི་ལམ། །དེ་ཀུན་དངོས་པོ་མེད་གྱུར་པའི། །ཡེ་ཤེས་མཆོག་གི་རྣམ་འཕྲུལ་ཡིན། །ཞེས་དང་། དངོས་དང་དངོས་མེད་ལས་གྲོལ་ཞིང་། །སྤྲོས་པ་མེད་པའི་ངོ་བོ་ཉིད། །སངས་རྒྱས་ཀྱིས་ཀྱང་རྟོགས་མིན་ན། །སྐྱེ་བོ་གཞན་གྱིས་སྨོས་ཅི་དགོས། །ཞེས་དང་། སྒོམ་དང་བསྒོམས་པ་བསྒོམ་བྱ་དག །དོན་དམ་པར་ན་ཡོད་མ་ཡིན། །དེ་ཉིད་མཆོག་གྱུར་གཅིག་པུ་དེ། །བྱང་ཆུབ་སེམས་དཔའ་ཞེས་སུ་བརྗོད། །


JKT004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། ལྟ་བའི་བུད་ཤིང་ཕུང་པོ་རྣམས། །སྟོང་ཉིད་མེ་ཡིས་བསྲེགས་བྱས་ནས། །འདིར་ནི་མཉམ་ཉིད་ལ་གནས་ན། དེ་བཞིན་ཉིད་ཀྱི་མེ་ཡང་འགགས། །ཞེས་དང་། ལེའུ་ལྔ་པ་ཕྱག་རྒྱ་ཆེན་པོ་མངོན་པར་བསྟན་པ་ལས། ལུགས་བཅས་རིམ་པ་དེ་ཉིད་ངེས་པའི་བློ་ལྡན་སྒོམ་འགྱུར་རྡོ་རྗེ་ཅན། །འདོད་པའི་ཡིད་ཅན་བཟང་པོར་རབ་དགའི་ཡིད་ཅན་དངོས་གྲུབ་དོན་ཀུན་བསྒྲུབ། །མི་ཡི་ཚེ་འདི་ཉིད་ལ་འགྲུབ་འགྱུར་དཔལ་ལྡན་གསང་གྲུབ་ལ་གནས་ནས། །ཐབས་བཟང་དག་དང་ལྡན་པས་བརྗོད་མེད་མཆོག་གྱུར་གོ་འཕང་དམ་པར་འགྲོ། །ཞེས་སོགས་གསུངས་ཤིང་དབང་བསྐུར་བའི་ཆོ་ག་མདོ་ཙམ་བསྟན་ནོ། །ལེའུ་དྲུག་པ་གསང་བའི་སྤྱོད་པ་བསྟན་པ་ལས། མཚན་མ་མེད་ཅིང་སྣང་བ་མེད། །རང་གི་ལུས་ཀྱི་ཐབས་ལྡན་པའི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འབད་པས་རབ་ཏུ་བསྒོམ་པར་བྱ། །ཞེས་དང་། ཏིལ་འབྲུ་ཙམ་གྱི་དངོས་པོ་ཡང་། །ཡོངས་སུ་གཟུང་བར་མི་བྱའོ། །ཡོངས་སུ་འཛིན་ལས་སྡུག་བསྔལ་འབྱུང་། །སྡུག་བསྔལ་གྱིས་ནི་སེམས་འཁོར་འགྱུར། །འཁོར་བས་སེམས་ནི་ཞུམ་འགྱུར་ཏེ། །ཞུམ་པས་དངོས་གྲུབ་ཉམས་པར་འགྱུར། །དངོས་གྲུབ་ཉམས་པས་འཁོར་བ་སྟེ། །འཁོར་བས་དམྱལ་བ་སྒྲུབ་པར་བྱེད། །དམྱལ་བར་ཉོན་མོངས་སྡུག་བསྔལ་གྱིས། །གྲངས་མེད་བསྐལ་པར་གནོད་པར་


JKT004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་དང་། ཐེག་པ་གསུམ་ལ་ཞུགས་རྣམས་ལ། །ཕྱག་ལ་སོགས་པ་མི་བྱའོ། །སངས་རྒྱས་དམ་པར་མ་འཛིན་ན། །རྣལ་འབྱོར་པ་གཞན་སྨོས་ཅི་དགོས། །ཞེས་དང་། ཕྱོགས་བཅུ་དག་ཏུ་རྣམ་པར་རྒྱུག་བྱེད་པའི། །རང་སེམས་གལ་ཏེ་འཛིན་པར་འདོད་གྱུར་ན། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་རང་གི་སེམས། །དེ་ཚེ་ཡང་དག་སྦྱོར་བ་མཆོག་ཏུ་བྱ། །ཞེས་སོ། །ལེའུ་བདུན་པ་རིག་པའི་བརྟུལ་ཞུགས་ལས། འདོད་པའི་རྫུ་འཕྲུལ་ཆེ་ལྡན་ཞིང་། །ཆུ་དང་རྡུལ་དག་རྣམ་པར་སྤངས། །སྣ་ཚོགས་གཟུགས་དག་རབ་སྟོན་པའི། །ལྷ་རྫས་བཙུན་མོ་བསྟེན་པར་བྱ། །ཞེས་དང་། ལྷ་རྫས་བཙུན་མོ་འགུགས་པ་ཡི། །ནུས་པ་གལ་ཏེ་མེད་གྱུར་ན། །འདོད་ཆགས་གནོད་པ་ཉིད་གྱུར་ལ། །དེས་ན་མི་ཡི་བུ་མོ་བསྟེན། །ཞེས་སོ། །ལེའུ་བརྒྱད་པ་ཚོགས་ཀྱི་བརྟུལ་ཞུགས་ལས། །མགོ་བོའི་སྐྲ་ནི་བྲེགས་ནས་ཀྱང་། །རལ་པ་སྦོམ་པོ་གཅིག་བཞག་ལ། །གཙུག་ཕུད་གཅིག་ནི་བཟུང་བར་བྱ། །ཞེས་དང་། ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས། །གཏོང་བར་བྱེད་པ་མ་ཡིན་པ། །དེ་སྲིད་ཀུན་དགའ་ལས་བྱུང་བདེ། །ཅི་ཡང་རྒྱུན་མི་འཆད་པ་ཐོབ། །བདེ་བ་དེ་ཡི་ངོ་བོ་དང་། །ཡང་དག་ལྡན་པའི་བྱང་ཆུབ་མཆོག །བདག་ཉིད་རྟག་ཏུ་བསྒོམས་ན་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་


JKT004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་དེར་ལྷུང་བས། །ཕུང་པོ་རྣམ་ཤེས་བརྒྱལ་གྱུར་ནས། །མ་སྨད་དངོས་གྲུབ་ག་ལ་ཡོད། ཅེས་སོ། །ལེའུ་དགུ་པ་དོན་དམ་པའི་སློབ་དཔོན་གྱི་མཆོད་པ་ངེས་པར་བསྟན་པ་ལས། །དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་མཆོད་པ་མཆོག་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དཔལ་ལྡན་འདུས་པའམ་གཞན་དུ་བསྟེན། །ཞེས་དང་། ཁམས་གསུམ་རིན་པོ་ཆེར་གྱུར་པ། །སློབ་དཔོན་ལས་ནི་མཆོག་གཞན་མེད། །གང་ལས་བཀའ་དྲིན་ཐོབ་པ་ནི། །མཁས་པས་དངོས་གྲུབ་དུ་མ་ཐོབ། །ཅེས་དང་། གང་གིས་སངས་རྒྱས་རྣམས་ཀྱི་ཆོས། །ནམ་མཁའ་ལྟ་བུ་མི་ཤེས་པས། །ཐེག་པ་མཆོག་འདི་ཐོས་གྱུར་ནས། །སེམས་ཅན་དེ་ནི་སྐྲག་གྱུར་ན། །རྡོ་རྗེ་ཐེག་པ་སྨོད་པ་དེ། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །ཞེས་དང་ཡང་། མུན་པ་ལས་ནི་མར་མེ་བཞིན། །བདེ་ཆེན་མགོན་པོ་གཅིག་པུ་ཉིད། །གང་ཞིག་རྟག་ཏུ་དྲན་བྱེད་ཅིང་། །ཞབས་ཀྱི་པདྨོ་གཉིས་གུས་པས། །སྡིག་པ་ཐམས་ཅད་ཟད་གྱུར་ནས། །སེམས་ཅན་དེ་ཉིད་དེ་ཡི་མཐུས། །པད་བསྣམས་འཇིག་རྟེན་མགོན་པོ་ལྟར། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །དུས་མི་རིང་བར་འགྱུར་བ་ཉིད། །ཅེས་གསུངས་སོ། །བདེ་བ་ཆེན་པོ་པདྨ་བཛྲ་གྱི་ཞལ་ལུང་བདུད་རྩིའི་ཕུང་པོ་འདི་ཉིད། །རྒྱ་གར་གྱི་པཎྜི་ཏ་ཀྲྀཥྛ་པ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་


JKT004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྒྱུར་བ་སྟེ། གཞུང་གི་དུམ་བུ་ཅུང་ཟད་བཏུས་པའོ། །ཇི་ལྟར་ཟླ་བའི་འཛུམ་རླབས་ཀྱིས། །ཀུནྡའི་ནགས་ཚལ་བྱེ་བ་བཞིན། །གསང་བ་གྲུབ་པའི་ལུང་འདི་ཡིས། །གྲུབ་པའི་བློ་མཆོག་གྲོལ་བར་ཤོག །ཤུ་བྷཾ། །སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་གྲུབ་པ་ལས། །ཤེས་རབ་ཐབས་རྣམ་པར་སྤྲོས་པ་ཕྱེ་བའི་ལེའུ་དང་པོར། །བྱིས་པས་འཁྲུལ་པ་བདེན་མིན་པའི། །ཀུན་ཏུ་རྟོག་པ་ལས་བྱུང་དངོས། །ཀུན་ཏུ་རྟོག་པའི་བདག་ཉིད་ཅན། །དེ་ནི་སྲིད་པར་མཁས་པས་བཤད། །ཅེས་དང་། མར་མེ་འབར་བ་བསད་རུང་གི །ཤི་ནས་ཅི་ཡང་བྱར་མེད་པར། །དངོས་པོར་འཛིན་པ་ཉིད་རུང་གི །དངོས་མེད་འཛིན་པ་དེ་ལྟ་མིན། །ཞེས་དང་། རྟག་ཏུ་རྗེས་མཐུན་སྦྱོར་བ་ཡིས། །སྐྱེ་བོ་མངོན་པར་འདོད་པ་ཡིས། །འབྲས་བུ་གང་ཡིན་ཉེར་སྦྱིན་པ། །དེ་ནི་ཐབས་ཞེས་བྱ་བར་བསྒྲགས། །ཞེས་དང་། དཔག་མེད་བདེ་བའི་རང་བཞིན་ཕྱིར། །དཔལ་ལྡན་བདེ་ཆེན་ཞེས་བྱ་བ། །ཀུན་ཏུ་བཟང་པོ་མཆོག་ཉིད་དང་། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཞེས་སོ། ལེའུ་གཉིས་པར། དེ་འདི་ཡིན་ཞེས་རྒྱལ་བས་ཀྱང་། །དེ་ནི་བརྗོད་པར་ནུས་མ་ཡིན། །སོ་སོ་རང་རིག་རང་བཞིན་ཕྱིར། །ངག་གི་ལམ་གྱིས་གཟུང་བྱ་མིན། །དེ་ལྟ་ན་ནི་དུས་གསུམ་གྱི། །སངས་རྒྱས་འགྲོ་རྣམས་


JKT004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མཛད་པ། །མདོ་སྡེ་དུ་མ་གསང་སྔགས་ཀྱི། །སྤྱོད་པ་ལ་སོགས་རིམ་གྱིས་བཤད། །ཅེས་དང་། དེ་བས་དམ་པ་དོན་གཉེར་བའི། །སྐྱེས་བུའི་དངོས་པོ་ཐམས་ཅད་ཀྱིས། །དཔག་མེད་འབྲས་བུ་སྟེར་བ་ཡི། །སློབ་དཔོན་ཀུན་ཏུ་བསྟེན་པར་བྱ། །ཞེས་དང་། བརྟན་པས་གཡོ་དང་ཟོལ་དང་ང་རྒྱལ་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ནས་ནི། །མན་ངག་ལྡན་པའི་བླ་མ་མཚུངས་པ་མེད་པ་དད་པས་འདིར་ནི་བསྟེན་པར་བྱ། །དེས་དེ་ངེས་པར་རྒྱལ་བའི་ཡོན་ཏན་གཏེར་གྱུར་དེ་ཉིད་རིན་ཆེན་རྙེད་གྱུར་ནས། །བདེ་གཤེགས་ཀུན་གྱིས་བརྙེས་པའི་བྱང་ཆུབ་མཆོག་ནི་འཐོབ་པར་འགྱུར། །ཞེས་སོ། །ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ངེས་པར་ཕྱེ་བ་ལས། །ཆོ་ག་འདི་དག་ཉིད་ཀྱིས་དབང་བསྐུར་བྱིན་ནས་ནི། །སློབ་མ་ལྷག་པར་མོས་པའི་ཡིད་ཀྱིས་བརྟགས་བྱས་ལ། །ཟབ་ཅིང་རྒྱ་ཆེ་བ་ལ་ལྷག་པར་མོས་ནས་ནི། །ཚིག་གི་སྒོ་ནས་རིན་ཆེན་དབང་བསྐུར་སྦྱིན་པར་བྱ། །དབང་བསྐུར་མཆོག་ནི་མ་ལུས་ཐོབ་པར་འགྱུར་བ་སྟེ། །རྡོ་རྗེ་མཆོག་འཛིན་རྙེད་དཀའ་མཚུངས་པ་མེད་པའི་གནས། །ལོངས་སྤྱོད་རྫོགས་པ་དང་ནི་དཔལ་གྱི་ཞིང་གྱུར་པ། །བྱང་ཆུབ་སེམས་ཅན་དབང་བསྐུར་དེ་དག་བླང་བར་བྱ། །ཞེས་སོ། །ལེའུ་བཞི་པ་དེ་ཁོ་ན་ཉིད་སྒོམ་པའི་རིམ་པར་ཕྱེ་བ་ལས། གོང་ན་སྒོམ་པ་པོ་མེད་ཅིང་། །རྣམ་པར་


JKT004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ཅི་ཡང་མེད༑ །བསྒོམ་བྱ་ཉིད་ཀྱང་ཡོད་མིན་པ། དེ་ནི་སྟོང་ཉིད་བསྒོམ་པར་བཤད། ཅེས་དང་། ཀུན་རྟོག་མུན་པ་སྡུག་བསྔལ་སྟུག་པོས་ཟིལ་གནོན་ཞིང་། །འདོད་ཆགས་ལ་སོགས་བཟློག་དཀའི་དྲི་མས་གཡོགས་གྱུར་པའི། །རབ་ཏུ་འཐོར་རླུང་གིས་བསྐྱོད་གློག་ལྟར་གཡོ་བ་ཡི། །སེམས་ནི་འཁོར་བ་ཡིན་པར་རྡོ་རྗེ་ཅན་གྱིས་གསུངས། །རྟོག་པ་ལས་ནི་རྣམ་པར་གྲོལ་ཞིང་འོད་གསལ་བ། །འདོད་ཆགས་ལ་སོགས་དྲི་མའི་སྒྲིབ་གཡོགས་རབ་ཏུ་སྤངས། །གཟུང་བ་དང་ནི་འཛིན་པ་མེད་ན་དེ་ཉིད་ནི། །མྱ་ངན་འདས་པའི་དོན་དུ་སེམས་ཅན་མཆོག་གིས་གསུངས། །ཞེས་སོ། །ལེའུ་ལྔ་པ་དེ་ཁོ་ན་ཉིད་སྤྱོད་པའི་ངེས་པར་ཕྱེ་བ་ལས། །སྒྲུབ་པ་པོ་ལ་ཕན་གདག་ཕྱིར། །ཁམས་གསུམ་པ་ནི་མ་ལུས་པ། །འདི་དག་ཐམས་ཅད་ལོངས་སྤྱོད་ཕྱིར། །རྡོ་རྗེ་སེམས་དཔས་སྤྲུལ་པ་ཡིན། །ཞེས་དང་། །ཡེ་ཤེས་མཐའ་ཡས་རྙེད་པ་ཡི། །དེ་བཞིན་གཤེགས་ལའང་ཕྱག་མིན་ན། །རྟག་ཏུ་བསྒོམས་ལ་འགྲུབ་པ་ཡི། །ལུགས་མ་ལ་སོགས་སྨོས་ཅི་དགོས། །ཞེས་དང་། གཉིས་མེད་མཚུངས་པ་མེད་པ་གང་ཡིན་ཉིན་རེ་བཞིན། །དེ་ཉིད་མཆོག་ནི་རྒྱུན་དུ་རྗེས་སུ་བསྟེན་པར་བྱ། །འདི་ཡིས་དྲི་མ་མེད་ཅིང་རྡོ་རྗེ་ལྟ་བུ་དང་། །གྲིབ་མ་ལྟ་བུའི་སྐུ་ནི་མཚུངས་མེད་ཐོབ་པར་འགྱུར། །བློ་དང་ལྡན་པས་ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །རང་བཞིན་


JKT004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི་དྲི་མ་མེད་པར་རྣམ་འབྱེད་དེ། །འཇིག་རྟེན་གསུམ་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར། །ཉིན་རེར་བརྩོན་འགྲུས་གོ་ཆ་ཆེན་པོ་བགོས་ནས་སུ། །དངོས་པོ་ཀུན་གྱི་རང་བཞིན་དཔལ་ལྡན་རྡོ་རྗེ་སེམས། །ཡོན་ཏན་མ་ལུས་པ་ཡི་གཏེར་གྱུར་བསྒོམ་པར་བྱ། །སེམས་ནི་བྱང་ཆུབ་ངོ་བོར་བཞག་ནས་ཡུལ་གྱི་ནི། །བདེ་ལ་དགའ་བས་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རང་བཞིན་གྱིས་ནི་མ་ལུས་འདི་དག་རྣམ་དག་སྟེ། །ཐ་མལ་ཡུལ་རྣམས་བདག་མེད་སྒྱུ་མ་ལྟ་བུ་དང་། །མིག་འཕྲུལ་དང་ནི་མིག་ཡོར་དག་དང་མཚུངས་པ་སྟེ། །གནས་མེད་རྟོག་པའི་ཐ་སྙད་དག་ལས་རྣམ་པར་གྲོལ། །གང་ཚེ་སྐྱེས་བུ་དམ་པ་རྒྱ་ཆེན་བསམ་པ་དང་། །འཛིན་པ་མེད་པའི་སེམས་ནི་ཀུན་ཏུ་རྟོག་གྱུར་པ། །དེ་ཚེ་ལྷན་ཅིག་སྐྱེས་པའི་རྟོག་པས་ཟིལ་གནོན་ཏེ། །ཡུལ་འདི་རྣམས་ཀྱི་ནུས་པས་འཆིང་བར་ནུས་མ་ཡིན། །གང་རྣམས་རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། །བདེ་བ་དང་ནི་སྡུག་བསྔལ་རབ་ཏུ་རྒྱས་པ་དང་། །བསྟོད་པ་དང་ནི་སྨད་པའི་དྲི་མ་མ་ལུས་པ། །ཟད་པས་རང་གི་སེམས་ནི་མཉམ་པ་ཉིད་དུ་བྱ། །ཆགས་པ་མེད་དང་འགྲོ་ལ་སྙིང་ནི་བརྩེ་བ་ཡིས། །རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་སྤྱོད་པ་དང་། །ལྡན་པ་དེ་ཡི་ཕྱག་ན་བདེ་གཤེགས་གོ་འཕང་ནི། །གནས་པ་ཡིན་ཞེས་རྡོ་རྗེ་སེམས་དཔའ་རབ་ཏུ་གསུངས། །ཞེས་གསུངས་སོ། །


JKT004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་འདི་པཎྜི་ཏ་ཤཱནྟི་བྷ་དྲ་དང་། འགོས་ལྷས་བཙས་ཀྱིས་བསྒྱུར་བ་སྟེ། ཉེ་བར་མཁོ་བའི་དུམ་བུ་འགའ་ཞིག་གུད་དུ་ཕྱུང་བ་ཤུ་བྷཾ། །སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་ལས། ལེའུ་དང་པོ་ཕྱག་རྒྱ་ཆེན་པོ་བསྟན་པ་ཞེས་བྱ་བར། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །དེ་ལྟར་བསམས་ནས་རྣལ་འབྱོར་གྱི། །དབང་པོ་གང་ལའང་བརྙས་མི་བྱ། །ཞེས་དང་། བཟའ་དང་བཟའ་མིན་ལས་འདས་དང་། །བཏུང་དང་བཏུང་མིན་རྣམ་པར་སྤངས། །བགྲོད་དང་བགྲོད་མིན་རྣམ་གྲོལ་བདག །རྣལ་འབྱོར་པ་ནི་མཉམ་འཇོག་འགྱུར། །ཞེས་དང་། །གང་ལ་བླ་མའི་དྲིན་ཡོད་པ། །དེ་ཡིས་དེ་ཉིད་མཆོག་རྙེད་འགྱུར། །གཞན་དུ་བྱིས་པས་ཡུན་རིང་དུ། །རྣམ་པར་རྨོངས་པས་ཉོན་མོངས་འགྱུར། །ཞེས་དང་། དེ་མཉམ་འགྲོ་བ་འཇིག་རྟེན་ན། །ཁམས་གསུམ་ན་ནི་གཞན་མེད་དེ། །རྡོ་རྗེ་སེམས་ཉིད་འཇིག་རྟེན་ན། །ཕུན་སུམ་ཚོགས་ཀུན་ཕྱིར་ཞུགས་ཡིན། །ཞེས་དང་། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡིས། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་ན། །བྲིས་པའི་དཀྱིལ་འཁོར་ལོགས་གཞན་དུ། །དབང་བསྐུར་བ་ནི་ལེན་ཅེ་ན། །འདི་ནི་དམ་ཚིག་ཉམས་པར་


JKT004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དམ་ཚིག་ཉམས་པའི་སྡུག་བསྔལ་ནི། །ལུས་དང་དེ་བཞིན་ཡིད་དང་ནི། །དེ་ཡི་དོན་རྣམས་ཉམས་འགྱུར་ཞིང་། །མྱུར་བ་ཉིད་དུ་ཤི་བར་འགྱུར། །ཤི་ནས་དམྱལ་པའི་སྡུག་བསྔལ་ནི། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུའང་། །མྱོང་ནས་གནས་ལས་འཕོས་གྱུར་ནའང་། །གདོལ་པའམ་དམན་པའི་རིགས་སུ་སྐྱེ། །ལྐུགས་པའམ་ཡང་ན་འོན་པའམ། །སྐྱེ་ཞིང་སྐྱེ་བར་དམུས་ལོང་དུ། །སྐྱེ་བར་འགྱུར་བ་ཐེ་ཚོམ་མེད། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྡོ་རྗེ་ཡེ་ཤེས་ཞེས་བྱར་བཤད། །བློ་ལྡན་དེ་ཡིས་དབང་བསྐུར་ན། །དབང་བསྐུར་བར་ནི་ཤེས་པར་བྱ། །རྣལ་འབྱོར་སངས་རྒྱས་ཀུན་བདག་ཉིད། །འགྲོ་བའི་བདག་པོ་ལ་སོགས་པའི། །ཚོགས་ཀྱིས་ཐལ་མོ་སྦྱར་ནས་ནི། །བྱས་ནས་མངོན་པར་ཕྱག་བྱེད་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་དང་། །བདག་ཉིད་ཆེན་པོ་སངས་རྒྱས་ཀྱང་། །དཔལ་ཆེན་བསྲུང་བར་མཛད་གྱུར་ཏེ། །རྡོ་རྗེ་སྐུ་ཡིས་རྟག་ཏུ་བཞུགས། །བདེན་པའི་ཆོས་འཛིན་མི་འཁྲུགས་ཤིང་། །སངས་རྒྱས་གདུང་ནི་རབ་འཇུག་པ། །བྱིན་གྱིས་བརླབས་དང་ལྡན་པ་རྣམས། །གུས་དང་བཅས་པས་བསྔགས་པར་མཛད། །འཇིག་རྟེན་སྐྱོང་བ་དེ་བཞིན་གཞན། །སྟོབས་ཆེན་ཕ་རོལ་གནོན་པ་རྣམས། །གནས་རྣམས་ཀུན་ཏུ་རྟོགས་པ་ནའང་། །གསུང་བཞིན་དུ་ནི་རབ་ཏུ་གནས། །གང་ཡང་སེམས་ཅན་ཐམས་ཅད་ལ། །


JKT004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་བགེགས་སུ་གནས་པ་རྣམས། །དེ་ཡང་དེ་ལ་མི་བྱེད་དེ། །བགེགས་རྣམས་སྐྲག་ནས་འབྱེར་བར་འགྱུར། །ལྷ་ལ་སོགས་པ་གྲུབ་པ་རྣམས། །མཁའ་ལ་རྒྱུ་དང་མི་རྒྱུ་ཀུན། །ངན་འགྲོར་འགྲོ་བས་འཇིགས་པས་ན། །དེ་ཡང་དེ་ལ་མགོན་མི་བྱེད། །གལ་ཏེ་རྨོངས་པའི་དབང་གིས་ནི། །རྣམ་པར་རྨོངས་རྣམས་མགོན་བྱེད་ན། །བརྩོན་དང་ཡེ་ཤེས་རྣམ་ཤེས་དང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །ཀུན་མཁྱེན་མཆོག་སྦྱིན་གསུངས་པའོ། །དབྱིབས་ཀུན་དང་ནི་རྣམ་བྲལ་ཞིང་། །འགྲོ་དང་འོང་ལས་རྣམ་གྲོལ་བདག །རླུང་ཀུན་ཀྱིས་ཀྱང་བསྐྱོད་མི་ནུས། །མེ་ཡི་ཕུང་པོས་མི་ཚིག་ཅིང་། །ཆུ་རྣམས་ཀྱིས་ཀྱང་གཡེངས་མི་འགྱུར། །རབ་ཏུ་འབད་པས་མཚོན་ཆ་ནི། །རྣོན་པོས་ཀྱང་ནི་ཆོད་མི་འགྱུར། །ཇི་ལྟར་མི་གནས་ནམ་མཁའ་ནི། །ཁྱབ་ཅིང་མཚན་ཉིད་རྣམས་དང་བྲལ། །འདི་ན་དོན་དམ་དེ་ཉིད་དེ། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །འདི་ནི་ཆོས་སྐུར་ཤེས་བྱ་སྟེ། །མེ་ལོང་ཡེ་ཤེས་ཞེས་ཀྱང་བྱ། །ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་ལྟར། །དེ་བཞིན་ཆོས་སྐུར་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་དང་། །རང་གི་དང་ནི་འགྲོ་བའི་ཡང་། །དངོས་ཉིད་གཅིག་པུར་ཐུགས་སུ་ཆུད། །


JKT004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །མཛད་པ་ཐམས་ཅད་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་གྲུབ་པ་ཞེས་བཤད་དོ། །གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་བཤད་དོ། །ཇི་ལྟར་གདུལ་བྱའི་ཆོས་རྣམས་དང་། །འདོད་ཡོན་ཀུན་ལ་སངས་རྒྱས་རྣམས། །ཐམས་ཅད་ལོངས་སྤྱོད་གཅིག་པས་ན། །ལོངས་སྤྱོད་རྫོགས་པའི་སྐུར་འདོད་དོ། །མཚན་རྣམས་ཀུན་དང་ཡང་དག་ལྡན། །སྣ་ཚོགས་སྐུ་སྟེ་མཚན་ཉིད་མེད། །སངས་རྒྱས་རྣམས་ཀྱི་སྤྲུལ་པ་བས། །སྤྲུལ་པའི་སྐུར་ནི་བཤད་པ་ཡིན། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་ཕྱིར། །ཤེས་ནས་རྣལ་འབྱོར་པས་དེ་བསྒོམས། །ཀུན་རྟོག་ཐམས་ཅད་རྣམ་སྤངས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་སོགས་རྒྱས་པར་གསུངས་སོ། །ལེའུ་གཉིས་པ་གཟུགས་སུ་བསྒོམ་པ་དགག་པ་ལས། །གལ་ཏེ་མགོན་མེད་སྐྱེ་བོ་འགའ། །རྒྱལ་པོར་འགྱུར་རོ་ཞེས་བསྒོམས་པས། །བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། །འདི་ནི་རྒྱལ་པོ་ཐོབ་མི་འགྱུར། །གང་ཞིག་ལོག་པར་རྟོག་པས་ནི། །དེ་ལ་རྒྱལ་པོ་ཡོད་མིན་


JKT004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །དེ་བཞིན་ལོག་པའི་སྒོམ་པ་ཡིས། །སངས་རྒྱས་ཉིད་དུ་འགྱུར་མ་ཡིན། །ཞེས་དང་། གལ་ཏེ་བྱས་པའི་ལྷ་ཡི་གཟུགས། །རྡོ་རྗེ་སེམས་དཔར་གྱུར་ན་ཀོ །གང་ཕྱིར་འདུས་བྱས་ལས་བྱུང་བས། །བུམ་པ་ལ་སོགས་བཞིན་དུ་འཇིག །ཅེས་སོ། །ལེའུ་གསུམ་པ་རྣམ་པ་དང་བཅས་པའི་ཡེ་ཤེས་དགག་པ་ལས། །དེ་ལྟར་གཟུགས་སུ་བསྒོམས་པ་ཡིས། །རྡོ་རྗེ་སེམས་དཔའ་མི་འགྲུབ་སྟེ། །རྣམ་བཅས་རྟོག་པས་ཀྱང་དེ་བཞིན། །རྡོ་རྗེ་སེམས་དཔའ་མི་འགྲུབ་བོ། །ཞེས་དང་། གཟུགས་མེད་གཟུགས་སུ་མི་འགྱུར་ཏེ། །གཟུགས་མེད་གཟུགས་ཅན་ཡོད་མ་ཡིན། །ཡེ་ཤེས་གཟུགས་ནི་མེད་པར་གྲགས། །རྣམ་པ་གཟུགས་ཅན་ཡིན་པར་བཤད། །ཅེས་དང་། ཡེ་ཤེས་འབྱུང་བའི་དུས་སུ་ཡང་། །རྣམ་པ་ཀུན་ཏུ་མི་འབྱུང་ལ། །རྣམ་པའང་ཀུན་ཏུ་འབྱུང་བ་ན། །ཡེ་ཤེས་ཉིད་ནི་མི་རིགས་སོ། །ཞེས་དང་། ཡེ་ཤེས་རྣམ་བཅས་ཡིན་ཞེས་པ། །རྣམ་པ་དང་བྲལ་མ་ཡིན་ཏེ། །རྣམ་པ་དང་བཅས་ཡེ་ཤེས་ནི། །རྣམ་བཅས་ཉིད་དུ་ཇི་ལྟར་འགྱུར། །ཞེས་སོགས་རྒྱས་པར་བསྟན་ནོ། །ལེའུ་བཞི་པ་རྣམ་པ་མེད་པ་དགག་པ་ལས། གལ་ཏེ་རྣམ་པ་མེད་ན་ཡང་། །ཡེ་ཤེས་འགྱུར་བ་རྣམ་རྟོག་ན། །རྣམ་པ་དང་ནི་རྣམ་བྲལ་བ། །འདིས་ཅི་རིག་ན་ཀུན་རིག་ཡིན། །ཀུན་མཁྱེན་དེ་ལ་ཡོད་མིན་ཞིང་། །ཡེ་ཤེས་ཞེས་བྱ་རྟོག་པ་ཉིད། །རྣམ་པ་


JKT004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མི་གཟིགས་པས། །བེམ་པོ་ཉིད་དུ་ཐལ་བར་འགྱུར། །བེམ་མེད་རྟོག་པའི་ངོ་བོ་ནི། །རྣམ་པ་མེད་པ་ཡིན་པར་བཤད། །ཅེས་དང་། གལ་ཏེ་གཟུགས་སོགས་དངོས་པོ་རྣམས། །རྣམ་པ་ཀུན་ཏུ་ཡོད་མིན་ན། །སངས་རྒྱས་ཐུགས་རྗེའི་བདག་ཉིད་ཀྱི། །ལྷ་ཡི་སྤྱན་ནི་ཇི་ལྟར་འགྲུབ། །ལྷ་ཡི་སྙན་སོགས་ཐམས་ཅད་ཀྱང་། །དེ་བཞིན་དུ་ནི་ཡོད་མིན་པས། །མངོན་པར་ཤེས་པ་མེད་པའི་ཕྱིར། །དེ་བས་ཀུན་མཁྱེན་མེད་པར་འགྱུར། །ཞེས་དང་། སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར། །གང་ཚེ་ངེས་པ་ཉིད་འགྱུར་བས། །ཡེ་ཤེས་ཡིད་བཞིན་ནོར་བུ་བཤད། །བེམ་པོའི་བདག་ཉིད་མ་ཡིན་ནོ། །ཞེས་སོགས་གསུངས་སོ། །ལེའུ་ལྔ་པ་རྨོངས་པ་བསྒོམས་པ་དགག་པར། །ཤིན་ཏུ་རྨོངས་སྐབས་ཡེ་ཤེས་ནི། །རྣལ་འབྱོར་པ་ནི་ལ་ལ་འདོད། །རྨོངས་པ་བསྒོམས་པས་རྨོངས་པས་ནི། །ཚུལ་ངན་ཉིད་རྣམས་ཐོབ་པར་འགྱུར། །ཐམས་ཅད་རྒྱུ་དང་མཚུངས་པ་ཡི། །འབྲས་བུ་འཇིག་རྟེན་ལས་སྤྱོད་དོ། །ཀོ་ཊ་པ་ལས་འབྲས་སྐྱེ་བ། །གང་ལའང་ཡོད་པ་མ་ཡིན་ནོ། །ཞེས་སོགས་གསུངས་སོ། །ལེའུ་དྲུག་པ་དབུགས་རྔུབས་པ་དང་དབྱུང་བའི་དེ་ཁོ་ན་ཉིད་དགག་པར། དབུགས་འབྱུང་མ་ཡིན་རྡུབས་མིན་ནི། །དེ་ཉིད་གྲུབ་པར་རིགས་པ་མིན། །དེ་གཉིས་དབུས་ནའང་ཡོད་མ་ཡིན། །རླུང་གི་དེ་ཉིད་ཇི་ལྟར་འགྱུར། །


JKT004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ལུས་ཀྱིས་འབུད་པ་གང་ཡིན་པ། །སྦྱད་པ་འབུད་པར་བྱེད་པ་དག །དེ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་པས། །འབུད་པ་ཡི་ནི་བྱ་བ་མིན། །ཞེས་དང་། ཡང་། མངོན་པར་རྨོངས་ཤིང་ལམ་ཉམས་རྣམས། །ལོག་པའི་དོན་ནི་རབ་སྒོམ་པ། །དེ་དག་བདེ་འགྲོར་མི་སྐྱེ་སྟེ། །དམྱལ་བ་གཅིག་པུར་འགྲོ་བ་ཉིད། །ཅེས་གསུངས། ལེའུ་བདུན་པ་བདེ་བ་ཆེན་པོ་སྨྲ་བ་དགག་པའི་ཚུ ལེའུ་ལས། དབང་པོ་གནས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པ། །གང་དུ་དེ་ཉིད་ཤེས་ཟླམི་འགྲུབ། །གང་ཕྱིར་འདི་དེ་ཐམས་ཅད་དུ། །ངོ་བོ་ཉིད་ཀྱིས་ཡོད་མ་ཡིན། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་གི་ངོ་བོ་ཉིད་མཁྱེན་པའི། །བདེ་བ་ཀུན་གྱི་གཙོར་གྱུར་པས། །བདེ་བ་ཆེན་པོ་ཞེས་༧ བཤད་དོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །མཆན་ཁུང་གཡའ་འཕྲུགས་ལས་བྱུང་བ། །ཅི་ཡི་ཕྱིར་ན་བདེ་ཆེན་མིན། །ཆགས་དང་མཉམ་པའི་བདེ་མེད་དེ། །དེ་ནི་རྒྱལ་བ་རྣམས་ལ་ཕུལ། །འདོད་པའི་དོན་ཀུན་ལོངས་སྤྱོད་ཅིང་། །སྨོད་པ་དག་ཏུ་མི་བྱ་ཞེས། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལས། །རྡོ་རྗེ་སེམས་དཔས་གསུངས་པ་ནི། །རྣལ་འབྱོར་པ་ཡི་སེམས་བདེ་ཕྱིར། །དོན་དམ་


JKT004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་དེ་ཉིད་མིན། ཅེས་གསུངས་སོ། །ལེའུ་བརྒྱད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་འཕེལ་བར། །དེ་བས་ཐབས་ཤེས་རྣལ་འབྱོར་པ། །སེམས་ཅན་ཀུན་གྱི་གཉེན་གཅིག་པས། །ནམ་ཡང་བསླུ་བ་མེད་པའི་སེམས། །དེ་ནས་བརྟན་པ་བསྐྱེད་པར་བྱ། །འདི་བྱས་པས་ནི་རྫོགས་སངས་རྒྱས། །དགྱེས་པའི་བདག་ཉིད་ཅན་ཀུན་མཉེས། །ཞེས་དང་། ལམ་འདིར་གནས་པའི་རྣལ་འབྱོར་པས། །ཡར་ངོའི་ཟླ་བ་ཇི་བཞིན་དུ། །རིམ་གྱིས་ཡང་དག་འཕེལ་འགྱུར་གྱི། །ནམ་ཡང་ཟད་པར་མི་འགྱུར་རོ། །ཞེས་སོ། །ལེའུ་དགུ་པ་བསོད་ནམས་དང་སྡིག་པ་སྐྱེ་བ་དང་འཇིག་པ་ཡོངས་སུ་ཤེས་པར། །ཇི་ལྟར་བཤགས་པའི་སྡིག་པ་ནི། །ཤིན་ཏུ་མི་བཟད་ཟད་འགྱུར་ཞིང་། །དེ་ཡི་རྗེས་སུ་ཡི་རངས་པས། །ཇི་ལྟར་བསོད་ནམས་ཡང་དག་རྫོགས། །ཞེས་དང་། སེམས་མེད་པར་ནི་ལུས་ངག་གིས། །ཅི་ཡང་བྱེད་པར་ནུས་མ་ཡིན། །དེ་མེད་པར་ནི་ཚིག་གིས་ཀྱང་། །ནམ་ཡང་ནུས་འགྱུར་མ་ཡིན་ནོ། །དེ་བས་ལུས་ངག་ལས་རྣམས་ནི། །ཡིད་ཉིད་ལས་ནི་གྱུར་པ་ཡིན། །ཞེས་དང་། དེ་བས་དགེ་དང་མི་དགེ་ཀུན། །སེམས་ཉིད་ཀྱིས་ནི་བྱེད་པ་དང་། །སེམས་ཉིད་ཀྱིས་ནི་འཇིག་འགྱུར་ཞེས། །འགྲོ་བའི་བླ་མས་གསུངས་པ་ཡིན། །ཞེས་སོ། །ལེའུ་བཅུ་པ་གཙང་པ་དང་མི་གཙང་བའི་རྟོག་ལས་གྲོལ་བར། །


JKT004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གྱི་ཚོགས་ནི་འབབ་པ་ཡིས། །སྨོད་པ་ཐམས་ཅད་བཀྲུ་བ་དང་། །འབྲུ་རྣམས་ཐམས་ཅད་བསྐྱེད་ནས་ནི། །དེ་ནས་རྒྱ་མཚོར་འབབ་པར་འགྱུར། །མི་གཙང་རྣམས་དང་ལྡན་པ་ཡི། །ཆུ་ནི་ཆུ་ཡིས་བླངས་ནས་ཀྱང་། །ཆུ་ནི་གང་དང་གང་ཡིན་པ། །ཐམས་ཅད་དེ་བཞིན་ཆར་དུ་འབབ། །རྫིང་བུ་ལ་སོགས་ཀུན་རྒྱས་ཤིང་། །ཐམས་ཅད་ཀྱིས་ནི་ཐམས་ཅད་འཁྲུད། །ཅེས་དང་། གཙང་བ་ཉིད་ནི་ཡོད་གྱུར་ན། །མི་གཙང་ཉིད་ནི་འབྱུང་བར་འགྱུར། །དག་པ་མེད་པའི་མི་གཙང་ཉིད། །རྣམ་པ་ཀུན་ཏུ་མི་རྙེད་དོ། །ཞེས་སོ། །ལེའུ་བཅུ་གཅིག་པ་བགྲོད་པ་དང་བགྲོད་པ་མ་ཡིན་པ་བྲལ་བར། དེ་ལྟར་གནས་ཤིང་འཁོར་བར་ནི། །ཡུན་རིང་དུས་སུ་འཇུག་པ་དང་། །ཕ་དང་མར་ནི་མ་གྱུར་པའི། །སེམས་ཅན་གང་ཡང་ཡོད་མ་ཡིན། །ཞེས་སོགས་གསུངས། ལེའུ་བཅུ་གཉིས་པ་གནས་པ་བཞག་པ་ཞེས་བྱ་བར། །ཡང་དག་ཡེ་ཤེས་རིག་པ་ལས། །ཁྱབ་བདག་རྡོ་རྗེའི་སྐུ་ཉིད་དང་། །འགྱུར་བ་མེད་པ་ཉིད་དང་ནི། །ཀུན་མཁྱེན་ཉིད་ནི་དེ་ཡིས་འགྲུབ། །ཅེས་དང་། ལུས་ཅན་དག་ནི་ཐམས་ཅད་ལ། །ཡེ་ཤེས་ཆེ་གནས་ཉིད་ཡིན་ནའང་། །མི་ཤེས་རབ་རིབ་ཀྱིས་ཁེབས་པའི། །བྱིས་པ་རྨོངས་པས་མི་ཤེས་སོ། །ཞེས་སོ། །ལེའུ་བཅུ་གསུམ་པ་སློབ་དཔོན་གྱི་མཚན་ཉིད་ལས། །ཇི་ལྟར་དམུས་ལོང་བྱ་བ་ཡིས། །འབྲོག་དགོན་དག་ཏུ་ཞུགས་གྱུར་


JKT004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གཉིས་ཀའང་དེ་འདྲ་ལ་ལ་ཞིག །ཇི་ལྟར་གྲོང་དུ་འཇུག་པར་འགྱུར། །དེ་བཞིན་དམུས་ལོང་གྱུར་པ་དེས། །ཡང་དག་ཡེ་ཤེས་མ་མཐོང་བས། །གནས་དེ་ཐོབ་པར་མི་ནུས་ན། །ཇི་ལྟར་དེས་ནི་གཞན་གྲོལ་བྱེད། །དེ་བས་བླ་མ་བསྟེན་པ་ཡི། །ཡང་དག་དང་ལྡན་སློབ་མ་ཡིས། །ཡོངས་སུ་བརྟག་པར་བྱའོ་ཞེས། །རྒྱལ་བ་མཆོག་གིས་རབ་ཏུ་གསུངས། །དཀོན་མཆོག་གསུམ་ལ་ངང་གིས་དད། །སེམས་ཅན་ཀུན་ལ་སྙིང་རྗེར་ལྡན། །བརྟན་ཞིང་གཏོང་སོགས་ཡོན་ཏན་ལྡན། །བསོད་ནམས་ཐམས་ཅད་ཆེར་བསྐྱེད་ལ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །བློ་བཟང་རབ་དང་ཡོན་ཏན་ལྡན། །ཁྲོ་བ་མེད་ཅིང་སྤྲོ་བ་ཆེ། །ཟབ་མོའི་ཆོས་ལ་ལྷག་པར་མོས། །དེ་ནི་ཆོས་ཀྱི་སྦྱིན་པ་དག །ཟང་ཟིང་མེད་ལ་རྟག་པར་དགའ། །དེ་ནི་རྟག་ཏུ་འདོད་པ་ཆུང་། །ཚོགས་གཉིས་ཡང་དག་བསགས་པའོ། །དེ་ནི་བླ་མར་སངས་རྒྱས་དང་། །རྡོ་རྗེ་འཛིན་པ་ཀུན་གྱིས་གསུངས། །ཞེས་སོ། །ལེའུ་བཅུ་བཞི་པ་སློབ་མའི་མཚན་ཉིད་ལས། །ཇི་ལྟར་འགའ་ཞིག་གྲུར་ཞུགས་པས། །སྐྱ་བ་འཛིན་པར་ལེགས་བསླབས་ན། །མཚོ་ཆེན་ཕ་རོལ་འགྲོ་འགྱུར་ཞིང་། །གཞན་དུ་ཕ་རོལ་འགྲོ་མི་འགྱུར། །དེ་བཞིན་བླ་མ་དཀོན་མཆོག་གསུམ། །བྱང་ཆུབ་སེམས་ལའང་དད་ལྡན་ཞིང་། །འཇིག་རྟེན་ལ་ནི་སྙིང་རྗེར་ལྡན། །འདི་ནི་གྲུ་ཞེས་བྱ་བར་


JKT004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །བླ་མ་མཁས་པ་སྐྱ་བ་འཛིན། །གྲུ་ནི་ཐམས་ཅད་རབ་སྟོན་པ། །འཁོར་བའི་ཕ་རོལ་འགྲོ་རྣམས་ལ། །རྡོ་རྗེ་སེམས་དཔའ་གསུངས་པ་ཡིན། །སྐྱ་བ་འཛིན་པ་མེད་པར་ནི། །གྲུས་ཀྱང་ཕ་རོལ་བགྲོད་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྟོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། ཞེས་དང་། །ཤེས་རབ་དད་པར་ཡང་དག་ལྡན། །ཁྲོ་བ་མེད་ཅིང་བསླུ་བ་མེད། །གཏོང་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །སྤྲོ་ཆེན་རང་གི་བརྩོན་འགྲུས་ལྡན། །རྟག་ཏུ་བླ་མའི་བཀའ་བཞིན་བྱེད། །མ་བསྒོས་པར་ཡང་རང་གི་བློས། །ཡོ་བྱད་ལ་སོགས་དངོས་པོ་རྣམས། །ཅི་སྙེད་པ་དང་ཅི་ནུས་དང་། །དེ་བཞིན་བཟའ་དང་བཅའ་སོགས་དབུལ། །ཇི་ལྟར་བརྙས་པར་གྱུར་ཀྱང་ནི། །ཡིད་ནི་ཞུམ་པ་མེད་པར་བཟོད། །ལུང་དང་རིགས་པ་རྟོགས་པ་པོ། །སློབ་མ་ཡོན་ཏན་ཀུན་ལྡན་ཡིན། །མི་རྟོག་པ་ཡི་རང་བཞིན་ཅན། །གང་ལའང་འདྲི་བ་མེད་པ་ནི། །སློབ་མར་བྱ་བ་མི་ནུས་ཞེས། །སངས་རྒྱས་ཉིད་ཀྱིས་རབ་ཏུ་གསུངས། །ཞེས་དང་། སྔར་གྱི་ལེའུ་བཅུ་གསུམ་པར། གང་གཞན་བླ་མར་བཤད་པ་དག །ལོག་ཤེས་མངོན་པའི་ང་རྒྱལ་ཅན། །ཆགས་སོགས་དོན་གཉེར་ཆོས་རྣམས་ནི། །མཆོག་དག་སྟོན་པར་བྱེད་འགྱུར་བ། །འགྲོ་བའི་སྡིག་པའི་གྲོགས་པོ་རུ། །འཇིག་རྟེན་ན་དེ་རབ་ཏུ་གནས། །ཞེས་གསུངས། ལེའུ་བཅོ་ལྔ་པ་དེ་ཁོ་


JKT004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་ཡི་གེའི་ཚོགས་ངེས་པར་བསྟན་པ་ལས། ཐོག་མ་དང་ཐ་མ་མེད་ཅེས་པ་ནི་སྐྱེ་བ་དང་འཇིག་པ་མེད་པ་སྟེ། འདིས་ནི་ཁྱབ་པ་ཉིད་དང་། གཟུགས་ཅན་མ་ཡིན་པ་ཉིད་དང་། མི་འགྱུར་བ་ཉིད་དང་། དུས་ཐམས་ཅད་པ་ཉིད་དུ་ཡང་སྟོན་ཏེ། ཞེས་དང་། ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་གློ་བུར་བ་ཡིན་པའི་ཕྱིར་རབ་ཏུ་ཞི་བའོ། །ཞེས་དང་། འདུས་པ་ལས་ལུང་དྲངས་པ། ཆོས་རྣམས་རང་བཞིན་འོད་གསལ་བ། །གཟོད་ནས་དག་པ་མཁའ་དང་མཚུངས། །བྱང་ཆུབ་མེད་ཅིང་རྟོག་པའང་མེད། །བྱང་ཆུབ་ཚུལ་འདི་སྟོན་པའོ། །ཞེས་དང་། ལེའུ་བཅུ་པ་ལས། ལུས་ངག་སེམས་རྣམས་བསྒོམ་པ་ནི། །རྣམ་པར་མི་རྟོག་མི་དམིགས་པ། །གང་ལའང་མི་གནས་མཉམ་པ་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །ལེའུ་བཅུ་གཉིས་པ་ལས། ནམ་མཁའི་ཁམས་དང་མཉམ་གྱུར་ཅིང་། །རྣམ་པར་མི་རྟོག་ངོ་བོ་ཉིད། །རང་བཞིན་དག་པའི་ཆོས་རྣམས་ལ། །རོལ་མོ་འདི་དག་རབ་ཏུ་བསྒོམ། །ལེའུ་བཅུ་དྲུག་པ་ལས། རྡོ་རྗེའི་ཐིག་ནི་གདབ་པ་དང་། །མཚོན་རྩི་དག་ཀྱང་དགྱེ་བ་ནི། །སྔགས་ཀྱི་སེམས་དཔས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་དཀའོ། །ཞེས་སོགས་དང་། གཉིས་མེད་རྣམ་རྒྱལ་ལས་དྲངས་པ། ལེའུ་བཅུ་གསུམ་པ་ལས། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི། །དེ་ཉིད་ཤེས་པའི་དཀྱིལ་འཁོར་ཏེ། །


JKT004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དེ་ཉིད་གྲུབ་པ་ཡིན། །བཞིན་ནོར་བུ་ལྟ་བུར་བཤད། །ཅེས་དང་། ཟླ་གསང་ཐིག་ལེ་ནོར་བུའི་རྒྱུད་ལས། །ཡན་ལག་ཀུན་བསྒོམ་ལས་འད། ག་དང་བརྟག་བྱ་རྣམ་པར་སྤངས། །གུག་སྐྱེད་ཐིག་ལེ་ཡང་དག་འདས། །འདི་ནི་དཀྱིལ་འཁོར་དམ་པ་ཡིན། །ཞེས་སོགས་དང་། སྒྱུ་འཕྲུལ་དྲྭ་བའི་ལེའུ་བདུན་པ་བྱང་ཆུབ་སེམས་ཀྱི་ལེའུ་ལས་དྲངས་པར། ཆོས་རྣམས་རང་བཞིན་འོད་གསལ་བས། །གཟོད་ནས་དག་ཅིང་རྙོག་པ་མེད། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །སངས་རྒྱས་ཉིད་དང་བྱང་ཆུབ་སེམས། །ཞེས་དང་། དཔལ་རྡོ་རྗེ་དཀྱིལ་འཁོར་གྱི་རྒྱན་ལས་དྲངས་པ། དཔེར་ན་མེ་ཏོག་ལ་དྲི་དང་། །དཔེར་ན་ཞོ་ལ་མར་སར་བཞིན། །ཀུན་ཏུ་སེམས་ཅན་ཐམས་ཅད་དང་། །རྒྱུ་བ་དང་ནི་མི་རྒྱུ་བ། །གཟུགས་དང་གཟུགས་མེད་རྟོག་པ་ལ། །ཕྱག་རྒྱ་ཆེན་པོ་རབ་ཏུ་གནས། །ཞེས་དང་། ཡང་། ཡེ་ཤེས་འདི་ནི་མི་འཇིག་པ་དང་། མི་ཟད་པ་དང་། མི་གཡོ་བ་དང་། གཟོད་མ་ནས་དག་པ་དང་། །དྲི་མ་མེད་པ་དང་། འོད་གསལ་བ་དང་། བརྗོད་དུ་མེད་པའོ། །ཞེས་སོ། །ལེའུ་བཅུ་དྲུག་པ་ཐབས་ངེས་པར་བསྟན་པ་ལས། དེ་ལྟར་ཤེས་མཆོག་ཐབས་དང་ནི། །བཅས་པར་ཡང་དག་བསྒོམ་པར་ནི། །ཤིན་ཏུ་དྲག་པོའི་བདག་ཉིད་ཅན། །སྐྱེ་བ་གཅིག་གིས་འགྲུབ་པར་འགྱུར། །ཞེས་སོ། །ལེའུ་བཅུ་


JKT004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་དབང་བསྐུར་བའི་ཆོ་གའི་ལེའུར། ཐུགས་རྗེའི་བདག་ཉིད་བཀའ་དྲིན་གྱིས། །ཡང་དག་ཡེ་ཤེས་མཆོག་ཐོབ་སྟེ། །རང་རིག་པ་ཡི་ངོ་བོ་ལ། །བདག་ནི་ཤིན་ཏུ་ངོ་མཚར་སྐྱེས། །ཞེས་སོ། །ལེའུ་བཅོ་བརྒྱད་པ་དབང་པོ་མཆོག་ལེགས་པར་སྤྱོད་པའི་རིམ་པར། །སངས་རྒྱས་ཞིང་ནི་མ་ལུས་པར། །སངས་རྒྱས་སྤྲུལ་པ་སྒྲུབ་པར་བྱེད། །སངས་རྒྱས་སྤྲུལ་པ་སྒྱུ་མ་ཡིས། །སངས་རྒྱས་རྣམས་ཀྱི་མཛད་པ་སྟོན། ཞེས་སོ། །ལེའུ་བཅུ་དགུ་པ་དབང་པོ་འབྲིང་བསྟན་པར། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །རང་གི་ལྷ་ཡི་སྐད་ཅིག་གིས། །བསྐྱེད་ལ་སྔོན་བཞིན་རྣལ་འབྱོར་པས། །ལམ་ལ་གནས་ཏེ་བཟླས་བརྗོད་རྩོམ། །ཞེས་སོ། །ལེའུ་ཉི་ཤུ་པ་དབང་པོ་ཐ་མ་བསྟན་པར། །ཕྱག་རྒྱའི་དཀྱིལ་འཁོར་སྐུ་མདོག་སོགས། །ཕྱག་དང་གདན་ནི་རྣམ་སྒོམ་དང་། །ཏིང་འཛིན་གསུམ་དང་ཕྱག་རྒྱ་བཞི། །ཞལ་གསུམ་དང་ནི་ཕྱག་དྲུག་རྣམས། །སྒོམ་འགྱུར་དེ་ནི་ཕྱི་ཤུན་བཅས། །སྣ་ཚོགས་སྤྲོས་པའི་མན་ངག་རྣམས། །དེ་ཀུན་དམན་པའི་ཡིན་པར་བཤད། །ཅེས་གསུངས་སོ། །གཞུང་འདི་སྔོན་རྒྱ་གར་གྱི་མཁན་པོ་དད་བྱེད་གོ་ཆ་དང་། ལོ་ཆེན་རིན་བཟང་གིས་འགྱུར་ལ། །ཕྱིས་ནག་ཚོས་ཀྱང་བཅོས་པ་སྟེ། །དེ་ཉིད་ལས་ལུང་གི་དུམ་བུ་འགའ་ཞིག་ཕྱུང་བའོ། །གང་ཚེ་ཉི་གཞོན་ཐིགས་པ་དང་། །དཔྱིད་ཀྱི་དཔལ་མོ་མ་ཡིན་ཡང་། །བློ་ལྡན་


JKT004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་ཨུཏྤ་ལ། །འབྱེད་པའི་ངེས་དོན་གྲུབ་པའི་གཏམ། ཞེས་ཀྱང་སྨྲས་སོ། །ཤུ་བྷཾ། །གཉིས་སུ་མེད་པར་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་ལས། །དམ་བཅའ་དཀའ་ཐུབ་སྨྱུང་བ་དང་། །སྙིང་པོ་བསྒོམ་པར་སྨྲ་བ་ལས། །འདི་ཉིད་མེད་པར་གྱུར་ན་ནི། །བསྐལ་པ་འབུམ་ཕྲག་བརྒྱར་མི་འགྱུར། ཞེས་དང་། །ཐམས་ཅད་རིག་ནས་བྱུང་བ་ཡི། །བུད་མེད་དག་ལ་བརྟག་མི་བྱ། །དེ་ཉིད་བཅོམ་ལྡན་ཕ་རོལ་ཕྱིན། །ཀུན་རྫོབ་ཙམ་གྱི་གཟུགས་ཅན་ནོ། །ཚེས་གྲངས་སྐར་མ་མི་དགོས་ཏེ། །སྨྱུང་བར་ཡང་ནི་གནས་མི་བྱ། །གཉིས་མེད་ཡེ་ཤེས་ལྡན་པ་ཡིས། །བདེ་བར་གཤེགས་པའི་དངོས་གྲུབ་འགྱུར། །ཞེས་དང་། ཐམས་ཅད་སེམས་ཀྱི་ཆོས་ཉིད་ནི། །དངོས་པོ་མ་གྲུབ་བརྟག་དཀའ་བ། །དེ་ཉིད་སློབ་དཔོན་ཞལ་ལས་ནི། །ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་གསུངས་སོ། །འདི་ནི་ཨུ་རྒྱན་ན་ཆེ་བའི་རྣལ་འབྱོར་མ་གདན་གྱིས་སྒྲུབ་པའི་ལྷའི་གནས་ནས་ཕྱུང་བ་བཅོམ་ལྡན་འདས་མ་ལཀྵིའི་ཞལ་སྔ་ནས་བྱུང་བ་ལས་བཏུས་པའོ།། ༈ །།དངོས་པོ་གསལ་བའི་རྗེས་འགྲོ་དེ་ཁོ་ན་ཉིད་གྲུབ་པ་ཞེས་རྣལ་འབྱོར་མ་ཙི་ཏོས་མཛད་པ་ལས། འགྲོ་བ་རྣམས་ཀྱི་བདེ་ཆེན་རྒྱལ་པོ་གཅིག་པུ་ཉིད། །རྒྱུ་རྣམས་དང་བྲལ་རྟག་ཏུ་འབྱུང་བར་འགྱུར་བ་སྟེ། །གང་ཞིག་གིས་ནི་ཉེ་བར་བརྗོད་པའི་དུས་དག་ཏུ། །ཐམས་ཅད་མཁྱེན་པའང་ཚིག་གིས་

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JKT004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་གྱུར་རྒྱལ་གྱུར་ཅིག །ཅེས་དང་། །སྐྱེ་བ་སྔ་མར་བྱས་པའི་ལས་ཀྱི་རྒྱུ་ལས་ནི། །སེམས་དེ་འདི་རུ་སྐྱེ་བ་ཡོངས་སུ་ལེན་ཅིང་འགྲོ། །དེ་ཡི་རྒྱུ་ཡིས་མ་ལུས་འདི་དག་ཐམས་ཅད་ནི། །བག་ཆགས་བཅས་པའི་སེམས་ཀྱིས་ཉེ་བར་བརྩམ་པར་འགྱུར། །ཞེས་གསུངས་ཤིང་། འདི་ཉིད་ཞི་བཟང་དང་། འགོས་ཀྱིས་བསྒྱུར་པའོ།། ༈ །།ཌོམྦྷི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ལས། །ལེའུ་དང་པོར་ལྷན་ཅིག་སྐྱེས་པ་བསྟན་པ་ལས། །དགའ་བ་ཅུང་ཞིག་བདེ་བ་སྟེ། །རབ་དགའ་དེ་ལས་ལྷག་པ་ཡིན། །དགའ་བྲལ་དགའ་བ་ཆགས་བྲལ་ཏེ། །ལྷན་ཅིག་སྐྱེས་དགའ་ལྷག་མ་ཉིད། །དང་པོ་རིག་པར་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པ་ཡིན། །གསུམ་པ་ཆག་པ་མཉམ་ཉིད་ཕྱིར། །བཞི་པ་དེར་ནི་བསྒོམ་བྱ་ཡིན། །དང་པོ་ཤེས་རབ་དྲོ་བ་སྟེ། །གཉིས་པ་དུ་བར་ལྡན་པ་ཡིན། །གསུམ་པ་མེ་སྟག་འཕྲོ་བ་སྟེ། །བཞི་པ་དེ་བཞིན་འབར་བ་ཡིན། །ཞེས་དང་། ལེའུ་གཉིས་པ་དེ་ཁོ་ན་ཉིད་བསྟན་པར། །གང་ཞིག་སྲིད་གསུམ་འགྱུར་བ་ཡི། །འགྲོ་ཀུན་ལྷན་ཅིག་སྐྱེས་པར་ལྡན། །འགྲོ་བའི་རང་བཞིན་གཞན་མི་སྣང་། །ཐམས་ཅད་དེ་ཉིད་ཀྱིས་ཁྱབ་ཡིན། །ཞེས་སོ། །ལེའུ་གསུམ་པ་སྤྱོད་པའི་དེ་ཁོ་ན་ཉིད་བསྟན་པར། །སོ་སོ་རང་རིག་བདེ་ཆེན་པོ། །གང་གིས་སོ་སོ་རང་རིག་བསྒོམ། །རང་གི་དངོས་གྲུབ་འབྱུང་བར་འགྱུར། །


JKT004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ།། ༈ །།ཨོ་རྒྱན་གྱི་ས་སྤྱོད་དབང་པོའི་བློས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ལས། །རྟོག་དང་བྲལ་ཞིང་མངོན་སུམ་པ། །རྒྱལ་བས་ཡིད་ནི་ནང་གནས་གསུངས། །རྟག་དང་ཆད་པ་བྲལ་བ་ཉིད། །མཚོན་དང་མཚན་གཞི་སྤངས་པ་ཉིད། །ཅེས་དང་། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མཆོག་ཏུ་མི་འགྱུར་བ། །དེ་ཉིད་ཀུན་ལ་ཁྱབ་པ་ཡི། །ལུས་ཀུན་ལ་ནི་རྣམ་པར་གནས། །ཞེས་དང་། བདག་ཏུ་འཛིན་པའི་མཐར་གནས་པ། །གླེན་པ་རྨོངས་པས་མི་ཤེས་སོ། །མཆོག་གི་གོ་འཕང་མི་ཤེས་ཕྱིར། །རྨོངས་པ་ཐམས་ཅད་ཉོན་མོངས་འགྱུར། །བསྐལ་པ་གསུམ་དུ་གདུང་བྱས་ལ། །བདག་ཉིད་གཅིག་པུ་འདུལ་བའོ། །རྣམ་པ་ཀུན་ཏུ་འདི་དག་མིན། །ཉན་ཐོས་པ་ཡི་བྱང་ཆུབ་འདོད། །དབུ་མའི་འདོད་ལུགས་གཞུང་གི་ཚུལ། །དེ་ནི་རྩོད་པ་ཀུན་ལ་མོས། །བསྐལ་པའི་ཡལ་གར་ངལ་བྱས་ཀྱང་། །དེ་ཡིས་ཀུན་ནས་མི་ཤེས་སོ། །ཐེག་ཆེན་ཤིན་ཏུ་ཡངས་པ་ལ། །རྒྱལ་བ་མཆོག་གིས་སྔོན་གསུངས་པ། །འདི་ལྟར་གཅིག་པུ་ཉིད་ཀྱིས་ནི། །ཡང་དག་རྫོགས་པའི་བྱང་ཆུབ་མཆོག །ཅེས་དང་། །ཁ་ཅིག་དངོས་གྲུབ་དབང་གཉིས་སྐྱེས། །བྱིས་པ་ཡུན་རིང་རྒན་སོགས་ཀྱིས། །འབད་པ་ཡིས་ནི་ཐོབ་མི་འགྱུར། །ཞེས་སོགས་ལྷན་སྐྱེས་འདོད་པ་གཞན་ཐམས་ཅད་བཀག་ཅིང་། བྱིས་པའི་བརྗོད་པ་དག་དང་བྲལ། །བརྗོད་བྱ་རྗོད་བྱེད་


JKT004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ཉིད། །ལྷན་ཅིག་སྐྱེས་པ་དེ་ལྟ་བུར། །བླ་མ་མཆོག་གིས་སྔོན་དུ་གསུངས། །ཞེས་དང་། །ཟ་བའམ་ནི་འཁྲིག་པ་ན། །གནས་སྐབས་ཀུན་ལ་ཐམས་ཅད་དུ། །གསང་བ་མེད་ཅིང་འཇིག་པ་སྤངས། །ཡེ་ཤེས་ཆེན་པོ་རང་གིས་རིག །ཅེས་གསུངས་སོ། །གཞུང་འདི་ཟླ་བའི་མགོན་པོ་དང་། །པྲཛྙཱ་ཀཱིརྟིས་བསྒྱུར་བ་སྟེ། །ཉེར་མཁོའི་དུམ་བུ་ཅུང་ཟད་ཙམ་མོ། །འདི་ལ་གཞུང་མཛད་པ་པོ་རྒྱལ་པོ་ཨིནྡྲ་བྷུ་ཏི་རང་གི་བླ་མར་གྱུར་པའི་ལྷ་ལྕམ་ལཀྵིའམ་དཔལ་མོས་མཛད་པའི་འགྲེལ་པ་ཉུང་ངུ་རྣམ་གསལ་ཞིག་བཞུགས་འདུག་གོ། ༈ །།སློབ་དཔོན་ཆེན་པོ་ཀེར་ལི་པས་མཛད་པའི་དེ་ཁོ་ན་ཉིད་གྲུབ་པར། དཔེར་ན་དུག་གི་དེ་ཉིད་ཤེས། །དུག་ཟོས་ཀྱང་ནི་གནོད་མི་འགྱུར། །དེ་བཞིན་ཡུལ་གྱི་དེ་ཉིད་ཤེས། །འདོད་པ་སྤྱོད་པས་གནོད་པ་མེད། །ཅེས་དང་། ཇི་ལྟར་འདམ་གྱི་པདྨ་ནི། །འདམ་ལ་གནས་ཀྱང་དེས་མི་གོས། །དེ་ཉིད་རིག་པས་རྟག་ཏུ་ནི། །འདོད་པ་རོལ་པས་སྤྱད་པར་བྱ། །ཞེས་དང་། །དེ་ཕྱིར་དངོས་གྲུབ་མཆོག་གཉེར་ན། །དཀའ་ཐུབ་བརྟུལ་ཞུགས་སྤྱད་མི་བྱ། །ཇི་ལྟར་བདེ་བ་དེ་བཞིན་མནོས། །བདེ་བ་སྤངས་ན་དངོས་གྲུབ་མེད། །ཅེས་དང་། །མི་གཡོ་སྒྲིབ་བྲལ་ཕྲ་བ་ཡི། །ཐིག་ལེའི་གཟུགས་ཅན་རྟོག་པ་མེད། །ཐོག་མཐའ་མེད་པའི་དེ་ཉིད་ནི། །མ་བྱུང་མ་བྱས་མཆོག་ཡིན་ནོ། །ཞེས་དང་། །རྒྱུ་ལ་འབྲས་བུས་


JKT004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །རྒྱུ་འབྲས་གཅིག་ཏུ་རྒྱས་གདབ་པས། །ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར། །ཞེས་སོགས་གསུངས་སོ། །དེ་ལྟར་རྒྱུད་སྡེ་སྤྱིའི་དགོངས་འགྲེལ་དུ་གྱུར་ཅིང་།། ལྷན་ཅིག་སྐྱེས་པ་གཙོ་བོར་སྟོན་པའི་བསྟན་བཅོས། འཕགས་ཡུལ་གྱི་རྣལ་འབྱོར་མཆོག་རྣམས་ཀྱི་དགོངས་བཅུད་སྙིང་པོར་དྲིལ་བ། གྲུབ་པ་སྡེ་བརྒྱད་ལས། རང་དང་གཞན་དག་གི་ཆེད་དུ་ལུང་གི་དུམ་བུ་ཅུང་ཟད་ཙམ་བཏུས་པ་སྟེ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུའོ། །ཇི་ལྟར་སྦྲང་རྩིའི་དོག་པས་བརླན་གྱུར་པདྨའི་ནགས། །མཐོང་བས་དགའ་བའི་རཡིག་གཉིས་པ་ཇི་བཞིན་དུ། །ངེས་དོན་གཞུང་བཟང་དྲི་མེད་སྙིང་ལ་བཟུང་བའི་ཚེ། །ཚུལ་འདི་མཐོང་ནས་རང་གཞན་དོན་དུ་ཉེ་བར་བསྡུས། ཤུ་བྷ་སིདྡྷ།། ༈ །།སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་བཞི་གཏན་ལ་དབབ་པ་ལས། དེ་ལ་ལས་ཀྱི་ཕྱག་རྒྱ་བརྟག་པར་བྱ་སྟེ། ལས་ཀྱི་ལུས་དང་། ངག་དང་། ཡིད་ཀྱི་བསམ་པ་སྟེ་གཙོ་བའོ། །ཕྱག་རྒྱ་ནི་བརྟག་པའི་རང་བཞིན་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་དེ་ལ་ཡང་སྐད་ཅིག་མའི་དབྱེ་བས་དགའ་བ་བཞི་དག་སྐྱེ་བར་འགྱུར་རོ། །སྐད་ཅིག་ཤེས་པའི་དེས་ཡེ་ཤེས། །ཨེ་ཝཾ་ལ་ནི་རབ་ཏུ་གནས། །ཞེས་དང་། ཡང་ཆོས་ཀྱི་ཕྱག་རྒྱ་མ་ཤེས་པར་ལས་ཀྱི་ཕྱག་རྒྱ་བཅོས་མ་འབའ་ཞིག་ལས་ལྷན་ཅིག་སྐྱེས་པའི་རང་བཞིན་


JKT004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མ་མ་ཡིན་པ་ཇི་ལྟར་འགྱུར་ཞིང་སྐྱེ་བར་འགྱུར། རིགས་མཐུན་པའི་རྒྱུ་ལས་རིགས་མཐུན་པའི་འབྲས་བུ་སྐྱེ་བར་འགྱུར་གྱི་རིགས་མི་མཐུན་པ་ལས་ནི་མ་ཡིན་ནོ། །ཇི་ལྟར་འབྲས་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་སྐྱེ་བར་འགྱུར་གྱི། དྲུག་ཅུ་པ་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་མ་བཅོས་པའི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ལས་མ་བཅོས་པའི་ལྷན་ཅིག་སྐྱེས་པ་འབྱུང་ངོ་། །ཞེས་དང་། སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པའི་དོན་དུ། ཟ་མ་ཏོག་ནི་གནས་སམ་གཞིའོ། །ཞེས་བཀྲལ། ཡང་། ཨོ་ཆོས་ཀྱི་ཕྱག་རྒྱ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། སྤྲོས་པ་དང་བྲལ་བ། མི་རྟོག་པ། མ་བཅོས་པ། སྐྱེ་བ་དང་བྲལ་བ། སྙིང་རྗེའི་རང་བཞིན་མཆོག་ཏུ་དགའ་བས་གཅིག་ཏུ་མཛེས་པའི་ཐབས་སུ་འགྱུར་བ། རྒྱུན་གྱིས་རྟག་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་ཤེས་རབ་དང་ལྷན་ཅིག་སྐྱེས་པ་ལས་འབྱུང་བ། དབྱེར་མེད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཕྱག་རྒྱར་རིག་པར་བྱའོ། །ཞེས་དང་། ཆོས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་དབྱེར་མེད་པའི་རྒྱུར་གྱུར་པའོ། །ཞེས་དང་། ཨ ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། ཕྱག་རྒྱ་ཡང་ཡིན་ལ་ཆེན་པོའང་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ། །རང་བཞིན་མེད་པ་ཉིད་ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤངས་པ། །སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟར་དྲི་མ་མེད་པ། །ཕུན་སུམ་ཚོགས་པ་ཐམས་ཅད་


JKT004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞིར་གྱུར་པ། །འཁོར་བ་དང་མྱ་ངན་གྱི་མཐའ་ལས་འདས་པས་གཅིག་པའི་རང་བཞིན། །དམིགས་པ་མེད་པའི་སྙིང་རྗེའི་ལུས་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་བཞིན་དུ་ཡིད་ལ་བྱེད་པ་མེད་པའི་ཆོས་དགེ་བའོ། །ཡིད་ལ་བྱེད་པའི་ཆོས་མི་དགེ་བའོ་ཞེས་གསུངས་པ་དང་། །ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་བྱ་བ་གང་ཡིན་པ་ཕྱག་རྒྱ་ཆེན་པོར་རིག་པར་བྱའོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས། དམ་ཚིག་ཕྱག་རྒྱ་མཆོག་གི་འབྲས་བུ་སྐྱེ་བར་འགྱུར་རོ། །ཞེས་དང་། ཧཱུྃ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྣམ་པའི་རང་བཞིན་དང་པོའི་ངོ་བོ་ཉིད་སེམས་ཅན་གྱི་དོན་གྱི་ཕྱིར་རྡོ་རྗེ་འཛིན་པ་ཧེ་རུ་ཀའི་རྣམ་པར་སྤྲོས་པ། དེ་ནི་དམ་ཚིག་གི་ཕྱག་རྒྱར་འདོད་དོ། །ཞེས་སོགས་གསུངས་སོ། །གཞུང་འདི་བླ་མ་དྷི་རི་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བ་ལས་སོ། །འདི་ལ་ཊཱི་ཀ་ཕྱག་རྒྱ་བཞིའི་འགྲེལ་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་བྷི་ཏ་ཀརྨས་མཛད་པ་ཤིན་ཏུ་ལེགས་པ་གཅིག་བཞུགས་སོ།། ༈ །།སློབ་དཔོན་དེ་བ་ཙནྡྲས་མཛད་པའི་ཤེས་རབ་ཡེ་ཤེས་གསལ་བ་ལས། དེ་བས་ན་འདོད་ཆགས་ཅན་གྱི་སེམས་ཅན་


JKT004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདོད་ཆགས་བྲལ་བ་ལ་འཛུད། འདོད་ཆགས་བྲལ་བ་རྣམས་འདོད་ཆགས་བར་མ་ལའོ། །འདོད་ཆགས་བར་མ་རྣམས་འདོད་ཆགས་ཆེན་པོ་ལ་དགོད་དོ། །དེ་བས་ན་སེམས་ཅན་མཆོག་ཏུ་གྱུར་པའི་དབང་དུ་མཛད་ནས། བླ་ན་མེད་པ་ཤིན་ཏུ་ཟབ་མོའི་ཤེས་རབ་ཡེ་ཤེས་འདི་བསྟན་ནོ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས་ཀྱང་། དཔེར་ན་བཅུད་ཀྱིས་ཕུག་པའི་ཟངས་མཛེས་པའི་གསེར་དུ་འགྱུར་བ་བཞིན། ཡེ་ཤེས་བཅུད་ཀྱིས་ཕུག་པ་ན། །ཉོན་མོངས་དགེ་བར་བྱེད་པ་ཡིན། །ཞེས་དང་། མ་སྐྱེས་པ་དང་། མི་འཛིན་པ་དང་། རང་བཞིན་མེད་པ་ཤེས་པ་ཤེས་རབ་ཅེས་བརྗོད་དོ། །ཞེས་དང་། དེ་ཁོ་ན་ཉིད་འཇུག་པ་ལས། གང་ཞིག་སྤྲོས་བཅས་ཀུན་གྱི་ཡུལ་མིན་པས། །དེ་ནི་ངག་གི་ཡུལ་ཡང་མ་ཡིན་ནོ། །རྡོ་རྗེ་འཛིན་པས་རིག་པ་དེ་ཉིད་ལ། །ཤེས་རབ་ཅེས་བྱར་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བའི་སེམས་སྣ་ཚོགས་པ་བདེ་བ་ཆེན་པོ་རང་རིག་པ་ཙམ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་བ། མིང་གཞན་པ་ཅན་གྱི་ཡེ་ཤེས་ཡིན་ནོ། །ཤེས་རབ་ཀྱང་དེ་ཡིན་ལ་ཡེ་ཤེས་ཀྱང་དེ་ཡིན་པས་ཚིག་བསྡུས་པའོ། །ཞེས་དང་། དེ་ཡང་ཁོ་བོའི་བླ་མའི་ཞལ་སྔ་ནས། །ཕྱག་རྒྱ་ཆེན་པོ་མི་ཤེས་པར། །ལས་ཀྱི་ཕྱག་རྒྱ་གཅིག་བསྒྲུབས་པ། དེ་


JKT004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བརྒྱུད་པ་ལས་ཉམས་ནས། །རྣལ་འབྱོར་པ་དེ་ངུ་འབོད་འགྲོ། །ཞེས་གསུངས་སོ། ཞེས་དང་། །བླ་མ་དམ་པའི་མན་ངག་འདི་ཡང་། །ལས་ཀྱི་ཕྱག་རྒྱ་ལེགས་བསྒྲུབས་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམས། །དེ་སྟེང་ཕྱག་རྒྱ་ཆེན་པོ་སྟེ། །གང་ལས་དམ་ཚིག་འབྱུང་བའོ། །ཞེས་གསུངས་སོ། །ཞེས་དང་། ལས་ཀྱི་ཕྱག་རྒྱ་རྣམ་སྣ་ཚོགས། །རྣམ་སྨིན་ལས་བྱུང་ཆོས་ཕྱག་རྒྱ། །མཚན་ཉིད་བྲལ་བ་ཕྱག་རྒྱ་ཆེ། །རྣམ་ཉིད་དམ་ཚིག་ཕྱག་རྒྱ་ཡིན། །ཞེས་དང་། དེ་ལྟ་བས་ན་མཆོག་དགའ་དང་དགའ་བྲལ་གྱི་དབུས་ན་གནས་པ། བཙན་ཐབས་དང་ལོག་པའི་དབང་སྤངས་པ། འདོད་ཆགས་དང་འདོད་ཆགས་བྲལ་བས་དབེན་པའི་སྟོང་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་ལྷན་ཅིག་སྐྱེས་བ་དེ་བླ་མ་དམ་པའི་ཞལ་ནས་ཉམས་སུ་མྱོང་བ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་དང་། དེ་ནས་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རྣམས་ཀྱི་གྲུབ་མཐའ་ནི་འདི་ཡིན་ཏེ། གང་དག་བསྐལ་པ་གྲངས་མེད་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །སྔགས་ཀྱི་ཚུལ་ནི་ཚེ་འདི་ལ་སངས་རྒྱས་སམ་རྡོ་རྗེ་སེམས་དཔར་འགྱུར་རོ། །ཞེས་རྟོག་པ་རྣམས་ཡན་ལག་བདུན་དང་ལྡན་པའི་བསྒྲུབ་བྱར་འདོད་དེ། ཞེས་དང་། ཡན་ལག་བདུན་དང་ལྡན་པ་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ལ་འཐད་པར་འགྱུར་ཏེ། འདི་ལྟར་ལོངས་སྤྱོད་རྫོགས་པ་སྟེ་ཉམས་


JKT004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱོང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་རྣམ་པ་ཐམས་ཅད་དུ་སྣང་བ་ཡིན་ནོ། །ཁ་སྦྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་ཡང་དག་པར་སྦྱོར་བའི་ཕྱིར་རོ། །བདེ་བ་ཆེན་པོ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །རང་བཞིན་མེད་པ་ནི་སྐྱེ་བ་མེད་པའོ། །སྙིང་རྗེས་ངེས་པར་གང་བ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པ་ནི་རྒྱུན་གྱིས་རྟག་པ་ཡིན་པའི་ཕྱིར་རོ། །འགག་པ་མེད་པ་ནི་ཆད་པ་མེད་པ་ཡིན་པའི་ཕྱིར་རོ། །ལས་ཀྱི་ཡན་ལག་མའི་ཡེ་ཤེས་ལ་ནི་ཁྱད་པར་ཅན་དུ་གྱུར་པ་དེ་དག་ཡོད་པ་མ་ཡིན་ནོ། །ཞེས་སོགས་ཕར་ཕྱིན་སྔགས་ཀྱི་བསྒྲུབ་བྱ་མཚུངས་པའི་ཕྱོགས་སྔ་བཀོད་ནས། སླར་དེ་ཉིད་འགེགས་པའི་ལུང་རིག་རྒྱས་པ་དང་། ཡང་། དོན་གཅིག་ན་ཡང་མ་རྨོངས་དང་། སོགས་ལའང་དེ་མཚུངས་ཀྱི་ཕྱོགས་སྔ་དགོད་པ་དང་། དེ་འགོག་པ་བཅས་གསལ་བར་ཡོད་དོ། །ཡང་། ལས་ཀྱི་ཕྱག་རྒྱ་དང་བྲལ་ན། །ཕྱག་རྒྱ་ཆེན་པོ་ཡོད་མ་ཡིན། ཞེས་དང་། ཡང་། དབང་པོ་གཉིས་སྙོམས་པར་འཇུག་པ་མེད་པར་བདེ་བའི་རྣམ་པ་ཅན་ཉིད་མི་རྟོགས་པའི་ཕྱིར་རོ། །དེ་མེད་པར་ནི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཅན་གྱི་ལོངས་སྤྱོད་པའི་སྐུ་འགྲུབ་པར་མི་འགྱུར་བ་ཉིད་དེ། ཞེས་དང་། དེ་ལྟར་བསྐྱེད་པའི་རིམ་པ་དང་མི་འགལ་བར་རང་བྱིན་བརླབས་པ་


JKT004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ནས། སྣ་ཚོགས་ཉིད་ལྷའི་བདག་ཉིད་ཀྱི་དཀྱིལ་འཁོར་འཁོར་ལོའི་ལྷན་ཅིག་སྐྱེས་པ་གྲུབ་པ་ཡིན་ཏེ། དེ་སྐད་དུའང་ཀླུ་སྒྲུབ་ཀྱིས། འདི་ནི་གཞལ་ཡས་ཁང་མིན་ཁམས་གསུམ་པོ་མིན་ཡུལ་མིན་དབང་པོ་འབྱུང་བ་མིན། །གཟུགས་ལ་སོགས་པ་མ་ཡིན་སྲོག་ཆགས་མིན་ཞིང་མི་མིན་འདི་ནི་རྒྱལ་བ་སྟེ། །འཁོར་ལོ་གཙོ་བོ་ཆོས་ཉིད་བདག་ཉིད་ཡིན་ཏེ་དེས་ནི་དཀྱིལ་འཁོར་མ་ཡིན་ལ། །ཁམས་གསུམ་པོ་འདི་སྣ་ཚོགས་འཁོར་ལོར་ཤེས་ན་སེམས་ནི་ཅི་སྟེ་འཁྲུལ་བར་བྱེད། །ཅེས་གསུངས་པ་ལ་དགྱེས་པ་རྡོ་རྗེ་ལས་ཀྱང་། སྔགས་བཟླས་མེད་ཅིང་དཀའ་ཐུབ་སྦྱིན་སྲེག་མེད། །དཀྱིལ་འཁོར་པ་མེད་དཀྱིལ་འཁོར་ཉིད་ཀྱང་མེད། དེ་ནི་སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་དེ། །དེ་ཉིད་དཀྱིལ་འཁོར་པ་དང་དཀྱིལ་འཁོར་ཉིད། །མདོར་བསྡུས་སེམས་སུ་འདུས་པའི་ཚུལ་ཅན་ནོ། །ཞེས་དང་། དེ་ཁོ་ན་ཉིད་དེ་ཡང་རྒྱལ་བའི་དབང་པོས་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ལུང་དང་། རིགས་པ་དག་གིས་གསུངས་པའི་ཕྱིར་རོ། །འོ་ན་རང་རིག་པའི་སྒྲུབ་ཐབས་ཀྱི་དེ་ཁོ་ན་ཉིད་ནི། སྔགས་ཀྱི་ཚུལ་ལས་མངོན་དུ་བྱེད་པ་མ་ཡིན་ནམ། དེའི་ཕྱིར་དོན་གཅིག་ཡིན་ན་ཡང་བཅོམ་ལྡན་འདས་ཀྱིས་རྒྱུ་ཡི་བསྟན་བཅོས་ཞེས་ཕ་རོལ་ཏུ་ཕྱིན་པ་ལོགས་སུ་བསྟན་ཏོ།. །རྡོ་རྗེ་ཐེག་པ་འདི་ནི་འབྲས་བུའི་བསྟན་བཅོས་ཏེ། འབྲས་བུ་སྟོན་པའི་ཕྱིར་རོ། །


JKT004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་མཁས་པས་གཉི་ག་ལ་རྨོངས་པ་མི་འབྱུང་ངོ་ཞེས་ཟེར་བ་དེ་ཡང་། གང་གི་ཕྱིར་དུག་གི་དེ་ཉིད་ཤེས་པས་དུག་དང་བསྲེས་ཏེ་བཟའ་བ་དང་། སྦྲུལ་གྱི་རྒྱན་བྱེད་པ་དང་། ཁ་ཅིག་དུག་གིས་མི་ཚུགས་པ་བཞིན་ནོ། །དོན་དམ་པ་དེ་རྟོགས་པ་ལས་གཞན་མེད་དོ་སྙམ་པའི་ཡིད་ཅན་ནི་རྨོངས་པར་མི་འགྱུར་རོ། །ཞེས་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པས་ཀྱང་གང་དག་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མ་བཞི་དང་ལྡན་པའི་དགའ་བ་བཞི་ཉམས་སུ་མྱོང་བ་དང་བྲལ་བའི་ཕྱིར། །མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་མངོན་དུ་མ་གྱུར་པས། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་མ་ཤེས་པར་མངོན་པར་བྱང་ཆུབ་པ་ཆེན་པོ་མངོན་སུམ་བྱེད་པར་མི་ནུས་ཀྱི། སྔགས་ཀྱི་ཐེག་པ་ནི་དེ་བཞིན་གཤེགས་པས་རྣམ་པར་དག་པས་སོ་སོ་སྐྱེ་བོའི་བག་ཆགས་དང་བྲལ་བའི་ཕྱིར་རོ། །ལྷའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་དམ་ཚིག་ཐམས་ཅད་ལ་སྤྱོད་པས་རོ་མཉམ་པ་མངོན་དུ་བྱས་ནས། ཕྱག་རྒྱ་བཞི་ལ་སོགས་པའི་སྒྲུབ་ཐབས་ཀྱི་ཡན་ལག་བདུན་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རང་རིག་པའི་མངོན་སུམ་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་བདག་བྱིན་གྱིས་བརླབས་པ་ནི་ཐབས་མང་བའོ། །བཅོམ་ལྡན་འདས་ཀྱིས་ཀྱང་། ཐབས་གཞན་གྱིས་ནི་སངས་མི་རྒྱ། །ཞེས་གསུངས་སོ། །


JKT004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང་། །བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་ཐོབ་སྟེ། །ཕྱག་རྒྱའི་ཆོ་ག་འདི་ཡིས་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། གཞན་གང་གིས་ཀྱང་སངས་རྒྱས་ཙམ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་བདེ་བའི་ངོ་བོ་ཉིད་ཀྱི་ཁ་སྦྱོར་བ་མེད་པའི་ཕྱིར་རོ། །ཞེས་དང་། དེས་ན་འདོད་ཆགས་ཆེན་པོའི་ཚུལ་འདིར་རྡོ་རྗེ་སེམས་དཔའ་གྲུབ་པར་བྱ་བའི་ཕྱིར་ཁ་སྦྱོར་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཉིད་འདིར་ཁྱད་པར་ཡོད་པའི་ཕྱིར་རྡོ་རྗེ་འཆང་ཞེས་བྱའོ། །ཞེས་དང་། སྔགས་ཀྱི་ཐེག་པ་ནི་མཚམས་མེད་པ་ལྔ་བྱེད་པར་ཡང་རིགས་ལ་སོགས་པའི་རྐྱེན་དང་ལྡན་པ་དེ་ཡིས་དགེ་བའི་བཤེས་གཉེན་དམ་པ་བསྟེན་པ་ལས། ལས་ཀྱི་ཕྱག་རྒྱའི་ཐབས་ཀྱིས་ཇི་བཞིན་པའི་དོན་བསྒྲུབས་ནས། ཇི་བཞིན་པའི་མན་ངག་ཅན་སྡིག་པ་མི་དགེ་བའི་ལས་སྤངས་པ་དེས། དགེ་བའི་སྤྱོད་པ་དང་ཐབས་ལ་མཁས་པའི་ཁྱད་པར་གྱིས་སེ་གོལ་གཏོགས་པ་ཙམ་གྱིས་སྦྱིན་པ་ལ་སོགས་པ་བླ་ན་མེད་པའི་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་ཚེ་འདི་ཉིད་ལ་སངས་རྒྱས་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་བ་ནི་ཁྱད་པར་རོ། །ཞེས་དང་། རྡོ་རྗེ་ཨཱ་ར་ལིའི་རྒྱུད་ལས་དྲངས་པ། །ཐེག་པ་


JKT004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་ནི་འདི་ལྟ་བུ་སྟེ། །རྒྱུ་དང་འབྲས་བུའི་དངོས་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་བསྟན་ནོ། །ཞེས་དང་། དེའི་ཕྱིར་གཙོ་བོ་མ་ཡིན་པར་འགྱུར་བའི་ཐབས་ཅུང་ཟད་ཙམ་གྱིས་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཐབས་ཁྱད་པར་ཅན་དང་བྲལ་ནས། ཐབས་མང་ལ་གཉི་ག་ལ་མཚུངས་པ་མ་ཡིན་ནོ། །དེ་ཁོ་ན་དཀའ་བ་མེད་པར་གང་གིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་ཉིད་ཀྱིས་དུས་མི་ཆང་གི་ངོ་བོ་ཉིད་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་རོ། །དཀའ་ཐུབ་བརྟུལ་ཞུགས་ཀྱིས་བརྟུལ་བས། །སྡུག་བསྔལ་གྱུར་ནས་ལུས་བསྐམས་ཤིང་། །སྡུག་བསྔལ་ཉིད་ཀྱིས་སེམས་གཡེང་སྟེ། །གཡེང་བས་བྱང་ཆུབ་གཞན་དུ་འགྱུར། །ཞེས་དང་། ཡང་། དབང་པོ་རྣོན་པོ་ནི་སྔགས་ཀྱི་ཐེག་པ་འདི་ལ་སོ་སོ་སྐྱེ་བོ་ཉིད་ཀྱིས་ཀྱང་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་ནུས་ཏེ། དགྱེས་པའི་རྡོ་རྗེ་དང་འཇམ་པའི་རྡོ་རྗེ་ལ་སོགས་པའི་ང་རྒྱལ་ལ་གནས་པས་སློབ་བཞིན་པའི་གནས་སྐབས་སུ་ཡང་། དེ་ལྟ་བུ་ལ་བསྟེན་པར་འགྱུར་བ་སྲིད་པའི་ཕྱིར། རྒྱུ་དང་འབྲས་བུ་འདུས་པར་བྱས་ནས་ཕྱིར་མི་ལྡོག་པར་ཐོབ་པར་འགྱུར་རོ། །གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རྗེས་སུ་འབྲང་བ་རྣམས་ནི། ས་བརྒྱད་པ་ལས་ཕྱིར་མི་ལྡོག་པ་སྟེ། དེ་སྐད་དུ། ཕྱི་ནས་ས་བརྒྱད་པ་ལ་ནི། །དོགས་པ་


JKT004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པར་འགྱུར་བ་ཡིན། །ཞེས་སོ། །དེ་ལ་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པ་ནི་གཉིས་ཏེ། །བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ་གཉིས་ཏེ། །ཕྱི་རོལ་བསྐྱེད་པའི་རིམ་པ་དང་། །ཟབ་མོ་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། རྫོགས་པ་དང་། ཡོངས་སུ་གྲུབ་པ་དང་། ངོ་བོ་ཉིད་ཀྱི་རིམ་པའོ། །ཞེས་གསུངས། དང་པོ་ནི་བསྐྱེད་པའི་རིམ་པ་སྤྱི་དང་། ལྷག་མ་བཞི་ནི། ལས་དང་། ཆོས་དང་། དམ་ཚིག་དང་། ཕྱག་རྒྱ་ཆེན་པོ་བཞིར་སྦྱར་ནས་རྒྱས་པར་འཆད་སྣང་སྟེ་ཡི་གེའི་ངལ་བས་དེ་ཙམ་མོ། །གཞུང་འདི་བཛྲ་པཱ་ཎི་དང་། །དྷ་རྨ་ཀཱིནྡྲིས་བསྒྱུར་བ་སྟེ། །དེ་ལས་བཏུས་པའི་དུམ་བུ་ཅུང་ཟད་དོ། །ཤུ་བྷཾ། །གནས་པ་བསྡུས་པ་ཞེས་བྱ་བ་སློབ་དཔོན་ལྷན་སྐྱེས་རྡོ་རྗེས་མཛད་པ་ལས། །མདོ་སྡེ་བྱེ་བྲག་སྨྲ་རྣམ་རིག །དབུ་མའི་རིམ་བཞིན་གསལ་བ་ཡི། །ཞེས་དང་། སྲིད་པ་སྡུག་བསྔལ་བདེན་པ་སྟེ། །དེ་ནི་འབྲས་བུར་ཤེས་པར་བྱ། །རྒྱུ་ནི་ཀུན་འབྱུང་བདེན་པ་སྟེ། །ལས་དང་ཉོན་མོངས་བདག་ཉིད་དོ། །བདེན་པ་དེ་གཉིས་ཟག་བཅས་ཏེ། །ཕྱི་མ་གཉིས་ནི་ཟག་པ་མེད། །ཅེས་དང་། རང་སངས་རྒྱས་ཀྱི་བསྒོམ་པ་ཡང་། །ལུང་བསྟན་པ་ལ་མི་ལྟོས་པར། །རང་གི་སྔོན་གྱི་སྨོན་ལམ་གྱིས། །དོན་མཐོང་བྱས་ནས་མྱ་ངན་འདའ། །ཞེས་དང་། ཡང་དག་རྫོགས་པའི་བྱང་


JKT004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས། །ཚོགས་མ་རྫོགས་ན་ཡོད་མ་ཡིན། །མངོན་དུ་བྱེད་པ་མི་བྱ་སྟེ། །བྱས་ན་ཐེག་པ་དམན་པར་འགྱུར། །ཞེས་དང་། སྣ་ཚོགས་གསལ་བ་དེ་ཉིད་ཀུན་ཏུ་བརྟགས་པ་སྡུག་བསྔལ་ཏེ། །ཀུན་འབྱུང་གི་ནི་བག་ཆགས་གཞན་གྱི་དབང་གི་རང་བཞིན་ནོ། །སྦྱིན་པ་ལ་སོགས་ལམ་ཉིད་ཡོངས་སུ་རྫོགས་པ་འགོག་པ་སྟེ། །རྫོགས་པར་ཡོངས་སུ་གྲུབ་པ་རྣམ་མེད་རྣམ་པར་རིག་པ་ཙམ། །ཞེས་དང་། ཤིན་འགཏུའང་འགོག་པར་གྱུར་པ་ན། །དམ་པའི་རྣམ་ཐར་མངོན་སུམ་དོན། །ཞི་དང་སྡུག་བསྔལ་ཟད་པ་ཡིན། །འཕགས་ལམ་ཡན་ལག་བརྒྱད་དེ་ནི། །གོམས་པ་ངེས་པར་འབྱིན་པའི་མཆོག །ཅེས་དང་། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས། །ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །ཡང་དག་མཐའ་དང་སྐྱེ་བ་མེད། །མི་དམིགས་པ་དང་མྱ་ངན་འདས། །སྟོང་ཉིད་མཚན་མ་མེད་པ་དང་། །སྨོན་པ་མེད་དང་འདུས་མ་བྱས། །རྨི་ལམ་སྒྱུ་མ་ལ་སོགས་དཔེ། །དེ་ཉིད་རྒྱལ་བ་རྣམས་ཀྱིས་བསྒྲུབས། །ཞེས་དང་། གང་ཕྱིར་ཇི་ལྟར་མེ་ལོང་ནང་དུ་གཟུགས་བརྙན་མཐོང་། །རིགས་པས་བརྟགས་པའི་སྟོབས་ཀྱིས་དེ་མེད་དེ་མཐོང་མེད། །ཕྱི་ཡི་དོན་མེད་འདི་ཡང་མེད་དེ་རྣམ་པ་སྣ་ཚོགས་སེམས། །འོན་ཀྱང་རྟེན་འབྲེལ་དག་ལས་རིག་པས་འགལ་བ་མེད། །ཅེས་དང་། དེ་ཉིད་ཕ་རོལ་ཕྱིན་པའི་ཚུལ། །ཕྱག་རྒྱ་བཞི་ཡི་རང་བཞིན་ལུང་། །སྔགས་ཀྱི་ཚུལ་ལ་


JKT004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་སུ། །བླ་མའི་ཁྱད་པར་མྱོང་བ་ཡིན། །ཞེས་དང་། ཆགས་བྲལ་ལས་ནི་སྡིག་པ་མེད། །བདེ་བ་མཆོག་ལས་བསོད་ནམས་མེད། །དེ་ཕྱིར་མི་འགྱུར་བདེ་བའི་སེམས། །རྟག་ཏུ་དེར་གནས་མོས་པར་བྱ། །འཕོ་བ་ལས་ནི་ཆགས་བྲལ་འབྱུང་། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །ཞེས་དང་། ཇི་ལྟར་ལྕགས་ནི་གསེར་གྱུར་ན། །ནམ་ཡང་ནག་པོར་འགྱུར་བ་མིན། །དེ་བཞིན་སེམས་ཉིད་རྟོགས་པ་ཡང་། །ནམ་ཡང་བག་ཆགས་འགྱུར་བ་མིན། །ཞེས་དང་། ཐ་མས་བསྐྱེད་རིམ་བསྒོམ་པ་སྟེ། །ལས་ཀྱི་ཡན་ལག་དང་བྲལ་འབྲིང་། །རབ་ཀྱིས་ཀྱང་ནི་བསམ་བྱ་བ། །མྱུར་དུ་རྫོགས་པའི་དཀྱིལ་འཁོར་ཟླ རོ། །ཞེས་སོགས་གྲུབ་མཐའ་བཞི་དང་། གསང་སྔགས་བཅས་པའི་རྣམ་གཞག་རྒྱ་ཆེར་སྣང་ངོ་། །འདི་སྔོན་ཆད་རྨ་ཆོས་འབར་དང་། ཕྱིས་མཚུར་ལོ་ཙཱ་བས་བསྒྱུར་བར་སྣང་ངོ་།། ༈ །།སློབ་དཔོན་ཏོག་རྩེ་བས་མཛད་པའི་བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་བྱ་བར། གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །བདེ་བ་ཆེན་པོ་གཅིག་ཉིད་དུ། །བརྟན་དང་གཡོ་བའི་དངོས་པོ་ཀུན། །གཉིས་སུ་མེད་པའི་རྣམ་སྤངས་པ། །ཞེས་དང་། གཉིས་མེད་བདེ་བ་ཆེན་པོ་ཉིད། །གང་ཡང་བསམ་མེད་རང་བཞིན་ཉིད། །སངས་རྒྱས་བློ་ཡི་སྤྱོད་ཡུལ་མིན། །ཐམས་ཅད་དེ་ཡི་རང་བཞིན་ཉིད། །ཅེས་དང་། །ཐབས་དང་ཤེས་རབ་རྣལ་འབྱོར་


JKT004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །རོ་གཅིག་གཉིས་སུ་མེད་པར་བརྗོད། །འདོད་ཆགས་འདོད་ཆགས་བྲལ་བ་སྤངས། །དབང་བསྐུར་དམིགས་པར་མི་འགྱུར་རོ། །ཞེས་དང་། སྤྲོས་པ་ཐམས་ཅད་རྣམ་བྲལ་ཞིང་། །ནམ་མཁའ་ལྟ་བུར་དྲི་མ་མེད། །རྟོག་པའི་དྲི་མ་རྣམ་གཅོད་ཅིང་། །བསམ་གྱིས་མི་ཁྱབ་གཉིས་མེད་མཆོག །ཅེས་དང་། མ་སྐྱེས་པ་དང་མི་འཇིག་པ། །མི་འགྱུར་བ་དང་མི་གནས་པ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །འདི་ནི་ཕྱག་རྒྱ་ཆེན་པོ་ཉིད། །ཅེས་དང་། ཤིན་ཏུ་དྲི་མེད་ཆེས་དག་ཅིང་། །སྒོམ་པ་པོ་དང་བསྒོམ་བྱ་སྤངས། །དཔལ་ལྡན་བདེ་བའི་འབྱུང་གནས་ཀུན། །རྣམ་རྟོག་མེད་པས་ངེས་མཐོང་འགྱུར། །༣ ཞེས་དང་། ཀུན་མཁྱེན་གནས་ཀྱི་སྦྱོར་བ་འདི། །བསམ་གྱིས་མི་ཁྱབ་མི་རྟོག་པ། །ཀུན་ཏུ་བཟང་པོ་ཞེས་བྱའི་ལྷ། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང་། །ཞེས་དང་། ཡི་གེ་དང་ནི་མིང་བརྗོད་པ། །སྦྱོར་བའི་ཚིག་ཏུ་རབ་ཏུ་བསྟན། །གཞན་དུ་ངག་གི་ལམ་འདས་ཕྱིར། །སྨྲ་བ་ཉིད་དེ་མི་ནུས་སོ། །ཞེས་དང་། ཐོག་མ་དབུས་དང་ཐ་མ་བྲལ། །བསྐྱེད་པ་དང་ནི་རྫོགས་པ་སྤངས། །བསམ་དང་སེམས་པ་དང་བྲལ་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཅེས་དང་། རྣལ་འབྱོར་སྐྱེས་བུར་བཤད་པ་སྟེ། །རྗེས་སུ་རྣལ་འབྱོར་རིག་པའི་མཆོག །གཉིས་འདས་ཤིན་ཏུ་རྣལ་འབྱོར་ཏེ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །


JKT004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཉི་ཟླ་གཟའ་ཡིས་ཟིན་པ་ན། །ཤེས་རབ་རྡོ་རྗེའི་སྦྱོར་བ་ལས། །ཞུ་བ་གཉིས་མེད་ཡེ་ཤེས་ཀྱིས། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །ཅེས་དང་། རྒྱ་མཚོ་དང་ནི་རི་ཤིང་དང་། །རྩ་ལྕག་གེལ་པ་ལ་སོགས་པ། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །ཞེས་གསུངས་སོ། །གཞུང་འདི་བདེ་བའི་མྱུ་གུ་དང་འགོས་ཀྱི་འགྱུར་རོ།། ༈ །།སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ལྟ་བ་ངན་སེལ་ལས། །བ་ལྕི་ཆུ་དང་བཅས་པ་སྦྱིན་པ་སྟེ། །ལེགས་པར་བྱུགས་པ་ཚུལ་ཁྲིམས་བཟོད་པ་ནི། །སྲོག་ཆགས་ཕྲ་མོ་སེལ་བར་བྱེད་པ་ཡིན། །བརྩོན་འགྲུས་བྱ་བ་དག་ལ་འཇུག་པའོ། །བསམ་གཏན་དེ་ཟླདུས་རྩེ་གཅིག་བྱེད་པའི་སེམས། །ཤེས་རབ་ཚོགས་སོགས་ལེགས་པར་མཛེས་པ་ཡིན། །ཐུབ་པ་རྣམས་ཀྱི་དཀྱིལ་འཁོར་བྱས་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་ནི་དེས་ཐོབ་ཤོག །ཅེས་སོ།། ༈ །།སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་རབ་ཏུ་མི་གནས་པ་གསལ་པར་བསྟན་པ་ལས། །ཆོས་རྣམས་ཀྱི་ནི་སྐྱེ་བ་མེད། །རང་རིག་གཉུག་མ་བསམ་མི་ཁྱབ། །དེ་ཉིད་སྟོང་པ་ཉིད་ཅེས་བརྗོད། །ཆད་པའི་རྗེས་འགྲོ་མ་ཡིན་ནོ། །རབ་ཏུ་མི་གནས་ས་བོན་ལས། །འབྲས་བུ་རབ་ཏུ་མི་གནས་འབྱུང་། །སྐྱོབ་པ་དེ་ཉིད་དམ་པ་སྟེ། །བཅོས་མའི་བཅོས་མ་དེ་བཞིན་ནོ། །ཞེས་སོ། །བཛྲ་པཱ་ཎི་དང་ནགས་ཚོའི་འགྱུར་རོ།། ༈ །།གཉིས་


JKT004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྡོ་རྗེའི་དེ་ཉིད་བཅུ་པར། །དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་སོ། ༈ ། སློབ་དཔོན་ཨ་བ་དྷ་ཏཱིའི་ཟུང་འཇུག་རབ་ཏུ་གསལ་བར། །ཟུང་འཇུག་ཕྱིར་ན་རང་བཞིན་མེད། །རྐྱེན་ལས་བྱུང་བ་མི་འགགས་ཉིད། །དངོས་དང་དངོས་མེད་ཉམས་པས་ན། །ཟུང་འཇུག་རབ་ཏུ་སྣང་བར་འགྱུར། །ཞེས་སོ། ༈ །།མེ་ཏྲི་པའི་དགའ་གཙུགས་ལྔ་པར། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཐའ་གཉིས་རྣམ་པར་སྤངས་པ་སྟེ། །དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་མེད་པར་རྟག་ཏུ་ཤར། །ཞེས་སོ། །དེའི་མི་ཕྱེད་ལྔ་པར། །སངས་རྒྱས་རྟོགས་ན་འགྲོ་བ་དག །སངས་རྒྱས་རྟོགས་པ་ཅན་རྩ་ལག །ཨེ་མའོ་སངས་རྒྱས་གཟོད་ནས་དག །སངས་རྒྱས་བསྟན་པ་ཇི་ལྟར་རྟོགས། །ཞེས་སོ།། ༈ །།གཉིས་མེད་རྡོ་རྗེས་མཛད་པའི་བདེ་ཆེན་གསལ་བར། བདེ་ཆེན་ངོ་བོ་ཉིད་འདོད་གང་། །བདེ་བ་མེད་ན་བྱང་ཆུབ་མིན། །ཡོད་ནའང་ཆགས་པ་ཆེན་པོ་སྟེ། །འཁོར་བར་སྐྱེ་བའི་རྒྱུ་ཉིད་དོ། །ཞེས་དང་། ཡང་། །རྟེན་ཅིང་འབྲེལ་འབྱུང་བདེ་བ་གང་། །གཟོད་ནས་དག་པར་ཤེས་པར་བྱ། །ཞེས་སོ།། ༈ །།དེ་ཉིད་རབ་ཏུ་བསྟན་པར། །དེ་བཞིན་ཟག་པ་མེད་ཆོས་རྣམས། །ལོངས་སྤྱོད་སྤྲུལ་


JKT004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་དག་གི །རྟེན་འབྲེལ་སྨོན་ལམ་དག་གིས་ནི། །སེམས་ཅན་དོན་དུ་རབ་ཏུ་འཇུག །ཅེས་སོ། །དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པར། །སྤྲོས་པ་མེད་ཅིང་སྣང་བ་མེད། །ཐུབ་པ་ཆེན་པོ་ཆོས་ཀྱི་སྐུ། །དེ་ལས་གཟུགས་སྐུ་གཉིས་བྱུང་བ། །རྗེས་ཐོབ་སྒྱུ་མ་བཞིན་དུ་གནས། །ཞེས་དང་། ཡང་འདི་ལྟར། འཇམ་དཔལ་ལ་དེ་བཞིན་གཤེགས་པས་དྲིས་པ། འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ཡིན། འཇམ་དཔལ་གྱིས་གསོལ་པ། ཁམས་གང་བསམ་དུ་མེད་པའི་སེམས་དེ་བརྗོད་དུ་མེད་པ་དང་། སེམས་ཀྱི་གཞལ་བྱ་མ་ཡིན་པ་དང་། སེམས་ཀྱིས་སེམས་མེད་པ་རབ་ཏུ་བསམ་པར་བྱ་སྟེ། འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་སེམས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་སེམས་ནི་བསམ་དུ་མེད་ལ། དོན་ཇི་ལྟ་བ་བཞིན་དུ་རྟོགས་པའི་སེམས་སོ། །འོན་ཀྱང་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །ཞེས་དྲངས་སྣང་ངོ་། །སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའོ།། ༈ །།དབང་གི་བྱ་བ་མདོར་བསྡུས་པ་ལས། དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་མཆུ་ཡོ་བ་མེད་པ། རྩ་བ་ནག་པོ་མེད་པ། གསུས་པ་ཆེ་བ། མགྲིན་པ་རིང་པ།


JKT004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལེགས་པར་བྲིས་པ། གོས་གཙང་མས་མགྲིན་པ་དཀྲིས་པ། བུ་ཏ་ཏ་བ་བ་ལ་སོགས་པས་ཁ་བརྒྱན་པ། གསེར་དང་། །དངུལ་དང་། རྭ་ཛ་བརྟི་དང་། མུ་ཏིག་དང་། བྱུ་རུ་དང་། ནས་དང་། གྲོ་དང་། སོ་བ་དང་། ཏིལ་དང་། མ་ཤ་དང་། ཤྲཱི་ཧ་ཏི་དང་། ཀཎྜཀ་རཱི་དང་། ཤཱི་ཏ་ཨ་པ་ར་ཛི་ཏ་དང་། དཎྜིཏྤལ་དང་། ཧ་ས་དེ་བ་དང་། རིན་ཆེན་སྣ་ལྔ་དང་། འབྲུ་ལྔ་དང་། སྨན་ལྔ་བུམ་པའི་ནང་དུ་བླུགས་ལ། དྲིའི་ཆུས་ཡོངས་སུ་བཀང་སྟེ། དེ་ལ་དཀྱིལ་འཁོར་བསམས་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ལ། ཡེ་ཤེས་ཀྱི་བདུད་རྩིར་ཞུ་བའི་གཟུགས་སུ་བཞག་གོ །དེའི་རྗེས་ལ་མེ་ཏོག་གི་ཕྲེང་བས་ཉེ་བར་མཛེས་པའི་རྡོ་རྗེ་སྟེང་དུ་ཡང་དག་པར་བཞག་སྟེ། རང་རིག་པའི་ལྷ་ཡི་སྔགས་བརྒྱ་རྩ་བརྒྱད་དམ། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མངོན་པར་བསྔགས་སོ། །ཞེས་དང་། ལས་ཐམས་ཅད་ལ་ནི་རྡོ་རྗེ་སེམས་དཔའམ། བདུད་རྩི་འཁྱིལ་བ་བྲི་བར་བྱའོ། །ཞེས་དང་། དེའི་རྗེས་སུ་བདུད་རྩི་འཁྱིལ་བའི་སྔགས་ཀྱི་མངོན་པར་བཟླས་པའི་མ་གས་པ་དང་། འབུས་མ་ཟོས་པའི་ཨ་ཤཏྠའི་ཤིང་ལ་སོགས་པ་སོར་བཅུ་གཉིས་པའི་ཚད་ལ། རྩེ་མོར་མེ་ཏོག་གི་ཕྲེང་བས་བཅིངས་པའི་སོ་ཤིང་སློབ་མ་ལ་སྦྱིན་པར་བྱའོ། །ཞེས་དང་། ཀུ་ཤ་ལ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མངོན་པར་


JKT004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་ཏེ། སྔས་དང་སྟན་དུ་སྦྱིན་པར་བྱའོ། །ཞེས་དང་། དེས་མངོན་པར་བསྔགས་པའི་སྐུད་པ་སུམ་བསྒྲིལ་མདུད་པ་གསུམ་བྱས་ལ་བསྲུང་བའི་དོན་དུ་དཔུང་པ་གཡས་པར་བཅིང་བར་བྱའོ། །ཞེས་དང་། དེ་ནས་མེ་ཏོག་ལྷུང་བས་དམན་པ་དང་། འབྲིང་དང་། མཆོག་གི་དངོས་གྲུབ་མཚོན་པར་བྱའོ། །དེ་ལག་ལ་ཏེ་སངས་རྒྱས་རྣམས་ཀྱི་དབུའམ། མཛོད་སྤུའམ། གཙུག་ཏོར་ལ་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་རོ། །མཆོག་གི་ཡན་ལག་ལས་ནི་མཆོག་གོ །འབྲིང་གི་ཡན་ལག་ལས་ནི་འབྲིང་ངོ་། །མཐའ་མའི་ཡན་ལག་ལས་ནི་མཐའོ། །གཟུགས་བརྙན་དང་རིང་བ་ལས་ནི་ཤིན་ཏུ་ཡུན་རིང་བ་ནའོ། །ཉེ་བ་ལས་ནི་མྱུར་བའི་དངོས་གྲུབ་བོ། །ལྷ་རྣམས་ཀྱི་རིགས་ནི་རེའུ་མིག་ལ་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་པོའི་བར་དུ་ལྷུང་ན། དེ་ཡང་གང་གི་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕ་རོལ་དུ་ལྷུང་ན་དམན་པའི་དངོས་གྲུབ་བོ། །གལ་ཏེ་འོག་ལ་ལྷུང་ན་སླར་འཕང་ངོ་། །ལན་གསུམ་བར་དུ་དེ་ཉིད་དུ་ལྷུང་ན་དངོས་གྲུབ་མེད་དོ། །སྙིང་ག་ལ་ལྷུང་ན་ཤིན་ཏུ་དཀའོ། །ཞེས་སོ། །ཡང་། །སྐད་ཅིག་ཤེས་པའི་ཡེ་ཤེས་གང་། །ངག་གི་སྤྱོད་ཡུལ་ལམ་ལས་འདས། །ཞེས་དང་། བདེ་ཆེན་རྒྱལ་པོ་གཅིག་ཤེས་པ། །འགྲོ་བའི་རྒྱུད་ལ་རྟག་ཤེས་པར། །གང་གིས་ཀྱང་ནི་སྟོན་པའི་


JKT004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །ཐམས་ཅད་མཁྱེན་པའང་ཚིག་ཕོངས་འགྱུར། །ཞེས་སོ། །འདི་ཡང་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའོ།། ༈ །།ཡང་དེས་མཛད་པའི་རང་བཞིན་ལྔ་པར། དེ་ཉིད་རྒྱུ་དང་འབྲས་བུའི་བདག་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་འདུས་མ་བྱས་ཤིང་། དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཆོས་སྐུའོ། །རབ་ཏུ་སྣང་བ་ཙམ་ཡིན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ། བརྟགས་པའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྤྲུལ་པའི་སྐུའོ། །དེ་སྐད་དུའང་། །འདུས་མ་བྱས་སེམས་ཆོས་ཀྱི་སྐུ། །རྟག་པ་ལོངས་སྤྱོད་རྫོགས་མཚན་ཉིད། །སྣ་ཚོགས་དེ་ཉིད་སྤྲུལ་པའོ། །གཉུག་མ་ཀུན་གྱི་རང་བཞིན་ནོ། །ཞེས་སོ།། ༈ །།སློབ་དཔོན་གཉིས་མེད་རྡོ་རྗེ་མཛད་པའི་ཐིག་ཆེན་ཉི་ཤུ་པར། བྱང་ཆུབ་ཉོན་མོངས་ཐ་དད་མེད། །ཉོན་མོངས་བྱང་ཆུབ་ལས་མི་འབྱུང་། །འཁྲུལ་པས་ཉོན་མོངས་རྟོག་པ་སྟེ། །འཁྲུལ་པའི་ངོ་བོ་དྲི་མ་མེད། །ཅེས་དང་། ནམ་མཁའ་དང་མཉམ་ཞི་བ་དང་། །ཐོག་མ་དབུས་དང་ཐ་མ་སྤངས། །བསམ་གྱིས་མི་ཁྱབ་སེམས་ཉིད་ནི། །དངོས་པོ་ཀུན་གྱི་རང་བཞིན་ནོ། །ཞེས་སོ། །དེ་བ་ཀ་ར་ཙནྡྲ་དང་། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ༈ །ཡིད་ལ་མི་བྱེད་པ་སྟོན་པ་ཞེས་བྱ་བ་སློབ་དཔོན་མེ་ཏྲི་པས་མཛད་པ་ལས། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་


JKT004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཡིད་ལ་མི་བྱེད་པའི་ཆོས་རྣམས་དགེ་བའོ། །ཡིད་ལ་བྱེད་པའི་ཆོས་རྣམས་མི་དགེ་བའོ། །ཞེས་དང་། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྟོག་པ་ཐབས་ཀྱི་མཚན་མ་ནི་སྣང་བ་ལ་རྟོག་པ་སྟེ། ཡིད་ལ་མི་བྱེད་པའི་ཡོངས་སུ་སྤང་བའོ། །ཞེས་དང་། ཧེ་བཛྲ་ལས་གསུངས་པ། །ངོ་བོ་ཉིད་ཀྱིས་སེམས་མེད་ཅིང་། །སེམས་ལས་བྱུང་བའང་མེད་པའོ། །ཞེས་དང་། གང་ཕྱིར་ཡིད་ཀྱིས་མ་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་སོགས་དྲངས་ནས་མདོ་སྔགས་གཉི་གའི་ལུང་གིས་སྒྲུབ་ཅིང་། བར་འདིར་དགག་པ་གཉིས་ཀྱི་སྒོ་ནས་རྒྱས་པར་བཤད་མཐར། ཨི་ཡིག་གཙོ་བོར་མི་འགྱུར་བའི་ཡིད་ལ་བྱེད་པ་ནི་ཡིད་ལ་མི་བྱེད་པ་སྟེ། ལོ་མའི་རྒྱལ་པོ་བཞིན་དུ་ཚིག་དབུས་མ་ཕྱིས་པའི་བསྡུ་བའོ། །དེ་གང་གིས་ན་ཡིད་ལ་བྱེད་པ་གང་ཡིན་པ་ཐམས་ཅད་ནི་ཨ་སྟེ་སྐྱེ་བ་མེད་པའི་དོན་ཏེ། །ཞེས་སོགས་རྒྱས་པར་དང་། ཡང་ན་ཨ་ཞེས་བྱ་བ་ནི་འོད་གསལ་བའི་ཚིག་གོ །ཡིད་ལ་མི་བྱེད་པ་ནི་བདག་བྱིན་གྱིས་བརླབས་པའི་ཚིག་གོ །འདིར་ཨ་ཡང་ཡིན་ལ་ཡིད་ལ་མི་བྱེད་པའང་ཡིན་པས་ཡིད་ལ་མི་བྱེད་པའོ། །འདིས་ནི་ཡིད་ལ་མི་བྱེད་པའི་གནས་བསམ་གྱིས་མི་ཁྱབ་པ་འོད་གསལ་བ་བདག་ལ་བྱིན་གྱིས་བརླབས་


JKT004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྒྱུན་ཡང་དག་པར་རིག་པ་སྐྱེ་བར་འགྱུར་རོ། །ཞེས་དང་། མ་ཕྱིས་བསྡུ་བ་བྱས་པས་ཡིད་ལ་མི་བྱེད་པ་དང་། ཡིད་ལ་མི་བྱེད་པ་སྟེ། པགས་པའི་སྙིང་པོ་དང་། པགས་པའི་སྙིང་པོའོ། །ཞེས་སྣང་ལ། གཞུང་འདི་བཛྲ་པཱ་ཎི་དང་། གཉན་ཆུང་གིས་བསྒྱུར་བའོ།། ༈ །།སློབ་དཔོན་གཉིས་མེད་རྡོ་རྗེ་མཛད་པའི་དེ་ཁོ་ན་ཉིད་ཐེག་ཆེན་ཉི་ཤུ་པར། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །དངོས་དང་དངོས་མེད་གཟུང་དང་འཛིན། །རྣམ་པར་ཤེས་པས་པོར་པའི་སེམས། །དམིགས་པ་མེད་ཅིང་བླ་ན་མེད། །དག་ཅིག་ཞི་བ་སྣང་བ་མེད། །རིག་པ་ཤེས་རབ་ཅེས་སུ་གྲགས། །ཞེས་དང་། སེམས་ཀྱི་འདོད་པ་སེམས་མ་ཡིན། །རང་གི་རིག་པ་སེམས་མིན་ཏེ། །རིག་པ་བླ་མ་ལ་ལྟོས་འགྱུར། །དངོས་མེད་ཀུན་གྱི་ངོ་བོ་ཉིད། །ཅེས་སོ།། ༈ །།སློབ་དཔོན་མེ་ཏྲི་པས་མཛད་པའི་དབང་བསྐུར་ངེས་པར་བསྟན་པར། གཉེན་པོའི་ཕྱོགས་ལ་མི་གནས་ཤིང་། །དེ་ཉིད་ལ་ཡང་མི་ཆགས་པ། །གང་གི་འབྲས་བུའང་མི་འདོད་པ། །དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཞེས་སོ། །འདི་ཀྲྀཥྛ་པ་དང་། ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཞིང་། དེའི་འགྲེལ་པ་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པ་ལས། ཨེ་ཝཾ་གྱི་དོན་རྒྱས་པར་བཤད་འདུག་ཅིང་། ཡང་། དེ་བཞིན་


JKT004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྣམ་པར་ཉེད་པ་ནི་ཆོས་ཀྱི་སྐུའོ། །རྣམ་པར་སྨིན་པ་ནི་ལོངས་སྤྱོད་རྫོགས་པའོ། །རྣམ་པ་སྣ་ཚོགས་ནི་སྤྲུལ་པའོ། །མཚན་ཉིད་དང་བྲལ་བ་ནི་ངོ་བོ་ཉིད་སྐུའོ། །ཞེས་དང་། ཡན་ལག་བདུན་དང་ལྡན་པ་ནི་ཊྛ བསྒྲུབ་བྱར་འདོད་པར་འགྱུར་རོ། །དེ་ལ་ཡན་ལག་བདུན་ནི། ལོངས་སྤྱོད་རྫོགས་པའི་ཚོར་བ་དང་། །ཁ་སྦྱོར་སྙོམས་པར་འཇུག་པ་དང་། བདེ་བ་ཆེན་པོ་བདེ་བའི་ངོ་བོ་ཉིད་དང་། རང་བཞིན་མེད་པ་རྟོག་པ་བྲལ་བ་དང་། སྙིང་རྗེས་ངེས་པར་གང་བ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོངས་སྤྱོད་རྫོགས་པ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པ་དང་། རྒྱུན་མི་འཆད་པར་རབ་ཏུ་འཇུག་པས་རྒྱུན་ཆད་པ་མེད་པ་ཟླ དང་། འགོག་པ་མེད་པས་རྒྱུད་རྒྱུན་ཆད་མེད་པའོ། །ཞེས་དང་། གང་གིས་ཕྱིར་བདག་མེད་རྣལ་འབྱོར་མའི་འཁོར་ལོ་སྒོམ་པ་ཡང་སངས་རྒྱས་ཉིད་ཀྱི་རྒྱུ་མ་ཡིན་ནམ། འདིར་ཡན་ལག་བདུན་གྱི་སྒྲུབ་ཐབས་ཀྱི་རྣལ་འབྱོར་མ་ཡིན་ཏེ། ཁ་སྦྱོར་མེད་པའི་ཕྱིར་རོ། །ཞེས་ཕྱོགས་སྔ་བཀོད་ནས། དེ་ལ་ཡང་ཁ་ཊཾ་གའི་ཐབས་དང་ཁ་སྦྱོར་བ་ཡོད་དེ། དེ་སྐད་དུ། ཁ་ཊཾ་ག་དང་སྦྱོར་ལྷ་མོ། །ལོངས་སྤྱོད་རྫོགས་པ་ལ་སོགས་ལྡན། །བདག་མེད་རྣལ་འབྱོར་མ་འཁོར་ལོར། །རྟོགས་པ་ཅི་ཡི་ཕྱིར་མི་འགྲུབ། །ཅེས་དགག་པར་མཛད་དོ། །ཡང་། གཉེན་པོའི་ཕྱོགས་ལ། ཞེས་པ་ནི། རང་བཞིན་དང་། ཡོན་ཏན་དང་། སྙིང་པོ་ལ་


JKT004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་སྤྱོད་པ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་བདག་ཉིད་ཅན། གཉེན་པོའི་ཕྱོགས་ལ་དཔྱོད་པའི་རྣམ་པར་རྟོག་། པའི་ཚོགས་ཡིད་ལ་མི་བྱེད་པས་སྤང་བའོ། །མི་གནས་ཤིང་། ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ལ་ངེས་པར་དཔྱོད་པའི་རྣམ་པར་རྟོག་པའི་ཚོགས་རབ་ཏུ་སྤངས་པའི་ཟག་པ་དང་བཅས་པའི་གཟུགས་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པའི་བདག་ཉིད་མི་མཐུན་པའི་ཕྱོགས་ལ་ངེས་པར་དཔྱོད་པའི་རྣམ་པར་རྟོག་པའི་ཚོགས་རབ་ཏུ་སྤངས་པར་ཡང་བལྟ་བར་བྱའོ། །ཞེས་དེ་མེད་པའི་ཕྱིར་འདི་དག་ངེས་པར་མེད་པ་ཉིད་དོ། །དེ་ཉིད་ལ་ཡང་མི་ཆགས་པ། ཞེས་བྱ་བ་ནི། ངོ་བོ་ཉིད་ལ་སོགས་པ་ལ་ངེས་པར་དཔྱད་པ་ཉིད་ཀྱིས་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་ཀྱི་བདག་ཉིད་ལ་དེ་ཁོ་ན་ཉིད་ངེས་པར་དཔྱོད་པ་རྣམ་པར་རྟོག་པའི་ཚོགས་ཀྱི་ཏིང་ངེ་འཛིན་ལའང་མ་ཆགས་པའོ། །གང་གིས་འབྲས་བུའང་འདོད་པ་མེད། ཅེས་བྱ་བ་ནི། ས་དང་པོ་ལ་སོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་% པ་ཉིད་དེ་ཐོབ་པ་ལ་ངེས་པར་དཔྱོད་པའི་ཚོགས་ཀྱི་འབྲས་བུ་ལ་འདོད་པ་སྟེ། དེ་ལ་རེ་བ་འགའ་ཡང་མེད་དོ། །དེ་ཡིས་ཕྱག་རྒྱ་ཆེན་པོ་ཤེས། །ཞེས་བྱ་བ་ནི་ཐོབ་པའོ། །དེ་དག་གིས་འགྲོ་བའི་བདག་ཉིད་མི་


JKT004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་སྒྲོ་མ་བཏགས་པ། མི་མཐུན་པའི་ཕྱོགས་གཉེན་པོ་དང་། དེ་ཁོ་ན་ཉིད་དང་། འབྲས་བུའི་ཚོགས་ལ་ཆགས་པ་སྤངས་བས་ཆགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་ཕྱག་རྒྱ་ཆེན་པོ་ཐོབ་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་ན་ཕྱག་རྒྱ་ཆེན་པོ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་ཞིག་གམ་ཞེ་ན། མ་ཡིན་ཏེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བདག་ཉིད་ཅན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། གང་ཉོན་མོངས་པ་ཐམས་ཅད་སྤངས་པ་དེའི་དོན་ནི་སྦྱིན་པའོ། །གང་མངོན་པར་འདུ་བྱེད་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་མཚན་ཉིད་དང་བྲལ་བ་དེ་ནི་བཟོད་པའོ། །གང་རྣམ་པར་དཔྱོད་པ་མེད་པ་དེ་ནི་བརྩོན་འགྲུས་སོ། །གང་རབ་ཏུ་མི་གནས་པ་དེ་ནི་བསམ་གཏན་འ། ནོ། །གང་སྤྲོས་པ་མེད་པ་དེ་ནི་ཤེས་རབ་བོ། །དེ་ལྟར་གནས་མེད་པ་སྤྲོས་པ་མེད་པའི་ངོ་བོ་ཉིད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས་ཀྱང་ལུང་མང་བར་དྲངས་མཐར། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ཆོས་གང་ཅུང་ཟད་འཕེལ་བར་འགྱུར་བའམ། འགྲིབ་པར་འགྱུར་བ་ནི་མ་མཆིས་སོ། །བཅོམ་ལྡན་འདས་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་


JKT004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་བསྒོམ་པར་རིག་པར་བྱའོ། །ཞེས་དང་། བཅོམ་ལྡན་འདས་གང་ཅི་ལ་ཡང་མི་གནས་པ་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཞེས་དང་། བཅོམ་ལྡན་འདས་ཆོས་གང་ཅུང་ཟད་འཕེལ་བའམ་འགྲིབ་པ་ལ་རབ་ཏུ་གནས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་ཏེ། སོ་སོ་སྐྱེ་བོའི་ཆོས་ཀྱང་མི་སྤོང་ལ། སངས་རྒྱས་ཀྱི་ཆོས་ཀྱང་ཡང་དག་པར་མི་ལེན་ཏོ། །ཞེས་དང་། མགོན་པོ་བྱམས་པས། སྟོང་པ་ཉིད་དེ་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་སྟེ། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་སོ། ཡང་། བསྐྱེད་རྫོགས་ཀྱི་རྣམ་གྲངས་ལྔ་པོ་ཤེས་རབ་གསལ་བ་དང་མཐུན་པར། ཕྱི་བསྐྱེད་པའི་རིམ་པ་དང་། ནང་ཟབ་མོའི་བསྐྱེད་རིམ་དང་། རྫོགས་པ་དང་། ཡོངས་སུ་གྲུབ་པ་དང་། ངོ་བོ་ཉིད་ཀྱི་རིམ་པ་ལྔ་པོ་རིམ་ལྔ་དང་སྦྱར་ཏེ། འདི་ལྟར་མདོར་བསྡུས་པ་དང་། རྡོ་རྗེའི་བཟླས་པ་དང་། བདག་བྱིན་བརླབས་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པའི་མིང་གཞན་ཡིན་པར་བཤད་ཅིང་། དེ་ཉིད་ཀྱང་ཕྱག་རྒྱ་བཞིར་བསྡུ་ཚུལ་བསྟན་ནས། ཕྱག་རྒྱ་ཆེན་པོ་ཡིད་ཀྱིས་ཏེ། །དམ་ཚིག་ཕྱག་རྒྱ་ཀུན་ཏུ་འགྲོ། ཆོས་ཀྱི་ཕྱག་རྒྱ་ངག་ལས་ཏེ། །ལས་ཀྱི་ཕྱག་རྒྱ་ལུས་ཀྱིའོ། །ཞེས་སོ། །ཡང་ཟླ་གྲགས་སྒྲོན་གསལ་ལུང་། གསང་


JKT004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྐུ་ནི་རབ་བསྒྲུབ་ཕྱིར། །སྐྱེས་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཀུན་རྫོབ་བདེན་པ་སྟོན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་དུ་འཇུག་ཅེས་ལྔ་པ་སྟེ། །འདི་ནི་སྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་མདོར་བསྡུས་པའོ། །ཞེས་དང་། །སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་སྟེ། །རིམ་པ་ལྔ་ཡིས་བསྡུས་པའི་དོན། །ཤེས་ན་མཐའ་དྲུག་ལ་འཇུག་ཡིན། །ཞེསདང་། འཕགས་པ་ལྷས། སྔགས་དང་། ཕྱག་རྒྱ་དང་། བདག་དང་། ཆོས་དང་། ལྷ་ཡི་དེ་ཁོ་ན་ཉིད་དེ་ལྟར་གསུངས་སོ། །གཞུང་འདི་ས་མནྟ་བྷ་དྲ་དང་། ནགས་ཚོས་བསྒྱུར་བའོ།། ༈ །།པཎྜི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་དེ་ཁོ་ན་ཉིད་བཅུ་པའི་རྒྱ་ཆེར་འགྲེལ་ལས། དེ་ལྟར་རང་གི་ངོ་བོ་མ་རྟོགས་པས་ཕྱིན་ཅི་ལོག་གི་ངོ་བོར་བཞག་པ་ཡང་ཉོན་མོངས་པ་དང་། ལས་དང་སྐྱེ་བ་རྣམས་ཀྱིས་འཁོར་བ་འབྱུང་བའི་ཕྱིར་རྟོག་པ་རྣམས་སོ་སོར་སྣང་བར་འགྱུར་ཏེ། འདི་རྣམས་རང་གི་ངོ་བོ་མ་རྟོགས་པ་ནི་གློ་བུར་གྱི་དྲི་མ་ཞེས་བརྗོད་དོ། །ཞེས་དང་། གློ་བུར་འདི་དག་ཤིན་ཏུ་སྤངས་པ་ནི་རྣམ་པར་དག་པ་བཞེད་དོ། །དེ་སྐད་དུ་མགོན་པོ་བྱམས་པས། །


JKT004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཉོན་མོངས་མེད་རྣམ་དག །དེ་ནི་དྲིར་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །གལ་ཏེ་རྣམ་དག་དེ་མ་འགྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་ཉོན་མོངས་དེ་མ་འགྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་པའོ། །དེ་ལྟར་ཐམས་ཅད་འདིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཐ་སྙད་ཉིད་ནི་ཀུན་རྫོབ་ཉིད་དོ། །སངས་རྒྱས་དང་རྡོ་རྗེ་འཛིན་པ་ཉིད་ནི་ཀུན་རྫོབ་ལ་རབ་ཏུ་བསྒྲུབ་པར་བྱའོ། །དོན་དམ་པར་དེ་ལ་དེ་བཞིན་ཉིད་ནི་ཉོན་མོངས་པ་དང་ལྡན་པ་མ་ཡིན་ལ། །རྣམ་པར་དག་པའང་མ་ཡིན་ཏེ། །དེ་སྐད་དུ་ལ༑ ཡང་དེ་ཉིད་ཀྱིས། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ཉིད་དག་དང་མ་དག་མིན། །ཞེས་པའོ། །ཞེས་སོགས་དང་། ཇི་སྐད་དུ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། །ངེས་པ་དོན་གྱི་མདོ་སྡེའི་བྱེ་བྲག་ཤེས། །བདེ་གཤེགས་ཇི་ལྟར་བསྟན་པའི་སྟོང་པ་ཉིད། །སླར་ཡང་གང་ཟག་སེམས་ཅན་སྐྱེས་བུ་རྣམས། །ཆོས་རྣམས་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཆོས་བདག་མེད་ལ་སོ་སོར་རྟོག་པར་བྱེད། །སོ་སོར་རྟོག་པས་གལ་ཏེ་སྒོམ་པར་བྱེད། །དེ་ལ་རྒྱུ་ཡིས་མྱ་ངན་འདས་ཐོབ་འགྱུར། །གང་ཡང་བདག་གཞན་ཞི་བའི་རྒྱུར་མི་འགྱུར། །ཆོས་ཀུན་རང་བཞིན་རྟག་ཏུ་སྟོང་པ་ཉིད། །རྒྱལ་སྲས་ཉོན་མོངས་རྣམ་པར་


JKT004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ནི། །ཀུན་གྱིས་ཀུན་ཏུ་ཐམས་ཅད་སྟོང་པར་འགྱུར། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། །ཞེས་དང་། དབུ་མ་འཇུག་པར། དེ་ལྟར་གང་ཕྱིར་ཤིན་ཏུ་ཟབ་མོའི་དངོས་པོ་ནི། གང་གིས་མི་ཤེས་དེ་ནི་རབ་ཏུ་བརྟེན་བྱ་བ། །ཀུན་གཞི་ཡོད་ཅིང་གང་ཟག་སྟོང་ཉིད་ཡོད། །ཕུང་པོ་འདི་དག་ལ་ནི་འབའ་ཞིག་དང་། །འཇིག་ཚོགས་ལྟ་བ་སྤངས་པའི་སངས་རྒྱས་ཀྱིས། །ང་དང་བདག་ཅེས་ཇི་ལྟར་སྟོན་པ་ལྟར། །དེ་ལྟར་དངོས་པོ་ཐམས་ཅད་རང་བཞིན་གྱིས། །མེད་པ་དྲང་པའི་དོན་ནི་སྟོན་པར་འགྱུར། །ཞེས་དང་། འོད་གསལ་བ་ཞེས་བྱ་བ་ནི། རང་བཞིན་གྱིས་དྲི་མ་སྤངས་པའི་རང་རིག་པ་སྟེ། རབ་ཏུ་ཤེས་རབ་རང་བཞིན་རྟོགས་པས་སྒྲོ་འདོགས་དང་སྐུར་པ་འདེབས་པ་དག་སྤངས་པའི་དབུ་མ་རབ་ཏུ་མི་གནས་པ་རྟོགས་པའོ། །ཤེས་རབ་ཀྱིས་ནི་སྒོ་འདོགས་པ་སྤོང་བའི་ཕྱིར་རོ། །ཐབས་ཀྱིས་ནི་སྐུར་པ་འདེབས་པ་སྤོང་བའི་ཕྱིར་རོ། །ཞེས་དང་། ཟུང་དུ་འཇུག་པ་དེ་བཞིན་ཉིད་ཀྱི་བདག་ཉིད། བླ་མ་དམ་པའི་མན་ངག་གིས་རིག་པ། དེ་ཉིད་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པ་དོན་དམ་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །ཞེས་སོ། །ཡང་རྟོག་གེ་སྐམ་པོ་འབའ་ཞིག་བྱིས་པའི་དམིགས་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ཤེས་པའི་སྐལ་བ་མེད་པའི་ཕྱིར་རོ། །དེ་


JKT004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡང་འདིར་རྟོག་གེ་ངན་པས་ཞེས་བྱ་བར་བསྟན་ཏོ། །དེ་སྐད་དུའང་བཅོམ་ལྡན་འདས་ཀྱིས། རང་བཞིན་མ་ཡིན་བརྟགས་པ་མིན། །དངོས་པོ་མ་ཡིན་ཀུན་གཞི་མིན། །གང་ལ་བྱིས་པའི་རྟོག་པས་བརྟགས། །རྟོག་གེ་ངན་པ་རོ་དང་འདྲ། །ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་རྟོག་གེའི་སྤྱོད་ཡུལ་ཡང་མ་ཡིན་ནོ། །རྟོག་གེ་སྐམ་པོ་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའོ། །ཞེས་སོ། །འདི་པཎྜི་ཏ་ཀ་ལྱཱ་ཎ་བརྨ་དང་། ལོ་ཙཱ་བ་ཛྙཱ་ནཱ་ཀ་ར་མཚུར་གྱིས་བསྒྱུར་བའོ།། ༈ །།སློབ་དཔོན་བཛྲ་པཱ་ཎིས་མཛད་པའི་རྡོ་རྗེའི་ཚིག་ཅེས་བྱ་བར། །དགའ་བ་དང་པོ་འགྲོ་བ་སྟེ། །མཆོག་ཏུ་དགའ་བའང་འགྲོ་བ་ཉིད། །དགའ་བྲལ་དགའ་བ་འགྲོ་བ་ཉིད། །ལྷན་ཅིག་སྐྱེས་པ་གསུམ་མི་དམིགས། །ཞེས་དང་། རང་རིག་པ་ཡི་ཡེ་ཤེས་འདི། །ངག་གི་སྤྱོད་ཡུལ་ལམ་ལས་འདས། །བྱིན་གྱིས་བརླབས་པའི་རིག་པ་གང་། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཞེས་དང་། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །གཅིག་པུའི་རྣམ་པའི་བདེ་ཆེན་པོ། །ཡང་དག་དབང་བསྐུར་ལས་ཤེས་བྱ། །ཞེས་དང་། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པས་བརྒྱན། །བདེ་བ་ཐམས་ཅད་འབྱུང་བའི་གནས། །སངས་རྒྱས་རིན་ཆེན་དཀོན་མཆོག །ཟ་མ་ཏོག །ཅེས་སོ། །སློབ་དཔོན་དེ་


JKT004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་། མཚུར་གྱིས་བསྒྱུར་བའོ། །ཇི་ལྟར་དྲི་མེད་སྦྲང་རྩིའི་བཅུད། །བཏུང་བས་མྱོས་པའི་བུང་བ་བཞིན། །ཡང་དག་ཡེ་ཤེས་རོས་ཚིམས་པའི། །རྣལ་འབྱོར་མཆོག་གི་ཚུལ་འདིའོ། །ཤུ་བྷ་མསྡུ་སརྦ་ཛ་ག་ཏཱམ།། ༈ །།སློབ་དཔོན་བྷི་དྷི་ཀརྨས་མཛད་པའི་ཕྱག་རྒྱ་བཞི་༢ ༣གཏན་ལ་དབབ་པའི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་ལས། ཕྱག་རྒྱ་ནི་མི་འདའ་བའི་དོན་ཏོ། །དཔེ་དང་། ཡོད་པ་དང་། ཡིན་པས་མི་འདའ་བའོ། །དེ་ཡང་ནམ་མཁའ་ལྟ་བུ་དང་། གྱད་ཀྱི་ནོར་བུ་ལྟ་བུ་དང་། སྡུག་བསྔལ་གྱིས་བརྟུལ་བ་ལྟ་བུ་ཡིན་ལ། ཆེན་པོ་ནི་ལས་དང་ཆོས་དང་དམ་ཚིག་དང་གསུམ་གྱི་མཆོག་ཏུ་གྱུར་པའི་ཕྱིར་ཟླ ཡང་ཡིན་པས་ན་ཕྱག་རྒྱ་ཆེན་པོའོ། །ཞེས་དང་། ཕྱག་རྒྱ་ཆེན་པོ་ལ་འབྲས་བུར་བཞག་པའི་རྒྱུ་མཚན་གང་ཡིན་ན། རང་བཞིན་མེད་པའི་ངོ་བོ་ཉིད་སྒྲོ་སྐུར་གྱིས་དབེན་པ། ཞེས་བྱ་བ་སྟེ། རང་བཞིན་མེད་ཝཱ པ་ནི། རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པའི་གནས་སྐབས་གསུམ་ནི་དྲི་མ་དང་བཅས་པ་སྟེ། དེ་དག་གི་རང་བཞིན་མེད་པའོ། །དེ་ལྟ་བུའི་ངོ་བོ་ཉིད་ནི་དགག་སྒྲུབ་སྒྲོ་སྐུར་གྱི་དྲི་མ་དབེན་པའོ། །འོ་ན་ཕྱག་རྒྱ་ཆེན་པོ་ཉིད་ཇི་ལྟ་བུ་ཞེ་ན་རེ་བ་བཅད་པ་སྟེ། ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤངས་པ། ཞེས་པ་སྟེ། ཤེས་བྱའི་སྒྲིབ་པ་ནི་ཉོན་མོངས་པ་བག་ལ་ཉལ་ཤིན་ཏུ་ཕྲ་བ་རྣམས་སོ། །


JKT004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་དེ་ལས་གཞན་པའི་རགས་པ་སྤོང་སླ་བ་རྣམས་ཀྱང་ངོ་། །སྤངས་པ་ནི་སེར་སྣའི་གཉེན་པོར་སྦྱིན་པ་ལ་སོགས་པའི་ཕྱོགས་ཀྱིས་སྤོང་འདོད་མེད་པར་གྱུར་པ་ནི་གཉེན་པོ་ལ་རེ་བ་མེད་པའོ། །བསྐྱེད་རྫོགས་ཀྱིས་སྦྱངས་པ་ལས་འབྲས་བུ་ཞིག་ཐོབ་སྙམ་པ་མེད་པ་ནི་དེ་ཁོ་ན་ཉིད་ལ་རེ་བ་མེད་པའོ། །འབྲས་བུ་རྫོགས་པའི་སངས་རྒྱས་ཞིག་གུད་ན་ཐོབ་པའི་བློ་མེད་པ་ནི་འབྲས་བུ་ལ་རེ་བ་མེད་པའོ། །དེ་ཡང་ཉོན་མོངས་པ་ལམ་དུ་སློང་བ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྒོམ་དུ་མེད་པ་དང་། བདེ་བ་ཆེན་པོ་རང་ཆས་སུ་ཡོད་པའི་ཕྱིར་རོ། །དེ་ཡང་ཆོས་ལྔ་ལྡན་ཏེ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟར་དྲི་མ་མེད་པ། ཞེས་པས་བསྟན། དེ་ལ་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ནི་སྤྲིན་དང་། འཇའ་ཚོན་དང་། ན་བུན་དང་། ཁུག་སྣ་དང་། རླུང་གིས་མ་དཀྲུགས་བདག་ནི་མ་སྐྱེས་ཤིང་། རང་བཞིན་མེད་པ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་སུ་ཁྱབ་པ་དང་། གདོད་མ་ནས་མི་འགྱུར་བ་དང་། འཁོར་བ་ཐམས་ཅད་ལ་ཁྱབ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཡང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་། མཐའ་བཞིའི་རང་བཞིན་མེད་པ་དང་། འཁོར་བའི་དུས་དང་། སྦྱངས་པ་དང་། ཁྱད་པར་དུ་སྦྱངས་པ། བླ་ན་མེད་པ་དང་། མངོན་དུ་གྱུར་པའི་དུས་རྣམས་སུ་ཕྱག་རྒྱ་ཆེན་པོ་ལས་མི་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་


JKT004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྣང་ཡང་ནམ་མཁའ་ལས་མི་འགྱུར་བ་དང་། ཡུངས་ཀར་ལ་མར་གྱིས་ཁྱབ་པ་བཞིན་དུ་འཁོར་བ་ལ་ཁྱབ་པའོ། །དེ་ལ་སྐུའི་བྱེ་བྲག་ཇི་ལྟར་བཞག་ཅེ་ན། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། །ཞེས་བྱ་ལ། ཡོན་ཏན་ནི་སྐུ་བཞིའོ། །དེ་ཡང་རང་གི་ཉམས་སུ་མྱོང་བ་ལ་གནས་ཏེ། སྒྲོ་སྐུར་དང་བྲལ་བ་དང་། ཉམས་སུ་མྱོང་བ་དང་། སྣ་ཚོགས་སུ་ཤར་བ་དང་། གཉུག་མའི་ངོ་བོར་གཅིག་པའོ། །དེ་ལྟ་བུའི་ཡེ་ཤེས་ནི། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ། ཞེས་གསུངས། དེ་ཡང་། ཕུན་སུམ་ཚོགས་པ་ནི་ཇི་ལྟར་འདོད་པའི་བདེ་བ་ཚོགས་པའོ། །ཐམས་ཅད་ནི་འཁོར་འདས་ཐམས་ཅད་ཀྱི་བདེ་བའོ། །གཞིར་གྱུར་པ་ནི་འབྱུང་བའི་གནས་སུ་གྱུར་པའོ། །དེ་ཡང་ཇི་ལྟར་ལྟ་ཞེ་ན། ལྷུན་གྱིས་གྲུབ་པ་སྟེ་གདོད་མ་ནས་སངས་རྒྱས་པ་ནི་དག་པའོ། །བདེ་སྟོང་ཟུང་འཇུག་ནི་རྟག་ཆད་ཀྱི་མཐའ་ལས་བྲལ་བ་སྟེ་དམ་པའོ། །བསམ་གྱིས་མི་ཁྱབ་པ་ནི་ཡེངས་པའི་མུ་དང་བྲལ་བའོ། །དེ་ལས་གཞན་དོན་འབྱུང་ངམ་ཞེ་ན། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ལུས་ཞེས་བྱ་བ་ལ། །དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། སྨོན་ལམ་ཐུན་མོང་མ་ཡིན་པའི་སྟོབས་ཀྱིས། ལུས་གཟུགས་སྐུ་རྣམ་པ་གཉིས། སྣང་བ་ཤིན་ཏུ་རྣམ་པར་དག་པ་དང་། དག་པ་ལས་འབྱུང་ངོ་། །ལུས་དེ་ཁོ་ན་ཉིད་ལས་གཞན་ནམ་ཞེ་ན་བསྟན་


JKT004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། བདེ་བ་ཆེན་པོའི་རང་བཞིན་གང་ཡིན་པའི་ངོ་བོ་ཉིད་དོ། །ཞེས་བྱ་བ་སྟེ། བདེ་བ་ཆེན་པོ་ནི་སྒྲོ་སྐུར་དང་བྲལ་བ། ཡིད་ལ་མི་བྱེད་པ་ཉིད་ཀྱི་སྐུའོ། །དེ་དག་གི་རང་བཞིན་གང་ཡིན་པ་ནི་གཟུགས་ཀྱི་སྐུ་སྟེ་ངོ་བོ་ཉིད་དོ། །ཞེས་སོ། །འདི་རྣམས་ཕྱག་རྒྱ་ཆེན་པོའི་རང་བཞིན་ཅུང་ཟད་རྒྱས་པར་བཤད་པར་སྟེ་གཞུང་དེ་ཉིད་ལས་བཏུས་པའོ། །ས་ར་ཧའི་དོ་ཧ་མཛོད་ཀྱི་བཀའ་འགྲེལ་སློབ་དཔོན་ཆེན་པོ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་༢༧མཛད་པ། དངུལ་ཆུ་བྲི་བེ་རོ་ཙ་ནས་བསྒྱུར་བ་ལས། དགེ་ཚུལ་ནི་བསླབ་པའི་གནས་བཅུ་པའོ། །དགེ་སློང་ནི་བསླབ་པའི་གནས་ཉིས་བརྒྱ་ལྔ་བཅུ་པའོ། །གནས་བརྟན་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའོ། །བནྡེ་ནི་དེ་རྣམས་ལ་གཞན་གྱིས་ཕྱག་འཚལ་བའི་ཆེད་དུ་རབ་ཏུ་བྱུང་བར་ཁས་བླངས་ནས་བསོད་སྙོམས་དང་། བསླབ་པ་སློབ་ཀྱང་མཆོག་ནི་མ་ཡིན་ཏེ། དེ་ཉིད་མི་ཤེས་པའི་ཕྱིར། ཞེས་སོགས་གསུངས། །ཡུལ་རྣམས་བསྟེན་པས་ཡུལ་གྱིས་ནི། །གོས་པར་འགྱུར་བ་མ་ཡིན་ཏེ། །ཇི་ལྟར་ཆུ་ལས་ཨུཏྤལ་བླངས་ཀྱང་ཆུ་ཡིས་མ་རེག་བཞིན། ཞེས་གསུངས་ཏེ། ཇི་ལྟར་ཆུ་ཡི་ནང་དུ་གྲུ་ལ་ཞུགས་ནས་ཨུཏྤལ་བླངས་ཀྱང་ཆུ་ཡིས་མ་གོས་པ་བཞིན་དུ། དེ་ཁོ་ན་ཉིད་ཤེས་པའི་རྟོགས་པ་ཡོད་ན་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཀྱང་ཉོན་མོངས་པས་གོས་


JKT004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རོ། །ཞེས་སོགས་གསུངས་ཏེ། འདི་འགྲེལ་༡༨༧ཤིན་ཏུ་ལེགས་པར་༢༧ཡོད་༢༨དོ།། ༈ །།སློབ་དཔོན་མེ་ཏྲི་པ་གཉིས་མེད་རྡོ་རྗེས་མཛད་པའི་མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་གཉུག་མའི་དེ་ཉིད་རབ་ཏུ་སྟོན་པའི་རྒྱ་ཆེར་བཤད་པ་ཞེས་བྱ་བ། རྣལ་འབྱོར་བསོད་སྙོམས་པ་པྲ་ཛྷཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་སུ་མཛད་པ་དེར། རི་ཁྲོད་ཀྱི་མུ་སྟེགས་རྣལ་འབྱོར་སྤྱོད་པ་རྣམས། རྣལ་འབྱོར་པ་ཆེན་པོ་ཏེ་ལོ་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་བཟང་པོའི་བརྟུལ་ཞུགས་ལ་ཞུགས་ཏེ་གྲུབ་པ་ཐོབ་པ། མུ་སྟེགས་པ་ཀི་ན་ཉི་ཞེས་བྱ་བས་མཐོང་ནས་དེ་དང་ཆོས་མཚུངས་པར་འཁྲུལ་པར་སྤྱོད་པའི་རྗེས་འབྲང་ལས་བྱུང་བ་སོགས་སོ་སོའི་འཁྲུལ་ཚུལ་རྒྱས་པར་བཤད་འདུག་གོ །དེའི་གཤམ་དུ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་པ་སྟེ། །དེ་ཉིད་ཆོས་སྐུའི་དགོངས་པ་ཆོས་སྐུ་ཉིད། ཅེས་སོགས་གསུངས་སོ།། ༈ །།སློབ་དཔོན་ཐར་པའི་འབྱུང་གནས་སྦས་པས་དོ་ཧ་མཛོད་ཀྱི་བཀའ་འགྲེལ་༢༡། རྒྱལ་བའི་ལྷ་༢༦༤ དང་། རྒྱ་ལོ་ཙཱ་བས་བསྒྱུར་༢༨ ༣བ་ཡང་ཡོད་དོ། །འདི་གསུམ་ཀ་མགོར། དོ་ཧ་མཛོད་གྱི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུག་སྦྲུལ་ལྟ་བུའི་སྐལ་མེད་ནི། སོགས་ནས་དེ་ཁོ་ན་ཉིད་རྣལ་


JKT004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཚོན་པ་དོན་དམ་པའི་ཡི་གེ་རྫོགས་སོའི་མཐའ་ཅན་དེ་གའི་འགྲེལ་པ་ཁོ་ནར་སྣང་ནའང་། གཞུང་གི་ཟུར་ཅུང་ཟད་མི་འདྲ་བ་དེར་བཅོས་པར་སྣང་ངོ་། །མངྒ་ལཾ།། ༈ །།ད་ནི་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྗེས་སུ་འབྲངས་ནས་ས་ཙྪ་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། ན་མསྶ་མནྟ་བུདྡྷ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འཇིམ་པ་བླང་བའི་སྔགས་སོ། །ཨོཾ་བཛོད་བྷ་བཱ་ཡ་སྭཱ་ཧཱ། འབི་འབི་བྱ་བའི་སྔགས་མཚིག་སོ། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། སྣུམ་བསྐུ་བའི་སྔགས་སོ། །ཨོཾ་བཛྲ་དྷརྨ་དྷཱ་ཏུ་གནྡྷེ་སྭཱ་ཧཱ། རྒྱར་གཞུག་པའི་སྔགས་སོ། །ཨོཾ་བཛྲ་མུད་ར་ཨཱ་ཀོ་ཊ་ཡ་སྭཱ་ཧཱ། གདབ་པའི་སྔགས་སོ། །ཨོཾ་དྷརྨ་ཨཱ་ཡུ་ཥེ་སྭཱ་ཧཱ། སྤྱན་དྲངས་པའི་སྔགས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞུགས་སུ་གསོལ་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་པ་ཏེ་ཛཱ་ལ་ཛཱ་ལ་དྷརྨ་དྷཱ་ཏུ་གནྡྷེ་སྭཱ་ཧཱ། རབ་ཏུ་གནས་པའི་སྔགས་སོ། །ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་ཨ་ཧ་ར་ཨ་ཧ་ར་ཨཱ་གཙྪ་ཨཱ་གཙྪ་དྷརྨ་དྷཱ་ཏུ་གནྡྷེ་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །ཨོཾ་ཨཱ་ཀ་ཤ་དྷརྨ་དྷ་ཏུ་གནྡྷེ་སྭཱ་ཧཱ། བཟོད་པར་གསོལ་བའི་སྔགས་སོ། །དེ་ལྟ་བུ་ནི་སཙྪ་གདབ་པའི་སྔགས་སོ། །ན་མོ་བྷ་ག་ཝ་ཏེ་བེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྒ་ཏེ། སཾམྱཀྑཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུམྦྷེ་སུམྦྷེ། ས་མ་ཡེ་པྲ་ས་མ་ཡེ། ཤཱནྟེ་ཤཱནྟེ། ས་མ་རོ་པེ། ཨ་ན་ལནྡྷེ། ཏཐཱ། ཡ་ཤོ་བ་ཏི།


JKT004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཏེ་ཛ་ནི་རྐུ་མེ། ནིརྭ་ན། སརྦ་བུདྡྷ་ཨདྷིཥྛན་ཨདྷིཥི་ཏེ་སྭཱ་ཧཱ། ཞེས་བྱ་བའི་གཟུངས་འདི་འཇིམ་པའམ། བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་བཟླས་ཏེ། མཆོད་རྟེན་བྱས་ན། དེ་ལ་རྡུལ་ཕྲན་བ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱེ་མ་སྙེད་ཀྱི་འགྱུར་གྱི་མཆོད་རྟེན་བྱས་པའི་བསོད་ནམས་ཐོབ་པར་འགྱུར་རོ། །ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་ཏེ། གཟུངས་འདི་ནི་ཕན་ཡོན་དཔག་ཏུ་མེད་དོ། །ཡེདྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་དུནྟེ་ཥཱན་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཚིགས་སུ་བཅད་པས་རབ་གནས་བྱས་ལ། ན་མོ་བྷ་ག་ཝ་ཏེ་རཏ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡཱ་ཧརྟེ་སཾམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྟེ་རནྡྷེ་མ་ཧཱ་རཏྣ་བོ་དྷི་སྭཱ་ཧཱ། ཞེས་བྱ་བའི་གཟུངས་ལ་སོགས་པ་འདི་བརྗོད་ཅིང་མཆོད་རྟེན་ལ་ཕྱག་འཚལ་བ་སོགས་བྱས་ན། མཆོད་རྟེན་གཅིག་ལ་ཕྱག་བྱས་པས། མཆོད་རྟེན་བྱེ་བ་ལ་ཕྱག་ལ་སོགས་པ་བྱས་པར་འགྱུར་རོ། །འཇིམ་པ་ལ་སོགས་པ་ལ་མཆོད་རྟེན་བྱ་བའི་ཆོ་གའོ། །ཞེས་དང་། འགྲོ་བའི་ལས་འདི་བདག་གིས་བྱས་པ་ཡིས། རིང་པོར་མི་ཐོགས་འཇིག་རྟེན་སངས་རྒྱས་ནས། །འགྲོ་ལ་ཕན་ཕྱིར་ཆོས་ནི་སྟོན་བྱེད་ཅིང་། །སྡུག་བསྔལ་མང་པོས་མནར་བའི་སེམས་ཅན་གྲོལ་


JKT004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཅེས་དང་། ཁ་ཟས་ཀྱི་བྱ་བ་ཟིན་རྗེས། །རྒྱལ་པོ་དང་ནི་ཡོན་བདག་དང་། །སེམས་ཅན་ཕུང་པོ་གཞན་དག་ཀྱང་། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་གྱུར་ཅིག །ཅེས་བརྗོད་དོ། །ཞེས་དང་། །དཀྱིལ་འཁོར་ལ་སོགས་ཆོ་ག་ཡིས། །ཡང་དག་ཤེས་རབ་ཕ་རོལ་ཕྱིན། །རྟག་ཏུ་མཆོད་ཅིང་བཀླག་པར་བྱའོ། །ཚིགས་བཅད་གཅིག་དང་ཚིགས་བཅད་བཞི། །ཚིགས་བཅད་གཉིས་དང་སྒོ་དྲུག་པའི། །གཟུངས་དང་བཟང་པོ་སྤྱོད་པ་དང་། །ཕུང་པོ་གསུམ་པ་དུས་གསུམ་དུ། །ཡི་གེ་གཅིག་ནས་ཉེར་བཟུང་ནས། །གསུམ་གྱི་བར་དུ་མཉམ་བཞག་པས། །ཡི་དམ་ཉམས་པ་མེད་པ་ཡིས། །བློ་ལྡན་ཇི་ལྟར་རྙེད་པ་བཀླག །ཅེས་སོ། །འདི་དག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་ལྟ་བ་ངན་སེལ་ལས་བཏུས་པའོ། །ཇི་ལྟར་དག་པའི་ཨུཏྤལ་མིག་སྨན་མདངས། །ཆུ་མཚོར་བརྟེན་ཀྱང་ཉམས་པ་མེད་པ་ལྟར། །འདོད་པའི་ཡུལ་རྣམས་བདག་གིར་མཛད་པའི་མོད། །ཆགས་བྲལ་བརྟུལ་ཞུགས་མཆོག་ཏུ་གྲུབ་དེས་སྲུངས། །སརྦ་མངྒ་ལཾ་ཤུ་བྷཾ་བྷ་བནྟུ།། ༈ །།སློབ་དཔོན་སྐྱེས་རབས་སྤྲིངས་ཡིག །ས་འཚོ་བྱིན་གྱིས་མཛད་པའི་ཆོས་སྨྲ་བ་དང་དམ་པའི་ཆོས་ཉན་པ་ལ་༡གུས་པར་བྱ་བའི་གཏམ་༤ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཞིང་འདི་སྐད་དུ་གསུངས་སོ། །དགེ་སློང་གང་ཟག་


JKT004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་འདིས་བསོད་ནམས་མང་པོ་བསྐྱེད་དེ་སྡིག་པའི་རྩ་བ་འབྱིན་ཞིང་བདུད་དང་གཡུལ་འགྱེད་པར་བྱེད། བདུད་ཀྱི་རྒྱལ་མཚན་སྙལ་བར་བྱེད། ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། །གཉིས་གང་ཞེ་ན་གང་གུས་པར་བྱས་ཏེ་ཆོས་འཆད་པ་དང་། གང་འདི་ན་གུས་པར་བྱས་ཏེ་ཆོས་ཉན་པའོ། །དེ་བས་ན་ཁྱེད་ཀྱིས་གུས་པས་ཆོས་བཤད་པར་བྱ་ཞིང་བླ་མ་རྣམས་ལ་གུས་པས་ཆོས་མཉན་པར་བྱའོ། །ཞེས་དང་། ཡང་འདི་སྐད་དུ། མཁས་པས་ནད་ལ་སྨན་པ་བཞིན། །ཐོག་མར་དམ་པ་བསྟེན་པར་བྱ། །ནད་སོས་བྱ་ཕྱིར་འབད་པ་ཡིས། །སྨན་ནི་སྨན་པ་ལ་ཉན་ལྟར། །དམ་པའི་ཆོས་ནི་མཉན་པར་བྱ། །བློ་དང་ལྡན་པའི་སྐྱེས་བུ་ཡིས། །སྨན་དེ་རྣམས་ནི་ཐོས་ནས་སུ། །གུས་པས་བསྟེན་པར་བྱེད་པ་ལྟར། །དེ་བཞིན་བྱས་པས་འཆི་མེད་འགྲུབ། །བདུད་རྩི་དེ་ནི་འཐུང་བ་ཡིས། །མཆོག་ནི་ཐོབ་པར་བྱེད་པ་ཡིན། །ཞེས་སོ། ༈ །ཆེད་དུ་བརྗོད་པའི་གཏམ་དྲང་སྲོང་ཆེན་པོ་ཟླ་བས་མཛད་པར། དེང་སང་སྐྱེ་བོ་ཕལ་ཆེར་རྙེད་དང་བཀུར་སྟིས་འཆིང་ཞིང་བདུད་དབང་སོང་། །ངན་སོང་རྒྱ་མཚོ་འཕེལ་ཞིང་དཀར་པོའི་ཕྱོགས་འགྲིབ་ལྷ་རྣམས་སྨྲེ་སྔགས་འདོན། །སྡོམ་བརྩོན་ཅན་དག་བསླབ་པ་ལྷོད་ཅིང་ཁྱིམ་པ་དག་གི་ཕོ་ཉར་འགྲོ། །ལྷ་མིན་ཕྱོགས་འཕེལ་ནག་པོ་ཀླུ་ཡིས་ནད་


JKT004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྣ་ཚོགས་གཏོང་བར་འགྱུར། །ཞེས་གསུངས་སོ། ༈ །མི་རྟག་པའི་དོན་གྱི་གཏམ་སློབ་དཔོན་དགའ་བའི་དབང་པོས་མཛད་པར། །གང་ཕྱིར་འདུས་བྱས་ཐམས་ཅད་ནི། །རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །ཐིམ་པ་བཞིན་དུ་མི་རྟག་གོ །ཞེས་དང་། གཟུགས་དང་ལོངས་སྤྱོད་ཐོས་པ་དང་། །ཚུལ་ཁྲིམས་ལ་སོགས་རྟག་མིན་ཏེ། །གང་ཡང་འདོད་ཆགས་བྲལ་བ་ཡང་། །ཀུན་ཏུ་གནས་པ་མ་མཐོང་ངོ་། །ཞེས་སོ།། ༈ །།ལེགས་པའི་ལམ་བསྟན་པ་སློབ་དཔོན་དཔའ་བོས་མཛད་པར། དེ་ལ་ཚུལ་ཁྲིམས་ཞེས་བྱ་བ་འདི་ནི་ཁ་ན་མ་ཐོ་བ་སྤང་བ་ཉིད་ཀྱི་བདེ་བ་ཉམས་སུ་མྱོང་བ་དང་ལྡན་པས་ན་ཚུལ་ཁྲིམས་སོ། །ཡང་ན་འདིས་འགྱོད་པ་མེད་པའི་བདེ་བ་བསྟེན་ཅིང་ཡོན་ཏན་གཅིག་ནས་གཅིག་ཏུ་བརྒྱུད་པའི་བསྔགས་པ་ལེན་པའི་ཕྱིར་ཚུལ་ཁྲིམས་ཏེ་དེ་ནི་ལེན་པའོ། །ཡང་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སྐད་ཀྱི་བྱིངས་ལས་ཚུལ་ཁྲིམས་སུ་འགྱུར་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ཡང་དག་པར་སྡོམ་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བྲམ་ཟེའི་ལུགས་ཀྱི་ལེགས་པར་སྤྱོད་པ་རྣམ་གསུམ་གྱི་ཆོས་ལ་སྤྱོད་པར་འགྱུར་རོ། །ངག་གིས་ནི་བཞིའོ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པ་ལྟ་བུའོ། །ཡང་ན་བསིལ་བར་གྱུར་བའི་ཚུལ་ཁྲིམས་ཏེ། དེ་ཡང་འཆི་བའི་མཐར་ཐུག་པའི་བར་


JKT004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་སོ། །ཞེས་དང་། སོ་སོར་ཐར་པ་ཞེས་བྱ་བ་ནི་སོ་སོར་ཐར་པས་ན་སོ་སོར་ཐར་པ་སྟེ། ལམ་འདི་ནི་སོ་སོར་ཐར་པར་འགྲོ་བས་སོ་སོར་ཐར་པ་སྟེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་ལ་གྲོང་ཁྱེར་གྱི་ལམ་ཞེས་པ་དང་འདྲའོ། །ཡང་ན་སྡིག་པ་ལས་སོ་སོར་ཐར་པས་ན་སོ་སོར་ཐར་པའམ་སྡོམ་པ་ཞེས་བྱ་བ་ལ་སློབ་པར་བྱེད་པས་ན་དག་ཅིང་གྲོལ་བར་བྱེད་པ་ཡིན་པའམ། བསོད་ནམས་ཕུན་སུམ་ཚོགས་པ་ལ་ལྷག་པར་མོས་པ་མི་གཏོར་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་སྲུང་ཞིང་ཐར་པར་བྱེད་པས་ན་སྲུང་ཐར་ཅེས་བྱ་སྟེ། ཉེས་པར་སྤྱོད་པའམ་ཀུན་ནས་ཉོན་མོངས་པ་རྣམས་དང་ངན་འགྲོ་རྣམས་ལས་སྲུང་བར་བྱེད་པའི་ཕྱིར་རོ། །ཞེས་སོགས་ཤིན་ཏུ་མང་བར་བཤད་ཅིང་། དེ་ལ་ལྟུང་བའི་ཚོགས་ནི་རྣམ་པ་བདུན་ཏེ། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་༧ དང་། དེ་གཉིས་ཀའི་ཉེས་བྱས་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པ་དང་། བཤགས་པར་བྱ་བ་དང་། བསྡམ་པར་བྱ་བའི་ཉེས་བྱས་ཞེས་བྱའོ། །དེ་ལ་ལྟུང་བ་འདིས་ཕས་ཕམ་པར་འགྱུར་བར་སྤྱོད་པས་ན་ཕས་ཕམ་པའོ། །ལྟུང་བ་འདི་འབྱུང་བར་འགྱུར་ན་མལ་སྟན་དང་ཁ་ཟས་ལ་སོགས་པ་དགེ་འདུན་རྒན་པོ་དང་བར་མ་དང་གཞོན་ནུའི་རྗེས་ལ་ལྷག་མར་སྤྱོད་པས་ན་དགེ་འདུན་ལྷག་མའོ། །


JKT004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པར་བྱ་བའི་ཉེས་པ་ཐམས་ཅད་ཀྱི་ནང་ནས་འདི་ཆེས་རགས་པས་ན་ཉེས་པ་སྦོམ་པོའོ། །མང་བའི་ཕྱིར་དང་རང་བཞིན་དང་བཅས་པའི་སྤང་བར་བྱ་བ་སྣ་ཚོགས་པ་ཉིད་ཡིན་པའི་ཕྱིར་སྤོང་བ་ལ་འབད་པས་གནས་པ་ཡིན་པས་ལྟུང་བའོ། །ངེས་པར་བཤགས་པར་བྱ་བ་ཡིན་པས་ན་སོ་སོར་བཤགས་པར་བྱ་བ་ཡིན་པའམ། སོ་སོར་བཤགས་པར་བྱ་བར་འོས་པ་ཡིན་པས་སོ་སོར་བཤགས་པར་བྱ་བའོ། །བཤགས་པས་སླར་བཅོས་པར་བྱ་བའི་ཉེས་བྱས་ཡིན་པས་བཤགས་པར་བྱ་བའི་ཉེས་བྱས་སོ། །སླར་དེ་ལྟར་མི་བགྱིད་དོ་ཞེས་ཡང་དག་པར་སྡོམ་པར་བྱེད་པས་སླར་གསོ་བ་ཡིན་པས་ན་བསྡམ་པར་བྱ་བའོ། །འདི་དག་ནི་ལྟུང་བའི་ཚོགས་བདུན་ཡིན་ནོ། །ཞེས་དང་། དཀའ་ཐུབ་ནགས་ཚལ་གནས་ལ་རྙེད་བཀུར་ཏེ། །མཛའ་པའི་སྒོ་ནས་དགྲ་བོ་འོངས་པ་ཡིན། །ཟླ་བའི་ཟེར་གྱིས་པདྨ་ཇི་བཞིན་དུ། །ལེགས་པར་རབ་འཇོམས་བརྟུལ་ཞུགས་ལྷོད་པར་བྱེད། །ཅེས་དང་། །ཚུལ་ཁྲིམས་རྒྱུ་ནི་དབང་པོ་སྡོམ་པ་ཡིན་པར་བཤད། །ཕུན་སུམ་ཚོགས་དེས་ཚུལ་ཁྲིམས་དྲི་མེད་དང་ལྡན་འགྱུར། །དེ་བས་ཐོས་པའི་རང་བཞིན་བལྟ་ལ་ངེས་དམིགས་ཏེ། །རང་གི་དབང་པོ་ཡུལ་ལ་འཕྱན་ལས་བསྲུང་བར་བྱ། །ལྕགས་ཀྱི་ཐུར་མ་རབ་ཏུ་འབར་བ་ཡིས། །མིག་ལ་བྱུགས་པར་གྱུར་པ་ཆེས་བླ་ཡི། །རང་གི་ངན་འགྲོའི་ལས་ནི་རྩོལ་བྱེད་པ། །


JKT004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་ཆགས་དང་སྡང་བས་བལྟ་མི་བྱ། །ལྕགས་ཁུ་འབར་བས་རྣ་བ་བཀང་བླ་ཡི། །བག་མེད་ཆགས་དང་དྲེགས་པ་འཕེལ་བྱེད་པ། །རྔོན་པའི་ཁོང་གླུ་དག་པས་ལྷག་པའི་སྒྲ། །ཉན་པ་བདག་ལ་ཕན་པས་ཐོས་མི་རུང་། །སྣ་ལ་བལྟས་ཏེ་སྤུ་གྲི་རྣོན་པོ་ནི། །བདར་བ་གཙང་བའི་ནད་ནི་བརྣག་བླ་ཡི། །བདག་ཉིད་སྡུག་བསྔལ་སྣ་ཚོགས་འཕེལ་བྱེད་པ། །དྲིར་ཆགས་དགྲ་བོ་རྣམ་པར་འཕེལ་མི་རུང་། །མེ་ལྕེ་འབར་བའི་མཚོན་ནི་རྣོན་པོ་ཡིས། །ལྕེ་ནི་མངོན་དུ་བཅད་པར་འགྱུར་བླ་ཡི། །སྐྱེ་བའི་སྡུག་བསྔལ་ལམ་ནི་སྐྱེད་བྱེད་པ། །རོ་ལ་ཆགས་པའི་སྡིག་བྱེད་དེ་ལྟ་མིན། །མཁས་པས་རང་ལུས་དགྲ་སྟ་རྣོན་པོ་ཡིས། །རྣམ་པར་གཏུབས་པས་འཇིག་པར་འགྱུར་བླ་ཡི། །དྲེགས་པ་སྣ་ཚོགས་སྲེད་པས་གདུངས་གྱུར་པས། །ཡུན་རིང་དམྱལ་བར་སྐྱེ་བར་འགྱུར་མི་རུང་། །གང་ཕྱིར་ཅི་དགའ་སྤྱོད་ལས་ཡི་དམ་བསྲུངས། །སྡུག་བསྔལ་མཐའ་ཡས་སྐྱེད་པའི་སྡིག་པ་སོགས། །དབང་པོ་ལྷག་མ་སྡོམ་པའང་ཡོད་མ་ཡིན། །དེ་ཕྱིར་མཁས་པས་དེ་ཉིད་བསྲུང་བའི་རིགས། །མཁས་པས་འདོད་ཆགས་ཉེས་ལ་མི་སྡུག་བསྟེན། །སྡང་ལ་བྱམས་དང་བརྩེ་གོམས་ཡོན་ཏན་གྱིས། །རྨོངས་ལ་མི་རྟག་འདུ་ཤེས་འཆི་བ་ནི། །རྗེས་སུ་དྲན་དང་བག་ཡོད་བསྟེན་པས་བསྲུང་། །ཞེས་དང་། །ཚུལ་ཁྲིམས་ཡང་དག་བསྲུང་བར་གྱུར་ན་ནི། །འགྱོད་པའི་མེ་ནི་ཞི་བར་


JKT004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཡིན། །དགའ་དང་རབ་གུས་སད་པར་བྱེད་པའི་རྒྱུས། །ལུས་དང་ངག་གི་དགེ་བ་སྐྱེད་པར་བྱེད། །ཐར་པའི་གྲོང་དུ་འཇུག་པའི་ལམ་ཉིད་དང་། །མི་དང་ལྷ་དབང་གྲུབ་ལམ་གཉིས་པ་མེད། །གྲགས་དང་སྙན་དང་བདེ་བ་སྐྱེད་པའི་རྒྱུས། །འཚེ་དང་སྨོད་པས་ཚུགས་པ་མེད་པ་ཡིན། །བླ་མ་སློབ་མ་མཛའ་བཤེས་དོར་མི་འགྱུར། །མ་སྨད་བདེ་བའི་སྒོར་ནི་གྱུར་པ་ཡིན། །སྐྱེ་བོ་དམ་པ་དང་འདྲ་འདྲེན་པར་བྱེད། །ཡོན་ཏན་སྐྱོད་པའི་ཆོ་གར་གྱུར་པ་ཡིན། །འདི་དང་ལྡན་ན་མཁས་པའི་ཡོན་ཏན་ནི། །ཆེན་པོ་རྣམས་ཀྱི་སྣོད་དུ་གྱུར་པ་ཡིན། །ཚུལ་ཁྲིམས་འཆལ་བའི་ཕོངས་པ་ཅི་ཡོད་པ། །ཉེས་པ་དེ་དང་དེར་ནི་རྣམ་པར་སྤོང་། །དམ་པའི་ཆོས་ཀྱིས་བགྲང་བར་འགྱུར་བ་དང་། །ཡོན་ཏན་ལ་དགའ་བར་ཡང་གོ་བར་བྱེད། །ཁྱད་པར་རྟོགས་པའི་སྐལ་བར་ལྡན་པ་དང་། །བདག་ཉིད་ཡོན་ཏན་དག་གིས་བསྔགས་འོས་འགྱུར། །སྐྱེ་བོ་དམ་པ་རྣམས་དང་སྐལ་མཉམ་གྱི། །རང་གི་ཡོན་ཏན་རྒྱ་ཆེན་དམན་དང་ནི། །ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་གོས་ཤིང་། །དེ་ལས་བྱུང་བའི་སྡུག་བསྔལ་ཐོབ་མི་འགྱུར། །མི་ཡི་བདག་པོ་སུམ་ཅུ་རྩ་གསུམ་བདག །གལ་ཏེ་འདོད་ན་སྲིད་པ་ཟད་པ་ཉིད། །ཚུལ་ཁྲིམས་རྣམ་དག་དེས་ནི་ཐོབ་འགྱུར་བ། །སྨོན་ལམ་གྲུབ་པའི་རྩ་བའང་ཚུལ་ཁྲིམས་ཡིན། །ཞེས་གསུངས་སོ། །ཡང་། དེ་ལ་སྦྱངས་


JKT004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་བཅུ་གཉིས་ནི་འདི་དག་ཡིན་ཏེ། དགོན་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། བསོད་སྙོམས་པ་ཉིད་དང་། །སྟན་གཅིག་པ་ཉིད་དང་། ཙོག་པུ་པ་ཉིད་དང་། ཟས་ཕྱིས་མི་ལན་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། ཕྱིང་པ་བ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དང་། དུར་ཁྲོད་པ་ཉིད་དང་། ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དོ། །ཞེས་དང་། །དགོན་༡པར་གནས་ལ་མངོན་དགའ་ཏིང་ངེ་འཛིན། །ཐོབ་པའམ་ཡོངས་སུ་བསྲུང་བར་ནུས་པ་ཡིན། །གྲོང་ནང་གནས་རྣམས་གཡེང་བའི་ཉེས་པ་ཡིས། །སེམས་ནི་རྣམ་བཅོམ་ཉེར་ཞི་ཐོབ་མི་འགྱུར། །ཞེས་སོགས་དང་། དགོན་པར་༤གནས་ཤིང་ཆོག་ཤེས་སེམས་ཀྱིས་ནི། །གོས་ནི་དམན་ལས་རབ་དམན་གྱོན་བྱེད་ལ། །འདི་ལ་ལྟོས་པ་དྲེགས་པ་མི་འབྱུང་ཞིང་། །འཇིགས་དང་འཁྲུགས་དང་རྨོངས་པར་འགྱུར་མ་ཡིན། །ཡང་། ང་རྒྱལ་༣སྦྱོང་ཞིང་བརྙས་པ་བཟོད་བྱེད་ལ། །རང་གི་ལུས་ནི་སྐྱེ་བ་བཟོད་བྱེད་ཅིང་། །མགྲོན་པོས་པ་ཡིས་བསྡམས་པའི་སྡུག་བསྔལ་ནི། །སློང་མོའི་སྤྱོད་ལ་ཞུགས་ལ་ཡོད་མ་ཡིན། །དང་། གང་༤ཞིག་ཟོས་ནས་སྟན་དེ་ལས་ལངས་སམ་མ་ལངས་ཀྱང་ལྷུང་བཟེད་བཀྲུས་པའི་ཆུ་བླངས་ནས་སླར་ཟ་བར་མི་བྱེད་པ་དང་། ཁ་ཟས་སོ་སོར་ཐོབ་ནས་ཁམ་གྱི་ཐ་མ་ཟོས་ནས་ཡང་སླར་མི་ཟ་བ་དེ་ནི་ཟས་ཀྱི་མཐའ་ཡིན་ནོ།


JKT004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཡང་དང་ཡང་དུ་ཟ་བའི་ཉེས་པ་ཡིས། །སྟན་གཅིག་རང་གི་བྱ་བ་སྤོང་མི་བྱེད། །ནད་ཉུང་གནོད་པ་ཆུང་ཞིང་ལུས་སྲབ་འགྱུར། །རྣལ་འབྱོར་ལྡང་བ་ཡང་བར་འདིས་འགྱུར་རོ། །ཞེས་དང་། །གཉིད་ཀྱི་མུན་པ་སྟུག་པོས་མི་ནོན་ཅིང་། །སེམས་ནི་མལ་སྟན་བདེ་བའི་དབང་མི་འགྲོ། །འདི་ཡིས་ལུས་སུ་འཛིན་པ་སྲབ་པ་དང་། །འདི་ལས་མཉམ་པར་འཇོག་པ་བདེར་གསལ་འགྱུར། །དང་། ཕྱིས་ནས་བ་མ་སྤང་བ་ཡི། །དམ་བཅའ་བླངས་པར་གྱུར་པ་ཡིས། །བརྐམ་ཆགས་མེད་ཅིང་ཆོག་ཤེས་དང་། །དད་པའི་ཚུལ་དང་རྗེས་མཐུན་འགྱུར། །དང་། །ཆོས་གོས་གསུམ་པོ་ཙམ་གྱིས་ནི། །ཆོག་ཤེས་ཡང་བ་ལ་འཇུག་ཅིང་། །མང་པོ་ལ་སྲེད་ཉེར་བཅས་པ། །གོས་སོག་པ་ནི་སྤངས་པ་ཡིན། །འདབ་ཆགས་ལྟ་བུར་བླངས་ནས་ནི། །གང་དུ་དགའ་བར་འགྲོ་བར་བྱེད། །སྤོང་བའི་གནང་བ་དང་བྲལ་ཞིང་། །དེ་ལས་དགེ་སློང་ཉོན་མོངས་མེད། །དང་། །དག་པར་རསྤངས་པའི་ཡོན་ཏན་ནི། །བལ་བསྡུས་པ་ལས་བྱས་པའི་གོས། །རྣལ་མ་མེད་པས་ཆོག་ཤེས་པས། །བཟང་པོ་སྲེད་ལས་བྱུང་བ་ཡི། །དེ་ཚོལ་བ་ཡི་ཉོན་མོངས་མེད། །དང་། ཇི་བཞིན་བཏིང་བས་མགུ་བའི་ཕྱིར། །སྡོམ་བརྩོན་ཤིན་ཏུ་མཛེས་པ་ཡིན། །དགེ་སློང་གསར་བུ་མལ་སྟན་ན། །བདེ་ལ་གནས་པ་རྗེས་སུ་བསྲུང་། །དང་། རྩ་བཏིང་བའམ་ས་ལ་


JKT004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་བ་ན། །ཇི་བཞིན་གཞི་ལས་གྱུར་པའི་བདེ་བ་ནི། །ནོར་བུ་འབར་བའི་གཞལ་མེད་ཁང་སྟེང་ན། །ཆོག་ཤེས་མེད་པའི་སེམས་ལ་དེ་ཡོད་མིན། །དང་། དུར་ཁྲོད་དུ་ནི་རྒྱུན་དུ་འཆི་ངན་པས། །སྐྱོ་འགྱུར་ཊྛདེ་ལས་བག་མེད་འགྱུར་མ་ཡིན། །མི་གཙང་སྣ་ཚོགས་མཚན་མ་རྣམས་མཐོང་བཞེས། །འདི་ཡི་འདོད་པའི་འདོད་ཆགས་འཕེལ་མི་འགྱུར། །དང་། གང་ཞིག་ཤིང་དྲུང་བཟང་པོ་དག་ཏུ་ནི། །མལ་སྟན་དག་གི་སེམས་མགུའི་འབྱོར་པར་ལྡན། །ཕྱོགས་རྣམས་ཀུན་ཏུ་ཐོགས་པ་མེད་པར་འགྲོ། །དེ་ནི་དམ་ཆོས་ཕུན་སུམ་ཚོགས་པའི་ལམ། །དེར་ནི་ཆོས་ཀྱང་རྣམ་པར་འཕེལ་འགྱུར་ཞིང་། །བདུད་ཀྱི་སྟོབས་ཀྱི་དྲེགས་ཟླཔ་ལྡོག་པར་བྱེད། །དང་། མལ་སྟན་ཚོལ་དང་བསྲུང་དང་སྤྲུགས་པ་ཡིས། །ཡོངས་སུ་ཉལ་བའི་གཞིར་གྱུར་མ་ཡིན་ཞིང་། །བླ་གབ་མེད་ལ་བསྒྲུབ་པར་ཁས་བླངས་ལ། །འདུ་འཛི་མེད་པས་ཤིན་ཏུ་མཛེས་པ་ཡིན། །སོགས་ཡོན་ཏན་རྒྱ་ཆེར་བསྟན་ཏོ། །ཡང་། དེ་དག་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་འབྱོར་བས་ན་སྦྱངས་པའི་ཡོན་ཏན་ཅེས་བྱ་བ་དང་། ཉེས་པ་རྣམས་སྦྱོང་བར་བྱེད་པས་ན་སྦྱོང་བའི་ཡོན་ཏན་ཅེས་བྱ་སྟེ། ཞེས་དང་། དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་བྱིང་བ་དང་། ཞུམ་པ་དང་། རྣམ་པར་གཡེང་བ་དང་། མི་མཉམ་པ་སྤང་བའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དམིགས་པ་གཅིག་


JKT004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏོད་པས་ཏིང་ངེ་འཛིན་བྱ་བའམ། སེམས་དང་སེམས་ལས་བྱུང་བ་དམིགས་པ་གཅིག་ལ་ཡང་དག་པར་བསྡུས་པས་ན་ཏིང་ངེ་འཛིན་ཡིན་པའམ། ཕྱིན་ཅི་མ་ལོག་པ་ཡིན་པས་ཏིང་ངེ་འཛིན་འདི་ལ་གཏོད་ཅིང་འཇོག་པ་ན་ཕུན་སུམ་ཚོགས་པའི་ཡེ་ཤེས་དང་མཐོང་བ་དེ་དང་དེ་བསྐྱེད་པའི་ཕྱིར་ཏིང་ངེ་འཛིན་ཏོ། །ཞེས་དང་། དེའི་རྣམ་གྲངས་ལ། འདི་ལྟ་སྟེ་བསམ་གཏན་བཞི་དང་། དེའི་ཉེར་བསྡོགས་གསུམ་དང་། གཟུགས་མེད་པ་རྣམ་པ་བཞི་དང་། རྗེས་སུ་དྲན་པ་དྲུག་དང་། ཚད་མེད་པ་བཞི་དང་། དབུགས་འབྱུང་བ་དང་རྔུབས་པ་རྗེས་སུ་དྲན་པ་དང་། འདུ་ཤེས་བཅུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཟིལ་གྱིས་ནོན་པའི་སྐྱེ་མཆེད་བརྒྱད་དང་། རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང་། རྗེས་སུ་མཐུན་པ་ལ་རྗེས་སུ་མཐུན་པར་འདུ་ཤེས་པ་ལ་སོགས་པ་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་གསུམ་དང་། ཡན་ལག་ལྔ་དང་། ཤེས་པ་ལྔ་དང་ལྡན་པའི་ཏིང་ངེ་འཛིན་རྣམས་སོ། །ཞེས་དང་། དམ་པ་རང་གི་ཡོན་ཏན་གྱིས། །མཐོ་བ་རིང་པོ་ནས་ཀྱང་མཐོང་། །དྲི་མེད་ས་ཕྱོགས་མཛེས་པ་ཡི། །སྟོན་ཀ་ཡི་ནི་རིང་པོར་མཚུངས། །ཞེས་སོ། །འདི་དཱི་


JKT004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པཾ་ཀཱ་ར་དང་རཏྭེ་བྷ་དྲའི་འགྱུར།། ༈ །།དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ལས། དེ་ལ་དགེ་བ་བཅུ་པོ་འདི་དག་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན་སངས་རྒྱས་ཀྱི་སློབ་མ་རྣམས་ཀྱིས་འདི་ལ་བསླབ་པར་བྱའོ། །ཞེས་དང་། གང་བདག་གི་དོན་ལ་ཅུང་ཟད་ཙམ་ཡང་རྗེས་སུ་བལྟ་བ་མེད་པར། བྱེད་པ་གཞན་གྱི་དོན་འབའ་ཞིག་འདོད་ཅིང་ཐམས་ཅད་དུ་སྙིང་རྗེ་ལྡན་པ་དག་གིས་ནི། ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པའམ། ལོག་པར་ལྟ་བ་ཉིད་མ་གཏོགས་པ་དག་ལ་ལར་རྗེས་སུ་གནང་བ་སྣང་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཏན་ལ་ཕབ་པའི་གཙུག་ལག་ལ་བལྟའོ། །ཞེས་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད་པ་ལས་སོ།། ༢༣་བར། ༈ །།སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མྱ་ངན་བསལ་བར། །འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་པ་འཆི་བ་སྟེ། །ཀུན་ཀྱང་འགྲོ་བར་སྣང་བའི་ཕྱིར། །མྱ་ངན་བྱ་བར་འོས་པ་མིན། །མཛའ་དང་འགྲོགས་ལ་བརྐམ་པ་ཡི། །སྐྱེ་བོ་མྱ་ངན་གྱིས་གདུང་བ། །རྔ་ཉིད་དག་ལ་ཆགས་པའི་འབྲི། །རྔོན་པས་ནགས་ཀྱི་ནང་དུ་བཞིན། །གང་ཚེ་ཀུན་གྱིས་བགྲོད་བྱ་ཞིང་། །དེ་དང་དེར་ནི་འགྲོ་བ་ཡི། །སྔ་ནས་དེ་དེར་སོང་བ་ལ། །ཅི་ཡི་ཕྱིར་ན་མྱ་ངན་བྱེད། །མི་བཟད་འཆི་བའི་བདག་པོ་ལ། །རབ་ཏུ་མྱོས་པའི་སྐྱེ་བོ་འདི། །


JKT004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ན་གསོད་བྱེད་སེང་གེ་ཡི། །མདུན་ན་རི་དྭགས་གནས་པ་བཞིན། །འཆི་བ་བཟློག་པར་བྱ་བ་ཡི། །གང་ཚེ་ཐབས་ཀུན་མེད་པས་ན། །སྤྲོ་བསྲིང་བ་དག་མི་བསྐྱེད་པར། །ཆུ་ལ་ཉ་བཞིན་ཅི་ཞིག་འགྲེ། །སའམ་ཅི་སྟེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཁམས་གསུམ་འདི་དག་ཐམས་ཅད་ལ། །མི་རྟག་མེ་ཡིས་སྲེག་གྱུར་པ། །དགོན་པར་མེ་ནི་འབར་བ་ཡིས། །དགོན་པའི་མེ་ནི་ཇི་ལྟར་བཞིན། །རྟག་པར་འདུ་ཤེས་རྣམ་ལོག་ན། །སྲིད་རྩེ་ལས་ཀྱང་འགྲོ་བ་རྣམས། །འཆི་བའི་ཞགས་པས་དྲངས་གྱུར་པ། །ཞགས་པས་གླང་པོ་བཞིན་དུའོ། །བསམ་གཏན་ལས་སྐྱེས་བདེ་བ་མྱོང་། །ཚངས་པ་ཚངས་པའི་གནས་ལས་ཀྱང་། །མི་རྟག་ཕྱིར་ནི་ལྷུང་གྱུར་པ། །ཆུ་ཡི་ཀླུང་གི་འགྲམ་པ་བཞིན། །བརྒྱ་བྱིན་དག་ནི་སྟོང་རྣམས་དང་། །འཁོར་ལོས་སྒྱུར་བ་བརྒྱ་དག་ཀྱང་། །དུས་ཀྱིས་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མེད། །གང་དུ་ས་རྣམས་སྲེག་འགྱུར་ཏེ། །ལྷུན་པོའང་ཐལ་བར་འཇིག་པ་དང་། །རྒྱ་མཚོའི་ཆུ་ཡང་སྐོམ་འགྱུར་ན། །ལུས་ཅན་དེ་དག་ལྟ་ཅི་སྨོས། །ཅི་སྟེ་སངས་རྒྱས་རྣམས་


JKT004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་རྣམས་སྨོས་ཅི་དགོས། །ཞེས་དང་། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོལ་བ་གང་འཐུངས་པ། །རྒྱ་མཚོ་ནང་གི་ཆུ་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་དང་། མཛའ་བཤེས་དག་དང་བྲལ་བ་ཡིས། །འཁོར་བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་ཡི། །སྣོད་དུ་རྒྱ་མཚོའང་རུང་མ་ཡིན། །ཞེས་གསུངས་སོ། །ཡང་དེ་ཉིད་ཀྱིས་རྒྱལ་པོ་ཀ་ནིཥ་ལ་སྤྲིང་བར། །འཆི་བདག་བུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་བཞེས་པར། །དམ་པའི་ཆོས་ལ་བསྟུན་ཏེ་མཛོད། །འདི་སང་དེང་འདིར་འདི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་ཞིག་ཁྱོད་ནི་མེད་འགྱུར་བའི། །སང་དེ་གདོན་མི་ཟ་བར་འོང་། །ཞེས་སོགས་དང་། ལན་བརྒྱ་ཡང་ན་སྟོང་དག་ཏུ། །འཇིག་རྟེན་དག་ཏུ་མི་མ་བགྱིས། །འདི་མ་བགྱིས་སླད་བྱིས་པ་ཡིས། །ཡང་དང་ཡང་དུ་བགྱིད་འཚལ་བས། །ཐོག་མ་མེད་པའི་ལུས་ཅན་འདི། །ད་དུང་དུ་ཡང་མ་ལོག་གོ ། ཞེས་སོ།། ༈ །།སེམས་རིན་པོ་ཆེ་རྣམ་པར་སྦྱོང་བའི་སྤྲིང་ཡིག་ཅེས་པ་དེ་ལས་དོན་བཏུས་ཏེ་བརྗོད་པར་བྱ་བ་སྟེ། འདི་ནི་མཆོག་ཏུ་ཉམས་སུ་བླང་བྱར་རིགས་སོ། །འདིར་སེམས་ནི་རང་བཞིན་གྱིས་འོད་


JKT004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་རྟག་ཏུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་མོད་ཀྱི། ལུས་དང་ངག་བྲན་ལྟ་བུ་དང་བཅས་པ་གློ་བུར་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་དཀྲུགས་པ་སྟེ། དེའི་ཕྱིར་འདི་དག་རྣམ་པར་སྤངས་ཏེ་ནོར་བུ་ཆུ་ཤེལ་གྱི་འོད་ལྟར་རབ་ཏུ་འོད་གསལ་བའི་རང་བཞིན་དཀྲུགས་མ་དང་བྲལ་བར་བསྐྱེད་དེ། འདི་ཙམ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེས་ན་འདིར་བསྟན་སེམས་དེ་དཀྲུགས་པས་རྟོག་པ་ཅན་དུ་བྱེད་ཅིང་། ལུས་དང་ངག་བྲན་ལྟར་འཁོལ་བ་ནི་རྣམ་པ་བཞི་སྟེ། ཐམས་ཅད་ཀྱི་རྒྱུ་རྣམ་པར་རྟོག་པ་མང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཤས་ཆེ་བའོ། །དེ་ལ་གང་རྣམ་པར་རྟོག་པ་མང་བ་དེས་ནི་རླུང་གི་ཏིང་ངེ་འཛིན་ལ་དམིགས་པས་དེ་སྤང་བར་བྱ་སྟེ། བགྲང་བ་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡང་དག་རྣམ་པ་དྲུག་ཏུ་འདོད། །དེ་ལ་དང་པོ་བགྲང་བ་ནི། དབུགས་རྔུབས་པ་དང་འབྱུང་བ་དག་ལ་སེམས་གཏད་ནས་མངོན་དུ་འདུ་བྱ་བ་མེད་པར་ལུས་སེམས་རྣལ་དུ་བཞག་སྟེ་དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་བསྡུས་པ་དང་རྣམ་པར་གཡེང་བར་དོགས་པས་ཧ་ཅང་མང་བ་དང་ཉུང་ངུར་ནི་མ་ཡིན་ནོ། །དེ་ལ་སྐྱོན་གསུམ་སྟེ། གཅིག་ལ་གཉིས་སུ་བགྲང་བ་སོགས་ལྷག་པ་དང་།


JKT004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་གཅིག་ཏུ་འཛིན་མ་ཚང་བ་དང་། རྔུབས་པ་ལ་འབྱིན་པར་འཛིན་པ་སོགས་ལ་འཆོལ་བ་སྟེ་སྤང་ངོ་། །བར་སྐབས་སུ་སེམས་རྣམ་པར་གཡེང་ན། ཡང་མགོ་ནས་ཇི་སྲིད་ཏིང་ངེ་འཛིན་མ་ཐེབ་བར་དུ་བགྲང་བར་བྱའོ། །གཉིས་པ་རྗེས་སུ་འགྲོ་བ་ནི། །ཇི་སྲིད་ཅིག་འབྱུང་ངམ་འཇུག །ཅི་འདི་དག་ལ་ལུས་ཐམས་ཅད་ལ་ཁྱབ་པ་དག་གཅིག་གམ་ཕྱོགས་འགའ་ཞིག་ནས་རྒྱུ་བ་དག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྔུབས་བ་དང་། །དབུགས་འབྱུང་བའི་རྗེས་སུ་འགྲོ་བ་དང་། །དེ་འཇུག་པ་ན་ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། བྱིན་པར་འཇུག་པའི་རིམ་གྱིས་རྐང་པ་གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ། འབྱུང་བ་ན་མཐོ་གང་དང་འདོམ་གང་གི་བར་དུ་འབྱུང་ངོ་། །གཞན་དག་ན་རེ་རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ། །ཞེས་ཟེར་ཏེ། འདི་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཕྱིར་རིགས་པ་མ་ཡིན་ནོ། །གསུམ་པ་འཇོག་པ་ཞེས་བྱ་བ་ནི། ནོར་བུའི་ཐགས་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་པོའི་བར་དུ་གནས་པར་ལྟ་ཞིང་ཅི་འདི་བདག་ལ་ཕན་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པ་ཞིག་གམ། གྲང་ངམ་དྲོ་བ་ཞིག་ཅེས་རྟོག་པའོ། །བཞི་པ་ཉེ་བར་རྟོག་པ་ཞེས་བྱ་བ་ནི། འདི་དག་ནི་རླུང་འབའ་ཞིག་མ་ཡིན་གྱི་འབྱུང་བ་ཆེན་པོ་བཞི་པོ་དག་དང་འབྱུང་


JKT004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་མངོན་པར་གྲུབ་པའི་རྒྱུར་བྱས་པའི་གཟུགས་དང་། དེ་དག་ལ་བརྟེན་པའི་སེམས་དང་སེམས་བྱུང་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔ་ཉེ་བར་རྟོག་པའོ། །ལྔ་པ་སྒྱུར་བ་ཞེས་བྱ་བ་ནི། རླུང་ལ་དམིགས་ནས་བློ་བསྒྱུར་ཏེ་ཆོས་ཀྱི་མཆོག་གི་བར་དུ་བློ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྦྱོར་པའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །གཞན་དག་ན་རེ་གླུ བསྒྱུར་བ་ནི་དྲན་པ་ཉེ་བར་བཞག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། དྲུག་པ་རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟ་བུ་ནི་སློབ་དཔོན་དབྱིག་གཉེན་གྱི་རྗེས་སུ་འབྲང་སྟེ་བཤད་པའོ། །དེ་ཡང་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཇི་ལྟར་དྲན་པའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་མ་རྟོགས་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་བགྲང་༡བ་དང་། རྗེས་སུ་༢འགྲོ་བ་དང་། ཞི་གནས་༣དང་། ལྷག་མཐོང་༤དང་། འཇུག་པ་༥དང་། ཡོངས་སུ་དག་པ་༦ལ་རྟོག་གོ །དེ་ལ་བགྲང་༡པས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་སུ་བྱེད་པར་འགྱུར་ཏེ། རྟེན་དུ་གྱུར་པས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་གཉིས་ཐུལ་བས། དབུགས་ཕྱི་ནང་དུ་རྒྱུ་བའི་མཚན་ཉིད་འཛིན་པར་ནུས་པའོ། །རྗེས་སུ་འགྲོ་བས་ཀྱང་བྱ་བའི་ལས་ཀྱི་དངོས་


JKT004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམ་པ་གཉིས་སུ་བྱེད་པར་འགྱུར་ཏེ། ཡང་དག་པར་འབྱུང་བ་ལ་བརྟེན་ཅིང་། རྣམ་པར་རྟོག་པ་དང་བྲལ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་འཇུག་པའི་མཚན་ཉིད་ལ་མཁས་པར་འགྱུར་རོ། །ཞི་གནས་༢ཀྱིས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་སུ་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་འབྲི་བར་མངོན་དུ་སྟོན་པ་དང་། ཏིང་ངེ་འཛིན་གྱི་མཆོག་ལ་གནས་པར་ནུས་སོ། །ལྷག་མཐོང་གིས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་སུ་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་ཟད་པར་མངོན་དུ་སྟོན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་སོ་སོར་རྟོག་པ་གནས་པའོ། །འཇུག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་སུ་བྱེད་པར་འགྱུར་ཏེ། ཉེ་བར་ལེན་པའི་ཕུང་པོ་སྤོང་བའི་སྦྱོར་བ་ལ་མཁས་པ་དང་། འཕགས་པའི་སར་འཇུག་པ་ལ་སྦྱོར་བའོ། །ཡོངས་སུ་དག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་སུ་བྱེད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་སྤོང་བ་དང་། ལྟ་བ་ཡོངས་སུ་དག་པའོ། །ཞེས་སོ། །དེ་ཡང་གཞུང་ལས། ཇི་ལྟར་ཞེ་ན་རབ་ཏུ་གདུལ་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཞེས་བྱ་བ་དེ་ནི་རླུང་དུ་བརྗོད། ཅིས་ཀྱང་ངོ་། །གཉིས་པ་འདོད་ཆགས་ཀྱི་གཉེན་པོ་ནི་རུས་གོང་ཡིད་ལ་བྱ་བ་ཡིན་ཏེ། ཀེང་རུས་ཆགས་


JKT004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ། ཞེས་བཤད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པས་ལས་དང་པོ། །རྐང་རུས་དག་ནས་ཐོད་ཕྱེད་པར། །བཏང་བས་སྦྱང་བ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཞེས་བཤད་པའི་རིམ་པས་སོ། །གཞན་ཡང་བྱིས་པ་རྣམས་ནི་ཕལ་ཆེར་ཁ་དོག་དང་། དབྱིབས་དང་། རེག་པ་འཇམ་པ་དང་། བསྙེན་བཀུར་ལ་ཆགས་ཏེ། དེ་དག་གི་གཉེན་པོར་ནི་རྣམ་པར་སྔོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་ཚིག་པ་དག་ཡིད་ལ་བྱེད་པས་ཁ་དོག་དང་། རྣམ་པར་རྣག་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་འཐོར་བ་དག་ཡིད་ལ་བྱེད་པས་དབྱིབས། རྣམ་པར་འབུས་གཞིགས་པ། རུས་གོང་རྒྱུས་པས་འབྲེལ་བ་དག་ཡིད་ལ་བྱེད་པས་ནི་རེག་བྱ་འཇམ་པ་ལ་ཆགས་པ་སེལ་ཏོ། །རྣམ་པར་བམ་པའི་མི་རོ་གཡོ་བ་རྐྱལ་སྟོང་ཕུས་བཏབ་པ་ལྟ་བུ། རྡོ་ལྟར་བསྙེན་བཀུར་བྱེད་པ་དང་བྲལ་བ་ཡིད་ལ་བྱེད་པས་ནི་རྐང་པ་བཀྲུ་བ་ལ་སོགས་པའི་བསྙེན་བཀུར་ལ་ཆགས་པ་སེལ་བར་བྱེད་དོ། །གཞན་ཡང་རྣམ་པར་ཕྱེ་སྟེ་བརྗོད་ན། སྔོ་སངས་སོགས་ཁ་དོག་ལ་ཆགས་ན་རྣམ་པར་སྔོས་པ་ཡིད་ལ་བྱའོ། །དེ་བཞིན་དུ་ཙནྡན་སོགས་དྲིས་བྱུགས་པའི་ལུས་ལ་ཆགས་པར་བརྣག་པ། མཚན་སྤྲད་པའི་རེག་བྱར་ཆགས་ན་འབུས་གཞིགས་པ།


JKT004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ཕུན་སུམ་ཚོགས་པར་ཆགས་ན་བམ་པ། རྒྱན་གྱིས་མཛེས་པའི་ལུས་ལ་ཆགས་པར་དམར་བ། ཤ་རྒྱས་པའི་ལུས་ལ་ཆགས་ན་ཟོས་པ། འཁྱུད་པ་དང་འོ་བྱས་པ་སོགས་རྩེད་འཇོར་ཆགས་ན་འཐོར་བ། ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པ་ལ་ཆགས་པར་ཚིག་པ། སོ་རྣམས་དཀར་བ་ལ་ཆགས་པའི་ཚེ་ན་རུས་གོང་གི་ཡིད་ལ་བྱེད་པས་ཞི་བར་འགྱུར་ཏེ། དེ་རྣམས་ནི་མི་སྡུག་པ་དགུ་བསྒོམ་པ་ཞེས་བྱའོ། །གསུམ་པ་ཞེ་སྡང་གི་གཉེན་པོ་བྱམས་པ་བསྒོམ་པར་བྱ་སྟེ། དེ་ཡང་ཐོག་མར་རང་གི་མའམ། ཕའམ། བུའམ། བུ་མོའམ། འབྲེལ་པ་གཉིས་སམ། གང་ཡང་རུང་བ་གཅིག་ལ་བདེ་བ་མ་ལུས་པ་ལ་ཕྲད་པར་གྱུར་ཅིག་སྙམ་པ་དང་། བདག་གིས་དེ་དང་ཕྲད་པར་བྱའོ་ཞེས་པ་དང་། ནུས་པ་ལྟ་ན་དེ་དངོས་སུ་སྒྲུབ་པ་དང་། ཕྲད་པ་ལ་ཕྲག་དོག་མེད་པར་ཉི་མ་འགའ་ཞིག་ལ་གུས་པར་བསྒོམ་མོ། །དེ་ནས་དེ་བས་ཅུང་ཟད་མི་གཅུགས་པ་དང་། །རིམ་གྱིས་བར་མ། དགྲ་བོ་དམན་པ། དགྲ་བོ་བར་མ། དགྲ་བོ་མ་རུངས་པ་ལའོ། །དེ་རྣམས་མ་ལ་སོགས་པ་དང་མཉམ་པ་ཐོབ་པ་ན་གྲོང་དང་གྲོང་ཁྱེར། དེ་ནས་ཡུལ་ལྗོངས་དང་། གླིང་གཅིག་དང་གཉིས་སོགས་ནས་སྟོང་གི་སྤྱི་ཕུད་དང་། སྟོང་གཉིས་པ་བར་མ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སོགས་


JKT004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱམས་པས་ཁྱབ་པར་བྱས་ཏེ། དེ་ནས་གཞུང་དེ་བཞིན་དུ་སྡུག་བསྔལ་དང་བྲལ་བ་འགྱུར་ཅིག་ཅེས་པ་དང་། སྡུག་བསྔལ་བྲལ་བ་ལ་དགའ་བ་དང་། དེ་དག་འཇིག་རྟེན་ལས་འདས་པའི་ཐར་ལམ་ལ་དགོད་པར་བྱའོ། །ཞེས་བྱ་བའི་རིམ་པས་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་བསྒོམ་མོ། །དང་པོ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བའི་མཚན་ཉིད་ཀྱི་བྱམས་པ་ཡིད་ལ་མ་བྱས་པར་ནི་སྡུག་བསྔལ་དང་བྲལ་བའི་སྙིང་རྗེ་ག་ལ་འཇུག་སྟེ། དེ་ལྟར་རིམ་པ་གཞན་ཡང་ངོ་། །བཞི་པ་གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །དེའི་རྐྱེན་གྱིས་རེག་པ། དེའི་རྐྱེན་གྱིས་ཚོར་བ། དེའི་རྐྱེན་གྱིས་སྲིད་པ། དེའི་རྐྱེན་གྱི་ལེན་པ། དེའི་རྐྱེན་གྱིས་སྲིད་པ། དེའི་རྐྱེན་གྱིས་སྐྱེ་བ། དེའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །ཞེས་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱས་ཏེ། རྒྱུ་མེད་པ་ལ་སོགས་པ་


JKT004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ལོ། །དོན་འདི་ནི་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །གང་དུ་མ་རིག་སྐྱེ་འགྱུར་པ། །ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན། །དེ་ཡི་རྐྱེན་ནི་འདུ་བྱེད་དེ། །སྡུག་བསྔལ་བར་དུ་སྐྱེ་བར་འགྱུར། །ཞེས་སོ། །དེ་ལྟར་སྲིད་པ་འབྱུང་བའི་རིམ་པ་ལ་ཡིད་ཆེས་པར་བྱས་ནས། ཡང་མ་རིག་པ་འགགས་པ་ནས་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །ཞེས་བྱ་བའི་བར་དུ་ཡིད་ལ་བྱའོ། །དེ་ནས་རྟག་པ་མ་ཡིན་པ་དང་། ཆད་པ་མ་ཡིན་པ་དང་། འཕོ་བ་མ་ཡིན་པ་དང་། དེ་དང་འདྲ་བའི་རྒྱུད་དུ་འཇུག་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ཞེས་ངེས་པར་བཟུང་སྟེ། ཕྱི་རོལ་ས་བོན་ཏོག་དང་། དེ་ལས་འབྲས་བུ་འབྱུང་ཞིང་རྒྱུ་དེ་དག་དང་རྐྱེན་འབྲེལ་བར་འབྱུང་བ་ཁམས་བཞི་དང་དུས་ཀྱི་ཁམས་ཏེ། རྣམ་པ་བཅུ་གཉིས་པོ་འདི་དག་ཙམ་མོ་ཞེས་འབྱུང་བ་དང་། འགགས་པ་ལས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་སྤངས་ཏེ་འདིར་ནི་མདོར་བསྡུས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིད་ལ་བྱས་པས་རིག་པ་བསྐྱེད་པ་དང་། མ་རིག་པའི་ངོ་བོའམ་དེ་ལས་བྱུང་བའི་ལོག་པར་ལྟ་བ་སྤངས་པའོ། །གལ་ཏེ་རྒྱས་པར་ཡིད་ལ་བྱེད་པ་ལྟ་ཞིག་ན་རང་རང་གི་མཚན་ཉིད་དང་། མིང་དོན་དང་། ལས་ཐ་དད་པ། ཡན་ལག་ལྔས་ཡང་དག་པར་བསྡུས་


JKT004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གསུམ་ལས་གཉིས་འབྱུང་བ་དང་། གཉིས་ལས་བདུན་འབྱུང་བ་དང་། བདུན་ལས་གསུམ་འབྱུང་བ་དང་། དུས་གསུམ་པའི་ངོ་བོར་བཞག་པ་དང་། རྐྱེན་དང་འབྲེལ་བ་དག་ཡིད་ལ་བྱའོ། །དེ་ལྟར་ཡང་། རང་དང་གཞན་དང་གཉིས་ཀ་ལས་སྐྱེས་དང་། རྒྱུ་མེད་འབྱུང་ཞེས་སྨྲ་བ་གང་ལགས་པ། །འདི་དག་ལོག་པར་ལྟ་བ་ཕུང་ཀྲོལ་བ། །ལེགས་པར་སྤྱད་ཀྱང་འབྲས་བུ་མི་འདོད་འབྱིན། །སོགས་ཀྵ དང་། དྲི་མེད་མེ་ལོང་ངོས་ལ་སྐྱེས་པའི་བཞིན་གྱི་གཟུགས་བརྙན་གང་། །གལ་ཏེ་ཡང་དག་གནས་ན་རྐྱེན་ལ་རག་ལས་མི་འགྱུར་ཞིང་། །སླར་འདི་རྣམ་པར་འཇིག་འགྱུར་གོ་སྐབས་ཅན་དུ་ག་ལ་འགྱུར། །རྒྱུ། དེ་ཕྱིར་དངོས་མེད་རྐྱེན་ལ་རག་ལས་གཅིག་པུ་རྣམ་པར་སྤང་། །ཇི་ལྟར་གནས་པའི་རང་བཞིན་འདི་ཡང་ལེགས་པར་རྣམ་དཔྱད་ན། །རབ་ཏུ་ཕྲ་རྡུལ་བར་དུ་འགྱུར་ཞེས་དམ་པས་དང་པོར་གསུངས། །གལ་ཏེ་དངོས་ཡོད་དེ་དག་ཤེས་རབ་ཅིས་མི་འབབ། །དེ་ཕྱིར་དེ་ཡང་ཕྱོགས་ཆའི་བྱེ་བྲག་དག་གིས་ག་ལ་གནས། །རིན་ཆེན་སེམས་ཀྱི་ཁྱད་པར་འགའ་ཞིག་སྣ་ཚོགས་སྣང་ཞེ་ན། །དེ་ཕྱིར་འདི་ལའང་སྐད་ཅིག་ཅེས་བྱ་རབ་ཕྲ་དམ་པས་གསུངས། །སྐད་ཅིག་སྐད་ཅིག་ཅེས་བྱའི་གང་དག་ཕྲ་ལ་རྣམ་པར་རྨོངས། །དེ་ཡང་ཇི་ལྟར་ཐོག་མ་དབུས་མཐའ་དག་ཏུ་ལྟ་མི་ནུས།། ༈ །།དེ་ལྟར་འདི་དག་ཕྱི་དང་ནང་དུ་བཅས་པ་གཅིག་


JKT004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞིང་། །དེ་ཉིད་ཕྱིར་ན་དེ་ཡི་རང་བཞིན་རྣམ་བསགས་དུ་མའང་མིན། །འདི་དག་ལས་དབེན་དངོས་པོ་ཤེས་རབ་མིག་གིས་འགའ་མ་དམིགས། །དེས་ན་འདི་དག་མཐའ་གཉིས་བྲལ་བར་དམ་པས་གསུངས། །དེ་བཞིན་གཅིག་གིས་གཅིག་ཉིད་བསྐྱེད་པ་མངོན་སུམ་འགལ་མཐོང་སྟེ། །རབ་ཏུ་ཕྲ་བའི་འབྲས་བུ་རྒྱུ་ནི་གཅིག་མིན་ལ་ལྟོས་པར། །འགྲོ་བའི་མངོན་སུམ་ཉིད་དུ་སྟོན་པ་བཞིན་དུ་ངེས་པར་གནས། །དེ་བཞིན་གཅིག་གིས་གཅིག་མིན་འགྱུར་སོགས་ཐམས་ཅད་གནོད་པར་བཅས། །དངོས་རྣམས་ཐུག་མེད་མ་ལུས་སླར་སྐྱེ་འགྱུར་འདི་བཟློག་དཀའི་ཕྱིར། །ཡོད་པ་འབའ་ཞིག་སྐྱེ་ཞེས་འདི་ནི་སུས་ཀྱང་སྨྲ་མི་ནུས། །གང་མེད་འགའ་ཞིག་སྐྱེ་ན་ཞེས་པའི་ཐ་སྙད་སུ་ཞིག་འཛེག །དེ་ཕྱིར་བདག་ལས་སྐྱེ་སོགས་འདི་དག་མཁས་པས་རྩ་ནས་བཏོན། །དེ་ལྟར་ཁྱོད་ཀྱི་ཤེས་རབ་སྤྱན་གསལ་དྲི་མེད་རྣམ་རྒྱས་པས། །རྟེན་ཅིང་འབྲེལ་འབྱུང་མཚན་ཉིད་འདི་ལ་ཡུན་རིང་འགགས་པ་ན། །ཐོག་མེད་སྲིད་རྒྱུད་བསགས་པའི་བསྙེངས་གནས་རབ་ཏུ་ཕྲ་བ་ཡང་། །གང་ནའང་གནས་པར་འབྱུང་འདི་གཟིགས་མིན་མི་བདག་གང་གིས་ཞུམ། །ཞེས་གསུངས་སོ། །ཨི་ཏི་ཨཱ་ཙརྱ་ཛེ་ཏཱ་རི་ཀྲྀ་ཏི་ཤུ་བྷཾ། ཡང་། གཙང་སྤྱོད་པ་ཡི་ལྕི་བ་ནི། །ཆུ་དང་ཞོ་མ་འོ་དང་མར། །ཐམས་ཅད་དེ་ལས་བྱུང་བ་དག །སྣོད་གཙང་བཀོལ་ཏེ་ཆུ་རྣམས་དབོ། །ཚིག་མ་དོར་ཏེ་


JKT004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་ཆས། །དབྱིབས་ཅི་དགའ་བའི་མཎྜལ་ནི། །ས་བདག་ཁྲུ་གང་ཡན་ཆད་སར། །གསང་སྔགས་དོན་ལ་གཞོལ་བར་བྱུགས། །དེ་ནས་དེ་ནི་གུས་པ་ཡིས། །རྒྱལ་བ་སྲས་དང་བཅས་ལ་དབུལ། །འདི་སློབ་དཔོན་དུ་ལོ་བ་དང་། །དྷ་རྨ་པྲཛྙཱས་བསྒྱུར། ༈ །བླ་མ་ལ་སྤྲིང་བ་ལེ་ལ་དགེ་སློང་དགོན་པ་བས་མཛད་པར། །འདོད་པ་རྣམས་ལས་མྱ་ངན་སྐྱེ། །འདོད་པ་རྣམས་ལས་འཇིགས་པ་འབྱུང་། །འདོད་པ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །ཅེས་དང་། མགར་བ་ཡིས་ནི་རྡུལ་བཞིན་དུ། །བློ་གྲོས་ལྡན་པས་རིམ་པ་བཞིན། །སྐད་ཅིག་ཐང་ཅིག་ཅུང་ཟད་ཙམ། །རང་གི་དྲི་མ་བསལ་བར་བྱ། །ཞེས་དང་། །གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤངས། །འདོད་པ་ཐམས་ཅད་ཡོངས་སྤངས་པས། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཞེས་དང་། བསམ་བརླག་འདོད་ལ་སྲེད་པ་ཡིས། །བདག་ཕུང་གཞན་ཡང་ཕུང་བར་བྱེད། །ལྷ་ཡིས་འདོད་པའི་ཆར་ཕབ་ཀྱང་། །འདོད་ལྡན་རྣམས་ལ་ངོམས་མི་འགྱུར། །ཞེས་དང་། ནོར་བུའི་རྣ་ཆ་བུ་དང་ཆུང་མ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན། །ལྕགས་ཤིང་དྲེས་མ་ལས་བྱས་ཆིངས་མ་གང་། །དེ་དག་དམ་པོ་མིན་ཞེས་འཕགས་པས་གསུངས། །ཞེས་སོགས་དང་། གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་། །མི་སྡུག་སྒོམ་


JKT004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྟག་ཏུ་དྲན་བྱེད་པ། །དེ་ཡིས་སྲེད་པ་རབ་ཏུ་སྤངས་བ་ཡིན། །རང་གི་འཆིང་བ་དེ་དག་གཏུབས་པར་འགྱུར། །ཞེས་དང་། གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲིད་པའི་བུད་མེད་འདིར་བསྟེན་པ། །དེ་ཡི་མྱ་ངན་འཕེལ་འགྱུར་ཏེ། །རྩ་ལ་ཆར་པ་བབས་པ་བཞིན། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲིད་པའི་བུད་མེད་འདི་སྤང་བ། །དེ་ནི་མྱ་ངན་ལྡོག་འགྱུར་ཏེ། །པདྨ་ལ་ནི་ཆུ་ཐིགས་བཞིན། །ཞེས་དང་། དཔེར་ན་ལྗོན་ཤིང་རྩ་ནས་མ་བཏོན་ན། །བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ན་ཟད། །དེ་བཞིན་སྲིད་པའི་ཕྲ་རྒྱས་མ་བཏོན་ན། །ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །ཅེས་དང་། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །ཞེས་དང་། བརྩོན་པ་ལྡན་ཞིང་དྲན་དང་ལྡན་པ་དང་། །སྤྱོད་པ་གཙང་ཞིང་ཚོ བརྟགས་ནས་བྱེད་པ་དང་། །ཡང་དག་སྡོམ་དང་ཆོས་ཀྱིས་འཚོ་བ་དང་། །བག་ཡོད་རྣམས་ཀྱི་གྲགས་པ་མངོན་པར་འཕེལ། །ཞེས་དང་། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་དང་། བག་མེད་ཕ་རོལ་བུད་མེད་བསྟེན་བྱེད་པའི། །མི་གང་ཡིན་ལ་གནས་སྐབས་འདི་བཞི་འབྱུང་། །བསོད་ནམས་མིན་འཐོབ་བདེ་བར་


JKT004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉལ་དང་། །དམ་པས་སྨོད་ཅིང་ལུས་ཞིག་ངན་འགྲོར་སྐྱེ། །ཞེས་དང་། རྟག་ཏུ་ལེགས་པར་བརྩམས་པ་དང་། །བྱ་བ་མ་ཡིན་མི་བྱེད་ཅིང་། །རྒྱུན་དུ་བྱ་བ་བྱེད་པ་དག །དྲན་དང་ཤེས་བཞིན་ལྡན་པ་དེའི། །ཟག་པ་རྣམས་ནི་ཟད་པར་འགྱུར། །ཞེས་དང་། ཇི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་པ་མིན། །གང་དག་འདི་ན་ཐོས་ཉུང་ཡང་། །ཡིད་ཀྱི་ཆོས་དག་མངོན་སུམ་བྱས། །གང་དག་གླུ ཆོས་ལ་བག་བྱེད་པ། །དེ་དག་དམ་ཆོས་འཛིན་པ་ཡིན། །ཅེས་དང་། ཉོན་མོངས་རྣམས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྤངས། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམས་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་བྱས་འཇིགས་དང་སྡུག་བསྔལ་ཆེན་པོ་ཐོབ། །ཅེས་དང་། ཉོན་མོངས་དེ་དག་སྤང་སླད་དུ། །ཞི་གནས་ལྷག་མཐོང་བསྒོམ་པ་དང་། །མི་སྡུག་བྱམས་ཁམས་རྟེན་འབྲེལ་དང་། །དབུགས་རྔུབས་དབུགས་དབྱུང་དྲན་པར་མཛོད། །ཅེས་གསུངས་སོ། །སློབ་དཔོན་བི་ནཱ་ཡ་ཙནྡྲ་དང་། དྷ་རྨ་པཱ་ཛྷཱས་བསྒྱུར།། ༈ །། བུ་ལ་སྤྲིང་པ་པཎྜི་ཏ་པྲ་ཛྙཱ་ན་ཞེས་པས་མཛད་པར། །འདོད་པའི་འདམ་དུ་འགྲོ་བ་འདི་དག་བྱིང་། །དཔེར་ན་གླང་ཆེན་འདམ་དུ་ཆུད་པ་བཞིན། །འདོད་པ་ལས་ནི་འཇིགས་དང་སྡུག་བསྔལ་དང་། །མྱ་ངན་དང་ནི་


JKT004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བ་སྣ་ཚོགས་འབྱུང་། །གསོད་དང་བཅིངས་དང་ཡན་ལག་གཅོད་པ་དང་། །མེ་དང་ཆུ་དང་གཡང་སར་འདོར་བར་བྱེད། །འདོད་པ་བརྐམས་པས་སེམས་ཅན་དམྱལ་བ་དང་། །ཡི་དྭགས་དུད་འགྲོ་རྣམས་སུ་སྡུག་བསྔལ་རྙེད། །ཅེས་དང་། དམ་ཆོས་ཕྱིར་ནི་ཕ་མ་ཡལ་དོར་ནས། །ནོར་བཟང་བཞིན་དུ་ཡུལ་གཞན་རྒྱུ་འོས་ཀྱང་། །འདོད་པའི་དོན་དུ་ཕ་མ་ཡལ་དོར་ནས། །སྨད་པའི་དོན་དུ་རྒྱུ་བར་ག་ལ་རིགས། །སོགས་དང་། ནོར་ལ་ཆགས་པས་འདིར་གདུང་ཕྱི་མར་གདུང་། །གཉིས་ཀར་གདུང་སྟེ་དེས་ན་བདག་ཉིད་ཀྱི། །ལས་རྣམས་སྨིན་མཐོང་དེ་གདུང་རབ་ཏུ་གདུང་། །འགྲོ་བ་དམན་པར་སོང་བས་ཕྱིར་ཞིང་གདུང་། །བསགས་དང་བསྲུང་དང་བརླག་པའི་གདུང་བ་ཡི། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེང་བར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་དང་། འདི་ན་གསེར་དང་དངུལ་དང་བཻཌཱུརྨ། །མུ་ཏིག་བྱེ་རུ་ཨ་སྨྲ་གནྡཱ་དང་། །ཀཱནྡྲ་པ་ཎ་ལ་སོགས་ཆར་འབབས་ཀྱང་། །ནོར་ཚོལ་རྣམས་ནི་ངོམས་པར་འགྱུར་བ་མེད། །སོགས་དང་། །བུ་ཁྱོད་གལ་ཏེ་ནོར་འཚོལ་ན། །འཕགས་པའི་ནོར་བདུན་བསྟེན་པར་གྱིས། །རྒྱལ་པོ་རྐུན་པོས་མི་འཕྲོག་ཅིང་། །སྲིད་པའི་དབུལ་བ་སེལ་བར་འགྱུར། །ཞེས་དང་། བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་


JKT004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕ་རོལ་ཕུང་། །རྣམ་པ་ཀུན་ཏུ་ནོར་འཇིག་དང་། །ངན་སོང་རྩ་བ་བུད་མེད་ཡིན། །དང་། བུད་མེད་ཁ་ཟས་ཉིས་འགྱུར་ཏེ། །གཡོ་སྒྱུ་དག་ནི་བཞི་འགྱུར་ཡིན། །ཕྲག་དོག་ཤས་ནི་དྲུག་འགྱུར་ཏེ། །འདོད་པ་བརྒྱ་འགྱུར་ཡིན་པར་བྱ། །ཤིང་རྣམས་ཀྱིས་ནི་མེ་དང་ནི། །ཆར་གྱིས་རྒྱ་མཚོ་ཆེན་པོ་དང་། །འབྱུང་པོ་ཀུན་གྱིས་གཤིན་རྗེ་ལྟར། །སྐྱེས་པ་བུད་མེད་ངོམས་མི་འགྱུར། །ཡང་། གལ་ཏེ་ཆུང་མ་བསྟེན་ན་ཡང་། །དེ་ཡི་ཉེས་དམིགས་དྲུག་ཅུ་ལྔ། །དྲག་ཤུལ་ཅན་གྱི་མདོ་ལས་གསུངས། །དེའི་ཕྱིར་བུད་མེད་སྤང་བྱའོ། །ཞེས་སོ། །གང་ཞིག་འཐུང་ན་ར་རོ་གློ་ནས་གོམས་ཚུགས་དབང་མེད་འདོར། །ཡུལ་གྲོང་མ་འདྲིས་སར་ཡང་འཁྱམས་ཤིང་བརྡེག་འཆོས་འགྱུར། །བཟའ་དང་མི་བཟའ་དཔྱད་མེད་དུག་དང་འདྲེས་པ་བཟའ། །དེ་བས་རྟག་ཏུ་བུ་ཁྱོད་མྱོས་འགྱུར་ཁུ་བ་སྤོངས། །གང་འཐུང་ན་ནི་བདག་ལ་བརྟན་མེད་བློ་ཉམས་ཤིང་། །ཕྱུགས་དང་འདྲ་བར་མཛའ་བོས་སྤངས་ཤིང་དགྲ་བོས་འཕྱ། །འདུས་བ་བྲོ་གར་བྱེད་ཅིང་གླུ་ལེན་འཁར་རྔ་བརྡུང་། །དགེ་ལེགས་གྲགས་ཉམས་རྒྱུ་དེ་སུ་ཞིག་འཐུང་བར་བྱེད། ཅེས་སོགས་དང་། །གང་ཞིག་འཐུང་ན་དཔལ་གྱི་གཞིར་འགྱུར་རིང་། །ཇེ་མཐོ་ཇེ་མཐོ་གྱུར་པའང་བརླག་བྱེད་པ། །ནོར་གྱི་དབྱིག་ལྡན་ཁྱིམ་ཡང་ཕུང་འགྱུར་བ། །ཉེས་མང་གཞི་རྩ་དེ་ནི་སུ་ཞིག་འཐུང་། ཞེས་


JKT004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་འཐུང་ཡིད་ནི་རབ་ཏུ་འཁྲུགས་གྱུར་ནས། །བརྩེ་བའི་ཕ་དང་མ་ཡང་གསོད་འགྱུར་ཞིང་། །ཉེས་མེད་དགེ་སྦྱོང་བྲམ་ཟེ་དྲང་སྲོང་གསོད། །ཆོམ་རྐུན་དང་ནི་ལོག་གཡེམ་སྨད་པར་བྱེད། །རྫུན་དང་ཕྲ་མ་ཚིག་རྩུབ་འཆལ་པ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟའི་མུན་པ་འཛིན། །མི་དགེའི་རྩ་བ་དེ་ནི་བཏུང་མི་བྱ། །གང་ཞིག་བཏུང་ན་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་ལྟ་བ་འཚོ་བ་ཆོ་ག་དང་། །དྲན་པ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །དགེ་ཆོས་ཆུད་གཟོན་དེ་ནི་བཏུང་མི་བྱ། །ཞེས་དང་། ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་སུམ་ཅུ་རྩ་ལྔ་གསུངས། །དེ་ཕྱིར་བུ་ཁྱོད་བདག་ལ་ཕན་འདོད་ན། །ཉེས་ཀུན་རྩ་བ་དེ་ནི་བཏུང་མི་བྱ། །ཞེས་གསུངས་སོ། །ཀཤྲཱི་རའི་མཁན་པོ་མ་ཧཱ་ཛྙཱ་ན་དང་། །ལོ་ཙཱ་བ་མར་པ་དྷརྨེ་ཤྭ་༧༠རས་འགྱུར་རོ།། ༈ །།དྲི་མ་མེད་པ་རིན་པོ་ཆེའི་སྤྲིང་ཡིག་ཁོ དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཀྲྀ་ཏ། །རང་སྐྱོན་རྟོག་ལ་མིག་བཞིན་བྱ། །གཞན་སྐྱོན་རྟོག་ལ་ལོང་བ་བཞིན། །དྲེགས་དང་ང་རྒྱལ་མེད་པ་དང་། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །བདག་གི་ཉེས་པ་བསྒྲག་བྱ་ཞིང་། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །རྙེད་དང་བཀུར་སྟི་སྤང་བྱ་ཞིང་། །ཁེ་གྲགས་རྟག་ཏུ་སྤང་བར་བྱ། །སོགས་དང་། སོས་ཀའི་ཁུ་བྱུག་གཞོན་ནུ་སྐད་སྙན་སྒྲོགས་ཞེས་ཏེ། །རྨ་བྱ་གཞོན་ནུ་སྐད་མི་སྙན་པ་མི་


JKT004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་སམ། །མཁས་པ་མང་པོས་ལེགས་པར་གསུངས་པ་ཡོད་མོད་ཀྱིས། །རྒྱལ་པོའི་གདུང་བ་བཅད་ཕྱིར་བདག་གིས་བྲིས་པ་ཡིན། །ཞེས་སོ།། ༈ །།རྒྱལ་པོ་ཟླ་བ་ལ་སྤྲིང་པར། ལོངས་སྤྱོད་ཅི་འདྲ་ཁྱིམ་གྱི་སྦྲང་། །བཤེས་པ་ཅི་འདྲ་ཚོང་ཁང་མི། །སྡང་སྡེ་རྨི་ལམ་གནོད་པ་བཞིན། །རང་ལུས་ཅི་འདྲ་སྦྲུལ་གྱི་ལྤགས། །འདུ་འཛི་ཅི་འདྲ་ནད་གཞི་བཞིན། །ཚེ་སྲོག་ཅི་འདྲ་རི་གཟའ་ཆུ། །ཞེས་སོགས་དང་། །ལྷ་གཅིག་ཇི་ལྟར་ཁྱོད་འབྱོར་ཀྱང་། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངན་ཐང་ལ་དགྲས་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤེས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས་ཀྱང་། །གཟིགས་སུ་མ་མཆིས་གསན་མ་མཆིས། །གཅིག་ཙམ་ཉིད་གཅིག་ཕྱི་ཐག་གི །རྗེས་སུ་འབྲང་བའང་མི་མངའོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང་། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་མི་ཏྲ་ཛོ་ཀིས་མཛད་པ་ལས་༧༣སོ།། ༈ །།སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པའི་བཤེས་སྤྲིང་གི་རྒྱས་འགྲེལ་ཚིག་གསལ་ཅེས་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པར། རྗེས་དྲན་དྲུག་གི་སྐབས། སངས་རྒྱས་རྗེས་སུ་དྲན་པ་ནི་དེ་བཞིན་གཤེགས་པ། དགྲ་བཅོམ་པ་སོགས་ནས། དགེ་འདུན་རྗེས་སུ་དྲན་པའི་མཐར་ཐུག་པའི་བར་སྦྱར་ནས་དེ་གསུམ་ནི་


JKT004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྒྱུད་ལ་བཞུགས་པའི་ཡོན་ཏན་དང་། གཏོང་བ་རྗེས་སུ་དྲན་པ་ནི། འདིར་རང་གི་རྒྱུད་དུ་གཏོགས་པའི་སྦྱིན་པའི་ཡོན་ཏན་སེར་སྣའི་དྲི་མ་སངས་པ། །སྦྱིན་པའི་ངང་ཚུལ་ཅན། ལུས་ཀྱིས་བརྩོན་འགྲུས་བརྩམས་པ། དངོས་པོ་ཡོངས་སུ་གཏོང་བ། དེ་ལ་མངོན་པར་དགའ་བ་ཞེས་བྱ་བ་རྣམས་བསྟན་ཏོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་བདག་གི་ཚུལ་ཁྲིམས་ནི་མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། མ་གོས་པ། རང་དབང་ཡོད་པ། མཁས་པས་བསྔགས་པ། ཏིང་ངེ་འཛིན་སྒྲུབ་པ་དག་ཡིན་ནོ། །ལྷའི་ཡོན་ཏན་ནི། རྒྱལ་ཆེན་རིགས་བཞི་པའི་ལྷ་དག་དང་། སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དག་ཡོད་དོ་ཞེས་བྱ་བ་ཡིན་ཏེ། ལྷ་དེ་དག་རྣམས་དང་བདག་ཉིད་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱེད་པ་ཡིན་ནོ། །དེ་ལ་སྐྱེས་པའི་ལྷ་རྣམས་ཀྱི་སྐྱེ་བའི་རྒྱུར་གྱུར་པའི་ཡོན་ཏན་དང་། བདག་ཉིད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཡོན་ཏན་རྣམས་ནི་ལྷའི་ཡོན་ཏན་ནོ། །ཞེས་བཤད་དོ། །དོན་དུ་ན་འདིར་རང་གི་ཡོན་ཏན་རྣམས་ཁོ་ན་ལྷའི་ཡོན་ཏན་དང་མཚུངས་པར་བྱས་ནས་དྲན་པ་ནི་རྗེས་སུ་དྲན་པ་ཞེས་བྱ་བར་བཤད་དོ། །ཞེས་དང་། ཡང་། རྗེས་སུ་དྲན་པའི་གནས་དྲུག་ནི་སེམས་དྭངས་པར་བྱེད་པའི་ཕྱིར་དང་། བསོད་ནམས་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་དང་པོ་ཉིད་དུ་བསྟན་ནས།


JKT004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་ངོ་། །དེ་ཡང་སངས་རྒྱས་སོགས་ཡོན་ཏན་རྣམས་རྗེས་སུ་དྲན་པ་དེ་དག་རྗེས་སུ་དྲན་པར་བྱ་ཞིང་ཡིད་ལ་བྱའོ། །དེ་ཡང་སངས་རྒྱས་ལ་སོགས་པ་དེ་རྣམས་རང་རང་གི་ཡོན་ཏན་གྱི་ཚོགས་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་སྟེ། །དེ་ལ་ཡོན་ཏན་གྱི་ཚོགས་ནི་གང་ཡིན་ཞེ་ན། འདི་ལྟར་དེ་ནི་བཅོམ་ལྡན་སོགས་སོ།། ༈ །།སྒྲིབ་པ་བཅུ་པོ་ལྔར་མཛད་པ་ནི་ངོ་བོ་མཐུན་པས་ཏེ། གཡོ་བ་དང་། བླུན་པ་ཉིད་དུ་མཐུན་པའི་ཕྱིར་ཏེ། །རྒོད་འགྱོད་གཉིས་ཀ་གཡོ་བ་དང་། །རྨུགས་གཉིད་གཉིས་ཀ་བླུན་པ་ཡིན་པའི་ཕྱིར་རོ།། ༈ །།ཉིན་ཞག་གཅིག་གི་གསོ་སྦྱོང་གིས་འདོད་པ་ན་སྤྱོད་པའི་ལྷའི་གནས་སུ་སྐྱེ་བར་ཀླུའགྱུར་རོ།། ༈ །།རྣམ་གསུམ་མར་མེའི་སྣང་བ་ནི། སྒོ་གསུམ་གྱི་ལེགས་སྤྱོད་དམ། སྦྱིན་ཚུལ་བསྒོམས་པ་ལས་བྱུང་བའི་བསོད་ནམས་སུ་བསྟན་ཏོ། །རྟེན་འབྲེལ་བཅུ་གཉིས་སཱ་ལུ་ལྗང་བའི་མདོ་ནས་གསལ། ཟབ་མོ་ཞེས་པ་ནི། བདག་གཞན་གཉིས་ཀ་རྒྱུ་མེད་རྣམས་ལས་མ་སྐྱེས་ཤིང་མ་བྱས་པའི་ཕྱིར་རོ། །ཚུལ་ཁྲིམས་སྐྱོན་ཅན་ནི་མོད་དམའ་པའོ། །འདྲེས་པ་ནི་མི་དགེ་བའོ། །སྤགས་པ་ནི་སྲིད་པའི་དོན་དུ་བསྔོས་པའོ། །དེ་དག་མེད་པས་མེད་མི་དམའ་སོགས་སོ། །མི་ནི་ཨ་མྲའི་འབྲས་བུ་སོགས་ཀྱི། དང་པོ་ཕྱི་སྨིན་ལ་ནང་མ་སྨིན་པ་ནི་སྦྱོར་བ་ཕུན་སུམ་ཚོགས་ཀྱང་བསམ་པ་དམན་པའོ། །ཀི་མ་པའི་འབྲས་བུ་ནི་ཤུན་པ་


JKT004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལ་ནང་ངན་པའོ། །སྦྲང་རྩི་ལྟ་བུའི་ཚིག་ནི་སྙན་པ། མེ་ཏོག་ལྟ་བུ་ནི་བདེན་པ། མི་གཙང་བ་ལྟ་བུ་ནི་ལོག་པའོ།། ༈ །།དབང་ཕྱུག་པས་ཀྱང་། ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པ་ཡི་ཡུལ། །ཉི་མ་ཟླ་བ་ཆུ་མེ་རླུང་ཕྱོགས་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་བདེ་དགའ་འགྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། ཞེས་བཤད་དོ།། ༈ །།ལུང་མ་བསྟན་པ་བཅུ་བཞི་ནི། འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་པ་ཡང་ཡིན། མི་རྟག་པ་ཡང་ཡིན་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་དང་། འཇིག་རྟེན་མཐའ་དང་ལྡན་པ་དང་། འཇིག་རྟེན་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་ཡིན། མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན། །མཐའ་དང་མི་ལྡན་པ་ཡང་མ་ཡིན་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་དང་། མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། སྲོག་གང་ཡིན་པ་དེ་ལུས་ཡིན་པ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་ཡིན་ནོ། །དངོས་པོ་བཅུ་བཞི་པོ་འདི་དག་ནི་དྲིས་ན་ལུང་མི་བསྟན་པ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བཤད་དེ། འདི་ཉིད་


JKT004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་དྲི་བ་ཡིན་པར་བསྟན་ཏོ། །གནས་འདི་དག་ཡིད་ལ་བྱེད་པས་ནི་སེམས་ཞི་བར་མི་གནས་པའི་ཕྱིར་བསམ་བྱ་མ་ཡིན་ནོ། །ཞེས་བཤད། ས་ཆུ་མེ་རླུང་ཉི་ཟླ་ནི་ཕྱི་རོལ་པའི་ཐར་པ་སྟེ་དེ་དང་བྲལ་བ་ཐོབ་པར་མཛོད་ཅེས་པའོ། །འདི་སརྦ་ཛྙཱ་དེ་བ་དང་། བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་རོ༡༡༢།། ༈ །།སློབ་མ་ལ་སྤྲིང་བའི་ཊི་ཀ་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་༡༡༢མཛད་པའི་༡༢༡བཀའ་འགྲེལ་སུ་ག་ཏ་ཤྲཱི་མི་ཏྲ་དང་། ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ།། ༈ །།ཡང་དེའི་འགྲེལ་པ་༡༢༡རྒྱས་པ་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ཤིན་ཏུ་གསལ་བ་བི་ནཱ་པ་༡༣༣ཙནྡྲ་。དང་། ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།། ༈ །།གནས་བརྟན་སྤྱན་དྲངས་པ་ལས། གསེར་རིའི་དཀྱིལ་ནས་བསིལ་བའི་ཆུ་འབབ་པ། །ཆུ་ལ་ཟླ་བའི་གཟུགས་བརྙན་འབྱུང་འགྱུར་ཞིང་། །ཟླ་བའི་འོད་ཀྱིས་ཀུ་མུད་ཁ་ཕྱེ་སྟེ། །ཀུ་མུད་ཚལ་ན་སྐད་སྙན་ངང་པ་གནས། །ངང་མོ་མཚེའུ་ན་སྒྲ་སྐད་སྙན་པར་འབྱིན། །རི་ངོགས་རྨ་བྱ་གར་བཅས་རྒྱགས་པར་གནས། །རྨ་བྱ་རྒྱགས་སྒྲས་རི་སུལ་སྙན་པ་གྲགས། །རི་སུལ་ཡལ་ག་ལྷག་པས་རི་རྩེ་འཁྲིགས། །རི་རྩེ་སྟོད་རྣམས་ན་ནི་སྤྲིན་ཆགས་ལ། །ལང་ལིང་སྤྲིན་གྱིས་སྨན་ལྗོངས་ཁྲ་ཁྲོ་སྣང་། །སྨན་ལྗོངས་སྐྱེས་པའི་ནོར་བུ་ལྡུམ་བུ་གསལ། །ལྡུམ་བུ་ལས་བྲུལ་ལྷུང་བའི་


JKT004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ལྡན། །མེ་ཏོག་རྒྱས་པའི་དཔག་བསམ་ཤིང་ཚལ་མཛེས། །མཛེས་པའི་ལྷ་མོ་གསེར་གྱི་ཕག་སྐད་དྲུང་། །གསེར་གྱི་ཕག་སྐད་སྒྲས་ནི་བྱ་འདྲོགས་ཤིང་། །བྱ་ཚོས་ཤིང་ཏོག་རྩ་ལས་ཆད་ཅིང་བྲུལ། །རྩ་འཕྱང་ཁུ་བ་ཟག་པ་སྤོས་ཀྱི་དྲི། །སྤོས་གླང་དབང་པོ་དྲེགས་བྲག་དྲི་རབ་ཞིམ། །དྲི་རབ་ཞིམ་པའི་ལི་ཤི་རི་འཁོར་མང་། །བན་གླང་མོ་རྒྱགས་དྲག་འགྲོ་ལང་ལོང་གྱུར། །བུང་བའི་ཁྱུ་ཡིས་མེ་ཏོག་ཟེག་གྱུར་ཅིང་། །ཡལ་ག་མེ་ཏོག་རྒྱས་པས་གད་པ་དཀར། །གད་པ་ཆད་པས་ནོར་བུའི་ལྡུམ་བུ་བསྣད། །མེ་ཏོག་མགོ་ལྕོག་བྲལ་བས་རྣམ་པར་བཀྲ། །ནོར་བུ་སིལ་མ་མང་པོས་རི་ཞོལ་སྤྲས། །མེ་ཏོག་ཟེགས་པའི་ཤིང་གི་ཡལ་གར་གནས་པའི་བུང་བ་དགའ་བས་འཕུར་རྣམས་དང་། །ཟླ་བའི་འོད་ཟེར་དཀར་པོ་ངང་པ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆག་བཏབ། །ལྷུན་པོ་མཐོ་བའི་རི་ལ་ཐུབ་པ་གང་དག་རབ་ཏུ་ཞི་བའི་ཐུགས་འི ཀྱིས་བཞུགས། །དེ་དག་དྲི་མེད་ཟླ་འདྲའི་གྲགས་ལྡན་འདི་ཡི་སྦྱིན་པའི་གནས་ལ་བརྟེན་དུ་གསོལ། །ཞེས་དང་། གང་ཡང་འོད་ཟེར་རྣམས་ཀྱིས་མཁའ་ལ་སྐར་མའི་འཁོར་ལོ་ཟིལ་མནན་ཅིང་། །ཀུ་མུ་དྭ་ཡི་རྫོང་ཡངས་རྣམས་སུ་དཔལ་ནི་རབ་ཕྱེ་ནས། གླང་པོའི་མཆེ་བའི་དཔལ་དང་ལྡན་ཞིང་མཚན་མོ་ཤིན་ཏུ་རབ་མཛེས་པ། །དེ་ཡང་ངེས་པར་སྦྱིན་པ་ཉིད་ཀྱི་འབྲས་བུ་རོ་བྲོ་མང་པོ་ཡིན། །སོགས་དང་། རྒྱལ་


JKT004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྩེར་བཏགས་རིན་ཆེན་འོད་ཟེར་སྣང་བས་ནམ་མཁའ་དམར་གྱུར་ཅིང་། །རྟ་རྨིག་འདོར་བས་མཁའ་ལ་སྤྲིན་གྱི་ཕྲེང་བ་དག་ཀྱང་དྲལ་བྱེད་ལ། །རྔ་ཡབ་དཀར་པོ་གཡབ་ཅིང་འཁོར་ལོས་སྒྱུར་བར་སོང་བ་གང་ཡིན་པ། །འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཞེས་ཐུབ་པས་བཀའ་སྩལ་ཏོ། །ཞེས་སོགས་དང་། སྲིད་པའི་འདོད་ཆགས་ཉོན་མོངས་ཞགས་པ་བསལ་ཞིང་སྲེད་མེད་པ། །ཆུ་ཡི་ཀླུ ཆུ་གཏེར་ལྟ་བུར་ཡོན་ཏན་རྣམས་ཀྱི་གནས་གཅིག་པུ། །ཐུབ་པའི་སྲས་མཆོག་དགེ་འདུན་རྣམས་ནི་བདག་གིས་གུས་པས་སྤྱན་དྲངས་པས། །དེ་རིང་དགེ་བ་གང་བསགས་དེས་ནི་བྱང་ཆུབ་ཐོབ་གྱུར་ཅིག །ཇི་སྲིད་མཁའ་ལ་འོད་འཕྲོ་འོད་ཀྱིས་གསལ་བས་རྣམ་པར་སྣང་བྱེད་ཅིང་། །རི་དྭགས་རྟགས་ཅན་འོད་ཀྱིས་རལ་པའི་དཀྱིལ་འཁོར་ལྡན་ལ་འཆར་བ་དང་། །རྒྱ་མཚོ་རྒྱས་པར་གནས་པ་དེ་སྲིད་ལྷ་དང་ལྷ་མིས་ཕྱག་བྱས་པའི། །བདེ་བར་གཤེགས་ཀྱི་བསྟན་པ་ཐོགས་པ་མེད་པར་གནས་པར་ཤོག །ཅེས་གསུངས་སོ། །འདི་སློབ་དཔོན་བྷ་༡༥༣བ་སནྣ་༢༥པས་༡༦༠མཛད་བར་ཅིང་། ཛི་ན་མི་ཏྲ་དང་། ཛྙཱ་ན་སེ་ནས་བསྒྱུར་རོ། །ཤུ་བྷཾ། །བསྙེན་པའི་ཚེ། དབང་ཐོབ་ཅིང་དམ་ཚིག་ལ་གནས་པས། ཚུལ་ཁྲིམས་དང་གཙང་སྦྲ་ཁྱད་པར་ཅན་དགོས་ཏེ། དེ་མེད་ན་དཔུང་བཟང་ལས། མི་ནི་ཚུལ་ཁྲིམས་གཙང་སྦྲར་མི་


JKT004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡང་། །གསང་སྔགས་ལྷ་ནི་ནམ་ཡང་གནོང་མི་མཛད། །ལྷ་དེའི་འཁོར་དུ་གཏོགས་པ་གང་ཡིན་པ། །མི་ཡི་གླགས་མཐོང་ནས་ནི་ཕུང་བར་བྱེད། །ཅེས་དང་། ཡང་། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་ཅིང་བྱང་ཆུབ་སེམས། །གསང་སྔགས་དག་ཅིང་ལེ་ལོ་མེད་པའོ། །ཞེས་གསང་སྔགས་སྒྲུབ་པའི་རྩ་བ་འདི་བདུན་ལ་དང་པོ་ནས་ནན་ཏན་དུ་བྱ་བ་དང་། ཡང་སྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི། །ལྷ་བཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ། །སྔགས་པ་ལས་གྲུབ་ནས་ཀྱང་དུས་ཀུན་ཏུ། །རང་གི་ཉམས་ཀྱིས་ཇི་སྙེད་དབུལ་བར་བྱ། །ཞེས་སྦྱོར་མཇུག་ཏུ་མཆོད་གཏོར་རྒྱ་ཆེར་བྱ་དགོས། དེ་ལྟར་བསླབ་གཞི་ལ་གནས་ནས་ལྷའི་སྐུ་བསྒོམ་པར་བྱ་སྟེ། ཕྱག་རྡོར་དབང་བསྐུར་རྒྱུད་ལས། ལྷའི་གཟུགས་དེ་དང་ཐ་མི་དད་པའི་རྣལ་འབྱོར་ལ་བརྩོན་ཞིང་། གང་གི་བསླབ་པའི་གཞི་རྣམས་ཀྱང་ཡོངས་སུ་བཟུང་སྟེ། ཐེག་པ་ཆེན་པོ་སྤྱོད་པ་དེའི་ཚེ་གསང་སྔགས་པ་རྣམས་ལ་དངོས་གྲུབ་ཐོབ་བོ། །ཞེས་གསུངས། དེ་ནས་བཟླས་པའི་ཡུལ་ཕྲེང་བ་ནི་སྤྱིར་པུ་ཏྲ་ཛཱི་བ་ཀ་དང་། བྱེ་བྲག་ཏུ་སྡོམ་པ་སོགས་ལ་ཐོད་ཕྲེང་བསྔགས་ཏེ་མངོན་བརྗོད་ལས། དུང་ཆེན་ཕྲེང་བ་བླངས་ནས་སུ། ལག་གཡོན་མཐེ་བོང་སྲིན་ལག་གིས། གསང་སྔགས་དག་ནི་བཟླས་པར་བྱ། ཞེས་སོ། །བཟླ་བྱའི་


JKT004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཙོ་བོ་ལ་བཞི་འབུམ། འཁོར་ལ་བཞི་ཁྲི་རེ་བཟླ། དམིགས་པ་སོ་སོའི་གཞུང་ལས་ཤེས། དེའི་ཚེ་མྱུར་ན་ཟུར་འཆད། བུལ་ན་གྲངས་མི་འགྲོ། སྒྲ་ཆེ་ན་བར་ཆད་འབྱུང་། ཆུང་ན་དངོས་གྲུབ་བུལ། ནོར་བ་དང་ཆད་ན་དངོས་གྲུབ་ལོག་སྟེ། སྐྱོན་ལྔ་པོ་འདི་ཅིས་ཀྱང་སྤང་དགོས། །གཞན་ཡང་། འཇམ་དཔལ་རྩ་རྒྱུད་དུ། གང་ཞིག་ཤེས་རབ་ཚུལ་ཁྲིམས་ལྡན། །སྙིང་རྗེ་ཆེ་ཞིང་ལས་ཅན་དང་། །གཙང་སྦྲ་སྤྱོད་ལ་དགའ་བ་སྟེ། །སྔགས་རྣམས་ཀུན་ཏུ་འགྲུབ་པར་འགྱུར། །ཅེས་དང་། སངས་རྒྱས་ཐོད་པ་ལས། ཇི་ལྟར་ཕན་ཚུན་སྨྲས་པས་བཟླས་ན་དངོས་གྲུབ་གཞན་དུ་འགྱུར་རོ། །ཞེས་དང་། ཧཱུྃ་མཛད་ཀྱི་རྒྱུད་དུའང་སྟན་གྱི་དྲོད་མ་ཡལ་བ་དང་། མི་ཚིག་གིས་བར་མ་ཆོད་པར་དགོས་པར་བཤད་ལ། ལེགས་གྲུབ་ལས་ཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། ཡན་ལག་འགྱུར་བར་མི་བྱའོ། །ཞེས་པས་གལ་ཆེའོ། །སྔགས་ཀྱི་རིང་ཆ་སོགས་མ་ཆད་པ་དང་། ཁྱད་པར་གུག་སྐྱེད་ཆད་ལྷག་ཏུ་གྱུར་པ་ཤིན་ཏུ་མི་རུང་སྟེ། དཔུང་བཟང་ལས། ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི། །གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །ཞེས་བཤད། དེའི་མཚན་མ་བཟང་ངན་ཅི་བྱུང་ཡང་། དངོས་པོ་ལ་མངོན་པར་མ་ཞེན་པའི་མཚན་མེད་ཀྱི་ལྟ་


JKT004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྒྱས་ཐེབས་ན་སྒོམ་སྐྱོན་ཐམས་ཅད་དེས་སེལ་ལོ་ཞེས་དཔལ་ལྡན་ས་སྐྱ་པཎྜི་ཏས་བཀའ་གདམས་པ་ནམ་མཁའ་འབུམ་གྱི་དྲིས་ལན་ལས་གསུངས་སོ། །བསྙེན་རྟགས་ནི་མཚམས་དངོས་དང་། ཁ་སྐོང་གི་སྦྱིན་སྲེག་གི་དུས་སུ་འབྱུང་ལ། དེས་མ་བྱུང་ན་དེའི་འཕྲོ་ནས་སཱཙྪ་མང་དུ་བཏབ་པས་ཀྱང་འབྱུང་བ་ཡོད་ཅེས་མན་ངག་རིག་པ་རྣམས་གསུངས། འདི་དག་གི་བསླབ་བྱ་ནི་བྱ་བ་སྤྱིའི་རྒྱུད་སྡེ་༤དང་། འཇམ་དཔལ་རྩ་རྒྱུད་སོགས་ལས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་། ཕྲེང་བ་དང་དམིགས་པ་སོགས་རང་རང་གི་གཞུང་ལྟར་རོ། །ཤུདྡྷཾ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་དྲིས་ལན་སྐོར་ལས། ཀྱེ་རྡོར་གྱི་དབང་གི་དོགས་པའི་དྲི་བའི་རང་ལན་མཁས་པའི་རྣ་རྒྱན་དུ། སྟ་གོན་སྐབས། ལས་ཐམས་ཅད་པའི་མཆོད་པ་ཞེས་པ་སྤྱི་མཆོད་སྒོས་མཆོད་དངོས་སུ་གསལ་བ་རྣམས་ལ་མ་གཏོགས་པའི་ལས་གར་དགོས་ཐམས་ཅད་ཐུན་མོང་དུ་དབུལ་རྒྱུའི་མཆོད་པའོ། །འདི་ལ་ཉེར་སྤྱོད་ལྔའམ། ཆུ་བཞི་བཤམ་ཐུབ་ནའང་ལེགས། དེ་ཡང་དཔེར་ན་བདག་མདུན་འབྲེལ་བའི་ཚེ་བདག་བསྐྱེད་ཀྱི་བཟླས་པའི་རྗེས་སུ་འབུལ་བ་རྩེ་མོའི་དབང་ཆུ་ལས་གསུངས་པ་དང་། དེ་བཞིན་བདག་མདུན་གྱི་ཡེ་ཤེས་པ་དང་། དབང་ལྷ་སྤྱན་དྲང་པ། བུམ་བསྐྱེད་མཆོད་པ། ཡི་དམ་གྱི་གཏོར་བསྔོ་


JKT004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མདོར་ན་དངོས་སུ་མ་བཤམས་པ་ཐམས་ཅད་ཀྱི་སྐབས་སུ་དྲན་པར་བྱའོ།། ༈ །།རས་བྲིས་སྐབས་ས་ཆོག་མི་དགོས་པ་སྤྱིར་གྲགས་མོད། འཕགས་པའི་བདག་འཇུག་གཉིས་སོགས་ལས་དེ་ལྟར་བཤད་པ་ནི། རྒྱ་ཧོར་སོགས་སྔར་ས་གཞི་ཡེ་བྱིན་གྱིས་མ་བརླབས་པ་ལ་ཐུབ་ན་ལེགས་སོ། ༈ །ས་ཆོག་དང་། ས་ལྷ་སྟ་གོན་གཉིས་ལ་ཁྱད་ཆེ་མོད། སྔ་མ་ནི་དཔང་པོའི་ཚུལ་ཙམ་དང་། ཕྱི་མ་ནི་ཀླུ གནང་བཞུ་བའི་དོན་ལགས། ༧ བརྒྱད་གསུམ་ཉེར་བཞིའི་གཏོར་མ་ལ་འབྱུང་པོ་སྤྱི་གཏོར་ཞེས་བཏགས་པ་ལ་རྒྱུ་མཚན་ཡོད་དེ། སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་དེ་རྣམས་ལ་བསྟིམ་པའི་ཕྱིར་དང་། ལྷོལུང་གིས་ཀྱང་གྲུབ་བོ། ༧ །སྔོན་འགྲོ་གཏོར་མ་ལ་གསང་སྤྱོད་ལྟ་བར་དབང་བའི་དཀར་ཕྱོགས་དང་། མི་དབང་བའི་ནག་ཕྱོགས་གཉིས་ཀ་ཡོད་པར་འཕགས་པའི་དཔལ་འབྱུང་མ་ལས་བཤད། ༧ གྷནྡྷེར་ཎི་ཚར་གསུམ་བརྗོད་པ། མཆོད་ཡུལ་སྤྱན་དྲང་། གནས་དང་མཆོད་པ་བྱིན་རླབས་གསུམ་དུ་འདོད་པ་མི་འཐད་དེ། གོང་མའི་གསུང་གིས་མ་ཟིན་པ་དང་། སྔ་མ་ནི་འོག་ཏུ་འབྱུང་བ། ཕྱི་མ་གཉིས་ནི་ཟུར་དུ་གསལ་བའི་ཕྱིར། དེས་ན་འདི་ནི་མཆོད་པ་བྱིན་དབབ་བམ་རོལ་མོ་བྱིན་དབབ་སྟེ། བྱིན་རླབས་མ་ཡིན་ཅིང་། རྒྱུ་མཚན་རྩེ་མོའི་དབང་ཆུར་བཤད་དོ།། ༈ །།དངོས་གཞི་སྒྲུབ་མཆོད་སྐབས། མདུན་


JKT004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྒྱས་པར་རྟེན་ལ་བདུན་བསྲེས་ཚེ་སྔོན་ལ་རྡུལ་ཚོན་སྟོང་པར་སྦྱངས་པས་བསྲེག་ཞི་དང་བསྲེ་རྒྱུ་གཅིག་ཏུ་ཐལ་བར་འགྱུར་རམ། མ་ཡིན་ཏེ། བདེ་ཆེན་རྒྱ་མཚོ་ལས། བློ་ངོར་རྡུལ་ཚོན་སྟོང་པར་སྦྱངས་ཟིན་པས་གསར་དུ་བསྐྱེད་པ་དང་བསྲེ་བའི་གཞི་མེད་པར་འདོད་ན་ནི་ལྷ་མོ་བརྒྱད་ལ་ཡང་མཚུངས་པས་ལྔ་བསྲེས་མ་ཚང་བར་ཐལ་བའི་ཕྱིར་རོ། །འོ་ན་བྲིས་པ་དང་བསྐྱེད་པ་གཉིས་ལ་བསྲེ་བའི་དོན་ཇི་ལྟར་གནས་སྙམ་ན། །སྔར་རྡུལ་ཚོན་སྟོང་པར་སྦྱངས་ནས་ཕྱིས་རྡུལ་ཚོན་དེ་ཉིད་གཞལ་ཡས་ཁང་གི་རྣམ་པར་བསྒོམ་པ་བསྲེ་བའི་དོན་ཡིན་ཏེ། ལྷ་མོ་བརྒྱད་ལ་ཡང་གདན་གྱི་སྟེང་དུ་མངལ་འབྱིན་གྱི་ལྷ་མོ་བཞག་པ་ཉིད་ལ་བྲིས་པ་དང་བསྲེ་བའི་དོན་ཚང་བ་ཡིན་ནོ། །ཞེས་སོ། །ཕྱི་རོལ་གཏོར་མའི་རྒྱུ་མཚན་འགའ་བཤད་ཀྱང་། རང་ལུགས། གཏོར་མགྲོན་ཉེར་བཞི་པོར་གསང་སྤྱོད་ལྟ་བར་དབང་བ་འགའ་ཡང་ཡོད་མོད། * ཕལ་ཆེར་མི་དབང་བ་ཤས་ཆེ་བས་ཕྱི་རོལ་གཏོར་མ་སྐབས་སུ་བབ་ཅིང་། དེར་གསང་སྤྱོད་ལྟ་བར་མི་དབང་བའི་འབྱུང་པོ་ཀུན་ཀྱང་འོང་ཉན་པས་གཏོར་མ་ཐོབ་འགྲོ་བའི་ཕན་ཡོན་ཡོད་པ་ལགས། ༧ གཏོར་མགྲོན་གྱི་འབྱུང་པོའི་ནང་ན་སྤྲུལ་པས་འགྲོ་དོན་མཛད་པ་ཡང་སྲིད་མོད། གཙོ་ཆེར་རང་རྒྱུད་པ་ཡིན་ཏེ། ས་ཆེན་གྱིས་མངོན་རྟོགས་དཀའ་འགྲེལ་ལས། འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་ནི་བསྟན་པ་ལ་


JKT004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པས། ཞེས་གསུངས་པའི་ཕྱིར། སྔགས་ལའང་ཞུགས་མ་ཞུགས་ཅི་རིགས་ཡོད་དེ། དཀར་ཕྱོགས་ཡིན་ཀྱང་སྔགས་ཀྱི་གདུལ་བྱ་མ་ཡིན་པ་ཡོད་པའི་ཕྱིར། སྲིད་གསུམ་འབྱུང་པོ་ཐམས་ཅད་འདུས་པ་ཡིན་ཞིང་དེ་ལྟར་བསྒོམ་དགོས། དེ་ཡང་སྐུ་རྡོ་རྗེ་སོགས་ཀྱི་རྣམ་པར་བསམས་པས་ཚོགས་རྫོགས་ཆེ། མཆོད་བསྟོད་ཀྱང་རུང་། ངོ་བོ་སེམས་ཅན་ཡིན་ཀྱང་རྣམ་པ་ལྷར་བསྐྱེད་ནས་གཏོར་མ་ཕུལ་བས་ཕན་ཡོན་ཆེ་བ་ཡིན་ཏེ། པཎ་ཆེན་གྱིས་གཏོར་མས་འབྱུང་པོ་ཐམས་ཅད་སངས་རྒྱས་སུ་བསྒོམས་ལ་མཆོད་ཅེས་དང་། དེ་ལྟར་བྱས་ན་སངས་རྒྱས་ཀྱང་མཉེས་། འབྱུང་པོའང་ཚིམ་པའི་རྟེན་འབྲེལ་ཡོད། ཅེས་གསུངས། དེ་ཡང་། ས་འོག་ས་སྟེང་ས་བླའི་སེམས་པ་ཀུན། །ཆོས་འབྱུང་གསུམ་གྱི་འདབ་མར་གཏོར་མགྲོན་དུ། །བསྐྱེད་པ་གུར་གྱི་དགོངས་པ་ཡིན་པས་ན། །འབྱུང་པོ་རང་རྒྱུད་པ་རུ་འཐད་པ་ཡིན། །གཏོར་མགྲོན་ངོ་བོ་འབྱུང་པོའི་ཚོགས་ཡིན་ཀྱང་། །རྡོ་རྗེ་གསུམ་གྱི་འདྲ་འབག་ལྟ་བུ་རྣམ་པར་གསལ་བཏབ་ནས། །མཆོད་བསྟོད་གཏོར་མ་འབུལ་བའི་གནད་ཟབ་མོ། །ཤེས་པར་གྱིས་ལ་ཤེས་ལྡན་སྙིང་དབུས་ཆོངས། འདི་ཀུན་མཁྱེན་གྱིས་ནང་མཆོད། ཆུ་ཆང་དང་། དབང་ཆུར་ཆུ་ཆང་། མཛེས་རྒྱན་དུ་ཆབ་ཀྱིས་བྲན་པར་གསུངས་པ་གནད་ཤེས་ན་མི་འགལ་ལོ།། ༈ །།ཕས་


JKT004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་བཅུ་བཞི་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། ཞེས་སོགས་ཉེས་སྤྱོད་སྡོམ་པ་དང་འགལ་བ་ལྔ་སྟེ། བྱ་བ་མ་ཡིན་སྤང་ན་གོང་གི་ལྔ་པོ་དེ་སེམས་ཅན་གྱི་དོན་ཕྱིར་དགག་དགོས་ཡོད་ན་སྤང་བླང་བྱ་བའི་ཚིག་སྟེ་སྤྱི་ལ་ཁྱབ་པའོ། །དམ་པ་ཉེ་བར་བསྟེན་པ་སོགས་དགེ་བ་ཆོས་སྡུད་དང་འགལ་བ་ལྔ། ཐེག་དམན་ལ་འདོད་པ་མི་བྱ་བ་སོགས་སེམས་ཅན་དོན་བྱེད་དང་འགལ་བ་བཞིའོ། །སྤང་ཞེས་པ་ནི་ཐེག་དམན་ལ་འདོད་པ་སོགས། དོར་བ་དམ་པ་ཉེ་བར་བསྟེན་པ་སོགས་དགག་བསྒྲུབ་ཀྱི་ཕྱོགས་ནས་སོ། ༧ །ཕྱི་འཇུག་གི་སྔོན་འགྲོ་ནི་མཎྜལ་ནས་བཟུང་ཧཱུྃ་ཛ་ཧཱུཾ་བར་ཡོལ་བའི་ཕྱི་རོལ་ལམ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་བྱ་རྒྱུ་ཡིན་ལ། ཕྱི་འཇུག་གི་དངོས་གཞིའམ་ནང་དུ་འཇུག་པ་ནི་མིག་དར་དང་བཅས་དཀྱིལ་འཁོར་གྱི་ཁ་དོག་དང་དབྱིབས་སོགས་མི་གསལ་བར་ཅུང་ཟད་མཐོང་བར་མོས་གྱི་ལུས་ངག །པ་ཡིན་ལ། དངོས་གཞི་ནི་ཡེ་ཤེས་དབབ་ནང་སེམས་འབྱོང་། པ་ཡིན་ནོ། །འདི་ལ་གོ་དོན་གལ་ཆེར་ཡོད་དོ།། ༈ །།བཀྲ་ཤིས་ཚེ་བུམ་པ་གཉིས་ནམ་མཁར་བཏེགས་པའི་དུས། དབང་ལྷ་མདུན་བསྐྱེད་ལས་སྤྲུལ་པའམ། སྐད་ཅིག་གིས་ནམ་མཁར་བྱོན་ནས་དབང་བསྐུར་བའི་གྲབ་མཛད་ཅིང་བཀྲ་ཤིས་བརྗོད་པར་བསམ། ལས་བུམ་མ་བཏེགས་ཀྱང་རུང་མོད། བཏེགས་


JKT004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཁྲོ་བོ་ཁྲོ་མོས་བགེགས་སྐྱོད་པ་དང་འབྲེལ་ལོ། ༧ །རིག་དབང་ནི་རྣམ་བུམ་སྟ་གོན་སྐབས་ཀྱི་དེ་ག་ཡིན་མོད། འོན་ཀྱང་དེ་དུས་ལྷ་ཚང་མ་བསྐྱེད་ནས་སྤྱིར་བཏང་བུམ་ཆུ་ནུས་ལྡན་དུ་ཟིན་ཀྱང་། འདིར་དམིགས་བསལ་མི་བསྐྱོད་པར་བསྐྱེད་པ་འབྲེལ། ཅོད་པན་སོགས་ཀྱི་དབང་གི་ཚེ་བརྟན་བྱེད་ལས་དངོས་མ་ཡིན་པས་ཚོར་སོགས་མི་བསྐྱོད་པ་རུ་བྱིན་གྱིས་དམ་རྩི་ལྟར། རློབ་པར་མི་འགྱུར། འོད་དཔག་མེད་ཀྱི་རྡོ་རྗེ་དང་། མི་བསྐྱོད་པའི་དམ་ཚིག་རྡོ་རྗེ་བཟུང་པ་མི་གཅིག་སྟེ། སྔ་མས་མཚན་མ་རྫས་དང་། ཕྱི་མ་ངེས་དོན་ལ་བཞག་བས་སོ། ༧ །ཚོར་སོགས་རིན་འབྱུང་སོགས་སུ་བྱིན་གྱིས་བརླབས་པ་གཙོ་བོར་སྨོས་ཀྱི་དེ་ཁོ་ན་ཉིད་མི་བཟུང་སྟེ། འདོད་ན་གཟུགས་སོགས་དམིགས་བཅས་སུ་ཐལ་བའི་ཕྱིར། ༧ ལམ་འབྲས་གླེགས་བམ་དབང་ཆུ་མ་ནུབ་པར་བསྐུར་བའི་ཡི་གེར། དབང་བདུན་འཁོར་གསུམ་ཡང་དག་བཞིས་རྒྱས་འདེབས་པར་གསུངས་པ། ལྷའི་ངོ་བོར་ལམ་བྱེད་རྣམ་པ་བཞིས་རྒྱས་འདེབས་པ་ལ་དགོངས། དེས་ན་ཡང་དག་བཞི་པོ་འདི་ཡན་ལག་བཞི་རྫོགས་དང་། ལམ་བྱེད་བཞིར་འཇུག་པའི་སྐབས་གཉིས་ཡོད་པར་ཤེས་པར་བྱའོ། ༧ །དབང་ཆུར། དེ་ལྟ་བུ་རིག་པའི་དབང་ལྔ་ཐོབ་ཕྱིན་ཆད་ཁྱེད་ཀྱི་དེ་བཞིན་གཤེགས་པ་རིགས་ལྔ་སྤྱིའི་དམ་ཚིག་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་སྲུང་བ་དང་བསྟེན་པ་ལ་


JKT004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པར་བྱའོ། །ཞེས་བཤད་པ་ལ། སྤྱི་དང་ཁྱད་པར་གྱི་དམ་ཚིག་ཅེས་བྲིས་པ་ནི་ཡི་གེ་མ་དག་པ་སྟེ། རིགས་ལྔ་སྤྱིའི་དམ་ཚིག་ནི་ཚུལ་ཁྲིམས་གསུམ་སྟེ། དེ་འདིར་ཐོབ་པ་དང་འབྲེལ་ཏོ། ༧ །སྡོམ་པ་བསྒྲག་བཟུང་གིས་ནི་སྡོམ་པ་དངོས་ཐོབ་པ་མ་ཡིན་ཏེ། ཁྱོད་ཀྱིས་སླར་དབང་དེ་བསྐུར་ཚར་བའི་རྗེས་སུ་བསླབ་བྱ་ལ་སྤྱིའི་དམ་ཚིག་རྣམས་བཟུང་དགོས་སོ་ཞེས་གདམས་པ་ཡིན། སྔར་དེའི་སྐབས་སུ་བཟུང་རྒྱུ་ཡང་སེམས་བསྐྱེད་དང་ཚུལ་ཁྲིམས་ཟབ་མོ། །དབང་གི་ཆོ་གའི་ནུས་པ་ལས་གང་ཐོབ་ན། རྒྱས་གདབ་ལྔ་དང་སོགས་སོ།། ༈ །།ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ནི། ཕྱག་རྒྱ་སྐུའི་དམ་ཚིག་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་བདེ་བ་ཉིད་དོ། ༧ །དེ་བུམ་པའི་དབང་བླ་མེད་ཐུན་མིན་དངོས་སོ།། ༈ །།མི་ལྡོག་འཁོར་ལོའི་དབང་ནི་དམ་ཚིག་གསུམ་སྦྱིན་པ། དཀྱིལ་འཁོར་དང་ད་ལྟའི་དེ་ཁོ་ན་ཉིད་ཀྱི་དག་པ་བརྗོད་པ། སློབ་དཔོན་ཕྲིན་ལས་ནི། བཛྲ་ཧེ་ཏུ་ཚིགས་སོགས། དམ་ཚིག་དང་སྡོམ་པ་བླ་མེད་ནི། སློབ་དཔོན་སྨད་པར་མི་བྱ་ཞིང་། སོགས་དབུགས་དབྱུང་ཡིན། འདི་བུམ་དབང་གི་མཐར་སྦྱོར་བས་བུམ་དབང་བཅུ་གཅིག་ཏུ་གྲགས་ཀྱང་། དེང་སང་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བས་ཤེར་དབང་གི་མཐར་སྦྱོར་བའོ། ༧ །རྡོ་རྗེའི་བརྟུལ་ཞུགས་ཀྱིས་སྒོ་གསུམ་ལྷར་གྱིས་ཤིག་པར་གདམས་པ་དང་།


JKT004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གསུམ་གྱིས་སྒོ་གསུམ་སྐུ་གསུང་ཐུགས་སུ་ངོ་སྤྲོད་པ་ཡིན་པས་ཁྱད་ཆེ། ༧ །རྡོ་རྗེའི་དབང་ནི། སློབ་མའི་སེམས་ངེས་དོན་གྱི་རྡོ་རྗེ་ཡིན་སྙམ་པ་ཡན་དང་། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ནི་རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད་པ་ཡིན་ཏེ། གཞན་གཉིས་ལའང་འགྲེལ། ༧ །རྒྱུ་རྡོ་རྗེ་འཆང་སྐུ་མདོག་དཀར་སྔོ་གང་ཡང་རུང་ལ། འབྲས་བུ་རྡོ་རྗེ་འཆང་གཙོ་བོར་སྔོན་པོར་བཤད། འཕགས་པ་དང་མུས་ཆེན་གྱིས་ཕྱག་རྒྱ་སྐུའི་དམ་ཚིག་སྐབས་སུ་རྡོ་རྗེ་འཆང་སྔོན་པོར་བཤད་པའང་འགལ་བ་མེད། ༧ །ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་ནས་གླིང་མ། ཛ་ཡ་སེ་ནའི་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་སོགས་རྒྱ་གཞུང་འགར། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པའི་སྐབས་དག་པ་བཤད་པ་ནི་དགོངས་པ་ཅན་གྱི་ཕྱག་ལེན་དཀྲུགས་པ་སྟེ། འདོད་ན། རྒྱུད་ལས། དབང་བསྐུར་ནས་ནི་དེ་ཉིད་བསྟན། ཞེས་སོགས་གསུངས་པ་དང་འགལ་ཏེ། དབང་མ་བསྐུར་བར་དག་པ་བསྟན་མི་རུང་བས་སོ། །དེས་ན་འཕགས་པས། དེ་དག་གི་དགོངས་པ་ནི་ཐ་སྙད་ཟོར་ཡང་བའི་ཆེད་དུ་སྐབས་འདིར་དེ་ཁོ་ན་ཉིད་བསྟན་ཀྱང་། ལག་ལེན་ལ་སློབ་དཔོན་གྱི་རྗེས་ལ་མར་འཐེན་ནས་བྱའོ། །ཞེས་གསུངས།། ༈ །ལམ་འབྲས་དྲིས་ལན་དཔྱོད་ལྡན་རྣ་བའི་བདུད་རྩི་ལས། གཞུང་དུ་ལུས་ལ་བརྟེན་ནས་བདེ་ཆེན་གྱི། སྒྲིབ་པ་ཞེས་གསུངས་དྲུག་པའི་སྒྲས་


JKT004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བསྙད་བཞི་མཐུན་མིན། ཀྱང་། །སྙོམས་པར་འཇུག་པའི་སྒྲིབ་སྐྱེ་བའི་གེགས་བྱེད། དང་དོན་མཚུངས་ཕྱིར། །གཞུང་དང་བཤད་པ་འགལ་བའི་སྐྱོན་མེད་སེམས། །ཞེས་གསུངས། ༧ རྩ་མི་མངོན་དང་མདུད་པ་མེད་ཅེས་པ། །སངས་རྒྱས་ཉིད་ལ་བཤད་པས་འཕགས་གཞན་ལ། །རྩ་མདུད་ཡོད་ཅེས་མགྲིན་པ་ཅུང་ཟད་འདེགས། ༧ འགགས་རྒྱུའི་རླུང་ནི་ཟག་བཅས་བེམ་པོའི་རླུང་སྟེ། ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ནང་ཚན་སྟོང་བརྒྱད་བརྒྱ་པ་རེ་འགགས་པ་ལ་སོར་རེའི་བརྡས་བསྟན། ༧ ནང་རྟགས་སྲོག་རྩོལ་དབུ་མར་འཇུག་ཅེས་པ། །སྤྱི་གཙུག་མཆོག་གི་དབུ་མར་མཁས་རྣམས་བཞེད། །སྤྱིར་བཏང་དབུ་མར་སྦྱོར་ལམ་བཟོད་མཆོག་ནས། །བཅུ་གཉིས་བར་དུ་རླུང་སེམས་འཇུག་འདི་འཐད། ༧ རླུང་ཕྲ་ཞིང་ཐིག་ལ་རགས་པས་དེ་འགགས་པར་ནང་ཕྱིའི་རྟགས་སུ་བཤད་དམ་སྙམ།། ༈ །།ས་དང་པོ་ཐོབ་སྐབས་བདེ་བས་བརྒྱལ་ནས་རང་གཞན་ངོ་མི་ཤེས་པ་འབྱུང་གསུངས་པ་ནི་མཐོང་སྤང་གིས་བསྡུས་པའི་གཟུང་འཛིན་སྤངས་པའི་དོན་ལགས། ༧ ཐིག་ལེ་གསང་གནས་ཕྱེད་གང་ཞེས་པ། ཕྱི་དབྱིབས་ཀྱི་ཕྱེད་དམ། རྩ་གྲངས་ཀྱི་ཕྱེད་གང་ཡིན་དཔྱད། ༧ གསང་འདུས་མི་བསྐྱོད་པའི་དབང་གི་གསར་རྙིང་གི་དོགས་དཔྱོད་བློ་གསལ་ཉེར་མཁོའི་ལེགས་བཤད་ལས། དབང་བཀའ་གསར་རྙིང་གི་ལུགས་སྲོལ་


JKT004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ངོས་བཟུང་བ་དང་། བར་སྐབས་སུ་བསྲེ་བསླད་བྱུང་ཚུལ་དང་། རང་ལུགས་གང་དང་མཐུན་དཔྱད་པའོ། །དང་པོ་ནི། འགྱུར་སྔ་མ་ཀླུ་སྒྲུབ་ཀྱི་དཀྱིལ་ཆོག་ཉི་ཤུ་པ་ལ་བརྟེན་ནས་འགོས་རྔོག་གི་བརྒྱུད་འཛིན་རྣམས་ལ་བྱུང་། དེ་ཡང་འགོས་ལོའི་སྟོང་ཐུན་ཆེན་མོ་དང་། ངོར་ཆེན་དབང་གྲགས་དང་། རྔོག་ཨཱརྱ་དེ་བའི་དཀྱིལ་ཆོག་སོགས་ནས་གསལ། གསར་མ་ནི་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་བར་བརྟེན། གཉིས་པ་ནི་བུ་སྟོན་གྱིས་འཕགས་འོད་ལ་དབང་བཀའ་བདུན་པོ་གཅིག་ཏུ་བསྲེས་པའི་དབང་རྒྱས་པ་གསན། དེ་ལ་སྲིད་པ་ཀུན་བློའི་ཡི་གེར། བཀའ་བབས་བདུན་ལྡན་གྱི་དབང་འདི་ས་སྐྱ་བའི་སྐྱེ་ཨ རྡོར་བཀའ་བབས་ལྟར་བརྒྱུད་པའི་ལུགས་སོ་སོར་མ་འདྲེས་པ་ཞིག་དགོས་པ་ལ། ད་ཞྭ་ལུ་བས་གཅིག་ཏུ་བསྲེས་ཚར་འདུག་པས་དགག་སྒྲུབ་མང་ན་དབང་བཀའ་གཅིག་པོ་འདི་ཡང་མ་བྱུང་དོགས་འདུག་ཅེས་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསུངས་བར་བཤད། གསུམ་པ་ནི། རང་ལུགས་རྗེ་རྡོ་རྗེ་འཆང་གིས་མཛད་པའི་རྒྱ་མཚོ་དགུ་སྐོར་དུ་གྲགས་པའི་དཀྱིལ་ཆོག་ནི། བུམ་དབང་མཐའ་རྟེན་དང་བཅས་པ་ཡན་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང་། དབང་གོང་མ་གསུམ་དཀྱིལ་ཆོག་ཉི་ཤུ་པ་ནས་མི་གསལ་བར་ཟུང་འཇུག་གསལ་བ་ནས་ཁ་བསྐངས། ལུས་དཀྱིལ་སོགས་སྤྲོ་ན་གསལ་གྱི་དབང་གི་སྐབས་ནས་འབྱུང་


JKT004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཐམས་ཅད་ཀྱང་ཚང་བར་བཀོད་པས་ན་བསྡུས་པ་མ་ཡིན། རྒྱ་གཞུང་དཀྱིལ་ཆོག་གི་གཞུང་གཉིས་པོ་ལོ་པཎ་གཉིས་ཀྱིས་གསར་དུ་བསྒྱུར་ནས་སྲོལ་བཏོད་པས་ན་འདི་སྨོས་ཏེ་སྔར་བྱུང་བ་རྣམས་དབང་བཀའ་རྙིང་མར་བཞག་ཅིང་། དེ་ནས་གསར་རྙིང་གི་བརྡ་ཆད་འདི་ས་སྐྱ་པ་ལ་བྱུང་ཞིང་། དེས་ན་བརྒྱུད་པ་གཙོ་བོར་གསར་མ་འདྲེན་པར་འཐད་མོད། འོན་ཀྱང་རྙིང་པའང་ས་པཎ་གྱིས་ལེགས་པར་གསན་པས། དེའི་བརྒྱུད་པ་རྣམས་ལ་ཚིག་གི་བརྒྱུད་པ་ཇི་ལྟ་བ་བཞིན་མ་བཞུགས་ཀྱང་དོན་ཇི་བཞིན་བཞུགས་པ་ཡིན་ཏེ། གཉིས་ཀ་མི་བསྐྱོད་པའི་དབང་བརྒྱུད་དུ་མཚུངས་པའི་ཕྱིར་རོ། །གྲུབ་ཆེན་ནག་པོ་པའི་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། །བསྲེགས་དང་བཅད་དང་བརྡར་བ་ཡི། །མཁས་པ་དག་ནི་གསེར་བཞིན་དུ། །ཡིད་ཆེས་རྣམ་པ་བཞི་ཡིས་ནི། །ལྷན་ཅིག་སྐྱེས་པ་བརྟན་པོར་བཟུང་། །ཐམལ་སེམས་ཅན་གཅིག་ཤོས་ཀྱིས། །ཡིད་ཆེས་རྣམ་པ་བཞི་ཡིན་ཏེ། །ལུང་ལ་ཡིད་ནི་ཆེས་པ་དང་། །དེ་བཞིན་གཞན་ལ་ཡིད་ཆེས་དང་། །བདག་ཉིད་ལ་ནི་ཡིད་ཆེས་དང་། །དེ་བཞིན་བླ་མ་ལ་ཡིད་ཆེས། །ཡིད་ཆེས་རྣམས་ནི་ཐམས་ཅད་ལས། །བླ་མ་ཡིད་ནི་བྱེད་པོར་འགྲོ། །བླ་མ་དམ་པ་གནས་ཡིན་ནོ། །ཞེས་སོ།། ༈ །།བཟང་སྤྱོད་འགྲེལ་པ་ཤཱཀྱ་བཤེས་གཉེན་དེ་ལ་འོད་དཔག་མེད་ཀྱི་གནས་རབ་ཐོབ་པར་ཤོག་དང་།


JKT004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ། ཕྱོགས་གླང་། རྒྱན་བཟང་རྣམས་ལ་ཕན་པ་མང་བྱེད་ཤོག་ཡན་སྣང་། ནམ་བསོད་ཀྱིས་རྗེས་ཀྱི་ཤ་ལོ་ཀགསུམ་པོ་གཞན་གྱིས་བཅུག་པར་བཤད་མོད། དེང་སང་འདོན་པའི་ཚིགས་བཅད་རྗེས་མ་འདི་གཞན་གྱིས་བཅུག་པ་ལས། ལྷག་མ་ཤཱཀྱ་བཤེས་གཉེན་གྱི་རྒྱ་འགྲེལ་དུ་སྣང་བས་སོ།། ༈ །།འཕགས་པ་ཀླུ་སྒྲུབ་རྨ་བྱ་གྲུབ་བདེ་ཆེན་དུ་གཤེགས། འཇམ་དཔལ་རྩ་རྒྱུད་ལས་ས་དང་པོ་ཐོབ་པ་དང་། ཟླ་གྲགས་ཚིག་གསལ། ཀྱིས་ས་དྲུག་པ་བརྙེས་པ་དང་། ཇོ་བོ་རྗེས་དབུ་མ་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས་མདོ་ལས་ས་བརྒྱད་པའི་ལུང་བསྟན་ཡོད་པར་བཤད། སྤྲིན་ཆེན་པོའི་མདོ་ལས་མྱ་ངན་ལས་འདས་ནས་བཞི་བརྒྱ་ན་འབྱུང་བ་དང་། རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་དུ་ལུང་བསྟན།། ༈ །།མདོ་ཀུན་བཏུས་ལས། སངས་རྒྱས་འབྱུང་བ། མིར་གྱུར་བ། དལ་བ་ཕུན་ཚོགས། དད་པ་ཕུན་ཚོགས། བྱང་ཆུབ་ཀྱི་སེམས། སྙིང་རྗེ་ཆེན་པོ། ཚུལ་ཁྲིམས་རྣམ་དག །ཐོས་པ་རྣམ་དག །བསམ་པ་རྣམ་དག །རྒྱ་ཆེན་པོ་ལ་མོས་པ་རྣམས་རྙེད་པར་དཀའ་བ། ཞེས་ས་བཅད་བཅུའོ།། ༈ །།ངག་ཆོས་པའི་ལམ་འབྲས་དཀའ་གནད་ཀྱི་རང་ལན་དྲང་པོའི་གཏམ་སྐྱེས་བདུད་རྩིའི་ཐིགས་ཕྲེང་ལས། སྣང་གསུམ་སྐབས་བླ་མ་རྡོ་རྗེ་འཆང་དུ་བསྒོམ་པ་མི་འགལ་ཏེ། སློབ་མ་དེ་སྔགས་ལམ་ལ་འཇུག་འདོད་དང་། རྡོ་རྗེ་འཆང་གི་གོ་


JKT004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཐོབ་འདོད་ཡོད་པས་མ་མཐའ་ཚང་ཞིང་། འགའ་ཞིག་དབང་བསྐུར་བ་ཙམ་མམ། ཁྲིད་ཡོངས་རྫོགས་ཀྱིས་སྨིན་པའང་ཡོད་པའི་ཕྱིར། དེའང་མི་འཐད་ན། སློབ་མ་རྗེས་འཛིན་དང་། བསགས་སྦྱོང་གི་དམིགས་པ་སོགས་ཀྱང་མི་འཐད་པར་འགྱུར་ཏེ། དབང་མ་བསྐུར་བར་མཚུངས་པའི་ཕྱིར། དེས་ན་སྔགས་ལམ་ལ་འཇུག་པའི་སྔོན་འགྲོ་ཡིན་གྱི། ཕར་ཕྱིན་རང་རྐང་མིན་པས་སྐྱོན་མེད། ༡༽ །སློབ་མ་རྗེས་འཛིན་སོགས་དང་བསགས་སྦྱོང་སོགས་ཀྱང་སྔགས་ལམ་གྱི་སྔོན་འགྲོ་ཡིན་པས་མི་འགལ་བར་བཤད་མ་ཐག་པས་གྲུབ། ༢༽ ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྣལ་འབྱོར་ནི་ཕར་ཕྱིན་ཐེག་པ་ཙམ་ཉམས་སུ་ལེན་པ་དང་། རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པ་ལ་འཇོག་པ་ཆོས་སྤྱི་སྐད་ཡིན། འོན་ཀྱང་སྣང་གསུམ་གྱི་སྐབས་སུ་དེ་སྐད་གསུངས་པ་ཅི་སྙམ་ན། སྔར་དབང་བསྐུར་བ་མ་ཐོབ་པ་དང་། ཐོབ་པ་ལ་དེ་འདྲའི་ཐ་སྙད་བཞག་གམ་སྙམ། སྣང་གསུམ་གྱི་སྔོན་དུ་ངེས་པར་དབང་བསྐུར་བ་དགོས་ཞེས་པ་མི་འཐད་ཀྱི་གཏན་ནས་དགག་པ་མིན། ༣༽ སྔགས་ལམ་ཉམས་སུ་ལེན་པ་ཙམ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་མ་ཡིན་ཏོ། །རྟེན་སྐྱོན་མེད་པ། ཐོས་བསམ་དང་བསླབ་པ་དག་པ། དབང་གིས་རྒྱུད་སྨིན་པ། ཉམས་རྒྱུད་ལ་སྐྱེས་པ་ཞེས་ཁྱད་ཆོས་བཞི་ལྡན་དུ་གསུངས་པས། ཉམས་རྒྱུད་ལ་མ་སྐྱེས་པ་རྣམས་


JKT004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་བསྡུ་སྙམ་ན། ཐུན་མོང་ཐུན་མིན་གཉིས་སུ་ཕྱེ་བའི་ཐུན་མིན་གྱི་ཁོངས་སུ་བསྡུ་སྟེ། བླ་མེད་ཀྱི་ལམ་ཉམས་སུ་ལེན་པའི་ཕྱིར། ༤༽ གདམས་ངག་དྲུག་དང་སྲུང་བ་སུམ་བཅུ་ལ་འཁོར་འདས་ཐུན་མོང་ཞེས་འཇོག་པའི་རྒྱུ་མཚན། ལྟ་བའི་དུག་དབྱུང་བ་སོགས་འཇིག་རྟེན་གྱི་ལམ་ཁོ་ན་ཡིན་ཀྱང་། བསམ་གཏན་གྱི་དུག་དབྱུང་ཉམས་སྐྱོན་ཅན་སྲུང་བ་ནི་ཚོགས་སྦྱོར་ནས་ས་བཅུ་གསུམ་ཕྱེད་སོན་པའི་མ བང་དུ་ཡོད་པ་སོགས་ཀྱིས་མི་འགལ། ༥༽ དོན་བསྡུས་པར་འདི་དག་འཇིག་རྟེན་གྱི་ལམ་དུ་འཇོག་པ་ནི་ཤས་ཆེ་བ་ལ་དགོངས་སོ། ༦༽ །འཇིག་རྟེན་པའི་ལམ་དུ་བླ་མ་ན་མི་འཕོ་བས་གཙོ་ཆེ་བས་བཞག་གི ། ཁྱབ་མཐའ་མི་འཛིན་ཏེ་འདུས་པ་གསུམ་པར་སྤྲུལ་སྐུ་ལས་དབང་ནོད་པའི་ཕྱིར། ༧༽ རྒྱུ་ལྷན་སྐྱེས་ཀྱི་སྐབས། རྐྱང་མ་ཐབས་དང་། རོ་མ་ཤེས་རབ་རྩར་བཞག་པ་གཞུང་སྤྱི་དང་འགལ་བ་སྤོང་བ་ནི། འདི་དག་རིགས་མཐུན་བསྡེབས་བའི་ཚུལ་རྒྱས་པར་བཤད་དུ་ཡོད། དེ་བཞིན་དུ་ཨོཾ་ཨཱཧཱུྃ་གསང་དབང་སྦྱར་བ་ནི། སྤྱི་ཙམ་དུ་ཨཱའོས་ཀྱང་། ནང་དུ་རྡོ་རྗེའི་ལུས་ལ་དེ་ལྟར་གྱི་ངེས་པ་རང་མེད་དེ། སྤྱི་བབས་སུ་འཇུག་གནས་ལྡང་གསུམ་འབྲུ་གསུམ་ལ་སྦྱར་ཀྱང་། མ་ཧཱ་མཱ་ཡཱར་དེ་ལས་གོ་ལྡོག་པ་བཞིན་ནོ། ༩༽ །ལུས་སེམས་གྲུབ་བདེ་རྫས་གཅིག་ཏུ་མི་འཐད་པར་མུ་སྟེགས་རྒྱང་འཕེན་པ་དང་མཚུངས་སོ་སྙམ་ན།


JKT004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མ་ཡིན་ཏེ། སྔ་མས་ལུས་གྲུབ་པ་ན་སེམས་གྲུབ་ཅིང་། དེ་འགགས་པ་ན་འགགས་ལ་མ་འགགས་པར་རྒྱུན་གྱི་རྫས་གྲུབ་དུ་འདོད་ལ། འདིར་ཇི་སྲིད་ལུས་སེམས་ཚོགས་ཙམ་གྱི་ཚེ་མེ་ཏོག་དང་དྲིའི་ཚུལ་ལྟར་གནས་པར་འདོད་པས་ཤིན་ཏུ་མི་མཐུན་ནོ། ༡༠༽ །འབྲས་བུ་འཁོར་འདས་དབྱེར་མེད་ཀྱི་ཚེ་འཁོར་བ་ཡོད་དམ་སྙམ་ན་ཡོད་དེ། དཔེར་ན་སངས་རྒྱས་ཀྱི་ཚེ་ཀུན་རྫོབ་བདེན་པ་མེད་ཀྱང་། བདེན་གཉིས་ཟུང་འཇུག་གི་ཀུན་རྫོབ་བདེན་པ་ཡོད་དེ། ཟུང་འཇུག་ལ་ཡ་གྱལ་དགོས་པའི་ཕྱིར་རོ། །ཞེས་གསུངས། ༡༡༽ ལུས་དཀྱིལ་ལྷ་ལ་ཡེ་ཤེས་པ་གཞུག་མི་དགོས་ན། རིགས་བདག་ཀྱང་མི་དགོས་པར་ཐལ་ལོ་སྙམ་ན། མ་ཡིན་ཏེ། ཡེ་ཤེས་གཞུག་མི་དགོས་པའི་སངས་རྒྱས་མཚན་ཉིད་པ་རྣམས་ལ་ཡང་རིགས་བདག་རང་ཆས་སུ་བཞུགས་ཏེ། སྤྱན་རས་གཟིགས་བཞིན་ནོ། ༡༢༽ །ཡུམ་གྱི་ལུས་དཀྱིལ་ལ་ཕོ་བྲང་ལྔའི་ལུས་དཀྱིལ་དང་། ཡུལ་ཉེར་བཞིའི་ལུས་དཀྱིལ་གཉིས་ཀ་མ་ཆད་པར་བསྒོམ་དགོས། དེའི་ཚེ་སྙིང་གའི་རྩ་དབུ་མའི་ནང་གི་ཁམས་དེ་ཐུགས་རྡོ་རྗེ། དེའི་མདུན་ངོས་ཀྱི་ཕྱི་ཤུན་རྩ་དེ་མཱ་མ་ཀཱི། རྒྱབ་ངོས་ཀྱི་ཕྱི་ཤུན་གྱི་རྩ་དེ་བདག་མེད་མ། དེའི་ཐད་ཀྱི་རོ་རྐྱང་གཉིས་ཀྱང་བདག་མེད་མར་བསྒོམས་པས་བདག་མེད་མ་གསུམ་མམ། ཡང་ན་རོ་རྐྱང་ལའང་མདུན་རྒྱབ་གཉིས་སུ་ཕྱེ་བས་ལྔའོ། །སྙིང་གའི་ནང་སྐོར་


JKT004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འདབ་མ་བརྒྱད་ཀྱི་མདུན་གྱི་མཚམས་གཉིས་སུ་མཁའ་སྤྱོད་མ། རྒྱབ་ཕྱོགས་ཀྱི་མཚམས་གཉིས་སུ་ས་སྤྱོད་མ་རེ་རེ་བསྒོམ། ༡༣༽ ལུས་དཀྱིལ་རྐྱང་པ་བསྒོམས་པས་དབང་བཞིའི་ཉམས་མྱོང་ཀུན་འདྲེན་ནུས་པ་སྲས་དོན་མ་སོགས་ལས་བཤད་པས། བསྐྱེད་རིམ་ཙམ་གྱིས་འཚང་རྒྱ་བ་དང་། བསྐྱེད་རྫོགས་ཟུང་འཇུག་མི་དགོས་པར་ཐལ་ལོ་སྙམ་ན། དེ་ནི་མ་ཡིན་ཏེ་ལུས་དཀྱིལ་བསྐྱེད་རིམ་ཁོ་ནའི་ལམ་མིན་ཅིང་། སྒོམ་མཁན་གྱི་གང་ཟག་ཀྱང་རྒྱུ་དུས་ཀྱི་དབང་བཞི་རྫོགས་པ་དང་། ལུས་དཀྱིལ་གྱི་དབང་རྫོགས་པར་ཐོབ་པ་ཞིག་དགོས་ལ། ཕྱི་བསྐྱེད་རིམ་ནི་བུམ་དབང་ཙམ་ཐོབ་པས་ཀྱང་བསྒོམ་དུ་རུང་བའི་ཕྱིར་དང་། ལུས་དཀྱིལ་ལ་དབང་བཞིའི་ལམ་དང་རྗེས་སུ་མཐུན་པའི་རྟེན་འབྲེལ་ལམ་བྱེད་ཡོད་ལ། ཕྱི་དཀྱིལ་ལ་དེ་མེད་པ་སོགས་ཁྱད་པར་ཆེའོ། ༡༤༽ །ལམ་དུས་ཀྱི་དབང་ལེན་པའི་གསལ་བྱེད་ཀྱི་ཡི་གེར། དམིགས་རྒྱ་ཆེ་ཆུང་འབྲིང་གསུམ་བཤད། དེའི་རྒྱ་ཆེའི་ཚེ་གཙོ་བོ་ཡབ་ཡུམ་གྱི་མཱ་མ་ཀཱི་ལས་དེ་འདྲ་བ་གཅིག་ཆད་དེ། ཕྱིའི་ཧེ་རུ་ཀའི་ཡུམ་ལ་ཐིམ་པར་བསམ་པ་ནི་ཕྱག་རྒྱ་གཏད་པའོ། ༡༥༽ །ཁྲིད་ཡིག་སྤྱི་ལས་དཀར་ལམ་སྔོན་དང་། དམར་ལམ་རྗེས་ལ་འཆར་བར་བཤད། ལམ་འབྲས་པས་ཀྱང་ཕལ་ཆེར་དུ་དེ་ལྟར་བཤད། ཀླུ་སྒྲུབ་པས་དེ་ལས་གོ་ལྡོག་སྟེ་ཤིན་ཏུ་རྒྱས་པར་བཤད། འོན་ཀྱང་རྐྱང་


JKT004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ནུས་པ་སྔོན་ལ་ཉམས་ན་དཀར་ལམ་དང་། རོ་མའི་ནུས་པ་སྔོན་ལ་ཉམས་ན་དམར་ལམ་ཐོག་མར་འཆར། དེ་གཉིས་དུས་གཅིག་ཏུ་ཉམས་ན་གཅིག་ཅར་འཆར་བའང་སྲིད་མོད། དེ་རྟགས་རླུང་ཕྱིར་འབྱུང་བ་རོ་མ་དང་། ནང་དུ་རྡུབས་པ་རྐྱང་མའི་བྱེད་ལས་ཡིན་པས་གང་སྔོན་ལ་འགགས་ན་ཤེས་ཀྱང་། ཕལ་ཆེར་འཇུག་པའི་ནུས་པ་སྔོན་ལ་ཉམས་པ་ཁོ་ན་མཐོང་། ༡༦༽ བསྣམ་བྱ་ལྔ་ཞེས་པའི་དོན། བར་དོར་ལོངས་སྤྱད་བྱའི་གཙོ་བོ་ནི་དྲི་ཡིན་ཞིང་། དྲིའི་ཁ་དོག་ལྔའི་ཚུལ་དུ་འབྱུང་བ་ལ་བསྣམ་བྱ་ལྔར་འཆད་པ་ཡིན་ཞེས་འཕགས་པའི་གཞུང་བཤད་ལས་འབྱུང་། བླ་མ་དམ་པའི་གཞུང་བཤད་ལས་འདོད་ཡོན་ལྔ་ལ་བཤད་པས། དེ་ལྟ་ན་རྣམ་ཆ་ལྔ་ཞེས་དགོས་པར་སྣང་། ༡༧༽ གཏུམ་མོ་འཁོར་ལོ་བཞི་པའི་སྐབས་ལྟེ་བའི་མེ་ཡི་རྩ་རྣམས་དངོས་མེད་དུ་བསྲེག་པ་མ་ཡིན། ལྕགས་བསྲེགས་པ་བཞིན་དུ་ཚ་བའི་རང་བཞིན་ཅན་དུ་བྱེད་ཅིང་སྙིགས་མ་རྣམས་སྐམས་ནས་རྩ་ནང་གི་སྦུབས་སྟོང་སང་ངེ་བར་བསྒོམ་པའོ། ༡༨༽ །སྦྲེལ་ཞི་ཞེས་པ་བརྡ་རྙིང་ཡིན། འདིའི་རྩ་བཞིའི་ངོས་འཛིན་འདིར་གནས་ཀྱི་ངེས་པ་མེད་ཅེས་སྲས་དོན་མ་ལས་བཤད། ༼༡༩ ༢༠ ༢༡ ༢༢༽ བྷ་གའི་ཡི་གེ་བཅུ་བཞི་ལ་དཔེ་རིས་སོགས་མི་མཐུན་པ་སྣ་ཚོགས་འབྱུང་བ་ནི། གང་ཟག་སོ་སོའི་རྡོ་རྗེའི་ལུས་ཀྱི་གནས་ཚུལ་བསམ་གྱིས་མི་ཁྱབ་པས་འགལ་


JKT004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འདུའོ། ༢༣༽ །མཛེས་རྒྱན་དང་། ཀླུ་སྒྲུབ་པའི་ཁྲིད་ཡིག་སོགས་ལས། གཟུང་འཛིན་གཉིས་ཀའི་རྦ་རླབས་རེངས་པས། སྟོང་མཚན་སྨོན་མེད་མངོན་སུམ་བྱེད་ཅེས་བཤད་པ་གསུང་རབ་སྤྱི་སྐད་དང་མཐུན་ལ། གཉགས་མ་སོགས་སུ་དེ་ལས་༢༠ལྡོག་པར་གསུངས་པ་ནི། རྡོ་རྗེའི་ཚིག་རྐང་རང་ལུགས་ཡིན་གྱི་མི་འགལ། ༢༤ ༢༥༽ དོན་བསྡུས་མ་ཞེས་པ་ཚིགས་བཅད་ཉུང་ངུ་འདི་ནི་རྒྱན་དང་འདྲ་སྟེ་རྣམ་འགྲེལ་གྱི་གྲས་སུ་མི་བགྲང་། རྣམ་འགྲེལ་ཨ་སེང་མ་ནི་འདི་ཁོག་རྐྱལ་དུ་གཞུག་པའི་འགྲེལ་པ་རྒྱས་ཙམ་ཞིག་ཡོད་དོ། ༢༦༽ དབང་ནི་རྒྱུ་དབང་། འཁྲིད་ནི་སྔགས་ལམ། གཞུང་བཤད་ནི་རྣམ་འགྲེལ་དང་སྦྱར་བའི་བཤད་པ། གདམས་ངག་ནི་གེགས་སེལ་གྱི་མན་ངག་སྦྱིན་པ་ཡིན། ས་ཆེན་ཡན་གཞུང་བཤད་དང་འཁྲིད་སྟབས་གཅིག་ཏུ་མཛད་རིང་བརྒྱུད་ཀྱི་ལམ་འབྲས་རྫོགས་པར་མ་ཐོབ་པ་ལ་སྒྲུབ་པ་ལུང་སྦྱིན་མི་རུང་། རྫོགས་པར་ཐོབ་པའི་ཚད་ནི། སྣང་རྒྱུད་ཡོངས་རྫོགས། རྒྱུ་ལམ་དབང་། བདག་མེད་མའི་བྱིན་རླབས། བརྡ་ཚིག་བརྒྱུད། གཞུང་རྒྱས་བསྡུས་ཅི་རིགས་སམ་མ་མཐའ་རྣམ་འགྲེལ་སྨྱུ གྱི་བཤད་ལུང་ཙམ། གླེགས་བམ་ཕྲ་མོ་དང་བཅས་པ་ཐོབ་པའོ། །སྒྲུབ་ལུང་ཐོབ་ནས་བསྙེན་པ་སོགས་ཚད་དུ་འཁྱོལ་ན་ཕྱིས་འཆད་རུང་ངོ་། ༢༧ ༢༨༽ ཆོས་སྣ་དྲུག་ཅུ་ཞེས་པ་བདག་ཆེན་རྡོ་རྗེ་འཆང་གི་


JKT004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆག་ན་༥༩གསལ་བ་སྟེ། རྡོ་རྗེའི་ཚིག་རྐང་དང་། རྟོགས་གསལ་གྱི་དཔེ་བྲིས་རྣམས་གཅིག་ཏུ་བསྡོམས་པར་བཞེད། ཀླུ་སྒྲུབ་པས་མཆན་དཀྱུས་སུ་ཤོར་བ་ཙམ་ལས་རྗེ་བཙུན་གྱི་དཀར་ཆག་ན་དམིགས་g བསལ་མེད་ཅིང་། ངོར་ཆེན་གྱི་གསན་ཡིག་ཏུ་ངོས་བཟུང་མི་འབྱུང་བས་པར་བཀབ་མེད་གསུངས། དབང་ཕྱུག་དཔལ་བཟང་པས། གཉགས་མ་ནས་གསལ་བྱེད་དང་བཅས་པ་ནས། རྒྱ་བོད་ཀྱི་ལོ་རྒྱུས། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བའི་༥༨བར། ལུས་མཐའ་དག་དང་ཞིབ་ཏུ་སྦྱར་བ་དང་མན་ངག་ཕྲ་མོ་རྣམས་གཅིག་ཏུ་བསྡོམས་པས་དྲུག་ཅུའོ། །ཞེས་བཞེད། ༢༩༽ ༈ །།གསེར་མདོག་པཎ་ཆེན་དང་། ས་ངོར་གྱི་བཞེད་པ་མི་མཐུན་པ་མང་སྟེ། རྒྱུད་གསུམ་གནོད་འཇོམས་ལས་རྡོ་རྗེ་ཐེག་པའི་ལྟ་བ་རྣམ་རིག་ཡིན་ན། སྟོན་པས་གདུལ་བྱ་རྣམས་ལོག་ལམ་ལ་བཅུག་པར་འགྱུར་རོ། །ཞེས་བཀོད་པ། དྲིས་ལན་ལས། །རང་རིག་རང་གསལ་བདེན་གྲུབ་ཁས་ལེན་པའི། །དབུ་མའི་ལུགས་འདི་གསང་བ་འདུས་པ་དང་། །ཀྱེ་རྡོར་རྒྱུད་གསུམ་བྱང་ཆུབ་སེམས་དཔའ་ཡི། གཞུང་འགྲེལ་སྐོར་གསུམ་དག་ན་གསལ་བར་བཞུགས། ཞེས་སྨྲ། ༡ དབུ་སེམས་ལྟ་བ་ཐ་དད་པས་ཆོ་ག་ཐ་དད་པའི་སྒྲུབ་བྱེད་བཀོད་པར། དོན་དམ་རྣམ་རིག་སྨྲ་བའི་ལྟ་བ་དང་། དབུ་མའི་ལྟ་གྲུབ་འགལ་ཅེས་ཟེར་བ་དང་། ཞེས་སྨྲ། ༡ སེམས་


JKT004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་ཤེས་ན་སྡུག་བསྔལ་བདེན་པ་འབྱུང་བར་བཤད་པར། ཡེ་ཤེས་ཚོགས་བསགས་ཐོགས་མེད་གཞུང་དང་མཐུན་ཅེས་བཤད། ༣ ཟུང་འཇུག་རྡོ་རྗེ་འཆང་གིས་མཚམས་བཞག་པར། མ་དག་པའི་ལུས་ཁོ་ན་འཇའ་ལུས་སུ་གནས་འགྱུར་བར་བཤད། དྲིས་ལན་ལས༣།། མ་དག་པའི་ཕུང་པོ་ལྷག་པའི་ལྷར་བསྒོམ་པ་མ་ཡིན་ཏེ། དེ་མ་རིག་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། ལྷ་དོན་དམ་གྱི་བདེན་པ་ཡིན་པའི་ཕྱིར། ཞེས་སྨྲ། ༤ ས་པཎ་གྱིས། གཞི་ལམ་འབྲས་གསུམ་དབྱེར་མེད་དོན་སྨྲ་བས། སོགས་ལ། རྒྱུ་རྒྱུད་སྦྱང་གཞིར་བཤད་པ་མ་བལྟས་ཤིང་། །གཞི་མི་སྤོང་བའི་འཐད་པ་མ་བཀླགས་པར། །སྦྱང་གཞི་སྦྱོང་བྱེད་དབྱེ་བ་མེད་དོ་ཞེས། །གོང་མའི་དགོངས་པ་སྙོགས་རྣམས་རན་པར་སྨྲོས། །ཞེས་སྨྲས། ༥ དྲིལ་བུ་ལུས་དཀྱིལ་རྡོ་རྗེ་འཆང་གི་དཀར་གནད་ལས། ལུས་དཀྱིལ་བསྐྱེད་གཞི་དོན་དམ་བདེ་གཤེགས་སྙིང་པོ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ཡིན་པ་བཀག་ནས་རང་གི་རྩ་ཁམས་ཉིད་ཡིན་པར་བཤད་པ། དྲིས་ལན་ལས༤༠། ཐ་མལ་པའི་ལུས་ཀྱི་སྤྱི་བོ་ནི། ཀུན་བརྟགས་དང་། རྣམ་པར་བརྟགས་པ་དང་། ཆོས་ཉིད་ཀྱི་སྤྱི་བོ་གསུམ་ལས། སྔ་མ་གཉིས་སྣ་ཚོགས་རྡོ་རྗེར་མི་རུང་སྟེ། ཡེ་ནས་མ་གྲུབ་པའི་ཕྱིར་དང་། །གཟུང་འཛིན་གྱིས་བསྡུས་པས་གནས་འགྱུར་གྱི་མཐར་ཐུག་འདོད་


JKT004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར་རོ། །དེས་ན་མ་དག་པའི་ལུས་ཀྱི་དབང་དུ་བྱས་པའི་སྤྱིའི་ཆོས་ཉིད་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཉིད་སྣ་ཚོགས་རྡོ་རྗེར་བསྒོམ་པ་ཡིན་ཞེས་བཤད། ༦ གཞན་ཡང་འགྱུར་བཅོས་པ། །ཡོད་ལ་མི་རྟག་གིས་ཁྱད་པ། ཅེས་དང་། །ཆོས་ཀྱི་དབྱིངས་ནི་མང་ཉུང་གིས། །སྤྲོས་པ་བྲལ་བ་ཡིན་ཕྱིར་རོ། །ཞེས་དང་། ཡོད་ན་དོན་བྱེད་ནུས་ཕྱིར་རོ། །ཞེས་དང་། དེས་ན་སོགས་རྒྱུའི་དགེ་བ་ནས། །རང་གིས་བྱས་པའི་དགེ་ཡིན་ཕྱིར། །གནས་ཀྱི་སྨོན་ལམ་དག་ཏུ་འདོད། །ཅེས་དང་། ཟབ་མོ་བཀྲོལ་རིན་ཕྲེང་ཊཱི་ཀ་ལས་བཀོལ་ཞེས་བཤད། བའི་དོན་དང་ལྡན། ཅེས་དང་། འཕགས་པ་དཀོན་མཆོག་འབྱུང་བ་ལས། ཞེས་དང་། དེ་ཚེ་འཇམ་པའི་རྡོ་རྗེ་ཡིས། ཞེས་སོགས་མང་དུ་བཅོས་ཡོད་དོ། །ཤུ་བྷཾ། རང་ལུགས། འཁོར་ལོ་བར་པས་ཆོས་ཀུན་ཟབ་མོ་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས། གསུམ་པས་དེའི་སྟོང་འཛིན་སེལ་བའི་ཕྱིར་མཐའ་གཉིས་སྤངས་པའི་དབུ་མའི་ལམ་སྲོལ་བཏོད་དེ། ཀླུ་ཐོགས་གཉིས་ཀྱང་དོན་དམ་པའི་གནས་ལུགས་ལ་གཅིག་ཀྱང་། རིག་པས་སྤྲོས་པ་གཅོད་ཚུལ་མ་མཐུན་པས་དབུ་སེམས་གཉིས་སུ་གྱེས་པའོ། ༈ །ཨོཾ་སྭ་སྟི། གང་གི་ཚེ་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པས་ཆོས་དང་ཆོས་ཅན་རོ་གཅིག་ཏུ་གཟིགས་པའི་གོ་འཕང་ཐམས་ཅད་མཁྱེན་པའི་མཚན་གྱི་སྣང་བས་ས་གསུམ་ན་ཁྱབ་པ་བསྟན་པའི་

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JKT004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བྱེད་ཆེན་པོར་གདོད་མ་ནས་གྲུབ་པས། ཆེས་མི་མཁས་ཤིང་མ་སྦྱངས་པའི་སོ་སྐྱེ་ཐ་ཤལ་བ་ཙ་ན་ཀའི་སྲིན་བུ་ཕྲ་མོའི་འདུ་ཤེས་ཅན་ལ་མཁྱེན་བཞིན་དུ་རྨེད་པའི་བཀའ་འཕྲིན་ནོར་བུའི་ཅོད་པན་སྤྱི་བོར་སྩལ་བ་ནི་འཕགས་རྣམས་དམན་ལས་ཆེས་དམན་པ་ལ་བརྩེ་བ་ཆོས་ཉིད་ཀྱི་ངང་ཚུལ་ནི་འདི་ལྟ་བུའོ་ཞེས་མཚོན་པ་ལས་གཞན་དུ་མ་དམིགས་མོད། དེ་ལྟ་ནའང་རང་ངོས་ནས་ཀྱང་བྱིས་པ་མའི་གམ་དུ་སྨྲ་བ་ལྟར་སྐལ་བ་བཟང་པོར་ཤེས་ནས་གང་དྲན་ཅལ་ཅོལ་དུ་གསོལ་བ་ནི་འདི་ཡིན་ཏེ། ༈ །།དང་པོ་ཚོགས་ཆེན་འདུས་པའི་ཡབ་ཡུམ་ཁྲོ་མཁར་རྣམས་ཀྱི་དོན། འདི་དང་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྨན་སྒྲུབ་སྐབས་སྦྱོར་བ་བརྒྱད་ལྡན་གསུངས་པ་རྣམས་གནད་གཅིག་པས། སྤྱིར་ཞེ་སྡང་ལ་བརྟེན་ནས་གཙོ་བོར་སྒྲོལ་བ་ལམ་དུ་བྱེད་པ་མ་ཧཱ། འདོད་ཆགས་ལ་བརྟེན་ནས་གཙོ་བོར་སྦྱོར་བ་ལམ་དུ་བྱེད་པ་ཨ་ནུ། གཏི་མུག་ལ་བརྟེན་ནས་གཙོ་བོར་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པ་ཨ་ཏི་ཡོ་ག་ཞེས་རྒྱུད་ཀྱི་རྡོ་རྗེའི་གནས་དང་མཆོག་གཟིགས་རྣམས་ལ་གྲགས་པ་བརྟན་པ་དང་། སྒྲུབ་སྡེ་བརྒྱད་ཀྱི་བདུད་རྩི་ཡོན་ཏན་གྱི་སྐོར་རྣམས་ཀྱང་གཙོ་བོར་ལུང་གི་ཆོས་སྐད་དང་ཉེ་ཞིང་། ཨ་ནུའི་སྐོར་གསར་མ་དང་བསྟུན་ན་ཆོས་སྐད་ཕལ་ཆེར་མ་རྒྱུད་འཁོར་ལོ་སྡོམ་པ་སོགས་དང་མཐུན་ཤས་ཆེ་བས། དོན་འདི་ལ་དགོངས་


JKT004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐམས་ཅད་མཁྱེན་པ་པྲ་ཛྷཱ་ར་སྨིས་ཀྱང་ཨ་ནུ་དང་མ་རྒྱུད་ཀྱི་ལམ་རིམ་སྦྱར་ཏེ་སྨོན་ལམ་དུ་མཛད་པ་ཡིན་ལ། རྒྱུ་མཚན་དེས་ན་མ་རྒྱུད་བདེ་མཆོག་འཁོར་ལོར་རྫོགས་རིམ་གྱི་གཙོ་བོ་ཐབས་ལམ་ཟབ་མོ་གཏན་ལ་འབེབས་པའི་སྐབས་སུ། ཇི་ལྟར་འཇིག་རྟེན་ན་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་འམ། འཁྲིག་ཐབས་དྲུག་ཅུ་རྩ་བཞི་དང་། དེ་རྣམས་ཀྱི་གཙོ་བོའང་རོལ་ཐབས་མི་འདྲ་བ་བརྒྱད་དུ་འདུས་པས་བྱང་སེམས་བཙན་ཐབས་སུ་དབབ་པའི་འཁྲུལ་འཁོར་ཀྱང་དེ་ཙམ་དུ་འདུས་པར་དགོངས་ནས་རོལ་ཐབས་དྲུག་ཅུ་རྩ་བཞིའམ། ཁ་སྦྱོར་བརྒྱད་དུ་གསུངས་ཤིང་། དེ་མཚོན་པའི་སླད་བདེ་མཆོག་ལུ་ནག་སོགས་ཀྱི་མཆོད་པའི་སྐབས་སུ། གསང་བ་སྙོམས་འཇུག་གི་མཆོད་པར་ཁ་སྦྱོར་བརྒྱད་ཀྱི་མཆོད་པ་གསུངས་པ་སོགས་རྒྱུད་དང་མན་ངག་རྣམས་ལས་རྣམ་བཞག་རྒྱ་ཆེར་གསུངས་པ་ལྟར། སྐབས་འདིར་ཡང་སྦྱོར་བ་ལམ་དུ་བྱེད་པ་ལ་གཙོ་བོར་དགོངས་ནས་ཡེ་ཤེས་པའི་ཐུགས་རྒྱུད་བདེ་བ་ཆེན་པོའི་གཟི་བྱིན་ལྷག་པར་བསྐུལ་བའི་ཕྱིར་བདེ་སྟོང་གི་ལྷ་སྐུ་ཁྲོ་མཁར་གྱི་ཚུལ་དུ་བསྒོམ་པ་དང་། བྱེ་བྲག་ཏུ་ཡུམ་ཞལ་ཡབ་ཀྱི་རྡོ་རྗེར་སྦྱོར་བའང་རྗེས་ཆགས་ཀྱི་ཉམས་ཆེས་ཆེར་བསྐུལ་བ་མཚོན་ལ། ཁྱད་པར་བདུད་རྩི་སྨན་གྱི་སྐབས་སུ། བྱང་ཆུབ་སེམས་ཀྱི་བདུད་རྩི་དམ་ཚིག་པའི་ཚུལ་དུ་འཁྱིལ་པར། ཡེ་ཤེས་པའི་བྱང་སེམས་རྡོ་རྗེ་


JKT004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་རྒྱུན་འབེབས་ལ། ཁ་སྦྱོར་བརྒྱད་ཀྱི་སྒོ་ནས་དབབ་པས་བྱང་སེམས་འབེབས་འཕུལ་ལྷག་པར་ཆེ་བ་ལ་དགོངས་ནས་དེ་ལྟ་བུའི་རྣམ་པར་གཞག་པ་གསུངས་སོ་སྙམ་པ་ནི་བདག་གི་རྣམ་པར་རྟོག་པ་སྟེ། ཞིབ་པར་གསར་འགྱུར་མ་རྒྱུད་ཀྱི་གཞུང་སྤྱི་དང་བྱེ་བྲག་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་སོགས་དང་སྦྱར་ཏེ་དཔྱད་པ་ཞིབ་མོས་བཙལ་ན་ངེས་ཤེས་ཁྱད་པར་ཅན་སྐྱེ་བར་འགྱུར་རམ་སྙམ་ལགས།། ༈ །།གཉིས་པ་སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་ལེའུ་གཉིས་པ་རང་གནས་མཐོང་བའི་ལེའུ་ཞེས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་འབེབས་པའི་སྐབས། ཐོས་བསམ་གྱི་ལྟ་བ་མཐར་ཕྱིན་པའི་ཚད། རྒྱ་མཚོ་དྭངས་བའི་གཟུགས་བརྙན་ལྟར། སོགས་ཀྱི་དོན། དཔེར་ན་རྒྱ་མཚོ་དྭངས་པའི་ནང་དུ་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་འཆར་བ་ལྟར། ཚིག་སྒྲ་ལ་བརྟེན་ནས་དོན་སྤྱིའི་རྣམ་པ་ཙམ་ཡིད་ལ་བྱེད་པ་མིན་པར་དོན་རང་གི་མཚན་ཉིད་རང་རིག་པའི་མངོན་སུམ་དུ་རྟོག་པས་དམིགས་པའི་ཡུལ་དང་བྲལ་བར་རྟོགས་པ་ནི་སེམས་རང་གསལ་དུ་མཐོང་ཞིང་སྒྲོ་སྐུར་ལུང་མ་བསྟན་གསུམ་དང་བྲལ་བའམ། བལྟ་བའི་ཡུལ་ལྟ་བྱེད་ཀྱི་མཁན་པོ། ལྟ་བའི་དངོས་པོ་སྟེ་འཁོར་གསུམ་དང་བྲལ་ཞིང་གྲུབ་མཐའ་གཞན་རྐྱེན་གྱིས་མི་བསྐུལ་བར། །ངེས་པར་བློའི་གདིང་རྟོགས་ཤིང་གདིངས་སུ་གང་བྱས་


JKT004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི། དང་པོར་རྒྱུ་ཐོས་བསམ་ལ་བརྟེན་པའི་ལྟ་བ་མཐར་ཕྱིན་པའོ། །ཞེས་པའི་དོན་དུ་སྔ་རབས་ཀྱི་མཁས་པ་ཆེན་པོ་དངོས་གྲུབ་བརྙེས་པ་དག་གིས་བཀྲལ་གདའ། ལར་གསང་སྙིང་གི་སྤྱི་དོན་མཐའ་ཆོད་པར་ཤེས་པ་ལ་ལམ་རིམ་འདི་མ་ཤེས་ཀ་མེད་དུ་སྣང་ཞིང་། དེའང་ཚིག་དོན་ཐད་ཀར་བརྡ་རྙིང་དུ་སོང་བ་སོགས་ཅུང་རྟོགས་དཀའང་། བུ་འབོར་བ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱི་འགྲེལ་པ་དང་། ཀཿཐོག་པ་ཤཱཀྱ་རྡོ་རྗེའི་མཆན་འགྲེལ་སོགས་སྦྱར་ན་ཕལ་ཆེར་ཤེས་པར་སླ་སྙམ་མོ།། ༈ །།གསུམ་པ་ལོངས་སྐུའི་གླེང་གཞི་སྐབས། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་ལུགས་ནི། སྐབས་འདིའི་ཆོས་སྐད་དམིགས་བསལ་བ་སྟེ། རྔམས་གློག་ལས། འདས་པ་ནི་དཔྱིད་ཀྱི་དུས་ཏེ་དྷཱུ་པེ་མའོ། །ཞེས་སོགས་སྦྱར་བའི་དོད། རེ་ཞིག་ལོ་གཅིག་ལ་མཚོན་ཏེ་དུས་བཞིར་ཕྱེ་བའི་སྐབས། དབྱར་དུས་རྩི་ཤིང་མེ་ཏོག་སོགས་རྒྱས་པ་དུས་ཀྱི་དངོས་གཞིར་བྱས་སྟེ་ད་ལྟ་བ་དང་། དེ་ལ་ལྟོས་ནས་སྟོན་དཔྱིད་གཉིས་དེའི་སྦྱོར་མཇུག་ཡིན་པས་འདས་པ་དང་། མ་འོངས་པ། དགུན་གསུམ་ཀ་ཡོད་ལ་མ་ཚོགས་པས་མ་ངེས་པར་བཞག་ཅིང་། དེ་ལྟ་བུའི་དུས་བཞིའི་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་རྣམ་ཤེས་ཀྱི་ཆེར་དབང་པོ་ཡིན་པས་བསྐྱེད་པའི་སྒྲས་སྨོས་པ་ཙམ་ལས་སོ་སོར་སྦྱར་དུ་མེད་པར་སེམས་མོད། ཡེ་ཤེས་གཟིགས་པས་ཞིབ་


JKT004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཙའ་བར་བྱ་བའི་འོས་སོ།། ༈ །།བཞི་པ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་རྒྱས་གདབ་ཅེས་པའི་རྩལ་བདུན་ནི་གསེར་གྱི་བྱང་བུ་བྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། བེཟླུརླ་ཞུན་མས་བྲིས་པ་རྒྱུ་༢ཕུན་སུམ་ཚོགས་པར་དགོངས་པ། རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུ་༣སྣོད་ངོ་མཚར་བར་དགོངས་པ། ནམ་མཁའ་འབྱུང་བཞིས་མི་འཇིག་པས་གཏེར་གནས་༤ ཕུན་སུམ་ཚོགས་པར་དགོངས་པ། མ་དང་མཁའ་འགྲོ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་(ཁྱད་པར་ཅན་དུ་དགོངས་པ། ཆོས་བདག་རྒྱལ་པོ་ཛལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ། །སྐྱེ་འཕགས་བྱང་སེམས་ལ་གནས་པ་སོགས་གྲུབ་བརྙེས་བརྒྱུད་༧འཛིན་དར་རྒྱས་འབྱུང་བ་ལ་དགོངས་པ་སྟེ། ཇི་སྐད་དུ་བློ་གྲོས་ཐབས་ལྡན་ཚུལ་དེས་ནམ་མཁའ་རུ། །གསེར་གྱི་གླེགས་བམ་བྲི་གཞི་ཕུན་སུམ་ཚོགས། །རིན་ཆེན་བཻཌཱུརྨ་ཡི་ཞུན་མ་རྒྱུ། །རིན་ཆེན་སྣ་ཚོགས་སྒྲོམ་བུ་གཏེར་སྣོད་དེ། །མཁའ་དབྱིངས་འབྱུང་བཞིས་མི་འཇིག་གཏེར་གནས་མཆོག །ལྷ་དང་དེར་གནས་གཏེར་སྲུང་ཕུན་སུམ་ཚོགས། །ཨིནྡྲ་བོ་དྷི་ལས་ཅན་ཆོས་བདག་ཉིད། །བརྒྱུད་འཛིན་གྲུབ་བརྙེས་དར་རྒྱས་འབྱུང་བར་དགོངས། གཞི་༡རྒྱུ་༢སྣོད་༣གནས་༤སྲུང་(མ་བདག་༦ཉིད་དང་། །འཛིན་༧བྱེད་དགོངས་པའི་རྩལ་ལྡན་བདུན་རྫོགས་པས། །


JKT004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཏནྟྲ་སྦས་པ་རྒྱལ་པོའི་ཁང་སྟེང་བབས། །ཞེས་གསུངས་ཤིང་གཞན་དུ་ན་ས་མ་ཡ་དམ་ཚིག་གི་མནའ་རྒྱ་སོགས་བདུན་ལ་བཞེད་པར་སྣང་ནའང་སྐབས་འདིར་སྔ་མ་ཉིད་གཟིགས་པ་ལྔ་སོགས་དང་བརྡ་ཁྱད་མཐུན་ཅིང་སྔ་འགྱུར་བཀའ་མའི་གཞུང་ལ་གྲགས་ཆེ་བས་དབང་བཙན་པར་སེམས་ལ། ཡིག་རྙིང་ཁ་ཅིག་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱིངས་ཡེ་ཤེས་ཏེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་རིག་རྩལ་གྱི་ཕྱག་རྒྱས་གདབ་སྟེ། དེ་མཚོན་པ་རྟགས་ཀྱི་རྒྱ་བདུན་དང་བཅས་ཏེ་སྦས་སོ། །ཞེས་འབྱུང་བའང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྒྱ་བདུན་གྱིས་གདབ་པར་གསུངས་པ་དང་ཚུལ་མཐུན་པས་འདིའང་ལེགས་པར་བཤད་པའི་རྣམ་གྲངས་སུ་བཟུང་དུ་རུང་ངམ་སྙམ་མོ།། ༈ །།ལྔ་པ་རྒྱུད་ལྔ་བསྒྲལ་བའི་ཁྲག་ཅེས་པ་ནི། སྤྱི་དོན་ལྟར་ན། ལྷ་མ་ཡིན་སྟོད་རིས་ལྷ་དང་སྨད་རིས་དུད་འགྲོར་བསྡུ་བའི་ལྷག་མ་འགྲོ་བ་རྒྱུད་ལྔ་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་བསྒྲལ་བའི་ཁྲག་ཅེས་པ་དང་། སྦས་དོན་ལྟར་ན། དེ་རྣམས་སུ་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་རླུང་ལྔ་ལ་རྒྱུད་ལྔར་བཏགས་ཏེ་དེ་ཉིད་དབུ་མར་འཆིང་བ་ལ་བསྒྲལ་བ་དང་། དྭངས་མ་སྟོབས་སུ་གྱུར་པར་ཁྲག་གི་སྒྲས་སྨོས་པ་དང་། མཐར་ཐུག་གི་དོན་ལྟར་ན། འགྲོ་བ་རྒྱུད་ལྔར་འཁོར་བའི་རྒྱུ་དུག་ལྔ་འོད་གསལ་གྱི་དབྱིངས་སུ་བསྒྲལ་བ་ལས་ཡེ་ཤེས་ལྔ་སྟོབས་སུ་


JKT004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཁྲག་གིས་སྨོས་པར་འགྲེལ་དུ་རུང་ངམ་སྙམ་པ་ལགས།། ༈ །།དྲུག་པ་ངེས་དོན་རིན་པོ་ཆེའི་རྩ་རླུང་ཁྲིད་དང་སྙིང་ཏིག་གི་འཁྲུལ་འཁོར་སྐབས། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ཚིག་རྣམས་ཅུང་མི་མཐུན་ཙམ་བྱུང་ནའང་། སྙིང་ཏིག་གི་དགོངས་པ་ལྟར་ན། ལྡེམ་པས་འགགས་ལ་བཙིར་བས་འཆིང་། །མནན་པས་གནད་ལ་གཅུས་པས་གསལ། །ཞེས་བའི་དོན། ཀྱེ་རྡོར་བརྟག་གཉིས་ལས་ཀྱང་ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ནས་ཡེ་ཤེས་སྐྱེ་བར་འགྱུར། །ཅེས་སོགས་གསུངས་པ་ལྟར་གསུང་ངག་རིན་པོ་ཆེའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་སྐབས་ལོངས་སྤྱོད་ཀྱི་རླབས་ལ་བརྟེན་ནས་བདེ་བ་བསྒོམ་པས་བརྗོད་བྲལ་ལ་ངེས་ཤེས་བསྐྱེད་པར་གསུངས་པ་དང་ཚུལ་མཐུན་པ་སྟེ། མགྲིན་པ་ན་རྩ་འདྲ་བ་གསུམ་ཡོད་པའི་བདུད་རྩི་དང་ཁྲག་རྒྱུ་བའི་རྩ་བོར་ནས། ཐོག་མར་རླུང་རྒྱུ་བའི་རྩ་མནན་པས་སྣང་བ་མ་འགག་ལ་རྟོག་པ་འགགས་པ་ལ་སོགས་པའི་གསལ་སྟོང་བརྗོད་བྲལ་གྱི་ཉམས་མྱོང་སྐྱེ་བར་འགྱུར་ལ། དེ་ཡང་ལག་ཡ་གཅིག་གི་མཐེབ་སྲིན་གྱིས་ལྟེམ་༡པའི་ཐབས་ཀྱིས་ཡུལ་ལྔའི་རྟོག་པ་འགགས་པ་རྣམ་ཤེས་སྣང་བ་ལ་ཐིམ་པ་སྟོང་པའི་ཉམས། ལག་གཉིས་ཀས་བཙིར་༢བ་


JKT004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བའི་ཐབས་ཀྱིས་སྣང་བ་མཆེད་པ་ལ་ཐིམ་པ་ཤིན་ཏུ་སྟོང་པའི་ཉམས། སླར་ཡང་དྲག་ཏུ་མནན་༣པས་གནད་ལ་བོར་པའི་ཐབས་ཀྱིས་མཆེད་པ་ཉེར་ཐོབ་ལ་ཐིམ་པ་སྟོང་པ་ཆེན་པོའི་ཉམས། དེ་ཉིད་དར་ཟབ་ལྟ་བུའི་ཐག་པས་གཅུད་༤པའི་ཐབས་ཀྱིས་ཉེར་ཐོབ་འོད་གསལ་ལ་ཐིམ་པས་རབ་ཏུ་སྟོང་པའི་ཉམས་རྣམས་རིམ་བཞིན་འཆར་བར་བཞེད་པར་མངོན་ལ། ངེས་དོན་རིན་པོ་ཆེས་ལུང་གི་འཕྲོར་གཅུན་པས་རྒལ་བ་དྲངས་པར་ཤེས། ཞེས་འདུག་པ་ཡི་གེ་ཉམས་པའི་སྐྱོན་མིན་ན་རྦ་རླབས་རེངས་པའི་དོན་དུ་གོ་ཞིང་། ཕུར་པ་གཏོད་ལ་དྲག་ལ་གཟིར། ཞེས་པ་ནི་གོང་གི་གཅུད་པའི་དོན་གསལ་བར་བྱས་པ་སྟེ། དར་ཟབ་ལྟ་བུའི་ཐག་པའི་སྣེ་ཕུར་བ་ལ་གཏོད་ཅིང་གཅུས་ཏེ་བསྐོར་བའི་དོན་དང་། དེ་ལྟར་རྩ་ཡི་གནད་ཀྱིས་ཀྱང་། སངས་རྒྱས་ཉིད་ནི་མཚོན་པའོ། །ཞེས་པ་ནི། དེ་ལྟར་རྩ་གཉིད་ལོག་ལྟེམ་པའི་གནད་ཀྱིས་ཀྱང་། རང་བཞིན་བརྒྱད་ཅུའི་རྟོག་པ་རགས་རིམ་དབྱིངས་སུ་འགགས་པའི་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མཚོན་བྱ་དོན་གྱི་ཡེ་ཤེས་གང་ཡིན་པ་དེ་ནི་མཚོན་བྱེད་དཔེའི་ཚུལ་གྱིས་མཚོན་པའོ། །ཞེས་པའི་དོན་དུ་འགྱུར་སྙམ་ཞིང་། འདི་ལ་སྙིང་ཏིག་གི་ཁྲིད་གཞུང་སོགས་སུ་རྡོ་རྗེའི་རྦ་རླབས་ཞེས་གསུངས་ནའང་། ལམ་འབྲས་པའི་ལུགས་ཀྱི་དབང་བཞི་པའི་ལམ་རྡོ་རྗེའི་


JKT004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྦ་རླབས་དང་ནི་མིང་གཅིག་པ་ཙམ་ལས་དོན་ཐ་དད་པ་ལགས། དེ་ལྟར་གོང་འོག་གི་ཟབ་མོའི་དོན་རྣམས་ལ་བདག་ལྟ་བུ་སོ་སྐྱེ་ལས་དང་པོ་པ་རྣམ་ཤེས་ཤིན་ཏུ་ལྐོག་ཏུ་གྱུར་པའི་རིགས་ཅན་གྱིས་མ་རྟོགས་པ་དང་ལོག་པར་རྟོག་པ་ཁོ་ན་ལས་ཕྱོགས་ཙམ་རྟོགས་པའང་མི་སྲིད་ན། དོན་དང་འགལ་བའི་ཕུང་པོ་ཆེན་པོའི་ཉེས་པ་མཐའ་དག་ཡེ་ཤེས་གཟིགས་པ་དམ་པས་བཟོད་པར་བཞེས་པ་དང་། བླུན་པོའི་སྤྱི་བརྟོལ་གྱི་ཚིག་ལ་སླར་ཡང་བརྩེ་བ་མཆོག་གི་སྤྱན་རས་ཀྱིས་རྣམ་ཀུན་རྗེས་སུ་བཟུང་བའི་རྒྱུར་འགྱུར་བར་ཅི་གནང་། སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། ༈ །།ཨོཾ་སྭ་སྟི། བཀའ་འདྲི་དང་པོ། དཔལ་འཁོར་ལོ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རིམ་པར་ཕྱེ་བ་པོ་གསུམ་པ་ལས། །གང་ཚེ་དེ་ཉིད་ལ་རེག་པ། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །སེམས་ཅན་ཇི་ལྟར་བསམ་མེད་དེ། །བསམ་མེད་ཇི་ལྟར་རྒྱལ་བའང་དེ། །གང་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་གྱིས་མི་ཁྱབ་སེམས་དེ་ལ། །བསམ་པ་ཀུན་གྱིས་བགྲོད་པས་འདས། །སྣ་ཚོགས་རྟོག་པའི་སྒྲོ་འདོགས་མེད། །ཅེས་སོགས་གསུངས་པའི་དོན། པཎ་གྲུབ་ཆེན་པོ་རཏྣ་རཀྵི་ཏའི་དཀའ་འགྲེལ་པདྨ་ཅན་ལས། རྫོགས་པའི་རིམ་པའི་ལེའུ་མདོར་བསྟན་པ་


JKT004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ཁོ་ན་ངེས་པར་བསྟན་པའི་ལེའུ་རྒྱས་པར་བཤད་པ་སྟེ་འདི་ནི་ཤིན་ཏུ་རྒྱས་པར་བཤད་པའོ། །བསམ་པ་ཐམས་ཅད་བསམ་དུ་མེད། ཅེས་པ་སེམས་ཅན་ཐམས་ཅད་བསམ་གྱིས་མི་ཁྱབ་པས་སོ། །བསམ་དུ་མེད་ཅེས་པ་བསམ་པ་དང་བྲལ་བས་སོ། །ཇི་ལྟར་ཞེས་པ་སེམས་ཅན་ཐམས་ཅད་དང་རྣལ་འབྱོར་པའི་སེམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཁྱད་པར་མེད་པའི་ཕྱིར་རོ། །བསམ་དུ་མེད་པས་ཞེས་པས་སེམས་མེད་པས་སོ། །བསམ་གྱིས་མི་ཁྱབ་སེམས་པ་དེས། ཞེས་པ་བསམ་དུ་མེད་པར་སེམས་པའོ། །སྣ་ཚོགས་སྒྲོ་འདོགས་མིན་ཞེས་པ་སྒྲོ་འདོགས་དང་བཅས་པ་མེད་ལ་སྒྲོ་འདོགས་དང་བྲལ་བའང་མེད་པའོ། །འདིར་གདམས་ངག་འདི་ཡིན་ཏེ། བསྐྱེད་པའི་རིམ་པ་སྔོན་དུ་སོང་ཞིང་རྡོ་རྗེ་བཟླས་པའི་རིམ་པས་མཐར་ཐུག་པ་ལེགས་པར་གོམས་པའི་རྣལ་འབྱོར་པས་ཕྱོགས་འགའ་ཞིག་ཏུ་སྐྱིལ་ཀྲུང་བཅས་ལ་འདུག་སྟེ། ཁམས་གསུམ་པ་ལ་དེས་དངོས་པོར་གྲུབ་པ་ཅུད་ཟད་ཀྱང་མེད་ཅིང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། དཔལ་རྡོ་རྗེ་ཕག་མོ་དང་བདེ་མཆོག་གི་རང་བཞིན་གྱིས་ཁྱབ་པའོ་ཞེས་རབ་ཏུ་བསྟན་པར་བྱ་སྟེ། ཡོད་པ་མ་ཡིན་པའི་རྣམ་པར་རྟོག་པ་མཐའ་དག་བསལ་ནས་དེ་ཁོ་ན་ལྟར་བླ་མའི་གདམས་ངག་ལས་འོད་གསལ་གྱི་རིམ་པས་རྣམ་པར་རྟོག་པ་མེད་པར་གནས་ན་༢། ཡུན་མི་རིང་བར་རྣམ་པར་མི་


JKT004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཡེ་ཤེས་གསལ་བར་འགྱུར་རོ། །ཞེས་པའོ། །ཞེས་གསུངས་པའི་དོན། སྤྱིར་འཁོར་ལོ་བདེ་མཆོག་ལ། མ་རྒྱུད་རང་རྐང་ལྟར་བཀྲལ་བ་སངས་རྒྱས་མཉམ་སྦྱོར། གསང་འདུས་འཕགས་ལུགས་དང་མཐུན་པར་བཀྲལ་བ་བདེ་མཆོག་སྡོམ་འབྱུང་། དུས་ཀྱི་འཁོར་ལོ་དང་མཐུན་པར་བཀྲལ་བ་མཁའ་འགྲོ་རྒྱ་མཚོ། རྣལ་འབྱོར་གསང་མཐའ་ཐུན་མོང་མ་ཡིན་པ་ལྟར་བཀྲལ་བ་ལཱུ་དྲིལ་ནག་གསུམ་ཕྲན་དང་བཅས་པ་ཞེས་གྲགས་པའི་ནང་ནས། སྡོམ་འབྱུང་ནི་རྒྱུད་དང་མན་ངག་གི་བསྟན་དོན་ཕལ་ཆེར་གསང་འདུས་འཕགས་ལུགས་དང་མཐུན་པས་ན། རིམ་པར་ཕྱེ་བ་འདིའང་སྤྱིར་རྫོགས་རིམ་སྟོན་པའི་གཞུང་། དེ་ལའང་མདོ་རྒྱས་གཉིས་ལས་རྒྱས་པར་བཤད་པའི་སྐབས། དེ་ལའང་རིམ་པ་ལྔ་ལས་སྐབས་འདི་ནི། ལུས་དབེན་དང་རྡོ་རྗེའི་བཟླས་པ་སྔོན་དུ་སོང་ནས། སེམས་དབེན་ཐུགས་རྡོ་རྗེའི་རྣལ་འབྱོར་སྟོན་པའི་སྐབས་ཡིན་པས། སྤྱིའི་གོ་དོན་རྒྱས་པ་ནི་གསང་འདུས་རིམ་ལྔའི་སེམས་དབེན་གྱི་སྐབས་ལས་མཁྱེན་དགོས་པ་ལས་བཤད་བྱ་རྒྱ་ཆེ་བའི་ཕྱིར་བྲིར་མ་ལྡང་ལ། ཚིག་དོན་ཙམ་ནི་གང་གི་ཚེ་སྒྲུབ་པ་པོ་ཆེས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སེམས་དབེན་ཐུགས་རྡོ་རྗེའི་རྣལ་འབྱོར་ལ་རེག་པ་སྟེ་ལྷག་པར་སྤྱོད་པ་རྣམས་ཀྱིས་ནི། བསམ་པར་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་། །


JKT004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པས་ན། གཉིས་འཛིན་གྱི་བློས་བསམ་དུ་མེད་པ་ཡིན་ནོ། །གང་གི་ཚེ་བསམ་དུ་མེད་པར་སེམས་པ་སྟེ་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་དེའི་ཚེ་ན་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དུ་རྟོགས་པར་འགྱུར་ཏེ་ཤེས་བྱའི་ཡུལ་དང་། ཤེས་བྱེད་ཀྱི་བློ་གཉིས་ཀ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཡུལ་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་བསམ་དུ་མེད་པ་ཇི་ལྟ་བར་ཡུལ་ཅན་རྣལ་འབྱོར་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱང་བསམ་དུ་མེད་ལ། རྣམ་འབྱོར་པའི་སེམས་ཀྱི་དེ་ཁོ་ན་ཉིད་བསམ་དུ་མེད་པ་ཇི་ལྟ་བར་རྒྱལ་བ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་ཀྱང་བསམ་དུ་མེད་པ་སྟེ། མདོར་ན་གཞི་སེམས་ཅན་གྱི་ཆོས་ཉིད། ལམ་རྣལ་འབྱོར་པའི་ཉམས་མྱོང་། འབྲས་བུ་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ཐམས་ཅད་བསམ་གྱིས་མི་ཁྱབ་པས་ན། གང་གི་ཕྱིར་སྒྲུབ་པ་པོ་སེམས་དབེན་གྱི་རྣལ་འབྱོར་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་དོན་དུ། བསམ་པ་དང་བྲལ་བའམ་བསམ་གྱིས་མི་ཁྱབ་པའི་དགོངས་པ་ཟབ་མོ་གང་ཡིན་པ་སངས་རྒྱས་རྣམས་ཀྱིས། བསམ་པ་སྟེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཚུལ་གྱིས་ཉམས་སུ་བླང་བའི་འདི་ནི་རབ་ཏུ་བཤད་དེ། དོན་དམ་པར་བསམ་གྱིས་མི་ཁྱབ་པའི་སེམས་དབེན་ཐུགས་


JKT004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གནས་ལུགས་དེ་ལ། ཀུན་རྫོབ་བསམ་པ་ཀུན་གྱིས་བགྲོད་དུ་མེད་པས་ཡུལ་ཡུལ་ཅན་ཐམས་ཅད་རོ་གཅིག་པའི་བསམ་མི་ཁྱབ་པའི་རྫོགས་རིམ་གྱི་རྣལ་འབྱོར་ལ་གོམས་པས། གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ཐིམ་པས་གཟུང་འཛིན་སྣ་ཚོགས་པའི་རྣམ་པར་རྟོག་པའི་སྒྲོ་འདོགས་མེད་ལ། དེའང་གདོད་མ་ནས་མེད་པའི་ཕྱིར་སྒྲོ་འདོགས་དང་བྲལ་བ་རང་མེད་དེ། ཞེས་པའི་དོན་ལགས། འགྲེལ་པར་དེའི་གདམས་ངག་ནི་འདི་ཡིན་ཏེ་ཞེས་སོགས་མན་ཆད་སེམས་དབེན་ཇི་ལྟར་བསྒོམ་པའི་ཚུལ་སྟོན་པ་སྟེ་མཁྱེན་པར་སླའོ།། ༈ །།གཉིས་པ་མཛོད་འགྲེལ་བདེན་གཉིས་ཤིང་རྟར་ལམ་རྒྱུད་ལྔའི་བཤད་པ། རྨི་ལམ་གྱི་ལམ་སོགས་ཀྱི་དོན་སྤྱིར་ལམ་རྒྱུད་ལྔ་ལ། འགའ་ཞིག་གིས་འགྲོ་བ་རྒྱུད་ལྔ་དང་གཅིག་པར་མཛད་ནས་ལྷ་མ་ཡིན་སྟོད་རིས་ལྷ་དང་། སྨད་རིས་དུད་འགྲོར་བསྡུས་པའི་ལྷག་མ་ལྔར་བཞག་པ་དང་། དེ་ལའང་། ལྷ་གཡེང་བའི་ལམ། མི་གདམས་པའི་ལམ། དུད་འགྲོ་མུན་པའི་ལམ། ཡི་དྭགས་འགོག་པའི་ལམ། དམྱལ་བ་གདུང་བའི་ལམ་ཞེས་པའི་ཐ་སྙད་བཏགས་པ་དང་། གཞན་དག་འགྲོ་བ་རིགས་དྲུག་ཏུ་འགྲོ་བའི་ལས་ལམ་གྱི་རྒྱུ་ཉོན་མོངས་པ་ལྔར་སྤྱོད་པའི་གང་ཟག་ལ་བཞག་པ་སོགས་བཤད་ཚུལ་མང་ནའང་། སྐབས་དོན་རྨི་ལམ་གྱི་ལམ་ནི་རྨི་ལམ་དུ་ཡིད་ཀྱི་ལུས་ལ་བརྟེན་ནས་


JKT004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་སྣ་ཚོགས་སྤྱོད་པ་དང་། བག་ཆགས་ཀྱི་ལམ་ནི་ཉིན་པར་བག་ཆགས་སྤྱིར་ལུས་རྟེན་རགས་པ་ལ་བརྟེན་ནས་བདེ་སྡུག་རགས་པར་སྤྱོད་པ་དང་། ལས་སྤྱི་མཐའི་ལམ་ནི་མྱོང་བར་ངེས་པའི་འབྲས་བུ་ལ་སྤྱོད་པ་དང་། འཁྲུལ་འཁོར་མ་ངེས་པའི་ལམ་ནི་རིགས་དྲུག་སྤྱིའི་འཁྲུལ་སྣང་དང་། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་ནི་བར་དོའི་ཡིད་ལུས་ཀྱི་འཁྲུལ་སྣང་ལ་བཞག་པ་སྟེ། དེ་ཙམ་གྱིས་འགྲོ་བ་རིགས་དྲུག་གི་རྒྱུ་དང་འབྲས་བུ་བསྡུས་པར་དགོངས་ཤིང་འཆད་པའང་སྣང་མོད་དེ། མདོ་རྒྱུད་ཀྱི་ཁུངས་གང་ཡིན་བཙལ་ནས་ཞིབ་མོར་དཔྱད་པ་རིགས་སོ།། ༈ །།གསུམ་པ་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་པས། དེ་ཡང་སྔགས་སྡོམ་ཡིན་ན་དམ་ཚིག་འདྲེས། །དམ་ཚིག་ཡིན་ན་སྡོམ་པ་འདྲེས་མི་འགྱུར། །ཞེས་པའི་དོན་འགྲེལ་པས་མ་བཀྲལ་བས་དགོངས་པ་དངོས་ཇི་ལྟར་ཡིན་ཤེས་དཀའ་རུང་ཐད་ཀར་གོ་བ་བླངས་ན་ནི། དེ་ཡང་གནང་བཀག་ལ་དཔྱད་ནས་འཇུག་ལྡོག་གཉིས་སུ་བྱེད་དགོས་པ་མཐའ་དག་སྡོམ་པར་བཞག་པས་ན། སྔགས་ཀྱི་སྡོམ་པ་ཡིན་ན་དམ་ཚིག་ཀྱང་དེའི་ནང་དུ་འདྲེས་པའམ་འདུས་པ་ཡིན་ཏེ། དེ་འཇུག་ལྡོག་གི་ཟླས་ཕྱེ་བའི་ལྡོག་པའི་ཆ་ཡིན་པའི་ཕྱིར། དམ་ཚིག་ཡིན་ན་དེའི་ནང་དུ་སྡོམ་པ་མི་འདུ་སྟེ། སྨོན་འཇུག་གཏོང་བ་ལ་སོགས་པ་འདའ་བར་མི་རུང་པའི་ཆ་ཐམས་ཅད་དམ་ཚིག་ཡིན་


JKT004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། དེའི་ནང་ན་འཇུག་པའི་ཆ་མི་འདུ་བའི་ཕྱིར། ཞེས་དགོངས་པར་གསལ་ཏེ། དམ་ཚིག་འདའ་བར་བྱ་བ་མ་ཡིན་ལ། ཞེས་སོགས་སྤྱི་བཤད་པའི་སྐབས་ལ་དཔྱད་པས་ཤེས། གཞན་དུ་ན་སྡོམ་པའི་ནང་དུ་དམ་ཚིག་འདུ་སྟེ། དམ་ཚིག་ནི་སྔགས་ཀྱི་ཀུན་སྤྱོད་ཕྲ་མོ་ཐམས་ཅད་ལ་བཞག་སྟེ། དཔེར་ན་སྦྱིན་སྲེག་སྐབས་སུ་ལག་པ་པུས་མོའི་ཕྱིར་མི་འདའ་བ་ལྟ་བུ་དེ། སྡོམ་པའི་ཡན་ལག་ཡིན་ཏེ། རྩ་ལྟུང་གི་དབང་དུ་བྱས་ན་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ལྟ་བུར་འདུ་བའི་ཕྱིར། དམ་ཚིག་ནང་དུ་སྡོམ་པ་མི་འདུ་སྟེ། སྔགས་ཀྱི་ཀུན་སྤྱོད་ཉི་ཚེ་བའི་ནང་དུ་སྔགས་ཀྱི་སྡོམ་པ་རྫོགས་པ་མི་འདུ་བའི་་ཕྱིར། དཔེར་ན་ནས་ཁལ་གཅིག་གི་ནང་དུ་འདོང་གང་འདུ་མོད་དེ། འདོང་གང་གི་ནང་དུ་ཁལ་གཅིག་མི་འདུ་བ་བཞིན་ཞེས་བཤད་པའང་སྣང་ཞིང་། ལར་ཡང་དམ་ཚིག་དང་སྡོམ་པ་གཅིག་མི་གཅིག་གི་དཔྱད་པ་ཤིན་ཏུ་མང་མོད་ཀྱང་། སྐབས་འདིའི་བཞེད་པ་ནི་གོང་དུ་སྨོས་པ་ལྟར་འཐད་དོ་སྙམ།། ༈ །།བཞི་པ་དཔལ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་བརྟགས་པ་གཉིས་པའི་བརྟག་པ་ཕྱི་མའི་ལེའུ་བཞི་པ་རྡོ་རྗེའི་གླུ་གར་གྱི་སྐབས་ཀྱི་ལུང་། དེ་ལ་དྲིས་ནི་མཚོན་པར་བྱ། །སྒོག་པའི་དྲི་ནི་དང་པོ་སྟེ། །དེ་བཞིན་ཡང་ནི་རྒྱ་རྒོད་དེ། །ག་བུར་མ་ལ་ཡཾ་ཛེ་ཉིད། ངང་པ་དང་ནི་བུང་པའི་སྒྲ། །གླུ་ཡི་མཐའ་ནས་མཉན་པར་བྱ། །བ་


JKT004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལང་འཚོ་བའི་སྒྲ་ཡང་ནི། །ཕྱི་རོལ་ཚལ་དུ་མཚོན་བྱ་བ། །གླུ་ཡི་བྱིན་རླབས་མཚན་ཉིད་དོ། །ཞེས་པའི་དོན། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྐབས་སུ་རྡོ་རྗེའི་གླུ་བླངས་ཤིང་གར་བྱས་པས་དཔའ་བོ་མཁའ་འགྲོ་རྣམས་འདུ་ཞིང་བྱིན་གྱིས་རློབ་པར་འགྱུར་ཏེ། དེ་ལ་བྱིན་རླབས་ཀྱི་མཚན་མ་ཆུང་འབྲིང་ཆེ་བ་ནི་དྲི་དང་སྒྲས་མཚོན་པར་བྱ་སྟེ། སྒོག་པའི་དྲི་ལྟ་བུ་ནི་དང་པོ་སྟེ་ཆུང་བ་ཉིད་དང་། དེ་ནས་གཞན་ཡང་རྒྱ་རྒོད་ཀྱི་དྲི་ལྟ་བུ་ནི་འབྲིང་དང་། ག་བུར་དང་། མ་ལ་ཡཾ་ཛེ་སྟེ་མ་ལ་ཡར་སྐྱེས་པའི་ཙནྡན་གྱི་དྲི་ལྟ་བུ་ནི་ཆེ་བ་ཉིད་དང་། སྒྲས་མཚོན་པ་ནི་ངང་པའི་སྐད་ལྟ་བུ་དང་། བུང་བའི་སྒྲ་ལྟ་བུ་འབྱུང་བ་སྟེ། །དེ་དག་རང་གིས་གླུ་བླངས་པའི་མཐའ་མ་སྟེ་རྗེས་ནས་མཉན་པར་བྱ་ཞིང་། དེ་བཞིན་དུ་བ་ལང་འཚེ་ཡི་སྟེ་ཅེ་སྤྱང་གི་སྒྲ་ལྟ་བུ་ཡང་ནི་ཚོགས་ཁང་དེ་ཉིད་ཀྱི་ནང་ངམ། དེ་དང་ཉེ་བའི་ཕྱི་རོལ་གྱི་སྐྱེད་མོས་ཚལ་སོགས་གང་དུ་བྱུང་ནའང་བྱིན་གྱིས་བརླབས་པའི་ལྟས་སུ་མཚོན་པར་བྱ་བ་སྟེ། གླུ་ཡི་བྱིན་རླབས་ཀྱི་མཚན་ཉིད་དོ། །ཞེས་པའི་དོན་ལགས་ཤིང་། དེའང་སྒྲ་ཇི་བཞིན་པ་ལས་གཞན་པའི་གོ་བ་བཙལ་དུ་མེད་དེ། ནུས་པ་དང་ལྡན་པས་ཚོགས་ཀྱི་འཁོར་ལོ་སོགས་ཀྱི་སྐབས་རྡོ་རྗེའི་གླུ་དང་གར་བྱེད་པའི་ཚེ་དེ་ལྟ་བུའི་དྲི་དང་། སྒྲ་བྱུང་ན་དཔའ་བོ་དང་མཁའ་འགྲོས་བྱིན་གྱིས་བརླབས་པའི་ལྟས་སུ་ཤེས་པར་བྱ་བ་ཉིད་དོ། །


JKT004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ས་དང་པོའི་རྗེས་ཐོབ་མཐོང་ལམ་དུ་གཏོགས་ཏེ། མཐོང་ལམ་འཁོར་དང་བཅས་པ་ཞེས་འབྱུང་བའི་འཁོར་ཡིན་པའི་ཕྱིར། མཉམ་བཞག་ནི་མཐོང་ལམ་དངོས་ཡིན་ལ། རྗེས་ཐོབ་དེའི་ཡན་ལག་གམ་འཁོར་ཡིན་པས་ན། མཉམ་བཞག་གིས་མཐོང་ལམ་གྱི་གོ་མི་ཆོད་པའི་སྐྱོན་ཀྱང་མེད་དོ།། ༈ །།དྲུག་པ་ཡིད་དང་སྒོ་ལྔའི་ཤེས་པ་འཇུག་པ་དང་ཐིམ་པ་གཉིས་ཀའི་སྐབས། ཀུན་གཞི་ལས་ཡིད། དེ་ལས་སྒོ་ལྔའི་ཤེས་པ་རིམ་པར་སྐྱེ་ཞིང་། ཐིམ་པ་ནའང་ལུགས་ལྡོག་ཏུ་རིམ་པར་ཐིམ་པར་རྒྱུད་དང་མན་ངག་ཐམས་ཅད་ལས་གསུངས།། ༈ །།བདུན་པ་བདེ་གཤེགས་ཀུན་འདུས་རི་ཆོས་ལུང་རྒྱུན་ཙམ་མ་གཏོགས། ཟུར་དུ་ཁྲིད་རྒྱུན་འདྲ་ནི་མི་བཞུགས་པས། ཞལ་ཤེས་ཀྱི་དཔེ་དང་། སྙན་བརྒྱུད་མ་འཚལ་ཞིང་། རྩ་ཁྲིད་ཀྱི་གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་སྐབས་སུ་ཟིན་བྲིས་ཕྲན་བུ་རེ་ཙམ་སྣང་།། ༈ །།བརྒྱད་པ་ཆོས་སྐྱོང་སྲུང་མ་ལྟ་བུ་མདུན་བསྐྱེད་གཙོར་བཏོན་ལ་རྫོགས་སྨིན་སྦྱང་གསུམ་སྦྱར་བ་མ་མཐོང་ཞེ་ན། ལྷག་པར་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ལ་ནི། རང་གི་རྡོ་རྗེའི་ལུས་ཉིད་ལྷར་བསྒོམ་པ་ལས་གཞན་ལ་སྦྱར་དུ་མེད། སྤྱིར་ཡང་མདུན་བསྐྱེད་སྒྲུབ་མཆོད་སོགས་བསྐྱེད་རིམ་གྱི་ཡན་ལག་ཡིན་གྱི། དངོས་གཞི་མ་ཡིན། ལམ་ངེས་རྫོ་བ་ས་ཀྱི་དབང་དུ་བྱས་ན། ཐོག་མར་བདག་ལྷར་བསྐྱེད་པའི་རྣལ་འབྱོར་ལ་


JKT004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྣང་མཐར་ཕྱིན་པར་བསླབ། །དེ་ནས་བསྙེན་སོགས་ལས་སུ་རུང་བར་བྱས། དེ་རྗེས་རང་གཞན་གྱི་དོན་གྲུབ་པའི་ཕྱིར་དཀྱིལ་འཁོར་འབྲི་སྒྲུབ་སོགས་ལ་འཇུག་པས་ན། བསྐྱེད་རིམ་གྱི་གཙོ་བོ་བདག་ཊྛ བསྐྱེད་ཡིན་ནོ།། ༈ །།དགུ་པ་དར་གྱི་རྒྱན་ལ། གསར་མའི་ཕྱོགས་ཕལ་ཆེར་ལ་དངོས་སུ་སྟོད་གཡོགས་དང་། སྨད་དཀྲིས་གཉིས་ཁོ་ན་གསུང་། རྙིང་མའི་ཕྱོགས་ལ་དར་གྱི་རྒྱན་ལྔ་ཞེས་པ་ལའང་འདྲེན་ཚུལ་མང་མོད་དེ། སྨིན་གླིང་པ་ཆེན་པོ་སོགས་ཀྱི་གསུང་ལྟར་ན། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་ཞེས་པ། རྒྱུ་དར། ཁ་དོག་དཀར་པོ། དེ་ལ་གསེར་གྱི་ངང་རིས་ཏེ་རི་མོ་རྩིང་པོ་ཡོད་པའི་ཡུག་གོན་གྱི་སྟོད་གཡོགས། ཚི་གུ་ཞེས་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས། དབུ་རྒྱན་ལས་འཕྱང་བའི་ཅོད་པན། ཟི་ལྡིར་ཞེས་པ་རྒྱུ་དར་མཐིང་ཁྲ། དབྱིབས་འཕན་གྱི་རྣམ་པ་ལྟག་པ་ནས་འཕྱང་བ་སྟེ། དོན་དུ་དེང་སང་གར་པ་རྣམས་ཀྱི་རྒྱབ་འཕེན་དེ་ཀ་ལགས། གར་གྱི་བུ་དུང་ནི་གར་ལ་འཇུག་པ་སོགས་ཀྱི་གོས་ཡིན་པ་དང་། རྣམ་པ་ཕུ་དུང་མ། དབྱིབས་གོས་ཐུང་ལྟ་བུ་ལས་ཕུ་དུང་པུས་མགོ་ཙམ་ལས་མི་སླེབ་པའི་ཐུང་ངུ་ཞིག་ཡིན། དོན་དུ་ཕུ་དུང་རིང་ཐུང་མ་གཏོགས་དེང་སང་གར་པ་རྣམས་ཀྱི་གར་གོས་འདི་ཀ་ལགས་ཤིང་། ཁ་དོག་ནི་རིགས་སོ་སོའི་མདོག་དང་མི་ཟློས་པ་ཞིག་ལས་དམིགས་བསལ་མ་གསུངས།


JKT004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རིགས་ལ་གསུང་ལུགས་སྣ་ཚོགས་མཛད་ཀྱང་། སྔོན་གྱི་བྲིས་སྐུ་རྙིང་པ་དང་གསང་རྒྱུན་འཁྲུལ་མེད་ཡིད་རྟོན་ཕེར་བ་ལགས།། །།བཅུ་པ་རིགས་སོ་སོའི་སྐྱིལ་ཀྲུང་ནི། རྡོ་རྗེའི་རིགས་ལ་རྡོར་སྐྱིལ། གཤེགས་རིགས་ལ་སེམས་སྐྱིལ། རིན་པོ་ཆེའི་རིགས་ལ་གཡས་བརྐྱངས་པའི་ཕྱེད་སྐྱིལ། པད་རིགས་ལ་ལོང་བུ་བསྣོལ་བ་ཙམ་གྱི་སྐྱིལ་ཀྲུང་། ལས་རིགས་ལ་གཡོན་བརྐྱངས་པའི་ཕྱེད་སྐྱིལ་ཏེ་སོ་སོར་རྒྱུ་མཚན་དང་བཅས་ཏེ་གསུངས། རིགས་སོ་སོའི་ཁུ་ཚུར་ཡོ་གའི་སྐབས། རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་བརྐྱང་པ་རྡོ་རྗེའི། མཛུབ་མོ་བརྐྱང་པ་རིན་ཆེན་གྱི། གུང་མོ་བརྐྱང་པ་གཤེགས་རིགས་ཀྱི། སྲིན་ལག་བརྐྱང་པ་པདྨའི། མཐེའུ་ཆུང་བརྐྱང་པ་ལས་རིགས་ཀྱི་ཁུ་ཚུར་དུ་བཤད་ཅིང་ཕྱག་ལེན་ལའང་མཛད་དོ།། ༈ །།བཅུ་གཅིག་པ་ལྷག་མཐོང་གི་སྐབས། གློད་རབ་བསྒོམ་རབ་ཞེས་གསུངས་པ། གཤིས་སྐྱེ་མེད་ཀྱི་ངང་དུ། བློ་བྱར་མེད་དུ་རང་སོར་འཇོག་པ་ལ་དེའི་ཐ་སྙད་བཏགས་པ་ལས། དང་པོ་བསྒྲིམ། དེ་ནས་གློད་པ་སོགས་རྣམ་རྟོག་གིས་འདུ་བྱས་པ་ལ་ཟེར་བ་མ་ལགས་པས། མ་བཅོས་པ་འཆོས་པའི་སྐྱོན་མི་འཇུག །ཞི་གནས་ཀྱང་པའི་སྐབས་ན། ཆེད་དུ་བཅོས་པའི་སྒོ་ནས་སེམས་གནས་ཆ་བཙལ་བ་སྟེ་འདི་དང་མི་གཅིག་པ་གཞིར་བཅས།། ༈ །།བཅུ་གཉིས་པ། ཡི་དྭགས་འཇུར་གེགས་ལ་ཆུ་སྦྱིན་གྱི་


JKT004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཟན་བཅུག་པ་མི་རུང་བར་གསུངས་ཏེ། སྡོམ་གསུམ་རབ་དབྱེ་ལས། །འགའ་ཞིག་ཆུ་སྦྱིན་ནང་དུ་ཟན། །འཇུག་པའི་ལག་ལེན་བྱེད་པ་ཐོས། །འཇུར་གེགས་ཅན་གྱི་ཡི་དྭགས་ཀྱིས། །ཆུ་སྦྱིན་ནང་དུ་ཟན་མཐོང་ན། །འཇིགས་པ་ཆེན་པོ་འབྱུང་བར་གསུངས། །དེ་ན་ཆུ་སྦྱིན་ནང་དུ་ཟན། །འདེབས་པ་ཆོ་ག་ཉམས་པ་ཡིན། ཞེས་གསུངས་པའི་ཕྱིར།། ༈ །།བཅུ་གསུམ་པ་དེ་བཞིན་དུ། ཡི་དྭགས་ཀྱི་ཆུ་སྦྱིན་ལ་འོ་མ་བསྲེ་བའང་མི་རུང་སྟེ་རགས་པའི་ཟས་སུ་འགྱུར་བའི་ཕྱིར།། ༈ །།བཅུ་བཞི་པ་ཆུ་གཏོར་བཏོང་སྐབས་མིག་ར་ལྟ་བུའི་གདོང་འགེབས་གོན་པ་ནི་དགེ་ལུགས་པ་རྣམས་ཀྱིས་ཕྱག་ལེན་དུ་མཛད། དགེ་བཤེས་རྣམས་ཀྱིས་གཏོར་མའི་ཁྲིད་ཀྱི་སྐབས་རྒྱུ་མཚན་གསུངས་པ་ན། ཡི་དྭགས་ཕྲ་མོ་སོགས་མགྲོན་རིགས་འགའ་ཞིག་མིའི་གདོང་པ་མཐོང་ན་ཤིན་ཏུ་འཇིགས་ཤིང་སྐྲག་པས་དཔག་ཚད་མང་དུ་འབྲོས་པར་འགྱུར་བས་ན། དེ་རྣམས་ཀྱི་འཇིགས་པ་སྐྱོབ་པའི་ཆེད་ཡིན་གསུངས་པ་ཙམ་ལས་རྒྱུ་མཚན་གཞན་མི་སྣང་ལགས།། ༈ །།པཎ་ཆེན་ཤཱཀྱ་མཆོག་ལྡན་པའི་རྣམ་ཐར་ཞིབ་མོ་རྣམ་འབྱེད་ཅེས་གྲོལ་མཆོག་གིས་མཛད་པ་ལས། སེ་རར་གུང་རུ་རྒྱལ་མཚན་དཔལ་བཟང་ལས་དབུ་མ་གསན་སྐབས་དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་


JKT004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་དགེ་ལྡན་པའི་ཆར་གཏོགས་ཡོངས་ཀྱི་སྒྲོགས་པར་སྣང་། རྗེ་རིན་པོ་ཆེ་དང་བླ་མ་རྗེ་བཙུན་རེ་མདའ་པ་གཉིས་དགག་བྱའི་ངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་རྩིང་ཞི་བ་ལས། མཉམ་བཞག་འཇོག་ཚུལ་འདྲ། ལར་རང་ཡང་མདོ་སྡུད་པ་ལས། རྩ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་བསྲེག །ཅེས་ཤིང་དགྲ་མེ། མེ་དགྲ་ཤིང་ཡིན་ཞིང་། ཤིང་བསྲེག་པ་ལ་མེ་དགོས། མེ་སྦར་བ་ལ་ཤིང་དགོས། ཤིང་ཟད་མཐར་མེ་འཆི། ཕན་ཚུན་མེད་ན་མི་འབྱུང་བའི་ལྟོས་ཆོས་རྟེན་འབྲེལ་ཡིན་དངོས་སུ་གསུང་ལས་ཐོས། ཞེས་དང་། པཎ་ཆེན་ནགས་རིན་པ་རྩེ་ཆེན་གྲུབ་ཆེན་ཀུན་བློ་ལས་སྦྱོར་དྲུག་གསན་ཀྱང་། ཕྱིས་དེའི་བརྒྱུད་པ་གསང་ནས་ཤ་བ་རིལ་བ་སྙེགས་ཚུལ། གསེར་མདོག་ཅན་འདི་སྔོན་རྒྱལ་བ་གཡུང་སྟོན་པའི་སྒྲུབ་གནས། དེ་ཡང་རྟ་དྲེའུ་ཁ་དོག་དཀར་པོ་དང་། དངུལ་བྲེ་ཆེན་གཅིག་བྱིན་པ་དེ་ཉོས་ནས་གང་ཕུག་ཏུ་སྒྲུབ་པ་མཛད་པས་ཉམས་རྟོགས་ཕུལ་བྱིན་འཁྲུངས། རིན་བཅལ་བ་དེ་རི་བར་དགོངས་ནས་ཟི་ལུང་ཞེས་བཏགས། ཕྱིས་རྗེ་དོན་ཡོད་དཔལ་བའི་དུས་ཀྱང་ཟི་ལུང་ཞེས་སྒྲོགས། པཎ་ཆེན་ཉིད་དགུང་ལོ་ཞེ་བཞི་ཡོས་ལོ་རྟ་པ་ཟླ་བའི་ཆོ་འཕྲུལ་གྱི་ཡར་ཚེས་ལ་ཕེབས་ནས་གསེར་མདོག་ཅན་ཞེས་བཏགས་པར་སྣང་། ༧ པཎ་ཆེན་ཉིད་ཀྱིས་ཐུགས་རྩོམ་རིགས་ལ་འཇུག་པའི་ཚེ། སྨན་ཐང་པས་བཞེངས་པའི་


JKT004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཀར་གྱི་མདུན་མཆོད་པ་གསར་པ་རེ་བཤམས། རེ་ཞིག་དབུ་བཏུམས་ནས་ཐུགས་དམ་བཟླས་བརྗོད་ཀྱི་ཚུལ་རེ་དང་། དེ་ནས་ཤ་ཤ་དྷ་ར་དང་རི་བོང་འཛིན་པ་ལྟར་དཀར་སོགས་སྐད་གཉིས་སྤེལ་བའི་འཇམ་དཀར་གྱི་བསྟོད་པ་དེ་གསུངས་ནས་གསུང་རྩོམ་ལ་ཤར་གྱིས་འཇུག ༧ །ལྷ་སའི་ཇོ་བོ་རིན་པོ་ཆེའི་ཕྱག་ཏུ་ལྷུང་བཟེད་ཕུལ་བའི་རྟེན་འབྲེལ་ལས། རང་རེ་ཡོ་ཟས་ཕྱིར་ཐོས་བསམ་སྒོམ་གསུམ་ཡོ་རང་ཤོར་བ་འདི་བྱུང་བ་ཡིན་ནོ། །ཞེས་དང་། དགུང་ལོ་རེ་གཅིག་པའི་སྟེང་ཆོས་འཁོར་ཆེན་མོ་མཛད་པའི་སྔོན་ལ་བཀྲ་ཤིས་པའི་གསོ་སྦྱོང་གནང་། ༧ ངེད་ད་ལྟ་གཙང་ཕྱོགས་སུ་གྲས་གསར་འཛུགས་བཏབ་པ་འདི་ལ། མདོ་ཀུན་མཁྱེན་རོང་སྟོན་དང་། སྔགས་ངོར་པ་རྡོ་རྗེ་འཆང་རང་གི་གསུང་རྒྱུན་ཕྱག་བཞེས་མ་ཉམས་པ་རང་ཞིག་བྱེད་དགོས། ༧ པཎྜི་ཏ་ལོ་ཀོཏྟ་ར་སོགས་ཀྱི་ཕྱག་ན་སྤྱོད་འཇུག་རང་འགྲེལ་རྒྱ་དཔེ་གཟིགས་ཚུལ་སྣང་། ༧ རྒྱུན་དུ་ཌར་དྲིལ་ཀུན་རིང་གནང་བཀའ་ལས་ཀྱང་། ཌཱ་མ་རུ་འཁྲོལ་དུས་ན། མཁའ་འགྲོ་མ་ཚོ། མཁའ་འགྲོ་མ་ཚོ། དུར་ཁྲོད་གནས་སུ་ཨེ་འགྲོ་མི་འགྲོ། འགྲོ་ན་ད་འགྲོ་འགྲོ་ན་ད་འགྲོ་ཟེར་བ་ཞིག་དགོས་པས་ཡོང་གི་ཨེ་སྣང་གསུང་ཞིང་། བརྟགས་ན་སྒྲ་དེ་ཉིད་ཁོ་ནར་འབྱུང་ཟེར་རོ། ༨ །ལ་ལ་དག་ཆོས་རྗེ་བོ་དོང་པ་ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་ཀླུ་དཀར་རྒྱལ་གྱི་སྐྱེ་


JKT004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རྒྱུ་མཚན་དྲིས་པས་ཆོས་འཆད་དུས་མེ་ཏོག་གི་ཆར་བབས་པས་ཟེར། གློ་བོ་སྟེང་ཆེན་ན་བོ་དོང་པའི་རྣམ་ཐར་ཞིང་བཀོད་དུ་བྲིས་པ་ཐམས་ཅད་ཆུ་དྲོན་མོས་བཀྲུས་སོ། །ཨ་ཙ་མ་ཆོས་སྤོང་གི་ལས་ལ་ཞེ་རང་འཇིགས་སོ། ༧ །རྗེ་རོང་ཆེན་ཕར་ཕྱིན་གསུང་བ་ན། གང་བློ་མའི་རྗེས་སུ་ཉན་ཐོས་ཞི་འཚོ་ལ་སོགས་གསུང་། རྣམ་འགྲེལ་གསུང་བ་ན། ཕ་རོལ་ཀུན་ཏུ་རྒྱུ་བ་བྲམ་ཟེའི་བུ། །ཚུ་རོལ་བསྟན་པའི་པད་ཚལ་སོགས་འོངས་ནས། །ཡང་དག་རིག་པའི་ལྷ་ལམ་གསལ་པོར་གཟིགས། །སྡེ་བདུན་མཛད་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། དབུ་མ་གསུང་བ་ན། གང་ཞིག་གཉིས་མེད་ཡེ་ཤེས་གསུང་བའི་ཚོགས། །ཞེས་སོགས་གསུང་། མངོན་པ་གསུང་བ་ཡིན་ན། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ། །སོགས་གསུང་། སྨར་སྟོན་རིན་རྒྱལ་བས་འདུལ་བ་གསུང་བ་ན་གང་བློ་མའི་རྗེས་ལ། ཟའདུལ་བ་རྒྱ་མཚོའི་གཏིང་མཐའ་ཕ་རོལ་བརྙེས་གྱུར་ཅིང་། སོགས་གསུང་། ༧ བླ་མའི་དུས་མཆོད་དེ་བཤད་ཉན་རང་གིས་འཛིན་དགོས། རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟགས་པས་སངས་རྒྱས་མཉེས་པ་དང་། ཟེར་བ་འདི་མ་བརྗེད་པར་གྱིས་ཤིག གཞི་གསུམ་གྱི་ལག་ལེན་འདི་མི་ལ་ཡོད་ན་སྨོན་རྒྱུ་དང་། རང་ལ་ཡོད་ན་ངོམ་རྒྱུ་ཡིན། སངས་རྒྱས་ཀྱི་བསྟན་པའི་རྩ་བ་རང་ཡིན་པས་མདོ་སུས་འདོན་


JKT004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འོང་། གསོ་སྦྱོང་ལ་ཡོང་བ་མ་ཆགས་པའི་ཁུར་ལེན་གལ་ཆེའོ། ༧ །ཞྭ་ལུ་རི་ཕུག་སྒྲ་པ་གནས་བརྟན་ལེགས་རྒྱལ་བ་དང་མཇལ་བས། ས་སྐྱའི་གནས་དང་གང་ཟག་ལ་བསྟོད་པ། གོ་གོ་ཞེས་པ་དོན་། དགུར་འཇུག་པའི་དབང་དུ་བྱས་ནས། གླང་ཆེན་དཀར་པོས་བཏེགས་པའི་ཁྲི་སྟེང་དུ་ཞེས་སྐད་དོད་ནོར་ཚུལ་ཕེབས་པར་དེ་མ་ཐག །བ་མཆོག་དཀར་མོས་བརྒྱན་པའི་མཚོ་དབུས་སུ། ཞེས་བཅོས་ཚུལ་ཡོད། ༧ ཕར་ཕྱིན་དང་རྗེས་འབྲེལ་ཤོག་བུ་མདའ་ཚད་མ་ལྔ་བརྒྱ་ཅན་གྱི་པོད་ཆེན་བཅུ་གཉིས། མདོ་སྔགས་སྤེལ་པའི་དབུས་པ་གདོང་འདོན་པོད་གྲངས་བཞི། བསྟོད་ཚོགས་ཆབ་ཤོག་ལས་སྐྱ་གྲས་ཀྱི་པོད་གཉིས་སྟེ་ཁྱོན་པོད་གྲང་བཅོ་བརྒྱད་བཞུགས་སོ།། ༈ །།སློབ་དཔོན་རིན་པོ་ཆེའི་སྐུ་ཆས། ནང་དུ་མདུང་མའམ་གསང་གོས་དཀར་པོའམ། མཐིང་ག །དབྱིབས་རྡུལ་ལེན་ལྟ་བུ་དེ་སྟེང་ཕོད་ཁ་མཐིང་ནག་དང་། ལ་ལར་མཐིང་ཁྲ། དེ་སྟེང་ཆོས་གོས་དམར་པོ་ལེའུ་ལ་གསེར་གྱི་ཧཱ་སྟེ་མེ་ཏོག་གི་རི་མོ་ཡོད་པ། ལ་ལར་པ་ཏྲའང་གསུངས་ཏེ། སྤྱི་འདུས་ཀྱི་ཤོག་སེར་ལའང་རྩ་མཆན་གྱི་ཚུལ་དུ་གཉིས་ཡོད་སྐད། དེ་སྟེང་ཟ་འོག་ཅེས་གོས་ཆེན་ཁ་དོག་སྣ་ཚོགས་ལྷུག་འཐགས་བྱས་པའི་ཁྲི་སེར་མནབས་པའོ། །འོན་ཀྱང་གཏེར་གཞུང་རྣམས་སུ་འདྲ་མིན་ཅི་རིགས་འབྱུང་བས་མཐའ་གཅིག་ཏུ་བཟུང་དཀའ། །ཀླུ་སྨན་ཐམས་ཅད་ལ་སྲོ་


JKT004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལེགས་ཚུལ་སྟག་ཤམ་རྣམ་ཐར་དང་གཞན་དུའང་སྣང་མོད་གང་ཡིན་དཔྱད། ཨ ས་དང་། ན་རྩིས་ཞེས་འབར་བ་དང་། ཆེར་འབར་བ་ལ་འཇུག །ཕྱི་མ་ཚིག་ཕྲད་ཀྱིས་ཨ་ཕྱིས་པ་བཞེད། །མ་ཧཱ་སནྟི་ལ་ལར་མ་ཧཱ་ས་མ་དྷི་ཟུར་ཆག་པས་ཏིང་འཛིན་ཆེན་པོ་ཞེས་པར་བཞེད། ཡང་སྒྲུབ་ཀྱིས་དམ་པ་འཛིན་པ་ཆེན་པོ་དང་། ཡང་ན་མཉམ་པའི་བློ་ཆེན་པོར་བསྒྱུར། ཞི་ཁྲོའི་ས་ནི་དུག་གི་ཕ་སོགས་ཀྱི་དོན། གནས་སྐབས་ཀུན་ཏུ་འབྱུང་བ་ལྔ་ལ་རྟེན་དང་བརྟེན་པའི་ཚུལ་གྱིས་དུག་གསུམ་བསྐྱེད་པ་ལ་དགོངས། །ཐམས་ཅད་ས་ཡི་རང་བཞིན་སོགས་ཀྱི་དོན། རགས་པའི་འབྱུང་བ་དང་རྫས་འགལ་བ་གཉུག་སེམས་དང་ལྷན་ཅིག་པའི་འབྱུང་བཞི་ཡུལ་བཞིའི་ངོ་བོར་བཞུགས་པ་ལས་རང་ཤར་བའི་ཞིང་ཁམས་ལ་དགོངས། བཏགས་གྲོལ་རྒྱུན་དུ་འཆང་བ་ཙམ་ལ་འགལ་བ་མེད་འདྲ། ཇི་ལྟར་ཡང་དབུགས་ལ་ངེས་པར་སླེབས་དགོས་པ་རྒྱུད་སྡེའི་དགོངས་པ་ཡིན། མ་བསྒོམས་སངས་རྒྱས་ཆོས་ལྔའམ་དྲུག་གི་ངོས་འཛིན་འདྲ་མིན་མང་སྟེ། མཐོང་གྲོལ་སྐུ་ཚབ་དང་། ཙཀྲ། མེ་ལོང་སོགས་ལ་བརྟེན་པ་དང་། ལ་ལར་ཐོད་རྒལ་གྱི་ངོ་སྤྲོད་ཐོས་གྲོལ་བཏགས་གྲོལ་གྱི་གསང་སྔགས་བཀླག་པ་དང་། ཁྲེགས་ཆོད་ཀྱི་ངོ་སྤྲོད། རེག་གྲོལ་པདྨ་ཅན་ལ་སྦྱོར་བ་དང་། ལ་ལར་རྫས་ཀྱི་སྦྱོར་བའང་གསུང་། སྤྱིར་གྲོལ་བ་ཙམ་ལ་རྣམ་གྲངས་


JKT004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཞིང་། མི་འཁྲུགས་པའི་གཟུངས་སྔགས་མཐོང་གྲོལ་དང་། པདྨོཊྛིཏྟིའི་སྔགས་དུང་ལ་བཏབ་ནས་ཐོས་གྲོལ། དེ་ཉིད་ཀྱི་དུ་བས་བདུགས་པའི་ཆོས་གོས་ཀྱིས་རེག་གྲོལ། དབང་པོ་རབ་འབྲིང་གི་ཁྱད་ཡིན། །སོར་འབྲང་མའི་འཁོར་ལོས་བཏགས་གྲོལ། དོན་ཞགས་སོགས་ཀྱི་རིལ་བུ་བསྒྲུབས་པ་དང་། ལན་བདུན་པའི་མྱོང་གྲོལ་སོགས་གསར་མའི་རྒྱུད་དང་མན་ངག་ལས་རྒྱ་ཆེར་བཤད་པས་རྙིང་མ་གཅིག་པུར་དོགས་འཚང་མི་དགོས་ཤིང་། དེས་རྒྱུ་བྱས་ནས་སྐྱེ་བ་ཕྱི་མར་མྱོང་འགྱུར་ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས། རིམ་གྱིས་མཐོ་རིས་ཀྱི་རྟེན་ལས་རྣམ་པར་གྲོལ་བའི་གོ་འཕང་ཐོབ་པ་ལ་དགོངས་པའི་ཕྱིར་རོ།། ༈ །བླ་མའི་རྣལ་འབྱོར་དང་། སྐྱབས་ཡུལ་སོགས་བདག་མདུན་གྱི་ཚུལ་དུ་བསྒོམ། རྡོར་སེམས་བདག་བསྐྱེད་རིགས་བདག་གི་ཚུལ་དུ་བསྒོམ། ༈ །།སེམས་འཁྲིད་ཀྱི་སྐོར་རྣམས་བླ་མའི་བྱིན་རླབས་ཀྱི་རིམ་པ་ལ་ལྟོས་ནས་རང་རྒྱུད་ལ་ཤུགས་འབྱུང་གི་ཚུལ་དུ་རིམ་གྱིས་སྐྱེ་བ་མ་གཏོགས། ཚིག་སྐམ་གྱི་བཤད་པ་མང་པོས་ཉམས་ལེན་ལ་བྱ་ཤོར་དུ་འགྲོ་བས་གཏན་ནས་མི་བྱེད་དོ། །འོན་ཏེ་དགེ་ཕྱོགས་ཀྱི་གནད་བཞིའི་དཔྱད་པས་ལྟ་བ་བཙལ་ཚུལ་སོགས་དབང་པོ་རྟུལ་པོ་དང་། ལས་དང་པོ་པའི་རིགས་ལ་བློ་སྦྱོང་བའི་ཐབས་དང་། བག་ཆགས་འཇོག་ཐབས་ལེགས་པར་བཞེད་ཅེས་སྣང་ངོ་།། ༈ །།ཀུ་རུ་ཀུལླེ་ཞེས་པའི་སྒྲ། །


JKT004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཌཱཀྲྀཧུ་བྱེད་པ་ལ་ཧི་དང་། ཀུ་ལ་ཚོགས་པ་ལ་གྷཉ་སྦྱར་མཐར་ཨཱི་པྲ་བྱིན་པས་གྲུབ་པ་དང་། བོད་སྐད་དུ་ཆགས་བྱེད་མར་འགྱུར་ཚུལ་སོགས་སྣང་ཡང་དཔྱད་བྱའི་གནས་དང་། རྡོ་རྗེ་སྙིང་འགྲེལ་དུ་ངེས་ཚིག་གི་བཤད་པ་ཡོད་པ་ལྟར་ལེགས། ༈ །མཐོང་སྤོང་ནི་མཐོང་བའི་ལམ་གྱི་སྤང་བྱའི་ངོ་སྐལ་དུ་གྱུར་པ་སྟེ། ཉོན་མོངས་མངོན་གྱུར། བསྒོམ་སྤང་ནི་དེ་ཉིད་ཀྱིས་སྤང་བྱ་བག་ཉལ་རྣམས་སོ། །བྱང་ཕྱོགས་སོ་བདུན་འཁྲིད་རིམ་དང་སྦྱར་ན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས་རྣམས་ཚོགས་ལམ་ཆུང་ངུ་། ལས་རྒྱུ་འབྲས་བསྟན་པ་ཚོགས་ལམ་འབྲིང་པོ། །སྐྱབས་སེམས་སྔ སྒྲོན་དུ་འགྲོ་བས་ལྷ་དང་མི་ཡི་སེམས་འཛིན་སོགས་ཚོགས་ལམ་ཆེན་པོ། ཕར་ཕྱིན་དྲུག་གི་ཉམས་ལེན་རྒྱས་པར་བཤད་པ་སྦྱོར་ལམ་དྲོད་རྩེ། ཁྱད་པར་ཕར་ཕྱིན་ཐ་མ་གཉིས་ལ་སྙིང་པོར་དྲིལ་བ་བཟོད་ཆོས། ཐ་མའི་དངོས་འབྲས་བདེན་པ་མཐོང་བ་མཐོང་ལམ་དེའི་རྒྱུན་གོམས་པར་བྱེད་ཅིང་རང་གཞན་གཉིས་ཀའི་དོན་སྤྱོད་པ་སྒོམ་ལམ། དེའི་དངོས་འབྲས་མི་སློབ་པའི་ལམ་མོ། །སྔགས་དང་སྦྱར་ན། རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་ཕར་ཕྱིན་དྲུག་ཏུ་བསྡུ་བའི་ཚུལ་གྱིས་སོ། །དེ་ལྟར་ནའང་བྱ་སྤྱོད་གཉིས་ཀྱི་ཉམས་ལེན་ནི། རྒྱུ་དང་འབྲས་བུའི་རྣལ་འབྱོར་ལམ་དུ་བྱེད་པ་སྟེ། རྒྱུ་ཚོགས་གཉིས་བསགས་པ་སྔོན་དུ་འགྲོ་


JKT004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བས། འབྲས་བུ་མདུན་ནམ་རང་ལྷར་བསལ་བ་གཟུགས་སྐུ་དང་། མཐར་བྱས་ཡེ་ཤེས་པ་གཤེགས་བསྡུ་སོགས་ཆོས་སྐུའོ། །རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་ནི། ལར་ཐར་པའི་འདྲ་འབགས་རྫོགས་པའི་སངས་རྒྱས་དང་པོར་ཐུགས་བསྐྱེད་པ་ནས་མཐར་གྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སངས་རྒྱས་མཛད་པ་དང་བཅས་པར་རྗེས་སུ་མཐུན་པའོ། །བླ་མེད་ནི་མར་འཁོར་བའི་འདྲ་འབགས་ལམ་དུ་བྱེད་པས་གནས་བསྒྱུར་བའི་ཚུལ་གྱིས་བསྒོམ་པ་སྟེ། སྐྱེ་བ་སྔ་མའི་འཆི་ཁའི་འོད་གསལ་ནས། ད་ལྟའི་འཆི་བའི་འོད་གསལ་གྱི་བར་མངོན་རྟོགས་གཅིག་གིས་སྦྱངས་ཤིང་སྒྱུར་བར་བྱེད་པའོ། །གནད་དེ་རྣམས་ལ་ལེགས་པར་དཔྱད་པས་ཟབ་པ་དང་། མི་ཟབ་པའི་ཚུལ་ཀྱང་ཤེས་པར་སླའོ།། ༈ །།ལྟ་བ་ནི། །གནས་སྐབས་ཁས་བླངས་པའི་དབང་དུ་བྱས་ན། དབུ་མ་ཐལ་འགྱུར་བ་ཁོ་ན་དང་མཐུན་པར་སྨྲ་སྟེ། དེ་ལ་ནི་སྐྱོན་གྱི་གཞི་མ་གྲུབ་པའི་ཕྱིར་རོ། །མཐར་ཐུག་མཉམ་པར་བཞག་པའང་དེ་ཉིད་ཀྱི་ཁས་ལེན་དང་བྲལ་བར་གཅིག་ཏུ་འབབ་ས་མོད། འོན་ཏེ་གྲུབ་མཐའི་མིང་འདོགས་པས་ཅི་ཡང་བྱར་མེད་དོ། །གནད་འདི་ཤེས་ན་དགག་སྒྲུབ་མང་པོ་སྲང་མདོའི་ཁྱི་འཛིང་དང་འདྲ་བས་ཐུགས་བདེ་འབོལ་གྱིས་བཞུགས་ཤིག །ད་དུང་ཡིད་མ་ཆེས་ན་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་དྲིས་ཤིག །དེས་ཀྱང་ཡིད་མ་ཆེས་ན་ཐེག་པ་


JKT004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ནང་ནས་བཞེངས་ཤིག། ༈ །།རྡོར་ཕྲེང་སོགས་ཀྱིས་སྐབས། མ་ཧ་རཱཀྟ་སོགས་བོད་སྐད་དུ་བསྒྱུར་ན། དགའ་བ་ཆེན་པོ་ཤིན་ཏུ་བརྟན། །ཤིན་ཏུ་དགྱེས་དང་ཤིན་ཏུ་བདེ། །རྡོ་རྗེ་སེམས་དཔའ་དེ་རིང་ནི། །གྲུབ་པར་མཛོད་ཅིག་བདག་ལའོ། །ཞེས་ས་བཟང་མ་ཏི་པཎ་ཆེན་གྱི་འགྱུར་རོ།། ༈ །།མཁའ་སྤྱོད་མའི་ཁྲིད་ཀྱི་སྐབས་གཉིས་སྐྱེས་མཆོག་གཉིས་ནི། རཏྣ་རཀཱི་ཏ་དང་། མ་ན་ཀ་ཤཱི། གཉིས་བྲལ་འཆད་དུས་ཞལ་ཤེས་གསུམ་ཞེས་པ། བསྐྱེད་རྫོགས་གཉིས་ཟུང་འབྲེལ་དུ་འཆད་སྐབས། བསྐྱེད་རིམ་ལ་བླ་མ་བསྐྱེད་བསྟིམ། རྫོགས་རིམ་བསམ་མི་ཁྱབ་ཐུན་མིན་བཅས་གསུམ་མོ། །གཉིས་བྲལ་ཆིག་བརྒྱུད་ཀྱི་དོན་དུ་འདོད་པ་དང་། དབུ་མར་ངོས་འཛིན་པ་སོགས་སྣང་ངོ་།། ༈ །།རྒྱུན་གྱི་ཉམས་ལེན་གྱི་སྙིང་པོ་ནི། ལྷ་སྐུ་སྣང་སྟོང་དབྱེར་མེད་དང་རང་རིག་པ་མ་བཅོས་པ་མཉམ་ཁད་ཀྱིས་འདྲེས་པའི་ངང་ལས་སྔགས་ཡིད་བཟླས་བྱ་བ་ཁོ་ནའོ།། ༈ །།ཁ་ཅིག་རྙིང་མའི་སྔགས་ལ་བོད་སྐད་མང་དུ་འདྲེས་པ་སོགས་ཀྱིས་བྱིན་རླབས་གཡེལ་བར་སེམས་པ་དག་སྣང་མོད། དེ་ནི་བློ་གྲོས་ཕུར་ཁུང་ཐུག་པ་སྟེ། གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་བ་ལ་སོགས་པ་སྔགས་འབྲས་བྱིན་གྱིས་རློབ་པའི་མཐུ་དང་ལྡན་པ་རྣམས་ཀྱིས་དེ་ལྟར་བྱིན་གྱིས་བརླབས་པས་ན་འགལ་བ་ཅུང་ཟད་ཙམ་ཡང་མེད་དོ། །དེ་ཡང་མི་འདོད་ན།


JKT004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པའི་རྒྱུད་སྡེའི་སྔགས་རྣམས་ལས་ཀྱང་དེ་བཞིན་གཤེགས་པའི་བརྡ་དང་། མཁའ་འགྲོའི་སྐད་དང་། ཟུར་ཆག་དང་། འགྲོ་ལྡིང་པའི་སྐད་ལ་སོགས་པ་ཇི་སྙེད་ཅིག་འབྱུང་བས་ན་ལེགས་སྦྱར་ཁོ་ནས་མ་ཁྱབ་ཅིང་། ཟུར་ཆག་ལ་སོགས་པ་འདྲེས་པས་བྱིན་རླབས་མི་ཉམས་པ་དང་། བོད་ཡུལ་ཁོ་ནའི་སྐད་ཀྱིས་དེ་ལས་ལྡོག་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ།། ༈ །།ལ་ལ་དག་ལམ་འབྲས་དང་། རྫོགས་ཆེན་གྱི་གཞུང་ཁ་ཅིག་སོགས་ལས་སྣང་བ་སེམས་སུ་གསུངས་པས་སེམས་ཙམ་བར་འདོད་མོད། དེ་ནི་མ་ཡིན་ཏེ། འོག་མ་དག་རིམ་གྱིས་བློ་དྲང་བའི་ཕྱིར་དུ་གསུངས་པས་ཐབས་ལ་མཁས་པ་ཁོ་ནའི་ཁྱད་པར་གྱི་ཆོས་སྟེ། གཞན་དུ་ན་གདུལ་བྱ་ལ་དབང་པོ་མཆོག་དམན་ལ་སོགས་པའི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་ཐམས་ཅད་ལམ་གཅིག་གིས་བཀྲི་མི་ཤེས་པར་འགྱུར་བའི་ཕྱིར་རོ། །རང་རང་གི་བཞེད་པ་དངོས་ནི་སེམས་ཙམ་པར་ནམ་དུའང་གནས་མི་སྲིད་དེ། དགོངས་པ་མཐར་ཐུག་པ་བརྗོད་བྲལ་དང་། བློ་འདས་ཀྱི་གནད་ལ་ཐུག་པའི་ཕྱིར་དབུ་མ་ཐལ་འགྱུར་བའི་དེ་ཁོ་ན་ཉིད་དང་ཚིག་ཙམ་མ་ཡིན་པར་མཐུན་ཏེ། སློབ་དཔོན་ཀླུས། ང་ལ་ཁས་ལེན་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པའི་ཁས་ལེན་མེད་པ་དང་བརྗོད་བྲལ་གཉིས་དོན་གཅིག་ཅིང་། དེ་ཡི་ངོ་བོ་བློ་འདས་ཡིན་པའི་ཕྱིར་རོ། །


JKT004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་གྱི་གཞུང་ཆེན་པོ་དག་ལས། སྣང་བ་སེམས་སུ་འདོད་པ་ང་ལས་གོལ་བ་ཡིན། །ཞེས་སོགས་གསུངས་པ་ནི་མཐར་ཐུག་གི་དོན་ལ་དགོངས་ཀྱི། གནས་སྐབས་ལམ་སྟེགས་ཙམ་དུ་ཁས་བླངས་ལ་འགལ་བ་མེད་པའང་ཤེས་དགོས་སོ།། ༈ །།ཐང་སྟོང་གི་རྒྱལ་པོ་ལུང་སྟོང་གི་སྨྱོན་པ་ཞེས་གྲུབ་ཐོབ་རང་གི་གསུངས་ཟུར་ལ་དཔགས་ན། ཐང་གི་སྐད་དོད། སྦྲ་ནི་འོས་འདུག །བོན་ལ་དངོས་གནས་སུའང་འཇིག་རྟེན་པ་དང་། མྱང་འདས་ཀྱི་ཐེག་པར་ཁྱད་ཆེ་བར་མ་ཟད། ཕྱི་ནང་གི་ཁྱད་འབྱེད་གྲགས་ཆེ་བའི། ཕྱི་པའི་དབང་དུ་བྱས་ན། ཏཱིནྡྲ་ཀ །ནང་པའི་དབང་དུ་བྱས་ན་དྷརྨ་ཞེས་འཇོག་འོས་སྨོན་རྒྱལ་ཀུན་གྲོལ་ནས་ཀྱང་རྣམ་བཤད་རིག་པའི་ལུང་དོན་དང་སྦྱར་སྣང་ཞུ། གྱད་ཀྱི་ཁམ་ཟས་ཞེས་པ་ཧབ་ཆེར་རོལ་པའི་དོན་ཡིན་ཕྱིར་སྐབས་དེར་ཐབས་ཤེས་བཟའ་བཏུང་མཆེད་ལྕམ་གྱིས་རོལ་པའི་དོན་འདུག །གཏེར་ཚག་ལ་སྟག་ཤམ་རྡོ་རྗེའི་དག་སྣང་དུ། ཐིག་ལེ་ཐབས་ཤེས་གཉིས་དང་ཟླ་ཚེས་དབྱེར་མེད་ཟུང་འཇུག་གི་མཚོན་དོན་ཡིན་གསུངས་འདུག་པས་འདི་སྒོར་ནས། ༔ འདི་བཞིན་དག་པར་བརྩི་འདུག །སྨིན་གླིང་པར་མར། འདི་བཞིན་སྣང་བ་དགོངས་པ་མཁའ་ལྟར་མཐའ་གཅིག་ཏུ་ཁ་ཚོན་ཆོད་པ་མེད་དམ་སྙམ།། ༈ །།ཤ་ལྔ་ལ་འཆད་ཚུལ་མི་འདྲ་བ་མང་དུ་ཡོད་པའི་རྒྱུ་མཚན། དུས་འཁོར་རྒྱུད་


JKT004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་དུ། ཡུལ་གང་ན་ཟ་བ་པོ་ཡོད་ན་གསོད་པ་པོ་ཡོད་པས། བ་ལང་གི་ཤ་ཟ་བའི་ཡུལ་དུ་བ་ལང་གི་ཤ་ནི་ཁ་ན་མ་ཐོ་བའི་ཤར་གསུངས་པ་དང་མཐུན། སྔ་འགྱུར་གྱི་གཞུང་འགའ་ཞིག་ཏུ། བོད་ཡུལ་གྱི་དབང་དུ་བྱས་ཏེ། བ་ལང་གི་ཚབ་ཏུ་རྨ་བྱ་དང་། ཁྱི་ཤའི་ཚབ་ཏུ་སེང་གེའི་ཤ་བཞག་པ་སོགས་སྣང་ངོ་།། ༈ །།ཨཱ་ར་ལི་ཞེས་པ་ཐད་འགྱུར་རོལ་པ་དང་། བརྡ་སྐད་ལྟར་ན། ཨ་ནི་ཨ་བ་དྷ་ཏི་སྟེ་དབུ་མ། ར་ནི་རཱ་ས་ན་སྟེ་རོ་མ། ལ་ནི་ལ་ལན་སྟེ་རྐྱང་མ་སྟེ། དབུ་རྐྱང་རོ་གསུམ་གྱི་བརྡས་བསྟན་པའི་མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད་དེ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་འབོད་པའི་དོན་དུ་སྦྱར་བའོ།། ༈ །།ཙི་པ་ཊ་ནི་མི་སྣ་ལེབ་ཅན་གྱི་མིང་སྟེ། སྲོག་ཆགས་ཟུར་པ་མིན་ནོ།། ༈ །།ཏི་ར་ཞེས་པ། ཏི་རས་སྟེ་དུད་འགྲོ་ལ་འཇུག །སྔ་འགྱུར་རྣམས་སུ་མི་ལ་འཇུག་པར་མཛད་པ་ནི། མ་ཧཱ་ཏི་རས་ཕྱུགས་ཆེན་པོ་ཞེས་མི་ལ་འཇུག་པའི་དབང་དུ་བྱས་པ་སྟེ། རབ་ཞེས་བཤེས་གཉེན་གྱིས་མཛད་པའི་མཉམ་སྦྱོར་གྱི་འགྲེལ་པ་ལས། དཔལ་ཧེ་རུ་ཀའི་གཏོར་མ་ཆོ་ག་ལ་ཕྱུགས་ཆེན་པོ་ཞེས་གསུངས་པའང་བག་ཟན་ལས་བཅོས་པའི་མིའི་གཟུགས་བརྙན་ཡིན་པར་ཤེས་དགོས་སོ།། ༈ །།ཌོ་མི་ནི་ལ། རྙིང་མའི་གཞུང་རྣམས་སུ་སྨྲ་ཤ་ནི་ཞེས་གསུངས་པ་ནི། ཟླ་ཤཱ་ནཱི་ཟུར་ཆག་པ་རིགས་ངན་གྱི་བུ་མོ་རོ་སྲེག་མཁན་


JKT004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མིང་ངོ་།། ༈ །།དབང་ཕྱུག་ཉེར་བརྒྱད་ཀྱི་མིང་། མ་ནུ་རཀྟ། མིའི་སྲིན་མོ། བྲཧྨ་ཎི། ཚངས་མ། རོ་ཏི། དྲག་མོ། ཀུ་མཱ་རཱི། གཞོན་ནུ་མ། ཨིན་ཎཱི། དབང་མོ། ཡང་། ཨིནྡྲ་སྟེ་རྒྱུ་ཞགས་འཛིན་མར་ཡང་བཤད། བཛྲ་པིངྒ་ལཱི། རྡོ་རྗེ་སེར་མོ། ཨ་མྲྀ་ཏཾ། སྤྱིར་དོན་མང་ཡང་། བདུད་རྩི་མར་བསྒྱུར། སོ་མྱ། ཞི་བ་མའམ། ཟླ་བ་མ། དཎྜ་དེ། དོན་མང་ནའང་། སྔར་བེ་ཅོན་མར་བསྒྱུར། རཀཱ་སཱི། སྲིན་མོ། བྷཀྵ་སཱི། ཟ་བ་མ། ར་ཏི་བཛྲ། དགའ་བ་མར་བསྒྱུར། དོན་དུ་དགའ་བའི་རྡོ་རྗེ་ཞེས་སོ། །རུ་དྷི་ར་མཱཏྟ། ཁྲག་འཐུང་། ཨེ་ཀ་ཙ་རི་ཎཱི། གཅིག་སྤྱོད་མར་བསྒྱུར་མོད། །ཨེ་ཀ་གཙོ་བོ་སོགས་ལའང་འཇུག །མ་ནོ་ཧ་ར། ཡིད་འཕྲོག་སྟེ། འདོད་པ་མར་བསྒྱུར་བ་དོན་འགྱུར། སིདྡྷི་ཀཾ །གྲུབ་པ་མོར་བསྒྱུར་དགོས་པར་སྣང་ནའང་། ནོར་སྲུང་ཞེས་བསྒྱུར་སྣང་། བཱ་ཡ་བེ། རླུང་ལྷ་མོ། མ་ཧཱ་མ་ར་ཎ་བཛྲ། རྡོ་རྗེ་གསོད་བྱེད་ཆེན་མོ། ཨགྣི། མེ་མོ་སྟེ། མི་མོ་ཞེས་པ་ནི་མ་དག་པའོ། །སྐྱིན་ཞེས་པ་སྐྱིན་གཡག་དང་། གཙོང་པར་འདོད། གསལ་ཞིང་ཞེས་པ་མེ་སྒྲོན་ནོ། །བ་ར་ཧཱི། ཕག་མོ། གླུ ཙ་མུཎྜི། རྒན་བྱེད་མ་སྟེ། དགའ་བྱེད་ཅེས་པ་ནི་ཡིག་ནོར། དེ་ཡང་ཙ་མུནྟཱིར་སྔ་རབས་པ་རྣམས་ཀྱིས་རྒན་རབ་བྱེད་དུ་བསྒྱུར། དོན་ལ་བལ་ཡུལ་སོགས་གསོན་འདྲེ་མོ་མཐུ་ཆེན་ལྟ་བུའི་མིང་ཡིན། སུ་ར་ནཱི།


JKT004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་སྣ་ཆེན་དུ་བསྒྱུར། ཝ་རུ་ཎཱི། ཆུ་ལྷ་མོ། བཛྲ་མ་ཧཱ་ཀ་ལཱི། རྡོ་རྗེ་ནག་མོ་ཆེན་མོ། བཛྲ་ཙཱ་ཀ་ལ། རྡོ་རྗེ་ར་མོ་ཆེན་མོར་བསྒྱུར་མོད། དེ་ལྟར་ན། ཚ་ག་ལ་ཀཱ། ཞེས་ཡོད་དགོས་ལ་ལར། ད་ཤ་གྲི་ཝཱ། སྟེ་མགྲིན་བཅུ་སེར་ནག་ཅེས་པའང་སྣང་། བཛྲ་ཀུནྡྲ་ཀརྞ། རྡོ་རྗེ་བུམ་རྣ་ཞེས་པ་སྟེ། བུམ་སྣ་ཞེས་བྲིས་པ་ནི་ཡི་གེ་མ་དག་པའོ། །བཛྲ་ལསྤྲོ་ད་ར། ཨུ་དཱ་ར་མཚམས་སྦྱར། གསུས་འཛིན་དུ་བསྒྱུར་མོད། དེ་ལྟ་ན། ལམྦྷ་དྷཱ་ར་ཞེས་ཡོད་དགོས། སྔ་མ་ལྟར་ན། རྡོ་རྗེ་གསུས་འཕྱོང་ངོ་། །འོན་ཀྱང་གཏེར་གཞུང་རྣམས་སུ་ཟུར་ཆག་ཤས་ཆེ་བས་དེ་ལྟར་ལས་ལེགས་སྦྱར་གྱི་རྒྱས་བཀབ་པའི་ཞུ་དག་གི་དལ་བས་བྱིན་རླབས་ཉམས་པར་འགྱུར་བས་མི་བྱའོ། །བྷྱོ༔ཞེས་པ་ནི། དཔལ་མཆོག་རྡོ་རྗེ་རིགས་ཀྱི་ཟློག་པ་ལས། དེ་ནས་མ་མོ་རྣམས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། དང་པོ་ནས་མགྲིན་གཅིག་ཏུ་ཐམས་ཅད་འགུགས་པ་དང་། གཞུག་པ་དང་། བསད་པ་དང་། བསྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །བྷྱོ༔ དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཞེས་སོ། །དེས་ན་སྤྱན་འདྲེན་སོགས་ཚིག་གི་མགོར་བྱུང་བའི་ཚེ་བསྒྲུབ་པའི་དམ་ཚིག་སྟེ་བོད་པ་དང་བསྐུལ་བའི་དོན་ལ་འཇུག་ཅིང་། སྙིང་ལ་བྷོ། ཞེས་པ་ལྟ་བུ་བསད་པའི་དོན་ཅན་ཏེ། གསུང་དོན་ལ་དཔག་ན་ཉི་བྷ་འཇིགས་ལའོ། །


JKT004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལས་བསྒྲུབས་ཀྱང་རུང་མོད། འོན་ཀྱང་རྐྱེན་སོགས་འོལ་ཚོད་ཀྱིས་བཤད་དུ་མི་བཏུབ་བོ། །ཏིཥྛ་ལྷན་ནི་ཏིཥྛན། བརྟན་པར་གྱུར་ཅིག་ཅེས་ལའི་སྐད་དོད་ཟུར་ཆག་པ་དང་། ཨ་ཏི་པུ་ཧོ་། ནི། ཨ་ཏི་བྷ་ཧོ། །ངོ་མཚར་བྱུང་། ཞེས་པ་ཟུར་ཆག་པར་གསལ་ལོ། །ཏན་གྷན་ཞེས་པ། ཏ་ན། བུད་མེད་ཀྱི་ནུ་མ་དང་། གྷ་ན་མཁྲེག་བ་སྟེ། ནུ་མ་མཁྲེགས་པའི་ཚོགས་ཞེས་ན་ཆུང་གཞོན་ནུའི་མིང་ཟུར་ཆག་པའོ།། ༈ །།རཀྟ་ཚར་གསུམ་ནི། དྭངས་མ་ཡེ་ཤེས་ཀྱི་བདུད་རྩི། ཁུ་བ་ཞིང་བཅུའི་ཁྲག་རྩིག་མ་ཞིང་བཅུའི་དུག་གསུམ་ངོ་བོ་ཤ་ཁྲག་རུས་པའི་དངོས་པོ་སྟེ་ཆ་གསུམ་མོ། །ཁཱ་རམ་ནི། ཁཱ་ཏྲི་ཟ་བ་ལ། ཡང་ཡང་ལ་ཎམ་འོས་ཎམ་རྐྱེན་སྦྱར་བའི། ཁཱ་དམ། ཟུར་ཆག་པ། ཡང་ཡང་ཟོ། ཁཱ་ཧི། ཟོ་ཞིག་པའོ། །དཔལ་དང་དུར་ཁྲོད་ཀྱི་ཆས་བརྒྱད་འདི་ལ་འདྲ་མིན་ཤིན་ཏུ་མང་བས་སྐབས་ཐོབ་བརྩི་བ་གལ་ཆེ། ༈ །འཇམ་དཔལ་རྩ་རྒྱུད་ལས། །ཟུར་ཆག་ལེགས་སྦྱར་སྒྲ་ཉམས་ཀྱང་། །དོན་ནི་རབ་ཏུ་བརྟགས་པ་ཡིན། །མི་གསལ་གསལ་བ་མེད་པ་དང་། །ཡི་གེ་ཉམས་ཀྱང་འདོད་པ་ཡིན། །འགྲོ་བ་ཡུལ་ལྟུ དང་རྣམ་བྲལ་བ། །དེ་ལ་སྔགས་ནི་གྲུབ་པར་མཛད། །ཅེས་དང་། དྲི་མེད་འོད་ལས་ཀྱང་དེ་ཁོ་ན་ལྟར་གསུངས་པས་ཟུར་ཆག་སོགས་ལས་སྔར་འབྲས་མི་བསླུ་བར་གྲུབ་བོ། །དྲ་བྱ་ཞེས་པ་གསེར་སོགས་


JKT004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིག་གི་ཚོགས་རིན་ཐང་ཆེན་པོར་འཇུག །གྷ་ན་ཞེས་པ་སྟུག་པོ་སྟེ་བར་མཚམས་མེད་པའི་དོན། རྟ་བྲོ་ནི། སྔོན་རྟ་ཕག་གིས་རུ་ཏྲ་བཏུལ་བའི་ཚེ། རུ་ཏྲའི་ཕུང་པོའི་སྟེང་དུ་ཞབས་ཀྱི་མཐིལ་ནས་རྟའི་རྨིག་པ་ཕྱུངས་ནས་རྔམས་པའི་བྲོ་བརྡུངས་པ་ཡིན་པས་དེའི་ཚུལ་ལོ། །དཔལ་རྟ་མགྲིན་གྱི་རྟ་བྲོའི་བསྐྱེད་རྫོགས་ངོ་མཚར་ཅན་ཞིག་པད་དཀར་བཀའ་འབུམ་དུ་ཡོད། རྟ་བྲོའི་གླུའི་དོན་རཏ་གླིང་ཐུགས་སྒྲུབ་འགྲེལ་པར་ཡང་བཞུགས། འོན་ཀྱང་འདི་ལ་ངེས་དོན་གྱི་བཤད་པ་རྒྱ་ཆེར་ཡོད། ༈ །ཐོད་ཕྲེང་རྩལ་གྱི་དོན། བཛྲ་ནི་རྡོ་རྗེ་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས། གུ་རུ་ནི་གུ་རྒྱ་གསང་བ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས། རུ་ཀ་རུ་ཎ་ཐུགས་རྗེ་ཆེན་པོ་སྟེ། ཚིག་གསལ་དུ་བྱས་ན། བདེ་ཆེན་སྟོང་པ་ཉིད་ཀྱི་ཡེ་ཤེས་སྙིང་རྗེ་ཆེན་པོ། ཞེས་པའོ། །པདྨ་ནི་ཤེས་རབ་སྟོང་པ་ཉིད། ཐོད་ཕྲེང་རྩལ་ཞེས་པ། ཀ་པཱ་ལ་ཨཀྵ་བེ་ག་ཞེས་པ་སྟེ། ཀ་བདེ་བ། པཱ་ལ་སྐྱོང་བ། ཨཀྟ་མི་འགྱུར་བ་སྟེ། འཆི་མེད་ཕྲེང་བ་ལས། ཨོ་བདག་འཕོ་མེད་ཨཀྵ་ར། ཡི་གེ་བར་པ་ཨཀྵ་ར། པེ་ག །ཤུགས་སམ་རྩལ་ཚིག་གསལ་དུ་བྱས་ན། སྟོང་པ་ཉིད་བདེ་སྐྱོང་མི་འགྱུར་བའི་ཤུགས། ཞེས་པའོ། །དེ་ལྟར་ན་ལམ་རྫོགས་པའི་རིམ་པ་ཐམས་ཅད་ཀྱི་རྩ་ཚིག་དང་། འབྲས་བུ་བདེ་བ་ཆེན་པོའི་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཐམས་ཅད་གསལ་བར་བསྟན་པ་ངེས་དོན་གྱི་


JKT004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའོ། །དལ་ཞེས་པ་བསྡུ་ཡིག་གི་བརྡ་མ་བྱེད་པར་གསུངས་མོད། དཀྱིལ་འཁོར་གྱི་སྐད་དོད། མཎྜལ་ཟུར་ཆག་པ་སྟེ། དཀྱིལ་འཁོར་གྱི་དོན་དུ་གོ་བ་ཉིད་ཀྱིས་ཆོག་གོ །མདུན་བསྐྱེད་སྒྲུབ་ཚུལ་ལ། བདག་མདུན་གཉིས་ཆོ་ག་སོ་སོས་མི་འདྲ་བར་བསྒྲུབ་པ་དང་། ཆོ་ག་གཅིག་གིས་བདག་མདུན་སོ་སོར་མེ་ལོང་བྱད་བཞིན་ལྟར་གཅིག་གྲུབ་པ་དང་མཉམ་དུ་གཅིག་ཤོས་གསལ་འདེབས་པ་མེ་རི་འདབས་འབྱོར་གྱི་ལུགས་དང་། བདག་མདུན་དབྱེར་མེད་དུ་བསྒྲུབས་ཏེ་བསྙེན་པའི་སྐབས་ཕཊ་ཛས་འཛབ་ཕྱེ་ཞེས་བདག་མདུན་སོ་སོར་ཕྱེ་བ་དང་བསྒྲུབ་ཚུལ་དེ་ལྟ་བུ་ལ་དཀྱིལ་འཁོར་བདག་རྫོགས་དང་མདུན་དུ་དམ་ཚིག་པ་བསྐྱེད་ཟིན་ནས་བདག་མདུན་བསྲེ་བའི་ཞུགས་སྒྲུབ་སོགས་ཀྱི་རྣམ་བཞག་མང་ངོ་།། ༈ །།གཏེར་གཞུང་ལ་ལར། ཚིག་སྦྱོར་མི་མཛེས་པ་དང་། སྡེབ་སྦྱོར་ཆད་ལྷག་དང་། རྐང་པ་མི་འགྲིགས་པ་སོགས་སྣ་ཚོགས་སྣང་བ་ནི་དེ་དང་དེ་ལ་མཆོག་ཏུ་རློམས་པའི་མངོན་པའི་ང་རྒྱལ་ཅན་རྣམས་གཞོམ་པར་བྱ་བའི་ཆེད་དུ་སྟེ། དུས་འཁོར་འགྲེལ་ཆེན་དུ་གསུངས་པས་མཚོན་ནོ། །ཡང་དོན་འགལ་བ་ལྟར་སྣང་བ་ནི་མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་པས་གོ་བ་གཞན་དུ་ལེན་དགོས་པ་ཤ་སྟག་སྟེ། རྣམ་ཤེས་མནར་མེད་གནས་སུ་མཱ་ར་ཡ། ཞེས་པ། མནར་བ་ནི་སྡུག་བསྔལ་དང་། དེ་མེད་པ་ནི་ཐར་


JKT004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་འཕང་སྟེ། དེར་དབུགས་དབྱུང་བ་ལ་གེགས་བྱེད་པའི་རྣམ་ཤེས་ཏེ་གཟུང་འཛིན་གྱི་རྟོག་པ་ཆོས་དབྱིངས་སུ་སྒྲོལ་བའི་དོན་ནོ། །འདི་ལྟ་བུ་མདོ་ལས། ཕ་དང་མ་ནི་བསད་བྱ་ཞིང་། སོགས་དང་། རྒྱུད་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། ཞེས་སོགས་ཤིན་ཏུ་མང་ངོ་། །བྷུ་སུ་ཀུ་ཞེས་པ། བྷུ་ཛ་ཟས་སྤྱོད་པ། སུ་ཏཱ་ན་གཉིད་ལོག་པ། ཀུ་ཏ་སཱ་ར་བཤང་གཅི་འདོར་བ་སྟེ་མི་བྱར་མི་འདོད་པའི་ལས་གསུམ་ལས་སྤྲོས་པ་གཞན་སྤང་བ་ཞིག་ལ་བཞག་གོ། ༈ །།སྔོན་གྱི་བསྐལ་པ་དང་པོ་ལ། ཞེས་སོགས་ཀྱི་དོན། གཏེར་གཞུང་ལ་ལར། མ་འཁྲུལ་སྔོན་གྱི་བསྐལ་པ་དང་པོ་ལ༔ ཞེས་འབྱུང་བས། གཞི་ཀ་དག་འཁྲུལ་པའི་དྲི་མ་དང་བྲལ་བའི་སྔོན་གྱི་བསྐལ་པ་དང་པོ་ལ། ལྷུན་གྲུབ་སྒོ་བརྒྱད་ཀྱི་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རྩལ་ལས་གདུལ་བྱའི་ཞིང་ཁམས་དང་། འདུལ་བྱེད་ཀྱི་སྟོན་པ་རང་ཤར་བའི་ཚུལ་གྱིས་ཨོ་རྒྱན་ཡུལ་སོགས་སུ་འཆད་དགོས་སོ། །དེས་ན་དུས་གསུམ་དུས་མེད་ཀ་དག་གི་དུས་ཆེན་པོར་སྔོན་གྱི་བསྐལ་པའི་སྒྲས་སྨོས་པར་ཟད་དོ། ༈ །།པདྨ་བཀའ་ཐང་སོགས་ཀྱི་ཚིག་སྦྱོར་གོ་དཀའ་བ་ཕལ་ཆེར། སྔོན་གྱི་ཡུལ་སྐད་རྙིང་པ་མང་དུ་འདྲེས་པས་ཡིན་ཏེ། རྡོ་རིང་གི་ཡི་གེ་སོགས་གོ་ཤིན་ཏུ་དཀའ་བར་སྣང་བས་མཚོན་ནོ། །དེ་ཡང་ཡུལ་སྐད་དུ་སོང་བ། དཔེར་ན་གསོལ་ཟས་ན་བཟའ་ལུས་གང་


JKT004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཐེབ་རེ་ཕུལ། ཞེས་པ། ན་བཟའ་ལུས་གང་སྟེ་སྐུ་ཆས་ཆ་ཚང་རེ་དང་། ཡང་འཐེབ་པ་རེ་སྟེ་ལྷག་པོ་རེ་རེ་དོན་ན་བཟའ་ཚེ་གཉིས་རེ་ཕུལ་ཟེར་བ་ཡིན་པ་བཞིན་ནོ།། ༈ །།དུར་ཁྲོད་གྱི་ཆས་བརྒྱད་ནི། རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཏེ། དེ་ལའང་བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྗེས་གསུམ་སྟེ་བརྒྱད་ལས། དང་པོ་ནི་ཞིང་༡གླང་༢གི་སྟོད་གཡོགས་དང་། སྟག་ལྤགས་༣ཀྱི་ཤམ་ཐབས་སོ། །གཉིས་པ་ནི། སྦྲུལ་དང་། ཐོད་ཕྲེང་སྟེ། དང་པོ་ལའང་། རྒྱལ་རིགས་དཀར་པོས་དབུ་བརྒྱན། རྗེའུ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུར་ཆུ། གདོལ་པ་ནག་པོས་ཕྱག་ཞབས་ཀྱི་གདུ་བུ། དམངས་རིགས་ལྗང་གུས་སྐ་རགས་དང་དོ་ཤལ་བྱས་པའོ། །ཐོད་རྒྱན་ལའང་། སྐམ་པོའི་དབུ་རྒྱན། རློན་པའི་དོ་ཤལ། ཚལ་བུའི་དབུ་རྒྱན་ལ་ལར་སེ་རལ་ཁ། ཏེ་ཚར་གསུམ་མོ། །གསུམ་པ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། ཨོ་ཀོར་ཞག་གི་ཟོ་རིས་སོ།། ༈ །།དཔལ་གྱི་ཆས་བརྒྱད་ནི། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆགས་སུ་གནས་པའི་ཕྱིར་དཔལ་གྱི་ཆས་ཏེ་རྟོག་པ་ལྷ་རྒྱུད་ལས། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་ཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པན་རྟག་ཆད་ཟིལ་གནོན་ཆས། །


JKT004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་དཔའ་བོ་ལྤགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་སོ། །བདེ་མཆོག་སོགས་ལ་མཎྜལ་ཚོམ་བུ་གཡོན་སྐོར་དང་། མཆོད་པའང་དེ་མཚུངས་གཡོན་པའི་ཀུན་སྤྱོད་གཙོ་བོར་གསུངས།། ༈ །།གནས་སྐབས་ཀྱི་སྤྲོས་པ་གཅོད་བྱེད་ལྟ་བ་གང་ཁས་བླངས་ཀྱང་མཐར་ཐུག་བརྗོད་བྲལ་དུ་ངེས་པ་ནི་མཁས་གྲུབ་ཐམས་ཅད་ཀྱི་བཞེད་པ་ངོ་མ་སྟེ། འདི་ལ་ལུང་རིག་བསམ་གྱིས་མི་ཁྱབ་པ་བཞག་ཏུ་ཡོད་དོ།། ༈ །།སྐུ་ཚབ་གཏེར་ལྔ་ཞེས་པའི་སྐུ་ཚབ་ནི། ཐོག་མར་སློབ་དཔོན་ཉིད་ཀྱིས་བཙུན་མོ་འོད་འཆང་མ་ལ་གནང་། ཕྱིས་ཁྲ་འབྲུག་ཏུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མནྡཱ་ར་བས་ཨུ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་ནས་བླངས་ཏེ་གཏེར་དུ་སྦས་པ། མངའ་བདག་ཉང་གིས་སྤྱན་དྲངས་ཏེ་དེང་སང་བསམ་ཡས་རྫོང་དུ་བཞུགས་པའི་གུ་རུ་མཚོ་སྐྱེས་རྡོ་རྗེ་འདི་ཀ་ཡིན། དེ་ལ་ཐང་ཡིག་ཏུ། ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མ་སྐུ་འདྲས་བྱེད། ཅེས་སོགས་རྒྱ་ཆེར་བསྔགས་པ་གུ་རུའི་སྐུ་སྤྱི་དང་། ཁྱད་པར་འདི་ལ་དགོངས། གཏེར་ལྔ་ནི་དབུས་གཏེར་ཟུག་པ་རྩ་བ། ཤར་གཏེར་འདྲིལ་བ་སྡོང་བོ། ལྷོ་གཏེར་གྱེས་པ་ཡལ་ག །ནུབ་གཏེར་


JKT004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གསལ་བ་མེ་ཏོག །བྱང་གཏེར་སྨིན་པ་འབྲས་བུ་རྣམས་སོ། །ཡང་། སྐུ་ཚབ་ཉེར་ལྔ་ཞེས་དངོས་ཀྱི་ཞལ་སྐྱིན་གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལ་བཞེད་པ་དང་། ལ་ལས་སྐུ་ཚབ་རིགས་མི་འདྲ་བ་ཉེར་ལྔ་སོགས་སུ་བཞེད་པའང་སྣང་ངོ་།། ༈ །།དེང་སང་བོད་ན་གསར་མར་གྲགས་པའི་རྗེས་གནང་སྐོར་ལ། གཙོ་བོར་སྒྲུབ་ཐབས་རྒྱ་མཚོ། བརྒྱ་རྩ། ཇོ་བོ་ལུགས། ཁ་ཆེ་པཎ་ཆེན་སོགས་ནས་བརྒྱུད་པ་ཁྲོ་ཕུ་ལུགས་བཞི་གཙོ་ཆེ་ཞིང་། ཕྱག་ལེན་ཀྱང་སོ་སོར་ཡོད། དེ་ལ་རྒྱ་མཚོ་ལ་སྐུ་གསུང་ཐུགས་དང་། བརྒྱ་རྩར་ལུགས་གསུམ། ཇོ་ལུགས་དང་ཁ་ཆེ་ལུགས་སོགས་སྐུ་གསུང་ཐུགས་ཀྱི་ཆིངས་ཅུང་འདྲ་མིན་རེ་ཡོད་ཅིང་། བརྒྱ་རྒྱམ་སོགས་ཀྱི་རྒྱུན་བཤགས་གུར་གྱི་ཡན་ལག་བདུན་པ་དང་། ཇོ་ལུགས་སོགས་འགའ་ལ་བཟང་སྤྱོད་ཀྱི་ཡན་ལག་བདུན་པ། བརྒྱ་རྒྱམ་གྱི་སྐྱབས་འགྲོ་བཞི་སྐོར་ཚིག་ལྷུག་དང་། ཇོ་ལུགས་སྐྱབས་སེམས་སངས་རྒྱས་ཚོགས་དང་། པཎ་ཆེན་ལུགས་སོགས་ལ་འགྲོ་རྣམས་བསྒྲལ་འདོད་མ་སྦྱར་བས་མཚོན་ནོ།། ༈ །།རྣམ་ཤེས་འཕོ་བའི་སྒོ་དགུ་སོགས་ཀྱི་ངོས་འཛིན་རྒྱུད་དང་བསྟན་བཅོས་རྣམས་ལས་མི་མཐུན་པ་མང་དུ་འབྱུང་། འཕོ་བའི་དུས་ལའང་བཞེད་པ་མི་མཐུན་པ་མང་མོད། མ་ཤི་གོང་དུ་འཕོས་ན་གོང་ལྟར་ཡང་དུས་མིན་ལྷ་བསད་པའི་ཉེས་པ་འབྱུང་བས། རྣམ་ཤེས་འོད་གསལ་ཐིམ་པའི་ཚེ་


JKT004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་སྟོབས་ཀྱིས་འཕོ་དགོས། དེ་ལ་གང་དུ་ལེགས་པར་འབྱོངས་པ་གཅེས་པས། སྦྱོང་བ་དང་། ལས་ལ་སྦྱར་བ་གཉིས་སུ་བསྟན་ནོ། །འཕོ་བའི་ཚེ་ཡི་གེ་ཧི་ཀྲ་དང་། ཕཊ་སོགས་ཀྱི་སྦྱོར་བ་གསུངས་ཏེ། །སྔ་མ་ནི། སེམས་ཀྱི་རྩ་ནི་དེ་བཞིན་ཧི་ཀྲ། སྟེང་དང་འོག་དང་དེ་བཞིན་སྟེང་། ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱངས། ཞེས་གདན་བཞིའི་བཤད་རྒྱུད་ལས་གསུང་། སྤྱིར་འཆི་བའི་དུས་ལ་བབ་པ་ན་འཁོར་བ་ལ་མངོན་པར་སྐྱོ་བས་ཆགས་སྡང་གདུང་སེམས་ཀྱི་འཁྲི་བ་ཐམས་ཅད་བཅད། འདུ་ཤེས་བཅུ་བསྟན་པ་དང་། འདའ་ཀ་ཡེ་ཤེས་ཀྱི་དོན་ལ་འདྲིས་པར་བྱ། བློ་སྦྱོང་པ་ཡིན་ན་སྟོབས་ལྔའི་འཕོ་བ་དང་། གང་ལྟར་ཡང་བྱང་ཆུབ་སེམས་གཉིས་མངོན་དུ་བྱས་ཏེ། བདེ་ཀྱེ་སོགས་ལམ་ཟབ་མོ་གང་ལ་གོམས་པའི་རྣལ་འབྱོར་གསལ་བཏབ། ལམ་འབྲས། རྣལ་འབྱོར་མ། ཆོས་དྲུག །ཚེམ་བུ་དམར་ཁྲིད། འོད་དཔག་མེད་ཀྱི་འཕོ་བ་སོགས་གསར་མ་དང་། རྫོགས་པ་ཆེན་པོའི་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་མན་ངག་སོགས་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་ཇི་ལྟར་གོམས་འདྲིས་ཡིད་ཆེས་བྱས་པ་ཞིག་གི་རྣལ་འབྱོར་གྱིས་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་བྱའོ། །གཞན་ཡང་བློ་སྦྱོང་སོགས་ལས་གསུངས་པའི་རྫས་ཀྱི་འཕོ་བ་དང་། གཟུངས་སྔགས་ཟབ་མོ་དང་། སངས་རྒྱས་ཀྱི་མཚན་བསྒྲགས་པས་མཚོན་ཐབས་ཀྱི་ཆ་རྣམས་ལ་སྐུར་


JKT004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་འདེབས་པར་རང་གཞན་གྱི་བློ་ཚོད་དང་འཚམས་པར་ཕན་གདགས་པའི་ཚུལ་ལ་མཁས་པ་གཅེས་སོ།། ༈ །།མདོ་སྔགས་ཀྱི་ཕྱག་ཆེན་སོ་སོར་བཞེད་པར་མར་མི་སོགས་ཀྱི་ལུང་གི་སྒྲུབ་བྱེད་དང་རྣལ་འབྱོར་བཞིའི་ས་ལམ་དངོས་བཏགས་ཀྱི་དབྱེ་བ་ལའང་དེ་མཚུངས་ལུང་གི་སྒྲུབ་བྱེད། གལ་ཏེ་མདོའི་ཕྱག་ཆེན་བཞེད་ན། དེ་དང་དབུ་མ་ཁྱད་པར་ཡོད་མེད་བཅས་ཀྱི་ལུང་རིགས་ཚད་ལྡན་སླར་བཙལ་བར་ཟླ བྱའོ།། ༈ །།བོ་དོང་པཎ་ཆེན་གྱི་གསུང་ལས་བདེ་བ་ཅན་ལྟ་བུའི་བ་ཡིག་ཐམས་ཅད། ཝ་ཞེས་བྲི་བ་ཐམས་ཅད་ཚུལ་ཡོད་སྣང་། འདི་བཀླགས་ཚུལ་ལ་དཔྱད་ན་ཐུགས་མེད་པ་འདྲ་སྙམ།། ༈ །།སྒྲ་མཐུན་སྒྱུ, དོན་དཔག་ནི། སངས་རྒྱས་འོད་སྲུང་དང་། ཉན་ཐོས་འོད་སྲུང་ལྟ་བུ་མཚན་མཐུན་ཀྱང་དོན་འཕགས་པའོ།། ༈ །།འཇམ་དཔལ་རྩ་རྒྱུད་ལས། ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། ཞེས་པ་ནས། འོད་ལྡན་ཉིད་ནི་ཕྱི་མ་ཡིན། ཅེས་པའི་བར་གྱིས་སྲོང་བཙན་ནས་འོད་སྲུང་གི་བར་ལུང་བསྟན་ཅེས་བཞེད།། ༈ །།མདུན་དུ་སྒྲོལ་མ་དཀར་མོ་ལ། །སྒྲོལ་མ་ཉེར་གཅིག་གིས་བསྐོར་བ། །གསལ་འདེབས་དེ་ལ་སེམས་གཏད་ན། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །རྟགས་མཚན་ལ་སོགས་གཞན་ལ་བཤད། །དེ་ཡིས་ཕྱི་ནས་སྒྲིབ་པར་འགྱུར། །ཞེས་གསུངས། །ཀུན་མཁྱེན་བུ་སྟོན་རིན་པོ་ཆེས། །དེ་ནས་


JKT004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་བཞི་སོགས་ལྷ་རྣམས་ཀྱིས། །སྲིད་གསུམ་རྒྱལ་པོར་དབང་བསྐུར་ལྕང་ལོ་ཅན། །ཕུལ་ནས་རྣམ་མང་ཐོས་པའི་སྲས་ཞེས་བསྟོད། །རྣམ་ཐོས་སྲས་སུ་གྲགས་ལ་ཕྱག་འཚལ་བསྟོད། །ལྷ་མིན་སྒྲ་གཅན་ལྷ་ལ་འཐབ་པའི་ཚེ། །ཁྱེད་སྐུ་རི་རབ་སྐེད་པར་ངལ་གསོ་བའི། །གཟི་བརྗིད་མ་བཟོད་ངལ་གསོས་ཕྱག་མཚལ་ཞེས། །བསྟོད་པས་ངལ་གསོས་གྲགས་ལ་ཕྱག་འཚལ་བསྟོད། །མགུལ་ཕྲེང་དམག་གིས་ལྷག་ནས་འཕྲོག་པའི་ཚེ། །ཁྱོད་སྐུ་གསེར་གྱི་གོ་བགོས་སེང་གེར་ཞོན། །ལྷ་གནས་སྲུང་བས་གནས་སྲུང་ཕྱག་འཚལ་ཞེས། །བསྟོད་པས་གནས་སྲུང་གྲགས་ལ་ཕྱག་འཚལ་བསྟོད། །རབ་སྨོད་དམག་གིས་ལྷ་གནས་འཕྲོག་པའི་ཚེ། །ཁྱོད་སྐུ་སྔོན་པོའི་གཟི་བརྗིད་མ་བཟོད་ནས། །ལུས་ངན་འདི་འདྲས་བདག་ཅག་བཏུལ་ལོ་ཞེས། །བསྟོད་པས་ལུས་ངན་གྲགས་ལ་ཕྱག་འཚལ་བསྟོད། །ཞེས་སོགས་གསུངས།། ༈ །།དོན་ཏིག་འགྲོ་བ་ཀུན་གྲོལ་ལས། གཟུགས་སྐུ་མཐོང་གྲོལ། གསུང་མཆོག་ཐོས་གྲོལ། རིག་པ་བཏགས་གྲོལ། དགོངས་པ་རེག་གྲོལ། འདོད་ཡོན་ཚོར་གྲོལ། ཐུགས་རྗེ་མྱོང་གྲོལ་ཅེས་སོ་སོར་རྒྱས་པར་གསུང་།། ༈ ། རྙིང་མའི་ཆོས་ཉིད་བར་དོའི་སྣང་བ་འཆར་ཚུལ་དང་ཆ་འདྲ་བ་བཀའ་གདམས་གླེགས་བམ་རིན་པོ་ཆེར་ཡོད།། ༈ །།དམ་པའི་ཆོས་ཐར་ལས། དམ་པ་གཤེགས་རྗེས་ཨཱ་ཙརླ་གསུམ་བྱུང་ནས། དམ་པ་སྐྱེ་


JKT004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཡིན་པས་དེའི་ཤ་ཁྲག་སུའི་ལྟོར་སོང་བ་སངས་རྒྱས་པ་ཡིན་ཚུལ་སོགས་དང་།། ༈ །།བརྟག་གཉིས་ཀྱི་འགྲེལ་པ་རིན་ཆེན་རྒྱན་འདྲ་ལས། སྐྱེ་བདུན་གྱི་ཤའི་ལོ་རྒྱུས་ཐང་ཡིག་སོགས་དང་ཆ་འདྲ་བར་བཤད་སྣང་ངོ་། །བཞུགས་སོ་ཞེས་པའི་སྐད་དོད་ལ། བི་ཛ་ཧཱ་རམ་ནི་ཉེར་བསྒྱུར་བ་སྔོན་མའི་ཧྲི་ཧྥ་འཕྲོག་པ་ལ་ལྐོག་གྱུར་གྱི་ཎ་ལ་བྱིན་བ་སྟེ། རྒྱུད་སྡེ་རྣམས་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་པའི་རྒྱ་དཔེར་འདི་ཡོད་པས། ཚུར་མཐོང་གི་སྤྱོད་ཡུལ་མ་གྱུར་པའི་དབྱིངས་སུ་བཞུགས་པའི་དོན་ཡིན་པས་དཔེ་ཆའི་སྐད་དོད་སོགས་ལ་སྦྱོར་མི་རིགས། དེས་ན་ཉེར་བསྒྱུར་བི་སྔོན་མའི་ཧྲི་ཉ་འཕྲོག་པ་ལ་ད་ལྟར་བའི་ཏི་པ་དང་། སྨ་ཡིས་འདས་པ་ལའོ་ཞེས་པས་སྨྲ་སྦྱར་བ། བི་ཧར་ཏི་སྨྲ་ཞེས་འབྱུང་བ་ཁོ་ན་ལེགས། གཞན་དུ། ཨ་སྟི་དང་། ཀ་བེ་སོགས་ཀྱང་སྦྱོར་རུང་ངོ་། །པྲ་སྟ་ར་ཞེས་པའི་པྲ་ཐུང་ངུ་ཟ ཡིན།། ༈ །།ཉན་ཐོས་པའི་ལུགས་ཀྱི་མཐར་ཐུག་གི་འབྲས་བུ་ཕུང་པོ་ལྷག་མེད། རྟོགས་བྱ་གང་ཟག་བདག་མེད། དེ་ཡང་རང་རིག་གཅིག་པུ། །གཞན་ཀླུ་སྒྲུབ་ཀྱིས་ནང་གི་ཤེས་པ་ཁོ་ན་དང་། བྱམས་པ་[ དང་ཐོགས་མེད་ཀྱིས་ཉེར་ལེན་ཕུང་པོ་བཅས་ལའོ། །དེ་གཉིས་དགོངས་པ་མཐུན། མངོན་རྟོགས་རྒྱན་ཕར་ཕྱིན་ཐབས་དང་། དབུ་ངས་པ་མཐུན། མངོན་རྟོགས་རྒྱན་ཕར་ཕྱིན་ཐབས་དང་། དབུ་མ་ཤེས་རབ་གཙོ་བོར་སྟོན་པས་དེ་གཉིས་ཟུང་དུ་འབྲེལ་བ་ཐེག་ཆེན་གྱི་ལམ་།


JKT004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས། རབ་དབྱེའི་ཆོས་སྐད་ཐེག་ཆེན་ཤས་ཆེ། ཐེག་ཆེན་སོ་ཐར་གྱི་སྡོམ་པ་འཆི་བའི་ཚེ་ན། ལུས་ཀྱི་སྡོམ་པ་གཏོང་། ཡིད་སྡོམ་མི་གཏོང་། གཟུགས་མེད་ཁམས་ལ་རགས་གཟུགས་མེད། ཡིད་གཟུགས་ཡོད། རྒྱུད་སྡེ་འོག་མར་བློ་ཡི་རིམ་པས་ལྷ་བསྐྱེད་པ་མ་གཏོགས། བསྐྱེད་པའི་རིམ་པས་ལྷ་བསྐྱེད་པ་མེད། མརྒ་པིཎྜ་རང་གི་ཉམས་ལེན་ལ་ཞག་འཆད་བྱུང་ཡང་སྐྱོན་མེད། ༈ །གཞི་སྟོང་པ་ཉིད། ལམ་མཚན་མེད། འབྲས་བུ་སྨོན་མེད། ཞེས་སོགས་རྒྱས་པར་གསུངས།། ༈ །།མ་ཧཱ་པཎྜི་ཏའི་བཞེད་པས། གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་སྐུ་དང་། ཡེ་ཤེས་ཞེས་རྣམ་པར་བཞག་པའི། ཕྱོགས་དང་པོ་སྟོང་ཆ་འཁོར་ལོ་བར་བ་དང་གསལ་ཆ་ཕྱི་མའི་རྗེས་སུ་འབྲངས་ནས་དེ་གཉིས་ཟུང་འཇུག་ཏུ་སྦྱོར་བ་སྔགས་ཀྱི་ཁྱད་ཆོས་སུ་བཤད། གཉིས་པ་ནི། ཐལ་འགྱུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་དཀར་གཅོད་ལ་འདུས། །ཞེས་གསུངས་པ་ལྟར། གྲོལ་ལུགས་བཞིའི་སྒོ་ནས་ད་ལྟའི་རིག་པ་རྗེན་པའི་ངང་དུ་སྤྲོས་པ་ཐད་ཀར་གཅོད་པ་སྟེ་རང་རིག་དྲི་མེད་གཟོད་ནས་སྤྲོས་པའི་ཆོས་ཀྱིས་གོས་མ་མྱོང་བས་འཁོར་བའི་རྒྱུ་ཟད་པ་གཞི་ལྟ་བུ། ཡེ་གྲོལ། དེ་ལྟར་ཡིན་པས་གདོད་གཉེན་པོས་བསྐྱར་དུ་གྲོལ་མི་དགོས་པར། གང་ཤར་ཐམས་ཅད་སྦྲུལ་


JKT004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་བཞིན་རང་གིས་གྲོལ་བ་རང་གྲོལ། ལམ་སྒོམ་པ། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རིག་སྟོང་སྐད་ཅིག་མའི་ངང་དུ་བརྡར་ཤ་ཆོད་པས་གཟུང་འཛིན་གྱི་སྣང་བ་ཐར་ཀར་གཅོད་པ་ཅེར་གྲོལ། སྤྱོད་པ། དུས་གསུམ་དང་ཤེས་བྱ་སོགས་བློ་དང་ལྷན་ཅིག་མི་གནས་པས་མཐའ་འབྲས་བུ། གྲོལ་ལོ། །རིམ་འཇུག་ལ་མ་ལྟོས་པར་རིག་གདངས་མངོན་སུམ་མཐོང་བས་ལམ་ཐོད་རྒལ་དུ་བགྲོད་པའི་ཉམས་ལེན་ནི། སྒྲོན་མ་བཞི་ལ། གནད་དྲུག་ལམ། གིས་ཉམས་སུ་བླངས་པས་རང་འབྲས་སྣང་བ་བཞི་འབྲས་བུ་མཐར་ཕྱིན་པ་སྟེ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པས་ཅིར་ཡང་འཆར་དུ་རུང་བ་ཤེས་རབ་རང་བྱུང་སྙིང་ནས་མིག་ཏུ་འབྲལ་བའི་རང་བྱུང་གསང་བ་ཆེན་པོའི་རྩ་རྒྱང་ཞགས་ཆུ། སྤྲིན་བྲལ་ནམ་མཁའ་མཐིང་ཞུན་ལྟ་བུའི་འོད་ཟླུམ་དག་པ་དབྱིངས། རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་ངེས་པར་བྱས་ནས། བཅའ་བ་རུས། འཁྲིད་པ་དབྱིངས། འགྲོ་འོང་རླུང་། འཆར་བྱེད་སྒོ། འཆར་བྱ་ཡུལ། རྩ་བ་སེམས་ཀྱི་གནད་རྡོ་རྗེ་སློབ་དཔོན་གྱི་གསུང་གི་བདུད་རྩིས་ཇི་ལྟར་སྐབས་དབྱེ་བ་བཞིན་བརྩོན་པས། མངོན་སུམ་བཞི་ཀའི་མཚན་ཉིད་ཅན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་ཆོས་ཉིད་མངོན་སུམ། སྣང་བ་མཆེད་པ་ཉམས་གོང་འཕེལ། དེ་ཉིད་ལ་བརྟན་པ་ཐོབ་པས་སྐུ་དང་ཡེ་ཤེས་ཀྱི་རྣམ་


JKT004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བསམ་གྱིས་མི་ཁྱབ་པ་རིག་པ་ཚད་ཕེབས། དེ་འོད་གསལ་གྱི་དབྱིངས་སུ་འཇུག་པ་ཆོས་ཉིད་ཟད་ས། དེ་ལས་སླར་ཟུང་འཇུག་གི་སྐུར་འཕོ་བ་ནི་མཐར་ཐུག་གི་འབྲས་བུའོ། །གསུམ་པ་ནི། རྟེན་སྐུ་ཀྵ གསུམ། བརྟེན་པ་ཡེ་ཤེས་ལྔ། མཛད་པ་ཕྲིན་ལས་དང་བཅས་པ་སྟེ། ཟུང་འཇུག་གི་ཡེ་ཤེས་གཅིག་གི་ཉམས་ཀྱིས་ཚུར་མཐོང་གི་ངོར་སྤྲོས་པ་དུ་མའི་གར་མཛད་པ་སྟེ། ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་སོ། །འདི་རྣམས་ས་བོན་ཙམ་སྟེ། དེ་ལས་འཕྲོས་པའི་ལུང་རིག་མན་ངག་གི་འཐད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བཀའ་སྩལ་བས་བློ་གྲོས་ཀྱི་པདྨ་མཆོག་ཏུ་རྒྱས་པར་མཛད་དོ། །སརྦ་གམྦྷི་རཱ་རྦ་བོདྨ་ནྟུ། ཤུ་བྷཾ། ༈ །མ་ཧཱ་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ནི་འབེ་རྫ་ཉིན་དམ་ཐོག་སྒང་དུ་འཁྲུངས། རང་གི་མེས་པོ་སངས་རྒྱས་རིན་ཆེན་ནམ་འབེ་འཇམ་དབྱངས་པར་གྲགས་པ་ལས། སྒྲ་ཀ་ལཱ་པ། སྙན་ངག་མེ་ལོང་། སྡེབ་སྦྱོར་རིན་འབྱུང་། གསོ་རིག་གི་སྐོར་སོགས་གསན། རྗེ་སྟོད་པ་ཚེ་དབང་གྲགས་པ་ལས་སྐར་ནག་རྩིས་དང་དབྱངས་འཆར་བཅས། ཀུན་མཁྱེན་དྷ་རྨ་ཀ་ར་ལས། ཐ་སྙད་རིག་ལམ་རྒྱ་མཚོ་ལྟ་བུའི་གསན་བསམ་དོགས་གཅོད་སྤྱི་དང་། ཁྱད་པར་ཙཱནྡྲ་པ་ཚར་ལྔ། འགྲེལ་པ་འདོད་འཇོ་ཚར་གསུམ། སྙན་དངགས་མེ་


JKT004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་། ཀ་ལཱ་པའི་ཏི་སོགས་གསོ་རིག་དང་རྒྱ་རྩིས་གསར་འགྱུར། འབྲས་རྩིས་མྱུར་རྟོགས། མངོན་མཛོད། དབུ་མ་འཇུག་པ། དབུ་མ་རྒྱན། མདོ་རྒྱན་པད་དཀར་སྡོམ་གསུམ། ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས་འབྱེད་པ། སྙིང་པོ་བསྟན་པ། དཀྱིལ་འཁོར་གྱི་ཐིག་རྩ། ཁྱད་པར་གྲུབ་མཐའ་བཞི་དང་དབུ་མ་གཞན་སྟོང་གི་ཟབ་གནད་སོགས་གསན་ནས་བྱང་ཆུབ་པར་མཛད། ཕག་མོ། བདེ་མཆོག ། འཇིགས་བྱེད་མལ་ལུགས་ལྷ་དགུ་ཇོ་ལུགས་དུས་འཁོར། ཆོས་དབྱིངས་གསུང་དབང་། བདེ་མཆོག་སྟོད་འགྲེལ། དྲིལ་བུ་ལུས་དཀྱིལ། ཕྱག་བཞི་པ་སོགས་ཀྱི་དབང་། ཕྱག་ཆེན། སྦྱོར་དྲུག །རྫོགས་ཆེན། རྭ་ཁྲིད་སྙན་བརྒྱུད་སོགས་འཁྲིད་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཟིན་བྲིས་ཀྱང་འགའ་ཞིག་མཛད། རྗེ་དཔའ་བོ་ལས། ཞི་སྦས་ལུགས་ཀྱི་དགྱེས་རྡོར། གཤེད་ནག །བདེ་མཆོག་ནག་པོ། ནི་གུའི་བདེ་མཆོག་ལྷ་ལྔ། འཇིགས་བྱེད་རོ་ལངས་བརྒྱད་སྐོར། སྒྲོལ་མ་རྣལ་འབྱོར་མ་སོགས་ཀྱི་དབང་། སྒྲོལ་མ་དང་། བཀའ་བབས་བདུན་གྱི་འཁྲིད་ཡེ་ཤེས་རྒྱ་མཚོའི་རིག་ཟིག་སྟེང་ནས་ཇོ་ལུགས་བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་སོགས་གསན། དཔོན་ཀརྨ་ལས། ཆོས་དབྱིངས་གསུང་དབང་མ་གཏོགས་པའི་རྔོག་དཀྱིལ། གཤེད་དམར་ལྷ་ལྔ་རྣམས་གསན། འབྲུག་ཡོངས་འཛིན་ལས། པཎ་ཆེན་ནགས་རིན་


JKT004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱུད་པའི་རྡོར་ཕྲེང་། གསང་འདུས་མི་བསྐྱོད་པ། གཤེད་དམར་གྱད་ཆེན། རྒྱ་ཡེ་ཤེས་རྡོ་རྗེའི་སྤྲུལ་སྐུ་ལས། བདེ་མཆོག་འཇམ་རྡོར་དང་། མེ་ཏྲི་༡ ༣མ་སོགས། ཁམས་སྤྲུལ་ལས་དུས་འཁོར་སྡོམ་g,ཆེན་སོགས་རྒྱུད་སྡེའི་དབང་བཀའ་ལ་ཐུགས་རྩོལ་ཆེར་མཛད། རྒྱལ་རོང་ནས་ཀུན་བཟང་དབང་པོའི་དཔོན་བླ་མ་ཀུན་དགའ་རྣམ་རྒྱལ་ལས་ཇོ་ནང་ཏཱ་ར་ནཱ་ཐའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་གསན།གསུང་རྩོམ་སྐོར་ལ། རང་ཉིད་ཀྱི་བླ་མ་དྷརྨ་ཀ་རའི་གསུང་འབུམ་གྱི་ཞལ་སྐོང་སོགས་སྤར་དུ་འཁོད་རིགས་དང་། གཞན་རྗེ་རང་ཉིད་ཀྱི་རྟོགས་བརྗོད་རིན་ཆེན་ཕྲེང་བ། ཀ་ལཱ་པའི་བཤད་སྦྱར་ཟླ་ཟེར། སྙན་ངག་མེ་ལོང་དང་། མངོན་བརྗོད་འདོད་འཇོའི་ཟིན་བྲིས། མུ་ཏིག་ཕྲེང་བའི་འགྱུར་བཅོས། སྡེབ་སྦྱོར་ཀུན་ཏུ་རབ་ཏུ་འཇུག་པ། འཇང་པ་ཐར་མཆོག་ལས་རྒྱ་རྩིས་སྐོར་དང་། ས་དཔྱད་སོགས་ཤིན་ཏུ་མང་བ་གསན་ནས་གསར་འགྱུར་སྒྲའི་བྱིངས་ལས་བཅས་ལས་མེད་ཀྱི་འཕྲོས་དོན། བཙོང་ཁ་པའི་བི་བརྟའི་རྒྱུ་མཚན། ཚེ་དཔག །ཀུན་རིག །ཆབ་གཏོར་རྣམས་ཀྱི་ཟིན་བྲིས། གསོ་རིག་གི་ཆོས་འབྱུང་ཁྱད་འཕགས། སྟག་ཤམ་ཡི་དམ་དགོངས་འདུས་ལས་བྱང་འགྲེལ་པ། གཡུ་ཐོག་སྙིང་ཏིག་ལས་བྱང་འགྲེལ་པ་དང་བསྙེན་དམིགས། ཟུར་ལུགས་ཕྱག་བཞི་བའི་མདོས་ཆེན། གཅོད་སྐོར། གསལ་སྒྲོན་གྱི་གཏོ་


JKT004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོམ་ས་བདག་ཉེས་པ་ཀུན་སེལ་སོགས་ཀྱི་ཟིན་བྲིས། ཟབ་མོ་ནང་དོན་ཟིན་བྲིས། སྦྱིན་སྲེག་གི་རྫས་སྔགས་ཀྱི་རྒྱུ་མཚན། བུམ་རྫས་ཀྱི་ངོས་འཛིན་གྲུབ་མཐའི་སྐོར་གྱི་ཟིན་བྲིས་ཚིག་བཅད་ལྷུག་མང་ཙམ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དང་འབེལ་གཏམ་གྱི་ཟིན་བྲིས། དྲུག་བཅུ་པའི་ཟིན་བྲིས་དཀྱིལ་འཁོར་བློས་བསླངས་སོགས་ཀྱི་ཐིག་རྩ། བདེ་མཆོག་ནམ་མཁའ་ལྡིང་གི་ཆར་འབེབས། རྡོ་རྗེ་གདན་བཞིའི་ཡུམ་བཀའི་ཆུའི་སྦྱིན་སྲེག །བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་ངེས་དོན་བཤད་པ། ཨརྩི་ཀ་གི་རྣམ་བཤད་གསང་དོན་ཀུན་གསལ། ཀུན་མཁྱེན་དྷརྨ་ཀ་རའི་གསུང་རྒྱུན་སྣ་ཚོགས་ཟིན་བྲིས། རྫོགས་ཆེན་སྙིང་ཏིག་དང་རྭ་ལུགས་འཇིགས་མཛད་སྙན་བརྒྱུད་ཟིན་བྲིས། ཕུག་ལུགས་ནག་རྩིས་ཀྱི་ལོ་མགོ་དང་། ཟླ་དུས་ཞག་གི་བརྒལ་བརྟག །རྩིས་རིག་སྨྲ་བ་རྣམས་ལ་སྤྲིངས་པའི་འཇའ་ས།། ༈ །།ལྡེབ་༣༦༢བཞི་ཡིས་ཚངས་པའི་བསོད་ནམས་བསྐྱེད། ཅེས་པ་ནི་སྟག་ལོ་རང་གི་རིག་གནས་ཀུན་ཤེས་རྩ་བར། བཞི་ནི་ཚངས་པའི་བསོད་ནམས་སྐྱེད་བྱེད་དེ། །སྔར་མེད་གནས་སུ་རྒྱལ་བའི་རིང་བསྲེལ་མཆོག ། གཞུག་པའི་མཆོད་རྟེན་རྩིག་པར་བྱེད་པ་དང་། །དགེ་འདུན་ཀུན་ར་ལོངས་སྤྱོད་དང་བཅས་བྱེད། དགེ་འདུན་བྱེ་བ་ལེགས་པར་བསྡུམས་པ་༢དང་། །བྱམས་སོགས་ཚད་མེད་བཞི་པོ་བསྒོམ་པའོ། །ཞེས་


JKT004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། རྫས་ལས་བྱུང་བའི་བསོད་ནམས་བདུན་གྱི་དང་པོ། །ཀུན་དགའ་ར་བ་དང་། གཙུག་ལག་ཁང་བཞེངས་པ། གཞན་དགེ་འདུན་བྱེ་བ་བསྡུམ་པ། བྱམས་སོགས་ཚད་མེད་བཞི་བསྒོམ་པ་སྟེ་བཞི། གནས་སྐབས་ཚངས་པའི་བསོད་ནམས་བསྐྱེད་པས་རྣམ་སྨིན་མཉམ་པར་གསུངས་པ། ལུང་དེའང་འདུལ་ལུང་རང་ཡིན། མངོན་བརྗོད་སྐབས་དངོས་ཀྱི་ཚུལ་གསུམ་དང་། བཏགས་པའི་ཚུལ་ལྔའི་གྲངས་ངོ་མ་བགྲངས་པ་ཆོས་རྣམ་པའི་བསྡུས་ར་སོགས་སུ་ནི་མི་སྣང་། གཞན་དཔེ་མེད།། ༈ །།ཟློས་གར་ཁམས་འགྲེལ་དེ་བསབས་ཡོད་ཀྱང་། རྣམ་གྲངས་ཙམ་མ་གཏོགས་རྒྱས་བཤད་དང་དོན་གྱི་ཆིངས་སོགས་ནི་མི་འདུག། ༈ །།༡༡༢་པར་འཆད་ཚུལ་དྲུག །སྐུ་དྲང་པོར་བསྲངས། སྨིན་མ་༢གཟེངས་གཏོད། སྤྱན་ཟིམ་བུར་༣གཟིགས། ཞལ་གྱི་ཡོན་ཏན་༤ཕྱེ། དུང་གི་ཚེམ་༥བར་ན། ལྗགས་ཀྱི་དབང་པོ་༦བརྐྱངས་ཏེ་ཚངས་པའི་དབྱངས་སུ་གསུངས་སོ་ཟེར་བ་དེ་ཡིན་ནོ། །སྔ་འགྱུར་རང་གི་ཟུར་སྐད་དུ་སྣང་ཞིང་། རྒྱུད་ཀྱི་ཁུངས་ངེས་པ་གང་ཡོད་པ་རྟག ༈ ༡༥༨ པར། ཇོ་བོ་རྗེས་སྦྱོང་རྒྱུད་སྤེལ་ཚུལ་དཀྱུས་སུ་གསུངས་པ་དེ་ལས། གཞན་རྡོར་དབྱིངས་སོགས་ཡོ་གའི་གཞུང་ཆེན་པོར་གསུངས་ཚུལ་དམིགས་བསལ་མི་སྣང་།། ༈ །།༡༥༩ པར་དཔྱལ་ལོ་དེ་ཤེས་འོད་པའི་སྒོམ་པ་འཆི་མེད་བདུད་རྩི་ཡང་ཡོད། དོན་དུ་དཔྱལ་


JKT004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དཔལ་དང་། དཔྱལ་ཀུན་མཁྱེན་ཆེན་པོ་སོགས་ནས་བརྒྱུད་པའི་ཕུར་པ་དཔྱལ་ལུགས་སོགས་ད་ལྟའི་བར་བྱུང་། དཔྱལ་ལོའི་གདན་ས་ཐར་ལོ་སོགས་ཀྱིས་ཀྱང་རྙིང་མའི་རྒྱུད་གསང་སྙིང་འགྱུར་བཅོས་ཀྱིས་གཙོས་སྔ་འགྱུར་ལ་ཞེ་ཁེལ་བར་མཛད། དཔྱལ་ཀུན་མཁྱེན་འདི་བུ་སྟོན་དང་དུས་མཉམ། སྔ་འགྱུར་གྱི་ཡིག་ཆ་མཛད་པ་ཡང་མང་། དེར་མ་ཟད་རྒྱལ་ལོ་ཆེན་ཨེ་མོ་གྷས་ཀྱང་པཎ་ཆེན་ཤཱཀྱ་། ཤཱི་ལ་ཡང་དག་མེ་གཅིག་གསན་པ་སོགས་སྨན་ལུང་གི་དཔྱལ་བའི་གདུང་རབས་སྔ་མ་ནས་རྙིང་མ་གཙོ་བོར་མཛད་པར་གསལ་ནའང་ལོ་རྒྱུས་རྒྱས་པ་མ་མཇལ། ཐར་པ་ཆ་མཐུན་ལྔའི་རྒྱས་བཤད་མ་རྙེད་ཅིང་། །ལར་ཀུན་མཁྱེན་ཆེན་པོའི་གསུང་རབ་ལས་བརྡ་ཁྱད་ཟུར་གསལ་ཞིག་རྙིང་མའི་གཞུང་དང་བསྟུན་པས་ཆོས་ཀྱི་སྐད་ཀྱིས་འཆད་དཀའ་བ། དཔེར་ན་ཡིད་བཞིན་མཛོད་ཀྱི་གཟུགས་ཁམས་སོ་སོར་རིན་པོ་ཆེའི་ནམ་མཁའ་རེ་བཤད་པ། སློབ་དཔོན་རིན་པོ་ཆེའི་མུ་ཏིག་ཕྲེང་བའི་རྒྱུད་འགྲེལ་དུ་སྣང་བ་ལས་གཞན་མདོ་རྒྱུད་གང་ལའང་དེ་འདྲ་མ་གསུངས་པས་མཚོན། དེང་སང་ཀུན་མཁྱེན་གསར་རྙིང་གི་གཞུང་ལྗགས་@བྱང་བར་ཀློག་པ་རྣམས་ཀྱིས་ཀྱང་། རྒྱུ་མཚན་འཆད་དུ་མེད་པར་མང་བར་སྣང་།། ༈ །།༨༧༥འཇིག་རྟེན་ཕྱིན་ཅི་ལོག་གི་རྣམ་རྟོག་བརྒྱད་པ་སྡེའི་དཔེ་འདིར་ཡང་མེད་པ་སོགས་ཀྱིས་མ་རྙེད། ༈ །༤༤༦ཆོས་


JKT004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་མིང་གི་དབྱེ་བསྡུ་སྐབས། ཇོ་ནང་ཐེག་མཆོག་དབུ་མའི་གཞུང་རང་དུ། །དངོས་པོའི་མིང་དང་དེ་བཞིན་འབྲེལ་༢པའི་མིང་། །བསྡུས་༣དང་ཐ་དད་གྲགས་དང་མ་གྲགས་༦ཏེ། །མིང་གི་དབྱེ་བ་དྲུག་ཏུ་མ་འདུས་མེད། ཅེས་གསུངས། ཡེ་ཤེས་རྒྱ་མཚོའི་ཟིན་བྲིས་དཔེ་དོད་ཙམ་ཡོད་ཀྱང་། ཐ་དད་པའི་བཤད་པ་ཆད། གཞན་འདི་རིགས་ཀྱི་བཤད་པ་མང་པོ་མཐོང་ནའང་མིང་གི་རྣམ་གྲངས་དྲུག་ཏུ་བསྡུས་པའི་དམིགས་བསལ་མ་མཛད། དོན་གྱི་འབྲེལ་དཔྱད་ན་ནི། འདུས་པ་ལ་ལྡོག་པ་ཐ་དད་པའི་མཚན་ཉིད་ཨེ་ཡིན། དེ་ལྟར་ན་ཐ་དད་པའི་མིང་ནི་དེ་ལས་ལྡོག་པ་སྟེ། བུམ་པ་འདི་རྣམས་ནི། གསེར་དང་། དངུལ་དང་། ཟངས་ཀྱི་བུམ་པའོ། །ཞེས་ཁྱད་གཞི་གཅིག་ལས། བྱེ་བྲག་ཐ་དད་པར་སྣང་བའི་སྒྲ་སྤྱི་ལྟ་བུ། ཞེས་སྦྱར་ན་ཅི་འགྱུར་གཟིགས།། ༈ །།རྙིང་མའི་སྒྱུ་འཕྲུལ་ཁྲག་འཐུང་རྩ་འཚམས་ཀྱི་ཁུངས་སོགས་ལོ་ཆེན་རིན་པོ་ཆེའི་གསུང་རབ་ཀུན་བཟང་རོལ་པ་འདིར་རགས་རིམ་གསུངས་འདུག་པ་ལྟར། ཁུངས་དང་ལག་ལེན་གྱི་སྡོམ་ཚིག་ཙམ་བཀོད་ན་ཤིན་ཏུ་ལེགས་པས་ལྡེབ་གཅིག་ཙམ་འབྲི་རྒྱུ་མཛད་ན་ལགས། དེང་སང་ཕལ་ཆེར་ནས་ཁ་སྐད་དུ། ས་སྐྱའི་ཕུར་འཆམས་འདི་སློབ་དཔོན་རིན་པོ་ཆེས་བསམ་ཡས་ས་འདུལ་མཛད་དུས་རྡོ་རྗེ་ཕུར་པའི་སྒོ་ནས་ནམ་མཁའ་ནས་རྡོ་རྗེའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་


JKT004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པའི་ཕྱག་ལེན་གྱི་རྒྱུན་འཁོན་རིགས་བརྒྱུད་པའི་ཕྱག་གཞེས་བར་མ་ཆད་པ་ཡིན་ཚུལ་དང་། འདི་ལ་བརྟེན་ནས་རྙིང་མའི་སྒྱུ་འཕྲུལ་བཀའ་བརྒྱད་ཀྱི་རྩ་འཆམས་སོགས་མཛད་སྐད་བཤད་མཁན་མང་ནའང་། སློབ་དཔོན་རིན་པོ་ཆེས་ཕུར་པ་ལ་བརྟེན་ནས་རྡོ་རྗེའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབས་པ་དང་། དེའི་རྒྱུན་ཅི་རིགས་པ་བྱུང་ཡོད་པ་གཞིར་བཅས། འོན་ཀྱང་ད་ལྟའི་ཕྱག་ལེན་འདི་ནི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས་སྒྱུ་འཕྲུལ་རྩ་འཆམས་ལ་བརྟེན་ནས་ཕུར་པའི་རྩ་འཆམས་མཛད་པ་སོགས་ལོ་ཆེན་རིན་པོ་ཆེས་ཇི་ལྟར་གསུངས་པ་བཞིན་ཡིན་ངེས་སོ། །ལར་ཟློས་གར་གྱི་རིགས་རྒྱ་བལ་དུ་གྲགས་པ་དངོས་ནི་བོད་འདིར་མ་དར་ནའང་། ཐུན་མོང་གི་དབང་དུ་བྱས་ན་ཨ་ལྕེ་ལྷ་མོ་རྩེ་བ་སོགས་ཀྱང་ཟློས་གར་ལས་མ་འདས་ཤིང་། ཐུན་མོང་མ་ཡིན་པའི་དབང་དུ་ན། ཁྲག་འཐུང་རྩ་འཆམས་སོགས་སྔོན་བྱུང་སྟོན་པའི་རྣམ་འཕྲུལ་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱར་བའི་འཕྲིན་ལས་ཀྱི་བྱང་བུ་དང་མཐུན་པར་ཟློས་གར་གྱིས་གདུལ་བྱའི་རྒྱུད་ལ་མངོན་སུམ་ལྟ་བུའི་ངེས་ཤེས་འདྲེན་པར་མཛད་པ་དང་། གཞན་གསར་རྙིང་གི་རྒྱུད་སྡེ་ཀུན་ལ་ཡོངས་སུ་གྲགས་པའི་གར་གྱི་རྣམ་བཞག་ཐམས་ཅད་ཀྱང་སྒེག་པ་ལ་སོགས་པའི་ཉམས་འགྱུར་དུ་མས་ཁྱད་པར་དུ་བྱས་པའི་ཟློས་གར་ཁོ་ན་ཡིན་པར་མ་ཟད། མུར་


JKT004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གར་རྒྱས་པ་སོགས་ཀྱི་འགྲོས་དང་། ཟློས་གར་གྱི་འཆམས་སྦྱོང་བའི་ཡན་ལག་ལྔ་སོགས་ཞིབ་ཏུ་སྦྱོང་རྒྱུ་ཡོད་པར་སྣང་།། ༈ །།སྒྲུབ་སྡེ་བརྒྱད་ཀྱི་དགོངས་པའི་བཤད་པ་སྐབས་འདིར་མདོར་བསྡུས་འདི་ཙམ་གྱིས་འཐུས་སྙམ། གཞན་དུ་བདེ་འདུས་ཀྱི་སྒོས་རྒྱུད་དང་། རྡོ་རྗེ་ཆོས་ཀྱི་ལུང་ལྔ་སོགས་ཕན་ཚུན་ལྟོ་སྦྱར་ནས་བཤད་ན་ཞིབ་ཏུ་འཆད་རྒྱུ་ཡོད་སྙམ་ནའང་དཔེ་མེད་པས་དཀྲིགས་ཆ་མ་འཚལ། གཏེར་གསར་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཞེས་འདི་ལོར་འབེབས་པ་འདི་ལའང་འདི་སྦྱོར་བའི་བཤད་པ་རྒྱས་པར་འོང་རིགས་སུ་སྣང་། སྐུ་གསུང་ཐུགས་རྡོ་རྗེ་བརྩེགས་པའི་རྒྱུད་དུ་རྩ་ཚིག་རགས་རིམ་ཞིག་འདུག་ནའང་། རྒྱུད་དེའི་འགྲེལ་པ་འདྲ་ནི་བཞུགས་སྐད་མ་ཐོས། རྫོང་འཕྲང་སོགས་སུ་ཐོར་བུའི་བཤད་པ་མང་ནའང་། ཕྱོགས་གཅིག་ཏུ་རྐང་ཚུགས་པ་ནི་མེད། གང་ལྟར་འདི་རིགས་སྒྲུབ་སྡེའི་གཞུང་ལམ་གྱི་ཆོས་སྐད་ཆེན་པོར་སོང་བས་རྐང་ཚུགས་པའི་སྤྱི་དོན་ཉུང་གསལ་འདྲ་བྱུང་ན་ཤིན་ཏུ་དོན་གལ་ཆེ་བར་སྣང་།། ༈ །།རང་སྣང་ལོངས་སྐུ་ཆེན་པོ་དངོས་དང་། ཕྱེད་སྣང་ལོངས་སྐུ་ཕྱེད་གདུལ་བྱ་གཞན་གྱི་སྣང་བས་བསྡུས་པས་སྔ་མ་ལ་འོས་ནས་བཏགས་པ་འདི་ཁྱད་དུ་ཕྱེས་ན་ལེགས་སོ།། ༈ །།མཛོད་ཀྱི་རྒྱུ་དྲུག །རྐྱེན་བཞི་ལ་བྱེ་མདོ་རང་གི་ལུགས་ལྟར་ན་དཔེའམ་མཚན་གཞི་རེ་རེས་དམིགས་བསལ་ལྟར་ན་ཁྱབ་ཆུང་


JKT004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུའི་སྐྱོན་འབྱུང་བ་ཡིན་ནོ། །དེ་འདྲ་སྦྱར་བ་མ་མཇལ་རུང་། གང་ལྟར་ཡང་འདི་དང་ཉན་ཐོས་བསྒོམ་ལམ་པ་གང་ལ་བསྟེན། མཐོང་སྤང་དབྱེ་བ་སོགས་མཆིམས་མཛོད་འདི་ཚད་ཐུབ་ཀྱི་འགྲེལ་པར་སྣང་བས་འདིའི་རྗེས་སུ་འབྲངས་ཏེ་གསལ་ཁ་རེ་མཛད་རྒྱུ་བྱུང་ན་ཤིན་ཏུ་ལེགས།། ༈ །།གསང་འདུས་སྟོངས་ཐུན་གྱི་དོན་བསྡུས་འདི་ཁུངས་མང་ནའང་། སྔ་རབས་པའི་བཤད་སྲོལ་འཁྲུལ་མེད་རྗེས་སུ་ཟློས་པས་ལེགས་ཤིང་ལར་འདི་འདྲ་ཞིག་མ་གཏོགས། འདུས་པ་རང་གི་རྒྱུད་ཀྱི་སྤྱི་དོན་ལྟ་བུ་ནི་གཏན་ནས་མ་མཇལ་བས་ཅི་བྱ་མེད། མན་ངག་གི་དབང་དུ་བྱས་ན། རིམ་ལྔ་ཤེས་ན་འདུས་པའི་རྒྱུད་དོན་ཁྲོལ་བས། ཐོག་མར་རིམ་ལྔའི་ཁྲིད་འབོགས། གཟོད་རྒྱུད་ཀྱི་བཤད་པ་བྱེད་པ་སྔ་རབས་པ་ཐམས་ཅད་ལ་ཡོངས་སུ་གྲགས་ཤིང་འཕགས་འོད་དང་། བུ་སྟོན་རིན་པོ་ཆེ་མཇལ་དུས་ཀྱི་རྣམ་ཐར་གྱིས་ཀྱང་ཤེས། བཤད་ཐབས་ཙམ་ནི་རྒྱན་བདུན་གྱིས་བསྡུས་པ་སྒྲོན་གསལ་ལས་རྒྱ་ཆེར་བཤད་པ་ལྟར་རོ།། ༈ །།སོ་ཐར་ལམ་རིམ་བུ་སྟོན་རིན་པོ་ཆེའི་གསུང་འདི་བཞིན་ལས། སྤྱི་བབས། དགེ་སློང་དག་ཚུལ་ཁྲིམས་དག་པར་བྱས་ན་སེམས་ལས་སུ་རུང་བར་འགྱུར་རོ། །སེམས་ལས་སུ་རུང་ན་ཤེས་རབ་ཀྱི་མིག་སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱི་མིག་སྐྱེས་ན་སེམས་ཟག་པ་ལས་གྲོལ་བར་འགྱུར་རོ། །ཞེས་འགྱོད་པ་


JKT004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཚུལ་ཁྲིམས་ཀྱིས་སེམས་ལས་སུ་རུང་ཞིང་ཏིང་ངེ་འཛིན་འགྲུབ་སླ། དེས་ཤེས་རབ་ཀྱི་དབང་པོ་སྐྱེས་ཏེ་ལམ་ཐམས་ཅད་རྫོགས་པའི་ཚུལ་བཤད་པ་རྒྱ་ཆེར་སྣང་ནའང་། སོ་ཐར་གྱི་ཚུལ་ཁྲིམས་གཅིག་པུས་ལམ་ཐམས་ཅད་བགྲོད་པའི་ཚུལ་སོགས་ལམ་གྱི་རིམ་པར་གཟིགས་པ་དེ་འདྲ་ནི་མ་མཇལ་བས། བུ་སྟོན་རིན་པོ་ཆེའི་གསུངས་འདི་ཀ་སོར་བཞག་ན་ལེགས།། ༈ །།ཐོག་མར་བཤེས་གཉེན་བསྟེན་ཚུལ་ལ་ཐུག་པས་བཤེས་གཉེན་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པའི་ཉེས་དམིགས་བསམ་པ། རྩ་བ་དད་པ་སྦྱང་བ། བཀའ་དྲིན་རྗེས་དྲན་གྱི་གུས་པ་གཉིས་ཀྱི་སྒོ་ནས་བསམ་པས་བསྟེན་ཚུལ་དང་། མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་བྱ་བ་སྦྱོར་བས་བསྟེན་ཚུལ་ལ་འབད་དེ་ལམ་གྱི་རྩ་བ་ཚུགས་པ་ཞིག་བྱ། དེ་ནས་དལ་འབྱོར་རང་གི་ངོ་བོ་ངོས་བཟུང་བ་དང་། གནས་སྐབས་དང་མཐར་ཐུག་ལ་ལྟོས་ནས་དོན་ཆེ་བ་དང་། དཔེ་དང་། ངོ་བོ་དང་། རྒྱུའི་སྒོ་ནས་རྙེད་པར་དཀའ་བའི་ཚུལ་རྣམས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་རྒྱུ་མཚན་དུ་མའི་སྒོ་ནས་ཡུན་རིང་དུ་བསམས་པས་སྐད་ཅིག་རེར་ཡང་དོན་མེད་དུ་བཏང་མི་ཕོད་པར་སྙིང་པོ་ལེན་འདོད་ཀྱི་བསམ་པ་བརྟན་པོ་བསྐྱེད། སྙིང་པོ་ལེན་ལུགས་ནི་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་བློ་སྦྱོང་བ་སྟེ། དེ་ཡང་དལ་འབྱོར་གྱི་རྟེན་ཕུན་


JKT004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་འདི་ལྟ་བུ་ཐོབ་པའང་རིང་དུ་མི་གནས་པས་ངེས་པར་འཆི་བ་དང་། ནམ་འཆི་ལ་ངེས་པ་མེད་པ་དང་། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པའི་ཚུལ་རྣམས་རྒྱུ་མཚན་དུ་མའི་སྒོ་ནས་བསམས་ཏེ་ཚེ་འདིའི་བྱ་བ་གང་གིའང་དབང་དུ་མི་གཏོང་བར་སྙིང་གི་ཐིག་ལེའི་གདམས་པ་ཟབ་མོ་འདི་བསྒོམ་པ་ལ་ཆིག་བསྒྲིལ་དུ་འབད་པར་ཐག་བཅད་པ་དང་། དེ་ནས་ངན་འགྲོའི་སྡུག་བསྔལ་ལ་བསམས་ཏེ་སྙིང་ནས་འཇིགས་པས་དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་རྙེད་པ་བྱུང་བ་ན་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་ལ་འབད། དེ་ལྟར་སྐྱེས་བུ་ཆུང་ངུའི་ལམ་ལ་སྦྱངས་པས་ཚེ་འདི་ལས་བློ་ལོག་སྟེ་འཇིག་རྟེན་ཕྱི་མའི་དོན་འབའ་ཞིག་སྒྲུབ་པར་སེམས་སྐྱེས་པ་ན་སྲིད་པ་མཐའ་དག་གི་ཉེས་དམིགས་དཔྱད་ཅིང་བསམས་ཏེ་བཙོན་རར་ཆུད་པའི་མི་གནས་དེ་ལས་ཐར་བར་འདོད་པ་དང་། མཚོལ་གནས་པའི་བྱ་རྣམས་མཚོ་དེ་འཁྱགས་པར་མཐོང་ན་གནས་དེ་ལ་སྐད་ཅིག་ཀྱང་མི་ཆགས་པར་གཞན་དུ་འགྲོ་བར་འདོད་པ་ཇི་ལྟར་བར་སྲིད་པ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་སྟེ་ཉིན་མཚན་ཀུན་ཏུ་ཐབས་གང་བྱས་ན་འཁོར་བའི་བཙོན་ར་འདི་ལས་ཐར་སྙམ་དུ་ཐར་པ་དོན་གཉེར་གྱི་བསམ་པ་འབའ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་བ་དང་། ཐར་པ་ཐོབ་པ་ལ་ལམ་བསླབ་པ་གསུམ་


JKT004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསླབ་དགོས་པས། དེ་རྣམས་ཀྱི་གྲངས་དང་། གོ་རིམ་ངེས་པ། ངོ་བོ་མ་ནོར་བ་རྣམས་ལ་ངེས་པ་གཏིང་ཚུགས་པ་ཞིག་རྙེད་པར་བྱ་བ་དང་། ལྷག་པར་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཚུལ་ཁྲིམས་དག་པའི་མཐུ་ལ་ལྟོས་པར་ངེས་པ་བརྟན་པོ་རྙེད་པར་བྱས་ཏེ་བཅས་རང་གི་ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད། དེ་ལྟར་སྐྱེས་བུ་འབྲིང་གི་ལམ་ལ་བློ་སྦྱངས་པས་འཁོར་བ་མཐའ་དག་ལས་བློ་ལོག་སྟེ་ཐར་པ་དོན་གཉེར་གྱི་འདུན་པ་ཤུགས་དྲག་པོ་སྐྱེས་པ་ན། རང་ཉིད་ཇི་ལྟ་བར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་རར་ཚུད་ནས་སྡུག་བསྔལ་བརྒྱ་ཕྲག་གིས་གཟིར་བའི་ཚུལ་ལ་ཤས་མི་བཟོད་པའི་བརྩེ་བ་ཆེན་པོ་བསྐྱེད་དེ་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ལ་ཐུག་པས་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ་འབད་དགོས་ཤིང་། དེ་བསྐྱེད་པ་ལ་ཡིད་འོང་གི་བྱམས་པ་བསྐྱེད་དགོས་ལ། དེ་བསྐྱེད་པ་ལ་མན་ངག་ལུགས་གཉིས་ཏེ། ཤེར་ཕྱིན་གྱི་མདོའི་དགོངས་པ་ལྟར་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་བལྟས་ནས་བསྐྱེད་པ་དང་། མདོ་སྡེ་ཕལ་པོ་ཆེའི་དགོངས་པ་ལྟར་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་བསྐྱེད་པའི་རྒྱུར་བལྟས་ནས་ཡིད་འོང་གི་བྱམས་པ་བསྐྱེད་ཚུལ་གཉིས་ལས་


JKT004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གདམས་ངག་གཉིས་ཀའི་རྒྱུན་བསྲེས་ཏེ་བསྒོམ་པ་ཡིན་པས། ཐོག་མར་ཡིད་འོང་གི་བྱམས་པ་སྐྱེ་བའི་གཞི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བཏང་སྙོམས་བསྒོམ། དེ་ནས་དེ་ཐམས་ཅད་ཚེ་རབས་དུ་མར་རང་གི་ཕ་མ་ལན་མང་དུ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པ་དང་། དེ་དང་དེའི་སྐབས་སུ་དྲིན་གྱིས་ཇི་ལྟར་བསྐྱངས་པའི་ཚུལ་དང་། དེ་དག་ལ་དྲིན་བཟོ་བྱ་དགོས་པའི་ཚུལ་རྣམས་སྒོ་དུ་མ་ནས་བསམས་ཏེ། ཡིད་འགྱུར་གྱི་མྱོང་བ་བརྟན་པོ་མ་སྐྱེས་པའི་བར་དུ་བསྒོམ། དེ་ཡང་བདག་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་སྒོ་དུ་མ་ནས་བསམས་ཏེ་རང་གཅེས་འཛིན་གྱི་བློ་ངན་འདི་རྒུད་པ་ཐམས་ཅད་ཀྱི་འབྱུང་གནས་དང་། གཞན་གཅེས་འཛིན་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་ངེས་པ་བརྟན་པོ་རྙེད་པ་ཞིག་བྱ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་བསྐྱེད་པ་དང་། དམྱལ་བའི་སྡུག་བསྔལ་ནས་དགྲ་བཅོམ་པ་རྣམས་དབུ་བསྙུང་བ་ལྟ་བུའི་སྡུག་བསྔལ་ཕྲ་མོ་ཡོད་པ་དང་། ས་བཅུ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ལ་གཉིས་སྣང་ཕྲ་མོ་ཡོད་པའི་བར་གྱི་སྡུག་བསྔལ་ཐམས་ཅད་གཏན་ནས་བྱང་བར་འདོད་པ་དང་། དེ་ཡང་སྨོན་པའི་ཡུལ་ཙམ་དུ་མ་བཞག་པར་རང་ཉིད་ཁོ་ནའི་ཁུར་དུ་འཁྱེར་བའི་གཞན་


JKT004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དོན་གཉེར་གྱི་བློ་དང་། དེ་ལྟ་བུའི་གཞན་དོན་རླབས་པོ་ཆེ་སྒྲུབ་པ་ལ་རང་ངོས་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཀྱི་གོ་འཕང་དེ་ངེས་པར་ཅི་ནས་ཀྱང་ཐོབ་དགོས་པར་འདུག་སྙམ་པའི་ངེས་པའི་ཤེས་པ་བརྟན་པོ་བསྐྱེད་པ་བྱང་ཆུབ་དོན་གཉེར་གྱི་ཚུལ་ལ་བློ་གཞན་རྐྱེན་གང་གིས་ཀྱང་འཕྲོག་ཏུ་མི་ནུས་པ་བསྒོམ་པར་བྱའོ། །དེ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཁྱད་པར་ཞི་གནས་ལྷག་མཐོང་བསྒོམ་པ་ལ་རྩལ་དུ་འདོན་དགོས་ཏེ། དེའི་ཚུལ་ཡང་། དབུ་མ་རིག་ཚོགས་ནས་གསུངས་པའི་རིགས་པས་བདག་མེད་གཉིས་གཏན་ལ་ཕབ་སྟེ། དེ་ཉིད་ཡུལ་དུ་བྱས་ཏེ་དེའི་སྟོང་སེམས་འཇོག་པ་སོགས་སེམས་གནས་དགུ་ལ་བརྟེན་ནས་བྱིང་རྒོད་གང་གིས་ཀྱང་མི་གཡེང་བར་ཅི་འདོད་དུ་འཇོག་ནུས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་འབད་པས་བསྒྲུབ། དེ་གྲུབ་པ་ན་སེམས་རྩེ་གཅིག་ཏུ་གནས་བཞིན་པའི་ངང་ནས་སོ་སོར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་སེམས་ཀྱི་གནས་ལུགས་ལ་དཔྱད་དེ་ངེས་པ་འདྲེན་པ་དང་། ངེས་པའི་དོན་ལ་རྩེ་གཅིག་འཇོག་པ་དང་། རྗེས་ཐོབ་ཏུའང་གང་སྣང་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་བལྟ་ཞིང་སྣང་བ་རྟེན་འབྲེལ་དུ་འཆར་ཞིང་སྟོང་པར་འཆར་བ་དང་། སྣང་བས་ཡོད་མཐའ་སེལ་ཞིང་སྟོང་པས་མེད་མཐའ་སེལ་བ་བདེན་གཉིས་ཟུང་འཇུག་གི་ཚུལ་ངེས་པ་ཐག་ཆོད་པ་ཞིག་རྙེད་


JKT004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ལྟར་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱངས་པས་རང་དོན་ཡིད་བྱེད་མཐའ་དག་ལ་བློ་ལོག་སྟེ་གཞན་ཕྱིར་སངས་རྒྱས་ཐོབ་འདོད་ཀྱི་བློ་བཅོས་མིན་སྐྱེས་པ་ན། མྱུར་བ་མྱུར་བར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པར་བྱ་སྟེ། དེ་ཡང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། དབང་གི་སྲོག་དམ་ཚིག་དང་སྡོམ་པ་དང་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་ལམ་འཁོར་དང་བཅས་པ་ལ་བརྩོན་པར་བྱའོ། །དེ་ལྟར་འབད་པས་སྐྱེས་བུ་ཆུང་ངུའི་ལམ་ལ་སྦྱངས་པའི་ལག་རྗེས་སུ། ཚེ་འདིའི་བྱ་བ་ཐམས་ཅད་བྱིས་པའི་སྤྱོད་ཚུལ་དང་སྨོན་པའི་ཟློས་གར་ལྟ་བུར་མཐོང་ནས་ཚེ་འདི་ལ་མ་ཆགས་པར་འཇིག་རྟེན་ཕྱི་མའི་དོན་སྒྲུབ་པར་འདོད་པའི་བསམ་པ་བརྟན་པོ་ཞིག་སྐྱེ་བ་འབྱུང་། དེ་ནས་སྐྱེས་བུ་འབྲིང་གི་ལམ་ལ་སྦྱངས་པའི་ལག་རྗེས་ལ་སྲིད་རྩེ་ནས་མནར་མེད་བར་གྱི་ཁམས་གསུམ་འཁོར་བའི་གནས་ཐམས་ཅད་བཙོན་ར་དང་མེ་འབར་བའི་འོབས་ལྟར་མཐོང་ནས་སྲིད་པ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག་སྟེ་ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་གྱི་བསམ་པ་བརྟན་པོ་སྐྱེས་ནས་ཐར་པ་ཐོབ་པའི་ཐབས་དམ་པ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ལྡོག་ཏུ་མེད་པའི་ངེས་ཤེས་དང་བརྩོན་འགྲུས་རྩོམ་ནུས་པ་ཞིག་འབྱུང་། དེ་ནས་སྐྱེས་བུ་ཆེན་པོའི་ལམ་ལ་སྦྱངས་པའི་ལག་རྗེས་ལ་འགྲོ་ཀུན་


JKT004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མ་དྲིན་ཅན་དུ་མཐོང་ནས་ཉིན་མཚན་ཀུན་ཏུ་བྱམས་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ་ཞིང་རང་དོན་ཡིད་བྱེད་ཀྱི་བསམ་པ་ལས་ལོག་སྟེ་ཅི་བྱེད་གཞན་དོན་ཁོ་ནར་སྤྱོད་པ་དང་། བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལྡོག་ཏུ་མེད་པ་སྐྱེས་ནས་དེས་ཀུན་ནས་བསླངས་ཏེ་སྒོ་གསུམ་གྱི་གཡོ་བ་ཐམས་ཅད་ཕར་ཕྱིན་དྲུག་ལས་མི་འདའ་བ་ཞིག་འབྱུང་། དེ་ནས་འགྲོ་བ་སྒྲོལ་བའི་སྙིང་སྟོབས་ཇེ་ཆེར་འཕེལ་ཏེ་གསང་སྔགས་ཀྱི་སྒོར་ཞུགས་པ་ནས་དམ་ཚིག་དང་སྡོམ་པ་སྲོག་ལས་ཀྱང་གཅེས་པར་སྲུང་བ་གཞིར་བཞག་ནས་རིམ་པ་དང་པོ་ལ་བསླབས་པས་ཡིད་ངོར་ཐ་མལ་གྱི་སྣང་ཞེན་འགོག་ཐུབ་པ་དང་། གང་ཤར་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་བ། རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་རྒྱུད་སྨིན་པ་ཞིག་འབྱུང་། དེ་ནས་རིམ་པ་གཉིས་པ་ལ་བསླབས། ལས་རླུང་གི་རྒྱུ་པ་དྷཱ་ཏིར་འགགས་ནས་འོད་ཙ གསལ་འཆར་བ་དང་། དེ་ལས་ལྡང་བ་ན་མཚན་དཔེས་སྤྲས་པའི་དངོས་གནས་ལས་ཐོན་ཏེ་སྔགས་ལམ་གྱི་བསྒྲུབ་བྱ་མཐར་ཐུག་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཟུང་འཇུག་གི་སྐུ་འགྲུབ། སྐུ་དེའི་རིགས་འདྲའི་རྒྱུན་ལས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་འགྲུབ་སྟེ། དེ་ཐོབ་ནས་ཕྲིན་ལས་ཉི་ཤུ་རྩ་བདུན་གྱི་སྒོ་ནས་འགྲོ་ཀུན་མོས་ངོར་དང་འཚམས་པའི་སྤྲུལ་པས་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་བ་ཡིན་ནོ། །


JKT004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་བྷཾ། ༈ །ལམ་སྒྲོན་འགྲེལ་པ་ཕུལ་བྱུང་དགྱེས་པའི་མཆོད་སྤྲིན་ལས། སྐྱེས་བུའི་སྐད་དོད་པུ་རུ་ཥ་ནུས་ལྡན་ལ་འཇུག་པས། ཚེ་ཕྱི་མ་ཕན་ཆད་ཀྱི་དོན་བསྒྲུབ་ནུས་ཞིག་སྐབས་འདིར་བསྟན་གྱི་སྐྱེས་བུ་ཞེས་བྱ། དེ་ལའང་ཚེ་འདིའི་ཞེན་པ་ལོག་ནས་ཕྱི་མའི་འཁོར་བ་དེའི་ཆེད་དུ་ལས་འབྲས་ཀྱི་བླང་དོར་བསྒྲུབ་ནུས་པ་དང་། འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས་དེ་ལས་ཐར་པའི་ཆེད་དུ་ལམ་བསླབ་པ་ཆ་གསུམ་བསྒྲུབ་ནུས་པ་དང་། སྲིད་ཞིའི་སྐྱོན་མཐོང་ནས་འགྲོ་ཀུན་སངས་རྒྱས་ཀྱི་ས་ལ་འགོད་པའི་ཁུར་འཁྱེར་ནུས་པ་སྟེ་ཆུང་འབྲིང་ཆེན་པོའོ། །སོ་སོའི་མཚན་ཉིད་ནི། ཕྱི་མ་ཕན་ཆད་སྒྲུབ་ནུས་ཀྱི་སྐྱེས་བུ་གང་ཞིག །སྦྱོར་བསམ་ཐབས་ཀྱི་ཁྱད་པར་སྡིག་སྤོང་དགེ་སྒྲུབ། བསམ་གཟུགས་བརྒྱད་སོགས་ཀྱི་དབྱེ་བ་གང་དག་གིས། འབྲས་བུའི་ཁྱད་པར་ལྷ་མིའི་གནས་ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་སྲིད་པ་འཁོར་བའི་མངོན་མཐོའི་བདེ་བ་ཙམ་ལ་དམིགས་ནས། བསམ་པའི་ཁྱད་པར་རང་ཉིད་ཁོ་ནའི་དོན་དུའམ་ཆེད་དུ་དམིགས་ནས་དོན་དུ་གཉེར་བར་བྱེད་པ། འདིར་སྲིད་པའི་བདེ་བ་ཙམ་ཞེས་པས་ཐར་ལམ་སྒྲུབ་པའི་རྟེན་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་གཅོད། རང་ཉིད་ཅེས་པས་བྱང་སེམས་ཀྱིས་གཞན་དོན་དུ་གཉེར་པ་གཅོད་ལ། འདིའི་ལམ་གྱི་དངོས་གཞི་མི་རྟག་པ། ཉེས་དམིགས། སྐྱབས་འགྲོ། ལས་འབྲས་བཅས་


JKT004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སྐོར་བཞི་དང་། བཤེས་གཉེན་བསྟེན་པ་དང་། དལ་འབྱོར་གྱི་ཆོས་སྐོར་གྱི་གསུམ་ཀའི་ལམ་གྱི་གཞི་རྟེན་དུ་བྱས་ནས། སྔོན་གྱི་ལམ་སྒྲོན་འགྲེལ་བ་རྣམས་སུ་རྒྱས་པར་གསུངས། གཉིས་པ་ནི། སྐྱེས་བུ་གང་ཞིག་བསམ་པའི་ཁྱད་པར་སྲིད་རྩེ་ནས་མནར་མེད་པར་ལས་ཉོན་གྱི་གཞན་དབང་དུ་སོང་བའི་སྡུག་བསྔལ་ཅན་འབའ་ཞིག་ཏུ་མཐོང་ནས། སྲིད་པ་དེ་རྨི་ལམ་ཙམ་དུའང་འདོད་པ་མེད་པར་རྒྱབ་ཀྱིས་ཕྱོགས་ཤིང་། སྦྱོར་བའི་ཁྱད་པར་བསམ་པ་དེའི་སྟོབས་ཀྱིས་སྒོ་གསུམ་གྱི་སྡིག་པའི་ལས་འཁོར་བ་དང་བཅས་པ་ལས་ལྡོག་པའི་བདག་ཉིད་ཅན་གྱི་བསླབ་གསུམ་གྱི་ཉམས་ལེན་ཅི་རིགས་ལ་གནས་པ་དང་། འབྲས་བུའི་ཁྱད་པར་རང་ཉིད་གཅིག་པུ་སྡུག་ཀུན་ཉེ་བར་ཞི་བའི་མྱང་འདས་ཙམ་དུ་གཉེར་བ་འབྲིང་པོ། འདིར་སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཞེས་པས་སྡུག་བདེན། སྡིག་པའི་ལས་ལས་ཞེས་པས་ཀུན་འབྱུང་། རང་ཞི་ཙམ་ཞེས་པས་འགོག་བདེན། ལྡོག་པའི་བདག་ཉིད་ཅེས་པས་ལམ་བདེན། དེས་ན་སྐྱེས་བུ་འབྲིང་ལ་ཐེག་པའི་སྒོ་ནས་ཉན་རང་གཉིས། བསྒོམ་བྱའི་སྒོ་ནས་བདེན་བཞི་དང་རྟེན་འབྲེལ་གཉིས། གང་ཟག་གི་བདག་མེད་ཐུན་མོང་བ་དང་། ཕྲ་མོ་སྒོམ་པ་གཉིས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སོགས་ལྟར་ན་གཉིས་སྟོང་སྒོམ་པ་ཞིག་དང་གསུམ་ཡོད་དོ། །གསུམ་པ་སྐྱེས་བུ་གང་ཞིག་རང་ཉིད་སྡུག་


JKT004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱིས་མནར་ཚུལ་རྒྱུད་སྟེང་དུ་ལེགས་པར་རྟོགས་ནས། ཚུལ་དེར་དཔག་པའི་བློས་སེམས་ཅན་གཞན་རྣམས་ཀྱང་དེ་དང་འདྲ་བར་སྡུག་བསྔལ་བ་ལ་མི་བཟོད་པའི་སྙིང་རྗེའི་སྟོབས་ཀྱིས་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཀུན། ཐབས་སྣ་ཚོགས་པ་ཀུན་གྱི་སྒོ་ནས་ཟད་པར་འདོད་པ་དེ་ནི་མཆོག་གོ །དགེ་བཤེས་ཚུལ་སེང་པའི་ཊི་ཀར། ཡང་ན་གསང་ཕུབས་རང་རྒྱུད་གཏོགས་པ་སྟེ་བདག་གི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་གྱིས་སེམས་ཅན་མ་ཟད་བར་དུ་སྡུག་བསྔལ་ཐམས་ཅད་འཁུར་བར་འདོད་པ་སྨོན་པའི་སེམས་བསྐྱེད་ཅེས་སོགས་གསུངས། འདི་ལ་ལྟ་བའི་སྒོ་ནས་དབུ་སེམས། ཐེག་པའི་སྒོ་ནས་མདོ་སྔགས་གཉིས་སོ། །སྒོམ་རིམ། འཇུག་པ། དབུ་མ་རྒྱན། བསླབ་བཏུས། བེ་བུམ་སྔོན་པོ་སོགས་སུ་ལམ་གྱི་ཆིངས་མི་འདྲ་བ་དུ་མ་ཞིག་མཛད་ཀྱང་། འདིར་སེམས་བསྐྱེད་ཆོག་དང་བཅས་པ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ། བསླབས་པའི་འབྲས་བུ་ངོས་བཟུང་བ་གསུམ་དུ་བསྡུ་བར་མཛད་དོ། །ཆུང་ངུ་འབྲིང་དང་མཆོག་གྱུར་པའི། སྐྱེས་བུ་གསུམ་དུ་ཤེས་པར་བྱ། ཞེས་དང་། གང་ཞིག་ཐབས་ནི་གང་དག་གིས་འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །


JKT004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཤེས་བྱ། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་དག །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ།། ༈ །།རྒྱ་སྐད་སྨོས་པ་ལ། བྱས་པ་ཤེས་ཤིང་དྲིན་དུ་བཟོ་བ། ཆོས་ཁུངས་བཙུན་པར་ཤེས་པ། ལེགས་སྦྱར་གྱི་སྐད་ཤེས་པ་དང་པོ་ནི། སྤྲང་པོ་ལའང་ཨཱ་ཙརླ་ཞེས་འབོད། གཉིས་པ་ནི། །ཁམས་གསུམ་ཨཱ་ཙརླའི་གཏམ་རྒྱུད་ཀྱིས་ཤེས། གསུམ་པ་ནི། མུ་རུབ་ལོ་ཙཱ་བས་མདོ་སྡེ་མང་པོའི་མཚན་གྱི་སྐད་དོད་ལ་བརྟེན་ནས་ལོ་ཙཱ་བ་ཤེས།། ༈ །།སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་འབྱོངས་པ་ཞིག་བྱུང་ན་ཚེ་བློས་བཏང་གི་གང་ཟག་ཟེར་བ་ཡིན། དེ་ལའང་གཏད་པ་བཞི། རྡོ་རྗེ་གསུམ། བུད་སྙེགས་ཐོབ་གསུམ་གྱི་བསམ་སྦྱོར་དགོས། བློ་ཕུག་ཆོས་ལ་གཏད་དགོས་ཏེ། འཆི་བའི་ས རྩ་བ་གསུམ་བསམ་དགོས་པའི་ཕྱིར། ཆོས་ཕུག་སྤྲང་ལ་གཏད་དགོས་ཏེ། དེ་ཡང་སྤྲང་འཁྱམ་བྱེད་པ་ཙམ་མ་ཡིན་ཏེ། འདོད་པའི་བློ་སྣ་བཟློག་དགོས་པ་ལ་ཟེར། དེས་ཕྱི་མ་ཕན་ཆད་ཀྱི་སྐྱིད་མགོ་ཚུགས་པའི་ཕྱིར། དེས་ན་ཆོས་འཇིག་རྟེན་གཉིས་ཀ་མཉམ་དུ་གྲུབ་པའི་དཔེ་མེད། སྤྲང་ཕུག་ཤི་ལ་གཏད་དགོས་ཏེ། འབྱོར་དབུལ་གཉིས་ཀ་འཆི་ཡང་། ཆོས་བྱས་ནས་འཆི་བ་ནི་ཁྱད་པར་ཆེ། འདིར་སྣང་གི་འཁྲི་བ་


JKT004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པས་སྤྲང་ལ་ཐུག་ཀྱང་ཆོས་མི་གཏོང་། སྤྲང་ཐ་ཤི་ལ་ཐུག་ཀྱང་ཆོས་མི་གཏོང་བ་ཞིག་དགོས་པའི་ཕྱིར། ཤི་ཕུག་བྲག་པོ་སྐམ་པོ་ལ་གཏད་དགོས་ཏེ། ཚེ་འདིའི་འབྱོར་འཁོར་བུན་ལང་གིས་ཤི་ཚེ་གནོད་མ་གཏོགས་ཕན་མི་བཏགས་པའི་ཕྱིར། དེའང་ཡིན་ཏེ། བདག་ཅག་གི་སྟོན་པས་རབ་ཏུ་བྱུང་བ་དང་། འཚོ་བ་དཀའ་ཐུབ་ལ་བརྟེན་པ་དང་། ལོ་དྲུག་ཏུ་དཀའ་ཐུབ་ལས་གཞན་པའི་འཚོ་ཐབས་མི་མཛད་པ་དང་བཞུགས་གནས་ཆུ་བོ་ནེ་རཉྫནའི་འགྲམ་ཙམ་ལ་བརྟེན་པས་དེ་དང་དེ་གྲུབ་པའི་ཕྱིར། ཐེབ་མེད་རྡོ་རྗེ་སྔོན་ལ་བཏང་མི་འགྱུར་བ། དགོས་པར་གྲུབ་སྟེ། རྒྱལ་པོ་སོགས་ཀྱིས་བཤོལ་ཐབས་མེད་པ་དང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་འཇོག་དགོས་ཏེ། རྒྱལ་པོ་འཁོར་བཅས་མྱ་ངན་གྱིས་གདུང་ཡང་མ་གཟིགས་པ་དང་། ཡེ་ཤེས་བཤོལ། རྡོ་རྗེ་རང་དང་འགྲོགས་དགོས་པར་གྲུབ་སྟེ། ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར། གཞན་ཡང་རྒྱལ་པོའི་སྲིད་སྤངས་ནས་གཅིག་པུར་ཐོབ་པས་མི་གྲལ་ནས་བུད། ནེ་རཉྫནའི་འགྲམ་དུ་དཀའ་ཐུབ་ཀྱིས་འདའ་བའི་ཚེ་ཕྱུགས་རྫི་སོགས་ཀྱིས་འཕྱང་བས་ཁྱི་གྲལ་དུ་སྙེགས་པ་དང་། མཐར་སངས་རྒྱས་ནས་ལྷ་དང་བཅས་པའི་ཚོགས་ཀྱི་དབུས་ན་མངོན་པར་མཐོ་བ་སྟོན་པ་ཡང་དག་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་དོ།། ༈ །།ལམ་སྦྱང་བསྟན་ཞེས་གྲགས་


JKT004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ནི། ཚོགས་སྦྱོར་མཐོང་སྒོམ་བླ་ན་མེད་པའི་ཁྱད་པར་བྱང་ཆུབ་བར་ཆད་མེད་ལམ་སྟེ་དྲུག་གོ །སྦྱངས་ནི་སྤྱིར་སྡིག་པ་དང་ལམ་ཕྱི་མ་གཉིས་ལ་སྒྲིབ་གཉིས་སྦྱང་བའོ། །བསྟན་པ་ནི་ཁྱད་པར་གྱི་ལམ་བདེ་བ་ཅན་དུ་གནས་སྤོར་བ་མངོན་མཐོའི་ལམ་དང་། བར་ཆད་མེད་པའི་ལམ་བྱང་ཆུབ་ཆེན་པོར་གནས་སྤོར་བ་ངེས་ལེགས་ཀྱི་ལམ་བསྟན་པའོ། །ཡང་གཞུང་དང་སྦྱར་ན། དཀོན་མཆོག་རིན་ཆེན་དཔལ་ཞེས་པ་ནི་བདག་མདུན་གྱི་དཀྱིལ་འཁོར། དཀོན་མཆོག་རིན་ཆེན་ལས་བྱུང་བ། ཞེས་པ་ནི། དེ་དག་མཆོད་བསྟོད་སོགས་བྱས་པས་བསོད་ནམས་ཀྱི་ཚོགས་གསོག །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། ཞེས་པ་ནི། དེ་དག་གི་བྱིན་རླབས་སོ། །རིན་ཆེན་ཕྲེང་བ་རྣམ་དག །ཅེས་པ་ནི། དེ་དག་གི་བྱིན་རླབས་ལ་བརྟེན་ནས་སྒྲུབ་པ་པོའི་རྒྱུད་ཡོངས་སུ་དག་པས། གཞན་དོན་བྱེད་པའི་མཐུ་དང་ལྡན་པའོ། །དེ་དག་ནི་གཞན་དོན་རྒྱུ་རྐྱེན་ཚོགས་པའི་ཚོགས་ལམ་མོ། །བརྟེན་བསྐྱེད་ནས་ཕྱག་གི་བར་གྱིས་ནི། གཞན་དོན་རྒྱ་ཆེན་པོ་ལ་སྦྱོར་བས་སྦྱོར་ལམ་མོ། །དེ་ནས་དཀྱིལ་འཁོར་བསྟན་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐོང་བ་ནི་མཐོང་ལམ་མོ། །དེ་ནས་མཐོང་ཟིན་གྱི་དོན་ཡིད་ལ་བསྒོམ་པ་སྒོམ་ལམ་མོ། །གང་ཟག་གི་བདག་མེད་བསྟན་ནས་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སྤོར་པ་ནི་ཁྱད་པར་གྱི་ལམ་མོ། །


JKT004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕུང་ཁམས་སྒྱུ་མ་ལྟ་བུའི་གང་ཟག་དེ། འདུན་པ་སྨོན་ལམ་གྱིས་མཚམས་སྦྱར་ནས་བདེ་བ་ཅན་དུ་གནས་སྤོར་བ་ནི་ཁྱད་པར་གྱི་ལམ་མོ། །དེ་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་བག་ཆགས་མ་ལུས་པ་ཡེ་ཤེས་ཀྱི་མེས་བསྲེགས་ནས་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་བསྒྱུར་བ་འདི་ནི་བྱང་ཆུབ་བར་ཆད་མེད་པའི་ལམ་མོ། །ཞེས་གཙུག་དགུ་ནས་འབྱུང་བ་ལས་ཟུར་དུ་བཀོལ་བའོ།། ༈ །།སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པའི་མཉམ་སྦྱོར་གྱི་འགྲེལ་པར། ཐེག་པ་ཆེན་པོའི་ཡོན་ཏན་རྒྱས་པ་མ་ལུས་པས་དུས་གསུམ་དུ་རྒྱལ་བ་ཐམས་ཅད་ལ་བསྟོད་པར་བྱའོ། །དེ་ཡང་མཉམ་ཉིད་མི་གཡོ། ཞེས་པ་ནས། མཆོག་ཆོས་ཅན། ཞེས་པའི་བར་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ། ཞེས་པ་ནས། ངེས་པར་སྩོལ་གྱི་བར་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། རྟག་ཏུ་དྲི་མ་མེད་པ། ཞེས་པ་ནས། རྟག་ཏུ་རྣམ་པར་སྣང་། ཞེས་པའི་བར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཚད་མེད་ཚད་དང་བྲལ་བའི། ཞེས་བྱ་བ་ནས། ཡོངས་སུ་མི་འགྱུར་ཞེས་བྱ་བའི་བར་གྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཞེས་པ་ནས། བདག་ལ་སྩོལ་ཞེས་པའི་བར་གྱིས་ཆོས་དབྱིངས་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་


JKT004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་གསུངས།། ༈ །།མཉྫགྷོ་ཥ་པུཎྜུ་ནི་རཱ་བྷོ་གས། རྩ་རྒྱུད་ལས། ངོ་བོས་གཟུགས་མེད་སོགས་ཀྱི་དོན། རྗེ་བཙུན་མཆེད་ཀྱིས། སེམས་མེད་ཅེས་པའི་དོན་འཆད་པ་ན། རྣལ་འབྱོར་སྤྱོད་པ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཙམ་ལ་འདོད་དོ། །ཞེས་སློབ་དཔོན་ཤཱནྟི་པས་མུ་ཏིག་ཕྲེང་བར། གཟུང་བ་ཀུན་བརྟགས་ཕྱིའི་སྐྱེ་མཆེད་དྲུག་ངོ་བོས་མེད་དེ། བྱིས་པས་དངོས་པོར་བརྟགས་པ་ལྟར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །འཛིན་པ་ཀུན་བཏགས་ནི་རྟེན་དབང་པོ་དྲུག་དང་། རྣམ་པར་ཤེས་པ་དྲུག་ལ་འཛིན་པར་བརྟགས་པ་ཉིད་ཡིན་ལ། དེ་ཡང་ཇི་ལྟར་བརྟགས་པ་དེ་ལྟར་ངོ་བོ་མེད་དེ། གཟུང་བ་མེད་ན་འཛིན་པ་མེད་པའི་ཕྱིར་རོ། །ཞེས་སེམས་སྤྱི་ལུགས་ཏེ། རྣམ་ཤེས་ཚོགས་དྲུག་གི་འཛིན་པ་ཀུན་བརྟགས་ཀྱི་ཆ་རྣམས་ངོ་བོས་མ་གྲུབ་པ་དང་། དབང་པོ་དྲུག་ལ་འཛིན་པར་བཏགས་པའི་ཆ་རྣམས་ཀྱང་ངོ་བོ་མེད་པར་འཆད་པ་ཡིན་གྱི། རྣམ་ཤེས་ཚོགས་དྲུག་ཉིད་ངོ་བོས་མ་གྲུབ་པའམ་རྫས་སུ་མ་གྲུབ་པར་འདོད་པ་མ་ཡིན་ནོ། །སྤྱི་ལྟར་ན་གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་ཅེས་བཏགས་པའི་རྗེས་སུ་འབྲངས་ཏེ་ཚོགས་བརྒྱད་ཀའི་ཀུན་བརྟགས་ཀྱི་ཆ་ངོ་བོས་མེད་ཅེས་བཤད་དུ་རུང་བར་སེམས། གང་ལྟར་ཚོགས་དྲུག་སོགས་ངོ་བོས་གྲུབ་པ་ཡིན་གྱི། དེ་དག་གི་ཀུན་ཏུ་བརྟགས་པའི་ཆ་ནི་


JKT004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་འཁྲུལ་པའི་ཚུལ་དུ་རྫ་ས་སུ་གྲུབ་ཀྱི། ངོ་བོས་གྲུབ་པ་མ་ཡིན་ནོ། །ཞེས་བཞེད་པ་ལགས།། ༈ །།ཆོས་རྗེ་རྣམ་རྒྱལ་དཔལ་བཟང་གི་དྲིས་ལན་དུ། །རྔོག་ལོའི་སྤྲིངས་ཡིག་ལས། །རྨི་ལམ་གྲོང་ཁྱེར་ཞིག་གོ་ཞེས། །འཛིན་པའི་རྣམ་རྟོག་གང་ཡིན་དེས། །བཏགས་དོན་གྲོང་གི་ཞིག་པ་ཉིད། །གྲོང་ཉིད་མེད་ན་མེད་པ་ལྟར། །ཡང་དག་ཉིད་དུ་དངོས་མེད་ཅེས། །འཛིན་པའི་བློ་ཡིས་བཏགས་པའི་དོན། །ཡང་དག་བཀག་པ་མེད་ཉིད་ཀྱང་། །ཡང་དག་དངོས་པོར་མེད་པ་མིན། །འདི་ལྟར་ཡུལ་མེད་པ་ལ་ནི། །དགག་པ་འཇུག་པར་སྲིད་མ་ཡིན། །དེས་ན་མེད་ཅེས་ངེས་བྱ་བ། །དགག་པའི་དངོས་པོ་མ་གྲུབ་པས། །དེ་ཚེ་བཀག་པ་རྟེན་བྲལ་བས། །བློ་ཡི་མདུན་ན་གནས་མི་འགྱུར། །དེ་ལྟར་དངོས་པོ་ཡོད་མིན་ལ། །དེ་བཀག་པ་ཡང་མ་གྲུབ་ན། །དེ་གཉིས་ལས་འདས་དོན་འགའ་ཡང་། །འཛིན་པའི་ཡུལ་དུ་འགྲོ་མི་སྲིད། ཅེས་གསལ་བར་གསུངས་པའི་ཕྱིར་དང་། བདེན་གཉིས་འགྲེལ་པར་དོན་དམ་ཤེས་བྱ་མ་ཡིན་པར་འཆད་པས་ན། རྗེ་བཙུན་ས་སྐྱ་པའི་བཞེད་པ་སྙིང་པོའི་དགོངས་པ་རང་བཞིན་མེད་པའི་སྟོང་ཉིད་ལ་བཞེད་པ་གཉིས་དགོངས་པ་གཅིག་གོ །གལ་ཏེ་མེད་དགག་ལ་བཞེད་སྙམ་ན། མ་ཡིན་ཏེ། དེ་ལྟར་ན་དོན་དམ་ཤེས་བརྗོད་ཀྱི་ཡུལ་དུ་བཞེད་དགོས་ཏེ། གཞན་སེལ་མེད་དགག་གི་མ་རྟོག་པའི་དངོས་ཡུལ་ཡིན་


JKT004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འོ་ན། ཚད་མས་རྣམ་གནས་དོན་གྱི་ཆ་ལ་རྣམ་དཔྱོད་བློས། །དོན་དེ་བཀག་ནས་གཞན་སྒྲུབ་མེད་ཅེས་ངེས་པར་བཟུང་། ཞེས་གསུངས་པ་ཅི་ཞེ་ན། འདི་ནི་གཞན་སེལ་གྱི་དགག་སྒྲུབ་བྱེད་། པའི་སྐབས་ཀྱི་རྣམ་གྲངས་པའི་དོན་དམ་སྟོན་པའི་སྐབས་ཡིན་པས་དོན་དམ་རྣལ་མ་དང་མི་འདྲའོ།། ༈ །།རང་ལུགས་ཀྱི་བླ་མ་གོང་མ་འགས་བདེ་གཤེགས་སྙིང་པོ་དེ་ཆོས་ཅན་གསལ་བའི་ལྡོག་ཆར་འཆད་ཀྱང་། དེ་ལྟ་ན་རང་བཞིན་གནས་རིགས་ལ་ཡང་ཆོས་ཅན་གསལ་བའི་ལྡོག་པ་ནས་བཤད་པ་ཡོད་དགོས་པར་ཐལ་བའི་ཕྱིར། འདིར་ནི། ཟུང་འཇུག་སྤྲོས་བྲལ་ཁོ་ནའི་ལྡོག་པ་ནས་སྙིང་པོའི་མཐར་ཐུག་སྟོན་པར་འདོད་དེ། ངེས་དོན་གྱི་ལྟ་བ་རྙེད་ཅིང་སྤྲོས་བྲལ་དུ་གཏན་ལ་ཕབ་ནས། རྗེས་ཐོབ་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་ཐམས་ཅད་དང་ཁྱད་པར་བསྔོ་བ་ལྟ་བུ་ཡང་དམིགས་མེད་ཤེས་རབ་ཀྱི་རྒྱས་བཏབ་སྟེ། བསྔོ་བྱའི་དགེ་བ་ཉིད་ཀྱང་ཡོད་མེད་ལས་འདས་པར་ཤེས་པར་བྱ་སྟེ། ཡོངས་སུ་མི་བསྔོ་བའི་ཚུལ་གྱིས་བསྔོ་བའི་ཚེ། ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོ་ལ་ཡོད་པར་འཛིན་པ་ལྟ་ཅི་སྨོས། ཆོས་ཅན་ཐམས་ཅད་ཀྱང་ཡོད་མེད་ལས་འདས་པར་ཤེས་པའི་ངང་། དེ་དག་ཉམས་སུ་ལེན་པ་མི་འདོར་བ་སྒྱུ་མ་ལྟ་བུའི་ངང་ནས་ཀུན་ཏུ་སྤྱོད་པ་ནི་ཟུང་འཇུག་ཏུ་ཉམས་སུ་ལེན་པ་སྟེ། སྒྱུ་མའི་རྟ་གླང་དུ་ཤེས་པའི་གང་


JKT004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གིས། སྒྱུ་མའི་རྟ་གླང་དེ་དག་ཡོད་མེད་གང་དུའང་རང་གི་བློ་ནས་ཁས་མི་ལེན་པ་བཞིན་ནོ། །འོན་ཀྱང་གང་ཟག་དེས་གཞན་དང་རྗེས་སུ་མཐུན་པའི་ཐ་སྙད་བཞག་པའི་ཚེ། འདི་ནི་རྟའོ། །འདི་ནི་གླང་པོའོ། །ཞེས་སོགས་གཞན་ལ་བརྗོད་དུ་རུང་བ་ལྟར། གོང་དུ་བསྟན་པའི་ལྟ་བ་རྙེད་པའི་གང་ཟག་དེ་དག་གིས་ཀྱང་། མཉམ་གཞག་ལྟ་ཞོག །རྗེས་ཐོབ་ཏུ་སྣང་བ་འདི་ཡང་། རང་གི་ཤེས་རབ་ཀྱི་ངོས་ནས་ཡོད་མེད་ཀྱི་ཐ་སྙད་མི་འདོགས་ཤིང་། འཛིན་པ་གང་ཡང་མི་བྱེད་མོད་ཀྱི། གཞན་ལ་གོ་བར་བྱ་བའི་ཆེད་དུ་ནི། མེད་ཀྱང་ཡོད་དོ་ཞེས། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། ཅེས་བཤད་པ་ལྟ་བུ་ཐ་སྙད་སྣ་ཚོགས་འདོགས་པར་བྱེད་དོ། །དེས་ན་ཉམས་ལེན་གྱི་མཐར་ཐུག་འདི་ལྟ་བུ་དང་བསྟུན་ན། ཆོས་ཉིད་དོན་དམ་ཡོད་པའི་དགེ་བར་ཁས་བླངས་ནས། བསྔོ་བ་བྱེད་པ་སོགས་དབུ་མའི་ཉམས་ལེན་གྱི་གནད་བཅོས་པ་སྟེ། འཁོར་འདས་དབྱེར་མེད་ཀྱི་ལྟ་བས་མ་ཟིན་པའི་བསྔོ་བ་ལ་མཆོག་ཏུ་བཟུང་བའི་ཕྱིར་རོ། །འདིར་ཆོས་ཐམས་ཅད་ཡོད་མེད་ལས་འདས་པར་འཆད་པའི་སྐབས་ཡིན་ཀྱང་། ཆོས་ཉིད་དམ་སྙིང་པོ་ཡོད་པ་དྲང་དོན་དུ་འཆད་པ་ནི། ཀུན་རྫོབ་བདེན་པ་མེད་ཀྱང་དོན་དམ་བདེན་པར་ཡོད་པར་འདོད་པ་དག་གི་ལོག་རྟོག་འགོག་པའི་སྐབས་ཡིན་པས་སོ། །འདི་ཙམ་ཞིག་གོ་ནའང་སྡོམ་གསུམ་གྱི་སྙིང་པོ་


JKT004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པའི་སྐབས་ཀྱི་དོགས་པ་ཐམས་ཅད་རང་གྲོལ་ཏུ་འགྲོའོ།། ༈ །།རྒྱུད་སྡེ་སྤྱི་རྣམ་དུ། ལམ་གཅིག་ལ་འབྲས་བུ་གསུམ་དུ་འདོད་པ་ཟླ་བའི་ལུགས་སུ་བཤད་ནས། དེ་ཉིད་དགོངས་པ་ཅན་དུ་བསྟན་པ་ནི། ཟླ་བས་ཐེག་ཆེན་གཅིག་ཁོ་ནས་རིགས་ཅན་གསུམ་ཀ་གྲོལ་བར་བཤད་པ། དེའི་ལམ་གྱི་ཕྱོགས་བལྟ་བའི་ཆ་ཁོ་ནས་གྲོལ་བར་དགོངས་པ་ཡིན་ཏེ། གཞན་དུ་ན་རྒྱུད་སྨིན་བྱེད་ལམ་གསུམ་སོ་སོར་གསུངས་པའི་ཕྱིར་རོ། །དེས་ན་གྲོལ་བྱེད་རྟོགས་པའི་ལྟ་བ་ཁོ་ན་ཡིན་པར་དགོངས་སོ། །འདིར་ནི་མཐར་ཐུག་གི་འབྲས་བུར་ལྟོས་པའི་ཐེག་ཆེན་གྱི་ལམ་ཁོ་ན་འཆད་པ་ཡིན་ཏེ། དེའི་ཚེ་མཐར་ཐུག་གི་འབྲས་བུ་ཐབས་ཤེས་ཟུང་འཇུག་གཅིག་ཡིན་པ་ལྟར་དུ། དེ་ལ་ལྟོས་པའི་ཐེག་ཆེན་གྱི་ལམ་ཡང་ཐབས་ཤེས་ཡ་བྲལ་མ་ཡིན་པར་ཟུང་དུ་འཇུག་པའི་ལམ་གཅིག་ཉིད་ཡིན་ཅེས་སྟོན་པ་ན། སྤྱི་རྣམ་ལས་ཀྱང་ལམ་གཅིག་ལ་འབྲས་བུ་གཅིག་ཏུ་འདོད་པ་དང་། གནས་སྐབས་ལམ་གསུམ་ལ་མཐར་ཐུག་འབྲས་བུ་གཅིག་ཏུ་འདོད་པ་གཉིས་དོན་གཅིག་པར་གསུངས་པའི་དགོངས་པ་ཡང་གྲུབ་བོ། །མདོར་ན་སློབ་དཔོན་ཟླ་བས་རིགས་ཅན་གསུམ་ཀ་ཐེག་པ་ཆེན་པོའི་ལམ་གཅིག་གིས་གྲོལ་བར་བཤད་པ་དེ་སྒྲ་ཇི་བཞིན་བ་མ་ཡིན་གྱི་ལམ་གྱི་ཕྱོགས་གཅིག་ལྟ་བའི་ཆས་གྲོལ་བ་ལ་དགོངས་ཞེས་པའོ། །དེའང་ཕྱོགས་རེ་བ་མ་ཡིན་ཏེ། རང་རང་


JKT004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྨིན་བྱེད་དང་བཅས་པས་སོ། །འོ་ན་ཉན་ཐོས་རྣམས་ལ་ཐེག་ཆེན་གྱི་ལྟ་བ་ཡོད་དམ་ཞེ་ན། ཐེག་ཆེན་གྱི་གང་ཟག་གི་རྟོགས་པ་དང་མཚུངས་པའི་རྟོགས་ཚུལ་ཉན་རང་འཕགས་པ་རྣམས་ལ་ཡང་ཡོད་པས་ཐེག་ཆེན་གྱི་ལྟ་བ་ཡོད་ཅེས་བཏགས་སོ། །གཞན་ཡང་ཟླ་བས་ཉན་རང་དགྲ་བཅོམ་ལྷག་མེད་དུ་མྱ་ངན་ལས་འདས་པ་ཕྱིན་ཆད་སྐྱེ་བ་གཏན་མི་བཞེས་པ་ལྟ་བུར་གསུངས་པའང་དགོངས་པ་ཅན་ཏེ་མཐར་ཐུག་ཐེག་པ་གསུམ་དུ་འགྲོ་བའི་ཕྱིར་རོ།། ༈ །།ཀུན་སྤྱོད་ལས་ཕག་མོའི་ཕྱག་མཚན་རྡོ་རྗེ་ཀྱང་པ་ལ་གྲི་གུག་མེད་པ་ལྟ་བུ་ནི་འགྱུར་མ་ཐོན་པ་ཡིན་ནོ། ༈ །མངོན་པའི་ལུགས་དང་། །ཕྱི་རོལ་པ་འདོད་པའི་གངས་ཅན་མཐུན་ཀྱང་། ཕྱི་མར་མ་དྲོས་པའི་ཐ་སྙད་མ་བཤད་ལ། ཆུ་བོ་བདུན་གྱིས་གཞི་དེ་མ་དྲོས་པར་བྱེད་དམ་སྙམ། ཏི་སེ་ལ། ཀེ་ཏཱ་ར་ཞེས་ཟེར་བ་ནི། ཁ་ཆེ་དང་འབྲི་ལིའི་མཚམས་ཀྱི་གནས་ཆེན་དེར་གྲགས། པུ་ལི་རཱ་མ་ཞེས། སྐྱེས་བུའི་རྟགས་ལ་དགའ་བ་ཞེས་ཡུལ་དེ་སྨད་འཚོང་མས་གང་བ་ཞིག་གོ་ཞེས་རྒྱ་གར་བ་འགའ་རེ་ཟེར། པུཎྜ་ནི་རི་དང་གཅིག་པའི་དབང་དུ་བྱས་ན། གང་བའི་རིའོ། །བྲེ་ཏ་པུ་རི་སཾ་གྷ་ཊ། ཞེས་པ། རབ་འོངས་དགེ་འདུན་དུ་བསྒྱུར་ནས། དགེ་སློང་བཞི་ཚོགས་པར་དགེ་འདུན་ཟེར་བ་བཞིན། རོ་བཞི་ཡན་ཆད་ཚོགས་པ་ལ་བཞེད་པ་མར་ལུགས་པ་འདོད་ཀྱང་། འགོས་འགྱུར་


JKT004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཡིད་བཏགས་མཆོག་འདུས་ཆུ་བོའི་འགྲམ། ཞེས་བསྒྱུར་བ་ལེགས་སམ་སྙམ་མོད་དཔྱད་པར་བྱའོ། ༈ །དྲིས་ལན་དོན་གསུམ་གསལ་བྱེད་ལས། སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པར་བསྒྲུབས་པ་ཙམ་གྱིས་སྐྱོན་ལྔ་སྤོང་མི་ནུས་ཀྱི། མཚན་དཔེ་གསལ་རྫོགས་ཚུལ་གྱིས་ཡོད་པས་སྤང་དགོས། ཀྱེ་རྡོར་ལས། ཡུལ་དང་ཡུལ་ཅན་སོགས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོད་པར་གསུངས་པ། རང་བཞིན་གདོད་ནས་སོགས་ཀྱིས་ཡོད་པར་གསུངས་པའི་དགོངས་གཞི་ནི་སྣང་ཚོད་ཙམ་དུ་གྲུབ་པས་རྫུན་པ་མ་ཡིན་པ་ལ་དགོངས། དགོས་པ་ནི་རིལ་བོ་དང་། གཟུགས་དང་། གཟུགས་སེམས་གཉིས་ཀ་ལ་བདག་ཏུ་འཛིན་པའི་གཉེན་པོར་གསུངས། དངོས་ལ་གནོད་བྱེད་ནི། དེ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་གཅིག་ལ་རྡུལ་དྲུག་འདུས་པའི་རིག་པ་དང་། སྐད་ཅིག་མའང་ཆ་ཤས་གསུམ་དུ་བྱེ་བའི་རིག་པས་བརྟགས་ན་མི་རྙེད་པས་བདེན་པ་མ་ཡིན་ཏེ། དེ་དག་ནི་དཔེར་ན་ཆུ་ཟླ་བཞིན་ནོ། །མདོར་ན་ཡོད་མེད་དུ་གསུངས་པ་ཐམས་ཅད་དགོངས་པ་ཅན་དུ་ཤེས་ན་དབུ་མའི་དོན་ལ་ཉེའོ། །ཐ་སྙད་ལ་གནས་ནས་བདེན་གཉིས་ཀྱི་རྣམ་གཞག་བྱེད་པའི་ཚེ། རང་བཞིན་ལྷན་སྐྱེས་དང་། དཔེ་དགུས་བསྟན་པའི་གཤེགས་སྙིང་གཉིས་ཀ་དོན་དམ་དུ་འཆད་ལ། ངེས་དོན་ལ་གནས་ནས་འཆད་པའི་ཚེ། དེ་གཉིས་རང་གི་ངོ་བོས་མ་གྲུབ་པས་


JKT004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་གསུངས་པ་དགོངས་པ་ཅན་ནོ་ཞེས་འཆད་དགོས། འདི་ལ་མྱང་འདས་ཀྱི་ལུང་གིས། དེ་བཞིན་གཤེགས་པའི་སྙིང་པོ་སྒྱུ་མ་ཙམ་དུ་སྒྲུབ་པ་དྲང་དོན་དུ་བཤད་པ་ཡོད། གཤེགས་སྙིང་གི་དགོངས་གཞི་སྟོང་ཉིད་ཡིན་ཞེས་གསུངས་པ་ནི། རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་ལས་སྣ་ཚོགས་སུ་འབྱུང་དུ་རུང་བའི་རྟེན་ཅིང་འབྲེལ་འབྱུང་སྐྱེ་བ་མེད་པ་ཉིད་ཀྱི་ཆ་ནས་སྟོན་གྱི་ཆོས་ཉིད་སྤྲོས་བྲལ་གྱི་ཆ་ནས་ཁས་ལེན་དུ་མི་རུང་སྟེ། དེ་ནི་ཡོད་མེད་ལས་འདས་པའི་ཕྱིར། གངས་ལས་བྱུང་བའི་ཆུ་ལ་གངས་ཆུ་ཞེས་སྒྲ་བསྡུས་པ་ལྟ་བུའོ། །རང་གི་གོ་ཚོད་ལ་སྤྲོས་བྲལ་སྙིང་པོར་བཤད་ནས། དེ་དོན་དམ་དུ་ཡོད་མེད་ལས་འདས་པ་དང་། ཐ་སྙད་དུ་ཡོད་པའི་སྒྲུབ་བྱེད་དང་། གཞན་གྱི་འདོད་པ་ལྟར་ཡོད་པ་ལ་ཐ་སྙད་དུའང་གནོད་བྱེད་དེ་རིམ་པ་གསུམ་དུ་བཤད་ན་གཞུང་དང་འགྲིགས་གམ་སྙམ་མོ། །འདིའི་ཚེ་སྤྲོས་བྲལ ཉིད་སྙིང་པོ་སྒྲ་གཞན་གྱི་ཚུལ་གྱིས་ཡོད་པར་གསུངས་པ་དགོངས་གཞིར་ཁས་བླང་ཆོག་གོ། ༈ །།ཀུན་གཞི་རྒྱུ་རྒྱུད་ནི། གནས་ལུགས་སྟོང་པ་ཉིད་ལ་མི་འདོད་དེ། དེ་རྟེན་འབྲེལ་གྱི་རང་བཞིན་ཡིན་ཀྱང་། དེའི་རང་བཞིན་རྟེན་འབྲེལ་ལས་འདས་ལ། སྐབས་འདིར་ནི་རྟེན་འབྲེལ་ལྔའི་ཡིག་ཆུང་ལས་དོན་བྱེད་ནུས་པའི་དངོས་པོར་བཤད་པའི་ཕྱིར་རོ། །དངོས་སྨྲའི་གཞུང་ལས་བཤད་པ་དེའང་མིན་ཏེ། དེ་དག་གིས་


JKT004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལྟར་གྱི་ཀུན་གཞི་ཡོད་པར་མི་འགྲུབ་པས་སོ། །དེས་ན་སེམས་ཀྱི་རང་བཞིན་གསལ་བ་དང་། རྟོག་གེའི་གཞུང་ནས་བཤད་པའི་རང་རིག་མངོན་སུམ། ཚོགས་བརྒྱད་ཀྱི་ནང་ཚན་ཀུན་གཞིའི་རྣམ་ཤེས་ཏེ། དེ་ནི་དུས་དང་གནས་སྐབས་ཐམས་ཅད་དུ་ཤེས་པ་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་འགྲོ་བ་རྒྱུན་མི་འཆད་པ་རང་རིག་པ་ནི་སྐབས་འདིའི་ཀུན་གཞིའི་རྒྱུ་རྒྱུད་དེ། མདོར་ན་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་ཀུན་གཞི་གཅིག་གི་རྣམ་རོལ་ཏུ་གོ་ཞིང་། དེའང་རང་བཞིན་གྱིས་སྤྲོས་པ་དང་བྲལ་བའི་ཆ་དེ་ཉིད་དེ་ལྟར་ཤར་བ་ཡིན་ཕྱིར་ཐམས་ཅད་གནད་གཅིག་ཏུ་གོ་བར་བྱའོ། །འོན་ཀྱང་ཀུན་གཞིའི་རྣམ་ཤེས་དེའང་མངོན་པའི་གཞུང་ནས་བཤད་པ་ལྟར་ཁས་མི་ལེན་ཏེ། དེ་ནི་ལས་ཀྱི་མཚན་ཉིད་སྟེང་ནས་འཇོག་པས་རྒྱུན་འཆད་པ་སྲིད་ལ། འདིར་རྒྱུན་ཆད་པ་མི་སྲིད་དེ། དེ་ལྟར་འདོད་ན་ལང་གཤེགས་ལས་འཆད་ལྟར་བཤད་པ་དང་འགལ་ཞིང་། དེས་ན་མངོན་པ་ནས་ཟག་བཅས་ཀྱི་སྟེང་ནས་འཇོག་པ་ཁོ་ནར་བསམས་ནས། ཀུན་གཞིའི་རྣམ་ཤེས་ཟག་མེད་དུ་སྨྲ་བ་འགལ་ཞེས་བརྗོད་པ་ནི་གནད་འདི་མ་རྟོགས་པའོ།། ༈ །།བྱང་བ་མཆོད་གནས་པའི་དྲིས་ལན་ལས། རིག་གཏེར་དུ་རང་རྒྱལ་སློབ་པ་མེད་པར་བཤད་པ་དང་། དགོངས་གསལ་དུ་དེའི་ལམ་ལྔ་བཤད་པ་འགལ་ལོ་ཞེ་ན་མི་འགལ་ཏེ། སྔ་མ་འདུལ་མཛོད་


JKT004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་སུ་འབྲངས་ཏེ། རང་རྒྱལ་གྱི་རིགས་ཅན་ཞིག་གིས་དྲོད་ནས་བཟུང་ནས་ཟད་དང་མི་སྐྱེ་ཤེས་པའི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པའི་ཚེ། ལམ་སྔ་མ་སྐྱེས་ནས། ཕྱི་མ་མ་སྐྱེས་པའི་བར་ལ། སྦྱོར་མཐོང་སྒོམ་ལམ་པ་རྣམས་དོན་གྱིས་ཐོབ་ཀྱང་། ལམ་འཇུག་པ་མྱུར་བས་དེ་འདྲའི་ཐ་སྙད་མ་གསུངས་པ་དང་། རང་སངས་རྒྱས་མངོན་དུ་མ་བྱས་པར་རང་སངས་རྒྱས་ཀྱི་ཐ་སྙད་མི་འཇུག་པས་རང་རྒྱལ་སློབ་པའི་རྣམ་གཞག་མི་བྱེད་དོ། ཕྱི་མ་ནི་རང་སངས་རྒྱས་ཀྱི་རིགས་ཅན་ཞིག་གིས་བྱང་ཆུབ་མ་ཐོབ་པའི་གནས་སྐབས་སུ་དེ་ཐོབ་པར་བྱེད་པའི་ལམ་བསྒོམ་པ་ལ་དེའི་ཐ་སྙད་གཞག་པ་ཡིན་པས་མི་འགལ་ལོ།། ༈ །།གླེགས་བམ་ལས་མངོན་རྟོགས་ཚུལ་བཅོ་ལྔ་གསུངས་པ་ནི། ཟླ་ཟེར་ལས་དག་ལྡན་དུ། མན་ངག་ལུགས་ཀྱི་མངོན་རྟོགས་ཚུལ་བཅུ་བཞི་དང་། མ་སྦས་པ་མི་ཐུབ་ཟླ་བའི་ལུགས་ཀྱི་འཁྲུགས་ཅན་ཏེ་བཅོ་ལྔའམ། ཡང་བདག་མེད་མའི་མངོན་རྟོགས་ལ་ཚུལ་བཅོ་ལྔར་བགྲངས་པའང་འཐད་ལ། རང་ལུགས་དག་ལྡན་ལས་གསུངས་པའི་མན་ངག་ལུགས་ཀྱི་ཚུལ་བཅུ་གསུམ་ལ། རྟོགས་པ་དམན་པས་སྐད་ཅིག་གིས་བསྐྱེད་པ་ཕྱི་དཀྱིལ་རྐྱང་པ་བསྒོམ་པ་དང་། རྟོགས་པ་མཆོག་ཏུ་གྱུར་པས་དེ་ཉིད་ལུས་དཀྱིལ་དང་མ་འབྲེལ་བར་བསྒོམ་དུ་མི་རུང་བས་བཅོ་ལྔའོ། །སྙམ་མོ། །དེའི་ཕྱིར་གླེགས་བམ་ལས།


JKT004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ཞིབ་པར་དབྱེ་ན་བཅོ་ལྔར་སྣང་མོད། ཅེས་པས་གསལ་ལོ།། ༈ །།སྦས་པའི་རྩ་ལྔའི་བཤད་པ་རྡོ་རྗེ་འཆང་གིས་ལོ་ཙཱ་བ་རྡོ་རྗེ་དཔལ་གྱི་དྲིས་ལན་དུ་ཡོད། ཞིབ་པར་བརྗོད་དུ་མི་བཏུབ་བོ། །ཡུལ་སྤྲོས་བྲལ་གྱི་ཆ་ནས་ལྟ་བར་བཞག་པའི་ཚེ་མདོ་སྔགས་གཉིས་མཉམ་ལ། དེ་རྟོགས་བྱེད་པའི་བློ་ཡུལ་ཅན་ཡེ་ཤེས་ལ་ལྟ་བར་བཞག་པའི་ཚེ་ཁྱད་པར་ཤིན་ཏུ་ཆེ་སྟེ། དབང་གི་ཡེ་ཤེས་ཀྱི་ལྟ་བའི་སྤྲོས་བྲལ་རྟོགས་ཚུལ། ཕར་ཕྱིན་གྱི་མཐོང་ལམ་ལ་ཡང་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ་དབང་གོང་མའི་ཡེ་ཤེས་རྣལ་མ་རྒྱུད་ལ་སྐྱེས་པ་དེ་ནང་གི་རྟེན་འབྲེལ་གྱི་འདུ་འཕྲོད་ལས་བདེ་ཆེན་གྱི་རྣམ་པར་སྐྱེ་ཞིང་། མཐོང་ལམ་རྐྱང་པ་ལ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡོད་ཀྱང་ཁྱད་ཆོས་དེ་དག་མེད་པའི་ཕྱིར་རོ།། ༈ །།སྤྱིར་སྨོན་སེམས་གཏོང་བ་ལ་རྩ་ལྟུང་དུ་འཇོག་ཀྱང་། ཀུན་སྤངས་པས་ཀྱང་དེར་འགྱུར་བ་ཞིག་ཡོད།། ༈ །།གཞུང་བཤད་ལས་སློབ་ལམ་ས་བཅུ་གཉིས་དང་། མན་ངག་ལས་ཕྱེད་དང་བཅུ་གསུམ་ཞེས་པ་ནི། ཕྱི་མས་བཅུ་གཉིས་པའི་མཇུག་དང་། བཅུ་གསུམ་པའི་སྦྱོར་བའི་གནས་སྐབས་ལ་དེ་དང་དེར་བཏགས་པར་ཟད་ཀྱི། ས་བཅུ་གསུམ་པ་ཐོབ་ཟིན་པ་ཞིག་ལ་ཕྱེད་ཚལ་དུ་བཏང་ནས་སློབ་མི་སློབ་ལ་སྦྱར་བ་གཏན་མི་སྲིད། འོ་ན་མི་སློབ་ལམ་གྱི་སྦྱོར་བ་ལ་མི་སློབ་ལམ་དུ་འདོད་པ་མི་འཐད། ཞེ་ན། མི་འགལ་ཏེ། དེ་ལ་སེམས་བསྐྱེད་པ་དང་པོ་


JKT004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི་སྦྱོར་བ་དང་དངོས་གཞི་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་སོ། །ཞེས་དང་། ས་བཅུ་པར་སངས་རྒྱས་ཀྱི་སར་བཤད་པ་བཞིན་ནོ།། ༈ །།འཚོ་བྱེད་ཆོས་སྐྱོང་དཔལ་བཟང་གི་དྲིས་ལན་ལས།། ༈ །།རྡོར་སེམས་བསྒོམ་བཟླས་ཐུན་མཚམས་སུ་དགོས་པ། སྔོན་འགྲོར་སྦྱར་ན་མི་འགལ་ཏེ། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ། གསུམ་ནི་སྤྱི་ཡི་སྔོན་འགྲོ་ཡིན། ཅེས་གསུངས་པས་མངོན་པར་རྟོགས་པའི་ཉམས་ལེན་ཐུན་གཅིག་ལའང་སྡོམ་གསུམ་གྱི་ཉེས་ལྟུང་སོར་ཆུད་པའི་ཉམས་ལེན་རེ་སྔོན་དུ་སྦྱོར་བ་སྤྱིའི་ཕྱག་ལེན། ཀྱེ་རྡོར་ལ་བླ་མ་གོང་མས་མ་བཤད་ཀྱང་། ཕྱི་མ་སྐྱེརྣམས་ཀྱིས་དུས་དང་བསྟུན་ནས་གསལ་བར་བྱས་པ་ཡིན་པས་ཕུན་སུམ་ཚོགས་པའི་ཡན་ལག་གོ། ༈ །།ཤཱ་ནྱ་ཏཱའི་སྔགས་ཀྱིས་སྦྱངས་པའི་སྟོང་པ་དེའི་ངང་ལས་སྣང་བའི་ལྡོག་ཆ་ལྷར་བསྒོམ་པ་ཡིན་གྱི། འབྲི་གུང་པ་ལྟར་ལྷ་ཡོངས་གྲུབ་ཏུ་ཡོད་པ་ཞིག་བསྒོམ་པའམ། རྙིང་མ་པ་ལྟར་ཀུན་རྫོབ་ལྷ་རུ་ལྟ་བ་ལྟ་བུ་མ་ཡིན་ཏེ། དེ་དག་ནི་འཇམ་དབྱངས་བླ་མའི་དགག་བྱ་ཡིན་པའི་ཕྱིར་རོ། །དེ་ཡང་། དང་པོ་མི་འཐད་དེ། དེ་ཁོ་ན་ཉིད་སྤྲོས་ཀུན་བྲལ་ཞིང་། ཡོད་མེད་སོགས་གང་དུའང་འཕགས་པ་རྣམས་ཀྱིས་མ་གཟིགས་པས་གང་དུའང་བསྒོམ་པར་བྱ་བ་མ་ཡིན་ཞིང་། སོ་སྐྱེའི་བློས་རྗེས་དཔག་གིས་འཆད་པའི་སྐབས་སུའང་


JKT004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མེད་ལས་འདས་པར་འཆད་དགོས་པས། དེ་ཡོད་པར་བྱ་བ་བཟུང་ནས་ལྷར་བསྒོམས་ན་དམིགས་མེད་དམིགས་པར་བྱས་པའི་ཕྱིར་རོ། །ཕྱི་མ་ལའང་མི་འཐད་དེ། ལྟ་བའི་ངོས་ནས་ལྷ་དང་ལྷ་མ་ཡིན་པ་སོགས་གང་དུའང་མི་བལྟ་ཞིང་། བསྒོམ་པའི་ངོས་ནས་ཀུན་རྫོབ་ཀྱི་སྣང་བ་སྒྱུ་མ་ལྟ་བུ་འདི། རྣལ་འབྱོར་གྱི་རྒྱུད་མན་ཆད་དུ་སྒྱུ་མ་ཙམ་དུ་བལྟ་བའང་། བླ་མེད་ཀྱིས་སྣང་བའི་འཁོར་ལོ་ཐམས་ཅད་ལྷར་གསལ་བཏབ་སྟེ་བསྒོམ་རྒྱུ་ཡིན་པས། སྤྲོས་བྲལ་གྱི་ཆ་ནས་ལྷར་མི་བསྒོམ་གྱི་སྣང་བའི་ཆ་ནས་ལྷར་བསྒོམ་པ་ཡིན། སྤྱིར་ཡང་ལྟ་བ་ཞེས་པ་ནི་ཡུལ་དངོས་པོའི་གནས་ལུགས་སྒྲོ་འདོགས་ཆོད་པའི་བློ་ནས། ཟླ འཕགས་པའི་མཉམ་གཞག་ཡུལ་དང་བཅས་པའི་བར་ཡིན་ཞིང་། དེ་ནི་སྔར་སྨོས་པ་ལྟར་རོ། །གཞན་ཡང་སྟོང་པ་ཉིད་ལྷར་བསྒོམ་པ་དང་། དེའི་ངང་ལས་བསྒོམ་པ་ཡིད་བྱེད་པ་སོགས་འཁྲུལ་པ་མང་། རང་བཞིན་གྱི་དཀྱིལ་འཁོར་ཀྱང་རྡུལ་ཚོན་སོགས་བཅོས་མར་ལྟོས་ན་ཚེགས་ཆུང་བས་དེ་ལྟར་བཤད་ཀྱི་གཞན་མ་ཡིན་ལ། རང་བཞིན་ལྷུན་གྲུབ་ནི། དང་པོ་ནས་ཡོད་པ་ཞིག་ལ་མི་ཟེར་གྱི་སེམས་ཀྱི་རང་བཞིན་ལ་འཕོ་འགྱུར་མེད་པས་ན་དེར་བཏགས་སོ། །གལ་ཏེ་དོན་དམ་ལྟར་བསྒོམས་ན་གོང་འཕེལ་དུ་འགྱུར་དགོས་ལ། དེས་ན་རང་བཞིན་གནས་འགྱུར་དུའང་ཁས་ལེན་དགོས་སོ། །དེ་བླངས་ན། རང་བཞིན་གྱི་སྒོ་


JKT004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་འགྱུར་མེད་པ་དང་། ཡོན་ཏན་གྱི་སྒོ་ནས་ཡོད་པར་གསུངས་པའང་མི་འཐད་དོ།། ༈ །།དངོས་དབང་རབ་བྱུང་གིས་བསྐུར་བ་རྒྱུད་དང་འགྲེལ་བྱེད་ཚད་ལྡན་གྱིས་མ་བཤད་དེ། རླུང་ནུས་ཙམ་ཐོབ་ཀྱང་ཀུན་གཏོང་བར་ནི་འདྲ་བས། དེ་ཙམ་གྱིས་ལྟུང་བར་འགྱུར་བའི་ཕྱིར་རོ། །སྙམ། རྒྱ་གར་གྱི་རབ་བྱུང་འགའ་ཞིག་གིས་མཛད་པར་བཤད་ཀྱང་། དེ་ཕྱིན་ཆད་དེའི་རྟགས་དོར་ཏེ་སྤྱོད་པ་ལ་ཞུགས་པ་ཡིན་པས་མི་མཚུངས་སོ།། ༈ །།མགོན་པོ་རྒྱལ་མཚན་གྱི་དྲིས་ལན་ལས། ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོའི་མདོ། གླང་རུ་ལུང་བསྟན། ལི་ཡུལ་ལུང་བསྟན། དགེ་འདུན་འཕེལ་གྱི་ལུང་བསྟན། དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་རྣམས་ལས་འབྱུང་བའི་དོན། རྒྱལ་པོ་མྱ་ངན་མེད་ཀྱི་སྲས་རྣམ་ཐོས་སྲས་ཀྱིས་མཆོད་རྟེན་ཐམས་ཅད་བསྐོར་ཞིང་བྱོན་སའི་དུས་བཙས་པ་ཞེས་བྱ་བས་དང་པོར་བཟུང་། རྒྱ་ནག་རྒྱལ་པོར་བུ་སྟོང་དུ་གཅིག་གིས་མ་ཚང་བ་ལ་བྱིན། དེར་རྒྱལ་པོ་བྱེད་དུ་མ་འདོད་དེ། དམག་སྟོང་ཕྲག་བཅུ་དང་སྦྲགས་ནུབ་ཕྱོགས་སུ་ཡུལ་འཚོལ་བར་ཕྱིན། མྱ་ངན་མེད་པའི་བློན་པོ་ཡ་ཤཞེས་པ་དམག་བདུན་སྟོང་ཁྲིད་ནས་འོང་བའང་ནུབ་ཕྱོགས་ཐེན་གྱི་ཤེལ་ཆབ་གོང་མར་འཛོམ། དེར་རྒྱལ་བློན་རྒྱས་ཏེ། ཡུལ་གསར་དུ་བཀོད། རྒྱ་གར་དང་རྒྱ་ནག་གི་མི་རིགས་འདྲེས་མར་བཀོད།


JKT004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དང་ཆོས་ལུགས་ཕལ་ཆེར་རྒྱ་གར་དང་མཐུན་ཅིང་། འཇིག་རྟེན་གྱི་ལུགས་ཕལ་ཆེར་རྒྱ་ནག་དང་མཐུན་པར་གྱུར། དེའི་བུ་རྒྱལ་པོ་བི་ཛ་ཡ་སཾ་བྷ་བས་འཇམ་དབྱངས་ཀྱི་སྤྲུལ་པ་དགེ་སློང་བེ་རོ་ཙ་ན་སྤྱན་དྲངས། ཙར་མ་ཞེས་བྱ་བའི་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བརྩིགས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། གནས་བརྟན་བཅུ་དྲུག་ཀྱང་བྱོན། ཁ་ཆེའི་ཡུལ་ན་དེ་བཞིན་གཤེགས་པ་བདུན་གྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་ཀྱང་རྫུ་འཕྲུལ་གྱིས་ནམ་མཁའ་ནས་གདན་དྲངས་ཏེ་ཙརྨའི་གཙུག་ལག་ཁང་དུ་བཞུགས། དེ་ན་བྱམས་པའི་སྤྲུལ་པ་རྒྱལ་པོ་ལི་རྗེ་བི་ཛ་ཡབྷ་རི་ཡ་ཞེས་པས་རྒྱ་གར་གྱི་དགྲ་བཅོམ་བཞི་མཆོད་གནས་སུ་བཀུར། ཀེའུ་དོ་ཤན་གྱི་རི་བོ་ན་སངས་རྒྱས་འོད་སྲུང་གི་སྐུ་གདུང་བཞུགས་པའི་མཆོད་རྟེན་གོ་མ་ས་ལ་གནྡྲ་སྟེ་ཙནྡན་ས་མཆོག་གི་དྲིའི་མཆོད་རྟེན་ཅེས་བྱ། འདི་ལ་དད་པས་མཆོད་པ་ཀུན་ཕྱིར་མི་ལྡོག་པར་གསུངས། །བ་ཤའི་ཡུལ་ཞེས་པའང་ལི་ཡུལ་གྱི་ནང་ཚན་དྲོན་ཏི་ཞེས་བྱ་བ་ལ་འདོད། སྤྱིར་ནི་མི་གཅིག་གོ །གཞན་ཡང་དེར་གཙུག་ལག་ཁང་ཆེན་༦༨པོ། འབྲིང་༣༥། ཆུང་ངུ་༡༤ར། ཕྱི་རོལ་གྱི་ཁོར་ཡུག་ཚུན་ཆད་བརྩིས་ན་སྟོང་ཕྲག་བརྒྱ་བརྒྱད་ཅུ་རྩ་བརྒྱད་དུ་ཡོད་པར་བཤད། ཡང་རྒྱལ་པོ་བི་ཛ་ཡ་བིརླས་རི་གླང་མགོའི་སྟེང་དུ་ཧཱུཾ་ཏོ་ཤན་གྱི་གཙུག་ལག་ཁང་ཆེན་པོ་བརྩིགས། དེར་ཐུབ་ཆེན་


JKT004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། དེ་དག་གི་སྲུང་མ་རྣམ་སྲས། ཡང་དག་ཤེས་ཀླུའི་རྒྱལ་པོ་མ་དྲོས་པ་རྣམས་ཡིན་པར་བཤད། འདི་དང་བལ་ཡུལ་མི་གཅིག་སྟེ། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལས། བལ་ཡུལ་དེ་བཞིན་མང་ཡུལ་དང་། རྒྱ་ནག་ཆེ་དང་ལི་ཡུལ་ཀྱི། དེ་དག་མ་ལུས་གྲུབ་པའི་ཞིང་། ཞེས་བསྔགས་ཤིང་། བསོད་རྩེས་ཀྱང་། ལིའི་ཡུལ་དང་། བལ་ཡུལ་ཅེས་ཐ་དད་དུ་བཤད་པ་སོགས་ལུང་རིགས་ཀྱིས་གནོད། གོ་མ་ས་ལ་ག་དང་ཤིན་ཀུན་ཡང་མི་གཅིག་སྟེ། སྔ་མ་འོད་སྲུང་གི་དུས་སུ་བྱུང་ལ། ཕྱི་མ་བལ་བོའི་རྒྱལ་པོ་འོད་ཟེར་གོ་ཆས་བརྩིགས་པར་ལམ་འབྲས་ཞྭ་མ་ལུགས་ཀྱི་གཏམ་རྒྱུད་ལས་འབྱུང་ངོ་། །འོ་ན་དེ་ཕྱོགས་གང་དུ་ཡོད་ཅེ་ན། དེང་སང་དངོས་སུ་མཐོང་བ་སོགས་མི་འདུག་པས་འཆད་དཀའ་ཡང་། ལུང་ལས་རྗེས་སུ་དཔགས་ན། རྒྱ་ནག་དང་བོད་ཡུལ་དབུས་ནས་གཞལ་བའི་ནུབ། རྡོ་རྗེ་གདན་གྱི་ནུབ་བྱང་གི་མཚམས་ན་ཡོད་པར་གྲུབ་སྟེ། དང་པོ་ནི། ལི་ཡུལ་ལུང་བསྟན་ལས། དམག་སྟོང་ཕྲག་བཅུ་དང་བཅས་ཏེ་ནུབ་ཕྱོགས་སུ་ཡུལ་ཚོལ་དུ་ཕྱིན་ཏེ། ཅེས་པས་གྲུབ་ལ། གཉིས་པ་ནི། ཀ་ལིངྐ་ཡི་ཡུལ་དེར་ཡོད་པར་བཤད་པ། དེ་གུ་གེ་མང་ནང་གི་རྒྱབ། རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུ་རྩ་གཉིས་ན་ཡོད་པར་བཤད་པས་སོ།། ༈ །།ཁ་ཤའི་ཡུལ་ཅེས་པ་འཐུང་སྤྱོད་ཀྱི་ཡ་གྱལ་གཅིག་ཡོད་


JKT004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པའི་མོན་ཡུལ་དེར་བཞག་ནས། དེ་ལས་གཞན་པའི་ལི་ཡུལ་ཞིག་ཡོད་པར། བུ་སྟོན་གྱིས་བཅུ་གཉིས་བཤད་ཀྱང་ཧ་ཅང་ཐུང་སྙམ། མཆན། ས་པཎ་གྱིས། ཁ་ཆེ་དང་ནི་ཁ་ཤ་སོགས། མ་ཁ་དང་ནི་ལི་ཡི་ཡུལ། ཅེས་གསུངས། འདི་ན་སྔར་དགྲ་བཅོམ་ཞིག་རི་དྭགས་རུ་རུ་གསེར་གྱི་མདོག་ཅན་ཞིག་ཏུ་སྤྲུལ་ཏེ་འབྱོན་པས་ཡུལ་གྱི་མིང་ལའང་དེ་སྐད་བཏགས་པར་བཤད། དོན་མོན་ཡུལ་ལ། རྒྱ་གར་གྱི་སྐད་དུ། ཀཱི་ར་དང་། ཀོ་ར། ཕལ་སྐད་དུ་ཁ་ཤ་ཞེས་ཟེར་རོ།། ༈ །།སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། དེའི་ཚེ་གསོ་སྦྱོང་བླངས་པ་འགལ་ཅེ་ན། དེ་ནི་འཇིག་རྟེན་གྱི་སྣང་ངོ་ཙམ་ལས། རྒྱལ་པོ་ཟས་གཙང་དང་། ཡུམ་སྒྱུ་འཕྲུལ་མའི་ཁམས་གཉིས་ལས་གྲུབ་པ་མ་ཡིན་ཏེ། དེ་ལྟར་གྲུབ་པ་ཐམས་ཅད་དྲང་དོན་དུ་བལྟ་བར་བྱའོ། །དེ་སྐད་དུ་འཇིག་རྟེན་མཐུན་འཇུག་གི་མདོ་ལས། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ། །འཁྲིག་པ་ལས་ནི་བྱུང་མིན་ལ། །ཡབ་དང་ཡུམ་ཡང་སྟོན་པར་མཛད། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་འཇིག་རྟེན་གྱི་མི་རིགས་ལ། ཤཱཀྱའི་སྲས་ཞེས་བརྗོད་པའང་མི་འགལ་ཏེ། སྐྱ་བསེང་གི་བུ་ལྔ་བཞིན་ནོ། །དེ་ནི་ཡབ་ལ་མ་ལྟོས་པར་ཡུམ་གྱི་ལྷུམས་སུ་ཞུགས་པ་ཡིན་ལ། དེའི་གསོ་སྦྱོང་ཡང་སྔོན་གྱི་རིག་བྱེད་ལས་འབྱུང་བ་ལྟར་ཚུལ་ཁྲིམས་ཡན་ལག་ལྔ་པ་དང་། བརྒྱད་བསྟེན་བཞིན་དུ་འཁྲིག་པ་


JKT004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཙམ་གྱིས་བསླབ་པ་དང་མི་འགལ་ཏེ། དེར་ལོག་གཡེམ་སོང་བར་གསུངས་པའི་ཕྱིར་རོ།། ༈ །།སྲས་སྒྲ་གཅན་འཛིན་མངོན་འབྱུང་སོགས་ལས་གྲགས་འཛིན་མ་དང་། སོར་འབྲང་སོགས་ལས་ས་མཚོ་མར་འཁྲུངས་པར་བཤད། ཁ་ཅིག་དེ་གཉིས་གཅིག་པར་འདོད་ཀྱང་། ལུང་གཞི་ལས། སྔ་མ་ཤཱཀྱ་ལག་ན་བེ་ཅོན་དང་། ཕྱི་མ་དྲིལ་བུའི་སྒྲའི་བུ་མོ་ཡིན་པར་བཤད་པས་ཐ་དད། དེས་ན་དེ་གཉིས་ཀའི་བསམ་ངོ་དང་མཐུན་པར། གཉིས་ཀར་བལྟམས་པའི་ཚུལ་མཛད་པ་ཡིན་པས་མི་འགལ་ལམ་སྙམ་ལགས།། ༈ །།བོད་ཀྱི་རྒྱལ་རིགས་ནི། འཇམ་དཔལ་རྩ་རྒྱུད་ཤཱཀྱ་བློ་གྲོས་ཀྱི་འགྱུར་ལས། །ལྷ་ཡུལ་ལྡན་ཞེས་བྱ་བ་ནས། །གངས་ཅན་ཡུལ་གྱི་ནང་གནས་པར། །རྒྱལ་པོ་མི་ལི་ལྷ་ཞེས་པ། །ལི་ཙཱ་བཱི་ཡི་རིགས་སུ་འབྱུང་། །ཞེས་དང་། ཆོས་ཀྱི་ཤེས་རབ་ཀྱི་འགྱུར་དུ། །ཁ་བའི་རླབས་ཅན་ནང་གནས་པར། །ང་རྒྱལ་བྲལ་བའི་རྒྱལ་པོ་ལྷ། །རྒྱལ་བའི་ཤཱཀྱ་ཆེན་པོའི་རིགས་རིགས་སུ་འབྱུང་བ་སྟེ། ཞེས་བཤད་པས། ཕྱི་མ་དག་གམ་སྙམ་སྟེ། ལྷ་བླ་མ་ལ་སོགས་པའི་ཡིག་ཚང་རྙིང་པ་ཤིན་ཏུ་དག་པ་རྣམས་དང་མཐུན་པས་སོ།། །།དྲི་མེད་ལུང་། དར་བར་འགྱུར་དང་། རྒྱས་པར་འགྱུར་གཉིས་ཕྱི་མ་འཐད་དམ་སྙམ་སྟེ། ས་པཎྜི་ཏས། ང་ནི་མྱ་ངན་འདས་གྱུར་ནས། །ལོ་ནི་ཉིས་སྟོང་ལྔ་བརྒྱ་ན། །དམ་ཆོས་རྒྱས་པར་འགྱུར་ཞེས་གསུངས།


JKT004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཤད་ཅིང་། རལ་པ་ཅན་གྱི་དུས་ཁོ་ནར་འགྲིགས་པར་སེམས། གདོང་དམར་ཅན་གྱི་ཡུལ། རྒྱ་ནག་ཡིན་པར་སྦ་བཞེད་དང་། བོད་ཡིན་པར་ལི་ཡུལ་ལུང་བསྟན་དུ་འབྱུང་ཡང་། དེ་གཉིས་དག་ཁུངས་ཐུབ་པའི་ཤེས་བྱེད་མི་སྣང་། འོན་ཀྱང་བུ་མོ་དྲི་མ་མེད་པས་ཞུས་པའི་མདོའི་ལུང་དམ་པ་རྣམས་ཀྱིས་ཚད་མར་མཛད་པས། དེ་ལྟར་ན་བོད་དུ་འཐད་དོ།། ༈ །།དགོངས་གསལ་ལས། ངོ་བོ་གཅིག་ཡིན་ན། །དོན་དམ་པ་ལ་ངོ་བོ་གྲུབ་པར་ཐལ་བ་དང་། གཅིག་པོ་བཀག་པ་ཡིན་ན་དོན་དམ་དངོས་མེད་དུ་ཐལ་བའི་ཕྱིར་སྐྱོན་ཡོད་དོ། །ཞེས་པ་ངོ་བོས་གྲུབ་པར་འདོད་པ་དང་དོན་དམ་དངོས་མེད་དུ་འདོད་ན་སྐྱོན་དེ་ཡོད་མོད། འབུམ་ལས། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །ཞེས་སོགས་གསུངས་པ་གཞན་སེལ་གྱི་སྒོ་ནས་ལེགས་པར་འཆད་ཤེས་ན་སྐྱོན་མེད་མོད། མ་ཤེས་ན་འཁྲུལ་ལོ། །དེས་ན་རང་ལུགས། དོན་དམ་པར་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བ་ཡིན་ཏེ། དགོངས་འགྲེལ་ལས། ཀུན་རྫོབ་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། ཅེས་གསུངས། ཐ་སྙད་ཀྱི་རྣམ་གཞག་ནི། གཞན་སེལ་གྱི་ངོར་ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཅེས་བྱ་བའི་དེ་ཉིད་དུ་གཞན་དུ་བརྗོད་དུ་


JKT004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །ཞེས་གསུངས་སོ། །ལྗོན་ཤིང་ལྟར་ན། ཡུལ་གཅིག་གི་སོ་སྐྱེའི་སྣང་བའི་ཆ་ནས་ཀུན་རྫོབ་དང་། འཕགས་པའི་བློས་དེ་ཉིད་རང་བཞིན་མེད་པར་ཤེས་པ་དོན་དམ་ཞེས་འདོགས་ཀྱི། ཀུན་རྫོབ་སྣང་བའི་ཆ་དེ་ལས་རང་བཞིན་མེད་པ་ལོགས་སུ་དབྱེར་མེད་པས། དེ་ཙམ་ལ་ངོ་བོ་དབྱེར་མེད་ཅེས་བྱ་ཞིང་། དེ་ཙམ་ལ་གཅིག་པའི་ཐ་སྙད་བཏགས་པ་མི་འགལ་ཏེ། གཅིག་གི་ཆོས་ཉིད་གང་ཡིན་པ། དེ་ནི་ཀུན་གྱི་ཆོས་ཉིད་ཡིན། ཞེས་སོ། །་དགེ་སོགས་བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པར་གོ་རམ་པས་བཀག་ཀྱང་། སྔ་མས་སྒྲས་ཟིན་དུ་ཁས་བླངས་པ་མེད་དམ་སྙམ།། །།།ལམ་སྐོར་ཕྱི་མ་བརྒྱད་ལས། བསམ་མི་ཁྱབ་པ་སཾ་ཊ་དང་། འགྲེལ་པ་ལུགས་གང་རུང་། མཚོ་སྐྱེས་ལ་དེ་ཉིད། ལྷན་ཅིག་སྐྱེས་གྲུབ་ལ་འགྲེལ་པ་ལུགས། གཏུམ་མོ་ལམ་རྫོགས་དང་། ཡོན་པོ་སྲོང་བ་བདེ་གསང་གང་རུང་། མཆོད་རྟེན་དྲུང་ཐོབ་ལ་གསང་འདུས། ཡི་གེ་མེད་པ་ལ་གསང་འདུས་བདག་མེད་གང་རུང་། དབང་ཡོན་ཏན་རིམ་པ་གསང་དགོས་ཞེས་ཀུན་དགའ་དབང་ཕྱུག་བཞེད། གཤེགས་སྙིང་། རང་བཞིན་གནས་རིགས། ཀུན་གཞི་རྒྱུ་རྒྱུད་སོགས་ངོ་བོའི་སྒོ་ནས་མི་འདྲ་བ་མེད་པས་གཅིག་པར་དགོངས་ཏེ། རང་སེམས་སྤྲོས་པ་དང་བྲལ་བ་དེ་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཆ་ནས་རྒྱུ་རྒྱུད། དེའི་སྤྱི་མཚན་གྱིས་ཐམས་


JKT004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཁྱབ་པའི་ཆ་ནས་གཤེགས་སྙིང་། ཆོས་སྐུའི་རྒྱུ་བྱེད་པའི་ཆ་ནས་གནས་རིགས་ཞེས་བཏགས། དེས་ན་རྒྱུ་རྒྱུད་པའི་གནས་སྐབས་ལ་མ་དག་པའི་སྣང་བ་སྣ་ཚོགས་ཡོད་པའི་ཆ་ནས་སྦྱང་གཞིར་འགྱུར་ཞིང་། དེ་ལ་མ་དག་པའི་སྣང་བ་ཞེས་བཤད། རང་གི་ངོ་བོ་སྦྱང་རྒྱུ་མེད་པས་སྦྱང་གཞིར་མི་འགྱུར། དེས་ན་ངོ་བོ་ལ་ལྟོས་ན་གནས་འགྱུར་མེད་ཅིང་། ཡོན་ཏན་ལ་ལྟོས་ནས་ཡོད་པར་འགྱུར་བ་ཁོ་ནས་ཤེས།རྒྱས་པར་འཇམ་རྡོར་ཊི་ཀར་བལྟ།། ༈ །།སློབ་མ་ཁ་འཆལ་སྐྱེད་ལ་ཉེས་བྱས་ཟེར་བ་ནི་འདུལ་བས་སྔགས་ལ་རྒྱས་བཀབ་པས་མི་འཐད།། ༈ །།སྣང་གསུམ་འདི་ལམ་གྱི་གཞི་བཅའ་ལ་སྦྱར་ན་ཕར་ཕྱིན་དང་༼ ཐུན་མོང་བ་ཡིན་ཞིང་། ལམ་ཡོངས་རྫོགས་ལ་སྦྱར་ཚེ། མ་དག་པའི་སྣང་བ་ནས་བདེ་མཆོག་སྒྱུ་མའི་བར་དཀྲི་ཞིང་དབང་བསྐུར་བ་ལན་ཆད་རྒྱུ་རྒྱུད། ཉམས་སྣང་ཐབས་རྒྱུད། དག་སྣང་འབྲས་རྒྱུད་དུ་འགྱུར་བས་མངོན་རྟོགས་ལྗོན་ཤིང་དང་ཡང་མཐུན་པས་ཀུན་མཁྱེན་པས་དེ་སྐད་བཞེད།། ༈ །།རྒྱུད་བཞིའི་བླ་མ་རྡོ་རྗེ་འཆང་གིས་རྒྱུད་ཀྱི་བྱུང་ཚུལ་ལས་འཕགས་པ་ཆོས་སྣང་ཉིད་ལ་བགྲངས། དེ་ནས་ས་ཆེན་ལ་འཆད་པར་མ་བཤད་པ་གཞུང་རྙིང་ལྟར་མཛད། གསན་ཡིག་ཐོས་པ་རྒྱ་མཚོར། ཡང་ན་མཆིམས་ལོ་ཙཱ་བ། འཁོན་དཀོན་མཆོག་རྒྱལ་པོ། རྗེ་ས་སྐྱ་པ་ཆེན་པོ་ཞེས་དག་གོ་ཞེས་རྒྱལ་ཚབ་དམ་པ་བཞེད་པས་


JKT004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་དགོས།། ༈ །།གངས་རི་རྡོ་རྗེའི་དཀའ་འགྲེལ་གྱི་རྒྱ་དཔེ་ངོར་ན་ཡོད། འོན་ཀྱང་དེའི་ཁ་ཡིག་ཏུ། ཀ་མ་ལ་ཀཱུ་ལི། ཞེས་སྣང་བས། ཕྱག་ལེའི་དྲིས་ལན་ལས། གཞན་དགེས་པ་རྡོ་རྗེའི་འགྲེལ་པ་སློབ་དཔོན་ནག་པོ་པ་དང་། སློབ་དཔོན་ཀ་མ་ལ་ཀཱ་ལི་ཤས་མཛད་པ་དང་། ཅེས་སྣང་བ་དེ་ཡིན་ནམ་སྙམ། དེ་ལྟ་ན་པདྨ་རྡོ་རྗེ་ཤེས་པར་འགྱུར་མོད། འོན་ཀྱང་སློབ་དཔོན་མཚོ་སྐྱེས་ནི་མ་ཡིན་ཏེ། དེའི་སྐད་དོད་ལ། ས་ཏོ་ཛ་དང་། པདྨ་བཛྲ་ཞེས་ཡོད་པའི་ཕྱིར་རོ། །དཔྱལ་སེ་བསོད་ནམས་རྒྱལ་མཚན་ཏེ། སེ་དཔྱལ་ཞེས་མ་དག །ཞང་སྟོན་རྒྱལ་པོའི་ཊཱི་ཀ་སྔ་ཕྱི་གཉིས་ལས། སྔ་མ་ལ་ཇོ་ནང་པའི་གྲུབ་མཐའ་འགའ་བསྲེས་ཤིང་། ཕྱི་མར་ཤིན་ཏུ་མང་བ་བསྲེས་པ་ཡོད།། ༈ །།སྦྱོར་ལམ་ངེས་འབྱེད་རྣམས་དགོངས་གསལ་ལས་རང་རིག་མངོན་སུམ་དུ་བཤད་པ་འདི་ཀ་འཐད།། ༈ །།ལྗོན་ཤིང་ལས་ཀུན་བཏུས་མདོ་སྡེ་བའི་མཚན་གཞིར་འཇོག་པ་ལ། དེ་སེམས་ཙམ་ཡིན་པས་རྗེ་བཙུན་ཀྱང་སྡེ་སྣོད་ལ་མི་མཁས་ཞེས་ཕྱི་རབས་པ་དག་སྒྲོགས་མོད། དེ་ནི་མ་ཡིན་ཏེ། སྤྱིར་ཀུན་བཏུས་སེམས་ཙམ་ཡིན་ཀྱང་། དེ་ལས་ཕྱི་དོན་ཁས་བླངས་པ་སོགས་མདོ་སྡེ་པ་དང་མཐུན་པ་མང་པོ་གསུངས་པ་དང་། མཛོད་རང་འགྲེལ་བྱེ་སྨྲ་བའི་ལུགས་ཡིན་ཀྱང་སྐབས་དེར་མདོ་སྡེ་པ་བཞེད་པ་སྟེ། དཔེར་ན། ཁ་ཅིག་ཏུ་ཕྱི་དོན་དང་། །


JKT004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལར་སེམས་ཙམ་སྟོན་པ་ཆོས་གྲགས་ཀྱི་རྣམ་འགྲེལ་ལྟ་བུ་སྟེ། གཞུང་གཅིག་གི་ནང་དུ་གྲུབ་མཐའ་དུ་མ་སྟོན་པ་ལ་དགོངས་སོ། །དེས་ན་ཀུན་བཏུས་པའི་མདོ་སྡེའི་སྐབས་རྣམས་དེའི་མཚན་གཞིར་བཞག་པ་སྟེ། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་ཀྱི། རིལ་པོར་མདོ་སྡེ་པར་བཞེད་པ་ག་ལ་ཡིན། དེས་ན་གངས་ཅན་དུ་མདོ་སྡེ་བའི་གཞུང་རང་རྐང་ཚུགས་པ་ནི་སུས་ཀྱང་མི་རྙེད་དོ།། ༈ །།ཡུམ་གྱི་འགྲེས་རྐང་བཞུགས། །ཕུང་པོ་ལྔ་དང་ཡུལ་དྲུག་དང་། །དབང་པོ་དྲུག་དང་རྣམ་ཤེས་དྲུག །རེག་བ་དྲུག་དང་ཚོར་བ་དྲུག །ཐུན་མོང་འགྲེས་རྐང་སོ་ལྔའོ། །རྟེན་འབྲེལ་བཅུ་གཉིས་ཁམས་དྲུག་སྟེ། །མ་གཏོགས་འཁོར་དྲིས་བཅོ་བརྒྱད་ཡིན། །བྱང་ཆུབ་ཀྱི་ནི་ཕྱོགས་ལ་བདུན། །བསམ་གཏན་བཞི་གཅིག་ཚད་མེད་གཅིག །གཟུགས་མེད་བཞི་གཅིག་རྣམ་ཐར་བརྒྱད་གཅིག །སྙོམས་འཇུག་དགུ་གཅིག་སྒོ་གསུམ་གཅིག ། བདེན་པ་རྣམ་བཞི་གཅིག་ཏུའོ། །ཕྱིན་དྲུག་སྟོང་ཉིད་བཅོ་བརྒྱད་དོ། །སོ་སོར་བགྲངས་པས་ཞེས་གསུམ་ལ། །ཐབས་ཀྱི་འགྲེས་རྐང་ཞེ་གསུམ་ཟེར། །མངོན་པར་ཤེས་དང་ཏིང་འཛིན་དང་། །གཟུངས་ཀྱི་སྒོ་དང་སྟོབས་བཅུ་དང་། །མི་འཇིགས་བཞི་དང་སོར་རིག་བཞི། །བྱམས་པ་ཆེ་དང་སྙིང་རྗེ་ཆེ། །མ་འདྲེས་པ་ནི་བཅོ་བརྒྱད་དང་། །ཐམས་ཅད་ཤེས་དང་ལམ་ཤེས་དང་། །རྣམ་པ་ཐམས་ཅད་མཁྱེན་པ་


JKT004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འབྲས་བུའི་འགྲེས་རྐང་བཅུ་གཉིས་སོ། །དེ་ལྟར་འགྲེས་རྐང་བརྒྱ་རྩ་བརྒྱད། །ཤེས་ན་འབུམ་དོན་བཀླགས་ཆོག་ཡིན། །དང་ཞེས་བྱ་བའི་འབྱེད་ཚིག་རྣམས། །སོ་སོར་ཆོད་ལ་ཚིག་ཚིག་རྣམས། །དོན་མང་ཡོད་ཀྱང་བསྡོམས་ལ་བགྲངས། །ཞེས་པའང་རོང་སྟོན་གྱི་རྣམ་བཤད་ལྟར་བྲིས་བ་ཤུ་བྷཾ།། ༈ །།རྗེ་བཙུན་མི་ལས། ཐམས་ཅད་ཡོད་ཀྱང་སྔགས་པ་ཀུན་རྫོབ་ཏུ་བསྟན། འཁོར་འདས་གང་ཡང་མཐར་ཐུག་གི་དོན་ལ་མ་གྲུབ་པར་བསྟན་ནོ། །དང་པོ་ནི། ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཞེས་སོ། །གཉིས་པ་ནི། དངོས་དང་དངོས་མེད་ཟུང་འཇུག་སྟེ། རང་གི་ངོ་བོ་ཐ་སྙད་ལས་འདས་ཀྱང་། བློ་ཡི་ཡུལ་དུ་ཟུང་འཇུག་དང་གནས་ལུགས་ཞེས་མིང་དུ་བཏགས་ལ། གཉིས་མེད་དེའི་ངང་ལས་འཁོར་འདས་གང་ཡང་ཁས་ལེན་དང་བྲལ་བ་སྟེ། དོན་དམ་བདེན་པའི་དབང་དུ་ནི། བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །ཅེས་སོགས་གསུངས་སོ། །འོ་ན་དེ་ཁོ་ན་ཉིད་རྟོགས་སོ་ཞེས་པའི་ཐ་སྙད་གང་ལ་བཞག་སྙམ་ན། གཉིས་སུ་མེད་པའི་དོན་མཐོང་བ་ལ་ཐ་སྙད་ཙམ་བཏགས་པ་སྟེ། གཉིས་སུ་མེད་པའི་དོན་རྟོགས་ན། ལྟ་བའི་མཆོག་ཀྱང་དེ་ལ་བྱ། ཞེས་སོ། །འོ་ན་གཉིས་མེད་ཀྱི་ཡེ་ཤེས་དེ་དོན་ལ་གྲུབ་བམ་སྙམ་ན་མ་གྲུབ་སྟེ།


JKT004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ནང་འགྱུ་བའི་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འགྱུར། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུངས། །ཞེས་སོ། །དེས་ན་གཞི་འཁོར་འདས་གཉིས་གདོད་མ་ནས་གྲོལ་བ་སྟེ། འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་ཀྱིས། །ཞེས་སོ། ། དེ་ཉིད་གཟུང་འཛིན་གྱི་སྒྲིབ་གཡོགས་བྲལ་བའི་ཚུལ་གྱིས་མངོན་དུ་གྱུར་པ་ནི་མཉམ་པར་བཞག་པའི་ལམ་གྱི་དངོས་གཞི་སྟེ། ང་རིག་པ་རྟེན་མེད་གཅེར་བུ་འདི། །འགྱུ་བ་དྭངས་པ་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ཅེས་སོ། །དེ་ཉིད་དུས་རྟག་ཏུ་གཡོ་བ་མེད་པར་ཕྲིན་ལས་ལྷུན་གྲུབ་ནི་འབྲས་བུ་སྟེ། དེའི་དོན་ལ་མ་གཡོས་ན། འབྲས་བུའི་མཆོག་ཀྱང་དེ་ལ་བྱ། ཞེས་སོ། །འོ་ན་འདི་དག་གི བསྒོམ་པས་ཉམས་སུ་བླང་བྱ་ཡིན་ན། འདིར་འདི་ལྟར་བཞེད་ཅེས་བརྗོད་མི་རུང་ངོ་སྙམ་ན། མ་ཡིན་ཏེ། གྲུབ་མཐའི་ལྟ་བས་བློ་ཡི་ཡུལ་ལ་སྒྲོ་འདོགས་མ་ཆོད་ན། ཡང་དག་པའི་ལྟ་བ་དུག་མེད་རྟོགས་མི་སྲིད་པས། ངེས་དོན་གྱི་གསུང་རབ་ཐམས་ཅད་ཀྱང་། རག་པའི་ལམ་ནས་དྲངས་པའི་གནད་ཀྱང་དེ་སྟེ། ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་སོགས་དང་། འདི་ཉིད་ཀྱིས། གྲུབ་མཐའ་མི་ཤེས་པའི་ལྟ་བ་དཀའ།


JKT004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་མ་ཐོབ་པའི་སྤྱོད་པ་དཀའ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཞི་ལམ་འབྲས་གསུམ་ཐམས་ཅད་གནས་ལུགས་ཟུང་འཇུག་གཅིག་ཉིད་ལ། སྒྲིབ་གཡོགས་བཅས་པ་དང་། ཅུང་ཟད་བྲལ་བ་དང་། མཐའ་དག་བྲལ་བའི་རིམ་པ་མ་གཏོགས་གཞི་ལམ་འབྲས་གསུམ་ངོ་བོ་དབྱེར་མེད་དུ་སྨྲ་བ་འདི་ནི། རྣལ་འབྱོར་དབང་ཕྱུག་མར་མི་དང་། རྗེས་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ་མཐུན་ཏེ། །རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ་འགྱུར་བ་མེད་པ་དང་། མཐའ་ཡས་པའི་ཡོན་ཏན་གནས་འགྱུར་དུ་བཤད་པ་འདི་གཉིས་ཁོ་ན་ལ་དཔྱད་པས་བདེ་གཤེགས་སྙིང་པོ་ཡོད་པར་འདོད་པ་སོགས་ཀྱི་ལོག་རྟོག་ཐམས་ཅད་ཁེགས་པར་འགྱུར་ལ། །ས་པཎྜི་ཏས། རྟོགས་རྒྱུ་མེད་པའི་དོན་རྟོགས་ན། །གྲོལ་རྒྱུ་མེད་པའི་སེམས་ཉིད་གྲོལ། །ཤེས་བྱ་མེད་པའི་ཤེས་བྱ་ཤེས། །འཆད་རྒྱུ་མེད་པར་འཆད་ལ་མཁས། །འདོད་པ་མེད་པར་འདོད་དོན་འགྲུབ། །ཅེས་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ལ་འཕགས་བོད་པའི་པཎ་གྲུབ་ཐམས་ཅད་ཞལ་མཐུན་པ་ཡིན་ལ། རྒྱས་པར་སྤྲོས་པས་ཆོག་གོ། ༈ །།རྩ་བའི་བླ་མ་ནི། རང་ལ་ཆོས་དངོས་སུ་སྟོན་ནས། སྐུ་བཞིའི་ས་བོན་འདེབས་པ་པོ་ཁོ་ནར་འཇོག་སྟེ། སྙེ་མོ་སྒོམ་ཆེན་གྱི་དྲི་ལན་དུ་དེ་ལྟར་བཤད་དོ།། ༈ །།སངས་རྒྱས་ཕལ་པོ་ཆེ་ལས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་བསྟན་པའི་


JKT004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ལ། ལོ་ཙཱ་བས། དར་ཡུག་གི་རི་མོ་རྡུལ་ཕྲན་ལ་ཡོད་པ་བཞིན་དུ། སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་ཀྱི་སེམས་ལ་ཡོད་པ་དེ་གང་ཡིན་ཞེ་ན། ཆོས་ཀྱི་དབྱིངས་སོ། །དེ་ཇི་ལྟར་ཡེ་ཤེས་ཡིན་ཞེ་ན་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པར་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་མཁྱེན་པས་ན། ཤེས་རབ་དེ་ཤེས་བྱ་དང་རྣམ་པར་དབྱེ་བ་མེད་དོ། །དེས་ན་དོན་དམ་པར་ཆོས་དབྱིངས་དེ་ཉིད་རིག་པའི་ཡེ་ཤེས་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཚང་བར་གནས་པས། དཔེ་དོན་དེ་ཤིན་ཏུ་འཐད་དོ། །ཞེས་གསུངས་ལ། འདིའི་དགོངས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་དབྱེ་བ་མེད་ཅིང་། ཆོས་དབྱིངས་ལ་ཡེ་ཤེས་ཀྱི་ཡོན་ཏན་མཐའ་ཡས་པ་འབྱུང་བའི་ནུས་པ་ཚང་བས། རང་བཞིན་ནམ་རྒྱུ་ལ་བསམ་ན་ལྷུན་གྲུབ་ཅེས་བཤད་པ་དང་འགལ་བ་མེད་དོ། །བདེ་གཤེགས་སྙིང་པོ་དེ་ཐ་སྙད་དུ་ཡོད་པས་འཁོར་འདས་ཀྱི་སྣང་ཆ་སྣ་ཚོགས་འབྱུང་བས་ཀུན་གཞི་སོགས་ཀྱི་སྒྲའང་འཇུག་ལ། དོན་དམ་པར་སྤྲོས་པ་དང་བྲལ་བས་ཅིར་ཡང་འཆར་དུ་རུང་བའང་ལུང་རིགས་ཀྱིས་གྲུབ་བོ། །དེ་ནི་ས་པཎ་གྱི་དགོངས་པ་ངོ་མའོ། །ཀླུ་སྒྲུབ་ཀྱིས་ཀྱང་སྔ་མ་བསྟོད་ཚོགས་དང་། ཕྱི་མ་རིགས་ཚོགས་སུ་རྒྱས་པར་བཀྲལ། སྡོམ་གསུམ་གྱི་དགོངས་གཞི་སྔ་མ་ཡིན། ངོ་བོ་ཕྱི་མ་ཡིན། འདི་ཁྱད་པར་ཤིན་


JKT004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གལ་ཆེ།། ༈ །།ནག་པོའི་རིམ་གཉིས་ཀྱི་ཟིན་བྲིས་བཞུགས་སོ། །རྣལ་འབྱོར་དབང་ཕྱུག་སྤྱོད་པའི་རྡོ་རྗེའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་ལ། སྐལ་བ་དང་ལྡན་པའི་གང་ཟག་སྦྱིན་བྱ་བཞི་བྱིན་ནས་བསླབ་བྱ་གཉིས་ལ་བསླབས་ཏེ་གྲོགས་སྤྱོད་པ་གསུམ་གྱིས་མཚམས་སྦྱར་བས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་འགྲུབ་པ་ཞིག་བཞེད་དོ། །དེ་ལ་དང་པོ་ནི། ཕར་ཕྱིན་ནས་རིམ་པར་ཞུགས་པའམ། དང་པོ་ནས་འདིར་ཞུགས་པའི་གཅིག་ཅར་པ་གང་ཡང་རུང་བའོ། །གཉིས་པ་ནི། འཁོར་ལོ་བདེ་མཆོག་ལྷ་མང་ལ་༦༢སྐྱེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཚུལ་བཞིན་ཐོབ་པའོ། །གསུམ་པ་ནི། རིམ་པ་གཉིས་ལ་བསླབ་པ་སྟེ། འདི་ལ་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ནི། ཚོགས་གསོག་པར་བྱེད་པ་མཎྜལ། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར། སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་གསུམ་མོ། །གཉིས་པ་ལ་གཉིས། དང་པོ་བསྐྱེད་རིམ་ནི་སྐྱབས་སེམས་ནས་བཟུང་དག་དྲན་པར་ཚང་བར་བསྒོམས་ལ། རྟེན་དང་བརྟེན་པར་བཅས་པ་ལ་སེམས་འཛིན་འཇུག་བཟླས་ཅུང་ཟད་བཅས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་བུག་གཉིས་ནས་བསྡུས་ཏེ། གོ་ཆ་གསུམ་དང་ཚམ་རྔམས་ཀྱི་སྔགས་ཀྱིས་བསྲུངས་ལ་རྗེས་སྤྱོད་ལ་འཇུག་སྟེ། སྣང་བའི་དངོས་པོ་ཐམས་ཅད་ལྷར་མ་ཤར་གྱི་བར་དུའོ། །


JKT004_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལམ་གྱི་རིམ་པའང་འདི་ཡིན་ཏེ། སྔོན་འགྲོ་ལ་གཞན་ལཱུ་ཧི་པ་དང་འདྲ། དག་པ་གསུམ་ལ་ངག་དང་ཡིད་དང་ལུས་དག་པ་རིམ་བཞིན་བསྒོམ། མཉམ་བཞག་གི་རྣལ་འབྱོར་བསྐྱེད་རྫོགས་གཉིས་ལས། སྔ་མར། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག་གོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་ཚད་མེད་བཞི་མི་བསྒོམས་པ་མ་གཏོགས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་འདྲ། གཉིས་པ་རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ལ་སྲུང་བའི་འཁོར་ལོ་ལ་ཕོ་ཉ་རྣམས་ཀྱིས་བགེགས་བཀུག་སྟེ་ཕུར་བུས་གདབ། ལྷའི་ས་གཞི་སོགས་ཟློ བསྒོམས་ལ། དེ་ལྟ་བུའི་སྲུང་འཁོར་གྱི་དབུས་སུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ། ས་ཆུ་མེ་རླུང་རླུང་མེ་ཆུ་སའི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་དང་གཞལ་ཡས་ཁང་གདན་དུར་ཁྲོད་དང་བཅས་པ་ནི བསྒོམ་པའོ། །གཉིས་པ་ལ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་བཞི། དང་པོ་ལ་རྒྱུ་དང་། འབྲས་བུའི་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ནི། ཡེ་ཤེས་ལྔའི་ངོ་བོ་ཟླ་ཉི་ཕྱག་མཚན་ས་བོན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པ་བདེ་མཆོག་དཀར་པོ་རྡོ་རྗེ་ཕག་མོ་དང་བཅས་པ་བསྐྱེད་པའོ། །གཉིས་པ་ནི། མཁའ་གསང་བྱིན་རླབས་སྔོན་དུ་འགྲོ་བས་སྙོམས་འཇུག་གི་སྒྲས་། །

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JKT004_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་རྣམས་སྤྱན་དྲངས་ཏེ། བདག་གི་ཞལ་དུ་ཞུགས་ནས་སྙིང་གར་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ལས། ཡབ་ཡུམ་གཉིས་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཐིག་ལེར་གྱུར། དེ་ནས་ཐིག་ལེ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱི་སྔགས་ཀྱིས་བསྐུལ་བས་ཐིག་ལེ་ཧཱུྃ་ཨོཾ་དུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་འཛིན་པ་སྔོན་པོ་ཡུམ་དང་བཅས་བསྐྱེད། ཕྲིན་ལས་བཞི་དང་། དགའ་བ་བཞི་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབ་བོ། །གཉིས་པ་ནི། གོ་ཆ་དྲུག་བཅིངས་པ་སྟེ་སྙིང་གར་རྡོ་རྗེ་སེམས་དཔའ་སོགས་བསྐྱེད་པའོ། །གསུམ་པ་ནི། ཡབ་ཡུམ་གྱི་གནས་གསུམ་དུ་འབྲུ་གསུམ་རྡོ་རྗེ་གསུམ་དང་། གནས་ལྔར་རིགས་ལྔས་རྒྱས་གདབ་པའོ། །བཞི་པ་ནི། ཐོ་གྱི་སྒྲ་འབར་བའི་ཕྱག་རྒྱ་དང་བཅས་པས་ཡབ་ཡུམ་སྤྱན་དྲངས་ཤིང་མཆོད་ལ་གཉིས་མེད་དུ་བསྟིམ་ཞིང་། དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་བའོ། །དེ་ནས་མཆོད་ལ་མཁའ་གསང་བྱིན་གྱིས་བརླབ་པར་བྱ་བའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པས་ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་བསམས་ལ། དེའི་སྒྲས་བདེ་གཤེགས་ཐམས་ཅད་སྤྱན་དྲངས་ནས་གཉིས་ཀའི་སྨིན་མཚམས་སུ་ཐིམ་ནས་སྐུའི་དབྱིབས་བརྒྱུད་དེ་པདྨར་སོན་པ་ལས་ཡུམ་གྱི་རཀྟ་དང་རོ་གཅིག་ཏུ་འདྲེས་པ་


JKT004_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཆར་དུ་ཤར་བའོ། །དེ་ཡང་ཕྱིར་སྤྲོ་བ་དང་ནང་དུ་ལུས་ལ་བསྒོམ་པ་དུས་མཉམ་པའོ། །གསུམ་པ་ལས་རྒྱལ་མཆོག་ནི། ཡེ་ཤེས་པ་དགུག་གཞུག །དབང་བསྐུར། མཆོད་པ། དག་དྲན་ནོ། །གཉིས་པ་རྫོགས་རིམ་ནི་དཔྱིད་ཐིག་གི་མན་ངག་ལྟར་ཤེས་པར་བྱའོ། །གཉིས་པ་མཉམ་ལངས་ཀྱི་རྣལ་འབྱོར་ལ་གསུམ། བཟླས་པ། གཏོར་མ། སྤྱོད་ལམ་མོ། །གསུམ་པ་རྫོགས་རིམ་ནི་དཔྱིད་ཐིག་ལྟར་བསྒོམས་ན། སྔོན་དུ་དཀྱིལ་འཁོར་བསྡུས་ཟིན་པས་འདིར་མི་དགོས་ལ། གལ་ཏེ་མིན་ན་རིམ་བཞིན་བསྡུ་བའོ། །གཉིས་པ་ནི་རིམ་པ་བཞི་སྟེ། དེ་ཡང་དེ་སྟོན་པའི་བསྟན་བཅོས་གཉིས་དང་། སམ་ཊར་སྙིང་ཁའི་ཧཱུཾ་གི་ནང་གི་བྱང་སེམས་དཔྱིད་དང་། ལྟེ་བའི་ཨོ་ཐིག་ལེ་སྙོམས་པར་རྫོགས་རིམ་སྒོམ་ཚུལ་གསུངས་པ་ནི་འདིའི་ལུགས་ཐུན་མིན་ནོ། །རིམ་བཞི་ལའང་ལམ་སྐོར་གྱི་གྲས་དང་། གསང་མཐའི་ལུགས་གཉིས་ལས། ཕྱི་མ་ལྟར་འཆད་པ་ལ་བཞི། དང་པོ་ཤེས་བྱ་རྒྱུད་ཀྱི་རིམ་པ་ནི། སྤྱིར་རྡོ་རྗེའི་ལུས་ཀྱི་འཇིག་པ་དང་། སྐྱེ་བ་དང་། གནས་པའི་རིམ་པ་ཤེས་པར་བྱ་བ་དང་། བྱེ་བྲག་སྒོམ་པའི་དུས་ཕྱི་དཀྱིལ་རྣམས་སྙིང་གའི་ཧཱུྃ་ལ་བསྡུ། ཡུམ་ལྟེ་བའི་ཨོཾ་ལ་བསྡུས་པའི་འོད་ཀྱིས་གསལ་བར་བྱས་ཏེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་


JKT004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞི་པོ་རིམ་བཞིན་རྩ་ཡི་གེ་དང་བཅས་པ་དང་། དབུས་སུ་དྷཱ་ཏི། གཡས་སུ་གྱེན་མེ་མ། གཡོན་དུ་ཟུར་གཉིད་མ་ཡི་གེ་དང་བཅས་པ་བསྒོམ། དེ་འོག་གཤང་སྒོར་རླུང་དང་སུམ་མདོར་མེ་དཀྱིལ་ཀྱང་བསྒོམ་སྟེ། དེ་ལ་རྒྱུད་ནི་འཁོར་ལོ་བཞི་སོགས་ལུས་ལ་ཡེ་ནས་གནས་པ་ཡིན་ལ། རིམ་པ་ནི་དེ་རིམ་གྱིས་གསལ་བཏབ་པ་མཐར་ཕྱིན་པའི་ཚད་ནི་རྩ་གསུམ་འཁོར་ལོ་དྲུག་ཡིད་ལ་གསལ་བར་སྣང་བའོ། །གཉིས་པ་ཉམས་ལེན་སྔགས་ཀྱི་རིམ་པ་ལ། སྔོན་འགྲོ་རླུང་འབྱུང་འཇུག་དང་བསྟུན་ཏེ། རླུང་ཕྱིར་འབྱུང་ཚེ་གཡས་མེ་མ་ཡི་གེ་དང་བཅས་པ་གསལ་གདབ། ནང་དུ་འཇུག་ཚེ་གཡོན་གཉིད་མ་ཡིག་བཅས། ཅུང་ཟད་གནས་ཚེ་ཨོཾ་འབར་བ་ལ་སེམས་གཏད་དེ་ཡུན་རིང་བསྒོམ། དེ་ལ་གོམས་ནས་ནང་དུ་འཇུག་པ་དང་བསྟུན། རླུང་ལྟེ་བའི་ཨོ་ལ་བསྟིམ་ཞིང་དེར་ཤེས་པ་གཏད་དེ། སྟེང་རླུང་ཐུབ་ཚད་མནན། དེས་ལྟེ་བའི་གནས་སུ་དུ་བ་ལ་སོགས་པའི་རྟགས་ལྔ་སྐྱེ་ཞིང་ༀ་གི་མེ་ཡང་རིམ་པར་མགྲིན་པའི་བར་དུ་འབར་སྙམ་བྱེད་པ་འབྱུང་། དེ་ནས་དངོས་གཞི་ནི། འོག་རླུང་དྲག་ཏུ་བསྐུམས་པས་ཨོཾ་གི་མེ་སྦར། ཡར་རོ་མ་ནས་སོང་། འཁོར་ལོ་གོང་མ་གསུམ་གྱི་ཡིག་འབྲུ་རྣམས་རིམ་བཞིན་བསྲེགས། སྨིན་མཚམས་ཀྱི་སྒོ་བྱེ། སྣ་བུག་གཡས་ནས་བྱུང་། མདུན་གྱི་ནམ་མཁར་བདེ་གཤེགས་དཔག་ཏུ་མེད་པ་བསྒོམས་པ་ལ།


JKT004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཅིག་དང་། དེ་ནས་རྗེ་མང་གིས། མཐར་ཐམས་ཅད་ཤངས་བུག་གཡས་ནས་ཞུགས། དེ་དག་གི་འཁོར་ལོ་བཞི་རིམ་པར་བཞུ་བཏུལ་བྱས་ནས། ལྟེ་བར་མེ་དང་བྱང་སེམས་འདྲེས་པ་དེ། རྩ་གཡས་ནས་བྱུང་བ་ཤངས་བུག་གཡས་ནས་རང་གི་སྣ་བུག་གཡོན་དུ་ཞུགས། སྤྱི་བོ་གསེར་གྱི་སྒོ་ཕྱེ། སྤྱི་བོའི་འཁོར་ལོ་བྱང་ཆུབ་སེམས་ཀྱིས་ཁེངས། ཡང་གཡོན་རྐྱང་མ་ནས་འཁོར་ལོ་འོག་མ་རིམ་བཞིན་ཁེངས་པས་༧ དེ་དག་གི་གནས་སུ་ཡས་འབབ་ཀྱི་དགའ་བ་ནི་སྐྱེས་པར་བསམས། བྱང་ཆུབ་ཀྱི་སེམས་ༀ་ལ་ཕོག་པས་ཨོཾ་དྲག་ཏུ་འབར་ནས་དབུ་མ་ཁ་བྱེ་སྟེ། སྙིང་གའི་ཧཱུྃ་དང་། མགྲིན་པའི་ཨོཾ་ཞེན་ཐོགས་མེད་པར་སྤྱི་བོའི་ཧཾ་ལ་ཕོག །དེ་ལས་བྱང་སེམས་འཛག་པའི་འབར་འཛག་ལ་སེམས་གཏད་དེ་བསྒོམ་མོ། །དེ་ལ། སྔགས་ནི་ཉེ་བའི་ཨཾ། རིམ་པ་ནི་རིམ་གྱིས་སྦྱར་བ་སྟེ། རང་གི་འཁོར་ལོ་དང་དེ་བཞིན་གཤེགས་པའི་འཁོར་ལོ་རྣམས་བསྲེགས་པ་ནས་འབར་འཛག་ལ་སེམས་གཏད་པའི་བར་རོ། །མཐར་ཕྱིན་པའི་ཚད་ནི་འཕར་གཡོ་ལ་སོགས་པའོ། །གསུམ་པ་ཡེ་ཤེས་སྐྱེ་བའི་རིམ་པ་ནི། ཨོཾ་གི་མེས་སྤྱི་བོའི་ཧཾ་ཡིག་གི་བྱང་སེམས་དྷ་ཏི་ནས་ནོར་བུའི་བར་བབ་ནས་བདེ་བ་ལ་སེམས་གཏད་དེ་རླུང་ཁ་སྦྱར་དུ་བསྒོམ། དེ་ལྟར་བསྒོམས་པས་བདེ་བ་མི་བཟོད་པ་སྐྱེས་ན་སླར་མས་བརྟན་གྱི་དགའ་བ་བཅུ་དྲུག་རིམ་བཞིན་བསྒོམས་ཏེ་དེ་


JKT004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡེ་ཤེས་ནི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་མྱོང་བ། རིམ་པ་ནི་རྡོ་རྗེ་ནོར་བུའི་བདེ་བ་ནས། མཛོད་སྤུར་བསྒོམས་པའི་བར་རོ། །ཚད་ནི། བདག་རྒྱུད་བདེ་བས་མྱོས་པ་ལ་སོགས་པའོ། །བཞི་པ་འབྲས་བུ་གསང་བའི་རིམ་པ་ནི། སྣའི་བར་གྱི་ཀ་བ་མེད་པ་སྒོ་ང་སྟོང་པ་ལྟ་བུ་བསྒོམས་ལ། དེ་ནས་སྲོག་རྩོལ་གྱི་རླུང་ཆ་མཉམ་སྟེ། སྤོས་དུད་བཞིན་ལུས་ཀྱི་ནང་ནས་བྱུང་། སྣའི་ཕུག་ཏུ་ཆི་ལི་ལི་འཁྱིལ་ནས་ཕར་མི་འགྲོ་བར་བསམ་མོ། །གསང་བ་ནི་སྲོག་འཛིན་པའི་རླུང་། རིམ་པ་ནི་རླུང་སྐྱོན་རིམ་གྱིས་སེལ་བ། ཚད་ལུས་རས་བལ་ལྟར་ཡང་བ་དང་། རྟགས་ལྔ་མཐོང་བའོ། །དེ་ཚེ་ཆོས་ཀུན་རང་སེམས་སུ་འདུས་པས་ཕྱི་རོལ་གྱི་ཡུལ་ལ་མི་རྟོག་པ་བསྒོམ། སེམས་ཀྱི་རྟོག་པ་བྱུང་ཚོར་ཐམས་ཅད་མི་དམིགས་པར་བསྒོམ། དེ་ནས་སེམས་དང་ཡུལ་དང་ཐམས་ཅད་གཉིས་སུ་མེད་པར་མི་དམིགས་པར་བསྒོམ། དེ་ལྟར་བསྒོམས་པས་མངོན་ཤེས་ལྔ་རིམ་གྱིས་ཐོབ་སྟེ། དེ་ལ་གཉིས་སུ་མེད་པའི་རིམ་པ་ཞེས་ཀྱང་གསུངས་སོ། །དེ་ལྟར་བསྒོམས་པས་ཆོས་མཆོག་མན་གྱི་ལམ་ཆོད་ནས་ཕྱག་རྒྱ་ལུང་སྟོན་པ་འབྱུང་ལ། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་དུ་བྱེད། གནས་སོགས་བཅུ་གཉིས་རིམ་གྱིས་བགྲོད་དེ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ཐོབ་པར་འགྱུར་རོ། །རྒྱས་པར་ནི་རྣལ་འབྱོར་དབང་།


JKT004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ས་སྐྱ་པའི་རིམ་བཞི་ལམ་སློང་ལས་ཤེས་པར་བྱའོ། །སྐུ་གསུམ་ལྷུན་གྲུབ་གཞིར་གནས་རྩ་ཁམས་ལ། །ཨོཾ་ཡིག་འོད་ཀྱིས་བྱང་སེམས་བཞུས་པ་ལས། །ཡས་བབས་མས་བརྟན་དགའ་བཞིའི་རིམ་གྱིས་ནི། བླ་མེད་གསང་བ་མཆོག་གི་རྩེར་བགྲོད་ཤོག །ཤུ་བྷཾ། ། #div2 སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་སྟོང་ཐུན། ཨོཾ་སྭ་སྟི། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་སྟོང་ཐུན་ཅུང་ཟད་བཤད་ན། ངེས་ཤེས་འདྲེན་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་སྟོང་ཐུན་དངོས་སོ། །དང་པོ་ལ། རྒྱལ་བ་རིག་པ་སོགས་གསུམ། གཉིས་པ་བདེ་གཤེགས་འདུས་པའི་རྣམ་བཞག་སྤྱིར་བསྟན། སྒྲུབ་སྡེ་བརྒྱད་ཀྱི་གྲུབ་མཐའ་བྱེ་བྲག་ཏུ་དབྱེ། དང་པོ་ལ། གཞི། ལམ། འབྲས་གསུམ། ལམ་ལ་སྨིན་གྲོལ་ཡན་ལག་གསུམ། །སྨིན་བྱེད་ལ་ཕྱི་བུམ་དབང་ལའང་ཕྱི་ནང་གསང་གསུམ། རྡོ་རྗེ་སློབ་དཔོན་བཅས་གསང་དབང་། ཤེས་དབང་། བཞི་པ། ལམ་ལ། ཕྱི་དཀྱིལ་སྨིན་བྱེད་ལམ་གྱི། སོགས། དེ་ལ་བསྐྱེད་རིམ་ལ་སྤྱིར་སྒྱུ་འཕྲུལ་དྲྭ་བ་ལས། སྤྲོས་བཅས་ཀྱི་བསྐྱེད་རིམ་ལ་བདག་སྲས་གཞན་སྲས་ཀྱི་སྒོ་ནས་བསྒོམ་པ་སྦྱོར་དངོས་༡༡དོན་དང་། ༢རྗེས་༡༢ཀྱི་སྒོ་ནས་བསྟན་པ། རྫོགས་རིམ་སྣང་བ་ལ་བརྟེན་ནས་ལྷའི་རྫོགས་རིམ་སོགས་ལྔ། བྱེ་བྲག་འཇམ་དཔལ་འཁོར་ལོ་བཞི་ནི། སྐུ་གསུང་ཐུགས་རྡོ་རྗེ་རྩ་བའི་རྒྱུད་ལས། འཇམ་དཔལ་སྐུ་ཡི་སྒྲུབ་པ་ནི། འཁོར་ལོ་བཞི་ལ་རྫོགས་པ་ཡི། དང་། །


JKT004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་འཁོར་ལོས་གནས་ལུགས་བསྟན། །སྲིད་པའི་འཁོར་ལོས་སྣང་ལུགས་བསྟན། །སྤྲུལ་པའི་འཁོར་ལོས་སྒྲུབ་ལུགས་བསྟན། །གཅོད་པའི་འཁོར་ལོས་ཕྲིན་ལས་བསྟན། དང་། །པདྨ་གསུང་གི་སྒྲུབ་པ་ནི། །རྟ་སྐད་དང་པོས་གནས་ལུགས་སྟོན། །རྟ་སྐད་བར་པས་ལྟ་བ་བརྟག །རྟ་སྐད་ཐ་མས་ཕྲིན་ལས་བཞི། དང་། །ཨོ་ནི་གནས་ལུགས་ཆོས་ཀྱི་དབྱིངས། །རུ་ལུ་སྣང་ལུགས་ལོངས་སྤྱོད་རྫོགས། །རུ་ལུ་འོག་མ་སྤྲུལ་པའི་སྐུ། །ཧཱུྃ་བྷྱོ་ཧཱུྃ་ནི་དབྱེར་མེད་དོ། །བདུད་རྩི་ཡོད་ཏན་སྒྲུབ་པ་ནི། །བདུད་རྩི་རྣམ་པ་བཞིར་འདུས་ཏེ། །ཆོས་ཉིད་བདུད་རྩི་བསྟན་པ་དང་། །ལྷ་སྔགས་བདུད་རྩི་བསྟན་པ་དང་། །དམ་རྫས་བདུད་རྩི་བསྟན་པ་དང་། །སྨན་མཆོག་བདུད་རྩི་བསྟན་པའོ། །ཕུར་བུ་ཐལ་འབྱིན་དགོངས་པ་ནི། །ཆོས་ཉིད་ཡེ་ཤེས་ཕུར་བུ་དང་། །གསང་བ་བྱང་སེམས་ཕུར་བ་དང་། །ཚད་མེད་སྤྲུལ་པའི་ཕུར་པ་དང་། །མཚན་མ་རྫས་ཀྱི་ཕུར་པ་བཞི། དང་། །མ་མོ་རྦོད་གཏོང་སྒྲུབ་པ་ནི། །ཆོས་ཉིད་གཞི་ཡི་མ་མོ་དང་། །རྟོག་པ་ཡེ་ཤེས་མ་མོ་དང་། །འཁྲུལ་པ་ལས་ཀྱི་མ་མོར་འདུས། དང་། །ཁང་བུ་བཅའ་ཞིང་རྟེན་བཙུགས་ལ། །ཚུལ་བཞིན་མཆོད་ཅིང་དམ་བསྲེས་ན། །ཇི་ལྟར་བཅོལ་བའི་ལས་བྱེད་དོ། །འཇིག་རྟེན་མཆོད་བསྟོད་སྒྲུབ་པ་ཡིན། དང་། དམོད་པ་དྲག་སྔགས་སྒྲུབ་པ་ནི། །སྲོག་དང་


JKT004_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་གཉིས་ཀྱིས་སྒྲུབ། །སྲོག་ནི་གཟུགས་ལ་སྙིང་པོ་མིང་། །བསྐྱེད་དང་རྫོགས་དང་རྫོགས་པ་གསུམ། །རྫོང་འཕྲང་གསུམ་གྱིས་མཐར་གཏུགས་ལ། །རྣལ་འབྱོར་གསུམ་གྱིས་ཉམས་སུ་བླང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་ཡིན།། ༈ །།སྤྱི་དོན་ཞལ་ལུང་ལས། བྱ་རྒྱུད་ཀྱི་སྤྱོད་པའི་སྐབས། བྱ་བ་དྲུག་གི་དབྱེ་བ་ལ། འཇུག་པའི་དུས་ནི། དཔུང་བཟང་ལས། ཚེས་གྲངས་བཟང་པོ་ལ་འཇུག་སྟེ། ཁྱད་པར་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །གཟའ་སྐར་ཤིས་པས་བླང་བར་བྱ། །ཞེས་སོ། །བཟའ་བ་ཟས་ཀྱི་བྱ་བ་ནི། དཀར་གསུམ་མངར་གསུམ་ཟ་ཞིང་། ཤ་ཆང་སྒོག་བཙོང་ལ་སོགས་པ་བསྲུང་བའོ། །བགོ་བ་གོས་ཀྱི་བྱ་བ་ནི། རས་ཁ་ཚར་མ་ཉམས་པ་བགོ་བའོ། །གཙང་སྦྲ་ཁྲུས་ཀྱི་བྱ་བ་ལ་བཞི་སྟེ། ཉོན་མོངས་པའི་རྒྱུད་རགས་པའི་བག་ཆགས་ལྟ་བས། བག་ཉལ་གྱི་བག་ཆགས་ཏིང་འཛིན་གྱིས། སྤྱོད་ལམ་ཉམས་པའི་དྲི་མ་ལྷ་གཤེགས་དཀྱིལ་འཁོར་བསྡུ་བས། ཐ་མལ་གྱི་དྲི་མ་སྔགས་བཟླས་པའི་ཆུས་བཀྲུ་བའོ། །དམིགས་རྟེན་གྱི་བྱ་བ་ནི། ཡི་དམ་གྱི་སྐུ་བྲིས་འབུར་གང་རིགས་གཙང་སྦྲ་དང་ལྡན་པས་ཆོ་ག་བཞིན་བཞེངས་པའོ། །བཟླས་བརྗོད་བྱ་བ་ནི། ལྷ་ཡི་བདག་གི་འཕྲོ་འདུའི་དེ་ཁོ་ན་ཉིད་གསུམ་དང་ལྡན་ཞིང་སྐྱོན་བཅུ་སྤངས་པའི་ཚུལ་གྱིས་བཟླ་བ་སྟེ། དེ་སྐད་དུ། གསལ་བ་གསུམ་


JKT004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སྐྱོན་བཅུ་སྤངས་ལ་བླང་། །མཚམས་མེད་ལྔ་དང་མི་དགེ་བཅུ་སོགས་པའི། །སྡིག་པ་གང་བྱས་བཟླས་བརྗོད་བགྱིས་པས་སྦྱང་། །ཞེས་སོ།། ༈ །།ཡེ་ཤེས་བཞི་ནི།། ཆོས་དབྱིངས་ཡེ་ཤེས་ཀུན་གྱི་ཁྱབ་བྱེད་དུ་གྱུར་པས་ལོགས་སུ་མ་བགྲངས་བའི་ལྷག་མ་བཞིའོ། ༈ །།འཆད་ཐབས་ཀྱི་སྐྱོན་སྤོང་བའི་སྐབས། རྡོ་རྗེ་ཐེག་པ་ན་བབས་ཀྱི་སྐྱོན་ནི། ཐེག་པ་གོང་མ་འོག་མར་བབས་པའི་སྐྱོན་ནོ། །ཡོག་འབྲོག་འཆོལ་བ་ནི་གོ་རིམ་འཆོལ་བ། རིན་པོ་ཆེ་རྩར་འཆོལ་བའི་སྐྱོན་ནི། རིན་པོ་ཆེ་རྩལ་ལ་བརྒྱུད་པའི་དུས་སུ་ལེགས་པར་སྡེབ་མ་ཤེས་ན། གནས་སྐབས་སུ་བལྟ་བ་ལ་ཡང་མི་མཛེས་ཤིང་། རྒྱལ་ཁྲིམས་ཆེན་པོ་ཡོད་པའི་སར་ཆད་པ་འབྱུང་བ་བཞིན་ནོ། །ཞེས་ལམ་རིམ་གྱི་ཊི་ཀ་ལས་སོ།། ༈ །།བཤད་ཐབས་འདྲེན་པའི་ཚིག་བཅུའི་སྐབས། ལྡེམས་དགོངས་གསང་བ་བརྒྱད་ཀྱིས་སྦྱར། ཞེས་པ་ནི། གཞུག་པ། མཚན་ཉིད། གཉེན་པོ། བསྒྱུར་བ་ལྡེམས་དགོངས་ཏེ་བཞི་བོ་རེ་རེ་ལའང་། ཚིག་ལྡེམ་པ་དང་། །དོན་དགོངས་པ་གཉིས་རེ་ཕྱེ་བས་བརྒྱད་དུ་འགྱུར་ཏེ། དེ་ལ་དང་པོ་ནི། དཔེར་ན་གང་ཟག་ཁ་ཅིག་སེམས་ཞུམ་ནས་གསང་སྔགས་ཀྱི་སྒོར་ཞུགས་མི་ནུས་པ་རྣམས་ལ། གསང་སྔགས་ཀྱི་དོན་རྟོགས་པར་སླ་བའི་ཚུལ་གྱིས་ཚིག་ལྡེམ་པོར་བརྗོད་པ་ནི། དོན་གནས་ལུགས་རང་ལ་རང་ཆས་ལྷུན་གྲུབ་ཏུ་


JKT004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ་དགོངས་པ་སྟེ། བཀྲི་དྲང་གི་ཚིག་ཐམས་ཅད་ལ་ངོས་བཟུང་ངོ་། །གཉིས་པ་ནི། དབུ་མས་དབྱིངས་སྤྲོས་བྲལ་དུ་འདོད་པ་དང་མཐུན་པར་གསང་སྔགས་ཀྱང་སྤྲོས་བྲལ་དུ་འདོད་པས་ལྟ་བ་ལ་ཁྱད་པར་མེད་ཅེས་ཚིག་ལྡེམ་པོར་བརྗོད་པ་ནི། དོན་མཐར་བྲལ་ལྷུན་གྲུབ་ཀྱི་ལྟ་བ་ལ་དགོངས་པ་སྟེ། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་ཐམས་ཅད་ལ་ངོས་བཟུང་ངོ་། །གསུམ་པ་ནི། གསང་སྔགས་སླ་ཆོས་སུ་མཐོང་ཞིང་དོན་དུ་མི་གཉེར་པ་རྣམས་ལ་ཚིག་གིས་བསྒྲིབས་ནས་དཀའ་བ་ལྟར་བྱེད་ཅིང་ཐབས་ཀྱིས་འཛུད་དགོས་པའི་ཕྱིར། འདི་སྐད་དུ། །ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་ཐར་པ་ཐོབ་པར་འགྱུར། །ཅེས་པ་ལ་སོགས་པའི་ཚིག་ལྡེམ་པོར་བརྗོད་པ་ནི། དོན་གཟུང་འཛིན་དང་རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་གནས་སུ་དག་ནས་ཐར་བ་ཐོབ་པ་ལ་དགོངས་པ་སྟེ། མ་སྤངས་ཤིང་མི་ལྡན་པའི་གཏན་ཚིགས་ཐམས་ཅད་ལ་ངོས་བཟུང་ངོ་། །བཞི་པ་ནི། ཐེག་པ་འོག་མའི་སྒོར་ཞུགས་པའི་གང་ཟག་ཕལ་ཆེར་རང་སའི་ཡོན་ཏན་གྱིས་སེམས་ཁེངས་ནས། གསང་སྔགས་ལ་བརྙས་པ་བྱེད་ཅིང་དོན་དུ་མི་གཉེར་བ་རྣམས་ལ། དེ་དང་དེའི་ལམ་གྱིས་འབྲས་བུ་མི་ཐོབ་པས་ཡོན་ཏན་དམན་པའི་ཚུལ་གྱིས་ཚིག་ལྡེམས་པོར་བརྗོད་པ་ནི། དོན་གསང་སྔགས་ལ་མ་བརྟེན་


JKT004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཐར་ཐུག་གི་འབྲས་བུ་མི་ཐོབ་པ་ལ་དགོངས་པ་ཏེ། གསང་སྔགས་ཀྱི་ཆེ་ཡོན་ཐམས་ཅད་ལ་ངོས་བཟུང་ངོ་།། ༈ །།ཁྲེའུར་ཞེས་པ་ནི་མང་པོ་ལས་ལོགས་སུ་བཏུས་པའི་དོན།། ༈ །།མི་གཉིས་པ་ནི་གཉིས་སུ་མེད་པ།། ༈ །།སེམས་ལྔ་པོ་དེ་ཐུན་མོང་གི་ཐེག་པ་ལ་སྦྱར་བའི་ཚེ་ཐུན་མོང་དང་། སྔགས་ལ་སྦྱར་བའི་ཚེ་མཆོག་གི་སེམས་ལྔའམ། ཡང་ལམ་སྤྱིར་བརྩི་བ་ཐུན་མོང་དང་། ཐབས་ལམ་གྱི་སྐབས་ཁམས་ཀྱི་འགྲོས་ལ་བརྩི་བར་མཆོག་གི་སེམས་སུ་བཞེད་དོ།། ༈ །།ལྟ་བའི་སྐབས་ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་ལྷ་གྲངས་དང་། བླང་བྱ་རྒྱུད་དོན་གྱི་ལྷ་གྲངས་གཉིས་ཀྱི། དང་པོ་ནི། ཁྱབ་བྱེད་ལམ་ཀུན་ཁྱབ་བྱ་ལྟ་བས་ཁྱབ་པའི་ཕྱིར་ལམ་གྱི་ལྷ་གྲངས་དགུ་སྟེ། ལམ་རིམ་ལས། །མཉམ་ཉིད་ངང་གིས་མི་སྐྲག་པ། །མངོན་བྱས་ངེས་པའི་ཤེས་༡རབ་དང་། །རྣམ་པ་ཀུན་ལྡན་སྟེང་ཆེན་༢མཐོང་། །རང་རིག་ཡེ་ཤེས་སྙིང་༣རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་ལྟ། །ཐམས་ཅད་གསལ་བའི་ལྟ་བ་༥དང་། །བར་ཆད་མེད་པའི་ཚོགས་༦ཆེན་མཐོང་། །དབང་བསྒྱུར་༧མཉམ་ཉིད་མི་གཡོ་རབ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་གསུང་སྟེ་དེའི་དོན་ནི། ཆོས་ཉིད་བདེན་པ་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ངང་ལས་མི་སྐྲག་པའི་བཟོད་པ་ཐོབ་པས། རང་རིག་པའི་མངོན་སུམ་སྒྲོ་འདོགས་དང་བྲལ་བར་གནས་


JKT004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡིད་ཆེས་པའི་ངེས་གཏིང་ཚུགས་པར་རྙེད་པ་ནི་ངེས་པའི་ཤེས་རབ་ཀྱི་ལྟ་བ།། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་མཐོང་བའི་ངང་ལ་གནས་པ་དེ་བཞིན་ཉིད་ཀྱི་༢ལྟ་བ། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་རང་རིག་པའི་སྙིང་རྗེ་ཆེན་པོའི་ཏིང་འཛིན་གྱིས་ཡེ་ཤེས་སྒྱུ་མར་གཟིགས་པ་ཀུན་སྣང་སྙིང་རྗེ་ཆེན་པོའི་ལྟ་བ༣། འབྲས་བུ་དབྱེར་མེད་ཡི་དམ་ལྷ་ཡི་སྐུ་གཅིག་སྣང་སྟོང་ཟུང་འཇུག་ཏུ་གསལ་བར་ལྟ་བ་ཕྱག་རྒྱ་གཅིག་པའི་ལྟ་བ། རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་ཆེན་པོར་གཉིས་མེད་དུ་གསལ་བ་རྟོགས་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་ལྟ་བ། སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཡོ་བྱད་ཐམས་ཅད་སྣང་ལ་རང་བཞིན་མེད་པར་སྤྱད་པས་ཚོགས་གཉིས་རྫོགས་པར་མཐོང་བ་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་ཀྱི་༦ལྟ་བ། རིག་པ་ལ་རང་དབང་བསྒྱུར་ཞིང་ཟག་མེད་མངོན་དུ་མཐོང་བ་མཐོང་ལམ་རྣམ་སྨིན་དང་ཚེ་དབང་གི་ལྟ་བ༧། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལས་བློ་མི་གཡོ་བསྒོམ་ལམ་ཕྱག་ཆེན་རིགྱི་ལྟ་བ། མཉམ་བཞག་གི་ངང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཡུལ་མེད་དུ་མཁྱེན་ཅིང་མངའ་བ་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་ལྟ་བ་དང་དགུའོ། །གཉིས་པ་ནི། རྒྱུད་ཀྱི་དངོས་པོ་ཐམས་ཅད་ལའང་ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར། རྒྱུད་དོན་གྱི་ལྷ་གྲངས་དགུ་སྟེ། སྔ་མར། རྒྱུད་དོན་གཟུངས་ཀྱིས་ཟིན་པ་ན། །


JKT004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་སོགས་མི་འདའ་བ་དམ་ཚིག་གི །བླང་དོར་མེད་པ་སྤྱོད་པའི། བཀོད་པ་དཀྱིལ་འཁོར་གྱི། རོལ་པ་ཕྲིན་ལས་ཀྱི། གནས་སུ་སྟོབ་པ་མཆོད་པའི། རིམ་པ་དབང་གི །དོན་དུ་གཉེར་བ་སྒྲུབ་པའི། ཉམས་སུ་ལེན་པ་ཏིང་འཛིན་གྱི། འཆིང་གྲོལ་མེད་པ་སྔགས་དང་ཕྱག་རྒྱའི་ལྟ་བ་རྣམས་ཏེ། དེ་དག་ཐམས་ཅད་ལྟ་བ་བདེན་གཉིས་དབྱེར་མེད་ཀྱི་རྒྱས་བཏབ་ནས་བསྒོམ་པའི་ཕྱིར་རོ།། ༈ །།གོང་འོག་འགར། རུ་ཞེས་སྣང་བ་ནི། གུ་རུའི་སྒྲ་བསྡུས་པས་བླ་མ་ལ་འཇུག་སྟེ་སྔ་འགྱུར་གྱི་སྐབས་འདིར་བླ་མ་དབང་ཕྱུག་དང་རུ་སོགས་ཀྱི་སྒྲས་སྨོས་པ་མང་ངོ་།། ༈ །།བརྒྱད་དང་བཞི་ལ་ངེས་པར་ནི། །སྟང་དཔྱལ་གཉིས་ཀྱི་དཀྱིལ་འཁོར་ཏེ། །ཕྱག་རྒྱ་དགུ་ཡི་མཚན་མས་གདབ། ཅེས་པའི་ཕྱག་རྒྱ་དགུ་ནི། སྐུ་གསུང་ཐུགས་ཀྱི་ལྷ་གསུམ། ཡེ་ཤེས་སེམས་དཔའ། དབུ་རྒྱན་རིགས་ལྔ་བཅས་སོ།། ༈ །།གོ་མ་ཡེ་ནི་བ་བྱུང་ལྔ་དང་། སུམ་ཅུ་ནི་བླ་མེད་ཀྱི་བུམ་རྫས་སུམ་ཅུའོ།། ༈ །།རྒྱའི་ཡི་གེ་ལ་ཡི་གེ་བཞི་བཅུ་རྩ་གཉིས་ཞེས་པའི་རྒྱའི་ཡི་གེ་ཨ་དང་། བཞི་བཅུ་རྩ་གཉིས་ནི་ཀ་ནས་ཀྵཡི་བར་གསལ་བྱེད་དང་༢༠། ཨི་ཨཱི་ནས་ཨོ་ཨོ་བར་དབྱངས་བརྒྱད་དེ་ཞེ་གཉིས་སོ།། ༈ །།ལྗོན་ལྕུག་སྡོང་རེག་མཚན་རྫོགས་དང་། ཞེས་པ་ཕྱི་གནས་དང་། ནང་ཕྱག་རྒྱ་ལ་སྦྱར་བ་གཉིས་


JKT004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། ཞི་བའི་གནས་ལྗོན་ཤིང་གི་སྐྱེད་ཚལ། རྒྱས་པའི་གནས་ལྕུག་ཕྲན་རྒྱས་པའི་ས། དབང་ལ་ཤིང་གཅིག་གི་དྲུང་། དྲག་པོ་ལ་ནགས་ཚལ་མེས་ཚིག་པའི་ཤུལ་ལོ། གཉིས་པ་ནི། ཞི་བའི་ཡུམ་ལྗོན་ཤིང་ལྟ་བུ་སྟེ། ཁ་དོག་དཀར་ཞིང་། རི་མོ་འཁོར་ལོའི་གཟུགས་སུ་ཡོད་པ། རྒྱས་པའི་ཡུམ་ལྕུག་ཕྲན་གྱི་ཚལ་ལྟ་བུ་ནི། ཁ་དོག་སེར་ལ་རི་མོ་རིན་པོ་ཆེའི་གཟུགས་སུ་ཡོད་པ། དབང་གི་ཡུམ་སྡོང་གཅིག་ལྟ་བུ་ནི། ཤ་རྩ་དཀར་ལ་དམར་མདངས་ཆགས་པ་རི་མོ་པདྨའི་དབྱིབས་སུ་ཡོད་པ། དྲག་པོའི་ཡུམ་མེས་རེག་པ་ལྟ་བུ་ནི། ཁ་དོག་ནག་གམ་སྔོ་ལ་རི་མོ་ཟུར་གསུམ་དུ་ཡོད་པའོ། །གཞན་དུ་ཕྱི་གནས། ནང་ཏིང་འཛིན། གསང་བ་ཕྱག་རྒྱ་ལ་ངོས་བཟུང་བའི་ཚུལ་ཀྱང་འབྱུང་ངོ་། །འགྲེལ་ཆུང་ལས། །ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ས། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་གནས། །མ་རྨོས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་བརྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ཞེས་ཀྱང་གསུངས་སོ།། ༈ །།ལས་ཚོགས་ནི་རྒྱུད་དོན་གཞན་རྣམས་སྒྲུབ་པའི་ཆ་རྐྱེན་དུ་འགྱུར་ཏེ། གང་འདོད་པའི་སྤྱོད་ཡུལ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་འགལ་རྐྱེན་གྱིས་མི་འཕྲོག་པས་ལྟ་བ་རྟོགས་པའམ། སྤྱོད་པ་སྤྱད་པ་སོགས་ལ་ཐོགས་པ་མེད་པའི་ཕྱིར་རོ།། ༈ །།སྦྱིན་སྲེག་སྐབས།


JKT004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དུག་དང་ཚ་བ་ས་གསུམ་དང་། །ཞེས་པའི་ས་གསུམ་ནི་ཡི་གེ་ཉམས་པ་ལས། དོན་དུ་ཚྭ་གསུམ་ཞེས་རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚ་གསུམ་ཡིན་ནམ་སྙམ།། ༈ །།མུཀྐའི་ཆན་ནི་སྲན་མའི་ཆན། དན་ཏི་ལི་ཞེས་པ་དཎྜ་རོག་པོ་སྟེ། བལ་ཡུལ་སོགས་སུ་སྣུམ་ནག་གི་རྒྱུའོ།། ༈ །།སྟངས་ཀྱི་སེམས་ཞེས་ལས་བཞི་གང་ཡིན་གྱི་དམིགས་པའི་སྟངས་བར་མ་ཆད་པ།། ༈ །།སྔགས་སྤུ་གྲི་དང་བཅས་པ་ཞེས་ལས་བཞི་སོ་སོའི་སྔགས་ཤམ།། །།མཉམ་སྐྱིལ་ནི་བདེ་ལུགས་ཀྱི་སྐྱིལ་ཀྲུང་། པད་སྐྱིལ་ལོང་བུ་བསྣོལ་བ། རུས་སྦལ་གྱི་འདུག་སྟངས་ནི་སྟེགས་ལ་ཧོར་འདུག་བྱེད་པ། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཀྱི་ཁྱད་པར། ཧེ་རུ་ཀ་གལ་པོ་ལས། །རྡོ་རྗེ་ཚེ་དང་གལ་ཕྱིས་དང་། ཚེ་ཁྲིད་ཛ་གད་ཛ་བྷཾ་དང་། །བྲན་མོ་ཤམ་མོ་ཀུན་ཏུ་རྒྱུག །ན་ལིང་བདེ་རྒྱས་ལ་སོགས་བཤམ། ཅེས་པའི་ངོས་འཛིན་སོ་སོའི་མཆན་གྱིས་གསལ་བ་བཞིན་ནོ།། ༈ །།ཐུགས་ཐིག་གི་ལུགས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །གཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་་ལུས་དང་ཡན་ལག་གི་ཡི་གེ་འདུས་ནས་ཡི་དམ་གྱི་ལྷ་གང་ཡིན་པ་བསྐྱེད་པ་ན་གྲུབ་པ་བཞི་རང་བཞིན་གྱིས་ལྡན་པ་ཡིན་ཏེ། ཆོས་ཉིད་གཉུག་མའི་ཡེ་ཤེས་གཞོམ་དུ་མེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་རང་ལ་


JKT004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་རང་ཆས་སུ་གནས་པ་ནི་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། རྩ་རླུང་ཐིག་ལེ་རྟོག་ཚོགས་ཀྱི་རྣམ་པ་ཐམས་ཅད་ཡི་གེ་དང་། སྔགས་དང་། ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོར་རང་ཆས་སུ་ཤར་བ་ནི་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དེ་ཉིད་སྐྱེ་འགགས་མེད་པའི་ཡེ་ཤེས་སུ་རང་སྣང་བས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་པ་བྱིན་རླབས་ཀྱིས་གྲུབ་པ། སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པའི་སྦྱོར་བས་མཆོག་གི་དངོས་གྲུབ་སྐུ་ལྔ་ལྷུན་གྱིས་གྲུབ་པ་དང་། ཐུན་མོང་གི་དངོས་གྲུབ་ལ་དབང་འབྱོར་བ་མཐུས་གྲུབ་པ་སྟེ། དེ་ལྟ་བུའི་སྔགས་ཀྱི་ནུས་པས་དངོས་གྲུབ་རྣམ་གཉིས་ལ་སྦྱོར་བའི་ཕྱིར་ནུས་མཐུ་ཁྱད་པར་ཅན་དུ་འགྱུར་བ་ནི་སྔགས་ཀྱི་ངོ་བོའོ། །ཕྱག་རྒྱའི་ངོ་བོ་ནི། སྐུ་ཕྱག་ཆེན། གསུང་ཆོས་རྒྱ། ཐུགས་དམ་རྒྱ། འཕྲོ་འདུ་ཕྲིན་ལས་བཞིར་རྫོགས་པ་ཉིད་ལས་མི་འདའ་བས་ཕྱག་རྒྱ་སྟེ། དེ་ལྟ་བུས་རྣལ་འབྱོར་པའི་པ་གང་གི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ལ་རྒྱས་བཏབ་པར་སྣང་བའོ།། ༈ །།ཚེ་དབང་རིག་འཛིན་གྱི་སྐབས་སུ། ངོ་བོ་ཐབས་དང་སྨན་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིག་འཛིན་དང་། །ལམ་མཆོག་རྫོགས་པའི་རིག་འཛིན་བཞི། ཞེས་པའི་དོན། འདི་ལྟར་ཚེ་ལ་དབང་བའི་རིག་འཛིན་ནི་སྒྲས་བརྗོད་རིགས་ཀྱི་དབྱེ་བའི་དབང་དུ་བྱས་ན་རྒྱུ་བཞི་ལས་བྱུང་བ་སྟེ། རྡོ་རྗེའི་ཚེ་སྒྲུབ་པའི་ཐབས་དང་། །


JKT004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤིང་དང་། ར་མོ་ཤག་དང་། བདུད་རྩི་ལྔ་དང་། གཞན་ཡང་བཅུད་ལེན་གྱི་སྨན་སྦྱོར་ཇི་སྙེད་པ་ལ་བརྟེན་ནས་ཚེ་རིང་བར་གྱུར་པ་དང་། དངོས་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་ནས། ཐབས་ལམ་སྟེང་སྒོ་དང་འོག་སྒོའི་རྣལ་འབྱོར་གྱིས་ཐིག་ལེ་དབབ་བཟུང་བཟློག་དགྲིམ་གྱི་སྦྱོར་བས་དངུལ་ཆུའི་སྦྱོར་བས་ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར་སྙིགས་མ་དྭངས་མའི་ལུས་སུ་གྱུར་ནས་ཚེ་རིང་བར་གྱུར་པ་དང་། སྒྲོལ་མའི་རྣལ་འབྱོར་ནི། སྟེང་འོག་གི་འཁོར་ལོ་དང་། སྟེང་འོག་གི་རླུང་རྡོ་རྗེ་དྷཱ་ཏཱིའི་དབྱིངས་སུ་ཁ་སྦྱོར་གྱི་ཆོ་གས་བཅིངས་པ་ལས་འགོག་པའི་སྙོམས་འཇུག་ལྟར་ཚེ་བསྐལ་པར་གནས་པ་དང་། ལམ་མཆོག་ཡོངས་སུ་རྫོགས་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱིན་ཅི་མ་ལོག་པའི་གོམས་པ་བརྟས་པས་མཐོང་ལམ་ཟག་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པའོ།། ༈ །།ཕྱག་ཆེན་གྱི་རིག་འཛིན་ལ། ཀྲི་ཡས་རིགས་གསུམ་དབྱེ་བ་ནི། སྤྱིར་བྱ་བའི་རྒྱུད་ཀྱི་བསྒྲུབ་བྱའི་ལྷ་ཐམས་ཅད་རིགས་དྲུག་ཏུ་འདུ་ཞིང་། དེའང་བསྡུ་ན། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་དུ་འདུ་བ་ལས། ལམ་དུས་སུ་སྒྲུབ་པ་པོས་གང་ལ་བསྙེན་པའི་ལྷ་དེ་དང་དེ་ཡི་རྣམ་པར་ཤར་པའོ། །ཨུབྷ་ཡས་རིགས་བཞིར་སྣང་བ་ནི། མི་བསྐྱོད་པ་མ་གཏོགས་པའི་རིགས་ལྷག་མ་བཞི་དང་། རྣལ་འབྱོར་གྱི་རྒྱུད་དུ་རིགས་ལྔར་སྣང་བ་ནི་སྤྱི་


JKT004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རོ། ༈ །གཞི་ལམ་འབྲས་བུའི་རྣམ་གཞག་ཚིག་དོན་གྱི་ས་བོན་ཅེས་བྱ་བ། རྗེ་བཙུན་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐེག་པ་ཐམས་ཅད་ཀྱི་བརྗོད་བྱ་གཞི་ལམ་འབྲས་གསུམ་གྱི་རྣམ་པར་བཞག་པ་ལ་གསུམ་སྟེ། དང་པོ་གཞི་ཡི་རྣམ་པར་བཞག་པ་ནི། ཉན་ཐོས་བྱེ་སྨྲ་བས། ཆོས་གོས། བསོད་སྙོམས། གནས་མལ་ངན་དོན་ཙམ་གྱི་ཆོག་ཤེས་པ་གསུམ་དང་། སྤོང་བ་བསྒོམ་པ་ལ་དགའ་བ་སྟེ་བཞིས་བསྡུས་པའི་སེམས་བྱུང་མ་ཆགས་འཕགས་པའི་རིགས་ཅན་འདོད་ཆུང་ཆོག་ཤེས་ཞིག་ལ་འདོད། མདོ་སྡེ་པས་ཟག་མེད་སེམས་གྱི་ས་བོན་འབྲས་བུ་འབྱུང་རུང་གི་ནུས་པ་ལ་འདོད། ཐེག་ཆེན་སེམས་ཙམ་པས། ཀུན་གཞིའི་རྣམ་ཤེས་ལ་ཡོད་པའི་ཟག་མེད་ཀྱི་ཡོན་ཏན་རྐྱེན་དང་ཕྲད་ན་བྱང་ཆུབ་ཐོབ་པར་བྱེད་པའི་ནུས་པ་ཐོག་མེད་ནས་ཡོད་པ་སྐྱེ་མཆེད་དྲུག་གི་ཁྱད་པར་རམ། ཟག་མེད་ས་བོན་གྱི་ཆའམ། སྒྲིབ་པ་སྤང་རུང་ངམ། ཐོས་པའི་བག་ཆགས་སོགས་མིང་གི་རྣམ་གྲངས་དུ་མ་དང་ལྡན་པ་ཞིག་ལ་འདོད། དབུ་མ་པ་ལ། བྱམས་མགོན་གྱིས་རྒྱུད་བླར་གསལ་བའི་ལྡོག་ཆ་ནས་བཤད་པ་གཙོ་ཆེ་སྟེ། གཞི་ལམ་འབྲས་བུའི་ཡོན་ཏན་གྱི་ལྡོག་པ་མ་ལུས་པ་ཚང་བའི་བདེ་གཤེགས་སྙིང་པོ་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་སོགས་སྒྲུབ་བྱེད་གསུམ་གྱིས་འགྲོ་རྒྱུད་ལ་ཡོད་པར་བསྒྲུབ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་


JKT004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ཞེས་སོགས་རྣམ་གཞག་བཅུ་ཡིས་གཏན་ལ་ཕབ། སངས་རྒྱས་པད་ནང་སྦྲང་རྩི་སྦྲང་མ་ལས། །ཞེས་སོགས་དྲི་མས་སྒྲིབ་ཚུལ་དཔེ་དགུས་བསྟན། དག་སོགས་བྲལ་བ་རང་གཞན་དོན། །ཅེས་སོགས་དང་། རང་དོན་དོན་དམ་སྐུ་དང་ནི། །ཞེས་སོགས་དང་། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཞེས་སོགས་རྣམས་ཀྱིས་རིམ་པ་བཞིན། དག་པ་གཉིས་ལྡན་གྱི་བྱང་ཆུབ་དང་། བྲལ་བ་དང་རྣམ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་། རྒྱུན་མི་འཆད་པ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོགས་ཀྱིས་འབྲས་བུའི་གནས་ཚུལ་ཁྱད་པར་བཤད་པའི་ཕྱིར། སློབ་དཔོན་ཀླུ་སྒྲུབ་རིག་ཚོགས་ལས་སྟོང་པའི་ལྡོག་ཆ་གཙོ་ཆེ་བར་གསུངས་ཏེ། དེ་ལས་རྟེན་འབྲེལ་གྱི་རྟགས་དང་། མཐའ་བཞིའི་སྤྲོས་པས་སྟོང་པའི་ཚུལ་རིགས་པས་གཏན་ལ་ཕབ་ནས་ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་ལ་འཁོར་འདས་ཀྱི་བྱ་བྱེད་རུང་བར་གསུངས་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱི་བསྟོད་ཚོགས་ལས་ཟུང་འཇུག་གི་ལྡོག་ཆ་གཙོ་ཆེ་བར་གསུངས་ཏེ་རྟེན་འབྲེལ་གྱི་རྟགས་ལས་འདུས་བྱས་བདེན་སྟོང་གི་སྟོང་ཉིད་དེ་དང་། བདེན་གྲུབ་བཀག་པའི་ཅི་ཡང་མེད་པ་ཙམ་ཡིན་པ་སྤངས་ནས། འཁོར་འདས་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་སེམས་དང་ཟུང་དུ་འཇུག་པ་ཉིད་འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར་ཞེ་ན། གཞི་སྟོང་པ་ཉིད་ལས་འཁོར་


JKT004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་བྱ་བྱེད་རུང་བར་གསུངས་པའི་ཕྱིར་ཏེ། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པ་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། ཅེས་ཉོན་མོངས་པའི་སྦུབས་ན་རང་བཞིན་གྱི་དྲི་མས་མ་གོས་པའི་སེམས་རང་རིག་རང་གསལ་རྒྱུན་ཆགས་སུ་ཡོད་པར་བཤད་ནས། དེ་ཉིད་བདེན་པར་གྲུབ་བམ་སྙམ་ན། བསམ་གྱིས་མི་ཁྱབ་པར་བསྟོད་པར། གང་གི་དངོས་པོ་རྟེན་འབྱུང་རྣམས། །ངོ་བོ་མེད་པ་ཉིད་དུ་གསུངས། །ཞེས་རྟེན་འབྲེལ་གྱི་རྟགས་ལས་དེ་ཡང་བདེན་མེད་དུ་བཤད་པ་ལས་དེ་ལྟར་གྲུབ་པའི་ཕྱིར་རོ། །དེས་ན་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་སྔགས་ཀྱི་རྒྱུད་རྣམས་སུའང་རྡོ་རྗེའི་ཚིག་དུ་མས་གཏན་ལ་ཕབ་སྟེ་དགོངས་པ་གཅིག་ཏུ་གྲུབ་བོ། །གཉིས་པ་ལམ་གྱི་རྣམ་པར་བཞག་པ་ལ། སྤྱིར་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད་རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་དུ་འདུ་བ་ལས། ཉན་ཐོས་པ་དག་ངེས་པར་འབྱུང་བའི་བསམ་པས་སོ་སོར་ཐར་པ་རིས་བདུན་གང་ཡང་རུང་བ་བླངས་ནས་ཉེས་སྤྱོད་ཀྱི་ཚོགས་རྣམས་སྡོམ་པ་ཙམ་གཙོ་བོར་བྱེད་པ་ལྷག་པ་ཚུལ་ཁྲིམས་དང་། བསམ་གཟུགས་ཀྱི་སྙོམས་འཇུག་ལ་སོགས་པར་སྒྲུབ་པར་བྱེད་པ་བསམ་གཏན། བྱང་ཆུབ་ཕྱོགས་ཀྱི་ཆོས་དང་མཐུན་པར་ཡིད་ལ་བྱེད་པ་ཤེས་རབ་ཀྱི་བསླབ་པ་རྣམས་སུ་བཞག་


JKT004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། རང་རྒྱལ་ནི་དེའི་སྟེང་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ལ་བསྒོམ་པ་དང་། རྣམ་པར་འབྱེད་པའི་ཤེས་རབ་བརྟེན་པའོ། །བྱང་སེམས་པས་སྨོན་འཇུག་གིས་བསྡུས་པའི་ཚུལ་ཁྲིམས་གཞན་ཕན་གཙོ་བོར་བསྒྲུབ་ཅིང་། ཞི་གནས་བསམ་གཏན་དང་། ལྷག་མཐོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་དང་། རྡོ་རྗེ་ཐེག་པར་དབང་བསྐུར་བས་ཐོབ་པའི་སྔགས་ཀྱི་ཚུལ་ཁྲིམས་དང་། མ་པ་སེམས་རྩེ་གཅིག་པའི་ཏིང་འཛིན་བསྒྲུབས་ནས། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཟབ་མོ་རྫོགས་པའི་རིམ་པས་ཆོས་རྣམས་ཀུན་གྱི་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་དབང་བསྒྱུར་བའོ། །གསུམ་པ་འབྲས་བུ་ནི། བྱེ་སྨྲ་བས་སངས་རྒྱས་སྐུ་ལ་རྣམ་གྲོལ་ཆོས་སྐུ་དང་། རྣམ་སྨིན་གཟུགས་སྐུ་གཉིས་སུ་འདོད། མདོ་སེམས་དབུ་གསུམ་གྱིས་སྐུ་གསུམ་ཡེ་ཤེས་བཞི་རུ་འདོད། བྱ་རྒྱུད་སོགས་འོག་མ་གསུམ་གྱིས། སྐུ་གསུམ་འདོད་ཚུལ་ཕར་ཕྱིན་དང་ཆ་འདྲ་ལ། རྣམ་པའི་འདོད་ཚུལ་ནི་ཐ་དད་དེ། སྤྱོད་རྒྱུད་མན་ཆད་གཟུགས་སྐུ་རིགས་ལྔར་མི་འདོད་ཀྱང་། རྣལ་འབྱོར་རྒྱུད་ཡན་ཆད་དུ་རིགས་ལྔར་འདོད། རྣལ་འབྱོར་ཆེན་པོར་སྐུ་བཞིའི་རྣམ་བཞག་ཁས་ལེན་ཅིང་། རྣལ་འབྱོར་དབང་ཕྱུག་གི་མན་ངག་སོགས་ལས་སྐུ་ལྔར་གསུངས་པའི་ཚུལ་ཡང་ཡོད་དོ། །ཞེས་པའང་ཨ་བྷཱ་ཡས་བཏུས་


JKT004_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། ༈ །།རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་ས་ལམ་གྱི་རྣམ་གཞག་འདི་ལྟར་འཆད་དེ། དེ་ཡང་ས་ལྷག་མ་གསུམ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་བགྲོད་པར་མི་ནུས་ཏེ། དེ་གསུམ་བླ་མེད་ཀྱི་ལམ་ཁོ་ནའི་བགྲོད་བྱ་ཡིན་པའི་ཕྱིར། ཡུལ་ཉི་ཤུ་རྩ་བཞིའི་རླུང་སེམས་དབུ་མར་ཞུགས་པས་ས་བཅུ་དང་། དེ་སྟེང་སྙིང་ཁའི་ཕྱི་བསྐོར་གྱི་རྩ་འདབ་བརྒྱད་དང་། སྦས་པའི་རྩ་ལྔའི་རླུང་སེམས་དབུ་མར་ཞུགས་པས་ལྷག་མ་གསུམ་བསྐྱེད་དགོས་ཤིང་། དེ་བསྐྱེད་པའི་ཐབས་བླ་མེད་ཀྱི་ལམ་ལ་རགས་ལས་པའི་ཕྱིར། འོ་ན་ཕར་ཕྱིན་པས་ས་བཅུ་པ་ཡང་བགྲོད་པར་མི་ནུས་པར་དོགས་ན། ས་བཅུ་མན་ཆད་ཀྱི་རྟོགས་པ་ལུས་དང་སེམས་ལ་གནད་དུ་བསྣུན་པ་གཉིས་ཀས་ཕྱེ་བས་ཕར་ཕྱིན་པ་ཕྱི་མའི་ཚུལ་ཅན་ཡིན་པའི་ཕྱིར། ས་ལྷག་མ་གསུམ་པོ་སྦས་པ་གསུམ་ཞེས། ས་བཅུ་གཅིག་པ་དོན་སྦས་ལ་མིང་མ་སྦས་ཏེ། མིང་ཕར་ཕྱིན་ལ་གྲགས་ཀྱང་དོན་སྔགས་ལ་ས་བཅུ་གཉིས་པ་མན་ཆད་སློབ་པ་དང་། བཅུ་གསུམ་པ་མི་སློབ་པར་བསྟན་པའི་ཕྱིར། ས་བཅུ་གཉིས་པ་མིང་དོན་གཉིས་ཀ་སྦས་ཏེ་ཕར་ཕྱིན་ལ་མིང་དོན་དེ་ལྟར་མ་གྲགས་པའི་ཕྱིར། ས་བཅུ་གསུམ་པ་མིང་སྦས་ལ་དོན་མ་སྦས་པ་སྟེ། བཅུ་གསུམ་པའི་མིང་མ་གྲགས་ཤིང་དོན་ཐེག་ཆེན་མི་སློབ་པའི་ལམ་ལ་འཇོག་ཕྱིར་དེར་གྲགས་པའི་ཕྱིར། དེས་ན་ས་བཅུ་གཅིག་པའི་མིང་ཙམ་ཞིག་ཕར་ཕྱིན་


JKT004_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲགས་ཀྱང་དེ་དངོས་མ་ཡིན་ཏེ་དངོས་སློབ་ལམ་ཁོ་ནས་ཁྱབ་པའི་ཕྱིར། དེས་ན་ཕར་ཕྱིན་སྔགས་གཉིས་སངས་རྒྱས་ཀྱི་མཚན་ཉིད་སྐུ་གསུམ་ཡེ་ཤེས་ལྔ་ཉིད་སྤངས་རྟོགས་ཐམས་ཅད་རྫོགས་པ་ལ་མཐུན་ཀྱང་། མཚན་གཞི་མི་མཐུན་ཏེ་སྔ་མས་ས་བཅུ་གཅིག་པ་དང་། ཕྱི་མས་བཅུ་གསུམ་པ་ལ་འཇོག་པའི་ཕྱིར། འོ་ན་ཕར་ཕྱིན་གྱི་ཐེག་པས་སངས་རྒྱས་དངོས་མི་ཐོབ་པས་དོན་མེད་པར་ཐལ་ཞེ་ན། ཕར་ཕྱིན་རང་རྐང་གིས་ས་བཅུ་པའི་བར་ཐོབ་ཅིང་། དེ་ནས་སྔགས་ལམ་ལ་མི་འཇུག་པ་མི་སྲིད་པའི་ཕྱིར་དེ་ཡན་ཆད་སྔགས་ལམ་གྱིས་ཚེགས་ཆུང་དུས་ཐོབ་པའོ། །ཀྱེ་རྡོར་ལས་གནས་དང་ཉེ་བའི་གནས་སོགས་བསྡུས་པའི་སློབ་ལམ་ས་བཅུ་གཉིས་སུ་ཕྱེ་ཞིང་། དེའི་ཚེ་དེས་བསྡུས་པའི་ཡུལ་ཆེན་པོ་གཉིས་ཀྱི་ནང་གནས་རབཞི་བཞིའི་རླུང་སེམས་དབུ་མར་ཚུད་ཅིང་། ཕྱིའི་ཡུལ་བཞིའི་མཁའ་འགྲོ་བཞི་དབང་དུ་འདུས་པས། ས་དང་པོ་གཉིས་གཉིས་ཀྱི་རྟོགས་པ་འགྲུབ་ཅིང་། དེ་བཞིན་དུ་ཕྱི་ནང་གི་ཡུལ་གཉིས་དབང་དུ་འདུས་པས་༢༨ས་གསུམ་ནས་བཅུ་པའི་བར་དང་། བཞི་བཞི་དབང་དུ་འདུས་པས་༣ ༢ས་བཅུ་གཅིག་བཅུ་གཉིས་གྲུབ་པར་གསུངས་པ་དང་། བདེ་མཆོག་རྩ་རྒྱུད་དང་སཾ་ཊ་བདུན་པར་ཡུལ་ཉེར་བཞིའི་དང་པོ་བཞི་བཞི་དབང་དུ་འདུས་པས་ས་དང་པོ་གཉིས་དང་། དེའི་ལྷག་མ་གཉིས་གཉིས་དབང་དུ་འདུས་པས་ས་བཅུ་པའི་


JKT004_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐོབ་པར་བཤད་པ་དང་། དེ་སྟེང་དཔེ་མེད་དང་ཡེ་ཤེས་ཆེ་གཉིས་བསྣན་པར་མངོན་བརྗོད་ལས་གསུངས་པས་མཐུན་ལ། མི་སློབ་པའི་ས་བཅུ་གསུམ་ནི། ནང་དུ་སྦས་པའི་རྩ་ལྔའི་རླུང་སེམས་དང་། །ཕྱི་རོལ་དུ་ཡུལ་ཆེན་ལྷག་མ་བཞི་ལྔ་གླིང་རིན་དང་བཅས་པའི་དཔའ་བོ་དང་རྣལ་འབྱོར་མ་དབང་དུ་འདུས་པས་གྲུབ་པར། ཀུ་མུ་ཏིར་རྒྱུད་རྒྱས་པའི་ལུང་། །འཐུང་གཅོད་དཔེ་མེད་ཡེ་ཤེས་ཆེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་གསུངས་པ་མངོན་བརྗོད་དང་མཐུན་ལ། དགོངས་པ་ལུང་བསྟན་ལས། སངས་རྒྱས་རྣམས་ཀྱི་གང་བསྟེན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་སོ། །དེས་ན་ཕར་ཕྱིན་ལས་བཤད་པའི་མཚན་ཉིད་ཅན་གྱི་སངས་རྒྱས་དངོས་བླ་མེད་ཁོ་ནའི་ལམ་གྱིས་ཐོབ་དགོས་ཏེ་ཕར་ཕྱིན་གྱིས་ཐོབ་པ་མིན་ནོ།། ༈ །།ན་མོ་གུ་རུ་བྷྱ༔ རིག་སྔགས་འཆང་བའི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཀྱི་དམ་ཚིག་ནི། སྤྱིའི་དམ་ཚིག་དང་། དབང་གི་དམ་ཚིག་གཉིས་ལས། དང་པོ་ལ་ཡང་གསུམ་གྱི། དང་པོ་ཆོས་འདི་པའི་དམ་ཚིག་སྲུང་བ་ནི། ཐེག་པ་ཆེན་པོའི་དཀོན་མཆོག་གསུམ། དུས་ཐམས་ཅད་དུ་མི་གཏོང་ཞིང་། དེ་དག་ལ་སྐྱབས་སུ་སོང་བའི་བསླབ་བྱ་རྣམས་བཟུང་བའོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བསྲུང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་དང་། དེའི་སྡེ་སྣོད་དུ་


JKT004_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བསླབ་པ་ལ་ཡང་དག་པར་བསླབ་པར་བྱ་བའོ། །གསུམ་པ་ལྷ་རྣམས་ལ་དད་པར་བྱ་བ་ནི། གསང་སྔགས་ཕོ་དང་རིག་སྔགས་མོ་ཡིས་བསྡུས་པའི་ལྷ་ཚོགས་རྣམས་ལ་བཟང་ངན་དང་མཆོག་དམན་དུ་འཛིན་པའི་མ་དད་པ་སྤངས་ནས་དད་པར་བྱ་བའོ། །གཉིས་པ་ལ་བཅུ་གསུམ་གྱི། དང་པོ་ནི། དུས་རྟག་པར་ཕྱག་རྒྱ་ཆེན་པོ་སྟེ་རང་གི་ལྷ་ལ་ལྷ་གཞན་ལས་ཁྱད་པར་དུ་གུས་པའི་མོས་པ་བྱ་ཞིང་། ལྷ་བསྒྲུབ་པས་མ་གྲུབ་ན་དེ་ལ་ཁྲོས་པས་རིག་སྔགས་བཅིངས་པ་ལ་སོགས་པའི་སྤོག་ཆོག་ཀྱང་ལྷ་ལ་མ་གུས་པ་ཡིན་པས་མི་བྱ་བའོ། །གཉིས་པ་ནི། དམ་ཚིག་ཅན་གྱི་བྱ་རྒྱུད་ཀྱི་སྒོར་ཞུགས་པའི་གང་ཟག་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ་ལ་གུས་པར་བྱ་བ་ལས། དེའི་སྐྱོན་བརྗོད་པ་དང་། ལུས་སྲོག་ལ་མཐོ་འཚམས་པའི་བར་གྱི་གནོད་པར་འགྱུར་པའི་ལས་མི་བྱེད་པའོ། །གསུམ་པ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་གང་ཟག་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་བྱེད་པ་རྣམས་ནི་རང་གི་མཛའ་བོ་ཡིན་ལ། དེ་རྣམས་ལ་གུས་པར་བྱ་ཡི་སྐྱོན་བརྗོད་པ་སོགས་མི་བྱེད་པའོ། །བཞི་པ་ནི། རང་ལ་དབང་དང་། རྒྱུད་དང་། ཐུན་མོང་དང་། མཆོག་གི་དངོས་གྲུབ་སྒྲུབ་པའི་མན་ངག་སྟེར་བའི་བླ་མ་ལ་གུས་པར་བྱ་ཞིང་། རིགས་དང་། ཚུལ་ཁྲིམས་


JKT004_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡོན་ཏན་ལ་སོགས་པའི་སྒོ་ནས་སྨད་པར་མི་བྱ་བའོ། །ལྔ་པ་ནི། དབང་དང་ནོར་རྒྱས་ལ་སོགས་པའི་ཕྱིར་གནོད་གནས་ལ་སོགས་པའི་ལྷ་བསྒྲུབས་པས། ཆོ་ག་ཚུལ་བཞིན་མ་གྲུབ་པ་ལ་བརྟེན་ནས་དངོས་གྲུབ་དེ་རྣམས་མ་བྱུང་ན། ལྷ་ལ་ཁྲོས་ཤིང་ཞེ་སྡང་བའི་སེམས་མི་བྱའོ། །དྲུག་པ་ནི། ཚེས་བརྒྱད་ལ་སོགས་པའི་དུས་མཚམས་བཟང་པོ་དག་ལ་འདོད་པའི་ལྷ་དང་། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱ་བའོ། །བདུན་པ་ནི། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པའི་སྟོན་པ་གཞན་རྣམས་ཀྱི་གཞུང་ནས་འབྱུང་བ་ལྟར་མི་མཆོད་ཅིང་། དེའི་མན་ངག་དང་། དཀྱིལ་འཁོར་ལ་ཉམས་ལེན་མི་བྱེད་པའོ། །དགུ་པ་ནི། སྲོག་ཆགས་ཕྲ་མོ་གྲོག་སྦུར་གྱི་བར་རྣམས་ལ་བྱམས་པའི་སེམས་བསྐྱེད་ནས་ཕན་པ་ཁོ་ན་བྱའོ། །གནོད་པའི་ལས་རྣམས་ཐམས་ཅད་དུ་མི་བྱེད་པའི་སྡོམ་སེམས་རབ་ཏུ་བརྟན་པར་བྱ་བའོ། །། བཅུ་པ་ནི། ཐེག་ཆེན་གསང་སྔགས་ལ་ཞུགས་པའི་གང་ཟག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དགའ་བ་རྣམས་ཀྱི་བསོད་ནམས་འཕེལ་བར་བྱེད་པའི་ཐབས་བཟླས་བརྗོད་དང་། སྡོམ་པ་བཟུང་བ་ལ་སོགས་པ་ལ་ནན་ཏན་བསྐྱེད་པའོ། །བཅུ་གཅིག་པ་ནི། བཟླས་བརྗོད་བྱེད་པ་ལ་འབད་པའི་རྣལ་འབྱོར་པས། གསང་སྔགས་བཟླས་པའི་སྤྱོད་ལམ་དང་ལྡན་པས་ཟློས་དགོས་ཏེ། ཟློས་པའི་ཆོ་ག་ལ་གནས་པ། གླུ་


JKT004_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གར་རྩེད་མོ་མི་བྱ་སྟེ། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །བཅུ་གཉིས་པ་ནི། གསང་སྔགས་སོ་སོའི་རྒྱུད་དམ་ཚིག་གསུམ་བཀོད་སོགས་ནས་བསྟན་པའི་དམ་ཚིག །དམ་པའི་ཆོས་ཀྱང་སྤང་མི་བྱ། ཞེས་སོགས་རྣམས་ཀྱང་འབད་པས་བསྲུང་བར་བྱའོ། །བཅུ་གསུམ་པ་ནི། དབང་བསྐུར་མ་ཐོབ་པའམ། ཐོབ་ཀྱང་ཉམས་པའི་དམ་ཚིག་མེད་པ་རྣམས་ལ། གསང་སྔགས་ཀྱི་ཆོ་ག་ཞིབ་མོ་དང་། རྒྱུད་དང་། མན་ངག་རྣམས་ལེགས་པར་བསྲུང་ཞིང་སྦ་བར་བྱའོ། །དེ་སྐད་དུ། གསང་བ་སྤྱི་རྒྱུད་ལས། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་༣སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་༡ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་༢དང་མཛའ་བོ་དང་༣། །བླ་མ་ལ་༤ཡང་གུས་པར་བྱའོ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་༦མཚམས་དག་ཏུ་མཆོད་པར་བྱ། །སྟོན་༧པ་གཞན་གྱི་གཞུང་མི་མཆོད། །རྟག་༨ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་༩རྣམས་ལ་བྱམས་པའི་སེམས། །རྟག་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་༡༠ཆེ་ལ་དགའ་རྣམས་ཀྱི། །བསོད་ནམས་དག་ནི་ནན་ཏན་བསྐྱེད། །བཟླས་༡༡བརྗོད་བྱེད་ལ་འབད་པ་ཡིས། །


JKT004_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་༡༢སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུངས་ཤིང་། །དེའང་བདག་གིས་རྟོགས་པར་བྱ། །དེ་ལྟར་དམ་ཚིག་བསྒོས་ནས་ནི། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྤྱི་དང་ཁྱད་པར་གྱི་དམ་ཚིག་དེ་དག་སྲོག་དང་བསྡོས་ཏེ་བསྲུངས་ལ་ཉེས་པས་མ་གོས་པར་བྱ། གལ་ཏེ་བག་མེད་པའི་དབང་གིས་ཉེས་པ་དེ་དག་གང་ཡང་རུང་བ་གཅིག་བྱུང་ན། ལེགས་གྲུབ་ཏུ་འདི་དག་བྱས་ནས་འདི་བྱའོ། །མི་གཡེལ་བར་ནི་གྱུར་པར་བྱ། །ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་པ་ནོངས་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །ཞེས་པ་ལྟར་རྟེན་དང་ཡུལ་སྡོམ་ལྡན་གྱི་མདུན་དུ་ལྟུང་བའི་མིང་ནས་སྨོས་ཏེ། སྟོབས་བཞི་ཚང་བའི་བཤགས་པ་བྱ། དེའི་སྟེང་དུ་ཉོན་མོངས་ཆེ་འབྲིང་ཆུང་གསུམ་གྱིས་ཀུན་ནས་བསླངས་པའི་ཉེས་པ་ཆེ་འབྲིང་ཆུང་གསུམ་དུ་ཤེས་པར་བྱས་ལ། ཆུང་ངུ་ལ་རང་གི་ལྷའི་སྙིང་པོ་འབུམ་མམ། མེ་ལྟར་རྨོངས་བྱེད་མའི་གཟུངས་སྟོང་བཟླ་བ་དང་། འབྲིང་པོ་ལ་ཞི་བའི་སྦྱིན་སྲེག་མང་དུ་བྱ། ཉེས་པ་ཆེན་པོ་ལ་སླར་ཡང་དཀྱིལ་འཁོར་དུ་དབང་བསྐུར་ཞུས་པས་དག་པར་བྱེད་དགོས་ཏེ། །


JKT004_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་རྒྱུད་དུ། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པ་གང་གྱུར་པ། །དེས་ནི་རང་གི་སྙིང་པོ་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་གསུངས་སོ། །གཉིས་པ་སྤྱོད་རྒྱུད་ཀྱི་དམ་ཚིག་ནི། ཐུན་མོང་གི་བསླབ་བྱ་མི་དགེ་བ་བཅུ་སྤོང་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་འཛིན་པ་རྣམས་ཡིན་ལ། ཐུན་མོང་མ་ཡིན་པ་ནི། །མངོན་བྱང་ལས། དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏོང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པར་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །ཞེས་གསུངས་པ་ལྟར་རྩ་དམ་པའི་ཆོས་སྤང་བ། བྱང་ཆུབ་ཀྱི་སེམས་གཏོང་བ། སེར་སྣ་བྱེད་པ། སེམས་ཅན་ལ་གནོད་པའི་ལས་བྱེད་པ་ནི་རྩ་བའི་ལྟུང་བར་བཤད་ཅིང་སླར་གསོར་མེད་པར་གསུངས་སོ། །ལྟུང་བཞི་ཡིན་ལ། དེས་ན་ཐུན་མོང་དང་ཐུན་མིན་གྱི་ལྟུང་བ་དེ་དག་གིས་རང་རྒྱུད་ལ་མ་གོས་པར་བྱ། གལ་ཏེ་བག་མེད་པས་ལྟུང་བ་བྱུང་


JKT004_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ན་དུས་ཀྱི་ཆ་དྲུག་ལས་ཐལ་དུ་མི་གཞུག་པར་ཕྱིར་ཆོས་ཀྱི་ཐབས་ཀྱིས་སྦྱངས་ལ། རྒྱུད་ལྟུང་མེད་དུ་གནས་པས་ལམ་བསྒོམ་པ་ནི་གནད་ཀྱི་དོན་དུ་བཟུང་ངོ་།། ༈ །།བདག་ཅག་གི་སྟོན་པས་གདུལ་བྱའི་ཁམས་དབང་བསམ་པའི་རིམ་པ་དང་འཚམས་པར་ཆོས་ཕུང་མཐའ་ཀླས་པར་སྤྲོས་པ་ཉིད་བསྡུ་ན་ཐེག་པ་དམན་པ་དང་། ཐེག་པ་ཆེན་པོ་གཉིས་སུ་འདུ་ཞིང་། ཕྱི་མ་ལ་ཕར་ཕྱིན་དང་། རིག་འཛིན་སྡེ་སྣོད་གཉིས་རིག་པ་འཛིན་པའི་སྡེ་སྣོད་ལ་རེ་ཞིག་རྒྱུད་སྡེ་ཆེན་པོ་བཞི་ལས། དང་པོ་བྱ་བའི་རྒྱུད་ནི། ཕར་ཕྱིན་གྱི་ཐེག་པ་ལས་བྱ་རྒྱུད་ཁྱད་པར་འཕགས་ཚུལ། ཁྱད་པར་དུ་འཕགས་པའི་བྱ་རྒྱུད་ཀྱི་དབྱེ་བ། ཕྱེ་བ་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། ཕར་ཕྱིན་གྱི་ཐེག་པར་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་དང་། བཅུ་དང་། ཉན་རང་སླར་ལོག་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་པས་གྲངས་མེད་བཞི་དང་། གཞན་གྱིས་གྲངས་མེད་གསུམ་ན་སངས་རྒྱས་པར་གསུངས་ན། འདིར་རྒྱུ་རྐྱེན་ཐམས་ཅད་ཚོགས་ན་སྐྱེ་བ་གཅིག་དང་། རྐྱེན་འགའ་ཞིག་མ་ཚང་ན་ཡང་ཚེ་གསུམ་གྱིས་གྲུབ་པར་གསུངས་པས། དུས་མྱུར་པོར་འགྲུབ་པ་ནི་ཁྱད་པར་གྱི་འཕགས་ཆོས་ཡིན་ནོ། །ཕྱུགས་ཀྱི་ཤིང་རྟ་དང་། ཉི་ཟླའི་བགྲོད་པའམ་རྐང་མགྱོགས་ལྟ་བུའི་ཁྱད་ཡོད། མཆན། འོ་ན་སྐྱེ་བ་འདི་ཉིད་དུ་འགྲུབ་པ་ལ་ལམ་ཁྱད་པར་ཅན་ཞིག་དགོས་ན། དེ་གང་ཡིན་ཞེས་


JKT004_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་བཀོད་དེ། དེའི་ལན་ལ། འཇུག་པའི་སྤྱོད་པ་དང་། སྦྱོང་བའི་སྤྱོད་པ་དང་། །སྒྲུབ་པའི་སྤྱོད་པ་སྟེ་གསུམ་ཡིན་ནོ། །འོ་ན་རྣལ་འབྱོར་བླ་མེད་དང་ཁྱད་མེད་དུ་འགྱུར་རོ་སྙམ་ན། དེ་ནི་ཚེ་འདིར་སྐུ་གསུམ་དབྱེར་མེད་རྟོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ལ། འདིར་ནི་ལམ་གསུམ་ལ་བརྟེན་ནས་ས་བཅུ་པ་སྐྱེ་བ་འདི་མངོན་དུ་བྱེད་ཅིང་། རྟེན་དེས་སངས་རྒྱས་འགྲུབ་པའི་ཕྱིར་ཁྱད་པར་ཆེའོ། །གཉིས་པ་ནི། དེ་ལྟ་བུའི་བྱ་བའི་རྒྱུད་དེ་ལ་དབྱེ་ན་སྒོ་དྲུག་ཏུ་ཡོད་ཅིང་། དེ་བཞིན་གཤེགས་པ། པདྨ། རྡོ་རྗེ། ནོར་བུ། རྒྱས་པ། འཇིག་རྟེན་པའི་རིགས་དྲུག་དང་། སྤྱི་རྒྱུད་བཞི། བསྡུ་ན་ནོར་ཅན་པདྨའི་རིགས་ཀྱིས་བསྡུས། རྒྱས་པ་རྡོ་རྗེའི་རིགས་ཀྱིས། འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་ནང་ཚན་ཅི་རིགས་པར་རོ། །དེ་ཡང་བསྡུ་ན་ཐབས་གཙོ་ཆེ་བ་གསང་སྔགས་དང་། ཤེས་རབ་གཙོ་ཆེ་བ་རིག་སྔགས་གཉིས་སུ་འདུའོ། །མཆན། དེ་བསྡུ་ན་གསུམ་དང་། དེའང་ཐབས་ཤེས་གཉིས་སུ་འདུ་བ་ཡིན་ལ། དེ་ཐམས་ཅད་ཀྱི་ལམ་དང་འབྲས་བུའི་མངོན་རྟོགས་ཀྱང་བཞིར་འདུས་པ་ཡིན་ཏེ། དེ་ལ་དང་པོ་འཇུག་པའི་སྤྱོད་པ་ནི། ཐོག་མར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སོ་སོར་ཐར་པའི་ཚུལ་ཁྲིམས་དང་། སྨོན་འཇུག་གི་སེམས་བསྐྱེད་པས་འཇུག་པའི་གང་ཟག་གི་རྒྱུད་ཡོངས་སུ་སྦྱངས་ནས། གསང་བ་སྤྱི་རྒྱུད་ལས་གསུངས་པའི་ཆོས་གོས། རིགས་གསུམ་སྤྱིའམ་སོ་སོའི་དལ་དུ་


JKT004_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བསྙེན་པ་དང་། སའི་ཆོ་ག་དང་། སྟ་གོན་གྱི་ཆོ་ག་དང་། འཇུག་པའི་ཆོ་ག་བཞིས་དབང་བསྐུར་བས་སྔགས་ཀྱི་སྡོམ་ལྡན་དུ་བྱས་ནས། དམ་ཚིག་དང་སྡོམ་པའི་ཚོགས་ནན་ཏན་དུ་འཛིན་པའོ། །གཉིས་པ་སྦྱོར་བའི་སྤྱོད་པ་ནི། ལེགས་པར་གྲུབ་པའི་རྒྱུད་ལས་གསུངས་པ་ལྟར་བདག་གི་དེ་ཁོ་ན་ཉིད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་མདུན་དུ་རང་འདོད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ཏེ།དེ་རྣམས་ལ་མཆོད་པ་དང་། བསྟོད་པ་དང་། བཟླས་པས་མཉེས་པར་བྱ་བ་ལ་སོགས་པ་མཚན་བཅས་ཀྱི་རྣལ་འབྱོར་ལ་བྱ་བའོ། །གསུམ་པ་བསྒྲུབ་པའི་སྤྱོད་པ་ནི། བསམ་གཏན་ཕྱི་མ་ལས་གསུངས་པ་ལྟར། མཐུན་རྐྱེན་འཛོམ་པའི་གནས་སུ་འགལ་རྐྱེན་མཐའ་དག་སྤངས་ནས་མེར་གནས་དང་། སྒྲར་གནས་དང་། སྒྲ་མཐའི་དེ་ཁོ་ན་ཉིད་ལ་སོགས་པ་མཚན་མེད་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱ་བའོ། །བཞི་པ་གྲུབ་པའི་སྤྱོད་པ་ནི། དེ་ལྟར་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གཉིས་ཀྱིས་ས་དང་པོ་བསྒྲུབས་ནས། དེ་གྲུབ་པའི་བྱང་སེམས་དེས་ས་ལྷག་མ་རྣམས་བསྒྲུབ་པའི་ཕྱིར་གནས་སྐབས་སུ་ས་བཅུའི་སྤྱོད་པ་མངོན་བྱང་དང་འཇམ་དཔལ་རྩ་རྒྱུད་སོགས་ལས་རྒྱ་ཆེར་གསུངས་པ་ལྟར་སྤྱད་པས། མཐར་ཐུག་སྐུ་གསུམ་དབྱེར་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ། །གསུམ་པ་ནི།


JKT004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྒོ་དྲུག་སོ་སོའི་རྒྱུད་ཐམས་ཅད་གྱི་བཤད་རྒྱུད་ལྟ་བུར་སྔར་སྨོས་པའི་དོན་བཞི་པོ་ཚང་ལ་མ་ནོར་པར་སྟོན་པ་དཔུང་བཟང་དང་། ཁྱད་པར་དུ་འཇུག་པ་དང་། སྦྱོར་བ་དང་། སྒྲུབ་པའི་སྤྱོད་པ་གསུམ་པོ་གསུམ་པོས་རྒྱ་ཆེར་སྟོན་པའི་ཕྱིར། སྤྱི་རྒྱུད་དང་། ལེགས་གྲུབ་དང་། བསམ་གཏན་ཕྱི་མ་གསུམ་རིམ་པར་གསུངས་ཏེ། འདི་རྣམས་ལ་བྱ་བ་སྤྱིའི་རྒྱུད་སྡེ་བཞི་ཞེས་གྲགས་པས། རྒྱས་པར་དེ་དག་དང་། སློབ་མ་བྱང་ཆུབ་མཆོག་གི་བཤད་སྲོལ་ལས་རྟོགས་པར་བྱའོ། །རིགས་དྲུག་གི་རྒྱུད་སྡེ་སོ་སོ་བ་དང་། སྤྱི་རྒྱུད་བཞི། དེ་རྣམས་ཀྱི་འགྲེལ་པ། སྒྲུབ་ཐབས། ལམ་རིམ་སོགས་དང་། ཁྱད་པར་བྱ་བ་སྤྱིའི་རྒྱུད་བཞི་དང་། སློབ་དཔོན་བྱང་ཆུབ་མཆོག་གི་གཞུང་ལ་བལྟའོ།། ༈ །།སྤྱོད་པའི་རྒྱུད་ནི། བྱ་བའི་རྒྱུད་ལས་འཇུག་པ་སོགས་གསུམ་གྱི་སྟེང་། རང་ཉིད་སངས་རྒྱས་ཀྱི་གཟུགས་སྐུ་མཚན་དཔེས་སྤྲས་པའི་ང་རྒྱལ་བསྒོམ་པས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ཡང་ཕྱི་ལུས་ངག་གི་བྱ་བ་དང་ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པས་སྤྱོད་རྒྱུད་ཅེས་བྱ་ཞིང་། དབྱེ་ན། དེ་བཞིན་གཤེགས་པ། པདྨ། རྡོ་རྗེའི་རིགས་ཀྱི་རྒྱུད་གསུམ་ཡོད་ཅིང་། རྒྱུད་དེ་རྣམས་ཀྱི་དོན་གཏན་ལ་དབབ་པར། ཚིག་དང་། དོན་གྱི་ཉམས་ལེན་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི། མངོན་བྱང་གི་བསྡུས་འགྲེལ་ལས་བཤད་


JKT004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་དང་། གཉིས་པ་ནི། རྒྱུ་རྟེན་གྱི་གང་ཟག རྐྱེན་ལམ་རིམ། འབྲས་བུ་སངས་རྒྱས་ཀྱིས་བཤད་པ་སྟེ་གསུམ་ལས། དང་པོ་ནི། སྐྱེ་བ་སྔ་མ་རྣམས་སུ་མི་དགེ་བ་བཅུ་སྤང་བས་ལུས་མཚན་དང་ལྡན་ཞིང་། ངག་སྙན་ལ། སེམས་དུག་གསུམ་ཤས་ཆུང་བའོ། །གཉིས་པ་ནི། མངོན་བྱང་གི་བསྡུས་འགྲེལ་ལས། དེ་ལ་སྒྲུབ་པ་པོའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། གསང་སྔགས་མཉེས་པར་བྱ་བ་%ལ་འཇུག་པའི་སྤྱོད་པ་དང་། གསང་སྔགས་མཉེས་པར་བྱ་བའི་ཕྱིར་སྔགས་བསྙེན་པའི་ཆོ་གའི་མཚན་ཉིད་ཅན་གྱི་སྦྱོར་བའི་སྤྱོད་པ་དང་། དེ་བཞིན་དུ་སྤྱོད་པ་གསུམ་པ་གསང་སྔགས་བསྒྲུབས་པས་གསང་སྔགས་ཀྱི་འབྲས་བུ་བསྒྲུབ་པ་སྟེ། འབྲས་བུ་ནི་གསང་སྔགས་ཀྱི་འབྲས་བུ་ངོ་བོ་ཉིད་ཀྱི་དངོས་གྲུབ་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ཞེས་སོ། །དེ་ལ་དང་པོ་འཇུག་པའི་སྤྱོད་པ་ལ་གཉིས། ཕྱིའི་འཇུག་པ་དང་། ནང་གི་འཇུག་པའོ། །དང་པོ་ནི། དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་དང་། དམ་ཚིག་དང་སྡོམ་པ་ལ་གནས་པར་བྱ་བའོ། །དང་པོ་ནི། སྤྱོད་པའི་རྒྱུད་ལས་གསུངས་པའི་སྙིང་རྗེ་ཆེན་པོ་ཅན་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བ་དང་། དམ་ཚིག་དང་སྡོམ་པ་ལ་སོགས་པ་བྱིན་པས་ལམ་བསྒོམ་པའི་སྣོད་རུང་དུ་བྱ་ཞིང་། རང་འདོད་པའི་ལྷའི་བཟླས་ལུང་ཡང་སྦྱིན་པར་བྱའོ། །


JKT004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་དབང་ཇི་ཙམ་བསྐུར་སྙམ་ན། རྒྱུད་སྡེ་གོང་མ་དང་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས། ཆུ་དང་། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་ལྔར་བཤད་ཅིང་། མངོན་བྱང་ལས་དངོས་བསྟན། ཆུ་དབང་། ཐུར་མ། མེ་ལོང་། ཆོས་བཤད་པའི་རྗེས་གནང་ཙམ་ལས་མ་བཤད་དོ། །གཉིས་པ་ནང་འཇུག་ལ། མཚན་མེད་པ་དང་། མཚན་དང་བཅས་པའི་རྣལ་འབྱོར་གཉིས་ཀྱི། དང་པོ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་ངང་དུ་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག་པ་དང་། གཉིས་པ་ནི། ཐོག་མར་བདག་དང་གནས་བསྲུང་བ་སོགས་སྔོན་དུ་འགྲོ་བས། ཡི་གེ་དང་པོ་བྱང་ཆུབ་ཀྱི་༧ སེམས་སྟོང་པ་ཉིད་བསྒོམ་པ་དང་། ཡི་གེ་གཉིས་པ་སྔགས་ཀྱི་སྒར་ལྡང་བ་དང་། གཞི་དང་པོ་རང་སངས་རྒྱས་ཀྱི་སྐུར་བསྐྱེད་ལ་སྔགས་རྒྱས་བརླབ་པ་དང་། གཞི་གཉིས་པ་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་ལ་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་པར་སེམས་བརྟན་པའོ། །གཉིས་པ་སྦྱོར་བའི་སྤྱོད་པ་ནི། མཚན་མ་དང་བཅས་པ་དང་། མཚན་མེད་ཀྱི་རྣལ་འབྱོར་གཉིས་ཏེ། དང་པོ་ལའང་ཕྱིའི་བཟླས་བརྗོད་ཀྱི་ཡན་ལག་བཞི་པའོ། །གསུམ་པ་བསྒྲུབས་པའི་སྤྱོད་པ་ནི་ཕྱིའི་དངོས་གྲུབ་དང་། ནང་གི་དངོས་གྲུབ་བསྒྲུབ་པ་གཉིས་ལས། དང་པོ་ནི། རལ་གྲི་ལ་སོགས་པའི་རྫས་བླངས་ནས་བཟླས་བརྗོད་བྱས་


JKT004_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྫས་དེ་འབར་བ་དང་ལག་ཏུ་བླངས་ན་རིག་འཛིན་ལ་སོགས་པའི་དངོས་གྲུབ་གྲུབ་པར་འགྱུར་རོ། །གཉིས་པ་ནི། ནང་གི་རླུང་མེ་ཆུ་ས་དཀྱིལ་འཁོར་བསྒོམས་པས། །མངོན་ཤེས་ལྔ་སོགས་དང་ཞར་ལ་མཚན་བཅས་ཀྱི་དངོས་གྲུབ་རྣམས་ཀྱང་འགྲུབ་པའོ། །གསུམ་པ་འབྲས་བུ་སངས་རྒྱས་པའི་བཤད་པ་ལ། གང་གིས་སྒྲུབ་པའི་རྒྱུ་དང་། དེས་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་འཇུག་གནས་ལྡང་གསུམ་གྱི་མཚན་ཉིད་ཅན་བསྒོམ་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་དངོས་བཞི་ལ་སྤྱོད་པས་ཆོས་སྤྱོད་དང་། ངེས་པར་རྫོགས་པའི་ས་བཅུ་ལ་འཇུག་པར་བྱེད་པའོ། །གཉིས་པ་ནི། དེ་ལྟར་དཔའ་བོ་ཆེན་པོ་རྫོགས་པར་བྱང་ཆུབ་པའི་ཏིང་འཛིན་གྱིས་བདུད་བཞི་བཅོམས་ནས་ཁམས་གསུམ་ལས་འདས་ཏེ། འོག་མིན་སྟུག་པོ་བཀོད་པར་སྐྱེས་ནས་བྱང་ཆུབ་ཆེན་པོ་མངོན་སུམ་དུ་བྱ་བ་དང་དགོངས་པས་རྣལ་འབྱོར་གྱི་རྒྱུད་ནས་འབྱུང་བ་ལྟར་མངོན་བྱང་ལྔའི་རིམ་པས་མངོན་པ་བྱང་ཆུབ་པ་དང་བཅས་པའི་སྐུ་བཞི་གོ་འཕང་དམ་པ་བརྙེས་དེ་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོས་འགྲོ་བའི་དོན་ལྷུན་གྱིས་གྲུབ་པར་མཛད་པའོ། །ཞེས་བཞེད།། ༈ །།བྱ་རྒྱུད་སྐབས། དབྱེ་བ་སོ་སོའི་དོན་བཏན་ལ་དབབ་པ་ལ་གཉིས། སྔོན་བྱུང་སངས་རྒྱས་ཀྱི་རྣམ་འཕྲུལ་ལྟར་རྒྱུད་ཀྱི་ཚིག་བཤད་པ་དང་། རྗེས་འཇུག་


JKT004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་ལམ་མངོན་པར་རྟོགས་པའི་རིམ་པ་ཉམས་སུ་བླང་བའོ། །དེ་སྐད་དུ་བུདྡྷ་གུ་རྒྱས་འདིའི་དོན་རྣམས་མདོར་བསྡུས་ན་སྔོན་བྱུང་སངས་རྒྱས་རྣམ་འཕྲུལ་དང་། རྗེས་འཇུག་མངོན་རྟོགས་མན་ངག་གོ །ཞེས་གསུངས། དང་པོ་ནི། སྔོན་སྟོན་པས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་རྒྱུད་ལེགས་པར་གསུངས་པ་ལྟར། འདིར་ཡང་དེ་དང་མཚུངས་པར་བཤད་པར་བྱ་ཞིང་། གཞུང་ཚིག་རེ་རེ་ནས་འཆད་པའི་མན་ངག་ཀྱང་། སྔ་མས། དགོས་པ་རྣམ་པ་གཉིས་སུ་བསྟན། །ཚིག་དོན་བརྒལ་ལན་མཚམས་སྦྱར་བ། །རྣམ་པ་ལྔས་ནི་འདིར་ཤེས་བྱ། །ཞེས་མདོ་འཆད་ལུགས་དང་མཐུན་པ་དང་། རྒྱུད་སྤྱི་ལ་ཐུན་མོང་དུ་མཁོ་བ། བརྗོད་བྱ། རྗོད་བྱེད། དགོས་པ། ཉིང་དགོས། འགྲེལ་པ་སྟེ་རྣམ་པ་ལྔས་སྦྱར། གཉིས་པ་ནི། དཔུང་བཟང་གི་བསྡུས་དོན་ལས་གསུངས་པ་ལྟར་རིགས་ཐམས་ཅད་མཉེས་པར་བྱ་བའི་ཐབས་སུ་གྱུར་པ། འཇུག་པ། སྦྱོར་བ། སྒྲུབ་པ། གྲུབ་པའི་སྤྱོད་པ་བསྟན་པ་བཞིའོ།། ༈ །།རྣལ་འབྱོར་གྱི་རྒྱུད་ཀྱི་དམ་ཚིག་ལ་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་གཉིས་ལས། དང་པོ་ནི། གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པ་སྨོན་སེམས་དང་། དེའི་ཆེད་དུ་ཚུལ་ཁྲིམས་གསུམ་ལ་ཅི་ནུས་བསླབ་པར་དམ་བཅའ་བ་འཇུག་སེམས་གཉིས། གཉིས་པ་ནི། དཀོན་མཆོག་གསུམ་འཛིན་པ་རྣམ་སྣང་གི །རྡོ་རྗེ་


JKT004_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་ཕྱག་རྒྱ་བླ་མ་བཞི་འཛིན་པ་མི་བསྐྱོད་པའི། ཟང་ཟིང་མི་འཇིགས་ཆོས་དང་བྱམས་པའི་སྦྱིན་པ་རྣམ་བཞི་གཏོང་བ་རིན་འབྱུང་། ཕྱི་བྱ་སྤྱོད། གསང་བ་རྣལ་འབྱོར། ཉན་རང་བྱང་སེམས་ཀྱི་ཐེག་པ་རྣམས་འཛིན་པ་སྣང་མཐལ། དམ་ཚིག་དང་སྡོམ་པ་ནན་ཏན་དུ་འཛིན་པའི་སྟེང་དཀོན་མཆོག་གསུམ་མཆོད་ལ་བརྩོན་པ་དོན་གྲུབ་ཀྱི་དམ་ཚིག་སྟེ་ལྔའོ།། ༈ །།གསང་སྔགས་ཕྱི་འགྱུར་གྱི་བཞེད་པར། རྒྱུད་སྡེ་ཟླ གསུམ་དུ་བཞེད་པ་ནི། སློབ་དཔོན་སངས་རྒྱས་གསང་བས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །རྒྱུད་སྡེ་རྣམ་པ་གསུམ་དུ་འགྱུར། །ཞེས་བླ་མེད་ཀྱང་ཏིང་ངེ་འཛིན་གཙོ་བོར་གྱུར་པ་ལ་དགོངས་ནས་རྣལ་འབྱོར་དུ་བསྡུས་པའོ། །ལྔར་དབྱེ་བ་ལ། སློབ་དཔོན་ཀླུ་སོགས་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྗེས་སུ་འབྲངས་ཏེ་མདོ་སྡེ་རྟོག་པའི་རྒྱུད་དང་། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་ལྔར་བཞེད་པ་ལས། རྟོག་པའི་རྒྱུད་ནི་སྔགས་དང་སྦྱིན་སྲེག་སོགས་ཕྱིའི་བྱ་བ་གཙོ་བོར་སྟོན་ཕྱིར་ངོ་བོ་བྱ་རྒྱུད་དུ་བསྡུའོ། །ཡང་ཀྱེ་རྡོར་ལས། དགོད་དང་ལྟ་བ་བདག་གིས་ངང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་བསྒྲགས་པ། ཞེས་བཞིར་གསུངས་པའི་ཤུགས་ལས་ལྔ་པ་ཞེས་སྟོན་པས་སློབ་དཔོན་བརྦི་


JKT004_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས། བྱ་སྤྱོད་རྣལ་འབྱོར་གསུམ། རྣལ་འབྱོར་བླ་མ་དང་བླ་མེད་གཉིས་ཏེ་ལྔར་དབྱེ་བའང་གཉིས་ཀ་གསང་བའི་ཡེ་ཤེས་བླ་ན་མེད་པ་སྟོན་པས་བླ་མེད་དུ་བསྡུའོ། །དྲུག་ཏུ་སྟོན་པ་ནི། བདེ་མཆོག་རྩ་རྒྱུད་ལས། །ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། ཞེས་པས། སློབ་དཔོན་ཀཱ་མ་ལ་ཤཱི་ལ་སོགས་། །མདོ་སྡེ་རྟོག་པའི་རྒྱུད་དང་། བྱ་སྤྱོད་རྣལ་འབྱོར། རྣལ་འབྱོར་གསང་བ་དང་། གསང་མཐའི་རྒྱུད་སྡེ། དེ་ལྟ་ནའང་། དང་པོ་ནི་བྱ་རྒྱུད་དུ་འདུ་ལ། ཕྱི་མ་ནི་རྣལ་འབྱོར་མའི་རྒྱུད་རྗོད་བྱེད་རྟོགས་དཀའ་བ་ཙམ་ལ་དགོངས་ནས་ལོགས་སུ་བྱས་པ་ཡིན་གྱི། དོན་གསང་བའི་ཡེ་ཤེས་བླ་ན་མེད་པ་ལས་ལོགས་སུ་གྱུར་པ་མེད་ཕྱིར་རྒྱུད་སྡེ་བཞིར་འདུ་བ་སྟེ། དེ་ཡང་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། སོགས་དང་། ས་པཎྜི་ཏས། མི་རིགས་བཞི་དང་དུས་ཚོད་བཞིས། སོགས་གསུངས་སོ།། ༈ །།རྩ་རྒྱུད་ལས། །དེ་ལྟར་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་པོ་ཆེ། །མ་དག་པས་ན་དུག་ཏུ་འགྱུར། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་དང་། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ན། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །


JKT004_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཀྱིས་འཁོར་འདས་དབྱེར་མེད་དུ་བསྟན་ནོ། །རྗེ་ས་སྐྱ་པས། ཡེ་ཤེས་རྣམ་པར་རྟོག་པ་ཡིས། །དབང་དུ་གྱུར་ན་གྲོལ་བ་མེད། །ཅེས་དང་། ཆོས་ཉིད་འཛིན་པས་དཀྲིས་པ་ལ། །མི་རྟོག་པ་ཡང་འཁྲུལ་སྣང་ཡིན། །དེ་ཡིས་མི་རྟོག་བསྒོམས་ན་ཡང་། །རྣམ་རྟོག་མཚན་མའི་འཁྲུལ་འཁོར་ཡིན། །ཞེས་སོ། །སམྦུ་ཊར། དང་པོར་སྟོང་ཉིད་བསྒོམས་ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་གདབ། །ཅེས་བསྐྱེད་རྫོགས་བསྒོམས་པའི་སྔོན་དུ་ལྟ་བ་བསྟན་པར་མཛད། རྗེ་ས་སྐྱ་པས། འཁོར་བ་བཙལ་བས་མ་རྙེད་པ། །མྱ་ངན་འདས་པའི་རང་བཞིན་ཡིན། །འཁོར་བ་མེད་པར་གོ་བ་དེ། །འཁོར་འདས་དབྱེར་མེད་ལྟ་བ་ཡིན། ཞེས་བཤད། རྗེ་བཙུན་རིན་པོ་ཆེས། །དམིགས་མེད་འཇིགས་དང་བྲལ་བའི་སྐྱབས་སུ་འགྲོ། །ཚད་མེད་དམིགས་ཡུལ་སྤངས་པའི་སེམས་པའོ བསྐྱེད་བྱ། །དེ་ཡི་ཆོས་ཉིད་རང་བཞིན་ནམ་མཁའ་འདྲ། །བསགས་པ་མེད་པའི་དགེ་རྩ་བྱང་ཆུབ་བསྔོ། །ཞེས་དམ་པ་གསུམ་གྱི་རང་བཞིན་ཁྱད་པར་དུ་བསྟན་ནོ།། ༈ །།ཡུལ་ཆེན་ཉེར་བཞི་དང་། །གནས་སོ་བདུན་གྱི་རྣམ་པར་བཞག་པ་ལ། གནས་སོགས་བསྟན་པའི་དགོས་པ། དགོས་པ་དེ་ལྡན་གྱི་རྣམ་བཞག་དངོས། དེ་དག་གཞི་ལམ་འབྲས་གསུམ་སྦྱོར་ཚུལ་ལོ། །དང་པོ་ནི། སམྦུ་ཊར། །ཕ་རོལ་


JKT004_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་བཅུའི་ས་རྣམས་ནི། །རྣལ་འབྱོར་མ་ཡིས་ཀླ་ཀློའི་སྐད། །པཱུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་གནས། ཞེས་ཕར་ཕྱིན་ནས་རབ་དགའ་སོགས་ལམ་ལྔ་ས་བཅུ་བགྲོད་བྱར་བསྟན་པ་གང་ཞིག །སྔགས་སུ་གནས་ལ་སོགས་པའི་མིང་གིས་བཏགས་ནས་བསྟན་ཏེ། དེ་ཡང་ཕྱི་རོལ་དཔའ་བོ་དཔའ་མོ་འདུ་བའི་ཡུལ་པུལླི་ར་སོགས་ནང་རྡོ་རྗེའི་ལུས་ལ་གནས་པའི་ཚུལ་ལ་མཁས་པ་དང་། དེ་ལྟར་གནས་པར་ཤེས་ཤིང་ལམ་དུ་བྱས་པས། དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རྗེས་སུ་མཐུན་པའི་རླུང་དང་ཐིག་ལེའི་རྣམ་པ་དབུ་མར་ཐིམ་སྟེ་སའི་རྟོགས་པ་སྐྱེ་ཞིང་། སར་གནས་ཀྱི་ཚུལ་བཟུང་བའི་སྒྱུ་དཔའ་བོ་དང་དཔའ་མོ་རྣམས་བདག་གི་དབང་དུ་འདུ་བ་དང་། བརྟན་པ་ཐོབ་པས་སྤྱོད་པའི་ཕྱིར་རྒྱ་བའི་ཡུལ་ཤེས་པ་ལ་སོགས་དགོས་པ་བསམ་གྱིས་མི་ཁྱབ་པ་ཉིད་དོ། རྒྱས་པར་བཤད་པའོ། །ཚནྡོ། དང་པོ་ནི། ཧེ་བཛྲ་ལས། ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས། ཞེས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ལྷ། དང་ཉེ་བའི་དྲི་ཟ། གནས་དང་ནི། །ཞིང་གནོད་སྦྱིན། དང་ཉེ་བའི་ཞིང་ཉིད་དང་། །སྲིན་པོ། ཉེ་བའི་དང་། །དེ་བཞིན་ཀླུ་འདུ་བ་ཉེ་འདུ་བ། །འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་དང་། །དུར་ལྷ་མིན། ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་


JKT004_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ས་ནི་བཅུ་གཉིས་ཏེ། ཞེས་མདོར་བསྡུ་ན། དབྱེ་གཞི་བཅུ་གཉིས་སུ་གནས་པ་ཡིན་ནོ། །གཉིས་པ་ལ་གསུམ། གནས་ཉེར་བཞི་བསྟན་པ། ཡུལ་སོ་གཉིས་བསྟན་པ། ཡུལ་སོ་བདུན་བསྟན་པའོ། །དང་ཟླཔོ་ལའང་གྲངས་ངེས་ཀྱི་སྒོ་ནས་སྤྱིར་བཤད་པ་དང་། གནས་སོགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔོན་བྱུང་དང་སྦྱར་ན། རྩོད་པའི་དུས་ཀྱི་མགོ་བརྩམས་པའི་ཚེ། སེམས་ཅན་རྣམས་གཅིག་གིས་གཅིག་གསོད་པར་བརྩམས་པ་བྱུང་སྟེ། དེའི་བསད་པའི་རོ་རྣམས་ཕྱོགས་མཚམས་བརྒྱད་དུ་བསྐྱལ་བ་ལས་དུར་ཁྲོད་བརྒྱད་ཆགས་ཤིང་། དེ་ནས་རིམ་པར་གནས་ཡུལ་རྣམས་ཀྱང་ཆགས་པ་ལས། རི་རབ་ཀྱི་རྩེར་དྲག་པོ་ཡབ་ཡུམ་བྱུང་ཞིང་། དེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དྲག་པོ་འཇིགས་བྱེད་བརྒྱད་གསུམ་ཉེར་བཞི་བྱུང་བས་པུལླི་ར་སོགས་ཡུལ་ཉེར་བཞི་བཟུང་ནས་འཇིག་རྟེན་གྱི་ཁམས་སུ་མི་དགེ་བའི་ཚུལ་ལ་སྤྱོད་པར་བྱེད་པ་ན། འོག་མིན་སྟུག་པོ་བཀོད་པར་བཞུགས་པའི་རྒྱུའི་ཧེ་རུ་ཀཿལས། རི་རབ་ཀྱི་རྩེ་མོར་སྤྲུལ་སྐུ་འབྲས་བུའི་ཧེ་རུ་ཀར་བཞེངས་ནས། འདུལ་བྱེད་དེ་དག་གདུལ་བྱ་དང་མཐུན་པའི་ཆ་ལུགས་སུ་བསྒྱུར་ནས་ལུས་དབང་དུ་བྱས་ཤིང་གདན་དུ་བཏིང་། འཇིག་རྟེན་པའི་ཐོད་པའི་དུམ་བུ་སོགས་ཀྱི་སྲོག་སྔགས་ཀ་ར་ཀ་ར་སོགས། འཇིག་རྟེན་ལས་འདས་པའི་གཉེན་པོ་ཨོཾ་དང་ཧཱུྃ་ཕཊ་ཀྱི་བར་དུ་བཅུག་ནས་


JKT004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སོ་སོའི་སྔགས་སུ་བྱིན་གྱིས་བརླབས་པས་ངག་དབང་དུ་མཛད། གདུལ་བྱ་དེ་རྣམས་རྣམ་པར་མི་རྟོག་པའི་ངང་དུ་བརྒྱལ་བར་མཛད་པས་ཡིད་དབང་དུ་བྱས། བཙུན་མོ་རྣམས་ལ་དགའ་བཞིས་ལོངས་སྤྱོད། རུས་པའི་རྒྱན་ཕྲོགས་ཏེ་སྐུར་གསོལ། ལོངས་སྤྱོད་ཕྲོགས་ཏེ་ཚོགས་འཁོར་དུ་རོལ་ལག་ཆ་ཕྲོགས་ཏེ་ཕྱག་མཚན་དུ་མཛད། རོ་གདན་སོགས་ཕྲོགས་ཏེ་གདན་དུ་བཏིང་། འདུག་པའི་ཡུལ་ཕྱོགས་ཏེ་ཕོ་བྲང་དུ་བྱས་པ་དང་། སྒྲིབ་པ་རྣམ་པར་དག་པ་སྲོག་ཐིམ་པ་སྟེ་སྤངས་བ་དང་། སེམས་འོད་གསལ་དུ་འདྲེས་ཏེ་ཟུང་འཇུག་ཏུ་བཞེངས་པ་སེམས་ཐིམ་པ་སྟེ་རྟོགས་པ་ཕུན་སུམ་ཚོགས་པར་མཛད་པ་སོགས་ཙཀྲ་སམྦར་ལས་འབྱུང་བ་དང་ཚུལ་མཐུན་པར་གསང་སྔགས་སྔ་འགྱུར་གྱི་གཞུང་དུའང་བཤད་དོ། །གཉིས་པ་ནི། ཕྱི་རོལ་དུ།། ༈ །།སྐུ་པུལླིར་ཤར་མ་ལ་ཞེས་ཏེ་༡རྒྱས་པའི་རི། བྱང་ཛ་ལནྡྷ་ར་དྲ་བ་མཁའ་སྤྱོད་འཛིན་པ༡། ཨོཌི་ཨཱ་ནུབ་ནཱ་རྣ་བ་གཡོན་པ་འཕུར་འགྲོ༡། ཨཆུ་ལྷོ་ད་མཆོད་འོས་ལྟག་པ། ཤར་ལྷོ་གོ་དཱ་བ་རི་བའི་མཆོག་༢རྣ་གཡས། སྦྱིན། ལྷོ་ནུབ་ར་མེ་སྨིན་མཚམས་ཤཱ་ར་དགའ་བའི་དབང་༢ཕྱུག །དེ་བཱི་ནུབ་བྱང་ཀོ་མིག་གཉིས་ཊ་ལྷ་མོ་མཁར། མཱ་བྱང་ཤར་ལ་ཕྲེང་༢ཅན། ཕྲག་པ་གཉིས།། ༈ །།ཀྭ་གསུང་མ་མཆན་ཁུང་གཉིས་རུ་ཤར་པ་འདོད་པའི་གཟུགས་༣། ཨེ་ཏྲེ་བྱང་རོལ་པ་ནུ་མ་གཉིས་ཅན། ཏྲི་ཤ་ཀུན་༤ ལྟེ་བ་འདབ་ཆགས་གསུམ་པ།


JKT004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཀོ་ས་ལ་སྣ་རྩེ་མཛོད་༤ལན་ནམ་དགེ་བ་ཅན། ཀ་ཤར་ལྷོ་ལིངྐ་ཙི་ཁ་མཚན་ནམ་སྨྲ་༥པའི་རྟགས། ལམྦ་ཀ་ལྷོ་ནུབ་འཕྱང་མགྲིན་པ་བ་ཅན། སྙིང་ག་ཀཱཉྩི་ཀ་ནུབ་བྱང་སྒྱུར་བག་ཅན༦། བྱང་ཤར་ཧཱི་མ་འདོམས་པར་ལ་ཡ་ས་སྤྱོད་གངས་ཅན༦།། ༈ །།ཐུགས་ཕྲེ་ཏ་ཤར་པཱུ་མཚན་མ་རི་ཡི་དྭགས་གྲོང་ཁྱེར། བྱང་གྲོ་ཧ་དེ་གཤང་ལམ་ཝ་ཁྱིམ་༧གྱི་ལྷ། ནུབ་སོ་རཱ་ཋ་བརླ་གཉིས་ཡུལ་འཁོར་བཟང་པོ་ར། ལྷོ་སུ་ཝརྞ་བྱིན་པ་དཱི་པ་གསེར་གླིང་། ཤར་ལྷོ་ན་ག་ར་སོར་མོ་བཅུ་དྲུག་གྲོང་༩ཁྱེར། ལྷོ་ནུབ་སིནྡྲ་ནི་བོལ་གོང་རྒྱ་ཊ་མཚོ། མ་ནུབ་བྱང་རོ་མྱ་མཐེ་བོང་བཞི། ང་མ་༡༠ཐང་བྱང་ཤར་ཀུ་༡༡པུས་མོ་གཉིས་ལུ་ཏ་རིགས་ས་འོག་སྤྱོད་ལྡན་ཞེས་བྱ་བ་རརྣམས་སོ། །དེ་རྣམས་ནང་དུ་སྤྱི་བོ་པུལླི་ར་མ། སྤྱི་གཙུག་ཛ་ལནྡྷ་ར་སོགས་ཏེ་ཤེས་པར་སླའོ། གཞན་དུ་ས་བཅུ་གཉིས་དང་སྦྱར་ན། ཧེ་བཛྲ་ལས། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པ པར་བྱ།. །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པ་སྟེ། ཉེ་བའི་ཚནྡོ་སྦྱོང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་པས་བསྟན་ཅིང་། འཐུང་སྤྱོད་དང་། ཉེ་བའི་འཐུང་སྤྱོད་གཉིས་ནི་དཔེ་མེད་པའི་ས་དང་། ཡེ་ཤེས་ཆེན་པོའི་སར་སྦྱོར་དགོས་པར་རྒྱུད་རྒྱས་པའི་ལུང་ཀུ་མུ་ཏིར་དྲངས་པ་ལས་གསལ་


JKT004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །གཉིས་པ་ནི། ཧེ་བཛྲ་རྩ་རྒྱུད་ལས། ཀྱེ་བཅོམ་ལྡན་འདས། གནས་ལ་སོགས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ནི་ཛ་ལནྡྷ་རར་བཤད་༡། །དེ་བཞིན་དུ་ནི་ཨོཊྛནྡ༢། །༦གནས་ནི་ཀོལྤ་གི་རི་ཉིད༣། །དེ་བཞིན་དུའང་ཀཱ་མ་རུ་ཉིད༤། ༡ །ཉེ་གནས་མ་ལ་ཝ་ཞེས་བརྗོད་། །སིནྡྷ་ན་ག་ར་ཉིད་དོ། ༢ །ཞིང་ནི་མུམྨ་ནིར་བཤད་༧དེ། །ཞིང་ནི་བྱེད་པའི་བྲང་ཉིད་དོ། །དེ་བཱི་ཀོ་ཊ་དེ་བཞིན་ཞིང་༩། །ཞིང་ནི་ལྕགས་པའི་བྲང་༡༠ཉིད་དོ། ༣ །ཉེ་ཞིང་ཀུ་ལུ་ཏ་ཞེས་༡༡བརྗོད། །དེ་བཞིན་ཨརྱ་ད་ཉིད་དོ་༡༢། །པ་ཡི་མཆོག་སྦྱིན་ཁ་བའི་རི་༡༤། །ཉེ་བའི་ཞིང་ནི་མདོར་བསྡུས་པའོ། ༤ །ཚནྡོ་ཧ་ནི་ཀེ་ལ་དང་། །ལན་ཚྭ་རྒྱ་མཚོའི་ནང་སྐྱེས་དང་། །ལམྤ་ཀ་དང་ཀཱཉྩི་ཉིད། །དེ་བཞིན་སོ་རཋ་ཉིད་དོ། ༥ །ཉེ་བའི་ཚནྡོ་ཀ་ལིངྒ། གསེར་དང་ལྡན་པའི་གླིང་དང་ནི། །ཀོད་ན་° ཡང་ཉེ་ཚནོ། །མདོར་བསྡུས་པས་ནི་བརྗོད་པར་བྱ། ༦ །འཐུང་སྤྱོད་གྲོང་ཁྱེར་གྱི་དང་ཡང་། །འཐུང་སྤྱོད་གྲོང་གི་མཐར་གནས་པ། །ཙ་རི་ཏྲ་དང་ཀོ་ས་ལ། །བིན་གཞོན་ནུའི་གྲོང་ཁྱེར་རོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཉེ་བའི་འཐུང་སྤྱོད་དེ་ཉེ་བའོ། །དུར་ཁྲོད་རབ་སོན་དགེ་འདུན་དང་། །དུར་ཁྲོད་རྒྱ་མཚོའི་འགྲམ་ཉིད་དོ། །སྐྱེད་ཚལ་ར་བའི་རྫིང་བུའི་འགྲམ། །ཉེ་བའི་དུར་ཁྲོད་བརྗོད་པར་བྱ། །ཞེས་སུམ་


JKT004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་གཉིས་སུ་བསྟན་ཏོ། །གསུམ་པ་ཡུལ་སོ་བདུན་ལ་གཉིས་ཏེ། །བསྟན་བཅོས་ཆེན་པོ་ལས་འབྱུང་བ། །དུས་ཀྱི་འཁོར་ལོ་ལས་འབྱུང་བའོ། །དང་པོ་ནི། ཀྱེ་རྡོར་ལ་མི་ཕྱེད་མ་སོགས་རྩ་སོ་གཉིས་དང་། དེ་སྟེང་སྦས་པའི་རྩ་ལྔ་བསྣན་པས་སོ་བདུན་ཡོད་པ། དེ་བཞིན་དུ་ཕྱི་རོལ་གྱི་ཡུལ་ཡ་གྱལ་སྦྱོང་བྱེད་དང་སྦྱངས་འབྲས་ལ་སོགས་པ་སོ་བདུན་དུ་འགྱུར་བའི་འཐད་པས་ཏེ། དེ་ཡང་འདུ་བ་དང་ཉེ་བའི་འདུ་བ་བཞི་དང་། མི་སློབ་པའི་ཕྱི་རོལ་གྱི་གནས་འོག་མིན་ནམ། རྡོ་རྗེ་གདན་དང་སོ་བདུན་ཏེ། དེ་ཡང་ཕྱག་ཐིག་ལས། འདུ་བ་ལ་ཀརྨ་རཱ་སཊ་ཀ་དང་། གསེར་གླིང་གཉིས་དང་། ཉེ་བའི་འདུ་བ་ཀོངྐ་ན་དང་འབིགས་བྱེད་གཉིས་ཏེ་བཞིར་བཤད་དོ། །བདེ་མཆོག་ལས། འདུ་བ་སྲེ་ཏ་པུ་རི། མྲྀ་ཧ་དེ་ཝ། ཉེ་འདུ་སོ་ར། སུ་བཎཱ་དཱི་པར་བཤད་དོ། །དེ་བཞི་པོའི་ནང་དུ་སོ་གཉིས་པར་ཟིན་པའི་མིང་ཅན་འགའ་རེ་ཡོད་ནའང་ཟློས་པར་མི་བཟུང་སྟེ། དོན་ས་ཐ་དད་མི་འདྲ་བ་སྦྱོར་དགོས་པའི་ཕྱིར་རོ། །ཡང་ན་སྔར་སྨོས་སོ་གཉིས་སྟེང་། བདེ་མཆོག་ལས་བཤད་པའི། ར་མེ། ཨོ་ཊེ། ཏྲི་ཤ སྲེ་ཏ། ཀྲྀ་ཧ་ལྔ་བསྟན་པས་སློབ་པའི་གནས་ཁོ་ནར་སོ་བདུན་དུ་བགྲང་ངོ་། །ཡང་ན་བདེ་མཆོག་གི་ཡུལ་ཉེར་བཞིའི་སྟེང་དུ། སྔར་སྨོས། མུམྨ་ནི་ར། བྱེད་པའི་བྲང་། ལྕགས་པའི་བྲང་། ཧ་རི་ཀེ་ལ། རྒྱ་མཚོའི་ནང་སྐྱེས། །


JKT004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀོངྐ་ན། གྲོང་གི་མཐའ། རྩྭ་རི། བིནྡྷ། གཞོན་ནུའི་གྲོང་ཁྱེར། རབ་སོན། རྒྱ་མཚོའི་འགྲམ། སྐྱེད་ཚལ་ར་བའི་རྫིང་བུའི་འགྲམ་རྣམས་ཏེ་བཅུ་གསུམ་པོ་བསྣན་པ་སྟེ། བདེ་མཆོག་གི་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མའི་སྟེང་། བདེ་ཆེན་འཁོར་ལོའི་ལྷ་ལྔ་དང་། སྒོ་མཚམས་མ་བརྒྱད་དེ་བཅུ་གསུམ་བསྣན་པའི་དག་སྦྱོར་དུ་བཤད་དོ། །སྒོ་མཚམས་མ་བརྒྱད་ཀྱི་གནས་ནི་དུར་ཁྲོད་བརྒྱད་དང་། བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་མོ་བཞིའི་གནས་ནི། རི་རབ་ཀྱི་བྱང་ཤར་དང་། དབུས་དང་། གཞན་འཕྲུལ་དབང་བྱེད་དང་། རྡོ་རྗེ་གདན་རྣམས་སུ་བཛྲ་ཌཱ་ཀིའི་འགྲེལ་པར་བཤད་དོ། །གཉིས་པ་ནི། གནས་ལ་སོགས་པའི་དབྱེ་གཞི་དུས་འཁོར་ལས། དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་ས་ཡི་དཀྱིལ་འཁོར་ལ་སོན་གནས་རྣམས་ཀུན་དང་ཉེ་བའི་གནས། །ཞེས་པའི་འགྲེལ་པར། གནས་ནི་ཕྱོགས་བཞིར་རླུང་དང་། མེ་དང་། ཆུ་དང་། སའི་རང་བཞིན་གྱིས་གནས་པ། ཤར་གྱི་ལུས་འཕགས་དང་། ཛམ་བུའི་གླིང་ཆུང་ངུ་དང་། བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་ལང་སྤྱོད་དོ། །ཉེ་བའི་གནས་ནི་རང་བཞིན་དེ་ཉིད་ཀྱི་ཕྱོགས་མཚམས་རྣམས་སུ་སྟེ། མེ་དང་། བདེན་བྲལ་དང་། དབང་ལྡན་དང་། རླུང་གི་ཕྱོགས་སུའོ། །དེ་བཞིན་དུ། ཞིང་དང་ཉེ་བའི་ཞིང་ནི་རྒྱ་མཚོའི་ཕྱེད་ལའོ། །འདུན་པ་


JKT004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉེ་བའི་འདུན་པ་ནི་རྒྱ་མཚོའི་ཕྱེད་གཞན་ལའོ། །འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན་ནི་མེའི་དཀྱིལ་འཁོར་གྱི་ཕྱེད་ལའོ། །ཁང་པ་དང་ཉེ་བའི་ཁང་པ་ནི་མེའི་ཕྱེད་གཞན་ལའོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལའོ། །དུར་ཁྲོད་ཆེན་པོ་བརྒྱད་ནི་རླུང་གི་དཀྱིལ་འཁོར་གྱི་མཐའ་ལ་སྟེ། དེ་ལྟར་གནས་ལ་སོགས་པ་རྣམས་བཅུ་གཉིས་སུ་རིག་པར་བྱ་སྟེ། ལུས་ལ་ཡང་བཅུ་གཉིས་ནི་ལག་པ་དང་རྐང་པ་དག་གི་ཚིགས་བཅུ་གཉིས་སོ། །ཞེས་གནས་ལ་སོགས་པའི་དབྱེ་གཞི་བཅུ་གཉིས་པོ་འབུམ་ཕྲག་བཞི་འཇིག་རྟེན་ཁམས་རྫོགས་པ་ལ་གནས་པར་གསུངས་སོ། །དེས་ན་ཕྱི་ནང་མཐུན་པར་སྦྱར་བའི་ཕྱིར་གསུངས་པ་ཡིན་གྱི། སྤྱོད་པ་སྤྱོད་པས་རྒྱུའི་གནས་ཁོ་ན་མ་ཡིན་པར་ཤེས་པར་བྱའོ། །དབྱེ་བའི་ཡ་༢གྱལ་ནི། སུམ་ཅུ་རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་གསུམ་གྱི་གནས་སུ་བྱང་ཆུབ་ཕྱོགས་ཀྱི་ཡོ ཆོས་རྣམས་ཏེ། །དེ་རྣམས་མཐའ་དག་རྣལ་འབྱོར་མ་རྣམས་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ། །དེ་ལྟར་གནས་ལ་སོགས་པ་ཐམས་ཅད་མི་ཡི་བདག་པོ་ཕྱི་དང་ལུས་ལ་ཡང་ནི་དེ་བཞིན་འགྱུར། །ཞེས་པ་ཙམ་ལས་ཡུལ་གང་ན་ཡོད་ཀྱི་ངེས་པ་མ་བསྟན་ལ། དེ་ཡང་རྣལ་འབྱོར་མ་སོ་དྲུག་གི་དབྱེ་བས་གནས་སོ་དྲུག་ཏུ་བཤད་པ། ནང་ལྟར་ཁམས་དང་སྐྱེ་མཆེད་རྒྱུ་མ་སོགས་ཀྱི་དབྱེ་བས་སོ་སོར་


JKT004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་དང་། ཕྱིའི་གནས་ལ་དྲང་དོན་དུ། ཨོ་རྒྱན་སོགས་རྒྱུད་སྡེ་གཞན་ནས་བཤད་པ་དེ་དག་དང་། ངེས་དོན་བོད་ཡུལ་ལྟ་བུའི་ཡུལ་ཁམས་རེ་རེ་དང་། མཉན་ཡོད་ལྟ་བུའི་གྲོང་ཁྱེར་རེ་རེ་ནའང་རྣལ་འབྱོར་མ་སོ་དྲུག་གི་དབྱེ་བས་ཡུལ་༢༦དང་། དེ་ཐམས་ཅད་ལ་ཁྱབ་བྱེད་རྡོ་རྗེ་སེམས་དཔའི་གནས་དང་པོ་བདུན་པོ་ཐམས་ཅད་ཚང་བར་བཤད་དེ། དྲི་མེད་འོད་ལས། ད་ནི་གནས་ཞེས་པ་ལ་སོགས་པས་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་གསུངས་ཏེ། འདིར་ཐུན་མོང་བྱིས་པ་རྣམས་ཡུལ་འཁྱམས་པའི་དོན་དུ། ཛ་ལནྡྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པར་གསུངས་སོ། །དེ་ཉིད་ནི་ཐམས་ཅད་。 དུ་ཁྱབ་པར་བྱེད་པར་མི་འགྱུར་ཏེ། རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་སོ། །གང་གིས་ན་འདིར་མཆོག་གི་དང་པོའི་སངས་རྒྱས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་ན། བོད་ལ་སོགས་པ་དང་། རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་རྣམས་ཡོད་དོ། །དེ་ཉིད་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྟན་ཏོ། །ཡུལ་ཐམས་ཅད་དང་གྲོང་ཐམས་ཅད་དུ་གནས་ལ་སོགས་པ་གསུངས་པ་ནི། གནས་ནི་སྒྲོལ་མ་ལ་སོགས་པ་རྣམས་ཀྱི་ཁྱིམ་སྟེ་རྣམ་པ་བཞིའོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱི་ཁྱིམ་ནི་རྣམ་པ་དྲུག་གོ །ཙ་རྩི་ཀཱ་ལ་སོགས་པ་རྣམས་ཀྱི་


JKT004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ནི་ཚནྡོ་ཧ་རྣམ་པ་བརྒྱད་དོ། །རྨུགས་བྱེད་མ་ལ་སོགས་པ་རྣམས་ཀྱི་ཁྱིམ་ནི་འདུས་པ་རྣམ་པ་བཅུའོ། །ཁྱི་གདོང་མ་ལོགས་པ་རྣམས་ཀྱི་ཁྱིམ་ནི་དུར་ཁྲོད་རྣམ་པ་བརྒྱད་དོ། །ཞེས་སོ། །གསུམ་པ་གཞི་ལམ་འབྲས་བུར་སྦྱར་ན། གཞི་འཁོར་བའི་གནས་སྐབས་སྦྱང་བྱ། ཕུང་པོ་།། འབྱུང་བ་།། སྐྱེ་མཆེད་༦། ཡུལ༦། དཔུང་པ་༢། ཁ༡། གསང་བ་༡། ལག་༢ངར་༢། པུས་མོ་༢། སྤྱི་བོ་༡༦། རྐང་མཐིལ་གཉིས་གཅིག་ཏུ་བརྩི་བ་སྟེ་བཅུ། ཉོན་མོངས་པ་ལྔ་སྟེ་སོ་བདུན་ནོ། །ལམ་སྦྱོང་བྱེད་ལ། ཐུན་མོང་ཕ་རོལ་ཏུ་ཕྱིན་པ་ལྟར་ན་དྲན་པ་ཉེ་བར་བཞག་པ་སོགས་དང་། ཁྱད་པར་རྡོ་རྗེ་ཐེག་པའི་ལུགས་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ལའང་། རྟེན་གཞལ་ཡས་ཁང་གི་ཁྱད་ཆོས་རྣམས་བྱང་ཕྱོགས་སོ་བདུན་དུ་རྫོགས་པ་དང་། བརྟེན་པ་དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ། གཏི་མུག་རྡོ་རྗེ་མ་༦སོགས། གཟུགས་རྡོ་རྗེ་མ་༦སོགས། གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། མངོན་བྱང་(སྟེ་སོ་བདུན་ནོ། །ཕྱི་མ་ལ་ཡང་། རྟེན་དཀྱིལ་འཁོར་བཞི་དང་སྦྱར་ན། དགྱེས་རྡོར་གྱི་ལུགས་སུ་རྩ་སོ་བདུན་དང་། བདེ་མཆོག་ལས་པཱུ་ཛ་སོགས་པའི་རྩ་ཡི་གེའི་རྣམ་པ་༢། དེ་སྟེང་ཧཱུྃ་རིང་བརྒྱད། བྷཾ་ཨོཾ་ཛཾ་ཁཾ་ཧཱུྃ་བསྣན་པ་སྟེ། རྩ་དེ་དག་གི་ནང་ན་གནས་པའི་ཁམས་རྣམས་ནི་ཁམས་བདུད་རྩིའི་དཀྱིལ་འཁོར་སོ་བདུན། དེ་


JKT004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་དབང་བསྒྱུར་བའི་རླུང་རྣམས་ནི་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་སོ་བདུན་ནོ། །བརྟེན་པ་ཡེ་ཤེས་ལྔ་དང་སྦྱར་ན། རྟེན་དེ་དག་ལས་སྐྱེས་པའི་མཚོན་བྱེད་དཔེ་ཡི་ཡེ་ཤེས་དང་༣༧། མཚོན་བྱ་དོན་གྱི་ཡེ་ཤེས་༣༠སོ། སྦྱངས་འབྲས་མཐར་ཐུག་སངས་རྒྱས་ཀྱི་ས་ལ་མངོན་དུ་གྱུར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། ཚད་མེད་བཞི། རྣམ་པར་གྲོལ་བའི་ཡེ་ཤེས་ལྔ། མངོན་ཤེས་དྲུག །ཟག་པ་མེད་པའི་ཡུལ་དྲུག །སྟོབས་བཅུ། ཡེ་ཤེས་ལྔ་སྟེ་སོ་བདུན་ནོ། །དེ་དག་གིས་ནི་གནས་ཡུལ་གྱི་དབྱེ་བ་མདོ་ཙམ་བཤད་ཟིན་ཏོ། ༈ །བསང་༢༧༢མཆོད་ཀྱི་རྣམ་བཤད་ཚོགས་༢༩༨གཉིས་ཆུ་གཏེར་འཕེལ་བའི་ཟླ་བར༢༧། བསང་མཆོད་ཀྱི་བྱུང་ཁུངས་བསྟན་པ། བསང་མཆོད་ཀྱི་རྣམ་བཞག་དངོས། མཇུག་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། བསང་མཆོད་འབུལ་བའི་ཆོ་ག་འདི་དག་མཆོད་ཡུལ་མཆོད་པས་མཉེས་ཤིང་། སྦྱིན་ཡུལ་སྦྱིན་པས་ཚིམས་པར་བྱེད་པའི་སྒོ་ནས་ཚོགས་བསགས་སྒྲིབ་སྦྱོང་གི་ཐབས་ཁྱད་པར་བ་སྟེ། དཔེར་ན་ཆུ་ལ་བརྟེན་ནས་གཏོར་མ་གཏོང་བ། མེ་ལ་བརྟེན་ནས་སྦྱིན་སྲེག་བྱེད་པ། བཟའ་བཅའ་ལ་བརྟེན་ནས་མཆོད་གཏོར་འབུལ་བ་སོགས་དང་མཚུངས་པར། འདིར་ཡང་དྲི་ཞིམ་ངད་པ་ལ་བརྟེན་ནས་མཆོད་པ་


JKT004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་སྟེ། བསང་མཆོད་བོན་གཏོའི་ལུགས་དང་གློ་བུར་དུ་བྱུང་བ་ཞིག་ཡིན་པར་སྨྲ་ན། དེ་དག་སོགས་ཀྱང་དེ་དང་མཚུངས་ཏེ་ཁྱད་མེད་པའི་ཕྱིར། གཉིས་པ་ལ། ངོ་བོ། ངེས་ཚིག །དབྱེ་བ། དབྱེ་གཞིའོ། །དང་པོ་ནི། དག་བྱེད་དྲི་ཞིམ་གྱི་མཆོད་པའི་ཆོ་ག་གང་ཞིག །ཉེས་སྐྱོན་གྱི་སྒྲིབ་བྱེད་ཐམས་ཅད་སྦྱངས་ཤིང་། །བདེ་ལེགས་སྟེར་བའི་ནུས་པ་དང་ལྡན་པའོ། །གཉིས་པ་ནི། ཤོ་དྷ་ན། །ཤུདྨ་ཞེས་པ་རྣམས་དག་བྱེད་དང་། ཚྭ་ཛ། མཱརྫན། སྣ་ཏ། པཱུ་ཏ། ཤོདྡྷཞེས་པ་རྣམས་གཙང་བྱེད་ལ་འཇུག་སྟེ། དེས་ན་དག་བྱེད་ཀྱི་རྫས་དང་ལྷན་ཅིག་པར་མཆོད་པའི་ཆོ་ག་ལ་བརྟེན་ནས་བདག་གཞན་ཀུན་གྱི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་དག་ཅིང་གཙང་བར་བྱེད་པའི་ཕྱིར་དང་། དྷཱ་པ། དྷཱ་པ་ན། དྷཱ་པ་ཡ་ཏི། པྲ་བོདྷ་ནཾ། བཱནྟི་ཀྲི་ཏ་ཞེས་པ་རྣམས་བདུག་པ་དང་། བདུག་པར་བྱེད་པ་དང་། རབ་ཏུ་བསང་བར་བྱེད་པ་དང་། སྦྱོང་བར་བྱེད་པ་རྣམས་ལ་འཇུག་སྟེ། དེ་ལྟར་ན་སྤོས་དང་སྤོས་ཀྱི་བདུག་པ་སོ་སོར་མ་ཕྱེ་བར་བསང་བར་བྱེད་པའི་ཆོ་གས་ཉེས་སྐྱོན་ཐམས་ཅད་ཁྲུས་ཀྱིས་དྲི་མ་འཁྲུལ་པ་ལྟར་བསལ་ཞིང་སྦྱོང་བ་དང་། གཙང་ཞིང་དག་པར་བྱེད་པའི་དོན་ནམ། ཡང་ན་མེ་དྷ་དང་། མེ་དྷུ་ཞེས་པ་མཆོད་སྦྱིན་གྱི་ཆོ་ག་ལ་འཇུག་སྟེ། མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་གང་དག་དྲི་ཞིམ་སྤོས་ཀྱི་ངད་པར་བརྟེན་པའི་


JKT004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྫས་གྱ་ནོམ་པས་དགྱེས་ཤིང་ཚིམ་པར་བྱེད་པའི་དོན་ཏོ། །གསུམ་པ་ལ་ཐབས་ཀྱིས་མ་ཟིན་པ་དང་། ཟིན་པའི་གནས་སྐབས་ལས། དང་པོ་ནི། ཇི་ལྟར་འཁོར་བར་རྣམ་པར་འཁྱམས་པའི་། དུས་སུའང་རྐྱེན་གྱི་རྒྱུ་འདོད་པའི་ཡོན་ཏན་ལྔ་སྟེ། དེའི་ཚེའང་དྲི་བཟང་པོ་ལ་དོན་དུ་གཉེར་པ་དང་། གཙང་ཞིང་དག་པར་བྱེད་པའི་ཡུལ་ལ་ཞེན་ཅིང་གཅིག་ཤོས་འདོར་བའི་ཚུལ་དང་བཅས་པས་སྟོབ་ཅིང་ལེན་པ་དག་ཡོད་ན། ཐབས་ཀྱིས་མ་ཟིན་པ་ལས་དོན་དུ་བསང་གི་ཆོ་ག་དང་རྣམ་པ་མཚུངས་པའི་ཕྱིར་རོ། །གཉིས་པ་ལའང་། དམན་པ་དང་། མཆོག་གི་ཐབས་ཀྱིས་ཟིན་པའོ། །དང་པོ་ནི། དེ་ལྟ་བུའི་ཡུལ་དེ་དག་ལམ་དུ་བྱེད་པ་ལ་མུ་སྟེགས་པ་དག་རིག་བྱེད་ལ་ཚད་མར་འཛིན་པའི་དབང་གིས་ལོག་པར་རྟོག་པའི་འཇུག་ཚུལ་བཞི་ཡོད་དེ། དེ་རྣམས་ཀྱང་ཕལ་ཆེར་ཁྲུས་དང་། གཙང་སྦྲ་དང་། སྨྱུང་བར་བརྟེན་པ་དང་། སྦྱིན་སྲེག་དང་། མཆོད་སྦྱིན་གྱི་ཆོ་ག་སོགས་ལ་འབད་པར་བྱེད་པའི་ཕྱིར། དེ་དག་ཀྱང་དོན་ཐོབ་ཏུ་དག་པར་བྱེད་པ་དང་། ཚིམ་པར་བྱེད་པའི་ཚུལ་ཅན་ཡིན་ཕྱིར་བསང་གི་མཆོད་པ་དང་མཚུངས་པར་བལྟའོ། །གཉིས་པ་ལའང་། གཞི་དེ་དག་སྤང་བ་ལམ་དུ་བྱེད་པ་དང་། མི་སྤོང་བར་ལམ་དུ་བྱེད་པ་གཉིས་ལས། དང་པོ། ཉན་ཐོས་རྣམས་ཀྱིས་ཡུལ་ལ་མངོན་པར་ཞེན་པ་ནི་སྲིད་པའི་རྩ་བར་མཐོང་བས་


JKT004_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ། ཉེས་སྤྱོད་བསྡམས་ཤིང་གཙང་བར་བྱེད་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཕུན་སུམ་ཚོགས་པས་རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པ་ནི་དག་བྱེད་བསུང་ཞིམ་གྱི་མཆོད་པ་ཁྱད་པར་དུ་གྱུར་པ་སྟེ། ཚིག་ལེར། དེ་ལ་འདིར་ནི་རྣམ་ཀུན་ཏུ། །འདུལ་བ་མིན་པས་དག་པ་མེད། །ཅེས་དང་། གཞན་དུའང་། ཚུལ་ཁྲིམས་འདི་ནི་གཙང་བ་སྟེ། ཞེས་སོགས་བསྟན་པར་མ་ཟད། ས་གའི་ལྷས། འཇིག་རྟེན་མགོན་པོས་འཇིག་རྟེན་གྱི། །ཡམས་ཀྱི་འཚེ་བ་ཞི་བྱའི་ཕྱིར། །སངས་རྒྱས་སྐུ་གཟུགས་དྲོ་སོགས་སུ། །སྤྱན་དྲངས་པར་ནི་གསུངས་པ་ཡིན། །དེར་ནི་ཆག་ཆག་བྱུགས་པ་དང་། །སྲང་གི་གཞི་མདོར་ས་གཞི་ལ། །སྣ་ཚོགས་མེ་ཏོག་བཀོད་པ་ཡིས། །རབ་ཏུ་མཛེས་པར་བྱ་བ་ཡིན། །ཙནྡན་ཨ་གར་ག་བུར་གྱི། །བདུག་སྤོས་ཀུན་ནས་དབུལ་བར་བྱ། །ཕྱོགས་ཀྱི་སྒོ་ནས་དྲི་ཞིམ་དག །དལ་ཞིང་དལ་བའི་རླུང་གིས་བསྐྱོད། །ཅེས་སོགས་ཀྱིས་བསྟན་ལ། ཁྱད་པར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒྲོལ་བར་འདོད་པའི་བསམ་པས་སྨོན་པ་དང་འཇུག་པའི་བསླབ་པ་ཡང་དག་པར་བླངས་ཏེ། ཐུན་མཚམས་སུ་ཡན་ལག་བདུན་པ་སོགས་ཆོས་བཞིན་དུ་སྤྱོད་པ་དང་། ཐུན་གྱི་དངོས་གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ལ་སློབ་པར་བྱེད་པའི། དང་པོ་ལྟར་ན་ཕྱག་འཚལ་བ་སྔོན་དུ་འགྲོ་


JKT004_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བས། མཆོད་པའི་ཁྱད་པར་སྤྱི་དང་། ཁྱད་པར་དུ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཞེས་དང་། སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞེས་སོགས་ཀྱིས་བསྟན་ལ། ཕྱི་མ་ལྟར། བསང་ཟློ གི་ཆོ་ག་ལའང་ཕར་ཕྱིན་དྲུག་ཏུ་བགྲང་དུ་ཡོད་དེ། མཐའ་ཀླས་པའི་མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་རྣམས་དྲི་ཞིམ་པོའི་དུད་པས་མཚོན་པའི་འདོད་ཡོན་གྱིས་མཉེས་པར་བྱེད་པ་སྦྱིན་པ། དག་བྱེད་ཀྱི་ཆོ་ག་དེས་རྒྱལ་བ་རྣམས་ཀྱི་སྐུ་ལ་ཉོན་མོངས་པའི་དག་བྱ་མི་མངའ་ཡང་། བདག་གཞན་ཀུན་གྱི་སྒོ་གསུམ་གྱི་སྡིག་ལྟུང་ཉེས་ཚོགས་ཐམས་ཅད་དག་པར་བྱེད་པའི་མཆོག་ཏུ་འགྱུར་བའི་ཕྱིར་ཚུལ་ཁྲིམས། དཀོན་མཆོག་གསུམ་མཉེས་པའི་ཐབས་ཀྱི་དཀའ་བ་དང་དུ་ལེན་ཞིང་། ལྷ་སྲིན་སོགས་རང་ལ་གནོད་པར་བྱེད་པ་ལའང་ཁོང་ཁྲོ་བ་མེད་པར་སྦྱིན་པའི་དགའ་སྟོན་སྟེར་ཕྱིར་བཟོད་པ། སྦྱོར་དངོས་རྗེས་གསུམ་གྱིས་མགྲོན་རིགས་རྣམས་དགྱེས་པའི་ཐབས་ལ་རྩོལ་བ་བསྐྱེད་པ་བརྩོན་འགྲུས། ཀུན་རྫོབ་འཇིག་འདས་ཀྱི་ཡུལ་ལ། དམན་མཆོག་གི་མཆོད་པ་མཐའ་ཀླས་པ་སྟོབ་པའི་སེམས་རྩེ་གཅིག་པ་བསམ་གཏན། དོན་དམ་


JKT004_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ་ཡང་དག་ཆེན་པོར་ཤེས་པ་ཤེས་རབ་བོ། །དེས་ན་གཞི་སྤོང་བའི་ཚུལ་ལའང་། འདོད་ཡོན་ལ་སོགས་པས་རང་འཆིང་བར་བྱེད་པའི་ཕྱིར་སྲེད་ཞེན་སྤངས་པ་ལས། མཆོད་སྦྱིན་གྱི་ཡུལ་ལ་ཚོགས་རྫོགས་པའི་ཕྱིར་དབུལ་བ་ལ་ནི་ནམ་ཡང་བཀག་པ་མེད་དོ། །གཞི་མི་སྤོང་བ་རྡོ་རྗེ་ཐེག་པའི་ལུགས་ལ་ནི་དངོས་པོ་གང་ཡང་ཐབས་མཁས་ཀྱིས་སྤྱད་ན་འཆིང་བ་མེད་པའི་ཕྱིར། དཀྱིལ་འཁོར་འཁོར་ལོ་བསྒྲུབས་ཤིང་མཆོད་པའི་ཚེའང་། ཉེར་སྤྱོད་བདུན་དང་། འདོད་པའི་ཡོན་ཏན་ལྔ་དང་། རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པ་འབུལ་བ་དང་། ཚོགས་ཀྱི་འཁོར་ལོ་དང་། སྦྱིན་སྲེག་དང་། གཏོར་མ་ལ་སོགས་པ་དང་། ནང་དུ་ཁ་ཟས་ཀྱི་སྲེག་བླུགས་དང་། སྙོམས་འཇུག་གི་ཚོགས་འཁོར་ལ་སོགས་པ་ཕར་ཕྱིན་པས་བསྐལ་པ་དུ་མར་བསགས་པའི་ཚོགས་གང་ཡིན་པ་སྐད་ཅིག་ལ་འདུམས་པའི་ཐབས་ལ་མཁས་པ་དང་ལྡན་པའི་ཕྱིར་ཅིའི་སླད་དུ་བཀག །དེས་ན་མདོ་སྔགས་གང་གི་ཕྱོགས་སུའང་དགག་བྱ་མེད་ཅིང་བླང་བའི་འོས་སུ་བསྟན་ཏོ། །གཉིས་པ་བསང་མཆོད་ཀྱི་རྣམ་བཞག་དངོས་ལ། ལུགས་སྲོལ་གང་དུ་གཏོགས་ངོས་བཟུང་། དེ་ལ་རྣམ་པར་དཔྱད། ཆོ་ག་དངོས་བཤད་པའོ། །དང་པོ་ནི། སྔར་སྨོས་པ་ལྟར་ཕྱི་ནང་གང་གི་གྲུབ་མཐའ་ལའང་མཚན་དངོས་མ་སྨོས་པ་མ་གཏོགས་མཚན་གཞི་བསང་གི་ཆོ་ག་སྒྲ་ཇི་བཞིན་


JKT004_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་ལ། ཁྱད་པར་སྐབས་སུ་བབས་པའི་དབང་དུ་བྱས་ན་བསང་མཆོད་གྱི་ཆོ་ག་འདི་མདོ་སྔགས་ཐུན་མོང་བའི་ཆོ་ག་སྟེ། མཎྜལ་དང་ཆུ་གཏོར་ལ་སོགས་པ་བཞིན་ནོ། །གཉིས་པ་ནི། ཁ་ཅིག་བོན་ལུགས་སུ་འཆད་མོད། དེ་ལྟ་ནའང་གསས་མཁར་དང་བོང་སོ་བརྩིགས་པ་སོགས་ཐོར་བུར་འདྲེས་པ་ཡོད་ན་མ་གཏོགས། དངོས་གཞི་བོན་གྱི་སྟོན་པ་ལས་བརྒྱུད་པའམ། བོན་ལུགས་ཀྱི་དཀྱིལ་འཁོར་མཆོད་ཡུལ་གྱི་གཙོ་བོར་བཞག་པ་སོགས་མེད་པའི་ཕྱིར་ངེས་པ་མ་མཐོང་ལ། འགའ་ཞིག་སློབ་དཔོན་པདྨ་བསང་བརྔན་གྱི་གཞུང་བོད་དུ་མཛད་པ་བསྒྲགས་ནའང་། བོད་ཀྱི་ལྷ་སྲིན་དྲེགས་པ་དང་གཞི་བདག་སོགས་དམིགས་བསལ་གྱི་ཁ་སྐོང་ཙམ་མ་གཏོགས། དངོས་གཞི་འཕགས་ཡུལ་དུ་མེད་པར་ཁས་བླང་མི་བཏུབ་ཅིང་། སློབ་དཔོན་རིན་པོ་ཆེས་ཀྱང་སྔར་གཏན་ནས་མེད་པ་ཞིག་གློ་བུར་དུ་མཛད་པ་མི་འཐད་པ་དང་། གལ་ཏེ་བོན་གྱི་གཞུང་ལ་གཞིར་བྱས་སོ་ཞེ་ན། སྐྱབས་ཡུལ་དཀོན་མཆོག་གསུམ་བཟུང་བ་སོགས་སྔ་མ་དང་མཚུངས་སོ། །དེས་ན་རང་ལུགས་འཕགས་ཡུལ་གྱི་བཀའ་དང་དགོངས་འགྲེལ་ཁྲོད་ན་དམིགས་གསལ་མི་བཞུགས་པའི་ཁ་ཚོན་ཀྱང་ག་ལ་ཆོད་ཅིང་། བྱེ་བྲག་ཏུ་སྔར་སྨོས་པ་ལྟར་རྒྱུའི་ཐེག་པ་དང་། ག་བུར་ཨ་གར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་བ་ལས་བྱུང་དྲི་ཡི་ཚོགས། །རྣམ་གསུམ་


JKT004_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་དབུལ་བར་བགྱི། །ཞེས་གསུངས་པ་སོགས་སྤྱི་དང་བྱེ་བྲག་ཏུ་བསྟན་པའི་ཚོགས་དེ་དག་ལས། སློབ་དཔོན་པདྨ་ལ་སོགས་མཁས་གྲུབ་རྣམས་ཀྱིས་བསང་མཆོད་ཆོ་ག་ཟུར་དུ་བཀར་བའི་ཚོགས་བསགས་ཀྱི་ཁྱད་པར་དུ་བྱས་པ་ཞིག་ཏུ་ཁས་བླང་བར་རིགས་སོ། །གཉིས་པ་ནི། གཙང་བྱེད་དྲི་ཞིམ་གྱི་མཆོད་སྤྲིན་དེ་ལའང་ལྡོག་ཆས་དབྱེ་ན། བསང་དུད་ཀྱི་ཁ་དོག་བཟང་ཞིང་དྭངས་གསལ་སྒྲིབ་པ་མེད་ཅིང་རྣམ་འགྱུར་སྣ་ཚོགས་སུ་སྟོན་པའི་གཟུགས། ཆོ་གའི་ཚིག་སྦྱོར་དང་། འབུད་དཀྲོལ་བརྡུང་བའི་རོལ་མོའི་འགྱུར་ཁུགས་སོགས་སྒྲ། སྐྱེས་སྦྱར་གྱི་བདུག་སྤོས་བཏུལ་བའི་དྲི། དཀར་མངར་ཇ་ཆང་ཟས་མཆོག་སོགས་དཔག་ཏུ་མེད་པ་སྟོབ་པའི་བཅུད་འཁྱིལ་བའི་རོ། །ཕུན་སུམ་ཚོགས་པའི་དྲི་བསུང་འཇམ་པོས་ལུས་དབང་ལ་རེག་པ་ཙམ་ནས་བདེ་བ་ཁྱད་པར་དུ་སྟེར་བར་བྱེད་པའི་རེག་བྱ་སྟེ་འདོད་ཡོན་ལྔ་དང་། དེས་ཀྱང་མི་མཚོན་པའི་ཏིང་ངེ་འཛིན་གྱི་སྟོབས་ལས་དུད་སྤྲིན་རེ་རེའི་རྩེར་ཡང་ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་སོགས་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་བློས་སྤྲུལ་ནས་འབུལ་བ་སྟེ། རྒྱུ་མཚན་དེ་ལྟ་བུའི་བྱེད་པས་མགྲོན་བཞི་མཉེས་ནས་རང་རང་གི་རྗེས་མཐུན་གྱི་དངོས་གྲུབ་སྟེར་བ་དང་ཚོགས་གཉིས་བདེ་བླག་ཏུ་འདུམས་པར་


JKT004_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ། སྦྱོར་བ་དངོས་གཞི་རྗེས་ཀྱི་ཆོ་ག་གསུམ་ལས། དང་པོ་ནི། གཞུང་སོ་སོ་ནས་འབྱུང་བའི་ཡོ་བྱད་ཉེར་བསྡོགས་སུ་བྱ་བའོ། །གཉིས་པ་ལ། དངོས་གཞིར་བདག་བསྐྱེད་སྤྱན་དྲངས་མཆོད། །ཕྲིན་ལས་ཞུ་ཞིང་ཕྱུ་གཡང་འགུགས། །ཞེས་པའི་དང་པོ་ལའང་། སྔོན་དངོས་གཉིས་ལས། དང་པོ་ལ་ཡང་། མཆོད་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་དང་། བསོད་ནམས་ཀྱི་ཚོགས་བསག་པའི་ཕྱིར་སྐྱབས་སེམས་བྱ་བའོ། །གཉིས་པ་ནི། ཡེ་ཤེས་ཀྱི་ཚོགས་ཀྱི་སླད་སྲ་བྷཱ་བས་སེམས་འོད་གསལ་དུ་བཅུག་སྟེ། དེ་ལས་རང་ཉིད་ཐུགས་རྗེ་ཆེན་པོའམ། པདྨ་སཾ་བྷ་བ་སོགས་ཟུང་འཇུག་གི་སྐུར་ལྡང་བའི་ཐུགས་ཀར་སྔགས་ཕྲེང་བཀོད་པ་སྤྲོ་བསྡུ་དང་བཅས་པས་བཟླས་པ་ཅུང་ཟད་བྱ་བའོ། །གཉིས་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་མགྲོན་བཞིའི་ཚོགས་བཀུག་སྟེ་མདུན་དུ་དགྱེས་བཞིན་བཞུགས་པར་གསལ་གདབ། གསུམ་པ་ལ། འདོད་དགུ་འབུལ་བའི་མཆོད་པ། ཉམས་གྲིབ་སྦྱང་བའི་བསང་མཆོད། བཤགས་པ་འབུལ་པའི་མཆོད་པའོ། །དང་པོ་ནི། བདེན་སྟོབས་བརྗོད་པས་སོ་སོར་བསྔོས་ནས། བྱེ་བྲག་འདོད་ཡོན་རྒྱ་མཚོའི་སྤྲིན་གྱིས་མཉེས་པར་བལྟ་བ་དང་། གཉིས་པ་ནི། ཁྱད་པར་དྲི་ཞིམ་སྤོས་ཀྱི་མཆོད་སྤྲིན་སྐྱེས་སྦྱར་ལས་བྱུང་དུད་པའི་སྣེ་ལས་འདོད་ཡོན་རྒྱ་མཚོའི་ཆར་དུ་


JKT004_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པས་འགྲོན་བཞི་སོ་སོར་དགྱེས་པ་བསྐྱེད་པ་དང་། གསུམ་པ་ནི། རང་དང་སྦྱིན་བདག་འཁོར་བཅས་ཀྱི་ཉམས་གྲིབ་དང་། སྣོད་བཅུད་ཀྱི་ཕྲུ་བཅུད་ལོག་པ་སོགས་རྒྱུ་འབྲས་ཀྱི་མཐུས་དག་ཅིང་སླད་ནས་མི་བྱ་བར་བསྡོམས་པ་སོགས་ཀྱི་སྒོ་ནས་ཉམས་གྲིབ་ཐམས་ཅད་བསང་བར་བྱེད་པའོ། །བཞི་པ་ནི། མགྲོན་བཞི་སོ་སོའི་བྱེད་ལས་དང་མཐུན་པའི་ཕྲིན་ལས་ཞུ་བ་སྟེ་རྟོགས་པར་སླའོ། །ལྔ་པ་ནི། དེ་ལྟར་མཆོད་པའི་མཐུས་མགྲོན་རིགས་རྣམས་དགྱེས་ཤིང་། རྒྱུ་འབྲས་མི་བསླུ་བའི་རྟེན་འབྱུང་གིས་སྣོད་བཅུད་སྡེ་བཞིའི་དཔལ་འབྱོར་ཐམས་ཅད་པདྨར་བུང་བ་འདུ་བ་ལྟར་བསྡུ་བའི་དམིགས་རྣམ་བྱེད་པའོ། །གསུམ་པ་རྗེས་ལ། རྗེས་ནི་བཟོད་གསོལ་གཤེགས་སུ་གསོལ། བཀྲ་ཤིས་བསྔོ་བའི་རྒྱས་གདབ་བོ། །ཞེས་འབྱུང་ངོ་། །སྤྱི་དོན་གསུམ་པ། དེ་ལྟར་སྦྱིན་པ་རྣམ་བཞིས་བསྡུས་པའི་མཆོད་ཚུལ་གྱི་ཆོ་ག་དེས་ནི། གནས་སྐབས་བདག་གཞན་གྱི་སྡིག་སྒྲིབ་ཉེས་ལྟུང་དང་། དམེ་ཡུག་རྩོག་དང་རོ་གྲིབ་ལ་སོགས་གྲིབ་དང་མི་གཙང་བའི་ཉེས་སྒྲིབ་ཀྱིས་ཕོག་པ་ཐམས་ཅད་སྦྱངས་ཤིང་། མཁར་ཁང་བརྩེགས་པ། ཆེ་སར་དབང་བསྐུར་བ། གཞིར་སྡོད་པ། བྱེས་སུ་འགྲོ་བ་ལ་སོགས་པའི་རྣམ་པ་ཀུན་ཏུ་བར་གཅོད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་བྱ་བ་གང་བརྩམས་ཡིད་བཞིན་དུ་འགྲུབ་པར་འཇིག་འདས་ཀྱི་ལྷ་སྲུང་རྣམས་ཀྱིས་


JKT004_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱེད་པའི་མཐུ་དང་། མཐར་ཐུག་ཚོགས་གཉིས་ཀྱི་ས་བོན་ལ་བརྟེན་ཆོས་དང་གཟུགས་ཀྱི་སྐུ་དམ་པ་གཉིས་པོ་ཐོབ་པར་འགྱུར་བ་སོགས་མཐའ་ཀླས་པར་བཤད་དོ། །དེས་ནི་བསང་གི་ཆོ་གའི་རྣམ་པར་བཤད་པ་བྱེ་བྲག་པའི་དོན་ཉུང་ངུར་བསྡུས་ཏེ་བཤད་ཟིན་ཏོ།། ༈ །།གཞན་ཡང་བསང་གི་ཆོ་གའི་རྣམ་པར་བཤད་པ་མང་དུ་མཐོང་མོད། ཅུང་ཟད་ལེགས་བཤད་མང་བ་ནི་མོ་གོལ་གྱི་བླ་མ་ཐུ་འུ་བཀྭན་ཆོས་ཀྱི་རྡོ་རྗེས་མཛད་པ་ཉིད་ལེགས་པར་འཁུམས་ལ། སྨོས་མ་ཐག་པ་ནི་གསར་མའི་ལུགས་གཙོར་བཏོན་གྱི་བཤད་པར་སྣང་ནའང་། ཀུན་གྱི་ཁུངས་སློབ་དཔོན་པདྨ་སཾ་བྷ་བས་མཛད་པ་ཉིད་ལ་སྙེགས་པར་བསྙོན་དུ་མེད་ན། དེ་ཉིད་ཀྱིས་མཛད་པའི་གཏེར་གཞུང་ཚད་ལྡན་ལས་འབྱུང་བའི་རྣམ་བཤད་དང་། ཆོ་གའི་ཁྲིད་རིམ་གཙོ་བོར་བཟུང་དགོས་པར་སྣང་མོད། འོན་ཀྱང་དེང་སང་ནི་འདི་རིགས་ལ་རང་འདོད་ཕྱོགས་ལྷུང་གི་གཏམ་གྱིས་ཡིད་ཚིམ་པ་མང་བའི་ཕྱིར། བདག་ཀྱང་རེ་ཞིག་ལེགས་བཤད་སྨྲ་བ་ལ་སྨྲ་བཅད་བྱེད་པ་ཉིད་ཡི་དམ་དུ་བྱས་སོ། །ཨི་ཏི་པཱ་དི་སཱུརྱ་ལི་ཁི་ཏཾ།། ༈ །།སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་དཀར་པོའི་མཆོད་ཆོག་ལས། བ་ལྕི་ཆུ་དང་བཅས་པ་སྦྱིན་པ་ཡང་དག་བྱི་དོར་ཚུལ་ཁྲིམས་དང་། །སྲོག་ཆགས་ཕྲ་མོའང་བསལ་བ་བཟོད་པ་བྱ་བ་ཉེར་གནས་བརྩོན་འགྲུས་


JKT004_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སེམས་རྩེ་གཅིག་དེའི་སྐད་ཅིག་བསམ་གཏན་རི་མོ་མཛེས་འབར་ཤེས་རབ་ཡིན། །ཐུབ་པའི་མཎྜལ་བགྱིས་ལས་ཕ་རོལ་ཕྱིན་དྲུག་འདི་དག་ཐོབ་འགྱུར་ཞིང་། །ཁ་དོག་གསེར་དུ་འགྱུར་ཞིང་ནད་ཀུན་ལས་ནི་རྣམ་པར་གྲོལ་བར་འགྱུར། །ལྷ་དང་མི་ལས་ཆེས་ལྷག་འགྱུར་དང་ཟླ་བ་ལྟ་བུའི་མཛེས་པ་འབར། །འདིར་ནི་ལུས་ཀྱིས་ལས་བགྱིས་པ་ལས་སངས་རྒྱས་པ་ཡི་ཁྱིམ་དག་ཏུ། །ནོར་དང་གསེར་གྱིས་ཡང་དག་འབྱོར་ཞིང་རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་དང་། དགེ་བ་འདི་ཡིས་བདག་ཉིད་ནི། །སངས་རྒྱས་ཉིད་དུ་མངོན་གྱུར་ནས། །འགྲོ་ཀུན་གཏིང་མཐའ་མེད་པ་ཡི། །སྲིད་པའི་མཚོ་ལས་སྒྲོལ་གྱུར་ཅིག ། ཅེས་སོ། །པཎྜི་ཏ་དཱི་པཾ་ཀཱ་རས་མཛད་པའི་ཏ་རེའི་ནོ་པི་ཀ་རྒྱས་པར། །སྐྱེ་བོ་རྣམས་དང་བརྟེན་པས་སྡུག་བསྔལ་ཁོ་ན་འབྱུང་འགྱུར་གྱིས། །བདེ་བ་འབྱུང་བ་ཐུབ་པས་མ་གསུངས་དེ་ཕྱིར་མཁས་མཆོག་གིས། །སྔགས་གཡོག་དང་ནི་སྒྲུབ་པའི་གྲོགས་མཆོག་གཉིས་ལས་མ་གཏོགས་པ། །སྐྱེ་བོ་འགའ་ཡང་འཇུག་དང་ཕྲད་དང་སྦྱིན་པ་འདུ་འཛི་སྤངས། །སྔགས་ཨ་ཀཱ་རོ་འདིས་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་བྱ་ཕྱག་རྒྱ་ནི། །ལག་གཉིས་ཐལ་སྦྱར་མཛུབ་མོ་དག་གིས་གུང་མོ་འཁྱུད་བྱས་ཏེ། །མཐེ་བོང་གཉིས་ནི་སྙིང་པོར་བྱས་ལ་འདི་ཡི་གསང་སྔགས་མཆོག །བཟླས་དང་གཏོར་མ་སྦྱིན་དང་བསྟིམ་སོགས་ཕལ་ཆེར་སྦྱང་བར་བྱ། ཨོཾ་


JKT004_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོ་ཞེས་དང་། ཤིན་ཏུ་དྲི་ཞིམ་ངད་ལྡན་ཡིད་ནི་དགེ་ལ་མངོན་དགའ་དང་། །ལུས་ནི་རབ་ཡང་གཉིད་ནི་མི་འབྱུང་ཁམས་རྣམས་སྙོམས་པ་དང་། །ཤིན་ཏུ་སྒྲ་སྙན་པ་དང་རོལ་མོའི་སྒྲ་རྣམས་གྲགས་པ་དང་། །མེ་ཏོག་ཆར་འབབ་ཏིལ་མར་བྲལ་བར་མར་མེ་འབར་བ་དང་། །རྨི་ལམ་ན་ནི་འཕགས་རྣམས་མཐོང་དང་དགེ་སློང་བྲམ་ཟེ་མཐོང་། །རྟག་ཏུ་དགེ་བའི་རྨི་ལམ་མཐོང་དང་ཆགས་དང་ཁྲོ་དང་ཟློ བྲལ། །ཡིད་ནི་དགའ་བར་བྱེད་པའི་འོད་ཆེན་ཁང་པར་འབྱུང་བ་སྟེ། །མདོར་ན་ཡིད་ནི་གང་གིས་སྔ་ལས་དགའ་འགྱུར་བཟླས་པ་དང་། །སྒོམ་པ་དག་ལ་བར་དུ་མི་གཅོད་འདི་ནི་མཚན་མ་བཟང་། །ཞེས་དང་། སྨན་མཆོག་བཟའ་བ་མ་ལེགས་ངེས་པར་དུག་ཏུ་འགྱུར་བ་ལྟར། །དངོས་གྲུབ་ལེན་མི་མཁས་པ་རྣམས་ཀྱིས་དངོས་གྲུབ་ཕྱིར་ཕྱོགས་པའམ། །ཡང་ན་སྲོག་གི་བར་ཆད་དག་ཏུའང་འགྱུར་བ་དེ་ཡི་ཕྱིར། །མཁས་པས་དངོས་གྲུབ་བླང་བ་འཁྲུལ་མེད་ཤེས་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས། བླུགས་དང་གཏོར་དང་དག་པར་བྱས་པས་སློབ་དཔོན་ཆེར་འགྱུར་ཏེ། །ཐམས་ཅད་ཀུན་གྱི་རྒྱུད་འཛིན་གཞན་རྣམས་རྒྱུད་ཀུན་ལ་སྦྱོར་བའི། །དངོས་པོའི་རིམ་པ་རབ་རྟོགས་དྲི་མ་རྣམས་ནི་དག་བྱས་ཏེ། །ཡེ་ཤེས་སྒྱུ་མའི་སྣོད་དུ་རུང་བར་རྣལ་འབྱོར་དེ་འགྱུར་ཤོག །ཅེས་གསུངས། སྡོམ་འབྱུང་ལས།


JKT004_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མི་འཕྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་གྱིས་བཟླས་པར་བྱ། །ཡུལ་གཞན་བློ་ནི་འཕྲོ་བ་ཡི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་སོ།། ༈ །།བརྒྱད་སྟོང་པར། ཡུལ་དབུས་ནས་ལྷོ་ཕྱོགས་སུ་དར་བར་འགྱུར་རོ། །ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །ཞེས་དང་། ང་མྱ་ངན་དུ་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་དང་། ཛམྦུ་ཞེས་པ་ནི། ཛན་ལ། བུཀ །ཀ་ལ་ཡན་བཞིན་ནོས་ཀ་ཕྱིས། སྡེ་པ་ལ་སྡེ་པའི་མཐས་ན་མ། དྭི་པ་སྦྱོར་བས་མི་འཇིག །ཛམ་བུ་གླིང་སྟེ་མཚོ་མ་དྲོས་པའི་ཤིང་ཏོག་ཆུར་ལྷུང་བ་ལས་ཛམ་བུ་ནཱ་དའི་གསེར་དུ་འགྱུར་བ་ཡོད་པས་སོ། །བོད་ལ་སྐོར་གསུམ་ནི། པུ་རངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག །ལི། བྲུ་ཤ ། སྦལ་ཏེ་གསུམ་སྐོར་གཅིག །ཞང་ཞུང་། ཁྲི་སྡེ། སྟོད་སྨད་གསུམ་སྐོར་གཅིག་སྟེ་སྐོར་གསུམ། དབུས་ན་དབུ་རུ་དང་གཡོ་རུ། གཙང་ན་གཡས་རུ་དང་རུ་ལག་གཉིས་ཏེ་བར་དབུས་གཙང་རུ་བཞི། མདོ་སྨད་ཁམས་ལ། སྨད་ཁམས་བཏགས་པ་ཁམས་གཅིག །མདོ་སྨད་ལ་གཡར་མོ་ཐང་བཏགས་པ་ཁམས་གཅིག །བཙོང་ཁ་གྱིང་ཐང་བཏགས་པ་ཁམས་གཅིག་སྟེ་ཁམས་གསུམ་ལས་སྨད་ཁམས། རྡུལ་རྫ་ཟེ་


JKT004_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་རབ་སྒང་སྟེ་སྒང་དྲུག །རྒྱ་ནག་རྒྱལ་པོ་གྱིང་གིར་གན་གྱིས་འཕགས་པར། སྟོད་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། དེ་ནས་རྨ་ཆུ་ཁུགས་པ་ཡན་མདོ་སྟོད་མགོ་ནག་མིའི་ཆོལ་བ། དེ་ནས་མཆོད་རྟེན་དཀར་པོ་ཡན་མདོ་སྨད་གྱིར་ལིང་རྟའི་ཆོལ་ཁ་སྟེ་གསུམ་གྱི་བར་པ།། ༈ །།ཇི་སྐད་དུ། གསོལ་གཟིམ་མཆོད་གསུམ་མཇལ་ཡིག་མཛོད་པ་གསུམ། །ཐབས་འདྲེན་གདན་གསུམ་རྟ་རྒྱ་མཛོ་ཁྱི་བཞི། །ཆེན་པོ་ལ་འོས་ལས་ཆེན་བཅུ་གསུམ་སྟེ། །འདི་རྣམས་ཆོས་ཀྱི་རྒྱལ་པོ་ཀྵ ས་སྐྱ་པ། །དཔལ་ལྡན་འཕགས་པའི་རིང་ལ་དར་བ་ཡིན། །ཞེས་སོ། །རིགས་དང་རུས་དང་ཆོ་འབྲང་དང་། ཞེས་པའི་རིགས་ནི་མཁས་མཛངས་དཔའ་བརྟུལ་སོགས་དང་ལྡན་པའི་ཡ་རབས་ཀྱི་སྤྱོད་ཚུལ་ཅི་རིགས་དང་ལྡན་པའོ། །རུས་ནི་རིགས་ཉམས་པ་མིན་པ་གང་ཡིན་པ་དེ་རྒྱུད་ལས་བྱུང་བའོ། །ཆོ་ནི་ཞང་པོའི་རིགས་ཀྱི་འབྱུང་ཁུངས་དང་ལྡན་པའོ། །འབྲང་ནི་བཤད་མ་ཐག་པ་གསུམ་པོ་དང་ལྡན་པས་ཡ་རབས་ཀྱི་འབྲང་བ་འཛིན་པའོ། །ཞེས་སོ། །ཇི་སྐད་དུ། སོ་སོ་རིག་བཞི་ས་དགུ་པ། །མ་ཐོབ་དེ་སྲིད་ཆོས་ཀུན་གྱི། །ངེས་ཚིག་ཤེས་མིན་དེ་ཡི་ཕྱིར། །མཐའ་དག་སྡེབ་སྦྱོར་སུ་ཡིས་ཤེས། །འོན་ཀྱང་ཕྱོགས་།


JKT004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་བརྡ་དག་ཀྱང་། །འབད་པ་དུ་མས་བཙལ་བར་བྱ། །ཡི་གེའི་སྦྱོར་བ་ལ་འཁྲུལ་ན། །དོན་རྣམས་འཁྲུལ་པ་སྨོས་ཅི་དགོས། ཞེས་པས། དེ་ཡང་མིང་གཞི། དེ་ལ་རྟགས་གསུམ་གྱི་དབྱེ་བ། །སྔོན་འཇུག །རྗེས་འཇུག །མི་འཇུག་པ། བྱ་བྱེད་ལས་གསུམ། དུས་གསུམ་གྱི་དབྱེ་བ་རྣམས་སོ་སོར་ངེས་པར་བྱེད་དགོས།། ༈ །།སྨན་བླ་དོན་གྲུབ་པས་མཛད་པའི་སྐུ་གཟུགས་རབ་བྱེད་ཡིད་བཞིན་ནོར་བུ། འཕྲང་ཁ་དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི་སྐུ་གཟུགས་མཆོད་རྟེན་བཅས་ཀྱི་ཆ་ཚད། ཀུན་མཁྱེན་བུ་དང་སྟག་ལོས་མཛད་པའི་ཆ་ཚད་ཀྱི་ཡི་གེ་རྣམས་གལ་ཆེ།། ༈ །།མཆོད་རྟེན་གྱི་ངེས་ཚིག །ཙེ་ཏེ་ཞེས། །དྲན་པ་སྟེ་ཆོས་སྐུའི་ཡོན་ཏན་དྲན་པའམ། ཡང་ན་བསག་པའམ་བསག་ཏུ་རུང་བ་སྟེ་ཡོན་གྱི་ཆོས་བསག་ཏུ་རུང་བར་མཚོན་པའི་ཕྱིར་རོ། །དབྱེ་ན། ཉན་ཐོས་ཀྱི་ཆོས་གོས་བཞི་ལྟེབས་སྟེང་ལྷུང་བཟེད་ཁ་སྦུབས་པ་ལ་འཁར་གསིལ་བཙུག་པ་ལྟ་བུ། རང་རྒྱལ་རྨང་གྲུ་བཞིའི་སྟེང་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་རྣམ་པ་ཅན་ནོ། །ཐེག་ཆེན་ལ། ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་དང་། ཁང་བུ་ལྟ་བུ་དང་། རྒྱལ་མཚན་ལྟ་བུ་སྟེ་གསུམ་གྱི་ཕྱི་མ་ལ་སྐུ་གདུང་ཆ་བརྒྱད་སོགས་སོ། །དེ་དག་གི་ཚད། ཀུན་མཁྱེན་བུ་དང་། བྲང་ཏི་པཎ་ཆེན། སྤྲུལ་སྐུ་འཕྲང་ཁ་བ་རྣམས་ཀྱིས་


JKT004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མཛད།། ༈ །།ཚིག་གཏེར་འགྲེལ་པ་བློ་བརྟན་བཞི་པས་མཛད།། ༈ །།རྒྱན་འགྲེལ་ལས། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་ཟིན་པའི་ཏརྐའི་གཞུང་ལ་མཁས་པ་ནི་རྒྱུ་རིག་པ་ཞེས་བྱའོ། །རྒྱུ་རིག་པ་བྱང་ཆུབ་སེམས་དཔས་འཚོལ་བར་བྱེད་དེ། འདི་ལྟར་ལེགས་པར་སྨྲ་བ་དང་ཉེས་པར་སྨྲ་བ་ཤེས་པར་བྱ་བ་དང་། རྒྱུ་རིག་པའི་གཙུག་ལག་ཤེས་པར་རློམ་པའི་མུ་སྟེགས་ཅན་དག་ཚར་གཅོད་པ་དང་། བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་བྱེད་པ་དང་། དད་པ་བསྐྱེད་པ་རྣམས་ཀྱི་དད་པ་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །ཞེས་སོ། །རྩིས་ལ། ཨངྒིའི་གྲངས་ཀྱི་ཡི་གེ་སྟེ་དེ་དག་འབྲི་བ་དང་། དབྲི་བ་དང་། བསྣན་པ་དང་། བསྒྱུར་བ་དང་། བགོད་པ་སྟེ་ཡི་གེའི་ཡན་ལག་ལྔ་དང་། གཟའ་ཚེས་སྐར་མ་སྦྱོར་བ་བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔའོ། །རྒྱན་ཊིཀ་ལས། ནང་རིག་པ་བྱང་ཆུབ་སེམས་དཔས་འཚོལ་བར་བྱེད་དེ། ཅིའི་ཕྱིར་ཞེ་ན་བདག་ཉིད་ཀྱིས་འཕགས་པའི་ལམ་དང་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་ཉོན་མོངས་སྤང་བར་བྱ་བ་དང་། བྱས་པ་ཆུད་ཟོས་པ་དང་མ་བྱས་པ་འོང་བ་མེད་པ་ཕྱིན་ཅི་མ་ལོག་པ་ཤེས་པར་བྱ་བ་དང་། གཞན་ལའང་མངོན་པར་རྒྱ་ཆེར་བསྟན་པའི་ཕྱིར་འཚོལ་བར་བྱེད་དོ། །ཞེས་སོ།། ༈ །།བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་པས་ཆོས་རྣམས་ཤེས་


JKT004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་པས། ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་གནས་ལ་མཁས་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཁ་ན་མ་ཐོབ་པ་ལས་ལྡོག་པ་དང་། སེམས་ཀྱི་བསླབ་པ་ཐོབ་ནས་དོན་མེད་པའི་འདོད་པ་ཡོངས་སུ་སྤང་བ་དང་། ཤེས་རབ་ཀྱི་བསླབ་པ་ཐོབ་ནས་ཟག་ཟད་མངོན་དུ་བྱས་པའི་མྱང་འདས་ཐོབ་པར་འགྱུར་རོ། །ཞེས་པའི་དོན་ཏོ།། ༈ །།སཱཙྪནི་དམ་པའི་གཟུགས་བརྙན་ཏེ། མཆོད་རྟེན་དང་སཱཙྪ་གཅིག་པ་ལྟར་ན། སྐུ་བྱ་དང་། ཙེ་ཏུ་ཞེས་པ་ལྟར་ན་བསྟོད་བྱའམ། བསོད་ནམས་བསག་བྱར་བཤད་ལ། སྦྱོང་རྒྱུད་ལས་སྡིག་སྦྱོང་དམིགས་བསལ་དང་། རྒྱུད་སྡེ་གཞན་དུ་ཐུན་མཚམས་ཀྱི་བྱ་བར་ཡང་བཤད་ལ། ཞི་བ་འཚོ་སོགས་ཀྱིས་སཱཙྪ་གདབ་པའི་ཆོ་ག་རྒྱས་པ་དང་། མཆོད་རྟེན་དང་སཱཙྪ་གཅིག་པར་བྱས་པའི་ཕན་ཡོན་རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པར་འབྱུང་ལ། གྲགས་རྒྱལ་གྱིས་མཛད་པའི་ཆོས་སྤྱོད་ལས་ཀྱང་གདབ་ཚུལ་རྒྱས་པ་དང་། རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་སྔགས་ཀྱིས་འཇིམ་པ་བྱིན་གྱིས་བརླབས་ནས་དེ་ལ་སཱཙྪ་བཏབ་པས་འཇིམ་པ་དེ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བར་གསུངས་སོ། །ཇོ་དར་གྱི་


JKT004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་གྱ་ལྔ་བྱུང་ཁུངས་དང་ཕན་ཡོན་སོགས་མ་ངེས་ཀྱང་གསུང་རྟེན་སྤྱི་འགྲེའི་ཕན་ཡོན་འབྱུང་བར་སྨོས་མ་དགོས། ལུང་ཐགས་ཡུ་བ་ལ་ཨོ་ཕོག་པ་བྱས་ན་འཐད་པར་གསུངས།། ༈ །།རྫས་བརྒྱད་ལས། གི་ཝང་ནི་མ་ངེས། ཞོ་ནི་ལེགས་སྐྱེས་མས་ཕུལ། དུརྦ་ནི་རྩྭ་འཚོང་བཀྲ་ཤིས་ཀྱིས་ཕུལ། ཚངས་པས་བིལ་པ་ཕུལ་བ་ཁུངས་མ་རྙེད། དུང་དཀར་བརྒྱ་བྱིན་གྱིས་ཆོས་འཁོར་བསྐོར་བའི་གསོལ་འདེབས་རྟེན་དུ་ཕུལ་བ་དང་། ལི་ཁྲི་ནི་བྲམ་ཟེ་སྐར་རྒྱལ་ཞེས་པ་ཤཱཀྱའི་བུ་རབ་ཏུ་མ་བྱུང་གོང་ཙམ་ནས་སམ། སྐུ་མཚལ་བཅད་དུས་ལྟ་བུ་ཞིག་ཕུལ་ལམ། ཡུངས་ཀར་ཀྱང་ངེས་པ་མ་རྙེད་ཚུལ་སྣང་ཡང་། དུརྦ་དང་ཀུ་ཤ་ནོར་བ་ཡིན་ལས་ཆེ།། ༈ །།རྒྱུད་སྡེའི་དུམ་བུ་རྣམ་བཞག་མངོན་རྟོགས་དང་། །སྟོང་ཐུན་གཉིས་ཀྱི་ས་བཅད་བསྟོད་པ་གཉིས། །བདག་མེད་བ་མེད་བསྟོད་པའི་རྣམ་འགྲེལ་པ། །ཀུན་ཏུ་དགོས་པའི་གཞུང་བདུན་འཐོར་མི་བྱ། །ཞེས་དང་། མངོན་རྟོགས་རྒྱས་བཤད་གོང་མའི་དགོངས་རྒྱན། ཕར་ཕྱིན་ལམ་རྫོགས་པར་སྟོན་པ་ཐུབ་པ་དགོངས་གསལ། རྒྱན་གཉིས་འབྱེད་གཉིས། རྒྱུད་བླ་མ་སྟེ་བྱམས་ཆོས་སྡེ་ལྔ། མདོ་སྔགས་ཐུན་མོང་སྟོན་པ་རབ་དབྱེ་བཅས་སོ།། ༈ །།ངོར་པའི་རྒྱུད་གཞུང་བཞི་ཞེས། ལམ་འབྲས། སྡོམ་གསུམ། ཚུལ་དང་པོ་གསུམ་མཛེས་པའི་རྒྱན། ལྗོན་ཤིང་མཛེས་རྒྱན།། ༈ །།དབྱངས་ཅན་


JKT004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐོར། བྲམ་ཟེ་ཕུར་བུ་དང་། ནག་མོའི་ཁོལ་གྱི་བསྟོད་པ་ནི། བྲམ་ཟེ་ཕུར་བུས་མཛད་པའི་སྒྲུབ་ཐབས། ཡང་དབྱངས་ཅན་མ་སྒྲུབ་པར་འདོད་པས་སྡིག་ཏོ་མི་དགེ་བ་སྤངས་ཏེ། ཞེས་སོགས་ཡོད་པ། མཇུག་ཏུ། ཁྲི་འབུམ་ལྔ་སྟོང་བཟླས་པ་བྱའོ། །ཞེས་པ། ཡང་། ན་མོ་སྭ་ར་སྭ་སྟི་བྱཱ༔ ཟབ་མོའི་གདམས་པ་མཆོག་ཏུ་གྱུར་པའི་དངོས་གྲུབ་ཀྱི་གེགས་སེལ། འདི་ལ་དོན་གསུམ་སྟེ། སོགས། གེགས་སེལ་ཟབ་མོ་སྤྱི། ཡང་། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷ་མོ་དབྱངས་ཅན་སྒྲུབ་པའི་སྐབས་སུ་དངོས་གྲུབ་ཆེན་པོ་བཞི་འབྱུང་བ་གེགས་བཞི་འབྱུང་། སོགས། མཐར། དབྱངས་ཅན་མའི་གེགས་སེལ་ཟབ་མོ་སྤྱི། ཡང་། དབྱངས་ཅན་དགའ་བས་སྦྱར་བའི་དབྱངས་ཅན་རྗེས་གནང་དེ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་གེགས་སེལ་བཅས། ཤཱཀྱའི་བཙུན་པ་ཉི་མ་རྒྱལ་མཚན་གྱིས་སྣར་ཐང་དུ་མཛད་པའི་རྗེས་གནང་། ཆོ་ག་ཤེས་རབ་ཀྱི་འཁོར་ལོ་ཐོགས་པ་མེད་པ་འཇུག་པ་ཞེས་བྱ་བ། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་རྗེས་གནང་། དེའི་ཁ་སྐོང་། བུདྡྷ་ལཉྫིས་མཛད་པའི་བསྙེན་ཐབས། བརྒྱུད་འདེབས། བསྟོད་པ་བཅས་སོ། །ཨི་ཏི་ཤྲཱི་ནཱཾ་དྷམ་པཱ་ལེ་ན་བྲུ་ཏཾ།། ༈ །།ཤེས་བྱའི་ཡུལ་ལ་མངོན་སུམ་གྱིས་གནོད་པ་མེད་པ། ཅུང་ཟད་ལྐོག་གྱུར་ལ་དཔྱད་ན་དངོས་སྟོབས་རྗེས་དཔག་གིས་གནོད་པ་མེད་པ།


JKT004_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ལྐོག་གྱུར་ལ་དཔྱད་ན་ལུང་རྣམ་དག་གིས་གནོད་པ་མེད་པ། བསྟན་བཅོས་འགྱུར་རོ་འཚལ་ནི་སྐུ་ཞང་ཆེན་པོ་གྲགས་པ་རྒྱལ་མཚན་པའི་སྲས་ཀྱི་ཐུ་བོ་དབོན་ཆེན་ཀུན་དགའ་དོན་གྲུབ་པས་རྟེན་བཞེངས་ཀྱི་ཕྱི་མོ་སྣར་ཐང་ན་བཞུགས་པ། དེར་མ་བཞུགས་པ་གསར་བསྣན་བཅས་མཁས་གྲུབ་བུ་སྟོན་གྱིས་དཀར་ཆག་རིན་པོ་ཆེ་དབང་གི་རྒྱལ་པོའི་ཕྲེང་བ་བྱ་བ་བརྩམས། དེ་རྗེས་སྐྱིད་ཤོད་ཚལ་གུང་ཐང་དུ་ཞྭ་ལུའི་མ་མོ་ལས། ཚལ་པ་སི་ཏུ་པ་དགེ་བའི་བློ་གྲོས་ཀྱིས་གསར་བསྣན་དང་བཅས། ཀུན་མཁྱེན་བུ་སྟོན་ཆེན་པོས་དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བརྩམས། དུས་ཕྱིས་སངས་རྒྱས་རྒྱ་མཚོས་ལྔ་པའི་ཞབས་བརྟན་དུ་འཕྱིང་དབར་སྟག་རྩེར་བུ་སྟོན་གྱི་མ་ཕྱི་ལས། གསར་བསྣན་དང་། གསར་འགྱུར་བདུན་བརྒྱ་བརྒྱད་ཅུ་ཙམ་བསྣན་ཏེ་བཞེངས་སོ། །དེའི་དཀར་ཆག་ལྔ་པ་རིན་པོ་ཆེས་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བརྩམས། ས་སྐྱའི་མཁས་པ་གཡག་རོང་སོགས་ཀྱི་སྐུ་རིང་ལ། ཚད་མ་མདོ་དང་རྣམ་འགྲེལ་ཚད་མའི་སྐོར།༣ འདུལ་བ་མདོ་དང་མདོ་རྩ་འདུལ་བའི་སྐོར། ཀུན་ལས་བཏུས་དང་མཛོད་གཉིས་མངོན་པའི་སྐོར། ༦ བྱམས་ཆོས་ལྔ་དང་སྤྱོད་འཇུག་ཕར་ཕྱིན་སྐོར༡༢། དབུ་མ་རྩ་འཇུག་བཞི་གསུམ་དབུ་མའི་སྐོར༡༥། རིགས་གཏེར་སྡོམ་གསུམ་༡༧ཚད་


JKT004_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤྱི་ཡི་སྐོར། ཞེས་པོ་ཏི་གྲགས་ཆེན་བཅོ་བརྒྱད་ཅེས་པའི་ཐ་སྙད་བྱུང་།། ༈ །།ལྡེབ་བརྒྱ་སོ་བདུན་མཚམས་རྩིས་དཀར་ནག་སྐོར་བརྒྱུད་པ་ཡོད། བདེ་མཆོག་ལས། ཆོས་ཀྱི་སྐུ་ཆོས་སྐུར་ངོ་ཤེས་པ་འཆི་ཁ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་རྣམ་ཤེས་སྤྱི་གཙུག་ནས་སོང་སྟེ། ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །དེའི་རྟགས་ནི་ཕའི་ཁུ་བའི་ཐིག་ལེ་སྣ་བུག་གཡོན་ནས་མར་འབྱུང་ངོ་། །ཞེས་སོ།། ༈ །།ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལས། ན་མོ་རཏྣ་སོགས་ནས་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ཟློནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་ཡང་བྱང་བར་འགྱུར་རོ། །ལན་གཅིག་བཟླས་བརྗོད་བྱས་ན་ལྟས་ངན་པ་དང་བཀྲ་འི མི་ཤིས་པ་རྣམས་མེད་པར་འགྱུར་རོ། །ལུས་ལ་འཆང་ངམ་གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན་དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། །གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་། བྱ་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱང་རུང་སྟེ་འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཡང་ན་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི་མིང་ནས་སྨོས་ཏེ་དེའི་


JKT004_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བྱམས་པ་དང་སྙིང་རྗེས་ལན་བརྒྱའམ། སྟོང་ངམ། འབུམ་བརྗོད་ན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ་ཐར་བར་འགྱུར་རོ། །སའམ་ཏིལ་ལམ་ཡུངས་ཀར་རམ་ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ། ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་མཆོད་པའམ། ཡང་ན་མཆོད་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་བྲིས་ཏེ་མགོ་ལ་བཏགས་ན། དེ་ངན་སོང་དུ་སྐྱེས་པ་ཡང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །གང་ཞིག་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ལ་གཙང་མར་བྱས་ཏེ། དུས་གསུམ་དུ་གོས་བརྗེ་ཞིང་ཁ་ཟས་མི་ཟའམ། ཡང་ན་ཁ་ཟས་དཀར་བག་ཟ་ཞིང་། སྐུ་གདུང་དང་མཆོད་རྟེན་དུ་གང་གི་མིང་དང་ལྡན་པས་ལན་འབུམ་བཟླས་བརྗོད་བྱས་ན་དེ་ངན་སོང་ལས་ཐར་ཏེ་གནས་གཙང་མའི་ལྷ་ཡི་རིས་སུ་སྐྱེས་ནས་སྒྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པར་བྱེད། ལུས་ཀྱང་སྟོན་ལ། ལེགས་སོ་ཞེས་བྱ་བ་བྱིན་ནས་ལན་གསུམ་བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ། །དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་ལ་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོ་དང་། ཡང་ན་


JKT004_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཀླུང་དུ་བཏང་ན་དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་པར་འགྱུར་རོ། །ཞེས་བྱ་རྒྱུད་རྡོ་རྗེའི་རིགས་ཅན་མི་འཁྲུགས་པའི་གཟུངས་སྔགས་ཀྱི་ཕན་ཡོན་བསྟན་པའོ། །ཤུ་བྷཾ། སྤྱི་བོ་མདུན་རྒྱབ་དཔུང་མགོ་གཉིས། པུས་མོ་གཉིས་ཏེ་གནས་བདུན་ནོ། །ཞེས་སོ།། ༈ །།གནས་བརྟན་རྟོགས་བརྗོད་སྐོར། བྱམས་པ་ལུང་བསྟན་མདོ་རྒྱ་ནག་ནས་འགྱུར་བ་དང་། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད། འཕགས་པ་སོ་སོའི་རྣམ་ཐར་འདུལ་བ་ལུང་དང་མདོ་སྡེ་རྣམས། སྤྱན་འདྲེན་རྒྱ་གར་དང་རྒྱ་ནག་ནས་འགྱུར་བ། པཎ་ཆེན་བྱམས་གླིང་པ་བསོད་ནམས་རྣམ་རྒྱལ་གྱིས་མཛད་པའི་མཆོད་ཆོག །མཆིམས་སྟོན་ནམ་མཁའ་གྲགས་ཀྱི་སྒྲུབ་ཡིག །གཡག་སྡེ་པཎ་ཆེན་དང་། ངག་དབང་སྙན་གྲགས་དཔལ་བཟང་པོས་བྱས་པའི་རྟོགས་བརྗོད། ཇོ་བོ་རྗེས་མཛད་པའི་ཕྱག་མཆོད་ཚིག་ལྷུག་དང་། དེ་ཉིད་མཆིམས་སྟོན་གྱིས་ཚིགས་བཅད་དུ་བྱས་པ། ཁྲོ་ལོའི་ཤཱཀ་ཤཱི་ལ་ཞུས་པ། རྒྱལ་ཆེན་སྡེ་བཞིའི་རྟོགས་བརྗོད་འདུལ་བ་ལུང་གཞི་དང་། མདོ་སྡེ་ལས་བརྒྱ་པའི་སྡོམ་ཚིག་ཀེ་ཡན་ཞེས་པའི་སྐབས་སུ་འབྱུང་ངོ་། །ལྡེབ་༢༢༨ནས་༢༥༡བར་༤ ༤ཡོད།། ༈ །།འཇམ་དབྱངས་ཀྱི་ཕྱག་མཚན་རི་མོའི་ཁ་བྱང་ལ་ལར། རྒྱ་མཁན་པདྨ་སློབ་ཆོས་རལ་གྲི་གསུམ་དང་། སྐ་ཅོག་སོགས་འདབ་ཆགས་མཚོན་བྱེད་དུ་བཤད་སྣང་ནའང་དཔྱད་


JKT004_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའོ།། ༈ །།གཙུག་ཏོར་དྲི་མེད་དཀྱིལ་ཆོག་ལས། །རྨི་ལམ་དང་སོགས་ནས། རྣམ་པར་འཕེལ། ཞེས་པའི་ཚིགས་བཅད་ཤྰཀ༣༤ །ཇི་སྐད་དུ། ལམ་དུ་འཇུག་དུས་ནོར་དང་འབྲུ་རྣམས་སྡུད་པ་དང་། །ནངས་པར་དུས་སམ་ཡང་ན་ཞི་བའི་ལས་བྱེད་དང་། །དགའ་སྟོན་ཀུན་ནས་འཇུག་པར་དགོས་པ་བསྒྲུབ་པ་ནི། །མིང་ཚིག་འདི་དག་མི་ཡིས་རབ་ཏུ་བསྒྲིམས་ཏེ་ཉོན། །ཞེས་སོ། ༈ །བླ་མ་དང་སྤྲུལ་སྐུ་སོགས་ཁྲི་འདོན་གྱི་ཚེ། ཁྲིར་འཁོད་གྲུབ་བསྟུན་སྐྱབས་སེམས་ཁྲུས་གསོལ་དང་སྐུ་ཕྱི་སོགས་སྔོན་དུ་འགྲོ་བས། སྤྱི་དང་བྱེ་བྲག་གི་ལོ་རྒྱུས་དང་སྟོང་ཐུན་ཇི་ལྟར་རིགས་པས་ཐོག་དྲངས། ཚོགས་གཉིས་མཐར་ཕྱིན་མཚན་མཆོག་སོ་གཉིས་དང་། །རབ་མཛེས་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །སྤྲུལ་པའི་འོད་ཟེར་དཔག་མེད་འཕྲོ་བ་ཅན། །ལོངས་སྤྱོད་རྫོགས་སྐུ་ཆེན་པོར་དབང་བསྐུར་རོ། །ཨོཾ་བཛྲ་ཀཱ་སྣ་བདུན་གདངས་ཡ་སིདྡྷི་ཨ་བྷིཥིཉྩམི། །ཉེ་རིང་ཀུན་ལ་སྙོམས་པས་ཚངས་པའི་དབྱངས། །ཐར་ལམ་སྟོན་པ་ལྷ་ཡི་རྔ་བོ་ཆེ། །སྐྱེ་མེད་འགག་པ་མེད་པ་བྲག་ཅའི་གསུང་། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་དབང་བསྐུར་རོ། །ཝཱཀ་ཨ་བྷིཥིཉྩམི། ཆོས་ཉིད་དག་པ་གཉིས་ལྡན་མངོན་དུ་གྱུར། །ཆོས་ཅན་ཇི་སྙེད་དབྱེ་བ་སོ་སོར་གཟིགས། །ཆོས་རྣམས་རྣམ་ཀུན་མངོན་རྫོགས་བྱང་ཆུབ་པའི། །སྒྲིབ་བྲལ་རྣམ་དག་དབྱངས་ཀྱིས་


JKT004_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རོ། །ཙིཏྟ་ཨ་བྷིཥིཉྩམི། སྟོབས་ཉིད་རྡོ་རྗེ་མི་འཇིགས་སེང་གེ་བཞིན། །མ་འདྲེས་མཁའ་དག་ཐུབ་བསྟན་ཆུ་ཟླ་ལྟར། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་རྩ་བཞིར་དབང་བསྐུར་རོ། །གུ་ཎ་ཨ་བྷིཥིཉྩམི། སྣ་བདུན་སྤྱི་ལྟར་དང་། རྫས་བརྒྱད་བསང་སྦྱང་དང་། ཚིག་ལྷུག་ཁ་བསྒྱུར། བརྒྱ་བྱིན་རྔ་སྤྲིན་ཚངས་ཉི་ཡིད་བཞིན་ནོར། །སྒྲ་སྙན་ནམ་མཁའ་ས་གཞི་སྲིད་མཐའི་བར། །འབད་མེད་ལྷུན་གྱིས་གྲུབ་པའི་མཛད་པ་ནི། །རྒྱུན་མི་འཆད་པ་ཉིད་དུ་དབང་བསྐུར་རོ། །ཀརྨ་ཨ་བྷིཥིཉྩམི། བརྟན་བཞུགས་གདངས་བཅས། ཤིས་བརྗོད་རྒྱས་པ་དྲིལ་གསིལ་མེ་ཏོག་འཐོར་པ་དང་བཅས། ཆོས་དུང་རྒྱུན་འབུད་མཛད། ལེགས་འབུལ་རྣམས་རིམ་པར་ཕུལ། ཞེས་སྣང་།། ༈ །།རྒྱ་གར་སྐད་དུ། ས་ཧཱ་ཛ་གཱི་ཏི། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་གླུ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྟོང་པའི་ནགས་སུ་མེ་ཏོག་རབ་རྒྱས་པ། །མེ་ཏོག་གཅིག་ལ་ཁ་དོག་སྣ་ཚོགས་ཏེ། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །དེ་ལ་རྩ་བ་མེད་ཅིང་ཡལ་འདབ་མེད། །གྲོགས་དག་སེར་ཁ་བཟང་པོ་ཕྱོགས་བརྒྱར་ལྟོས། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །གེ་སར་བླངས་པས་སྒྱུ་འཕྲུལ་མཁན་པོ་ཡིན། །


JKT004_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབང་ཕྱུག་ཆོས་ཀྱི་དབྱིངས་ལ་མཆོད། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །མཆོག་དང་དགའ་བྲལ་རྣམ་པར་བརྟགས་ཏེ་ཟུངས། །བླ་མ་དམ་པའི་ཞབས་ལ་གུས་པས་མཆོད། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །རྣལ་འབྱོར་གྱི་དབང་ཕྱུག་ཤཱན་དེ་བས་མཛད་པ་རྫོགས་སོ།། ༈ །། སངས་རྒྱས་ལ་ཕྱག་འཚལ་ལོ། །རྡུལ་ཚོན་དཀྱིལ་འཁོར་བུམ་པ་རྡོ་རྗེ་སོགས། གྲོལ་བར་མི་ལྟ་ཕུང་པོ་འགྲངས་པའི་ཐབས། །ཀ་ན་པས་བརྗོད་དེ་འདྲ་སུ་ཞིག་བྱེད། །ཐམས་ཅད་བརྫུན་པས་བསླུ་བ་ཡིན་པར་འདོད། །ཀ་ན་པའི་གླུ་རྫོགས་སོ། ༈ །ཀྱེ་མ་ཁམས་གསུམ་སེམས་ཅན་རྣམས། །རྣམ་རྟོག་སྒྲོག་གིས་དམ་བཅིངས་ཏེ། །འཁོར་བའི་མྱ་ངན་འདམ་བུ་རུ། །ཕྱོགས་བཅུ་ཀུན་ཏུ་རྣམ་པར་འཁྱམས། །ཨེ་མ་ཁམས་གསུམ་བདེ་བར་གཤེགས། །གདོད་མ་ཉིད་ནས་གྲོལ་བ་ཆེ། །རྣམ་དག་ཞིང་ནི་བདེ་བ་ཅན། །སངས་རྒྱས་རོལ་མོ་རབ་ཏུ་སྟོན། །ཞེས་སོ།། ༈ །།མ་ཧཱ་སུ་ཁ་ཏའི་གླུ་ལས། །ཇི་ལྟར་ཏིལ་ལ་ཏིལ་མར་ཁྱབ་པ་བཞིན། །དེ་བཞིན་ཁམས་གསུམ་འཇམ་དཔལ་སྐུ་ཡིས་གང་། །དེ་ཤེས་ལྷུན་གྲུབ་རྣལ་འབྱོར་སྒོམ་པ་ཡིས། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོངས། །ཞེས་དང་། །ནམ་མཁའི་ནམ་མཁའི་


JKT004_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཅི་འདྲ་བར། །སེམས་ཀྱི་མཚན་ཉིད་དེ་འདྲ་བླ་མས་གསུངས། །བླ་མེད་དོན་དེ་མི་ཤེས་སྒོམ་མི་ནུས། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོངས། །ཞེས་སོ།། ༈ །།ཀླུ་སྒྲུབ་གླུ་ལས། །དར་ནི་ཀྵ ཀུན་རྫོབ་ཡུལ་གྱི་ཤ་རྣམས་བཟའ། །ཤིན་ཏུ་རྣམ་དག་སྟོང་པའི་ཆང་ནི་བཏུང་། །སྐྱེ་འགྲོ་སྐལ་ལྡན་རྣམས་ལ་དོན་འདི་སྟོན། །སྐལ་མེད་རྣམས་ལ་ཤིན་ཏུ་གསང་བར་བྱ། །ཞེས་སོ།། ༈ །།བིནྡྷ། ཐིག་ལེ།། བྷ་བན། ཉམས་ལེན། པྲདྷཱ་ཡ་བྱུ་བཋ་ནཾ། སེམས་ལ་གྲོས་འདེབས་པ་ལས། དམྱལ་བ་རྣམས་ནི་ངུ་འབོད་ཚ་གྲང་སྲོག་ཤིང་འཚིར། །སྲེད་པས་ཕྲག་དོག་ཡི་དྭགས་བཀྲེས་སྐོམ་སྐྱེ་འགྱུར་ལ། །སྙིང་རྗེའི་གནས་ཐོབ་དུད་འགྲོ་ཕན་ཚུན་ཞེ་སྡང་ཆེ། །ལྷ་ཡང་གནས་ནས་ལྷུང་འགྱུར་མི་རྣམས་སྡུག་བསྔལ་མང་། །ཞེས་སོ། །ཡང་། ལོངས་སྤྱོད་སྤྲིན་ཕུང་གློག་ལྟར་རྣམ་པར་གཡོ་བར་འགྱུར། །ཚེ་འདི་རླུང་གིས་བསྐྱོད་པའི་པདྨའི་ཆུ་ལྟར་འཇིག །ལང་ཚོ་རྣམས་ནི་མི་རྟག་དེ་ལྟར་བལྟས་བྱས་ནས། །མཁས་པ་རྣམས་ནི་མྱུར་དུ་ནགས་སུ་འགྲོ་བར་གྱིས། ཞེས་སོ།། ༈ །།སྠཱ་ན་མཱ་རྒ་ཕ་ལ། གཞི་ལམ་འབྲས་བུ།། ༈ །།ནཱ་ད་བིནྡྲ་དྷཱ་རེ། རྩ་རླུང་གི་སྒོ་ནས།། ༈ །།སློབ་དཔོན་ཀུ་ཀུ་རིས། གང་ཞིག་རྣལ་འབྱོར་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །བནྡྷ་ཀ་ཡི་འབྲས་ལྟར་ས་དྲུག་གེ་སར་དབུས། །ཨ་ཀྲྀ་སུ་ཏྲི་པྲ་དུ་ཀ་རིགས་དྲུག་འགགས་


JKT004_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྒོམ། །དབུས་སུ་ཁོང་སྟོང་ཡིག་འབྲུ་དྲུག་པོ་རིམ་གྱིས་ནི། །ཀ་ལ་ཐིམ་པས་སེམས་ཉིད་འགགས་ཏེ་སྐྱེ་བ་མེད། །བསྒྲིབ་བྱ་སྒྲིབ་བྱེད་རང་སེམས་དྲི་མེད་དམིགས་པ་མེད། རྒྱུད་རྣམས་འདུལ་ཕྱིར་གསུངས་ཏེ་རྣལ་འབྱོར་དོན་དམ་མིན། ཞེས་རྣལ་འབྱོར་སྒོམ་པའི་མན་ངག་ལས་སོ།། ༈ །།པྲ་བ། འཛགས་པ། ཏིཎི་ཀ །མུ་སྟེགས།། ༈ །།དྷཱ་ཏུ་ར་སཱ། གསེར་འགྱུར་གྱི་རྩི། ༈ །།ཤ་ས་ན། འདུལ་བ།། ༈ །།ཨ་ཙིན་བསམ་གྱིས་མི་ཁྱབ་པ།། ༈ །།པྲ་ཀྲྀ་ཏི། རང་བཞིན།། ༈ །།སློབ་དཔོན་བཱངྒཱ་ཛས་མཛད་པའི་བླ་མེད་སྦྱོར་བའི་རིམ་པ་ལས། སྟོང་དང་ཤིན་ཏུ་སྟོང་པ་སྟེ། །སྟོང་པ་ཆེན་པོ་གསུམ་པ་ཡིན། །བཞི་པ་རྒྱུ་འབྲས་ཐམས་ཅད་དོ། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །རྫོགས་རིམ་ཡང་དག་ཉེ་བར་འགྱུར། །རྫོགས་པ་ཉེ་བར་མཐོང་བ་ཡིས། །ཐམས་ཅད་སྟོང་པའི་འོད་གསལ་ཡིན། གི །རང་རིག་གསུམ་གྱི་རྣལ་འབྱོར་གྱིས། །རྒྱུད་གསུམ་རྣམ་པར་དག་པར་འགྱུར། །ཞེས་དང་། རྣལ་འབྱོར་དང་པོའི་སྦྱོར་བ་ཡིས། །ས་ནི་བརྒྱད་པོ་ཐོབ་པར་འགྱུར། །འོད་གསལ་གསུམ་ལྡན་རྫོགས་པ་ཡིས། །ཡོངས་སུ་རྫོགས་པའི་ས་ཐོབ་བོ། །ཞེས་སོ།། ༈ །།པྲ་སྤ་ར་ཎཾ། བཀྲམ་པ། མུ་ཁཱ་ག་མ། ཞལ་གདམས་སམ། ཞལ་ལུང་།། ༈ །།རྒྱ་གར་སྐད་དུ། ཨ་ཏི་ཡོ་ག་བྷ་བ་ན་ནཱ་མ་ཨ་ཏི་རྣལ་འབྱོར་གྱི་སྒོམ་


JKT004_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དུར་ཁྲོད་བརྒྱད་ལ་འཇིགས་བྱེད་བརྒྱད། །དུས་མཐའི་མེ་འབར་ཁམས་གསུམ་བསྲེགས། །ཚངས་པའི་སྒོ་ནས་དུ་བ་འཐུལ། །རྒྱ་མཚོ་བསྐམས་ཤིང་པདྨ་འབར། །རྡོ་རྗེ་ཟེ་འབྲུའི་དབུས་སུ་ནི། །ཉི་མའི་གདན་སྟེང་གནས་པ་དེ། །ནམ་མཁའི་འོད་ཆེན་ཧཱུྃ་ཉིད་སྒྲོགས། །མཛེས་པའི་སེམས་ཉིད་རྒྱུ་བ་ཡིན། །རུས་སྦལ་འཐེན་ཅིང་སྒྲ་སྐད་འབྱུང་། །རི་བོང་ཅན་གྱི་མདུད་པ་དཀྲོལ། །ཉམས་མྱོང་དཔའ་བོ་རང་རིག་རྒྱལ། །ལྷན་ཅིག་སྐྱེས་པའི་འཇིགས་པའི་བདག །མགོན་པོ་ཉིད་ནི་བསམ་པར་གྱིས། །དེ་ཉིད་སྙིང་རྗེའི་དཀྱིལ་འཁོར་འཕྲོ། །དེ་ཉིད་དུར་ཁྲོད་མེ་ཡིན་ཏེ། །དེ་ཉིད་སྨྲ་དང་ཟླ་རྒྱུན་འཛགས། །སྐྱེ་རྒ་ཤི་དང་ཁམས་གསུམ་གནས། །རང་རིག་དྲན་ཏེ་དེ་ཉིད་མཐོང་། །འདི་ནི་གཉིས་མེད་དབྱིབས་དང་བྲལ། །དངོས་པོའི་ཆོ་འཕྲུལ་བརྫུན་པ་སྟེ། །སེམས་ཉིད་འཁྲུལ་པས་མ་རྟོགས་སོ། །ཨ་ཏིའི་རྣལ་འབྱོར་རིག་པ་མེད། །ཇི་ལྟར་བཞག་པ་དེ་ལྟར་མིན། །གཉིས་མེད་སེམས་ལ་རྟག་པ་དང་། །ཆད་པར་འགྱུར་པའང་མ་ཡིན་ནོ། །དེ་ཕྱིར་ཉི་ཟླའི་དབུས་སུ་ནི། །ཕྲ་བའི་ཧཱུྃ་ཉིད་བསྒོམ་པར་གྱིས། །ཨ་ཏི་རྣལ་འབྱོར་སྒོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ། ༈ །།ཨ་དྭ་ཡ་ནི་རི་ཀ །གཉིས་མེད་ཀྱི་རྩ་བ། རྣལ་


JKT004_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་བ། རྗེ་བཙུན་བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཅི་ཕྱིར་ཞེ་ན་གང་གིས་གང་ལ་གང་ལྟར་བསྒོམ། །རྟགས་དང་ཡོན་ཏན་བར་ཆད་གེགས་སྐྱོན་བསལ། །དེ་དག་ཤེས་ནས་གོམས་པས་བྱང་ཆུབ་ཐོབ། །མ་ཐོས་མི་གོམས་མི་འགྲུབ་ཡང་ན་འགྱངས། །དང་པོ་ཅི་ཕྱིར་བསྒོམ་པ་གཟུང་འཛིན་གཉིས། །མ་སྤངས་ཇི་བཞིན་མ་བསྒོམ་རྣལ་འབྱོར་པས། །ཕྱག་འཚལ་མཆོད་བཤགས་སྦྱིན་པ་མ་བྱས་ཀྱང་། །དེ་དག་ཤེས་ནས་གོམས་པས་བྱང་ཆུབ་ཐོབ། །བསོད་ནམས་འཕེལ་ཡང་ཡེ་ཤེས་རྫོགས་མི་འགྱུར། །གཉིས་པ་གང་གིས་རྣལ་འབྱོར་དང་ལྡན་པ། །ཐོས་མང་བརྩོན་ཞིང་བྱང་ཆུབ་སྡོམ་གནས་ཤིང་། །མཆོད་དང་སྦྱིན་མོས་བྱང་ཆུབ་སེམས་ལྡན་པ། །དེ་ནི་ཐེག་ཆེན་གསང་བའི་སྣོད་ཡིན་བསྒོམ། །གསུམ་པ་གང་ལ་ཞེ་ན་རང་གི་སེམས། །ཇི་བཞིན་མ་བཅོས་༣ ཡེ་ནས་རྣམ་དག་ཅིང་། །སྤྲོས་བྲལ་ཡོད་མེད་རྟག་ཆད་མཐའ་སྤངས་པ། །དེ་ལ་གཡེངས་བ་མེད་པར་རྟག་ཏུ་གནས། །བཞི་པ་གང་ལྟར་སྒོམ་པ་བསྒོམ་བྱ་དང་། །བསྒོམས་པ་གཉིས་མེད་རང་གི་ངོ་བོ་ལ། །ཅི་ཡང་མེད་ལ་ཅིར་ཡང་སྣང་གསལ་བར། །བྱིངས་རྨུགས་སྤྲོས་པའི་རྟོག་པ་མེད་པར་བསྒོམ། །ལྔ་པ་དེ་རྟགས་རྣལ་འབྱོར་བརྩོན་ལྡན་ལ། །དང་པོ་གཉིད་དང་འདོད་སྲེད་ཆུང་བར་འགྱུར། །དེ་ནས་རིམ་གྱིས་


JKT004_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་འོད་ལ་སོགས། །རྟོག་པ་ཇི་བཞིན་ཆོ་འཕྲུལ་གཟུགས་ཀྱང་སྟོན། །དྲུག་པ་དེ་ཡི་ཡོན་ཏན་བསམ་བརྗོད་པ། །མངོན་སུམ་ཚེ་རིང་ནད་རྣམས་གསོ་བ་དང་། །གེགས་སེལ་ལ་སོགས་ཡོན་ཏན་མང་པོ་འབྱུང་། །དེ་བཞིན་རིམ་གྱིས་བྱང་ཆུབ་ལམ་ལ་འཇུག །བདུན་པ་བར་ཆད་གེགས་ནི་རྣལ་འབྱོར་པ། །གནས་སྤངས་གནས་ཚོལ་གཞན་དུ་འགྲོ་འདོད་ན། །གནོད་སྦྱིན་གཞན་དང་གཞན་དུ་འགྲོ་འདོད་དེ། །རྣལ་འབྱོར་སེམས་ལ་ཞུགས་ནས་གནས་གཞན་འཕེན། །གལ་ཏེ་རྣལ་འབྱོར་བསྒོམ་ཞིང་གནས་བཟུང་བས། །སྨྲ་གཅད་བར་སྐབས་ནང་དུ་གཞན་འཇུག་དང་། །ཕྱིར་བྱུང་ཁེངས་གྲགས་འདོད་བསྐམས་ཟས་ནོར་ཚོལ། །ཡི་དྭགས་འདོད་སྲེད་ཅན་གདོན་དེ་སེམས་ཞུགས། །གལ་ཏེ་རྣལ་འབྱོར་སེམས་འཁྲུགས་འཐབ་འདོད་ཅིང་། །འཁོར་ལ་གཤེ་དང་གཞན་ལ་སྤྱོ་བྱེད་ན། །འབྱུང་པོའི་བདག་པོ་ཡ་བ་ཤོ་ན་པ། །སྒྲུབ་པ་དེ་ཡི་སྙིང་ལ་ཞུགས་པ་ཡིན། །གལ་ཏེ་རྣལ་འབྱོར་འཕྲས་ཤིང་ཉལ་ལ་དགའ། །ཟས་སྐོམ་སྲེད་ཅིང་བཟླས་ལ་མི་བརྩོན་ལ། །ལྟོ་འཕྱེ་ཉལ་བརྩོན་སྙོམས་བྱེད་ཅེས་བྱ་བ། །རྣལ་འབྱོར་སེམས་ལ་ཞུགས་ནས་གནས་པར་བྱེད། །གལ་ཏེ་རྣལ་འབྱོར་རང་གི་ལོངས་སྤྱོད་རྐྱེན། །ཡོ་བྱད་བསྲུང་ཞིང་སོ་འཛུགས་སྲུང་མ་བསྐོ། །གསོག་ཕྱིར་འདོད་ཚོལ་གཞན་དུ་གཏོང་འདོད་ན། །གནོད་སྦྱིན་ནོར་སྲུང་ཞེས་བྱ་


JKT004_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་ཞུགས། །གལ་ཏེ་རྣལ་འབྱོར་ཕ་མ་སྤུན་ཚོགས་ལ། །ཆགས་ནས་སྨོན་ལམ་རིམ་གྲོས་སྲུང་བྱེད་ན། །ལྷན་ཅིག་སྐྱེས་པའི་བག་ཆགས་མ་བྱང་བས། །ཉོན་མོངས་མ་སྤངས་བྱང་ཆུབ་རིང་བར་འགྱུར། །གལ་ཏེ་རྣལ་འབྱོར་གཟའ་སྐར་འཇུག་ཕོད་དང་། །དུས་དང་ལོ་ཟླ་བཟང་ངན་རྩི་བྱེད་ན། །དབྱེར་མེད་མཉམ་པ་ཉིད་དང་འགལ་བས་ན། །བྱང་ཆུབ་ཐོབ་པ་རབ་ཏུ་དཀའ་བར་འགྱུར། །ཟློ གལ་ཏེ་རྣལ་འབྱོར་ཐོག་མར་རྟོགས་ཆེ་ཞིང་། །བསྒོམ་བརྩོན་སྙོམས་པས་བདག་བསྟོད་གཞན་སྨོད་ན། །ཉོན་མོངས་མ་སྤངས་ང་རྒྱལ་འཕེལ་འགྱུར་བས། །ཕྱིར་ཡང་ལྟུང་ཞིང་བྱང་ཆུབ་རིང་བར་འགྱུར། །ཟླ གལ་ཏེ་རྣལ་འབྱོར་བདག་ལ་གཞན་དག་གིས། །སྔོན་དང་ད་ལྟར་མ་འོངས་གནོད་བྱེད་ཅེས། །ཞེ་སྡང་སྐྱེས་ནས་རིག་སྔགས་གསོད་གཏོང་ན། །ཞེ་སྡང་དབང་གིས་བྱང་ཆུབ་རིང་བར་འགྱུར། །གལ་ཏེ་བདག་ལ་གཞན་གྱིས་མཆོད་བཀུར་ཞིང་། །བསྔགས་པ་མང་བརྗོད་བསྟོད་ལ་སེམས་དགའ་ན། །འགྲོ་ལ་ཕྱོགས་ཆར་གྱུར་ཏེ་ཆགས་སེམས་ཀྱིས། །བྱང་ཆུབ་ལམ་ལ་འདིས་ཀྱང་རིང་བར་འགྱུར། །གལ་ཏེ་རྣལ་འབྱོར་འཁོར་མང་འདུ་ལོང་དག །རྒྱལ་པོ་ལྟ་བུར་མང་པོ་བསྟེན་ན་ནི། །ཁེ་གྲགས་ཡིན་པས་སྒོམ་པ་གཡེང་བའི་རྒྱུ། །བྱང་ཆུབ་ལམ་ལས་ཤིན་ཏུ་རིང་བར་འགྱུར། །བརྒྱད་པ་སྐྱོན་བསལ་ཐབས་ནི་རྣལ་འབྱོར་པ། །


JKT004_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བར་ཆད་མཚན་མ་དེ་བྱུང་ན། །འདི་ལྟར་བསམས་ནས་མཚན་རྟོག་བསལ་བར་བྱ། །ཆོས་སུ་ཅིར་སྣང་སེམས་ལས་གཞན་མེད་ཅིང་། །སེམས་ཀྱི་རང་བཞིན་ཆོས་ཉིད་ངོ་བོ་ལ། །བཟང་ངན་སྤོང་ལེན་འདོད་སྲེད་བྱམས་སྡང་སོགས། །རྟོག་དང་རྟོག་པའི་དབང་གིས་གེགས་བྱུང་ན། །སེམས་ལ་བལྟས་ནས་གང་ཡང་མི་སྣང་བས། །སྣང་མེད་སེམས་རྟོག་མཚན་མ་ག་ལ་ཡོད། །བདག་རྟོག་མཚན་མར་སེམས་ལ་བཟུང་ཉེས་པས། །རྟོག་པ་ཐམས་ཅད་སྤངས་ཤིང་རྟོག་མེད་གནས། །རྟོག་པ་མེད་པ་ལ་ཡང་གནས་པ་མེད། །དེ་ལྟར་རིང་དུ་གནས་ན་རྟོག་གེགས་ནི། །མྱུར་བར་ཞི་ནས་ཇི་བཞིན་བསྒོམས་པ་ལ། །བར་ཆད་སེམས་ཀྱི་རྣམ་རྟོག་འབྱུང་མི་འགྱུར། །བྱང་ཆུབ་འབྲས་བུ་མྱུར་དུ་ཐོབ་པར་འགྱུར། རྣལ་འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༈ །།རྒྱ་གར་སྐད་དུ། ལོ་ཀ་ཨ་ཏི་ཏ་སཔ་ཀ་བིདྷི༔ བོད་སྐད་དུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱག་གནས་ཕྱག་བྱེད་ཕྱག་རྣམས་ནི། །གང་ཚེ་ཐ་དད་མི་དམིགས་པ། །དེ་འདིར་བསྔགས་པའི་ཕྱག་ཡིན་ཏེ། །


JKT004_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཕྱག་ཅེས་བརྗོད་པ་ཡིན། །མཆོད་གནས་མཆོད་བྱེད་མཆོད་པ་རྣམས། །གང་ཚེ་སྣ་ཚོགས་མི་དམིགས་པ། །དེ་ཚེ་མཆོད་པ་ཆེན་པོ་སྟེ། །རྡོ་རྗེའི་མཆོད་པ་ཞེས་བརྗོད་དོ། །བཤགས་བྱ་འཆགས་བྱེད་བཤགས་པ་རྣམས། །གང་ཚེ་རྣལ་འབྱོར་པས་མ་མཐོང་། །རང་བཞིན་དག་པར་ཡང་དག་མཐོང་། །དེ་འདིར་བཤགས་པའི་མཆོག་ཡིན་ནོ། །རྗེས་སུ་ཡི་རངས་ཐམས་ཅད་དང་། །བདག་དང་རྗེས་སུ་ཡི་རངས་པ། །རྣལ་འབྱོར་པ་ཡིས་མཉམ་པར་མཐོང་། །རྗེས་སུ་ཡི་རངས་དམ་པ་ཡིན། །སྒྱུ་མས་སྤྲུལ་པའི་སངས་རྒྱས་ལ། །སྒྱུ་མས་སྤྲུལ་པའི་ལུས་ཅན་ཕྱིར། །བྲག་ཅ་ལྟ་བུའི་ཆོས་རྣམས་ནི། །བསྟན་པར་ཡང་དག་བསྐུར་འདེབས་པ། །སྤྲུལ་པ་དག་དང་མཚུངས་པར་ནི། །ཐལ་མོ་སྦྱར་ནས་སྐུལ་བྱེད་ཅིང་། །རྡོ་རྗེའི་རྣལ་འབྱོར་མཉམ་པར་མཐོང་། སྐུལ་བར་བྱེད་པའི་མཆོག་ཏུ་འདོད། །མྱ་ངན་འདའ་བཞེད་སངས་རྒྱས་རྣམས། །འཁོར་བར་སྤྲུལ་པ་བཞིན་དུ་ནི། །སེམས་ཅན་སྤྲུལ་པའི་དོན་གྱི་ཕྱིར། །བཞུགས་པར་གསོལ་འདེབས་དེ་ཉིད་རིག །འཇིག་རྟེན་འདས་པ་ཉིད་ཀྱི་ཕྱིར། །དེ་འདིར་གསོལ་འདེབས་མཆོག་ཏུ་འདོད། །དམིགས་པ་ཐམས་ཅད་འཇུག་པ་ཉིད། །ཐམས་ཅད་འཇིག་རྟེན་པ་ཉིད་ཡིན། །རྫོགས་པའི་བྱང་ཆུབ་རྨི་འདྲ་ལ། །དེ་ཉིད་རིག་པས་རྨི་འདྲར་རིག །རྨི་འདྲའི་སྲིད་པར་གནས་པ་ཡི། །


JKT004_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་ཕན་བཏགས་ཕྱིར། །ཆོས་ཀྱི་དབྱིངས་སུ་དཔག་མེད་པར། །དགེ་བ་ཐམས་ཅད་ཡོངས་བསྔོ་ན། །དེ་འདིར་བསྔོ་བ་དམ་པ་ཡིན། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་མཛད་པ་རྫོགས་སོ།། ༈ །།རྒྱ་གར་སྐད་དུ། བི་ཤུདྡྷ་དཆ་ན་ཙརྱ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། །ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །རྨི་ལམ་ལྟ་བུར་ཕྱི་རོལ་མིན། །སྒྱུ་མ་ལྟ་བུར་བདེན་དོན་མིན། །ནམ་མཁའ་ལྟ་བུར་མཚན་ཉིད་བྲལ། །ཆོས་ཀུན་རང་བཞིན་འོད་གསལ་བའོ། །འགྲོ་འོང་གནས་མེད་བྱང་ཆུབ་སེམས། །རྒྱ་ཆེན་སེམས་ཅན་དོན་ལ་མཁས། །ཚོགས་གཉིས་དབྱེར་མེད་ལམ་གྱི་མཆོག །སྟོང་ཉིད་སྙིང་རྗེའི་སྙིང་པོ་བསྒོམ། །ལྷ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ་ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཁྲོ་ཕུ་བཟང་ལུང་དུ་བསྒྱུར་བའོ།། ༈ །།རྒྱ་གར་སྐད་དུ། ཙིཏྟ་རཏྣ་བི་ཤོ་དྷ་ནཱི་མརྒ་ལཾ། བོད་སྐད་དུ། སེམས་རིན་པོ་ཆེ་སྦྱོང་བའི་མན་ལམ་འབྲས། ངག་ཅེས་བྱ་བ། །


JKT004_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ། །རྙེད་དཀའ་དལ་འབྱོར་མྱུར་དུ་འཇིག །ལས་དང་དེ་འབྲས་སྡུག་བསྔལ་ཡིན། །དེ་སྤངས་ཤེས་རབ་སྙིང་རྗེ་བསྒོམ། །སྐྱེས་གསུམ་ལམ་གྱིས་དོན་གསུམ་འཐོབ། །དམ་པ་གསུམ་གྱིས་བསོད་ནམས་བསགས། །རྒྱ་ཆེན་ཐབས་ཀྱིས་ཡང་དག་སྤེལ། །ཤེས་རབ་ཟབ་མོ་རྣམ་དག་བྱ། །ཟུང་འཇུག་བསྔོ་བས་རྒྱས་གདབ་བོ། །ཁ་ཆེའི་རིགས་ལས་བལ་ཡུལ་དུ་སྐུ་འཁྲུངས་པའི་པཎྜིཏ་ཆེན་པོ་དཔལ་ལྔ་རིག་པའི་མཆོག་བུདྡྷ་ཤྲཱིཛཱ་ནའི་ཞལ་སྔ་ནས་གསུངས་པའི་སེམས་རིན་པོ་ཆེ་སྦྱོང་བའི་ལམ་འབྲས་ཞེས་བྱ་བ་རྫོགས་སོ། །མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ་ཡམ་འགལ་གྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། ༈ །།རྒྱ་གར་སྐད་དུ། བྷནྡྷ་བི་མུཀྟ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཆིང་བ་རྣམ་གྲོལ་གྱི་མན་ངག་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀྱེ་ཧོ། །གང་གིས་འཆིང་བར་བྱེད་པའི་རྒྱུ། །དེ་ཉིད་གྲོལ་བར་བྱེད་པའི་ལམ། །འདི་ནི་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེས་གྲོལ་བའོ། །འདོད་ཆགས་བདེ་བ་ཆེན་པོར་དག །ཞེ་སྡང་འོད་གསལ་མེ་ཆེན་འབར། །གཏི་མུག་རྣམ་པར་མི་རྟོག་ཉིད། །དུས་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ། །འཆིང་བ་རྣམ་གྲོལ་གྱི་མན་ངག་ཅེས་བྱ་བ། རྣལ་འབྱོར་


JKT004_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་ཕྱུག་ཤྲཱི་ཛཱ་ག་ཏཱ་མི་ཏྲ་ཨཱ་ནནྡའི་ཞལ་སྔ་ནས་གསུངས་པ་རྫོགས་སོ། །རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ་གུ་ལང་གསེར་ཁང་དུ་བསྒྱུར་བའོ།། ༈ །། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་ལས། གཞན་དག་རྡོ་རྗེ་རྩེ་མོ་གཙོ་བོར་གྱུར་པའི་བྱ་བ་དང་སྤྱོད་པ་གཙོ་བོར་གྱུར་པ་ལས་ཀྱང་། གཉིས་སུ་མེད་པའི་དོན་ཁོང་དུ་ཆུད་@ཅིང་དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷ་དང་ཡེ་ཤེས་ཀྱི་ལྷ་དང་དབང་པོའི་སྒོ་མཉམ་པར་སྦྱར་ནས། དཀའ་ཐུབ་དང་དཀའ་སྤྱད་དང་ཁྲུས་ལ་སོགས་པའི་ལས་གཙོ་བོ་མི་འཛིན་པས་འགྲུབ་པར་གསུངས་ཏེ། དེ་སྐད་དུ་ཡང་། ཁྲུས་དང་གཙང་སྦྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །སངས་རྒྱས་རྣམས་དང་སེམས་དཔའ་ཆེ། །རྟག་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། གཞན་ཡང་ཐིག་ལེ་མཉམ་གནས་ཀྱི་རྒྱུད་ལས། བདེ་བ་ཆེན་པོའི་ངང་གནས་ན། །དམ་ཚིག་མེད་ཅིང་སྡོམ་པའང་མེད། །བྱ་དང་བྱེད་དང་སྩོལ་བའང་མེད། །ནམ་མཁའ་ལྟ་བུར་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། བྱང་ཆུབ་སེམས་འབྱུང་བའི་རྒྱུད་ལས། །བྱང་ཆུབ་སེམས་ལ་མཉམ་གནས་ན། །དམ་ཚིག་སྡོམ་པ་ཉམས་མ་ཡིན། །ཞེས་འབྱུང་བ་དང་། །ཐུགས་གསང་བའི་རྒྱུད་ལས་ཀྱང་། །སྤྲོས་མེད་ཐིག་


JKT004_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་ངང་གནས་ན། །བྱ་བ་མ་ཡིན་སྤྱད་ཀྱང་འགྲུབ། །ཅེས་འབྱུང་བ་དང་། རྟོག་པ་ཡོངས་སུ་ཟད་པའི་རྒྱུད་ལས་ཀྱང་། །དམ་ཚིག་ལ་སོགས་བརྟགས་པས་འཆིང་། །སྒྱུ་མའི་སྦྱོར་ཤོས་སྟོང་པས་འགྲུབ། །ཅེས་འབྱུང་བ་དང་། མཁའ་འགྲོ་མ་གསང་བ་མཛོད་ལས་ཀྱང་། འདི་ལྟར་སྣང་བའི་དངོས་པོ་རྣམས། །སྒྱུ་མ་ལྷ་དང་ལྷ་མོར་གནས། །བསྡམ་བྱ་མེད་ཅིང་སྡོམ་བྱེད་མེད། །རྩ་དང་རླུང་དང་ཐིག་ལེ་མེད། །སྟོང་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། གཞན་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ལས་ཀྱང་བདེ་བ་ཆེན་པོའི་དོན་རྟོགས་ན། སྨྱུང་བར་གནས་པ་ལ་སོགས་པ་དམན་པའི་སྤྱོད་པར་བཤད་པས་ན་ཟབ་མོ་རྡོ་རྗེ་ཐེག་པ་རྣམས་ཀྱིས་ནི་རང་བཞིན་གྱིས་གནས་པའི་ལྷའི་སྦྱོར་བས་རྟག་པར་ཐིག་ལེ་ཆེན་པོ་མཉམ་པ་ཉིད་ལ་གནས་ན། དངོས་གྲུབ་ཀྱི་མཆོག་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་ཐོབ་པར་འགྱུར་རོ། །གཞན་དག་བྱ་བ་དང་སྤྱོད་པའི་རྒྱུད་རྡོ་རྗེ་ཐེག་པ་མ་ཡིན་ནམ། །དེ་དག་ལས་ནི་ལས་དང་བྱ་བས་འགྲུབ་པར་བཤད་ན། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་ཀྱང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱིས་ཐམས་ཅད་མཁྱེན་པའི་རྒྱུའི་གཙོ་བོར་གསུངས་པ་དང་འགལ་ལོ་ཞེ་ན། །དེ་དག་ནི་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་བཤད་པ་ཡིན་ནོ། །བུས་པ་བློ་


JKT004_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་དང་། སྤྲོས་བཅས་ལ་དགའ་བ་དང་། ཤིན་ཏུ་ཟབ་མོའི་དོན་ལ་འཇིགས་པ་རྣམས་གཟུང་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་སྐད་དུའང་གསང་སྔགས་ཀྱི་དོན་ལ་དེ་ཁོ་ན་ཉིད་འཇུག་པ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །སྒོམ་པ་ལྷག་མ་དེ་དོན་ཡིན། །ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན། །ཐེག་པ་དམན་ལ་བསྟན་པ་ཡིན། །ཞེས་འབྱུང་བ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་དེ་ཉིད་ཚོལ་ལ་ཐོག་མར་ནི། ཐམས་ཅད་ཡོད་ཅེས་རྗོད་པར་བྱེད། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་དོན་ཉིད། །ཅེས་བཤད་པས་སོ། །གཞན་དུ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང་། ལག་ན་རྡོ་རྗེ། ངས་སེམས་ཅན་རྣམས་ཀྱི་བློ་ཡི་ཁྱད་པར་དང་། རིགས་ཀྱི་བྱེ་བྲག་གིས་ཐེག་པའི་ཁྱད་པར་རྣམས་བསྟན་ཏེ། ལ་ལ་ལ་ཕྱི་རོལ་པའི་ཚུ་རོལ། ལ་ལ་ལ་ཉན་ཐོས་ཀྱི་ཐེག་པའོ། །ལ་ལ་ལ་རང་སངས་རྒྱས་ཀྱི་ཐེག་པ་དང་། །གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། །རིག་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་བསྟན་ཀྱང་། ཐིག་ལེ་ཆེན་པོ་ཡི་གེ་མེད་པ། བརྡ་དང་བྲལ་བས་གཉིས་སུ་མེད་པས་སངས་རྒྱས་པར་རིག་པར་བྱའོ། །ཞེས་གསུངས་པས་གསལ་བར་བྱས་པ་རིག་པར་བྱའོ། །གཞན་ཡང་རྡོ་རྗེ་རྩེ་མོ་ལ་སོགས་པའི་ཁུངས་དང་། རྡོ་རྗེ་གཙུག་ཏོར་ལས་ཀྱང་དེ་ཁོ་ན་ལ་མཉམ་གནས་ན། དམ་ཚིག་


JKT004_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་སྔར་སྤྱད་མེད། །རྡོ་རྗེ་དྲིལ་བུ་བཟུང་མི་དགོས། །དེ་ཉིད་བཅུ་བྲལ་འགྲུབ་པར་འགྱུར། །ཞེས་འབྱུང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་རྣམས་ནི་སྤྲོས་པ་དང་བཅས་པ་སྟེ་མཚན་མར་རིག་པར་བྱའོ། །དོན་དམ་པ་ནི་ཆོས་ཀྱི་དབྱིངས་རྒྱལ་བ་རྣམས་ཀྱི་ཡུམ་མོ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞན་ཡང་རྡོ་རྗེ་འཛིན་པ་ནི་དམ་ཚིག་སྤྱོད་པས་ཐོབ་པ་མ་ཡིན་ཏེ། ཡང་དག་པའི་ལྟ་བ་དང་བྲལ་བས་རིག་བྱེད་གསང་ཚིག་གི་ཆོ་ག་བཞིན་ནོ། །དེའི་ཕྱིར་ན་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ལུས་ངག་གི་སྤྱོད་པ་དང་དམ་ཚིག་ལ་སོགས་པ་ཐེག་པ་འོག་མའི་ཚུལ་ཡིན་ཏེ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ནི་དམ་ཚིག་དང་བྱ་སྤྱོད་ལ་སོགས་པ་མི་དགོས་ཏེ། དེ་ལྟར་རྟོགས་པ་ནི་ཟབ་མོའི་དོན་ཁོང་དུ་ཆུད་པ་ཡིན་ནོ། །ཞེས་སློབ་དཔོན་གཞན་དག་ཟེར་རོ། །དེ་ཡན་ཆད་ངེས་དོན་ནོ། །ཞེས་གསུངས་ཤིང་གཞུང་འདི་ཐོག་མར་རྒྱ་བརྩོན་སེང་དང་། རིན་ཆེན་གྲགས་པས་ཀྱང་བཅོས་པའི་ཕྱིར་ཚད་ཐུབ་ཏུ་མངོན་ནོ།། ༈ །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམ་པ་ཉེར་བསྟེན་གཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟག །འདོད་ཕྱིར་གཞན་ལ་གནོད་པ་སྤངས། །དཀོན་མཆོག་ལ་སོགས་ནོར་བ་མིན། །གཞན་དོན་སྐད་ཅིག་ཡལ་མི་དོར། །


JKT004_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མིན་པར་དགེ་མི་འཇུག །རྣམ་ཤེས་འཕོ་བའི་དེ་ཉིད་མཁས། །གཞན་དུ་ཡན་ལག་ཉེས་པའོ། །ཡན་ལག་གི་ཉེས་པ་བདུན་རྫོགས་སོ།། ༈ །།སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའི་དབང་བསྐུར་བའི་ངེས་པ་བསྟན་པ་ཞེས་བྱ་བ་ལས། དེ་བས་བསྒྲུབ་བྱ་ཟག་མེད་པ། །ཉམས་པ་མེད་པ་བླ་མེད་པ། །བདེ་བ་དྲི་མེད་ནམ་མཁའ་འདྲ། །འགྲོ་བའི་དོན་ནི་མཛད་སྤྱོད་པའོ། །ཟླདེ་ཉིད་སྐྱོབ་པ་རྣམས་ཀྱི་སྐུ། །ཆོས་ཀྱི་སྐུ་ཞེས་དྲན་པར་བྱ། །དེ་ལ་བརྟེན་ནས་སྤྲུལ་སྐུ་ནི། །ལོངས་སྤྱོད་སྤེལ་པའི་མཚན་ཉིད་དོ། །དེ་ལ་བརྟེན་ནས དོན་དག་བསྒྲུབ་བྱའི་ཕྱིར། །གཞན་དུ་དེ་ཡང་དགོས་པ་མེད། །ཞེས་དང་། ལུས་དང་ངག་ཡིད་དབྱེ་བ་ཡིས། །གསང་བ་འདུས་པར་དབང་བསྐུར་བ། །མགོན་པོས་རྣམ་པ་གསུམ་དུ་བསྟན། །བཞི་པ་ཞེས་བྱ་མི་འདོད་དོ། །ཞེས་སོགས་དྲངས་ཏེ་གསུམ་པའི་བདེ་བ་དེ་ཁོ་ན་ཆོས་ཀྱི་སྐུ་ཡིན་ལ། དེ་ལས་སྐུ་གཉིས་པོ་སྐྱེ་བའི་ཕྱིར་ན་ཐབས་ལ་མཁས་པའི་ཁྱད་པར་དང་བཅས་པས་བསྒྲུབ་པའི་ཕྱིར། གསུམ་པ་ལས་གཞན་དུ་བཞི་པ་མི་དབྱེ་ཞིང་། འདོད་ན་ཐབས་མེད་པས་བདེ་བ་དང་བྲལ་བའི་སྟོང་པ་ཙམ་ནི་ཕར་ཕྱིན་གྱི་ཐེག་པ་ཉི་ཚེ་བར་གསུངས་པའི་བཤད་པ་རྒྱས་པར་སྣང་སྟེ་རྣམ་དཔྱོད་དང་ལྡན་པ་དག་གིས་ཤེས་རབ་


JKT004_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མིག་སྒྲུབས་ཤིག། ༈ །།ཡང་། ཕྱག་རྒྱ་ལ་རེག་པས་སོགས་འདུ་བྱ་བ་སྲ་བའི་བག་ཆགས་ཏེ། དེའི་དགའ་བ་ནི་རྣམ་པར་སྣང་མཛད་ཡབ་ཡུམ་མམ། གཏི་མུག་རྡོ་རྗེ་སྟེ་བསྙེན་པའི་མཚན་ཉིད་ཅན་གྱི་ཡན་ལག་དང་པོའོ། །དེ་སྐད་དུ། བསྒྲུབ་བྱ་སྒྲུབ་པའི་སྦྱོར་བ་ནི། །གང་ཡིན་བསྙེན་པ་ཡིན་པར་འདོད། །ཞེས་སོ། །གང་གིས་རྡོ་རྗེ་དང་པདྨ་གཉིས་སུ་མེད་པར་བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་དག་ཟློབྱེ་ཞིང་བྲལ་བའི་བདག་ཉིད་ལ་རྒྱབ་ཀྱིས་ཕྱོགས་པ་གང་དམིགས་པར་གྱུར་པ་དེ་ཆུའི་ཁམས་ཀྱི་ངོ་བོ་ཉིད། དེ་ལས་སྐྱེས་པའི་དགའ་བ་ནི་མི་བསྐྱོད་པ་ཡབ་ཡུམ་མམ། ཞེ་སྡང་རྡོ་རྗེ་དང་ཉེ་བར་སྒྲུབ་པའི་ཡན་ལག་སྟེ་གཉིས་པའོ། །དེ་ཡང་། རྡོ་རྗེ་པདྨ་མཉམ་སྦྱོར་བ། ཉེ་བའི་བསྙེན་པ་ཡིན་པར་འདོད། ཞེས་སོ། །རྗེས་ཐོག་དེར་པདྨའི་ནང་དུ་བཙུད་པ་ལ་ཞེན་པ་དང་། དེའི་ཚེ་གཙུབས་པ་ལས་དྲོ་བར་གྱུར་པ་ནི་མེའི་ཁམས་ཏེ། གང་ལས་སྐྱེས་པའི་དགའ་བ་འོད་དཔག་མེད་ཡབ་ཡུམ་མམ། འདོད་ཆགས་རྡོ་རྗེ་དང་། སྒྲུབ་པ་ཞེས་བྱ་བའི་ཡན་ལག་སྟེ་གསུམ་པའོ། །དེ་ཡང་། སྒྲུབ་པ་བསྐྱོད་པ་ཡིན་པར་བཤད། །ཧཱུྃ་ཕཊ་དང་ནི་ལྡན་པའོ། །ཞེས་གསུངས་པས་སོ། །རྒྱུ་དེས་ཐབས་ཤེས་ལྷག་པར་ཆགས་ཤིང་མངོན་པའི་ང་རྒྱལ་གྱིས་རྩེད་མོའི་བདེ་བས་ཚོར་བ་མྱོས་ཤིང་དགའ་བར་གྱུར་པ་གང་ཡིན་པ་ནི་བཅོམ་ལྡན་འདས་


JKT004_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་སེམས་ལས་བྱུང་བ་ཡིན་པ་དང་། འདོད་ཆགས་སུ་མཉམ་པས་སྔ་མའི་ཁོངས་སུ་བསྡུ་སྟེ་ཡན་ལག་ལོགས་ཤིག་མེད་དོ། །དེ་ཡི་རྗེས་ལ་ཤེས་རབ་དང་ཐབས་གཉིས་སུ་མེད་པར་སྣང་བ་ཤིན་ཏུ་བསྒོམས་པ་ལས་བྱུང་བའི་མཆོག་ཏུ་དགའ་བ་རོ་མཉམ་པར་གྱུར་པ་ན། མཆོག་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་ངོ་བོ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་། དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་མཉམ་དུ་བྱང་ཆུབ་སེམས་ཀྱང་ནོར་བུར་སྐུལ་བར་བྱེད་པས་ན་རླུང་གི་ཁམས་དང་། ཕྲག་དོག་རྡོ་རྗེ་སྟེ། ངེས་པར་འབྲས་བུ་ལྡན་པར་གྱུར་པས་ན་སྒྲུབ་པ་ཆེན་པོའོ། །དེ་ཡང་། རང་བདེ་ངོ་བོ་ཉིད་དང་བཞི། །སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་སོ། །དེ་ལྟར་ཡང་། །བསྙེན་པའི་སྒྲུབ་པ་དང་པོ་སྟེ། གཉིས་པ་ཉེ་བར་སྒྲུབ་པ་ཡིན། །སྒྲུབ་པ་ཉིད་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་དང་། མཆོག་དང་དགའ་བྲལ་དབུས་སུ་ནི། །མཚོན་ཞིང་ལྟོས་ལ་བརྟན་པར་གྱིས། །ཞེས་གསུངས་སོ། །ཞེས་པའང་གཞུང་དེའི་དགོངས་དོན་ཉེ་བར་བསྡུས་པ་འདི་ལ་གནད་གལ་པོ་ཆེ་ཡོད་དོ།། ༈ །།རྒྱ་གར་སྐད་དུ། བཱདྱ་ཨན་ར་ཨ་མྲྀ་ཏ་ཀལྤ་ནཱ་མ། བོད་སྐད་དུ། ཕྱི་ནང་བདུད་རྩིའི་བཅུད་ལེན་ཞེས་བྱ་བ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྒྱུན་ཆད་བདུད་རྩིའི་གསང་བ་བཅུད་ལེན་གྱིས། །ཉམས་ལེན་


JKT004_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་དེ་ཡི་སྨན་སྦྱོར་དང་། །ཉམས་སུ་བླངས་ན་ཚེ་རིང་གྲུབ་པ་ཐོབ། །དེ་ཕྱིར་བདག་ཉིད་སྒྱུ་རའི་ཉམས་ལེན་བཤད། །རྣལ་འབྱོར་ཕྱི་ཡི་ཉམས་ལེན་བྱེད་ན་ནི། །བདུད་རྩི་ལྔ་ཡིས་རང་ལུས་དག་པར་བྱས། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་ལྡན་དང་། །འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས། །རང་གི་ལུས་གནས་ཉམས་ལེན་ཤེས་པ་མེད། །ཤཱ་མ་ཀཱི་ཡི་རྒྱུད་བཏུས་ཉམས་ལེན་བཤད། །རྣམ་སྣང་བླངས་ལ་རྡོ་རྗེའི་ཆུ་ཡིས་དཀྲུགས། །བཙིར་ནས་སྣོད་ཀྱི་ནང་དུ་ཐུན་ཕྱེད་བཞག །བྱིན་རླབས་མཆོད་བྱ་རླུང་མེད་ས་རུ་བརྡུངས། །རླུང་ནད་ཅན་ལ་བུ་རམ་སྦྱར་བར་བྱ། །བད་ཀན་ཅན་ལ་ཚ་བ་གསུམ་དང་སྦྱར། །དྲི་མེད་རྣམ་སྣང་བཙིར་ནས་གྲིབ་སྐོམ་བྱ། །ཞིབ་པར་བཏགས་ནས་མར་དང་སྦྲང་རྩི་སྦྱར། །མི་བསྐྱོད་པ་ཡིས་སྦྲུས་ནས་བཟའ་བཏུང་བྱ། །ཤ་དང་འོ་མ་བཟའ་ཞིང་ཆང་རྣམས་སྤང་། །རྣམ་སྣང་ཉམས་ལེན་བདག་ཉིད་བྲུ་རིས་སྨྲས། །མི་བསྐྱོད་བསྐོལ་ནས་མར་དང་ཁ་ར་སྦྱར། །གྲང་བར་བྱས་ནས་རྣལ་འབྱོར་བཏུང་བར་བྱ། །ཆང་དང་བུད་མེད་སྤངས་ན་ཟླ་དྲུག་འགྲུབ། །མི་བསྐྱོད་བཅུད་ལེན་སྒྱུ་རིས་སྨྲ་བར་བྱེད། །རིན་ཆེན་འབྱུང་ལྡན་གན་དྷི་དངུལ་ཆུ་དང་། །ར་ཡི་འོ་མ་སྦྲངས་དང་བྷི་ཏ་སྟེ། །ཞིབ་པར་བཏགས་ནས་ཀ་ར་ལ་སོགས་སྦྱར། །མར་ཁུ་བཏོན་ནས་རྣལ་འབྱོར་ལུས་ལ་བྱུགས། །སྨན་རྣམས་


JKT004_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་དུས་ཁེངས་པའི་དུས་སུ་བཏང་། གཞན་དང་མི་འདྲ་བྷུ་རི་སྟོབས་སྐྱེས་སོ། །དབྱར་ཟླ་གསུམ་ལ་དོན་ཡོད་གྲུབ་པ་ཡི། །ཨ་རུ་ར་དང་སྨན་ཚ་སྦྱར་ལ་བཟའ། །སྟོན་གསུམ་ཀ་ར་ཨ་རུ་ར་སྦྱར་ནས། །རྣལ་འབྱོར་པ་ནི་ལྟོ་སྟོང་དག་ལ་བཟའ། །དགུན་གསུམ་འབྲས་བུ་གསུམ་དང་སྦྱར་ལ་བཟའ། །དཔྱིད་གསུམ་མར་སྦྱངས་འབྲས་བུ་གསུམ་སྦྱར་བཟའ། །དོན་ཡོད་གྲུབ་པའི་རྣལ་འབྱོར་བཅུད་ལེན་པས། །ནད་རྣམས་སེལ་ཞིང་དོན་རྣམས་གྲུབ་པར་བྱེད། །ཤིང་མངར་སྦྲངས་མར་འོད་དཔག་མེད་པ་འབྲས་བུ་གསུམ། །ཅོང་ཞི་དང་སྦྱར་ཟོས་ན་ནད་རྣམས་སེལ། །ཅིས་ཀྱང་རྣལ་འབྱོར་བླ་མའི་ཞལ་ལ་ལྟོས། །འོད་དཔག་མེད་ཀྱི་བཅུད་ལེན་སྒྱུ་རིས་སྨྲས། །ཟླ་བ་དྲུག་ནས་རྣལ་འབྱོར་རུ་རྟ་བཀོལ་ལ་བཏུང་། །དཀར་གསུམ་མངར་གསུམ་ལ་བརྟེན་དབང་ལག་ཆུ་བཀོལ་བཏང་། མདོར་ན་ཅི་དགོས་ཁ་ཟས་རིམ་གྱིས་སྤངས། །བྲག་ལ་སྦྱར་ནས་བྷ་རིས་བསྟེན་པར་བྱ། །ཁ་ཟས་རྒྱུན་ཆད་བཤད་ནས་གསང་བ་བཤད། །སྙིང་གའི་དབུས་སུ་ཡི་དམ་ལྷ་ཉིད་ནི། །རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་ལྡན། །སེམས་དཔའི་སྐྱིལ་ཀྲུང་བདུད་རྩི་བུམ་པ་འཛིན། །ངག་ཏུ་ཧཱུྃ་བརྗོད་སྙིང་ག་གྱེན་ལ་བཟློག །ཡུམ་གྱི་འོད་ཀྱིས་དཀར་ནག་མཚམས་སུ་བཅད། །ཨོཾ་ཨཱཧཱུྃ་བརྗོད་ཞལ་ནས་བདུད་རྩི་འཛགས། །དཀར་ནག་བཅད་པའི་


JKT004_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་འབབ་པ་ཡིན། །རང་ལུས་ཁོང་སྟོང་འོ་ལྟར་གང་བར་བསམས། །དེ་ནི་ཏིང་འཛིན་སེམས་དཔའ་བདག་གིས་སྨྲས། །མདུན་གྱི་མཁའ་ལ་ཡེ་ཤེས་སེམས་དཔའ་སྟེ། །ཡིད་ཀྱིས་དྲན་ནས་དེ་ཡི་འོད་ཀྱིས་ནི། །རང་གི་སྨིན་མཚམས་ཡན་ཆད་ཐོད་པ་བཅད། །ཡེ་ཤེས་སེམས་དཔས་ཨོཾ་ཨཱཧཱུྃ་བརྗོད་པས། །ཐོད་པའི་བདུད་རྩི་འཛགས་ཏེ་རྩ་སྦུབས་ཞུགས། །བུམ་པའི་འོག་ཏུ་རོ་འབར་བདུད་རྩི་བླུགས། །དེ་ནས་འདྲེས་པས་ལུས་ནི་བདུད་རྩིས་གང་། །གཉིས་མེད་དེ་ཡི་སྟོབས་ཀྱིས་ཆུ་སེར་སོགས། །གསང་བའི་གནས་ནས་མར་ལ་འཛགས་པར་བསམས། །དེ་ནས་མར་བཤལ་ཡར་རང་ལུས་ལ་བདུད་རྩིས་གང་། །སླང་ཡང་རྣལ་འབྱོར་ཐོད་པ་བཅད་འཕྲོ་ལས། །བདུད་རྩི་སོར་གཅིག་ལུད་ནས་གང་བར་བསམས། །གལ་ཏེ་རྣལ་འབྱོར་རླུང་ཁམས་སྐྱེས་ན་ནི། །སྙིང་གི་བུམ་པ་ཆར་གྱིས་གང་བར་བསམས། །མཁྲིས་པས་སྐྱ་རིམས་ཚད་ནད་འབབ་ནད་ལ། །ག་བུར་ཆུ་བཞིན་ནང་ལུས་བསིལ་བར་བསམས། །རྣལ་འབྱོར་གྲང་བའི་ནད་ནི་ན་གྱུར་ན། །དྲོད་སྨན་རྣམས་ཀྱི་སྟོབས་ནི་བསྒོམ་པར་བྱ། །བསྒོམས་ཀྱང་སྐྱོ་ན་ཧྲི་ཡིག་བློ་ལྡནབཟླ། །ཧྥུ་རི་བདག་ཉིད་གསང་བའི་བཅུད་ལེན་སྨྲས། །བརྟན་པའི་སེམས་ཀྱིས་རྣལ་འབྱོར་ཉིད་ཀྱིས་བསྒྲུབས། །ཉམས་སུ་མྱོང་བའི་ཡོན་ཏན་ནད་རྣམས་སེལ། །ཟླ་དྲུག་


JKT004_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་བློ་འཕེལ་རང་བཞིན་སྐྱེ། སློབ་དཔོན་བྷ་རིས་གསུངས་པའི་ཕྱི་ནང་གི་བདུད་རྩིའི་བཅུད་ལེན་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་རཏྣ་མ་ལས་རང་འགྱུར་དུ་མཛད་ནས་བཤད་རྒྱུད་ཀྱི་གདམས་པ་བར་མ་ཆད་པར་གསུངས་སོ།། ༈ །།ཨ་སཾ་བྷནྡྷ་དྲའི། འབྲེལ་མེད་ཀྱི་ལྟ་བ་ལས། །མེ་ཡི་མཚན་ཉིད་སྲེག་བྱེད་དེ། །དེ་ཉིད་ཁྱབ་བྱེད་ཅེས་བྱ་སྟེ། །ཁྱབ་བྱ་དུ་བ་ཡིན་པར་མཐོང་།། ༈ །།ཡང་། རྫོགས་ཆེན་པ་ཡི་ལུང་ལས་ནི། །ཆོས་ཉིད་གཞིའམ་མ་བཅོས་པ། །ཁྱབ་བྱེད་དེ་ལ་འབྱུང་བ་ཡི། །འགྲོ་དྲུག་ཁྱབ་བྱར་གསུངས་པའོ། །ཞེས་དང་། ནང་པ་མུ་སྟེགས་དབང་དུ་ནི། །རང་རིག་འོད་གསལ་ཁྱབ་བྱེད་དེ། །རྣམ་པར་རིག་པ་ཁྱབ་བྱར་སེམས། ཞེས་སོ།། ༈ །།དེ་ཉིད་བརྒྱད་ཀྱི་ལྟ་བ་ལས། །དྲི་བཅས་སེམས་ནི་འཁོར་བ་སྟེ། །ཐ་སྙད་དང་བྲལ་མྱ་ངན་འདས། །དཔེར་ན་སྤྲིན་མེད་ནམ་མཁའ་ནི། །གང་ལ་མི་གནས་ཕྱག་རྒྱ་ཆེ། །ཨིནྡྲ་བྷུ་ཏི་སྨྲ་བར་བྱེད། ཞེས་དང་།། ༈ །།ཐུགས་ཀྱི་གསང་བ་གླུར་བླངས་པ་ལས། ཌོམྦི་ཧེ་རུ་ཀས་གསུངས་པ། །སྲིད་བཞི་མཉམ་ཉིད་སྤྲོས་བྲལ་ལ། །རྩོལ་སྒྲུབ་བྱེད་པ་ཤ་ཐང་ཆད། །ཡུལ་སེམས་གཉིས་མེད་ཟང་ཐལ་ལ། །ཐ་དད་འཛིན་པ་ཉོན་རེ་མོངས། །བདག་གཞན་གཉིས་མེད་ཆོས་སྐུ་ལ། །བཟང་ངན་འཛིན་པ་སྙིང་རེ་རྗེ། །གསུངས་སོ།། ༈ །།ཨཱརྱ་དེ་བས། ཀྱེ་ཧོ། ཕུང་པོ་ལྷ་ཡི་ངོ་


JKT004_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བོར་གནས། །བུམ་པའི་དབང་བསྐུར་རང་ལ་རྫོགས། །སྒྲ་སྟོང་བྲག་ཅ་ལྟ་བུར་རྟོགས། །གསང་བའི་དབང་ལ་ལྟོས་མི་དགོས། །ཉམས་མྱོང་བདེ་ཆེན་ཁོངས་ནས་སད། །ཤེས་རབ་ཡེ་ཤེས་དབང་དང་ལྡན། །ཆོས་རྣམས་ནམ་མཁའ་ལྟ་བུར་རྟོགས། །བཞི་པའི་དབང་གི་དོན་དང་ལྡན། །གསུངས་སོ།། ༈ །།གུ་དྷ་རི་པས་གསུངས་པ། །ཡེ་ཤེས་རྡོ་རྗེ་ནམ་མཁའི་མདོག །སྣ་ཚོགས་འབྱུང་བའི་ཆོ་འཕྲུལ་སྟོན། །དམིགས་པ་མེད་པར་ཀུན་ལ་ཁྱབ། །འདུ་འབྲལ་མེད་པར་རང་ལ་རྫོགས། །མ་བཙལ་ལྷུན་གྱིས་གྲུབ་པའི་དོན། །ཞེས་གསུངས་སོ། །ནཱ་རོ་པས་གསུངས་པ། །སྤྱི་གཙུག་པདྨའི་གདན་སྟེང་དུ། །མཚན་ལྡན་བླ་མའི་སྤྱན་སྔ་རུ། །རྩ་དར་དཀར་གྱི་ལམ་ལས་འགྲོ་ཤེས་ན། །མཚམས་མེད་ལྔ་པོ་བྱེད་ཀྱང་གྲོལ། །གསང་སྔགས་ཐབས་ཀྱི་ཁྱད་པར་ཡིན། །གསུངས་སོ། །དཔའ་བོ་རྡོ་རྗེས་སྨྲས་པ། །སེམས་ཀྱི་ཐིག་ལེ་ཡི་གེའི་དབྱིབས། །རླུང་གིས་བསྐྱོད་དེ་མཁའ་ལ་འཕུར། །ལས་ཀྱི་སྒོ་བཞི་འགགས་ནས་ཀྱང་། །བདེ་ཆེན་གནས་སུ་འཕོ་བར་བྱེད། །ཞེས་དང་། རཧཱ་བོ་དྷིས་སྨྲས་པ། །མ་བཅོས་རྣལ་མའི་ཤེས་པ་དེ། །མི་སྦོམ་དེ་བཞིན་ཉིད་དུ་བཞག །བཅོས་པ་ཐམས་ཅད་བློ་ཡིན་ཏེ། །བློ་ལས་གྲོལ་ན་ཐར་པའི་ལམ། །གསུངས་སོ། །ཀརྨ་བཛྲས་སྨྲས་པ། །འཁྲུལ་པའི་རྩ་བ་མ་ཆོད་ན། །སེམས་ཀྱི་འཁྲུལ་འཁོར་མི་


JKT004_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་སྟེ། །བཅོས་མའི་ཐེག་པ་སྙིང་རེ་རྗེ། །རྩ་བ་བྲལ་བའི་དོན་མཐོང་ན། །ལས་ཀྱི་འཁྲུལ་འཁོར་གཞི་ལ་འཇིག །གསུངས་སོ། །གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་དག་པའི་ཕྲེང་བ་། ལས་སོ།། ༈ །།བྲུལ་ཚོ།། ༈ །།སློབ་དཔོན་ཏོག་རྩེ་བའི་ཞལ་ནས། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་མི་ཆད། །བརྟགས་པ་ཐམས་ཅད་དོན་མེད་གཡེང་བའི་རྒྱུ། །སྒོམ་དུ་མེད་པས་གཉུག་མའི་ངང་ལ་ཞོག །ཞེས་སོ།། ༈ །།ཏིཏྟ་ཨཱ་ལོ་ཀ །དེ་ཉིད་སྣང་བར། དྷ་ལ་རང་ངོ་མཐོང་བ་ན་དུ་བའི་ཞལ་སྔ་ནས། །སྙིང་གི་དབུས་སུ་ངོ་སྤྲོད་པའི། །བླ་མས་བསྟན་པའི་མཆོག་གི་དོན། །ལྷུན་གྲུབ་རང་ངོ་ཤེས་པ་ནི། །གནད་དེ་ངེས་པའི་ཤེས་པས་མཐོང་། །ཞེས་སོ། །དགེ་བའི་ཆོས་སྡུད་ཚུལ་ཁྲིམས་ཅན་བྷ་ཙ་ལའི་ཞལ་ནས། །གཞི་རྫོགས་རང་བྱུང་ཡེ་ཤེས་སུ། །བཅོས་མའི་རྐྱེན་ལ་རག་མི་ལས། །རང་རིག་འོད་གསལ་དངོས་པོའི་གཤིས། །རྟེན་འབྲེལ་གང་གི་ཐབས་ཀྱིས་རིག །ཅེས་གསུངས་སོ། །དུ་མ་རོ་གཅིག་གི་རྣལ་འབྱོར་པ་བྷ་ཏ་ལའི་ཞལ་སྔ་ནས། །ངོ་བོ་སྤྲོས་བྲལ་དྲི་མ་མེད། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཤེལ་གོང་འདམ་གྱིས་གོས་པ་བཞིན། །གློ་བུར་འཁྲུལ་པའི་རྟོག་པས་འགྲིབ། །ཅེས་སོ། །ཏིང་འཛིན་ཟས་ཀྱིས་འཚོ་བའི་རྣལ་འབྱོར་མ་ཙཱནྡྲ་བི་མ་ལའི་ཞལ་སྔ་ནས།

ཤོག་ལྷེབ་ ༦༠༡ ནས་ ༧༡༧ བར།


JKT004_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་གྱི་ལྟ་སྟངས་ཚངས་པའི་གསང་། །དབང་པོ་རང་སྣང་ཕྱག་རྒྱ་ཆེ། །ཆོས་ཉིད་ངོ་བོ་ཐབས་ཀྱིས་ཟིན། །སྤྲོས་བྲལ་འཆར་བ་ཡི་གེའི་གནད། །ཅེས་སོ། །རྩ་རླུང་ལས་སུ་རུང་བ་ནི་ལྭ་བའི་ཞལ་ནས། །དྲན་རྟོག་འོད་གསལ་ལ་བཅིངས་པས། །རང་རིག་ཡེ་ཤེས་ལྔ་ཡི་མདངས། །ས་ཆུ་མེ་རླུང་ནམ་མཁའ་ཡི། །སྣང་བ་རྒྱུ་ལམ་འབྲས་བུའི་རྟགས། །ཞེས་སོ། །མི་གཡོ་བའི་བསམ་གཏན་ཛྙཱ་ན་དྷ་རའི་ཞལ་ནས། །དྭངས་མའི་འོད་ཟེར་དུ་བར་སྣང་། །སྨིག་རྒྱུ་སྣང་བ་བདེ་བའི་འོད། །གསལ་བ་སྲིན་བུ་མེ་ཁྱེར་འོད། །མི་རྟོག་འོད་ཟེར་མཁའ་ལྟར་སྣང་། །ཞེས་སོ། །ཞེས་པ་རྣམས་གསེར་གྱི་ཉི་མ་རྣམ་པར་སྣང་བའི་ལེའུ་༡ལས་སོ།། །།འོད་གསལ་རང་ངོ་འཕྲོད་པ་དྷ་རྨ་བྷ་དྲའི་ཞལ་སྔ་ནས། །སེམས་ཉིད་འོད་གསལ་དངོས་པོའི་དོན། །རང་བཞིན་ངོ་བོ་སངས་རྒྱས་རྒྱུ། །དམིགས་མེད་གདོད་ནས་དག་པ་ཡི། །ཡེ་ཤེས་དེ་མཐོང་མ་རིག་སེལ། །ཞེས་གསུངས་༢སོ། །ཐུགས་རྗེའི་རྒྱན་དང་༣ལྡན་པ་གསེར་གླིང་པའི་ཞལ་ནས། །འདོད་པའི་འབྲས་བུ་སྟེར་བ་ཡིས། །ཡིད་བཞིན་ནོར་འདྲའི་བྱང་ཆུབ་སེམས། །སངས་རྒྱས་མ་བཅོས་ལྷུན་གྲུབ་སྐུ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་སོ། །ཧ་ཧ་༤ཧི་ཧིའི་གད་རྒྱངས་ཅན་ཨ་ཧ་རའི་ཞལ་ནས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ཡོད་མ་ཡིན། །འཁོར་བ་རང་


JKT004_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པ་ཡི། །མཚངས་དེ་མྱ་ངན་འདས་པའོ། །ཞེས་གསུངས་སོ། །ཟླ་༦བའི་འོད་ཟེར་མགྷ་པ་ལི་ཏའི་ཞལ་སྔ་ནས། །ནམ་མཁའ་མདུང་ཚུགས་བསམ་གཏན་མཁར། རིག་པ་སོར་བཞག་གནད་ཀྱི་མཚངས། །བདེ་གསལ་རྒྱུན་མི་ཆད་པར་བྱེད། །ཡུལ་ལ་ཡེངས་པར་མི་བྱའོ། །ཞེས་གསུངས་སོ། །སྤྲོས་བྲལ་གྱི་ཡེ་ཤེས་ངོས་ཟིན་པ་ཀོ་ཤ་པའི་ཞལ་སྔ་ནས། ཆོས་རྣམས་ཐམས་ཅད་ངོ་བོས་སྟོང་། །བདེན་ཟད་བརྫུན་ཟད་ཡི་གེ་ཟད། །དོན་ཟད་ནམ་མཁའི་རང་བཞིན་ཅན། །བསམ་དུ་མ་བཏུབ་བསྒོམས་ལས་གྲོལ། །ཞེས་གསུངས་སོ། །དཔལ་གྱི་འོད་འཛིན་མ་རཏཱ་ལི་ཏའི་ཞལ་སྔ་ནས། །རྟོག་བྲལ་ཡུལ་གྱི་རྗེས་མི་འབྲངས། །སྣང་བ་ཧད་པོ་དེར་འཛིན་གྲོལ། །སོར་བཞག་ཚོགས་དྲུག་ལྷུག་པའི་ངང་། །སྒོམ་བློ་འདུན་པ་དྲི་མ་ཡིན། །ཞེས་གསུངས་སོ། །ཉོན་མོངས་༧རང་ཐོག་ཏུ་གྲོལ་བས་གཉེན་པོའི་བྱ་ར་ཞིག་པ་ས་ར་ཧཱི་པའི་ཞལ་སྔ་ནས། ཤེས་པ་ངར་ཅན་དེ་ལྟོས་དང་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིག་པ་དྲི་མེད་ལམ་གྱི་མཆོག །ཐིག་ལེ་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །བདེ་བའི་སྒྲོན་མ་ལ་དྷ་བའི་ཞལ་སྔ་ནས། སེམས་ལས་ཡེ་ཤེས་སྐྱེ་འགྱུར་བ། །རིག་པ་དྲུང་བ་ཁྲོ་བོའི་སྤྱན། །སོར་བཞག་རྣམ་རྟོག་རླུང་མི་བསྐྱོད། །རྟེན་འབྲེལ་གྱིས་ནི་ཡང་དག་འགྲུབ། །ཅེས་གསུངས་སོ། །


JKT004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་བདེ་རབའི་མདངས་ལྡན་མ་རུ་ཀ་ལའི་ཞལ་སྔ་ནས། །མཚོན་བྱེད་དཔེ་ཡི་ལྷན་སྐྱེས་ཀྱིས། །མཚོན་བྱ་དོན་གྱི་ལྷན་སྐྱེས་རྟོགས། །དེས་ནི་འགྲོ་འོང་མེད་པའི་བདག །སེམས་ཉིད་གཉུག་མའི་རང་བཞིན་ནོ། །ཞེས་གསུངས་སོ། །སྣང་བ་རྒྱུད་ལ་ངེས་པར་སྐྱེས་པ་པཉྫ་ནའི་ཞལ་ནས། །ལས་ཀྱི་ཕྱག་རྒྱ་མཚོན་བྱེད་དོ། །ཆོས་ཀྱི་ཕྱག་རྒྱ་སྒོམ་པའི་ལམ། །ཕྱག་རྒྱ་ཆེན་པོ་འབྲས་བུ་སྟེ། །དམ་ཚིག་ཕྱག་རྒྱ་ཕྲིན་ལས་སོ། །ཞེས་གསུངས་སོ། །དོན་རྒྱུད་ལ་སྒྲོ་འདོགས་ཆོད་པ་དེ་བ་ཤ་རའི་ཞལ་སྔ་ནས། བདེ་བ་ཉམས་མྱོང་དགའ་བ་སྟེ། །འཛིན་གྲོལ་ཉམས་མྱོང་མཆོག་ཏུ་དགའ། །བདེ་སྟོང་དབྱེ་རུ་མེད་པ་ནི། །ལྷན་ཅིག་སྐྱེས་པའི་དགའ་བའོ། །ཉམས་དང་བྲལ་ན་དགའ་བྲལ་ལོ། །ཞེས་གསུངས་སོ། །བུམ་འཛིན་མ་དྷ་ན་རུའི་ཞལ་སྔ་ནས། རིགས་དྲུག་འཁོར་བའི་སེམས་ཅན་ལ། །བདེ་གཤེགས་སྙིང་པོ་ཡོད་གྱུར་ཀྱང་། །མ་བསྒྲུབས་གྲོལ་བ་ཐོབ་མི་འགྱུར། །ཞེས་གསུངས་སོ། །ཞེས་པ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་པ་ལས་ཁོལ་དུ་ཕྱུང་བའོ།། ༈ །།ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ལས་༡། དབྱར་གྱི་དུས་ན་སྔོ་རྣམས་སྐྱེ་འགྱུར་ཀྱང་། །ཞིང་ལ་མ་བཏབ་ལོ་ཏོག་འབྱུང་མིན་ལྟར། །འགྲོ་དྲུག་སེམས་ཅན་སངས་རྒྱས་རང་བཞིན་ཡང་། །མ་བསྒོམས་རྣམ་གྲོལ་ཡེ་ཤེས་དོན་མི་མཐོང་། །ཞེས་དང་། རང་


JKT004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རིག་རང་གིས་རྟོགས་པ་ལ། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །སངས་རྒྱས་སེམས་ཅན་འཁོར་འདས་དག །སྤང་བླང་ཐ་དད་ཅི་ཡང་མེད། །ཅེས་དང་། འཇའ་ཚོན་ལྟ་བུ་སྒྱུ་མའི་སྐུ། །དམ་ཚིག་ཕྱག་རྒྱ་ཞེན་མེད་ཀྱི། །དབང་པོ་རང་སྣང་ཐུག་ཕྲད་ཀྱིས། །ཆོས་ཉིད་བདེན་པ་མཐོང་བ་ཡིན། །ཞེས་དང་། གསེར་གྱི་རི་རབ་ངོས་སུ་༣བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །མཁས་པ་དག་གིས་སྐྱེ་བ་མེད་རྟོགས་ན། །དངོས་པོའི་རང་བཞིན་བོར་ནས་བདེ་བ་ཆེ། །ཞེས་སོ། །ཞེས་མི་ཏྲི་བས་བསྡེབས་པ་མར་པས་འགྱུར་བ་ལས་སོ།། ༈ །།ཡོ་ག་ལ་ཀླུ་ཎ་སཏུ། རྣལ་འབྱོར་གྱི་ཟློམཚན་ཉིད་བདེན་པ་ལས། །གཟུགས་སུ་སྣང་བ་སྐུ་ཉིད་ལ། །སྐུ་རྣམས་གསུང་དུ་བདག་ཉིད་བརྟག །སེམས་ཅན་བྱང་ཆུབ་རྒྱུ་ཡིན་ཕྱིར། །དེ་ཡི་ཤེས་པ་ཡེ་ཤེས་ཡིན། །ཞེས་དང་། རྣལ་འབྱོར་སྒོམ་རྣམས་གཙོར་བྱ་ཡི། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་དང་། རྟག་ཏུ་འཆི་བསམ་མ་ཆགས་བློས། །དངོས་པོ་ཅི་ལའང་མ་ཆགས་པར། སྤྱོད་ལམ་ཇི་ལྟར་གནས་ཀྱང་བསྒོམ། །ཞེས་སློབ་དཔོན་བྱང་ཆུབ་བཟང་པོས་སོ།། ༈ །།རིན་པོ་ཆེ་འཁོར་ལོའི་དབང་གི་མན་ངག་ལས། དབང་བསྐུར་རིམ་པ་ཡང་དག་པའི། །གནས་དང་དུས་དང་སློབ་དཔོན་དང་། །སློབ་མ་དང་ནི་གླེང་གཞི་དང་། །དཀྱིལ་འཁོར་དང་ནི་དེར་


JKT004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རིམ། །དབང་བསྡུར་རིམ་དང་རྣམ་གྲངས་དང་། །བསྐུར་བའི་གནས་དང་ཐབས་དག་དང་། །སྒྲིབ་བྱང་ཚད་དང་ས་ནོན་དང་། །དེ་འབྲེལ་མན་ངག་རིམ་པ་དང་། །རྟགས་དག་དང་ནི་བརྡ་དག་དང་། །རྫས་དག་དང་ཡང་དགོས་པའི་དོན། །ནུས་པའི་ཚད་དང་འབྲས་དུ་སྟེ། །རྣམ་པ་ཉི་ཤུས་མངོན་པར་བརྗོད། །ཅེས་གསུངས་སོ། །ཀྱེ་ཧོ་ཤཱཀྱ་སེང་གེ་ལ། །བལྟམས་ཚེ་ཀླུ་རྒྱལ་དགའ་སོགས་པས། །བུམ་པའི་ཆུ་ཡིས་ཁྲུས་བྱས་དང་། །མངོན་པར་རྫོགས་པར་སངས་རྒྱས་ཚེ། །ས་ཡི་ལྷ་མོའི་བུམ་པ་ཡང་། །བཀྲ་ཤིས་བརྗོད་ནས་ཕྱག་ཏུ་ཕུལ། །འཁོར་ལོའི་བསྒྱུར་རྒྱལ་རྒྱུད་འབྱུང་བ། །སྤྱི་བོར་དབང་བསྐུར་གླེང་གཞི་ཡིན། །ཞེས་དང་། མགོ་ལ་མེ་ཏོག་ཕྲེང་བཏགས་པ། །ལྷ་ཡི་དབང་སྟེ་དང་པོར་བཤད། །ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་རྣམ་པ་ལྔ། །སློབ་མ་རིག་པའི་དབང་ཞེས་བྱ། །དེ་ནས་སེང་གེའི་ཁྲི་སྟེང་དུ། །རིག་བྱེད་སློབ་དཔོན་དབང་སྦྱིན་བྱ། །གོང་མ་བརྟན་པར་བྱ་བའི་ཕྱིར། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་གཉིས། །ཕྱག་རྒྱ་དམ་ཚིག་གསུམ་པ་ཡིན། །དབུགས་དབྱུང་བ་དང་ལུང་བསྟན་པ། །ཕྱིར་མི་ལྡོག་སོགས་རིམ་པ་ཡིན། །ཞེས་སོ། །སྲོག་གཅོད་རྐུ་དང་ལོག་པར་གཡེམ། །ལུས་ཀྱི་ཉེས་གསུམ་བྱང་བས་ན། །ལུས་ཀྱི་དྲི་མ་དག་པར་བཤད། །ཅེས་དང་། དཀྱིལ་འཁོར་


JKT004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་ཚོགས་ཀྱི་ལམ། །ཕྲེང་བས་མོས་སྤྱོད་སྦྱོར་ལམ་དག །ཆུ་དང་དབུ་རྒྱན་ས་དང་པོ། །མཐོང་ལམ་རྣམ་པར་དག་པར་གསུངས། རྡོ་རྗེ་དྲིལ་དང་བདག་པོ་ཡིས། །ས་གཉིས་པ་ནས་བརྒྱད་པའི་བར། །སྒོམ་ལམ་རྣམ་པར་དག་པར་བཤད། །ཅེས་དང་། དབང་རྫས་དག་གི་ཁྱད་པར་ནི། །མགོ་ལ་འདོགས་པའི་མེ་ཏོག་ཕྲེང་། །སྤྱི་བོར་དག་པའི་ཆུ་ཡིན་ནོ། །དེ་ཡང་བུམ་པའི་བྱེ་བྲག་ལས། །རིན་ཆེན་དང་ནི་ཐོད་སོགས་ཕྲེང་། །མགོ་ལ་བཅིངས་པའི་དབུ་རྒྱན་ཡིན། །དཔྲལ་བར་རིགས་དང་རྗེས་མཐུན་པའི། །རྟགས་ཀྱི་རྡོ་རྗེ་དེ་སྦྱིན་བྱ། །དྲིལ་བུ་ཁ་ཡི་ཐད་སྦྱིན་བྱ། །མིང་ལ་དབང་རྫས་དག་པའི་མཚན། །དམ་ཚིག་རྡོར་དྲིལ་ལག་ཏུ་སྦྱིན། །གསོར་བསིལ་སྒྲ་དང་བཅས་པའོ། །ཕྱག་རྒྱའི་བདག་པོས་ཕྱག་རྒྱར་བསྒོམ། །དབུགས་དབྱུང་བ་དང་ཡོན་ཏན་བརྗོད། །ལུང་བསྟན་པ་ལ་ཆོས་གོས་དབྱིབས། །ཕྱིར་མི་ལྡོག་ལ་དེ་ཉིད་བསྟན། །ཞེས་དང་། ཕྲེང་བ་ཡི་དམ་རྒྱལ་བའི་དབང་། །ཆུ་ཁམས་མི་བསྐྱོད་རྣམ་པར་དག །དབུ་རྒྱན་རིན་ཆེན་མཉམ་ཉིད་དེ། །རྡོ་རྗེ་ཀུན་རྟོག་འོད་དཔག་མེད། །དྲིལ་བུ་བྱ་གྲུབ་གདོན་མི་ཟ། །མིང་ནི་ཆོས་དབྱིངས་སྣང་མཛད་སྐུ། །རྡོ་རྗེ་བརྟུལ་ཞུགས་སེམས་དག་བྱེད། །དྲིལ་བུ་དག་ནི་རྣམ་དག་སྟེ། །ཕྱག་རྒྱ་དམ་ཚིག་ལུས་དག་པའོ། །ཡང་། རྡོ་རྗེ་ཐབས་ཀྱི་ངོ་བོ་སྟེ། །དྲིལ་བུ་དེ་


JKT004_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཤེས་རབ་སྦྱང་། །གཉིས་མེད་ཕྱག་རྒྱའི་དམ་ཚིག་འདོད། །ཅེས་དང་། གཉིས་པ་རྟགསང་བ་བཤད་བྱ་སྟེ། །ཀྱེ་ཧོ་སྟོན་པ་རྡོ་རྗེ་འཛིན། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །འཁོར་རྣམས་བསྡུ་བ་རྣམས་མཛད་ནས། །ཡུམ་གྱི་གསང་བའི་དཀྱིལ་འཁོར་དུ། །གསང་བ་བྱང་ཆུབ་སེམས་དབང་བསྐུར། །དེ་ལྟར་དཔལ་འདུས་ལ་སོགས་པའི། །རྒྱུད་རྒྱལ་ཀུན་ལས་གྲགས་པ་རྣམས། གླེང་གཞི་ཞེས་སུ་རྣམ་པར་བཤད། །ཅེས་དང་། དཀར་དམར་སྤེལ་བ་ཕྲེང་བའི་དབང་། །ཤུ་ཀྲ་ཞེས་ཏེ་ཆུ་ཡི་དབང་། །ཚངས་སྒོར་མི་བསྐྱོད་དབུ་རྒྱན་དབང་། །ལྕེ་ལ་རྡོ་རྗེ་དེ་རྡོ་རྗེ། །རྡོར་བུམ་ཧཱུཾ་སྒྲ་དྲིལ་བུའི་དབང་། །ཨ་ཧོ་མུ་ཁ་མིང་གི་དབང་། །དམ་ཚིག་ལྕེས་ལེན་བརྟུལ་ཞུགས་དབང་། །བལྟ་བར་མི་བྱ་ལུང་བསྟན་དབང་། །ལོངས་སྤྱོད་རྩར་སྦྱར་ཕྱིར་མི་ལྡོག །བདེ་བས་བདེ་ཐབས་དབུགས་དབྱུང་བའོ། །ཞེས་དང་། ངག་གི་སྒྲིབ་པ་དེས་བྱང་ནས། །ངག་ནི་ཤིན་ཏུ་སྦྱངས་པ་སྟེ། །སངས་རྒྱས་ས་ནི་དང་པོ་ནོན། །ཞེས་དང་། གསང་བའི་དབང་ཡང་རིམ་བཞི་སྟེ། །རྡོ་རྗེ་དང་ནི་པདྨ་ནས། །དྲི་མེད་ཆུ་འབབ་བུམ་པའི་དབང་། །ཡང་ན་གང་གི་རིམ་དེ་ཉིད། །ཟླ་བ་ཉི་མ་ལྕེ་ལ་རེག །དེ་ནི་གསང་བ་གཉིས་པ་སྟེ། །བདེ་ཆེན་ལམ་སྦྱོང་གསུམ་པའོ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཆེན་པོ་གཞི་པའོ། །ཞེས་དང་། །དེ་


JKT004_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུམ་པ་བཤད་བྱ་སྟེ། །ཀྱེ་ཧོ་དཔལ་ལྡན་འདུས་སོགས་ལས། །སྔགས་ཀྱི་སྤྱོད་པ་སྤྱད་པའི་ཚེ། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས། །སྔགས་དང་དུས་དང་རྒྱལ་བ་ལས། །བསླངས་ཏེ་སྦས་པའི་དོན་སྟོན་པ། །དེ་ལྟ་བུ་ཡི་གླེང་གཞིའོ། །ཞེས་དང་། ཆགས་པའི་མཚན་ཉིད་ཕྲེང་བའི་དབང་། །ཆུ་འབྱུང་མཚན་ཁྲུས་ཆུ་ཡི་དབང་། །བྷག་ཙུམ་སྐྲ་བཟུང་དབུ་རྒྱན་དབང་། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དེ་གཉིས་བསྐྱོད་པ་དྲིལ་བུའི་དབང་། །དམ་ཚིག་ཧ་སྐད་མིང་གི་དབང་། །དེ་དག་བརྟན་པ་སར་འབྱུང་བ། །བལྟས་པས་དགའ་བ་རྡོ་རྗེ་ཡི། །བརྟུལ་ཞུགས་དབང་དུ་དེ་བརྗོད་དོ། །བགད་པ་དྲིལ་བུའི་བརྟུལ་ཞུགས་སོ། །འཁྱུད་པ་དམ་ཚིག་ཕྱག་རྒྱ་ཡིན། །ཁ་ཕྲད་པ་ནི་དབུགས་བྱུང་བ། །དཀུ་རྩ་མཉེ་བ་ལུང་བསྟན་ཡིན། །པདྨར་བཙུམ་བྱས་ཕྱིར་མི་ལྡོག །ཅེས་དང་། སེམས་ཀྱི་སྒྲིབ་པ་ཀུན་བྱང་སྟེ། །ཐམས་ཅད་ཀུན་མཁྱེན་ཡེ་ཤེས་ལྡན། །སངས་རྒྱས་ས་གཉིས་ནོན་པ་སྟེ། །རྡོ་རྗེ་འཛིན་པའི་ས་ཞེས་ཟེར། །ཞེས་དང་། འབྲས་བུ་དགའ་བ་བཞི་བསྐྱེད་དེ། །ལྷ་སྦྱིན་བརྡ་འཕྲད་བུམ་པའི་དབང་། །དེ་ཡི་འབྲས་བུ་དགའ་བ་བསྐྱོད། །བྷག་ཙུམ་སྐྲ་བཟུང་དབུ་རྒྱན་དབང་། །དེ་ཡི་འབྲས་བུ་དགའ་བ་བསྐྱེད། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །དེ་ཡི་འབྲས་བུ་མཆོག་དགའ་བསྐྱེད། །རྡོ་རྗེ་དང་བསྐྱོད་དྲིལ་བུའི་དབང་། །


JKT004_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འབྲས་ལྷན་ཅིག་དགའ་བ་བསྐྱེད། །དམ་ཚིག་ཧ་སྐད་མིང་གི་དབང་། །བདེ་བ་ཆེན་པོ་སྐྱེད་པར་བྱེད། །ངོ་བོ་འབྲས་བུ་དབྱེར་མེད་དོ། །ཞེས་དང་། རིམ་པ་ཐ་མ་བཤད་བྱ་སྟེ། །ཀྱེ་ཧོ་དཔལ་ལྡན་འདུས་སོགས་པར། །འཁོར་གྱི་བྱང་ཆུབ་སེམས་དཔའ་ཡི། །གསང་བའི་ཡི་གེ་མཐོང་བ་ཡི། །སྐལ་པ་བདག་ཉིད་མེད་ཅེས་དུས། །སྟོན་པ་ཡི་གེ་རྣམ་དག་ཅེས། །ཡི་གེ་ལས་དབེན་མཚན་ཉིད་གསུངས། །བཞི་པའི་གླེངས་གཞིར་ཤེས་པར་བྱ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཆོས་ཀུན་སེམས་ལ་གནས་བྱས་ཏེ། །སེམས་ནི་ཡེ་ནས་རྣམ་པར་དག །དེ་ཕྱིར་ཆོས་ཀུན་རྣམ་པར་དག །དེ་ནི་གནས་ཀྱི་བླ་མར་གསུངས། །དུས་གསུམ་གཅིག་སྟེ་ཁྱད་མེད་ཅིང་། །གང་དུ་དུས་གསུམ་དབྱེར་མེད་པ། །དེ་ནི་བླང་དོར་མེད་པའི་དུས། །མཆོག་ནི་བླ་མ་དེ་རབ་གསུངས། །སློབ་དཔོན་མ་མཐོང་སེམས་ཉིད་མཐོང་། །རང་སེམས་བླ་མར་སྣང་བའི་ཕྱིར། །ཀུན་གྱི་སློབ་དཔོན་སྐལ་པ་བཟང་། །གཉིས་མེད་སློབ་དཔོན་དམ་པའོ། །འགྲོ་ཀུན་དབྱིངས་ལས་སྐྱེས་པས་ན། །རྡོ་རྗེ་སེམས་དཔའི་སྤུན་ཡིན་ཏེ། །བསམ་གྱིས་མི་ཁྱབ་ཡུལ་སློབ་པ། །རྒྱལ་བའི་སྲས་ཀྱི་དམ་པར་བཤད། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པར་ཐུགས་ཆུད་པ། །གཉིས་སུ་མེད་པའི་ཡེ་ཤེས་གང་། །


JKT004_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །འདི་ཡི་གཞུང་ཐོས་མིག་ཕྱེ་བ། །དཀྱིལ་འཁོར་མཐོང་བ་དོན་རྟོགས་ཡིན། །རྟོགས་ནས་གོམས་བྱེད་འཇུག་པ་སྟེ། །མངོན་དུ་གྱུར་པ་དངོས་གྲུབ་ཡིན། །གཉིས་མེད་ཡེ་ཤེས་དབང་འགྱུར་བས། །མྱ་ངན་འདས་པ་འཁོར་བ་ལ། །ཇི་ལྟར་འདོད་པར་དབང་བསྒྱུར་བས། །རིག་པ་རང་དབང་མཆོག་ཏུ་བཤད། །འདི་དབང་ཐོབ་པའི་རྣལ་འབྱོར་ནི། །བསྒྱུར་བའི་དབང་ལ་ཐོགས་པ་མེད། །ཇི་སྙེད་ཐེག་པ་རབ་འབྱམས་ཀྱི། །དབང་བསྐུར་རྣམ་གྲངས་ཇི་སྙེད་ཀུན། །གསང་བའི་དབང་དུ་གསུངས་པ་ཡི། །ཡང་དག་པ་ཡི་གྲངས་ལས་འདས། །མཉམ་པ་ཡེ་ཤེས་ཆེན་པོ་ཉིད། །གཅིག་དང་དུ་མ་ལས་གྲོལ་ཕྱིར། །གནས་དང་གནས་མིན་དམིགས་དབྱེ་མེད། །སྒོ་གསུམ་དབྱེ་བ་རྡུལ་ཙམ་མེད། །གཉིས་མེད་ཡེ་ཤེས་ཆེན་པོ་ལས། །སྒྱུ་འཕྲུལ་བྲལ་བ་མི་འགོགས་ཕྱིར། །ཐབས་དང་ཐབས་བྱུང་ཐབས་བསམ་ཡས། །ཐབས་ཀྱི་ནང་ནས་མཆོག་ཏུ་གསུངས། །རང་རིག་ཡེ་ཤེས་རྒྱལ་བ་ཉིད། །ཁམས་གསུམ་འཁོར་བ་ཉིད་ཡིན་ཕྱིར། །འདི་ལ་སྒྲིབ་དང་མི་སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །སྒྲིབ་པ་ཉིད་ནི་བྱང་ཆུབ་ལ། །འཁོར་བ་ཉིད་ནི་མྱ་ངན་འདས། །དབྱེ་བ་མེད་པའི་ས་མཆོག་གིས། །ས་ཡི་ཁྱད་པར་ཟིལ་གྱིས་ནོན། །ཐམས་ཅད་ས་ཉིད་ཡེ་ཤེས་དང་། །བརྗོད་པའི་ཐ་སྙད་ཡུལ་


JKT004_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས། །རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་དང་གསུངས་པར་ཟད། །དཔེར་ན་གླང་པོ་རྙེད་གྱུར་མ། །གླང་པོའི་རྗེས་ནི་མི་བཙལ་ལྟར། །རང་རིག་ཡེ་ཤེས་མངོན་སུམ་ན། །མཚན་མའི་རྟགས་ནི་འཁྲུལ་པའི་གཞི། །ཡང་དག་དོན་ནི་བརྡ་ལས་འདས། །མཚོན་པར་བྱ་བའི་ཡུལ་མིན་ཡང་། །འཛུབ་མོས་ཟླ་བ་བསྟན་པ་ལྟར། །བརྡ་ཡི་སྒོ་ནས་འཇུག་པ་ཡིན། །སྣང་དང་སྲིད་པ་ཇི་སྙེད་པ། །སྐུ་གསུང་ཐུགས་ཀྱི་རྫས་ཡིན་པས། །ལྷག་པར་སྤངས་ན་བླང་དང་བྲལ། །ཡེ་ཤེས་རྗེས་ཀུན་ལས་གྲོལ་བཤད། །རང་གི་དོན་ལ་མངོན་སུམ་ན། །རང་རིག་ཁོ་ན་ཙམ་དུ་ཟད། །རང་རིག་དེ་ཡང་འདི་སྙམ་ཞེས། །བརྗོད་པའི་ཐ་སྙད་རྣམས་དང་བྲལ། །འདི་ནི་དགོངས་པའི་མཆོག་ཏུ་གསུངས། །རིག་པ་རང་དབང་གྱུར་པ་ནི། །སྲིད་པ་གསུམ་ན་འགྲན་ཟླ་མེད། །འོག་མ་རྣམས་ཀྱི་གཉེན་པོར་ཆེ། །ནུས་པ་མང་པོའི་བྱེ་བྲག་ལྡན། །རྒྱུ་དང་འབྲས་བུ་དབྱེར་མེད་པས། །རྒྱུ་འབྲས་ཐ་སྙད་ཡོངས་ཀྱིས་བྲལ། །རྒྱུ་ཡི་ནང་ནའང་མཆོག་ཡིན་ཏེ། །འབྲས་བུའི་ནང་ནའང་དེ་མཆོག་གོ །དབང་གསུམ་བྱེ་བྲག་ལས་གྲོལ་ཕྱིར། །བཞི་བའི་དབང་ཞེས་གྲགས་པ་སྟེ། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་། །ཐམས་ཅད་མཁྱེན་པར་འདིར་།


JKT004_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ཉིད་ཉེ་བར་ཡང་མི་འགྱུར། །འོན་ཀྱང་འདི་ཡི་དབྱེ་བ་ཡིས། །དེ་ཉིད་ཐོབ་བྱའི་གནས་སུ་འགྱུར། །དེ་ལས་རིམ་པ་མཆོག་ཡིན་པས། །སྒྲུབ་པོ་རྣམས་ཀྱིས་ནན་ཏན་བྱའོ། །སློབ་དཔོན་རྣམས་ནི་མ་མཉེས་ཤིང་། །དབང་རྣམས་རིམ་གྱིས་མ་བགྲོད་པར། །སྔགས་སྤྱོད་སྒྲུབ་པ་རྩོམ་བྱེད་ན། །དེ་འབྲས་མེད་ཅིང་ངན་སོང་ལྟུང་། །ཞེས་དང་། །གང་ཞིག་དབང་ཨཱི གི་རིམ་པ་ནི། །བླ་མ་གཞན་ལས་རྫོགས་བླངས་ལ། །མན་ངག་གི་ནི་རིམ་པ་ནི། །བླ་མ་གཞན་ལས་བླང་དུ་རུང་། །དབང་དང་མན་ངག་མ་བགྲོད་པར། །གླེགས་བམ་ལ་བརྟེན་ཤེས་རབ་ཀྱིས། །གང་ཞིག་མན་ངག་རིམ་རྙེད་ན། །དེ་ནི་སྔོན་སྦྱངས་འཕྲོ་ཅན་ནོ། །དེས་ཀྱང་བླ་མ་དག་པ་ལ། །དབང་གི་རིམ་པ་བགྲོད་པ་གཅེས། །ཞེས་དང་། དེ་ནས་བུམ་པའི་དབང་ལ་ཡང་། །དབང་རྣམས་བཞིར་ནི་ངོས་གསུངས་ཏེ། །བུམ་པའི་བུམ་པ་ཐུན་མོང་སྟེ། །གསང་དབང་ཁྱད་པར་གུས་པའོ། །ཤེས་རབ་ཡེ་ཤེས་སྦས་པ་གཉིས། །དེ་ལྟར་རྣམ་གསུམ་བུམ་པ་ཡང་། །ཡོད་མེད་མཐའ་ལས་ཡང་དག་གྲོལ། །བུམ་པའི་དབང་ནི་བཞི་པ་ཡིན། །ཞེས་དང་། ཤ་མིག་དག་འགྱུར་སྔ་ལྟས་སུ། །ཅི་མཐོང་འདྲི་བའི་ཆོ་ག་བྱ། །ཞེས་དང་། ནུས་པའི་ཚད་ནི་རྣམ་པ་ལྔ། །དྲི་མ་འཁྲུད་དང་སྒྲིབ་སྦྱོང་དང་། །ལས་བྱེད་པ་དང་འབྲས་བུ་ལ། །མངོན་


JKT004_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱོགས་དང་བདུད་བཞི་ནི། །འཇོམས་པའི་ནུས་པས་བརྗོད་པ་སྟེ། །ཕྲེང་བས་མ་དག་དྲི་མ་དང་། །མོས་པའི་སྤྱོད་པས་སྒྲིབ་པ་འཁྲུ། །འདོད་ལྷ་མཉེས་པའི་ལས་ཡིན་ཏེ། །འབྲས་བུ་མཐོང་བའི་ལམ་ལ་ཕྱོགས། །ཡི་དམ་དངོས་གྲུབ་ཉེ་བ་ཡིན། །གཟུང་འཛིན་ཕུང་པོའི་བདུད་རྣམས་བཅོམ། །ཆུ་དང་དབུ་རྒྱན་གྱི་ནུས་པས། །འཁོར་འདས་དྲི་མ་རྣམ་གཉིས་འཁྲུ། །ས་ནི་དང་པོའི་སྒྲིབ་པ་དག །ལས་ནི་རྡོ་རྗེ་རིན་ཆེན་གྱིས། །རིགས་ཀྱི་ང་རྒྱལ་བྱེད་པ་ཡིན། །འབྲས་བུ་སྒོམ་ལམ་ཕྱོགས་པ་དང་། །རྡོ་རྗེ་དང་ནི་རིན་ཆེན་གྱིས། །ཐུན་མོང་དངོས་གྲུབ་གྲུབ་པ་ཡིན། །ཉོན་མོངས་པ་ཡི་བདུད་རྣམས་བཅོམ། །རྔོ་རྗེ་དྲིལ་བུ་བདག་པོ་ཡིས། །གཡེང་བ་ལྔ་ཡི་དྲི་མ་འཁྲུ། །ས་གཉིས་པ་ནས་བརྒྱད་པ་ཡི། །བར་གྱི་སྒྲིབ་པ་སྦྱངས་བ་ཡིན། །པདྨ་ལས་དང་སངས་རྒྱས་ཀྱི། །རིགས་ཀྱི་ང་རྒྱལ་ལས་བྱེད་ཡིན། །འབྲས་བུ་མཐར་ཕྱིན་ལ་ཕྱོགས་ཤིང་། །གསུམ་པོའི་ཐུན་མོང་གྲུབ་པ་ཡིན། །འཆི་བདག་བདུད་བཅོམ་ཚེ་ལ་དབང་། །བརྟན་བྱེད་དབང་གི་རིམ་པ་ཡིས། །གཡེང་བ་ཕྲ་མོའི་བག་ཆགས་འཁྲུ། །ལས་ནི་བརྟན་པར་བྱེད་པ་སྟེ། །བརྟུལ་ཞུགས་ཀྱི་ནི་མེ་ཏོག་བསྟན། །ཆུ་དང་དབུ་རྒྱན་དམ་ཚིག་གིས། །བུམ་པ་བརྟན་པར་བཀའ་སྩལ་གྱི། །རྡོ་རྗེ་དྲིལ་བུའི་ལུང་བསྟན་གྱིས། །དབུགས་དབྱུང་བས་ནི་བདག་པོའོ། །ཡང་ན་ཀུན་


JKT004_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐམས་ཅད་དོ། །སངས་རྒྱས་ས་ལ་མངོན་ཕྱོགས་དང་། །དངོས་གྲུབ་བརྟན་བྱེད་འབྲས་བུའོ། །ལྷ་ཡི་བདུད་བཅོམ་བུམ་པ་ཡིན། །ཞེས་དང་། ནུས་པའི་ཚད་ཀྱང་དེ་བཞིན་དུ། །ཇི་སྙེད་ངག་གི་དྲི་མ་འཁྲུ། །བུདྡྷའི་སར་སྒྲིབ་ཤིན་ཏུ་དག །ཤེས་རབ་ཐབས་ཀྱི་ང་རྒྱལ་བྱེད། །ཆོས་ཀུན་རོ་གཅིག་མཚོན་པར་ནུས། །སངས་རྒྱས་པ་ནི་མངོན་དུ་ཐོབ། །ཐབས་ཀྱི་ཕྱག་རྒྱས་ཕུང་པོ་འཇོམས། །ཉོན་མོངས་ཤེས་རབ་མ་ཡིན་ཏེ། །འཆི་བདག་གཉིས་སུ་མེད་པ་ཡིས། །སེམས་འཕྲོས་པས་ནི་ལྷ་ཡི་བདུད། །འཇོམས་པ་གསང་བའི་ནུས་པའི་ཚད། །ཅེས་དང་། འདི་ལ་ཡང་ནི་དབང་བཞི་ཚང་། །ལྷ་སྦྱིན་བརྡ་ཕྲད་ལ་སོགས་པ། །བུམ་པའི་དབང་དུ་འདོད་པ་ཡིས། །པད་དང་རྡོ་རྗེ་ཕྲད་པ་སོགས། །གསུམ་པའི་གསང་བའི་དབང་ཡིན་ནོ། །ཞུ་སྟེ་བདེ་བ་བབས་པ་ནི། །གསུམ་པ་ཡི་ནི་གསུམ་པ་ཡི། །དགའ་བྱེད་བདེ་བྱེད་བཞི་པར་འདོད། དེ་ནི་གསུམ་པའི་བཞི་པར་འདོད། །དེ་ནི་གསུམ་པའི་རྣམ་གྲངས་ཡིན། ཞེས་དང་། །ནུས་པའི་ཚད་ཀྱང་དེ་བཞིན་ཏེ། །དེས་ནི་སེམས་ཀྱི་དྲི་མ་འཁྲུ། །རྡོ་རྗེ་འཛིན་པའི་སྒྲིབ་པ་དག །ཕྱག་རྒྱ་བརྟེན་པའི་ལས་དང་ནི། །བདེ་སྐྱིད་ཐོབ་པར་ནུས་པ་ཡིན། །འབྲས་བུ་རྡོ་རྗེ་འཛིན་པ་སྟེ། །རང་གི་རིག་པས་རིག་པ་འཛིན། །བདེ་ཆེན་ཉོན་མོངས་བདུད་བཅོམ་སྟེ། །ལོངས་སྤྱོད་གནས་སུ་ཕུང་པོའི་བདུད། །


JKT004_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཙཀྲར་ལྷ་བདུད་བཅོམ། །སྤྲུལ་པར་འཆི་བདག་བདུད་བཅོམ་སྟེ། །དགའ་བཞིས་བདུད་བཞི་རྣམ་པར་འཇོམས། །དམ་ཚིག་འཁོར་ལོ་ཕུང་པོ་འཇོམས། །པདྨར་རྡོར་བཅུག་ཉོན་མོངས་འཇོམས། །རྡོ་རྗེ་དང་བསྐྱོད་ལྷ་བདུད་འཇོམས། །བདེ་བ་འབེབས་པས་འཆི་བདག་འཇོམས། །ཞེས་གསུངས་ཏེ། འདི་ནི་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་དེའོ།། ༈ །།སློབ་དཔོན་ལ་བྷཱི་ཀཱ་རས་མཛད་པའི་རྩ་ལྟུང་འགྲེལ་པར། བྱང་ཆུབ་སེམས་དེར་བདེ་གཤེགས་བཀའ་ལས་འདས། །བྱམས་སྤོངས་ཐེག་གསུམ་སྨོད་དང་ཆོས་ཡིད་རྣམས། །ཐུགས་ཀྱིའོ། །སློབ་དཔོན་བརྙས་དང་ལྷ་ཉིད་ཕུང་པོ་སྨོད། །དམ་ཚིག་མི་བསྟེན་ཤེས་རབ་སྨོད་པ་རྣམས། །སྐུའིའོ། །མི་བསྔགས་བརྗོད་དང་དད་ལྡན་སེམས་སུན་འབྱིན། །གདུགས་ལ་ཆགས་བྲལ་ཆོས་གཉིས་གསང་བ་སྟོན། །གསུང་གིའོ། །ཞེས་དང་། ཉན་ཐོས་རྣམས་ཀྱི་ལུས་ངག་གཙོ་བོར་གྱུར་པའི་སྤང་བྱ་བདུན་གྱི་མཚན་ཉིད་དང་། །བྱང་ཆུབ་སེམས་དཔའི་སྙིང་རྗེ་གཙོ་བོར་གྱུར་པའི་སྤང་བྱ་བཅུ་ཡི་མཚན་ཉིད་དང་། །གསང་སྔགས་རྣལ་འབྱོར་ཆེན་པོའི་ཐབས་དང་ཤེས་རབ་% གཙོ་བོར་གྱུར་པའི་སྤང་བྱ་བཅུ་བཞིའི་མཚན་ཉིད་དང་། ཞེས་སོ།། ༈ །།ཇོ་བོ་རྗེས་རྩ་ལྟུང་འགྲེལ་པ་ལས། །དེ་ལ་ལྟུང་བ་དང་པོ་གཉིས་པའི་ངོ་བོ་རྒྱུ་གཅིག་སྟེ། བླ་མ་ལ་བརྙས་ཤིང་བདེ་བར་གཤེགས་པའི་


JKT004_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལས་འདས་པ་སྟེ། དེ་ཡང་། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དང་། སྤུན་ལ་ཉེས་པ་བརྗོད་པ་དང་། བྱམས་པ་སྤངས་པ་གཉིས་ལྟུང་བའི་ངོ་བོ་གཅིག་ལ། འབྱུང་བའི་རྒྱུ་ཡང་གཅིག་སྟེ། དེའི་རྒྱུ་ནི་སྔོན་དུ་ཐུན་མོང་གི་ལམ་བྱམས་སྙིང་རྗེ་མ་སྦྱངས་པས་སེམས་ཅན་ལ་ཕན་འདོད་པ་དང་། གཅེས་པར་འཛིན་པའི་བློ་མེད་པ་དེའི་དབང་གིས་གནོད་ཅིང་སྨོད་པ་ལ་སོགས་པའི་རྐྱེན་ཕྲ་མོ་མི་བཟོད་དེ། དེའི་ཕྱིར་སྤུན་ལ་ཉེས་པ་བརྗོད་ཅིང་སེམས་ཅན་ལ་བྱམས་པ་སྤངས་པས་དེས་དེ་གཉིས་ངོ་བོ་གཅིག་སྟེ་གཞན་ལ་གནོད་པར་འདྲ་བས་སོ། །ཞེས་དང་། བྱང་ཆུབ་ཀྱི་སེམས་སྤོང་བ་དང་གྲུབ་པའི་མཐའ་སྤངས་པ་གཉིས་རྒྱུ་དང་ངོ་བོ་གཅིག་སྟེ། རྒྱུ་ནི་བྱམས་པ་དང་སྙིང་རྗེའི་སྟོབས་ཀྱིས་བྱང་ཆུབ་སེམས་བརྟན་པར་མ་བྱས་པར་བླངས་སུ་ཟིན་ཡང་མི་བརྟན་ཏེ། ཞེས་སོགས་དང་། གསང་བ་སྒྲོགས་པ་དང་ཕུང་པོ་སྨོད་པ་གཉིས་རྒྱུ་དང་ངོ་བོ་གཅིག་སྟེ། རིམ་གྱིས་མ་སྦྱངས་པའི་ཕྱིར་སྣོད་དུ་མ་གྱུར་པ་ལ་གསང་བའི་དོན་གྲུབ་པར་གནས་པའི་དོན་ལྟ་བ་རྣམ་པ་གཉིས་ལ་སོགས་པ་བསྟན་པས་ཕུང་པོ་ལྷའི་བདག་ཉིད་ལ་སོགས་པ་བསྐྱེད་པའི་གོ་རིམ་སྤངས་པས་རྒྱུ་དང་ངོ་བོ་གཅིག་གོ །ཞེས་དང་། ཆོས་ལ་ཡིད་གཉིས་ཟ་བ་དང་། གདུག་ལ་བྱམས་སེམས་གཉིས་རྒྱུ་དང་ངོ་བོ་


JKT004_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེ། །དེ་ཡང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་དག་པ་འོད་གསལ་དང་ཟུང་དུ་འཇུག་པའི་རང་བཞིན་དུ་གཅིག་པས་ཐེ་ཚོམ་ཟ་སྟེ། འཁོར་བ་དང་ཞི་བའི་ཕྱག་རྒྱ་ཆེན་པོ་ཟུང་དུ་མ་རྟོགས་པའི་དབང་གིས་གདུག་པ་ཅན་གནོད་ཅིང་དམོད་པ་ལ་སོགས་པའི་བྱང་ཆུབ་ཀྱི་རྟེན་དུ་དབྱུག་པ་བརྡེག་པ་ལ་སོགས་པ་དྲག་ཤུལ་གྱི་སྦྱོར་བས་ཕན་པ་མ་ཡིན་པར་བསྒྲུབས་པས་རྒྱུ་དང་ངོ་བོ་གཅིག་གོ། །མིང་སོགས་བྲལ་བའི་ཆོས་ལ་དེར་རྟོགས་པ་དང་། དད་ལྡན་སེམས་སུན་འབྱིན་པ་རྒྱུ་དང་ངོ་བོ་གཅིག་སྟེ། མིང་ལ་སོགས་པ་བྲལ་བ་ནི་གྲུབ་པའི་གནས་པའི་དོན་ནམ་མཁའ་ལྟ་བུའི་རང་བཞིན་འོད་གསལ་བ་ལ་དངོས་པོ་མཚན་མར་བརྟགས་པའི་རྒྱུས་དེ་ལ་དད་པའི་སེམས་ཅན་དབང་པོ་རབ་དང་ལྡན་པ་རྣམས་སུན་འབྱིན་ཏེ། མ་ཞུགས་པ་ལ་མི་འཇུག་ལ། ཞུགས་པ་བཟློག་ཅིང་བརྟན་པར་མི་བྱེད་པས་སོ། །དམ་ཚིག་མི་བསྟེན་པ་དང་ཤེས་རབ་སྨོད་པ་གཉིས་ཀྱང་། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་མི་བསྟེན་པ་ནི་ཤེས་རབ་སྨོད་པའི་རྒྱུ་ཡིན་ཏེ། དེ་ལ་སྨོད་པ་ཉིད་དེ་སྤོང་བའི་རྒྱུའོ། །ཞེས་སོ། །གཞན་ཡང་། དེ་ལྟར་བཅུ་བཞི་པོ་བསྡུ་ན་གསུམ་སྟེ། ཐུན་མོང་གི་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པ་དང་། ཁྱད་པར་བྱང་ཆུབ་སེམས་མི་ཉམས་པར་བྱེད་པ་དང་། དེ་གཉིས་ཀ་མི་ཉམས་པར་བྱེད་པའོ། །ཞེས་གསུངས་ཏེ།


JKT004_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། སྤུན་ལ། བྱམས་སྤོང་། བྱང་སེམས་འདོར་བ། གྲུབ་མཐའ་སྨོད་པ། གདུག་ལ་བྱམས་སྤོང་ལྔ་དང་། ལྷག་མ་ནི་གཉིས་པ་དང་། དང་པོ་གཉིས་ནི་གསུམ་པར་བཤད་དོ། །ཡང་། དེ་ནི་ལྟ་སྒོམ་། སྤྱོད་གསུམ་གྱི་རང་བཞིན་ཡང་ཡིན་ཏེ། ཆོས་ལ་ཡིད་གཉིས་དང་། མིང་སོགས་བྲལ་ལ་དེར་རྟོག་སྤངས་པ་ལྟ་བ་རྣམ་གཉིས་རྟོགས་པའོ། །དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་བཅུ་པའི་དགུ་སྤངས་བས་སྒོམ་པའི་མན་ངག་དང་། སེམས་སུན་འབྱིན་པ་དང་། དམ་ཚིག་མི་བསྟེན་པ་དང་། ཤེས་རབ་སྨོད་པ་གསུམ་གྱིས་དགུ་སྤངས་ཤིང་སྦྱངས་པས་སྤྱོད་པའོ། །ཞེས་སོ།། ༈ །།སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་ལས། སངས་རྒྱས་ཡེ་ཤེས་ཞབས་ཀྱི་གསུང་དྲངས་པ། །རྣལ་འབྱོར་བཞི་པའི་ཆོ་ག་དང་། །སྣང་སྲིད་སྒྱུ་° མའི་སྦྱོར་བ་ཡིས། །འགྲོ་འཆག་ཉལ་དང་འདུག་པ་རྣམས། །སྐུ་གསུང་ཐུགས་ཀྱི་མཛད་པའོ། །བྱེད་དང་སྨྲ་དང་སྤྱོད་པ་རྣམས། །བྷ་ག་ལས་ནི་གཡེང་མི་བྱ། །ཟས་ནི་བདུད་རྩིར་རབ་དམིགས་ལ། །ཐ་དད་མེད་པའི་དཀྱིལ་འཁོར་དུ། །ཕྱི་ཡི་སྦྱིན་སྲེག་ཚུལ་དུ་ནི། །རྟག་ཏུ་ཚོགས་ཀྱི་མཆོད་པ་བྱ། །འགྲོ་བ་རང་བཞིན་དག་པ་ཡིས། །དབང་བསྐུར་བ་ཡི་ཆོ་ག་ནི། །ཕྱི་ཡི་ཆུས་ཀྱང་བཀྲུ་བར་བྱ། །ཉལ་ན་ཤེས་


JKT004_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྙིང་རྗེས་ཉལ། །ལྡང་ན་དཔལ་ལྡན་གླུ་ཡིས་བསྐུལ། །ཐམས་ཅད་རང་བཞིན་དག་པ་ཡིས། །དག་པའི་ལྷ་དང་གནས་སུ་སྣང་། །སེམས་ཉིད་ཅིར་ཡང་སྣང་བའི་ཕྱིར། །བདེ་སྡུག་མཐའ་ལས་རྣམ་པར་གྲོལ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ལས་དྲངས་པ་དེ་བཞིན་འཁོར་བའི་ཕ་རོལ་གྱི། །ཆོས་ཀྱི་ལམ་ནི་བསྐྱེད་པས་ནས། །ཆོས་དང་ཆོས་མིན་རྣམ་སྤངས་ལ། །བྱང་ཆུབ་བདེ་བ་འཐོབ་པ་བཞིན། །དེ་བཞིན་རྣམ་རྟོག་དྲ་སྤངས་ལ། །ཤིན་ཏུ་ཟབ་མོའི་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །ཅེས་དང་། འདི་ཡི་སྤྱོད་པ་ལ་གནས་པས། །སྤྲོས་བཅས་མེད་ཅིང་མཉམ་བདག་མེད། །བྱ་དང་བྱེད་དང་རྩོལ་ལས་འདས། །དག་དང་མ་དག་དངོས་པོ་རྣམས། །སྒྱུ་མ་བཞིན་དུ་དངོས་མེད་པར། །བརྟག་པས་དབེན་པས་བླང་དོར་མེད། །འདོད་ཆགས་ལ་སོགས་མི་སྤངས་ཏེ། །གཞན་གྱི་སངས་རྒྱས་སྒྲུབ་མི་བྱེད། །ཡོད་མེད་རྟག་ཆད་མཐའ་ལས་འདས། །ཁ་དོག་དབྱིབས་མེད་ལུས་ངག་མེད། །སྲོག་རྩོལ་རིམ་དང་གཅིག་ཅར་སྤངས། །ཡི་གེ་མཚན་མ་ཕྱག་རྒྱ་མེད། །ཕྱོགས་བཅུ་གང་ལའང་གནས་མི་བྱེད། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །དམ་ཚིག་སྡོམ་པ་དཀྱིལ་འཁོར་མེད། །དེ་ཉིད་བཅུ་ལ་རྣམ་མི་རྟོག །བསྒོམ་བྱ་སྒོམ་བྱེད་བསྒོམས་པ་མེད། །སངས་རྒྱས་སེམས་ཅན་


JKT004_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྩོལ་བྲལ། །རྒྱུ་འབྲས་ལམ་ལ་སོགས་པ་སྤངས། །རྒྱུ་དང་མི་རྒྱུའི་དངོས་རྣམས་ལ། །ནམ་མཁའ་བཞིན་དུ་རྟོག་མི་བྱེད། །མཆོད་རྟེན་གླེགས་བམ་ལ་སོགས་སྤངས། །བདུད་དང་དངོས་གྲུབ་གཉིས་སུ་མེད། །རང་རིག་ཤེས་བརྗོད་ཡུལ་ལས་འདས། །སྦྲ་དང་བརྡ་དང་དབང་པོ་ཡིས། །འདི་ལ་བསྟན་བྱ་རྡུལ་ཡང་མེད། །རྟོག་གེའི་སྤྱོད་ལས་འདས་པ་སྟེ། །དམ་པའི་རྗེས་འབྲང་རང་གིས་རིག །མཐོང་བ་མེད་པའི་དམ་པ་མཐོང་། །རྗེས་སུ་ཤེས་པ་སྒྱུ་མ་བཞིན། །རབ་མཐའི་ཤེས་པ་རྟོགས་གོམས་པས། །རྟོག་མེད་གཞན་དོན་ནོར་བུ་བཞིན། །སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས། །ཐུབ་པའི་ཡོན་ཏན་དཔག་བསམ་ཤིང་། །སྟོན་དུས་སྐད་ཅིག་གིས་རྫོགས་ལྟར། །དེ་ཕྱིར་དེ་ལ་གསང་བ་འདུས། །བཞི་པའི་དབང་གིས་རབ་ཏུ་རྒྱན། །དེ་ཉིད་དཔལ་མཆོག་དང་པོ་སྟེ། །རྡོ་རྗེ་སེམས་དཔའ་མཐར་ཕྱིན་ལམ། ཞེས་བཤད་པའི་ཕྱིར་འདི་ནི་མཐར་ཕྱིན་པའི་སྤྱོད་པ་སྟེ། མཉམ་པར་བཞག་པའི་སྤྱོད་པ་ཆེན་པོའོ། །ཞེས་དང་། ལྷ་དང་དྲང་སྲོང་བདེན་པའི་ངག །གང་ལ་སྦྱོར་བའི་ནུས་པ་ཡང་། །བསླུ་བར་བྱེད་པ་མ་མཐོང་ན། །ཡེ་ཤེས་ཆགས་པ་མི་མངའ་བའི། །སྨོན་ལམ་སྙིང་རྗེས་གཞན་དོན་འཇུག །ཐམས་ཅད་མཁྱེན་པས་སྨོས་ཅི་དགོས། ཞེས་དང་། །རྣམ་ཤེས་འཕོ་བ་ནི་རྣལ་འབྱོར་པ་འཆི་བ་ཤེས་རབ་ཀྱི་ཕ་རོལ་


JKT004_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པའོ། །འཆི་བའི་ཚེ་བདེན་པ་གཉིས་ཀྱི་ཚུལ་གྱིས་སྒྱུ་མའི་བློ་དང་ལྡན་པས་ཆགས་སྡང་ལ་སོགས་པ་མེད་པས་དཀྱིལ་འཁོར་གསལ་བར་བྱས་ལ་དྲི་མ་ལས་ལྡང་བ་སྔོན་དུ་འགྲོ་བས། སྲོག་འཕྲོག་པའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། རང་གི་ཡེ་ཤེས་དང་མི་གཉིས་པར་བྱས་ཏེ། འོད་ཟེར་གྱིས་ཁམས་གསུམ་དག་པར་བྱས་ལ་དཀྱིལ་འཁོར་ལ་བལྟས་ཏེ། ཐབས་དང་ཤེས་རབ་ཀྱི་ཟློདབུས་སུ་རང་གི་ཡི་གེར་བསྡུས་ལ། རང་གི་དེ་ཉིད་ཀྱི་ཐུགས་ཀར་འོད་ཟེར་དང་བཅས་པས་འཇུག་པར་བྱའོ། །གཞན་དུ་ན་ཉེས་པ་དང་བཅས་པའོ། །ཞེས་སོ། །གཞན་ཡང་ཚུལ་འདི་ལ་ཟབ་ཅིང་རྒྱ་ཆེ་བའི་ལེགས་བཤད་རྨད་དུ་བྱུང་བ་དུ་མ་ཡོད་ཀྱང་འབྲིར་མ་ལྡང་སྟེ་རྟོགས་པར་འདོད་པ་རྣམས་ཀྱིས་ནན་ཏན་དུ་བལྟ་ཞིང་བཟུང་ནས་སྤེལ་བར་བྱའོ།། ༈ །།ཡང་དེས་མཛད་པའི་གསལ་བ་ཐམས་ཅད་སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས། །རྩོད་པའི་དུས་ནི་འདི་ཉིད་ན། །རྣམ་རྒྱས་ཉོན་མོངས་དབང་གིས་ནི། །སློབ་དཔོན་སྐྱོན་ལས་ཡོན་ཏན་དག །ཤས་ཆེར་གྱུར་པ་རྣམ་པར་བཟུང་། །ཞེས་དང་། དེ་ཉིད་བཅུ་ནི་ཤེས་གྱུར་པའི། །བརྟུལ་ཞུགས་འཛིན་པ་ཡོན་གནས་སུ། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །ཚོགས་ཀྱི་འཁོར་ལོ་སོགས་དཔོན་དུ། །གོས་དཀར་ཅན་ནི་མི་དགའོ། །ཞེས་དང་། ཉིན་མཚན་ཀུན་ཏུ་རབ་བསྒྲིམས་


JKT004_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཉེས་པའི་གནས་ནི་ཤེས་པར་བྱ། །གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེ་བརྒྱས་ནི་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་ལས་ལ་ཉེར་གནས་བྱ། །འགྱོད་བཅས་ཉེས་པ་འཕེལ་མི་འགྱུར། །ཞེས་དང་། །བསྟན་པའི་དོན་ལས་མ་གཏོགས་པར། །རིགས་རྒྱུད་རབ་ཏུ་འཕེལ་འདོད་པས། །ན་ཆུང་བདེ་ལ་བརྐམ་པ་ཡིས། །སྔགས་པ་རྟག་ཏུ་ཉམས་པར་འགྱུར། །ཞེས་དང་། ཉོན་མོངས་པས་ནི་ཟིལ་གནོན་ཞིང་། །གལ་ཏེ་དམ་ཚིག་ལས་འདས་ན། །སྡུག་བསྔལ་མང་པོ་སྐྱེ་འགྱུར་ཏེ། །དེ་བས་དག་པའི་ལས་རྣམས་སྤྱད། །ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོར་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་ཕབ་ནས་ཀྱང་། །གསུམ་བསླངས་གསུམ་གྱི་སྦྱོར་བ་ལས། །སྡོམ་གསུམ་འགལ་བ་ཉམས་པ་བཤགས། །བདེ་གཤེགས་ཀུན་གྱི་སྙིང་པོ་བྱ། །དཔྲལ་བ་སྙིང་ཁར་ཕྱག་རྒྱ་སྔགས། །སྡིག་པ་ཐམས་ཅད་རྣམ་དག་བྱེད། །ཕྱི་ནང་ལྷ་དབང་བདུད་རྩིས་བཀྲུ། །ཧཱུྃ་ཨོཾ་ཡི་གེ་གསུམ་གྱིས་བསྡུ། །ལྟེ་བར་གྲུ་གསུམ་མེ་ཡིས་བསྲེགས། །དམིགས་པས་སྟོང་པ་མི་དམིགས་གསུམ། །རང་གི་ཆོ་ག་བཞི་ཡི་དབང་། །ཚོགས་ནི་འདུ་བའི་དཀྱིལ་འཁོར་ལ། །མཁྱེན་པར་གསོལ་ཏེ་གནང་བ་ནོད། །རྟེན་ལ་སྨེ་བཤགས་བཟླས་པར་ལྡན། །ཞིང་ཁམས་ཁ་དོག་ལྔ་ལྡན་པ། །ཆོ་ག་བཞིན་


JKT004_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དབུལ་བར་བྱ། །ཆེ་དང་ཙིཏའི་སྦྱོར་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །དུས་མིན་འཆི་བའང་བསླུ་བར་འགྱུར། །དེ་བས་མཆོད་རྟེན་ལས་རྣམས་བྱ། །ཏིལ་ལ་སྡིགས་པའི་གཟུགས་དམིགས་ཏེ། །མེ་ཡི་ལས་ཀྱིས་རྣམ་པར་སྦྱང་། །ཉེས་པའི་རིམ་པ་ཤེས་བྱས་ནས། །གཏོར་མས་དག་པ་ཉིད་དུ་བྱ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །གང་དུ་ཉམས་པར་གྱུར་པ་དེས། །རང་གི་ལྷ་ཡི་སྙིང་པོའི་སྔགས། །འབུམ་ཕྲག་གསུམ་དུ་བཟླ་བཟླས་བརྗོད་བྱ། །ཡང་ན་ཁ་དོག་དབྱིབས་མེད་ཅིང་། །རིགས་དང་མཚན་མ་མི་དམིགས་ཤིང་། །རྣམ་ཐར་ཆགས་སོགས་ལས་གྲོལ་བ། །ཟབ་མོའི་བསམ་གཏན་ཉིད་དམིགས་བྱ། །ཡང་ན་བཤེས་སོགས་རྒྱར་ཆུད་ཅིང་། །རང་གི་ལས་ཀྱིས་འཆི་འགྱུར་དང་། །རྐྱེན་ཟད་པ་ཡི་སེམས་ཅན་རྣམས། །དག་པའི་དོན་ཕྱིར་སྲོག་བསྐྱབ་བྱ། །གཞན་ཡང་མདོ་སོགས་གསང་བའི་བཀའ། །མ་ལུས་པ་ནི་བཀླགས་པ་དང་། །མཆོད་ཅིང་རབ་ཏུ་གནས་བྱས་ན། །སྡིག་པ་ཀུན་དང་བྲལ་བར་འགྱུར། །མེ་དང་ཆུ་དང་སྦྲུལ་གདུག་དང་། །སེང་གེ་སྟག་དང་ཆོམ་རྐུན་དང་། །གླང་ཆེན་སྨྱོ་དང་ཤ་ཟ་དང་། །བཀྲེན་དང་རྒྱལ་པོའི་ཆད་པ་དང་། །ནད་དང་སྤ་བཀོང་ཞུམ་པ་དང་། །འདོད་བྲལ་གྲགས་པ་མ་ཡིན་དང་། །སྐལ་ངན་རབ་ཏུ་འཇིག་བྱེད་ཅིང་། །བགེགས་མེད་འཚེ་བ་མེད་པ་དང་། །


JKT004_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱིས་རབ་དགོངས་ཤིང་། །རྡོ་རྗེ་འཛིན་རྣམས་བསྲུང་བ་དང་། །ཞི་སོགས་མི་སྣང་ལ་སོགས་དང་། །རྡོ་རྗེ་ཡེ་ཤེས་ཐོབ་བྱེད་ཅིང་། །སྐྱེ་བོ་ཀུན་གྱིས་བཀུར་འགྱུར་བ། །དེ་ལྟའི་ཡོན་ཏན་འཐོབ་བྱེད་པའི། །བླ་མ་ལ་ནི་བཀུར་སྟི་དང་། །རྙེད་པ་དང་ནི་རིམ་གྲོ་དང་། །གུས་པ་ཆེན་པོས་རབ་བརྟེན་ནས། །སྡིག་ཀུན་རྣམ་དག་བདག་ཉིད་འགྱུར། །དཔའ་བོས་དོན་ཡོད་རྡོ་རྗེ་ཅན། །བསྙེན་སོགས་རིམ་པ་སྔོན་འགྲོ་བས། །ཆོ་ག་རབ་ཏུ་རྫོགས་བྱས་ནས། །དཀྱིལ་འཁོར་བཞེངས་ཏེ་བདག་འཇུག་གོ །ཡང་ན་རྒྱུ་ཡི་ནང་ཞུགས་དང་། །ཡང་ན་མིག་བཙུམ་གྱུར་པའམ། །ཡང་ན་སྐུ་གཟུགས་ལ་བལྟས་ཏེ། །རྒྱལ་བའི་ཚོགས་ལ་རྣམ་གཏད་ནས། །སྟོང་ཕྲག་ལྔར་ནི་སངས་རྒྱས་ཀྱི། །སྙིང་པོ་རབ་ཏུ་བཟླས་པར་བྱ། །དཀར་པོའི་བརྒྱད་དང་བཅོ་ལྔ་ལ། །དག་པའི་བདག་ཉིད་བྱས་ནས་ཀྱང་། །རྒྱ་ཆེན་མཆོད་པ་སྔོན་འགྲོ་བས། །བཟླས་བརྗོད་བརྟན་པ་བྱས་ནས་ནི། །སྡིག་པ་ཐམས་ཅད་རྣམ་དག་པར། །རྒྱལ་བ་དམ་པས་གསུངས་པས་ན། །ཐེ་ཚོམ་དང་ནི་བྲལ་འགྱུར་བས། །སྔགས་པས་རྟག་ཏུ་སྤྱད་པར་བྱ། །མཚན་མོ་མི་ཉལ་རྣལ་འབྱོར་གྱིས། །མཁའ་ལ་རྒྱལ་བའི་ཚོགས་དམིགས་ཏེ། །ཕུང་པོ་གསུམ་པའི་མདོ་སྡེ་དག །གལ་ཏེ་ཆོ་ག་བཞིན་སྤྱད་ན། །ཁ་ན་མ་ཐོ་སྦོམ་པོ་ཡང་། །ཟླ་བ་གསུམ་གྱིས་རྣམ་དག་པར། །


JKT004_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པས་གསུངས་པ་ཤེས་བྱས་ཏེ། །དད་པ་ཡིས་ནི་ཀུན་ཏུ་སྤྱད། །སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུས་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པ། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །རང་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །དག་པའི་བླ་མ་བསྟེན་བྱས་ཏེ། །སྐུ་དང་གསུང་ཐུགས་རྒྱལ་བ་ཡི། །རྡོ་རྗེ་བཟླས་པ་ཉེར་གནས་ན། །རྣམ་དག་ལམ་གྱི་རང་བཞིན་འགྱུར། །སེམས་ངལ་སོས་ནས་རང་གི་ལུས། །བདག་པོའི་རང་བཞིན་གནས་བྱས་ཏེ། །འཁོར་ལོ་དྲུག་གམ་བཞི་གཅིག་གཉིས། །ཆར་བྱ་རྐྱང་པའི་གནས་ཉིད་ལས། །བདེ་སོགས་རྣམ་པར་ཡང་དག་གནས། །དག་པ་ལ་དམིགས་དག་པར་འགྱུར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །རལ་གྲི་ཕྲ་བའི་བདག་ཉིད་བསམ། །སེམས་བརྟན་ཚུལ་ལ་གནས་བྱས་ན། །སྡུག་བསྔལ་བསྐྱེད་རྩ་ཀུན་ལས་གྲོལ། །མདོར་ན་ལུས་ངག་སྤྱོད་པ་ཀུན། །རབ་ཏུ་བསྒྲིམས་དང་ལྡན་པ་ཡིས། །གཉེན་པོའི་སྡོམ་པ་ལ་སེམས་ཤིང་། །མཆོད་སོགས་རྣལ་འབྱོར་ཚུལ་ལྡན་ན། །


JKT004_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཀུན་དང་རྣམ་བྲལ་ཞིང་། །དཔའ་བོས་ལམ་ནི་རྫོགས་པར་བྱེད། །རྟག་ཏུ་བར་མེད་པར་གནས་ན། །ཉེས་པ་ཆུང་དུ་ཕྲ་མོ་ཡང་། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །དེ་ཡི་དབང་གིས་སྡུག་བསྔལ་དང་། །འཚོ་བ་དག་ནི་འབྱུང་འགྱུར་ཞིང་། །ལམ་ལས་ཉམས་པ་ཉིད་དུ་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་ནས་བརྩམས་ཏེ་རིམ་གྱིས་ལྕི་བ་རྣམས་ཤེས་པར་བྱ་ཞིང་དྲི་མ་ལས་ལྡང་བར་བྱའོ། །ལས་ཀྱི་དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ལ་སོགས་པའི་ཉེས་པ་ཕྲ་བའི་ཕྲ་བ་རྣམས་ཀྱང་རྣལ་འབྱོར་པས་ཡལ་བར་དོར་བར་མི་བྱའོ། །ཞེས་དང་། བར་འདིར། དྲང་སྲོང་བི་ཤྭ་མི་ཏྲ་སོགས་དང་། བྲམ་ཟེ་སྟོང་ཉིད་བློ་སོགས་ཀྱིས་བསྐྱེད་རྫོགས་ཐབས་ཤེས་ཕྱོགས་རེ་ལ་བསྔགས་པ་རྣམ་བཀག་ནས། གཉིས་ཀ་སྒྲུབ་པའི་འཕྲོས་དོན་མང་ཙམ་འདུག་སྟེ། དག་པའི་ཆོ་ག་རྣམ་པར་ཕྱེ་བ་སྟེ་གསུམ་པ་ལས་སོ། །སྡིག་པ་ཐམས་ཅད་རྣམ་དག་ཅིང་། །རྒྱ་ཆེར་འབྲས་ལ་ཉེར་སྦྱོར་བ། །རྣལ་འབྱོར་སྤྱོད་པའི་མཆོག་རིམ་དག །ཉ་སོགས་བརྒྱད་ལ་རབ་ཏུ་སྤྱད། །ཅེས་དང་། དཔའ་བོ་རྣམས་ཀྱིས་ལོངས་སྤྱོད་ཕྱིར། །སྐྱེས་པའི་ཐོད་པ་ཆ་གཅིག་པར། །མ་དཱ་ན་ནི་རབ་ཏུ་བརྟག །དཔའ་བོ་རྣམས་ཀྱིས་ལོངས་སྤྱོད་ཕྱིར། །གཡས་པ་རྩེ་གསུམ་ཕྱག་རྒྱ་ཡིས། །ཤ་ཆེན་པོ་ནི་ལེགས་བཟུང་སྟེ། །


JKT004_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་སྟེང་འོག་ཏུ་བྱས་ནས། །ཚིག་འདིས་དམ་ཚིག་རབ་ཏུ་བརྟག །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་རྟོགས་ལ་ཟོ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ལས། །སོ་སོ་རུ་ནི་མངོན་བརྗོད་ནས། ཨ་ལ་ལ་ཧོ་མཐར་སྭཱ་ཧཱ། །དཔའ་བོ་བསམ་གཏན་བརྟན་འཛིན་ཅིང་། །པདྨའི་སྐོར་བ་སྔོན་འགྲོ་བས། །གཡས་གཡོན་སྟེང་འོག་བྱས་ནས་ནི། །ཚིག་འདི་ཡིས་ནི་བླང་བར་བྱ། །འདོད་ཆགས་དྲི་མ་བྲལ་བ་ཡི། །རིན་ཐང་མེད་པ་ལེགས་འོངས་ཆོས། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་ཁོ་ན་ལ་ཕྱག་འཚལ་ལོ། །འབྲུ་གསུམ་པོ་ནི་མངོན་བརྗོད་ཅིང་། །གཙོ་བོས་གནང་བ་བྱིན་ནས་ནི། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །རང་གི་ལོངས་སྤྱོད་གང་ཡིན་པ། །སོ་སོར་རབ་ཏུ་སྤྱད་བྱས་ནས། །དེ་ནས་ཀུན་ལ་ཐུན་མོང་ངོ་། །ཆང་ནི་དཔའ་མོས་མ་སྤྱད་པར། །དཔའ་བོ་ལ་ནི་སྐལ་མེད་དེ། །ཤ་ལ་དེ་བཞིན་དཔའ་བོས་སོ། །ཞེས་དང་། བླ་མས་རྗེས་སུ་གནང་མིན་པར། །གླུ་དང་གར་སོགས་མི་བྱའོ། །ཇི་ལྟར་མཆོད་དང་ལོངས་སྤྱོད་དག །ཚིམ་པ་རུ་ནི་མ་བྱས་པར། །བྲེ་མོའི་གཏམ་དང་འདུ་འཛིའི་སེམས། །རྣམ་པ་ཀུན་ཏུ་མི་བྱ་སྟེ། །བྱས་ན་དམྱལ་སོགས་འབྲས་ཐོབ་འགྱུར། །འཚོད་ཚེ་གཞུང་དང་ངུ་འབོད་དེ། །སྲེད་པས་


JKT004_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་ངེས་པར་འགྱུར། །རང་གི་བསམ་གཏན་བྲལ་གྱུར་ན། །དུད་འགྲོའི་གནས་སུ་ལྟུང་ཕྱིར་དང་། །བསམ་པ་རབ་ཏུ་བརྟན་པ་ཡིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །ས་གསུམ་པོ་ནི་རབ་ཏུ་མཆོད། །ཞེས་དང་། རི་དང་ཉི་ཟླ་གླིང་བཞི་པོ། །བཛྲ་རེ་ཁེ་ཧཱུྃ་བརྗོད་ནས། །དག་པའི་སེམས་ཀྱིས་དབུལ་བར་བྱ། །ཞེས་དང་། དཔའ་མོ་མཆོག་གི་སེམས་དམིགས་ནས། །རང་གི་ལྷ་ཡི་བསམ་གཏན་གྱིས། །ས་ནི་སྐྱོན་དང་བྲལ་གྱུར་པ། །བརྐོས་ཏེ་རབ་ཏུ་སྤྱད་པར་བྱ། །རིན་ཆེན་དྲི་ཡི་ཆུར་བཅས་པས། །གོང་བུ་དག་གི་སྔོན་བྱས་ནས། །སྔགས་འདིས་བྱིན་གྱིས་བརླབ་པར་བྱ། ན་མོ་བྷ་ག་ཝ་ཏེ་བེ་རོ་ཙཱ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུམྦྷེ་སྭཱཀྵ་ས་མེ་ས་མེ། ཤཱནྟི་དནྟེ་ཨ་ས་མཱ་རོ་བེ། ཨ་ནཱ་ལཝེ། ཏ་རསྦེ་ཡ་ཤོ་བ་ཏི་མཧཱ་ཏེ་ཛ་ནི་རྭ་ཀུ་ལེ། ནིརྭ་ཎེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨདྷིཥྛ་ན། ཨ་དྷི་ཥྛཏེ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་མངོན་བརྗོད་པས། །སྐུ་ཡི་དེ་ཉིད་རབ་དྲན་བྱ། །དེ་ནས་དུམ་བུ་ཅི་རིགས་པར། །ཆོས་གང་རྒྱུས་འབྱུང་སོགས་བརྗོད་ནས། །རྒྱས་ནི་རབ་ཏུ་གདབ་པར་བྱ། །དེ་ནས་མགོན་པོ་རྣམ་སྣང་གསལ། །གངས་ཆེན་མཚོར་ནི་རབ་དམིགས་ནས། །མཆོད་དེ་མེ་ཏོག་རབ་ཏུ་དོར། །འགྲོ་བ་བཟུང་ཕྱིར་གསོལ་བཏབ་ནས། །རྒྱ་ཆེར་ཡོངས་སུ་བསྔོ་བར་བྱ། །ཆོས་གང་རྒྱུས་འབྱུང་


JKT004_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ། །ཐམས་ཅད་དུ་ནི་བསྔགས་པར་བྱ། །དེས་ནི་འགྲོ་བའི་འཚོ་བྱེད་ཅིང་། །སྡིག་ཀུན་རྣམ་དག་བྱེད་པ་དང་། །ལས་དང་ཡང་དག་གྲུབ་སྟེར་བའི། །ལས་ལ་དགའ་དང་ལྡན་པ་ཡིས། །སྔགས་པས་རྟག་ཏུ་འབད་པར་བྱ། །ཞེས་དང་། གཟར་བུ་ལ་སོགས་མི་འབྱོར་ན། །གཡས་པའི་མཐེ་བོས་མཐའ་མནན་ཏེ། །གཡོན་གྱི་སོར་མོ་ལྔ་གཞིབས་ནས། །མཆོད་སྦྱིན་རབ་སྤྱད་དེ་ནས་ནི། །ཅི་བདེ་བར་ཡང་གསུངས་པ་ཉིད། །ཅེས་དང་། འཁོར་བའི་རྒྱ་མཚོ་སྲིད་པའི་རྦ་རླབས་དྲག་པོ་དང་ལྡན་ཞིང་། །ཉོན་མོངས་སྦྲུལ་དང་ཆུ་སྲིན་སོགས་ནི་གདུག་པའི་འཚེ་བར་ལྡན། །ཚེ་འདི་མི་རྟག་དབང་མེད་རྣམ་རྟོག་རླུང་གིས་གཡོས་མཐོང་ནས། །དཔལ་འབྱུང་འཆི་མེད་དམ་པའི་ཆོས་ལ་འབད་པས་ཉེར་གནས་ཀྱིས། །ཞེས་གསུངས་ཤིང་། འདིར་བླ་མ་དང་སློབ་མའི་མཚན་ཉིད་བསྟེན་ཚུལ་སོགས་ཀྱང་རྒྱས་པར་ཡོད་དོ།། ༈ །།སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་གར། །སྔགས་པས་ཁྱད་པར་མཚན་མོའི་དུས། །ཞག་རེའམ་ནི་ཇི་སྙེད་པར། །ཟླ་རེ་དང་ནི་ལོ་རེ་ལ། །འཁོར་ལོ་ལས་འདས་ཉམས་པར་འགྱུར། །ཞེས་དང་། ཉེ་བར་འཚེ་མེད་དུར་ཁྲོད་དགོན། །རྫིང་བུའི་འགྲམ་དང་སྐྱེད་མོའི་ཚལ། །མཚོ་ངོགས་ཆུ་རླུང་རི་སུལ་དང་། །རང་གི་ཁྱིམ་སོགས་འབྲས་བུར་བཅས། །


JKT004_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་པ་ཐོབ་གྱུར་པ། །དཔལ་ལྡན་ཆོག་ཤེས་སྙིང་རྗེ་ལྡན། །འཇིག་རྟེན་ཆོས་ལ་མི་ཆགས་ཤིང་། །སྲེད་དང་རྒྱུ་སོགས་རྣམ་པར་སྤངས། །སྙན་པར་སྨྲ་ཞིང་འཛུམ་པའི་བཞིན། །བཟོད་ཅན་བརྟན་ལ་བརྩོན་འགྲུས་ལྡན། །ཚོགས་ཀྱི་འཁོར་ལོའི་དབང་ཕྱུག་ཏུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་གསུངས། །འཁོར་ལོ་པ་ཡང་དེ་ཉིད་ཀྱི། །སློབ་མ་སྲེད་སོགས་རྣམ་པར་སྤངས། །དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་དྲན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པ་རྣམས། །རྒན་པའི་རིམ་པ་བཞིན་དུ་འདོད། །དབང་མ་ཐོབ་པས་མི་རིག་པར། །སྒྲུབ་པོས་འཁོར་ལོ་དེ་བྱའོ། །ཞེས་དང་། བླ་མའི་ཆོ་ག་, ཤེས་ཤིང་དྲན། །བརྩོན་འགྲུས་བཟོད་དང་ལྡན་པ་དང་། །བླ་མ་ལ་གུས་བློ་མཐུན་པ། །ལས་ཀྱི་རྡོ་རྗེར་དེ་རབ་བསྔགས། །ཞེས་དང་། དེ་ནས་རང་ཁ་ཧོམ་ཁུང་དུ། །རྣམ་རིག་བ་ལའི་མཆོད་ཡོན་བྱ། །ལག་པ་དགང་གཟར་བླུགས་གཟར་གྱིས། །ཡིད་ཀྱི་མེ་ལ་སྟོབ་སོགས་བསྲེག །ནང་གི་བདག་ཉིད་སྦྱིན་སྲེག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །གླུ་སོགས་ཀྱིས་ནི་མཉེས་བྱ་ཞིང་། །ཡང་དང་ཡང་དུ་བརྡ་ཚིག་སྨྲ། །ཞེས་དང་། རྒྱུན་དུ་གླུ་ནི་ལེན་པ་དང་། །གང་དུ་རྟག་ཏུ་གར་བྱེད་པ། །ཚོགས་ཀྱི་དབང་ཕྱུག་མདུན་བྱའོ། །ཞེས། ཇི་སྙེད་ལུས་ཀྱི་གཡོ་འགུལ་དང་། །ངག་གི་བརྗོད་པ་ཇི་སྙེད་ལ། །དེ་


JKT004_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཕྱག་རྒྱ་སྔགས་ཡིན་ཏེ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་དང་། འདི་དང་གཞན་གྱི་རྒྱུད་གསུངས་པའི། །བྱ་བ་རྣམས་ནི་བརྡ་ལ་བྱ། །ཞེས་དང་།། ༈ །།སློབ་དཔོན་ནག་པོ་པས། ཚོགས་རྣམས་བསགས་པར་བྱ་བ་དང་། །བགེགས་རྣམས་ཞི་བར་བྱ་བའི་ཕྱིར། །བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །ཞེས་དང་། དེ་ནས་རྣལ་འབྱོར་ཕོ་མོ་ཀུན་གྱིས་ལྷའི་དཀྱིལ་འཁོར་དུ་བལྟས་ལ་དང་པོར་དྲིས་མཆོད། དེ་ནས་མེ་ཏོག་དང་། བདུག་པ་དང་། མར་མེས་ཚུལ་བཞིན་དུ་མཆོད། ཅེས་སོ།། ༈ །།པཎྜིཏ་བཟང་པོས་བྱིན་པས། དང་པོར་འབྱུང་པོའི་གཏོར་མ་བཏང་། དེ་ནས་རིམ་བཞིན་བཞུགས་སུ་གསོལ། ཞེས་དང་། རྟག་ཏུ་བྱའམ་ཟླ་བར་རམ། །ཡང་ན་ལོ་རེ་ན་ནི་བྱ། །ལོངས་སྤྱོད་མཆོག་དང་ལྡན་པ་ལ། །ཚོགས་ཀྱི་འཁོར་ལོ་མཆོད་པར་བྱ། །ཞེས་དང་། དེ་ལྟར་ཕྱི་ཡིས་མཆོད་བྱས་ནས། །ནང་གི་མཆོད་པ་དག་ནི་བྱ། །པདྨ་ལྟ་བུར་རང་གི་ཁ། །ཧོམ་ཁུང་ཉིད་དུ་བསམས་བྱས་ལ། །དགང་གཟར་བཀང་བ་བླུགས་པར་བྱ། །ལག་པ་བླུགས་གཟར་དག་གིས་ཀྱང་། །མཆོད་རྫས་ཡང་དག་དབུལ་བར་བྱ། །ཞེས་དང་། གར་ལ་སོགས་པའི་རོལ་མོ་རྣམས། །གནང་བ་མེད་པར་མི་བྱའོ། །ཞེས་དང་། འཐབ་མོ་ལ་སོགས་སེམས་ཀྱིས་ཀྱང་། །ངེས་པ་རུ་ནི་བསམ་མི་བྱ། །ཞེས་དང་། ལྷག་མ་ཐམས་ཅད་


JKT004_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་ནི། །ཕྱི་རོལ་ཏུ་ནི་གཏོར་མ་བཏང་། །ཞེས་སོགས་གསུངས་སོ།། ༈ །།སློབ་དཔོན་རཏྣ་རཀྵི་ཏས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ལས། དམ་ཚིག་ཉམས་པའི་སྐྱོན་སེལ་བའི། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་པ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཅིང་། །དགེ་བའི་ཚོགས་ལ་འདུད་པ་གང་། །ཟོས་པས་དངོས་གྲུབ་འགྱུར་བ་ཉིད། །ལྷག་པའི་ལྷ་ཡང་ཚིམས་པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་ཐོབ་པར་བྱེད། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིས། །རིམ་གྱིས་འདོད་པའི་འབྲས་བུ་འབྱིན། །ཞེས་དང་། དེ་ལ་མང་དུ་འདུས་པའི་ཚོགས། །འཁོར་ལོ་ལྷ་ཡི་རིམ་པ་ཉིད། །ཐུན་མོང་དུས་སུ་བཤད་པ་ཉིད། །ཁྱད་པར་འདི་ཡིས་ཤེས་པར་བྱ། །ཐམས་ཅད་དུ་ནི་དམ་ཚིག་གཅིག །རྟོག་པ་ཐམས་ཅད་ཡོངས་སུ་སྤངས། །བླ་མ་ལ་གུས་ཏིང་འཛིན་གནས། །སྦྱིན་སོགས་ཡོན་ཏན་རྒྱན་སྤྲས་པའི། །ཐབས་འདིས་ཚོགས་ཀྱི་འཁོར་ལོ་ལ། །གེགས་མེད་པར་ནི་རབ་ཏུ་འཇུག །ཅེས་དང་། གསང་སྔགས་ཐེག་པའི་ཆོ་ག་འདིར། །སློབ་དཔོན་རྣམ་པ་གསུམ་ཡིན་ཏེ། །ཁྱིམ་པ་དགེ་ཚུལ་དགེ་སློང་རྣམས། །ཐ་མ་འབྲིང་དང་མཆོག་ཅེས་བྱ། །ཞེས་དང་། དཀྱིལ་འཁོར་འཁོར་ལོ་འདི་ཉིད་དུ། །དམ་ཚིག་སྡོམ་པ་མ་གཅིག་ན། །འཁོར་ལོའི་དབང་ཕྱུག་དེ་ཡིས་ནི། །


JKT004_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བསྡུ་བར་མི་བྱའོ། །ཞེས་དང་། རྣལ་འབྱོར་ཀུན་སྤྱོད་ལ་སོགས་པའི། །འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི། །ནག་པོའི་ཕྱོགས་དང་དཀར་ཕྱོགས་ཀྱི། བཅུ་པ་ལ་ནི་དེ་རབ་མཆོད། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ནི་བརྒྱད་པ་ལ། །དཔལ་ལྡན་དགྱེས་མཛད་རྡོ་རྗེ་མཆོད། །དུས་ཀྱི་འཁོར་ལོ་ཉ་གཉིས་ལ། །གསང་བ་འདུས་པ་ཟླ་རེ་བཞིན། །ལྔ་བརྒྱད་བཅུ་དང་བཅུ་བཞི་དང་། །དེ་བཞིན་བཅོ་ལྔ་ནག་ཕྱོགས་ལའང་། །ལྔ་སྟེ་དུས་ནི་བཅུ་རུ་འགྱུར། །དེ་དག་དུས་ཀྱི་ཁྱད་པར་རོ། །འདིར་ནི་རྟག་ཏུ་ཕུན་ཚོགས་སམ། །ཇི་ལྟར་འདོད་ཅིང་ཇི་ལྟར་ནུས། །གྲུབ་པར་ནུས་ན་ཉིན་རེའམ། ལོ་ཟླ་ཀུན་ཏུ་བྱ་བའོ། །གནས་ནི་དབེན་པར་གསང་བ་ཡི། །འཁོར་ལོ་ཀུན་ཏུ་བྱ་བའོ། །ཞེས་དང་། དེ་ནས་རང་གི་ལྟེ་བར་ནི། །གང་ཞིག་དགོས་པའི་དབྱེ་བ་ཡིས། །ལྷ་ཡི་འཁོར་ལོ་གནས་པར་བསམ། །རང་གི་ལག་པ་གཡས་དང་གཡོན། །བླུགས་གཟར་དགང་གཟར་རང་གཟུགས་ཉིད། །ལྟེ་བའི་ལྷ་ལ་མཆོད་པའི་ཚུལ། །ལོངས་སྤྱོད་ཚོགས་ཀྱིས་མཆོད་པར་བྱ། །ཞེས་དང་། ཡང་བརྟག་གཉིས་ལས་དྲངས་པ། གླུ་ནི་རྣམ་དག་སྔགས་སུ་བཤད། །གར་ནི་སྡོམ་པར་བྱེད་པ་ཉིད། །དེ་ཡི་ཕྱིར་ན་གླུ་དང་གར། །རྣལ་འབྱོར་པ་ཡིས་རྒྱུན་དུ་བྱ། །ཞེས་དང་། གྲུབ་ཐོབ་བླ་མས་གསུངས་པའི་དབྱངས། །སྟོང་། །


JKT004_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྙིང་རྗེ་དབྱེར་མེད་པར། །དོན་སྟོན་རྡོ་རྗེའི་གླུ་ཉིད་དོ། །ཞེས་དང་། དེ་ནས་དཀྱིལ་འཁོར་སྡུད་པ་ན། །ལྷག་པའི་གཏོར་མ་སྦྱིན་པར་བྱ། །ཞེས་དང་། གང་ཞིག་འདི་རྣམས་ཐམས་ཅད་ལ། །དཔའ་བོ་རྐྱང་པའི་བྱ་བ་ནི། །དཔའ་བོའི་སྟོན་མོ་ཞེས་སུ་བརྗོད། །ཚོགས་ཀྱི་དབང་ཕྱུག་དེ་ལྟ་མིན། །དེ་བཞིན་དཔའ་མོ་རྐྱང་པ་ལ། །དཔའ་མོའི་དབང་ཕྱུག་སྟོན་མོ་ཉིད། །དེ་ལྟར་འཁོར་ལོའི་དབང་ཕྱུག་ལ། །ཤེས་རབ་ཐབས་དང་བཅས་པ་ཉིད། །ཅེས་སོགས་གསུངས་ཏེ་དགེ་སློང་གྲུབ་དབང་དཔལ་བཟང་པོས་བསྒྱུར་བར་སྣང་སྟེ་དོན་ཅུང་ཟད་རྒྱས་པར་ཡོད་དོ།། ༈ །།སྐུ་གསུང་ཐུགས་རབ་ཏུ་གནས་པའི་ཆོ་ག་དཔལ་དཱི་པཾ་ཀཱ་རས་མཛད་པ་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་སྟེ། །དམ་སྡོམ་བྱང་ཆུབ་སེམས་འབྱོངས་པས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ལ། །དེ་དང་འདྲ་བའི་གྲོགས་བཅས་ཀྱིས། །དུས་ཟླ་གཟའ་སྐར་ཚེས་གྲངས་ནི། །ཉི་མའི་ཁྱིམ་ནི་བཅུ་གཉིས་ཏེ། །དགུན་དཔྱིད་ར་འབྲིང་རོ་ཧི་ཏའི། །དབུས་སུ་ཉི་མ་ལོག་ནས་ནི། །བྱང་འགྲོ་ཟླ་དྲུག་ཉིན་མོ་འཕེལ། །དེ་དྲུག་ཞི་བར་རབ་གནས་ཤིས། །དབྱར་སྟོན་ར་འབྲིང་ཟླ་དྲུག་ལྷོར། །ནག་འཕེལ་དྲག་ཉི་དེར་མི་བརྩམས། །ཞེས་དང་། ཕུར་བུ་ལག་


JKT004_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

པ་པ་ཝ་སངས། །ཟླ་བ་བཟང་ལྡན་གཟའ་དེ་ཤིས། །ཉི་སྤེན་དམག་དཔོན་ནོར་འཛོམས་ངན། །ཆུ་སྨད་སྣར་མ་གྲོ་བཞིན་དང་། །ལག་དང་སྣོན་སྣུབས་རྒྱལ་ཆུ་སྟོད། །ཁྲུམས་སྨད་སྐྱེ་དགུ་འཕེལ་བ་དང་། །རབ་ཏུ་གནས་པའི་མཆོག་ཏུ་བྱེད། །ཡིད་འདོད་དངོས་གྲུབ་མེ་བཞིན་སྟེ། །སྣུབས་དང་གྲོ་བཞིན་དེ་བཞིན་ཏེ། །ལག་གིས་སྐལ་བཟང་སྣར་མས་རྒྱལ། །མགོ་ཡིས་ཉེ་བར་ཞི་བར་བྱེད། །ཆུ་སྟོད་ཀྱིས་ནི་བུ་དག་གསོན། །ཁྲུམས་སྨད་རྟག་པར་དངོས་གྲུབ་སྟེར། །རྒྱལ་གྱིས་ཚེ་རིང་བརྟན་པར་འགྱུར། །སྔོན་གྱིས་མཆོག་ཏུ་བདེ་བར་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། །གཟའ་དང་སྐར་མ་དེ་དག་ཀྱང་། །དར་གུད་མི་རིགས་ལས་དང་སྦྱར། །ཚེས་གཅིག་གསུམ་ལྔ་དྲུག་བདུན་བཅུ། །དྲུག་མོ་ནོར་འཇོམས་སྤང་གཞན་ཤིས། །གཟའ་སྐར་ཚེས་གྲངས་མཐུན་འཛོམས་ན། །མར་གྱི་ངོ་ལའང་བྱ་བར་ཤིས། །གནམ་སྟོང་བཅུ་བཞི་ཀུན་ཏུ་སྤང་། །ཟླ་བ་གཟའ་དང་སྐར་མ་དང་། །ཉི་མ་དུས་འཛོམས་སྐད་ཅིག་ལ། །ཇི་སྐད་གསུངས་པ་བཞིན་བྱས་ན། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །རབ་ཏུ་གནས་པ་མཆོག་འགྱུར་ཏེ། །འཁོར་ལོས་བསྒྱུར་བའི་དབང་ཕྱུག་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། དང་པོའི་ལས་ཅན་མ་འབྱོངས་པ། །འཇིག་རྟེན་ཀུན་རྫོབ་ཐ་སྙད་དུ། །འགྲོ་བས་དེ་ཉིད་མི་ཤིས་ལ། །


JKT004_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་རབ་ཏུ་གནས་པར་བཤད། །དབྱེ་བ་སྒྲ་དོན་སྐྱོན་ཡོན་ལས། །བྱ་བའི་ཐབས་དང་རྣམ་པ་དྲུག །དོན་དམ་སྤྲོས་མེད་རབ་གནས་དང་། །ཀུན་རྫོབ་སྐུ་གསུང་ཐུགས་གསུམ་སྟེ། །ཡོན་ཏན་ཕྲིན་ལས་ཞོར་ལ་འབྱུང་། །དམ་ཚིག་སེམས་དཔའ་སྤྱོད་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་ཡུན་རིང་དུ། །གནས་པའི་ཕྱིར་ན་རབ་ཏུ་གནས། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང་། །དེ་སྲིད་མཆོད་པར་དེ་མི་འོས། ཤིས་ཞེས་དང་། རྟེན་འདི་མཐོང་བའི་སྐྱེ་བོ་ཡིས། །བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །ལས་ནི་ཡོན་བདག་བསོད་ནམས་སྤེལ། །སྔགས་པས་དགེ་བ་རྙེད་པར་བྱེད། །དེ་བཞིན་སློབ་དཔོན་སྔགས་གནས་པས། །ཆོས་ལྡན་མཆོད་པ་བྱེད་པ་གང་། །དེ་ཡིས་སྐྱེ་བར་མཆོད་པར་འགྱུར། །བྱ་ཐབས་ཆོ་ག་དག་ལས་བྱ། །ཆོ་ག་དམན་གནས་བཀྲ་མི་ཤིས། །འདིར་སྡུག་ཕ་རོལ་འཇིགས་པ་ཆེ། །དངོས་གྲུབ་འདོད་པས་ཆོ་གར་འབད། །ཆོ་གའི་ཚུལ་ལེགས་བསོད་ནམས་ནི། །མཐོང་དང་མི་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །རྟེན་ལ་བྱིན་རླབས་འཇུག་པར་འགྱུར། །གང་ཟག་བློ་རིགས་ཐ་དད་པས། །ཡོན་མཆོད་འབྱོར་ཚོགས་ཚོགས་པ་ཡིས། །རབ་གནས་རྒྱས་པ་སྤྲོས་བཅས་བྱ། །འབྲིང་པོ་ཆོ་ག་


JKT004_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཙམ་དང་། །བསྡུས་པ་ཏིང་འཛིན་ཐུན་གཅིག་ལ། །རྡུལ་ཚོན་ལ་སོགས་དགོས་མི་བྱ། །ཞེས་དང་། སྙིགས་མ་ལྔ་ཡི་དུས་འདི་རུ། །མཆོག་གི་སྐུ་དང་མཉམ་པ་ཡི། །སྤྲུལ་པའི་སྐུ་ནི་འདི་ཡིན་གྱིས། །ཁྱོད་ཀྱིས་མ་ཉམས་སྲུང་མཆོད་གྱིས། །ཞེས་དང་། སྤྲོས་པ་མི་དགའ་བསྡུས་པ་ནི། །བསྙེན་པ་ཆོ་ག་སྟ་གོན་དང་། །དཀྱིལ་འཁོར་བྲི་སྒྲུབ་རྟེན་གསར་ལ། །བགེགས་བསྐྲད་ཡི་གེ་བརྒྱས་བརྟན་པར། །གོང་བཞིན་སྤྱན་དབྱེ་ལ་སོགས་པ། །ནུབ་གཅིག་ལ་ནི་ཀུན་རྫོགས་བྱ། །མངའ་གསོལ་རྒྱས་པར་མ་གྲུབ་ཀྱང་། །འདིར་ནི་ཉེས་པ་མི་འབྱུང་ངོ་། །ཞེས་དང་། ཤིན་ཏུ་བསྡུས་པའི་རབ་གནས་ནི། །གཟའ་སྐར་ཚེས་གྲངས་མི་བརྩི་སྟེ། །རྡུལ་ཚོན་མི་བརྟེན་ཐུན་གཅིག་ལ། །དཀྱིལ་འཁོར་བསྒོམས་ཏེ་བརྒྱ་རྩ་བསྙེན། །བགེགས་བསྐྲད་བཀྲུ་སོགས་གོང་ལྟར་བྱ། །བསྐྱེད་དེ་སྤྱན་དྲངས་སྐུ་གསུང་ཐུགས། །བྱིན་གྱིས་རླབས་དང་དབང་བསྐུར་བ། །སྙིང་གའི་ས་བོན་འོད་ཀྱིས་ནི། །འོག་མིན་རིགས་ལྔའི་ཐུགས་ཀ་ནས། །བཀྲ་ཤིས་ལྷ་མོ་བུམ་རོལ་བཅས། །དབང་བསྐུར་རིགས་བདག་རྒྱས་གདབ་བསམ། །རྟེན་འབྲེལ་སྙིང་པོ་བརྒྱ་རྩ་རེས། །དྲི་དང་མེ་ཏོག་གཏོར་བྱུགས་ཏེ། །རང་རང་ལྷ་ལ་ཆོས་སྐུར་ཐིམ། །བསམས་ལ་རྡོ་རྗེས་མཆོད་བསྟོད་བྱ། །རྗེས་སོགས་སྤྱི་དང་མཐུན་པར་སྤྱད། །ཅེས་སོགས་ཆོ་གའི་འགྲོས་


JKT004_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འབྲིང་བསྡུས་པའི་ཚུལ་ཞིབ་ཏུ་གསལ་བར་སྣང་ངོ་། །སརྦ་ཤུབྷཾ།། ༈ །།སློབ་དཔོན་རཏྭཱ་ཀ་རའི་དབང་བསྐུར་བསྟན་པ་ལས། དེ་ལྟར་༢འདིར་ཡང་སྐུ་གསུམ་པོའི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་ཡིན་པས། བསྒྲུབ་བྱ་ཇི་ལྟ་བ་དེ་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡར་བྱས་པའི་ཕྱག་རྒྱས་བརྡ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱ་བ་ཡིན་ནོ། །ཇི་ལྟར་མཚོན་ཞེ་ན། དེ་ལྟ་བས་ན་ཤེས་རབ་ཀྱི་དབང་བསྐུར་གྱི་དུས་སུ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པའི་བྱང་ཆུབ་སེམས་ཡུལ་དེ་ཉིད་དུ་མན་ངག་ཇི་ལྟ་བ་ཉིད་དང་། ཕྱོགས་གཉིས་པ་ནས་བསྟན་པའི་རིགས་པས་བསྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་དེ་དང་ལྷན་ཅིག་སྐྱེས་པར་གྱུར་པ་གང་ཡིན་པ་རང་དང་གཞན་གྱི་སྣང་བའི་བྱེ་བྲག་དང་བྲལ་བ། མཆོག་ཏུ་བདེ་བ་ཆེན་པོ་ཙམ་དུ་རབ་ཏུ་སྣང་བ་དང་། གཉིས་སུ་མེད་པར་ཤེས་བྱ་ཐམས་ཅད་ནུབ་པར་གྱུར་པ་དག་གི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པའི་ངོ་བོ་རང་རིག་པ་དེར་བཏད་པ་མཐར་ཕྱིན་པ། ནམ་མཁའ་དྲི་མ་མེད་པ་ལྟ་བུའི་ཡིད་མཆོག་ཏུ་གྱུར་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་དེ་ནི་ཆོས་སྐུའི་མཚན་ཉིད་དོ། །དེ་ཡང་། ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས། །གཏོང་བར་བྱེད་པ་མ་ཡིན་པ། །དེ་སྲིད་ཀུན་དགའ་ལས་བྱུང་བདེ། །ཅི་ཡང་རྒྱུན་མི་འཆད་པ་ཐོབ། །ཅེས་གསུངས་སོ། །གང་རྡོ་རྗེའི་ནང་གཡོ་བར་གྱུར་པའི་


JKT004_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་རེག་པ་ལས་བྱུང་བའི་ཡུལ་ངེས་པ་མེད་ན་ཡང་དམིགས་པའི་དབང་གིས་ཡུལ་སོ་སོར་ངེས་པ་ལྟ་བུར་ཁ་ཕྱིར་བལྟས་པའི་བདེ་བའི་རྣམ་པ་བྱང་ཆུབ་ཀྱི་སེམས་ལ་ལོངས་སྤྱོད་པའི་ཡེ་ཤེས་ནི་ཉམས་སུ་མྱོང་བ་དང་ལྡན་པས་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་དོ། །གང་ཡང་ཤེས་རབ་ཀྱི་པདྨའི་ནང་དུ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ལོངས་སྤྱོད་དུ་བྱས་པས་དེ་ཡོངས་སུ་མཉེས་པར་བྷཱུ གྱུར་པས་ན་རྡོ་རྗེ་ནོར་བུས་ཉམས་སུ་མྱོང་བ་དང་ལྡན་པས་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་དོ། །གང་ཡང་ཤེས་རབ་ཀྱི་པདྨའི་ནང་དུ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ལོངས་སྤྱོད་དུ་བྱས་པས་དེ་ཡོངས་སུ་མཉེས་པར་གྱུར་པས་ན་རྡོ་རྗེ་ནོར་བུས་ཉམས་སུ་མྱོང་བ་དེ་ནི་སྤྲུལ་པའི་སྐུའི་མཚན་ཉིད་དོ། །ཞེས་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཀྱང་གཉིས་སུ་མེད་པ་ཉིད་བསྒྲུབ་བྱ་ཉིད་དུ་གསུངས་པའི་ཕྱིར། ཐེག་པའི་ཁྱད་པར་ལ་ཡང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ནི་ཡོད་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་དང་། དེའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་ཉིད་བཞི་པ་དང་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ཀྱིས། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་ཕྱིར་རོ། །ད་ལྟ་ནི་དེ་ཡི་གོ་འཕང་མཚོན་པར་བྱེད་པ་


JKT004_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཤེས་རབ་ཡེ་ཤེས་ལ་བཞི་པར་བྱ་ཞིང་། །བཞི་པ་ཞེས་བྱའི་སྒྲས་བརྗོད་པར་བྱ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས། ཡང་། རྡོ་རྗེ་རིགས་ཀྱི་ལེའུ་ལས་འདོད་པའི་དབང་བསྐུར་བ་རྣམ་པ་བཞི་ཡང་ཤེས་རབ་ཡེ་ཤེས་ཀྱི་དགོངས་པ་ཉིད་ལ་སྦྱོར་བར་བྱེད་དེ། གང་ཤེས་རབ་དང་ལྷན་ཅིག་ཆགས་པ་དང་། དགོད་པ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ལ་མཆོད་པའི་ངོ་བོ་སློབ་དཔོན་གྱི་ལས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་སློབ་དཔོན་གྱི་དབང་བསྐུར་བའོ། །ཤེས་རབ་གང་ལ་ཆགས་པ་དང་བཅས་པས་པདྨ་འབྱེད་ཅིང་མཐོང་བ་དེ་ནི་གསང་བ་ལ་བརྟེན་པ་ཡིན་པའི་ཕྱིར་གསང་བའི་དབང་བསྐུར་བའོ། །ཤེས་རབ་གང་གི་ཡན་ལག་ཀུན་མཐོང་བ་དེ་ནི་ཤེས་རབ་ལ་བརྟེན་པ་ཡིན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གང་གཉིས་ཀའི་བྱ་བ་ལས་བྱུང་བ་དེ་ཁོ་ནའི་མཆོག་ཚེ་ཡང་དག་པར་མཚོན་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་བཞི་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ཡང་། དགོད་པ་དག་པ་སློབ་དཔོན་ཏེ། དེ་བཞིན་གསང་བ་མཐོང་བ་ཉིད། །ཡང་དག་ཀུན་ཐོབ་ཤེས་རབ་སྟེ། །དེ་བཞིན་གཉིས་ཀྱིས་བཙལ་བའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སོགས་སྣང་སྟེ། འདིའི་དགོངས་པ་ནི། གསུམ་པས་དྲངས་པའི་བདེ་བ་ལས་ལོགས་སུ་བཞི་པ་མི་ཕྱེ་བ་སྟེ། དགོས་པ་ནི། ཚིག་ཙམ་


JKT004_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ངོ་སྤྲོད་པའི་བཞི་པ་དོན་གྱིས་ཡེ་ཤེས་སུ་འདོད་པ་བཀག་སྟེ། ལམ་དུས་སུ་དཔེ་ཡི་ཡེ་ཤེས་ཕྱག་རྒྱ་ལས་བྱུང་བ་ཉིད་བཞི་པ་བཏགས་པ་བ་དང་། དངོས་ནི་མི་སློབ་པའི་བྲལ་འབྲས་སུ་སྐྱེ་བར་དགོངས་པར་མངོན་ནོ། །གཞུང་འདིར་སྐུ་གསུམ་དུ་ཡེ་ཤེས་ལྔ་བསྡུ་བའི་ཚུལ་ཡང་། སྒྲུབ་པ་དང་བཅས་ཀྱང་རུང་། སྒྲུབ་པ་དང་བཅས་པ་མ་ཡིན་ཀྱང་རུང་། ཆོས་སྐུ་ཙམ་ལ་མཚོན་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཙམ་ཞིག་ནི་ཐེག་པ་ཆེན་པོའི་བསྒྲུབ་བྱ་མ་ཡིན་པ་ཉིད་དེ། དེ་ཙམ་ཞིག་ལ་ནི་གཞན་གྱི་དོན་ལ་སྦྱོར་བ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། གཞན་ཡང་སྐུ་གཉིས་པོ་ཡེ་ཤེས་བཞིས་བསྡུས་པ་ཉིད་ཀྱང་བསྒྲུབ་བྱ་ཡིན་ནོ། །དེ་ལྟར་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། དེའི་ཡོངས་སུ་གཏོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་གཙོ་བོར་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་བརྟེན་ནས་རྣམ་པ་ཐམས་ཅད་དང་དོན་ཐམས་ཅད་ཀྱིས་གཟུགས་བརྙན་གྱི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་རྟོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་དུ་དོན་རྟོགས་པའི་དོན་ཐམས་ཅད་དེ་བཞིན་ཡོངས་སུ་གཅོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་གསུམ་པོ་འདི་དག་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བའི་འབྲས་བུ་


JKT004_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་འགྲོ་བའི་དོན་གྱི་བྱ་བ་མཛད་པའི་མཚན་ཉིད་ཅན་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་སྤྲུལ་པའི་སྐུ་ཞེས་བྱ་བ་ཡང་འབྲས་བུ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་ཐེག་པར་ཡང་བརྡ་ཇི་ལྟ་བ་དང་། རྒྱུ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་འཆང་གི་རང་བཞིན་དང་། ཤིན་ཏུ་རྣམ་པར་དག་པ་དེ་ཡི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པའི་ངོ་བོ་ཆོས་ཀྱི་སྐུ་ཞེས་བྱ་བ་ནི་གཙོ་བོར་བསྒྲུབ་བྱ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་ཀྱི་རྣམ་པར་ཐམས་ཅད་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དང་། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་རྟོགས་པ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དང་། ཉམས་སུ་མྱོང་བའི་དོན་གྱིས་རྣམ་པ་ཐམས་ཅད་ཡོངས་སུ་གཅོད་པའི་བདག་ཉིད་ཅན་སོ་སོར་རྟོག་པའི་ངོ་བོ་ཉིད་ནི་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ། འབྲས་བུ་གཉིས་ལས་ཆོས་ཀྱི་སྐུ་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་སྣ་ཚོགས་ལ་ཁྱབ་པའི་འགྲོ་བའི་དོན་གྱི་བྱ་བ་མཛད་པའི་མཚན་ཉིད་ཅན། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་དོན་ཡོད་གྲུབ་པའི་རང་བཞིན་ཏེ་སྤྲུལ་པའི་སྐུ་ཞེས་བྱ་བ་འབྲས་བུ་དང་བསྒྲུབ་པར་བྱ་བ་གཞན་ཡིན་ནོ། །དེ་ལྟར་འདིར་ཡང་སྐུ་གསུམ་པོའི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་ཡིན་


JKT004_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཞེས་སོགས་སྔར་དྲངས་པ་ལྟར་རོ། །འདི་ཉིད་རིན་ཆེན་འབྱུང་གནས་ཀྱིས་མཛད་པ་སྟེ། ད་དུང་ཚིག་དོན་གཉིས་ཀ་འདི་དང་འདྲ་ལ་ཁད་པ་ཞིག་སྣང་སྟེ། དེ་ནི་སློབ་དཔོན་རྒྱལ་བ་བཟང་པོ་དཔལ་སྲས་ཀྱིས་མཛད་༡༠པའོ། སྔ་མ་ནི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་། ཕྱི་མ་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་བར་སྣང་ངོ་། ༈ །མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་རྣམ་ཐར་ལས། ཚུལ་གནས་ཀྱི་དོན། རྩ་བཞི་ཆང་དང་ལྔ་སམ་སྦགས་ཙམ་དང་། བཤགས་སྡོམ་གང་ཆེ། ཐོས་པ་ལ། སོ་ཐར་མདོ་དབུ་ལུགས་སེམས་བསྐྱེད། ཞེན་པ་བཞི་བྲལ། དོན་བདུན་མ། སྐྱིད་སྡུག་ལམ་ཁྱེར། རྟེན་འབྲེལ་སྙིང་པོ། དབུ་མའི་ལྟར་ཁྲིད། བརྒྱད་སྟོང་། དེའི་ལྟ་བསྒོམ་སྤྱོད་པ་ཐང་སྟོང་པའི་ལུགས། རྡོ་རྗེ་གཅོད་པ། སྡུད་པ་སོགས། བྱམས་ཆོས་ལྔ། རྩ་ཤེ། སྤྱོད་འཇུག་སོགས། གཅོད་སྐོར། ས་སྐྱ། ཐོགས་མེད། བཀའ་གདམས་གླེགས་བམ། ངོར་ཆེན། མུས་ཆེན། དཀོན་མཆོག་ལྷུན་གྲུབ། ཐར་པཎ་རྣམས་ཀྱི་བཀའ་འབུམ། དབང་ལས། རིགས་གསུམ་སྤྱི། མི་འཁྲུགས་པ་སྟ་གོན་ཡོད་མེད་གཉིས། ཚེ་དཔག་ལྷ་དགུ། འཆི་མེད་རྔ་སྒྲ། ཨ་ར་པ་ཙ་ན། སྦྱོངས་དཀྱིལ། ཀུན་རིག །འཆི་འཇོམས། གསང་འདུས་ལུགས་གསུམ། གཤེད་དམར་ལྷ་ལྔ། འཇིགས་བྱེད་ར་ལུགས། ས་ལུགས། རྩྭ་ནག་


JKT004_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་གསུམ། མཁའ་འགྲོ་རྒྱ་མཚོ། ཀྱེ་རྡོར་བཀའ་བབས་བཞི། བདག་མེད་ལྷ་མོ་བཅོ་ལྔ། མགོན་པོའི་དབང་ཀ་ལྔ། གུར་སཾ་ཊ། ཕུར་པ། དྲག་དམར་རྣམས་ཀྱི་དབང་། མཁའ་སྤྱོད་རྣམ་གསུམ། །ཕག་མོ་སྐོར་གསུམ། དམར་པོ་སྐོར་གསུམ། དམར་ཆུང་སྐོར་གསུམ། ལམ་འབྲས། ཆག་མེད་བཞི། ཚར་སྒྲུབ། རྣམ་བིར། བརྡ་དོན། བདག་མེད་མ། ག་ཡ་དྷ་རའི་མགོན་རྐྱང་། བརྡ་ཚིག །པོད་མེར་དམར་སོགས། བརྒྱ་རྩ། རྒྱ་མཚོ་རྣམས་ཀྱི་རྒྱ་གཞུང་བོད་གཞུང་། སྒྲོལ་མ་ཉེར་གཅིག །དེའི་ཡིག་རྙིང་། རྣམ་རྒྱལ་འཇོམས། ནོར་རྒྱུན་མ། སེང་གདོང་སྔོ་དམར། མི་གཡོ་བ་དཀར་སྔོན། དབྱངས་ཅན་དཀར་མོ། །རྨེ་བརྩེགས་ལྗང་ནག །སྨེ་དུད། ཁྲོ་མོ་སྨེ་བརྩེགས། འཇམ་དཀར། སྨྲ་སེང་། གང་བློ་མ། ཨ་ར་པ་ཙ་ན། ཁྱུ་གཟིགས་གཙོ་བོར་གསུམ་པ། སེང་གེ་སྒྲ། བཅུ་གཅིག་ཞལ། སྒྲོལ་དཀར་འཁྲིད་བཅས། གཉན་སྒྲོལ། གཤེད་དམར། སོར་འབྲང་། ཚེ་དཔག་མེད་དཀར་པོ། རས་ཆུང་དང་། གྲུབ་ཐོབ་ལུགས། ལྕགས་སྡོང་མ། རི་ཁྲོད་མ། སྨན་བླ། གནས་བཅུ། ཀླུ་དབང་རྒྱལ་པོ། རྟ་མགྲིན། སྐྱེར་སྒང་ལུགས། ཟླ་རྒྱལ་ལུགས། ཛཾ་སེར་ནག་གུར་ལྷ་བརྒྱད། ལྷ་དགུ། ལྷ་བཅུ་གཉིས་མ། ལྕམ་དྲལ་ལྷ་གསུམ།


JKT004_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དུད་སོལ་མ། པུ་ཏྲ། ཞོལ་བསྙེན་དུས། བྲམ་ནག །ལས་བཞི། སྒྲུབ་དུས་གཉིས། གསང་ཁྲིད། མངགས་གཏད། ཁྱུང་ཞལ། གདོང་བསྙེན་ཅན། ཕྱག་བཞི་དྲུག །དམ་ཅན་ཆོས་རྒྱལ། རིགས་བཞི། མགོན་དཀར། སྟག་ཞོན། ཏཱཀྐད། དམག་ཟོར་མ། བེཀ་ཙེ། ཚེ་རིང་མ། རྣམ་སྲས། དུར་བདག །ཞང་བློན་ཕྱི་ནང་གསང་གསུམ། ཡང་དེའི་གསང་སྒྲུབ་ལྷ་ལྔ། དཔལ་ལྷ། ཁྲིད་བརྒྱ། ནག་པོ་རིམ་བཞི། རྩ་དབུ་མ་ཡུམ་དང་སྦྱར་བ། རྭ་རྩེ་སེམས་འཛིན། རྭ་ཁྲིད། རྣལ་འབྱོར་བཞི། སྤྲོས་མེད། ཚོམ་བུ་ལུགས། བྲག་རྫོང་མ་ཕྱི་ནང་གསང་གསུམ། ཞལ་གྱི་སྐོར་མང་པོ། རྒྱུད་འབུམ་བླ་མེད་སྐོར་ཡོངས་རྫོགས། འཇིགས་བྱེད་སྐོར་ཚང་མ། གུར་ཞལ་གཉིས་ཀའི་གསེར་པོད། མེ་འབར་མ། གློ་བོ་མཁན་ཆེན་གྱི་བཀའ་འབུམ་ཐོར་བུ། དཔལ་ལྡན་དོན་གྲུབ་བཀའ་འབུམ། རྒྱུད་བཞི་* སོགས་སོ།། ༈ །།ན་མོ་གུ་ར་བེ། འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་ཤིང་ཚེ་དེ་ཉིད་དུ་མཆོག་གི་དངོས་གྲུབ་བརྙེས་པ་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་ཡོ་གའི་སྲོལ་གཉིས་མངའ་བའི་སྐུ་ཚེའི་སྟོད་ལ་པཎྜི་ཏ་སངས་རྒྱས་ཞི་བ་ལ་གསན་པའི་སྲོལ་ནི། ཕྱག་ལེན་དང་དབང་བཀའ་ཀུན་སྙིང་ནས་བརྒྱུད་ཀྱང་བཤད་པ་ཤཱཀྱ་བཤེས་གཉེན་གྱི་ཀོ་ས་ལའི་རྒྱན་གྱི་སྟེང་ནས་མཛད་པས་ཕྱག་ལེན་དང་བཤད་པ་ཡང་


JKT004_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མ་མཐུན་ཅིང་། སྦྱོང་རྒྱུད་ལའང་རྡོར་དབྱིངས་སོགས་ཀྱི་ཆོ་གས་རྒྱས་བཀབ། དབྱངས་ལ་སོགས་པའི་སྤྲོས་པའང་ཆེ་བར་གྲགས་སོ། །སྐུ་ཚེའི་སྨད་ལ་པཎྜིཏ་དྷརྨ་ཕ་ལར་གསན་པའི་སྲོལ་ནི། པཎྜིཏ་དེ་ཉིད་ཀུན་སྙིང་ནས་བརྒྱུད་པ་བཞི་པ་ཡིན་པས་ཐག་ཉེ་ཞིང་། ཕྱག་ལེན་དང་བཤད་པ་གཉིས་ཀ་ཀུན་སྙིང་གི་ལུགས་འབའ་ཞིག་མཛད། སྦྱོང་རྒྱུད་ལའང་ཆོ་ག་གཞན་དུ་ཁ་འཕངས་ནས་གསལ་བར་མ་བཤད་པ་རྣམས། གཙུག་དགུ་དང་དེ་ཉིད་འདུས་པ་སོགས་ནས་ཁ་བསྐངས་པ་མ་གཏོགས་རྒྱུད་ཀྱི་སྟེང་ནས་ཆོ་ག་ཐོན་པ་གཞན་དང་མི་བསྲེ་བར་རྒྱུད་ཀྱི་གོང་འོག་འཁྲུགས་བསྡེབས་ནས་སྤོས་པ་ཆུང་ཞིང་དག་པར་མཛད་དོ། །ལུགས་དེ་ཉིད་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ནས་རིམ་པར་བརྒྱུད། རྗེ་བཙུན་གྲགས་པར་བཀའ་བབས། དེ་ཉིད་ཀྱིས་རྒྱུད་བཤད་ཐབས་ཀྱི་མན་ངག་གཞན་ཕན་སྤྱི་ཆིངས། རྒྱུད་ཀྱི་ས་བཅད། རྒྱུད་ཀྱི་མཆན། ལག་ཏུ་བླང་བའི་རིམ་པ་གཞན་ཕན་འོད་ཟེར། གཞན་ཕན་ཉེར་མཁོ་རྣམས་མཛད་དོ། །དེ་ལ་ཕྱིས་ཀྱི་བོ་དོང་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དཔལ་འཇིགས་མེད་གྲགས་པས་རྒྱུད་ཀྱི་དོན་ལ་མ་ཞུགས་སོ། །ཞེས་བཀག་ནས། ཆོ་ག་རྒྱུད་དོན་གསལ་བ། དེ་ཉིད་ལུང་དང་སྦྱར་བ་ལུང་གི་རྣམ་ངེས། རིགས་པའི་རྣམ་ངེས་ཏེ་གསུམ་དུ་མཛད་པ་ལས། གཞན་ཕན་འོད་ཟེར་ལ་ཕྱོགས་སྔར་བྱས་པ་


JKT004_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྩོད་ལན་ནི་ཀུན་མཁྱེན་པརུ་སི་ཧས་གཞན་ཕན་གནོད་འཇོམས་ཞེས་བྱ་བ་མཛད་ཡོད་དོ། །ཤུ་བྷཾ། །ཡང་ཀུན་རིག་ལ་ལོ་ཆེན་ནས་བརྒྱུད་པ་༢མ་གཏོགས་པ། པཎྜིཏ་དྷརྨ་ཕ་ལས་ཇོ་བོ་རྗེ་ལ་བརྒྱུད་དེ་རྩ་སྐྱ་པ་སོགས་ཀྱིས་མཛད་པའི་སྲོལ་ཏེ་འཕགས་ཡུལ་ནས་བརྒྱུད་པ་གསུམ་དང་། བོད་འདིར་གསར་དུ་བཟོས་པའི་སྔར་གྱི་སྲོལ་གཉིས། འདུལ་འཛིན་གྲགས་རྒྱལ་དུ་བོད་པས་སྐབས་དོན་དང་པོ་སྦྱོར་བ་ཆོས་སྐུའི་ཉམས་ལེན་ཆད་པ་སྟེ་ལུགས་སྲོལ་གསུམ་སྟེ་དྲུག་ཏུ་ཡོད་དོ།། ཤུ་བྷཾ། །།དཔལ་ཀྱེ་རྡོ་རྗེའི་ལུས་དཀྱིལ་གྱི་བཤད་པའི་སྐབས། ཀྱེ་རྡོར་རྩ་རྒྱུད་དང་། བཤད་རྒྱུད་ཀུན་ཏུ་ཁ་སྦྱོར་ལས་གསུངས་པའི་ལུས་དཀྱིལ་རྣལ་འབྱོར་དབང་ཕྱུག་གི་མན་ངག་སྟེ། དེ་ལའང་། སྤྱིར་དཀྱིལ་འཁོར་གྱི་སྒྲ་དོན། དཀྱིལ་འཁོར་དེའི་རབ་ཏུ་དབྱེ་བ། ལུས་དཀྱིལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མཎྜལ་ཞེས་པའི་སྒྲ་ལས་དྲངས་ན་མ་ནུ་སཱ་ར་ནི་སྙིང་པོ་སྟེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའོ། །ལ་ནི་ལེན་པའམ་འཛིན་པ་སྟེ། སྙིང་པོ་བདེ་བ་ཆེན་པོ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ། རྩ་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། ཅེས་སོ། །གཉིས་པ་ལ་དྲུག་སྟེ། སློབ་དཔོན་ཀླུ་བྱང་


JKT004_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །རིན་ཆེན་དེ་བཞིན་ས་བོན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །ཕྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བདེན། །ཞེས་དང་། དེ་བཞིན་དུ་མངོན་བརྗོད་བླ་མར་དཀྱིལ་འཁོར་དྲུག་དང་། མན་ངག་ཐུན་མོང་མ་ཡིན་པར་ལྔ་དང་། ཐུན་མོང་དུ་བཅོས་མའི་དང་། ཁྱད་པར་དུ་དཀྱིལ་འཁོར་བཞིར་དབྱེ་བ་དང་། སློབ་དཔོན་དྲིལ་བུ་པས་དཀྱིལ་འཁོར་གསུམ་དུ་དབྱེ་བ་དང་། ཁ་སྦྱོར་ལས་དཀྱིལ་འཁོར་གཉིས་སུ་གསུངས་པ་སོགས་སོ།། །།གསུམ་པ་ལུས་དཀྱིལ་བྱེ་བྲག་ཏུ་བཤད་པ་ལ། ཕྱི་དཀྱིལ་ལས་ཁྱད་པར་འཕགས་ཚུལ། ཁྱད་པར་དུ་འཕགས་པའི་ལུས་དཀྱིལ་གྱི་སྒྲ་དོན། སྒྲ་དེ་ལྡན་ལུས་དཀྱིལ་གྱི་དབྱེ་བ། དབྱེ་གཞི་ལུས་དཀྱིལ་གྱི་མཚན་གྱི་རྣམ་གྲངས། མཚན་དེ་དང་ལྡན་པའི་ལུས་དཀྱིལ་ཉིད་གཏན་ལ་དབབ་པའོ། ༈ །རས་བྲིས་ཀྱི་དཀྱིལ་འཁོར་ལ་ཞལ་ཕྱག་རྫོགས་པར་བྲི་དགོས་ཏེ། དེ་ཡང་ཛ་ཡ་སེ་ནས། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་དང་བཅས་པ་འབྲི། །ཞེས་སོ། ༈ །དབང་གི་ཆུ་བོའི་རྣམ་བཤད་དུ། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གཞིར་བསྟན་པ་དང་། དབང་མ་བསྐུར་བའི་ཉེས་དམིགས། དབང་བསྐུར་བའི་ཕན་ཡོན། བསྐུར་བྱ་དབང་སྤྱིའི་རྣམ་བཞག །ཆོ་གའི་ངོ་བོ་སྟེ་ལྔའོ། །འདིའི་


JKT004_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལ། དབང་བསྐུར་གྱི་སྒྲ་དོན། སྤྱིའི་གྲངས་ངེས། ནང་གསེས་ཀྱི་དབྱེ་བ། དབང་གི་གོ་རིམ་མོ། །དང་པོ་ནི། ཆོ་ག་ཁྱད་པར་ཅན་ལ་བརྟེན་ནས་ཕུང་ཁམས་སྐྱེ་མཆེད་ལ་སངས་རྒྱས་ཀྱི་ས་བོན་བཏབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པའི་ངོ་བོ་སྟེ། སྨིན་པའི་ཚད་ནི་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟགས་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཅེས་ཕར་ཕྱིན་གྱི་ཐེག་པར་བསྟན་པ་དེ་ཉིད་ལ་སྤང་བྱ་མཐོང་སྤང་སྤོང་རུང་དང་། གཉེན་པོ་མཐོང་ལམ་སྐྱེ་རུང་ལ་སྨིན་པར་འཇོག་པ་ལྟར། རྡོ་རྗེ་ཐེག་པའི་སྐབས་འདིར་རྟེན་དེ་ཉིད་ལ་སྤང་བྱ་སྒྲིབ་གཉིས་སྤོང་རུང་དང་། ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་དུ་འགྱུར་བ་ནི་སྨིན་པའི་ངོ་བོའོ། །དེས་ན་དབང་བསྐུར་ཐོབ་པ་དང་། སྔགས་ཀྱི་དམ་ཚིག་ཐོབ་པ་དང་། སྡོམ་པ་ཐོབ་པ་དང་། རྒྱུད་སྨིན་པར་བྱས་པ་རྣམས་དོན་གཅིག་ཡིན་ཅིང་། དབང་བསྐུར་དང་། སྔགས་ཀྱི་དམ་ཚིག་དང་། རྒྱུད་སྨིན་པའི་ངོ་བོ་རྣམས་དོན་གཅིག་གོ །ཞེས་སོ། །གཉིས་པ་ནི། གཏོར་བ་དང་། དབང་བ་སོགས་དོན་ཚན་བཞིའི་སྒོ་ནས་དག་ལྡན་ལས་འཆད་པ་ལྟར་རོ། །གསུམ་པ་ནི་རྒྱུད་སྡེ་བཞིར་དབང་མི་འདྲ་བ་བཞི་དང་། བླ་མེད་ལ་བུམ་དབང་སོགས་བཞིའོ། །ལྔ་པ་ནི།


JKT004_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀླུས་མཛད་པའི་གསང་བ་འདུས་པའི་དཀྱིལ་ཆོག་དང་། ཀླུ་བྱང་གི་ཆོ་ག་ཉི་ཤུར་མཛད། བདེ་མཆོག་ནག་པོ་པར་སྔོན་དུ་བསྙེན་པ་དང་། དཀྱིལ་འཁོར་གྱི་སྤྱོད་པ་བདུན་དང་། བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞི་སྟེ་ཉི་ཤུ་རྩ་གཉིས་སུ་མཛད། དྲིལ་བུ་པས་རྩ་བའི་དབྱེ་བ་བཞི། ཡན་ལག་གི་དབྱེ་བ་བཅུ་བཞིར་གསུངས། ཀྱེ་རྡོར་མན་ངག་ལུགས་ལ། ཞལ་དང་འདྲ་བའི་ཆོ་གའི་གཞི་བརྒྱད། ཞབས་དང་འདྲ་བའི་ཆོ་གའི་ཆིངས་བཞི། ཕྱག་དང་འདྲ་བའི་ཆོ་གའི་ཡན་ལག་བཅུ་དྲུག །མིག་དང་འདྲ་བའི་ཆོ་གའི་གཙོ་བོ་ཉེར་བཞི་སོགས་གསུངས་པ་མ་འདྲེས་པར་རྟོགས་པར་བྱའོ། །ལྔ་པ་ཆོ་གའི་ངོ་བོ་ལ། ཞལ་དང་འདྲ་བའི་ཆོས་བརྒྱད་དེ། གཞན་དོན་དུ་སློབ་མ་རྗེས་སུ་བཟུང་བའི་ཆོ་ག །སྔོན་དུ་བསྙེན་པའི་ཆོ་ག །སའི་ཆོ་ག །སྟ་གོན་ཆོ་ག །དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པའི་ཆོ་ག །སྒྲུབ་ཅིང་མཆོད་པའི་ཆོ་ག །འཇུག་ཅིང་དབང་བསྐུར་བའི་ཆོ་ག །དཀྱིལ་འཁོར་ཆེན་པོའི་འཇུག་གི་ཆོ་གའོ། །དང་པོ་ལ། གང་ལས་གསུངས་པའི་ལུང་ཁུངས། གང་ལ་བྱ་བའི་སློབ་མ། ཇི་ལྟར་བྱ་བའི་ཆོ་ག །དེ་ལྟར་བྱས་པའི་དགོས་པའོ།། ༈ །།དཔལ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་བྱུང་ཚུལ་ལ་དྲུག་སྟེ། སྤྱིར་རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བ། སྒོ་དྲུག་པ་དེའི་རྩ་བཤད་ཀྱི་བཞུགས་ཚུལ། སྒོ་དྲུག་པར་འཇོག་པའི་འཐད་པ། །


JKT004_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྒྱ་བོད་དུ་སྲོལ་ཇི་ལྟར་བྱུང་ཚུལ། དེ་ལས་ཁྱད་དུ་འཕགས་པའི་ལུགས་ངོས་བཟུང་བ། དེ་ཉིད་ཀྱི་བླ་མ་བརྒྱུད་པའི་རྣམ་པར་བཤད་པའོ། །དང་པོ་ནི། བིརླས་གུར་ལ་བརྟེན་ནས་བཞི་དང་། འགོས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལ་བརྟེན་ནས་ལྔར་དབྱེ་བ་ནི་རང་རང་གི་སྐབས་སུ་ལེགས་པ་ཡིན་ལ། དེ་བཞིན་འདིར་ཡང་། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་དྲུག་ཏུ་མཛད་པའི་དང་པོ་ནི། བྱ་རྒྱུད་ཀྱི་ནང་ཚན་རྗེ་བཙུན་སློབ་དཔོན་རིན་པོ་ཆེས་འདི་ལྟར་དུ་གསུངས་ལ། གཉན་ཕུལ་བྱུང་བ་དང་། རྗེ་བཙུན་རིན་པོ་ཆེས་མདོ་ཞེས་པ་ཕ་རོལ་ཏུ་ཕྱིན་པ་དང་། རིག་པ་འཛིན་པའི་རྒྱུད་ལ། བྱ། སྤྱོད། རྣལ་འབྱོར། རྣལ་འབྱོར་ཆེན་པོ། །གསང་བ། གསང་བའི་མཐའ་སྟེ་དྲུག་ཏུ་མཛད་ཀྱང་། ཙོང་ཁ་པ་སོགས་ཀྱིས་གསང་མཐའ་ཞེས་པ་མི་འཐད་པའི་དགག་པ་རྒྱ་ཆེར་མཛད་ཅིང་། གསང་མཐའ་ཞེས་པ་བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་བཞེད་དེ། གསང་སྔགས་ཐམས་ཅད་ཀྱི་མཐར་ཐུག་པས་སོ། །ཞེས་འདོད་དོ། །ལས་ཚོགས་གཙོ་བོར་སྟོན་པའོ། །བྱ་རྒྱུད་ནི། བདག་ཐ་མལ་དུ་གནས་པའི་མདུན་དུ་རས་བྲིས་ལ་ཡེ་ཤེས་པ་སྤྱན་དྲངས། དཀའ་ཐུབ་དང་གཙང་སྦྲ་ལ་སོགས་པའི་སྒོ་ནས་དངོས་གྲུབ་དོན་དུ་གཉེར་བ་སྟེ། ལེགས་གྲུབ་དང་དཔུང་བཟང་སོགས་སོ། །སྤྱོད་རྒྱུད་ནི། བདག་ཉིད་ཀྱང་ལྷར་བསྐྱེད་ལ། མདུན་དུ་ཡེ་ཤེས་སེམས་


JKT004_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྤྱན་དྲངས་ཏེ། བདག་ལ་མི་བསྟིམ་པར་གོགས་པོ་ལྟ་བུའི་སྒོ་ནས་དངོས་གྲུབ་དོན་དུ་གཉེར་བ་སྟེ། མངོན་བྱང་ལ་སོགས་པའོ། །རྣལ་འབྱོར་གྱི་རྒྱུད་ནི། བདག་ཉིད་ཀྱང་ལྷར་བསྐྱེད། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་ཆོ་ག་ཚར་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྐྱང་པའི་སྒོ་ང་རྒྱལ། ནས་དངོས་གྲུབ་བསྒྲུབ་པ་སྟེ། དེ་ཉིད་འདུས་པ་ལ་སོགས་པའོ། །རྣལ་འབྱོར་གསང་བའི་རྒྱུད་ལ། རྣལ་འབྱོར་ཆེན་པོ་ཕ་དང་། མའི་རྒྱུད་གཉིས་ལས། ཁྱད་པར་ནི་བསྐྱེད་རིམ་དང་། རྫོགས་རིམ་བརྗོད་བྱའི་གཙོ་བོར་སྟོན་པས་དབྱེའོ། །དེ་ལ་ཕ་རྒྱུད་ལ། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་གསང་འཇིགས་སྒྱུ་གསུམ་མོ། །མ་རྒྱུད་ལ། རྒྱུད་སྡེ་སྒོ་དྲུག་ལས། ཧེ་རུ་ཀའི་རིགས་ཀྱེ་རྡོར། ཐོད་པ། མཱ་ཡཱ་སོགས་ཏེ། རྒྱུད་སྡེ་བཞིར་འབྱེད་པའི་ཚེ་གསང་མཐའི་སྐོར་ཀྱང་འདིར་གཏོགས་སོ། །རྣམ་སྣང་རིགས་མི་གཡོ་བླ་མེད་དང་། རྩ་རྒྱུད་གདན་བཞི། དེའི་བཤད་རྒྱུད་མན་ཨོཾ་པ་སྟེ་ཐམས་ཅད་གསང་བའོ། །རིན་འབྱུང་གི་རིགས་ནི་རྡོ་རྗེ་བདུད་རྩིའོ། །འོད་དཔག་མེད་ཀྱི་རིགས་ནི་ཀུ་རུ་ཀུལླེའི་རྟོག་པ་དང་། རིགས་ཀྱི་འཇིག་རྟེན་གྱི་མགོན་པོ་ལྔ་བཅུ་པའི་རྟོགས་པ་རྣམས་སོ། །དོན་གྲུབ་ཀྱི་རིགས་ནི། མགོན་པོ་མངོན་འབྱུང་། སྒྲོལ་མ་བླ་མེད། ཕུར་པ་རྩ་


JKT004_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་རྣམས་སོ། །རྡོ་རྗེ་སེམས་དཔའི་རིགས་ནི་ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པའོ། །གསང་མཐའི་རྒྱུད་ནི། རྩ་རྒྱུད་ལེའུ་༥༡པ་བཤད་རྒྱུད་རྣམ་པ་ལྔས་འཆད་པའི་ལུགས་སོ། །གཉིས་པ་དེའི་རྩ་བཤད་ཀྱི་བཞུགས་ཚུལ་ནི། སྤྱིར་བདེ་མཆོག་ལ་མ་རྒྱུད་སྤྱི་མཐུན་དུ་བཤད་པ། འདུས་པ་འཕགས་ལུགས་དང་མཐུན་པར་བཤད་པ། དུས་འཁོར་དང་མཐུན་པར་བཤད་པ། གསང་མཐར་བཤད་པ་དང་བཞི་ལས། དང་པོ་ནི། བདེ་མཆོག་སངས་རྒྱས་མཉམ་སྦྱོར་དང་། ཇོ་བོ་རྗེ་ལ་སོགས་པའི་སློབ་དཔོན་གཞན་གྱི་བཤད་སྲོལ་རྣམས་སོ། །གཉིས་པ་ནི། བདེ་མཆོག་སྡོམ་འབྱུང་སྟེ། གཙོ་བོ་ཞལ་གསུམ་ཕྱག་དྲུག་པ་དང་། བསྐྱེད་རིམ་ཏིང་འཛིན་གསུམ་གྱིས་འཆིང་བ་དང་། རྫོགས་རིམ་རིམ་ལྔ་སོགས་འཕགས་ལུགས་དང་ཆ་འདྲའོ། །གསུམ་པ་ནི། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སྟེ། ས་དུམ་བུ་བཅུ་གཉིས་དང་བསྟུན་ནས་འཁོར་ལོ་བཅུ་གཉིས་སུ་བྱེད་པ་དང་། རྫོགས་རིམ་སྦྱོར་དྲུག་སོགས་དུས་འཁོར་དང་ཆ་འདྲ་བར་བཤད་དོ། །བཞི་པ་ནི་རྩ་རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པ་དང་། འབུམ་ཕྲག་བདུན་པ་དང་། དེ་ལས་བསྡུས་པའི་ལེའུ་༥༡འདི་ཡིན། བཤད་རྒྱུད་ནི། ཧེ་རུ་ཀ་མངོན་འབྱུང་། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། སམྱ། ངེས་བརྗོད་བླ་མ་སྟེ་ལྔར་ངེས་སོ། །རྒྱུ་མཚན་ཀྱང་།


JKT004_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལུགས་ཀྱི་ཉམས་ལེན་གྱི་གཙོ་བོ་སྨིན་གྲོལ་གཉིས་ལ། དང་པོ་ནི་རྩ་རྒྱུད་ལས་ཅུང་ཟད་བཤད་ཅིང་། གསང་མཐའ་བའི་ལུགས་ཐུན་མིན་མངོན་འབྱུང་གིས་སྟོན། བསྐྱེད་རིམ་རྩ་རྒྱུད་ལས། །བ་གླང་ཀླུལྟས་ཀྱི་སྟོང་ལྡིང་དང་། །ལྷག་མ་སྙེམས་བྱེད་རྩ་གནས་སོ། །ཞེས་འབྱུང་བ་ལུགས་ལྡོག་གི་མངོན་རྟོགས་བསྟན། ཡང་ན་རུས་སྦལ་དག་གིས་སོ། །ཞེས་འབྱུང་བ་ལུགས་འབྱུང་གི་མངོན་རྟོགས་བསྟན། འདི་གཉིས་ཀྱི་མིང་གི་རྣམ་གྲངས་ཀྱང་། ཨ་བྷི་དྷ་ནར། མངལ་སྐྱེས་དང་། སྒོང་སྐྱེས་ཀྱི་མངོན་རྟོགས་ཞེས་གསུངས་ལ། ཁྱད་པར་ཀྱང་། མངལ་སྐྱེས་གླུ་ཡི་སྦྱོར་བ་དང་། །སྒྲ་དང་སྒྲ་མིན་རྣམ་པར་བརྟགས། །ཟློསྒོང་སྐྱེས་གླུ་ནི་མེད་པ་དང་། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་སོ། །དེ་ལ་རྩ་རྒྱུད་དང་རྡོ་རྗེ་མཁའ་འགྲོ་རྩ་བཤད་དུ་སྦྲེལ་བས་མངལ་སྐྱེས་དང་། ཀུན་སྤྱོད་དང་སྦྲེལ་བས་སྒོང་སྐྱེས་ཀྱི་མངོན་རྟོགས་བསྟན། རྩ་རྒྱུད་དུ་བཅོམ་ལྡན་འདས་ཀྱི་མཚན་ཙམ་དང་། འཁོར་གྱི་ལྷ་རྣམས་ཀྱི་མིང་ཙམ་ལས་ཞལ་ཕྱག་སོགས་མི་གསལ། དེ་ཉིད་མངོན་བརྗོད་ལས་གསལ། བསྐྱེད་རིམ་གྱི་ལམ་གྱི་ཡན་ལག་སྔགས་བཟླས། གྲོགས་སྡོམ། རིགས་ལྡན་མཆོད་པ། སྦྱིན་སྲེག་གི་ཆོ་ག །ལས་ཚོགས་རབ་འབྱམས་རྣམས་ནི་རྩ་རྒྱུད་ཉིད་དུ་བསྟན། བསྐྱེད་རིམ་མངལ་སྒོང་གཉིས་ཆར་གྱི་ལུས་དཀྱིལ་རྣམས་དང་རྫོགས་རིམ་ཕྱག་རྒྱ་


JKT004_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ནང་ནས་ཆོས་རྒྱ་གཏུམ་མོ་འཁོར་ལོ་བཞིའི་རྣལ་འབྱོར་ཏེ་ཁ་སྦྱོར་གྱིས་བསྟན། ལས་རྒྱ་རྡོ་རྗེ་རིགས་ཀྱི་གཟུང་མ་སོགས་རྩ་རྒྱུད་ལས་དངོས་སུ་བསྟན། དམ་རྒྱ་དང་དང་པོར་ལས་རྒྱ་ལས་སྐྱེས་པའི་བདེ་བ་དང་། ཕྱིས་རང་འོད་ཀྱི་རིག་མ་ལ་བརྟེན་ནས་སྐྱོང་བར་བྱེད་པ་ནི་ཅུང་ཟད་ཙམ་བཤད། ཆོས་རྒྱ་རྩ་རྒྱུད་ལས་དངོས་སུ་མ་བསྟན་ཀྱང་། དྲག་པོའི་སྦྱིན་སྲེག་དང་། ཆོས་འབྱུང་གི་ནང་དུ་ཨཱ་ལི་ཀཱ་ལི་བཀོད་པ་ལས་སྔགས་བཏུ་བ་དེ་ཉིད་སཾ་ཊར་ངེས་དོན་དུ་བཤད་པས་བསྟན། ཕྱག་ཆེན་ནི་དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་སྐྱེས་པའོ། །གསུམ་པ་དེ་ཉིད་སྒོ་དྲུག་ཏུ་འཇོག་པའི་འཐད་པ་ནི། ས་བཅུ་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཉམས་ལེན་ནི་འདི་ཁོ་ན་ཡིན་པ་དང་། རྩོད་དུས་ཀྱི་ཀུན་མཁྱེན་གཉིས་པ་ཤཱནྟི་པས་ཀྱང་འགྲེལ་པ་མཛད་མ་ནུས་པ་དང་། ཆོས་གཞན་རྣམས་ཀྱིས་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པས་མི་བཞུགས་པར་བཤད་ལ། འདིའི་དབང་དུ་ན་རྒྱུད་འདི་སྟོན་པའི་སྤྲུལ་སྐུ་ཡེ་ཤེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཛམ་གླིང་གི་ཡུལ་ཉེར་བཞིར་དངོས་སུ་བཞུགས་ཤིང་། དེ་དག་གིས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་བ་སོགས་ཀྱི་ཕྱིར་སྒོ་དྲུག་པར་འཇོག་གོ །བཞི་པ་དེ་རྒྱ་བོད་དུ་སྲོལ་ཇི་ལྟར་བྱུང་ཚུལ་ལ། སྤྱིར་བདེ་མཆོག་དང་། ཁྱད་པར་


JKT004_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཐའི་སྲོལ་བྱུང་ཚུལ་ལོ། །དང་པོ་རྒྱ་གར་དུ། རྩ་རྒྱུད་ཕྱག་ན་རྡོ་རྗེས་སྟོད་ཀྱི་འགྲེལ་པ་དུས་འཁོར་དང་མཐུན་པར་བཀྲལ་བ། ཨིནྡྲ་བྷཱུ་ཏིས་མ་རྒྱུད་སྤྱི་དང་མཐུན་པའི་དཀའ་འགྲེལ། སློབ་དཔོན་སྐར་རྒྱལ་ཟླ་བས་ཨ་བྷི་དྷ་ནའི་བསྐྱེད་རིམ་གྱི་བཤད་པ་དང་བསྟུན་ནས་མཛད་པ། སློབ་དཔོན་ཀོང་ན་རྒྱལ་བ་བཟང་པོའི་དཀའ་འགྲེལ། དེའི་འགྲེལ་བཤད་སྐལ་ལྡན་གྲགས་པས་མཛད་པ། དེ་གཉིས་ཀྱི་བཤད་སྦྱར་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་སྟེ། དེ་དག་ཀྱང་མ་རྒྱུད་དང་མཐུན་པར་བཤད་པ་སྟེ། ལོ་ཆེན་ནས་བརྒྱུད་དེ་རྗེ་བཙུན་གོང་མ་རྣམས་ལའང་བཞུགས་སོ། །ཡང་གྲུབ་ཆེན་ལྭ་བ་པས་མཛད་པ་ནག་ཚོའི་འགྱུར། སློབ་དཔོན་ལྷ་སྦས་ཀྱིས་མཛད་པའི་འགྲེལ་པ་འགོས་འགྱུར། པཎྜི་ཏ་སུ་མ་ཀརྟིས་མཛད་པའི་འགྲེལ་པ་ཉུང་ངུའི་མཚམས་སྦྱོར་ཏེ། གསུམ་ནི་རྣལ་འབྱོར་གསང་མཐར་བཤད་པ་ཡིན་ཅིང་། འགྲེལ་པ་རྣམ་པར་དག་པ་ནི་དགུ་པོ་དེ་ཙམ་དུ་ཟད་དོ། །དཔའ་བོ་རྡོ་རྗེས་མཛད་པའི་འགྲེལ་པ་ནི་ཟངས་དཀར་ལོ་ཙཱ་བས་བྱས་པ་ཡིན་ཏེ་དེའི་མཚན་གཞིའང་ཁོང་ཉིད་དོ། །བཤད་རྒྱུད་ཧེ་རུ་ཀམངོན་འབྱུང་ལ། ཀུ་མཱ་ར་ཙནྡྲས་མཛད་པའི་འགྲེལ་པ་དང་། རྡོ་རྗེ་མཁའ་འགྲོ་ལ་ནོར་བཟང་གིས་མཚན་པའི་འགྲེལ་པ་དང་། བྷ་བ་བྷ་དྲས་མཛད་པའི་འགྲེལ་པ་གཉིས་ཡོད་ཅིང་། མངོན་བརྗོད་བླ་མ་ལ་ཛྙཱ་ན་བཛྲས་དང་། ཤུ་རངྒ་


JKT004_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཝརྨས་མཛད་པ་གཉིས། མཁའ་འགྲོ་རྒྱ་མཚོ་ལ་སློབ་དཔོན་པདྨ་བཛྲས་མཛད་པའི་འགྲེལ་པ་གྲུ་གཟིངས་ཞེས་པ་དང་། དེའི་སློབ་མ་རྒྱལ་བའི་སྡེས་རིན་ཆེན་སྣ་བདུན་ཞེས་པའི་གཞུང་བདུན་མཛད། འདིའི་དབང་བཀའ་ཡང་ཡོད་དོ། །གཉིས་པ་སྔར་བོད་དུ་མཉམ་སྦྱོར་ཙམ་མ་གཏོགས་མ་དར་ལ། ཕྱི་དར་རིན་བཟང་གིས་ཤདྨ་ལས་རྩ་རྒྱུད་འགྲེལ་པ་ཀོང་ནས་མཛད་པའི་སྐོར་རྣམས་གསན་ཅིང་འགྱུར་ཡང་། །མཛད། བཤད་སྲོལ་དར་བར་བྱས་ཏེ་རྗེ་བཙུན་གོང་མ་རྣམས་ཀྱང་གསང་མཐའི་བཤད་སྲོལ་མ་གསན་གོང་དུ་འདི་ལ་རྩིས་སུ་མཛད། ཇོ་བོ་བོད་དུ་བྱོན་དུས་དེ་ལ་གསན་ཅིང་། ཇོ་བོ་ལུགས་ཀྱི་ལོ་ཧི་པའི་འགྲེལ་པ་ཡང་མཛད་དོ། །འབྲོག་མི་ལོ་ཙཱ་བདེ་མཆོག་ལ་ཤིན་ཏུ་མཁས་ཀྱང་། དོན་གཉེར་མེད་པས་བཤད་སྲོལ་ཆད། རྗེ་འགོས་ལ་ལྷས་སྦས་ཀྱི་འགྲེལ་བའི་བཤད་སྲོལ་སོགས་བདེ་མཆོག་གི་སྐོར་བྱུང་ཡང་དེང་སང་ཆད། ཇོ་བོ་རྗེས་རོང་པ་འགར་དགེ་ལ་ལྷས་སྦས་ཀྱི་འགྲེལ་པའི་སྟེང་ནས་བཤད་སྲོལ་གནང་ཡང་། ལྷ་རྩེ་གྲགས་པ་དཔལ་ཡན་ལ་ཡོད་ཅིང་དེ་ནས་ཆད། ཡང་པཎྜི་ཏ་སུ་མ་ཏི་ཀཱིརྟི་བོད་དུ་བྱོན་དུས་མར་པ་དོ་པ་དང་། པུ་ཧྲང་ལོ་ཆུང་གཉིས་ཀྱིས་བདེ་མཆོག་གི་སྐོར་རྣམས་ལེགས་པར་གསན་ཅིང་། མར་དོས་རྩ་རྒྱུད་དང་། ཀུན་སྤྱོད་དང་། ནག་པོ་གཞུང་དྲུག་སོགས་ཕལ་ཆེར་འགྱུར། རྩ་རྒྱུད་དང་ལོ་ཧི་པའི་


JKT004_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཊི་ཀ་ཡང་མཛད། དེའི་སློབ་མ་ཟེ་བ་ཇོ་བ་དེ། ཟེ་བ་ཇོ་འབུམ་སོགས་ཟེ་བ་མང་དུ་བྱུང་། ཟེ་བའི་སློབ་མ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་སོགས་ལ་ཡག་པ་མང་དུ་བྱུང་། པུ་ཧྲང་ལོ་ཆུང་གི་སློབ་མ་དམར་ཆོས་ཀྱི་རྒྱལ་མཚན། གྲོགས་རབ་དངོས་གྲུབ་ཤེས་རབ། འབྲིང་བྱ་རུ་བ། ཡར་ལུང་པ་ལྷ་རྗེ་དཔལ་གྱི་རྒྱལ་མཚན་སོགས་བདེ་མཆོག་ལ་མཁས་པ་མང་དུ་བྱུང་ངོ་། །གཉིས་པ་གསང་མཐའི་བཤད་སྲོལ་ནི། རྒྱ་གར་དུ་གྲུབ་ཐོབ་ལོ་ཧི་པས་ཀུན་སྤྱོད་དང་། མངོན་བརྗོད་ལ་བརྟེན་ནས་རིམ་གཉིས་སྤྱོད་པ་དང་བཅས་པའི་སྒྲུབ་ཐབས་དཔལ་མངོན་པར་རྟོགས་པ་ཞེས་བྱ་བ་མཛད། དེ་ལ་པྲ་ཛྷཱ་རཀྵི་ཏས་འགྲེལ་པ་དང་། །མཆོད་ཆོག །ལག་མཆོད། གཏོར་ཆོག་རྣམས་མཛད་པས་ལཱ་ཧི་སྨད་ལྔར་གྲགས། བར་དུ་རྡོ་རྗེ་དྲིལ་བུ་པས་རྩ་བཤད་ཀྱི་གཞུང་དྲུག་ཆར་ལ་བརྟེན་ནས་ལུས་དཀྱིལ་ལ་བརྟེན་པའི་གཞུང་གསུམ་མཛད་དེ། འདི་ལ་སྨིན་གྲོལ་གཉིས་ཀྱི། དང་པོ་ནི། གདུལ་བྱ་རྡུལ་འབྲིང་ལ་ཕྱིའི་དཀྱིལ་འཁོར་དུ་རྒྱུད་སྨིན་པ་ལུས་དཀྱིལ་བསྒོམ་རུང་དང་། དབང་རྣོན་དང་པོ་ཉིད་ནས་སྨིན་བྱེད་དུ་རུང་བའི་དབང་དུ་བྱས་ནས་དཀྱིལ་ཆོག་མཛད། གཉིས་པ། ཕྱི་རོལ་གྱི་རྣམ་རྟོག་སྤངས་ནས་ལུས་དཀྱིལ་འབའ་ཞིག་བསྒོམས་པའི་བསྐྱེད་པའི་རིམ་པའི་གཞུང་དང་། རྫོགས་རིམ་རིམ་ལྔ་གཉིས་མཛད། གསུམ་པ་ནི། ནག་པོ་སྤྱོད་པས་ཧེ་


JKT004_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀའི་བཀའ་ལ་བརྟེན་ནས་གཞུང་དྲུག་མཛད་དོ། །དང་པོ་རྩ་རྒྱུད་དང་། རྡོ་རྗེ་མཁའ་འགྲོ། ཧེ་རུ་ཀམངོན་འབྱུང་རྣམས་ལ་བརྟེན་ནས་དཀྱིལ་འཁོར་གྱི་ཆོ་ག་མཛད། གཉིས་པ་བསྐྱེད་རིམ་ལ། ལྷ་མ་གྲུབ་པ་གྲུབ་པར་བྱེད་པ་དང་། སྔགས་མ་གྲུབ་པར་གྲུབ་པར་བྱེད་པ་གཉིས། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་གསུམ་ལས། དང་པོ་ནི་བསྐྱེད་པའི་རིམ་པའི་སྒྲུབ་ཐབས་ཏེ། ཏིང་ངེ་འཛིན་གསུམ་མམ་བསྙེན་སྒྲུབ་བཞིས་འཆིང་ཞིང་། རྩ་རྒྱུད་དང་། རྡོ་རྗེ་མཁའ་འགྲོ། ཨ་བྷི་དྷ་ན་ལ་བརྟེན་པའོ། །གཉིས་པ་ནི། མཆོག་སྒྲུབ་པ་རིན་ཆེན་བཞི་དང་། དེའི་བར་ཆད་ཞི་བར་བྱེད་པ་སུམྦྷ་ནི་སྟེ་འདི་ལ་གཞུང་ལོགས་སུ་མེད་དོ། །གསུམ་པ་ནི་རྩ་རྒྱུད། སཾ་ཊ། མངོན་བརྗོད་རྣམས་ལ་བརྟེན་ནས་སྦྱིན་སྲེག་གི་གཞུང་མཛད་དོ། །གཉིས་པ་རྫོགས་རིམ་ལ། ཐབས་རྒྱུད་གསང་འདུས་དང་། ཤེས་རབ་རྒྱུད་སྡོམ་པ་གཉིས་རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་དུ་ཡོད་ཀྱང་། བརྗོད་བྱ་རིམ་བཞི་ལས་མ་འདས་པར་སྟོན་པའི་ཕྱིར་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ། ཀྱེ་རྡོར་དང་བདེ་མཆོག་གཉིས་རྗོད་བྱེད་གླེང་གཞིའི་ཡི་གེ་ཐ་དད་ཀྱང་། བརྗོད་བྱ་རིམ་བཞི་ལས་མ་འདས་པར་སྟོན་པའི་ཕྱིར་འཁོར་ལོ་སྡོམ་པ་རྩ་བཤད་དང་། ཀྱེ་རྡོར་རྒྱུད་གསུམ་དང་། གདན་བཞི་སོགས་ལ་བརྟེན་ནས་ཨོ་ལ་པ་ཏི་མཛད། འཁོར་ལོ་སྡོམ་པ་ཉིད་


JKT004_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་བརྗོད་བྱ་རིམ་བཞི་ལས་མེད་དོ་ཞེས་བསྟན་པའི་ཕྱིར་རྩ་རྒྱུད་དང་། སཾ་ཊིའི་བརྟག་པ་དྲུག་པ་སོགས་ལ་བརྟེན་ནས་དཔྱིད་ཐིག་མཛད། གྲོགས་སྤྱོད་པ་གསུམ་མམ་བཞི་དང་། འབྲས་བུ་རྣམ་པ་གཉིས་ནི་གཞུང་དྲུག་པོ་དེ་དག་གི་གསེབས་ཚགས་ནས་སྟོན་པ་ཡིན་གསུངས་སོ། །གཉིས་པ་བོད་དུ་རྗེ་བཙུན་ནཱ་རོ་པའི་སློབ་མ་ཕམ་མཐིང་པ་སྐུ་མཆེད་བཞི་ལས། བར་པ་གཉིས་ལ་ཀློག་སྐྱ་ཤེས་རབ་བརྩེགས་དང་། མལ་ལོ་བློ་གྲོས་གྲགས་པ་གཉིས་ཀྱིས་ཐུག བླ་ཆེན་མལ་ལ་རྗེ་བཙུན་ས་སྐྱ་པ་དང་། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོ་གཉིས་ཀྱིས་གཏུགས། གཉན་གྱིས་སུ་མ་ཏི་ཀཱིརྟི་ལ་ཡང་རྩ་རྒྱུད་གསན། མལ་གྱིས་རྩ་རྒྱུད་ལ་མཆན་དང་། ས་ཆེན་དེའི་མཆན་སྣ་བསྲིངས་པ། བསོད་རྩེས་མཆན་ཞིབ་མོར་མཛད། ལོ་ཧི་པའི་ཕྱི་རོལ་མཆོད་པའི་ཆོ་ག་དང་། དྲིལ་བུ་པའི་དཀྱིལ་ཆོག་གི་ཊི་ཀ་ཡང་མཛད་དོ། །ས་ཆེན་གྱིས་བདེ་མཆོག་ལོ་འགྲེས། རྒྱུད་ཀྱི་ས་བཅད། ནག་འབུམ་དུ་གྲགས་པ་དང་། གཉན་ཕུལ་བྱུང་བས་སུ་མ་ཏི་ཀཱིརྟི་དང་། མལ། ས་ཆེན་གསུམ་གྱི་གསུང་སྒྲོས་བྲིས་བའི་ཊི་ཀ་མུ་ཏིག་ཕྲེང་བ་མཛད། རྗེ་བཙུན་རིན་པོ་ཆེས་ཀུན་སྤྱོད་ཊཱི་ཀ་དང་། ལོ་ཧི་པའི་སྒྲུབ་ཐབས། དྲིལ་བུའི་བསྐྱེད་རྫོགས། ནག་པོའི་དཀྱིལ་ཆོག་དང་། དེའི་དངོས་སློབ་ནུབ་པ་རིག་འཛིན་གྲགས་ཀྱིས་གཉན་ཊིཀ་བདེ་རུ་བཏང་བའི་རྩ་རྒྱུད་ཀྱི་ཊཱི་


JKT004_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དང་། ལོ་ཧི་པའི་མངོན་རྟོགས་ཀྱི་འགྲེལ་པ་མང་དུ་མཛད་དོ། །སླར་དེ་ལས་ཁྱད་པར་འཕགས་པའི་ལུགས་ངོས་བཟུང་བ་ནི། བཤད་རྒྱུད་ཀྱི་བཤད་ཚུལ་རྣམ་བཞིའི་ནང་ནས་གསང་མཐའི་ལུགས་ཁྱད་པར་དུ་འཕགས་ཤིང་། དེ་ཡང་ནཱ་རོ་པ་ནས་ཕམ་མཐིང་བར་བརྒྱུད་པ་འདི་ཁྱད་པར་འཕགས་སོ། །དེའི་རྒྱུ་མཚན་ཟླ་གྲགས་པར་ཚོགས་སློབ་ཀྱི་བཤད་པ་གཉིས་སུ་དབྱེ་བ་ལྟར་གསང་སྔགས་གཞན་རྣམས་ལ་ཡང་ཡོད་པས། ནཱ་རོ་པའི་སློབ་མ་གཞན་རྣམས་ཚོགས་བཤད་ལས་མེད། སློབ་དཔོན་པྲ་ཛྷཱ་རཀྵི་ཏས་ནཱ་རོ་པ་ལོ་བཅུ་གཉིས་ཀྱི་བར་དུ་བསྟེན་ཀྱང་ཚོགས་བཤད་ལས་མ་ཐོབ་པར་གྲགས་པ་ལྟ་བུའོ། །འོ་ན་ཕམ་མཐིང་པ་མཆེད་ཀྱི་སློབ་བཤད་དེ་ལ་ཁྱད་པར་ཇི་ལྟ་བུ་ཡོད་སྙམ་ན། སྨིན་བྱེད་སྐབས་སུ་དཔའ་བོ་བསྐུལ་བ། བསྐྱེད་རིམ་གྱི་སྐབས་སུ་ལུས་དཀྱིལ་དང་། ཕོ་ཉ་གསུམ་བསྲེ་བ་དང་། སྒྲ་ཚུལ་ཇི་ལྟར་བསྐྱེད་པ་སོགས་ལུགས་གཞན་ལ་མ་གྲགས་པའི་ཁྱད་ཆོས་མང་པོ་བཞུགས་པས་སོ། །དྲུག་པ་དེ་ཉིད་ཀྱི་བླ་བརྒྱུད་ཀྱི་རྣམ་ཐར་ནི། དང་པོ་ཧེ་རུ་ཀའི་བྱུང་ཚུལ་ལ། སྔགས་ལུགས་ལ་སངས་རྒྱས་ཀྱི་གཟུགས་སྐུ་དེ་ལ། ལོངས་སྤྱོད་རྫོགས་སྐུ་དང་། སྤྲུལ་པའི་སྐུ་མཆོག་ཕལ་གཉིས་སུ་ཡོད་པ་ལས། མཆོག་གི་སྤྲུལ་པའི་སྐུའི་གདུལ་བྱ་ལྷ་ཆེན་དབང་ཕྱུག་ཆེན་པོར། འདུལ་བྱེད་རྒྱུ་རྡོ་རྗེ་འཆང་ལོངས་


JKT004_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པ་ལས་ཧེ་རུ་ཀའི་དཀྱིལ་འཁོར་འབྲས་བུའི་རྡོ་རྗེ་འཆང་སྤྲུལ་སྐུ་གཙོ་འཁོར་དྲུག་ཅུ་རྩ་གཉིས་སུ་སྤྲུལ་ནས་ལོངས་སྤྱོད་པ་དང་། ཐིམ་པ་དང་། དབང་དུ་བྱས་པ་གསུམ་གྱིས་བཏུལ་ལོ། །ཀླུ དཔལ་ཧེ་རུ་ཀ་དེས་བྱིན་གྱིས་བརླབས་པ་ནི། ཕྱག་ན་རྡོ་རྗེ་དང་། དེས་བྲམ་ཟེ་ཆེན་པོ་ས་ར་ཧ་སྟེ་དགའ་བ་དང་བཅས་པའམ་མདའ་བསྣུན་ཞབས། དེས་འཕགས་པ་ཀླུ་སྒྲུབ། དེས་སློབ་དཔོན་ཤ་བ་རི་པ་སྟེ་རི་ཁྲོད་པའམ་རྔོན་པའི་ཞབས། དེས་བྷ་རེནྡྲ་ཡི་རྒྱལ་པོ་དྷརྨ་པ་ལའི་ཡི་གེ་པ་ལཱུ་ཧི་པ་སྟེ། ཉ་ལྟོ་པ། དེས་སྔར་གྱི་རྒྱལ་པོ་ཌ་གི་པ་སྟེ་འབྲས་བརྡུངས་ཞབས་དང་། སློབ་དཔོན་དྷ་རི་ཀ་སྟེ་སྨད་འཚོང་མའི་ཁྱོ་བོ་གཉིས། ཕྱི་མས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ཞེས་ཤར་ཕྱོགས་བྷ་རེནྡར་འཁྲུངས་པ་དེ་རྗེས་སུ་བཟུང་སྟེ་འདིས་རྣལ་འབྱོར་མའི་ཞབས་པད་མངོན་སུམ་དུ་བསྙེན། དེས་རུ་སྦལ་ལྟར་ཞབས་མཐོ་བའམ། སྤྱོད་པ་མཛད་པའི་དུས་རུ་སྦལ་ལ་ཞོན་པས་རུ་སྦལ་ཞབས། དེས་ཛ་ལནྡྷ་རར་འཁྲུངས་པའི་དཔལ་ཛ་ལན་ར་བ། དེས་ཆེན་པོས་རྗེས་སུ་བཟུང་། དེས་རྒྱལ་པོ་ཟླ་བའི་རོལ་པ། བློན་པོ་དགེ་བའི་མགོན་པོ། སློབ་དཔོན་གུ་རྒྱ་པ་གསུམ་རྗེས་སུ་བཟུང་། ཕྱི་མས་སློབ་མ་བི་ཛ་ཡ་སྟེ་རྣམ་པར་རྒྱལ་བ། བར་མའི་སློབ་དཔོན་ནི་ལོ་


JKT004_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་པའི་ཐུན་མོང་མ་ཡིན་པའི་བརྒྱུད་པ་སྟེ། དེ་ཡང་དྷ་རིག་པའི་སློབ་མ་བར་མའི་སློབ་དཔོན། དེས་ཏེ་ལོ་པའོ། །དྲིལ་བུ་པ་དང་ནག་པོ་པའི་ལུགས་ལྟར་ན་རྣམ་རྒྱལ་ཞབས་ཀྱི་སློབ་མ་ཏེ་ལོ་པ་སྟེ་མཚན་ཤེས་རབ་བཟང་པོར་གྲགས། དེས་མ་ག་དྷུ་ར་བྲམ་ཟེ་ནཱ་རོ་ཏཱའི་རིགས་ལས་འཁྲུངས་པ་དཔལ་ནཱ་རོ་ཏཱ་པ། དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ལས་གཙོ་བོར་གྱུར་པ་གཉིས་སྐྱེས་མཆོག་གསུམ་སྟེ་བཞིར་གྲགས་སོ། །གཉིས་སྐྱེས་ནི་རིགས་བྲམ་ཟེ་རྟེན་དགེ་སློང་། མཆོག་གསུམ་ནི། མཱ་ན་ཀ་ཤཱི་ཛ་ན་དང་། པྲ་ཛཱ་རཀྵི་ཏ་དང་། བལ་པོ་ཕམ་མཐིང་པ་སྟེ་གསུམ་མོ། །དང་པོ་གཉིས་ཀྱི་སློབ་མ་ནི་ཀ་ཀ་ན་ཤྲཱི་ཛྙཱ་ན། དེ་དང་ཕམ་མཐིང་པ་གཉིས་ཀའི་སློབ་མ་བལ་པོ་བྷ་དནྟ་སུ་མ་ཏི་ཀཱིརྟི། དེས་རྔོག །ཟངས་དཀར། ཀློག་སྐྱ། མལ་གྱོ། མར་དོ། པུ་ཧྲང་ལོ་ཆུང་རྣམས་རྗེས་སུ་བཟུང་། ཕྱི་མ་གཉིས་ཀྱི་སློབ་མ་དངོས་གྲུབ་ཤེས་རབ། དེ་ནས་འབོག་རབ་ཤེར་རྒྱས། ཞིང་རིང་པ། བླ་མ་ལྷ་རྗེ། གློ་བོ་ལོ་ཙཱ། འདི་ལ་ཡང་མར་གྱིས་གསན་ནོ། །ཡང་པུ་ཧྲང་པ་ལོ་ཆུང་གྲགས་མཆོག་ཤེས་རབ་ལ། རྗེ་ས་ཆེན་དང་། དམར་བརྩོན་འགྲུས་ལ་སྟོད་ཤྲཱི་མཁན་དམར་བ། རྒྱལ་མཚན་གྱིས་གསན། ཕྱི་མས་རང་གི་དབོན་པོ་དམར་བརྩོན་འགྲུས་རྡོ་རྗེ། དེས་དབོན་པོ་དམར་ཆོས་ཀྱི་རྒྱལ་པོ་སྟེ། འདིས་རང་གི་ཁུ་བོ་གྲགས་པ། ནུབ་པ་ས་


JKT004_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་རྣམས་ལས་བདེ་དགྱེས་གསང་གསུམ་གྱི་མན་ངག་མཐའ་ཡས་པར་གསན་ནོ། །ན་རོའི་རིམ་པ་ཕམ་མཐིང་པ་མཆེད་བཞི་ལས། དང་པོ་གཅེན་ཆོས་ཀྱི་བློ་གྲོས་ཀྱིས་ནཱ་རོ་པ་ལོ་བཅུ་གཉིས་སུ་བསྟེན། ཕྱིས་གར་སོང་ཆ་མེད། དེ་འོག་བལ་པོ་ཨ་དེ་ས་པའམ་འཇིགས་མེད་གྲགས་པ། བོད་དུ་ཕམ་མཐིང་པ་ཆེན་པོར་གྲགས་པས་ལོ་དགུ་བསྟེན། དེ་འོག་གཅུང་སྤོར་བས་ལོ་ལྔ་བསྟེན། འདི་ལ་བལ་པོ་མི་ཏྲི་ཡང་ཟེར། དེ་འོག་བལ་པོ་ཐང་ཆུང་བ་ངག་གི་དབང་ཕྱུག་གིས་ཀྱང་དབང་བསྐུར་ཙམ་ཐོབ་བོ། །ཕམ་མཐིང་པ་སྐུ་མཆེད་ཀྱི་དྲུང་དུ་ཀློག་སྐྱ་ཤེས་རབ་བརྩེགས་ལོ་བཅོ་བརྒྱད་བཞུགས་ནས་བདེ་མཆོག་གི་ཆོས་སྐོར་ཡོངས་སུ་རྫོགས་པ་སྦྱངས། དེ་ལ་བླ་མ་མལ་གྱིས་གསན་ཅིང་། ཕྱིས་མལ་གྱོ་ཉིད་ཀྱིས་ཕམ་མཐིང་པར་དབང་དང་གདམས་ངག་ཅུང་ཟད་ཐོབ། དུས་འཁོར་བ་དང་། ཐང་ཆུང་བ་དང་། སུ་མ་ཏི་ཀཱིརྟི་རྣམས་བསྟེན་ནས་རྫོགས་པར་སྦྱངས། དེའི་དྲུང་དུ་བླ་མ་ས་སྐྱ་པ་ཆེན་པོ་ལན་གཉིས་སུ་བྱོན་ནས་རྫོགས་པར་གསན་པ་ནས། རྗེ་བཙུན་སྐུ་མཆེད་དང་། གཉན་ཕུལ་བྱུང་བ། རྒྱ་སྒོམ་ཚུལ་ཁྲིམས་གྲགས་པ་རྣམས་རྗེས་སུ་བཟུང་། དེ་ནས་ཆོས་རྗེ་ཁུ་དབོན། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ་དང་། བློ་གྲོས་བརྟན་པ། དེ་གཉིས་ཀས་དཔལ་ལྡན་ཚུལ་ཁྲིམས། དེ་ལ་མཁས་ཤིང་གྲུབ་པའི་དབང་


JKT004_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཤར་བ་ཡེ་ཤེས་རྒྱལ་མཚན། དེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། །དེས་འཁོར་ལོ་སྡོམ་པ་མུས་པ་ཆེན་པོ། དེས་ཀུན་མཁྱེན་རིན་པོ་ཆེ་སོགས་ནས་བརྒྱུད་དེང་སང་གི་བར་དུ་ལོ་ནག་དྲིལ་གསུམ་གྱི་དབང་བཀའ་སོགས་དར་རྒྱས་སུ་བཞུགས་སོ། །དེར་མ་ཟད་རི་ཁྲོད་པའི་ཞལ་སྔ་ནས་བརྒྱུད་དོ། །ཨ་ཛུ་གུ་ལྟས་ཞལ་གཉིས་མ་མཛད། རི་ཁྲོད་པའི་སློབ་མ་མེ་ཏྲི་པས་དབང་སོ་སྦྱར་ནས་ལྷ༢ ༣། ལྷ༧། ལྷ།། ཕྲིན་ལས་ཀྱི་སྒྲུབ་ཐབས། ཚོགས་འཁོར་ཏེ་གཞུང་དྲུག་མཛད། ཡང་ཀོང་རྒྱལ་བ་བཟང་པོའི་སྐོར་ལ་རྩ་རྒྱུད་ཀྱི་འགྲེལ་པ། དེའི་འགྲེལ་བཤད། དེ་གཉིས་ཀྱི་བཤད་སྦྱར་སོགས་ཏེ། དེ་གཉིས་གང་རུང་སྔར་གྱི་ལོ་ནག་དྲིལ་གསུམ་གྱི་སྟེང་དུ་བསྣན་པས་མངོན་པར་རྟོགས་པ་སྐོར་བཞི་ཞེས་གྲགས་སོ། །དེ་དག་གི་བརྗོད་བྱའི་འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་ལ་གསུམ་སྟེ། རྩ་རྒྱུད་གྱི་གླེང་གཞིའི་གསང་བ་ཅེས་པའི་ཚིག་གིས་བསྟན་པའི་ལམ་གྱི་རིམ་པ་དང་། ལེའུ་ལྔ་བཅུ་རྩ་གཅིག་པའི་དེ་ཁོ་ན་ཉིད་བཅུ་གཉིས་བསྟན་པའི་ལམ་རིམ་དང་། བཤད་རྒྱུད་ཀུན་སྤྱོད་ནས་གསུངས་པའི་ལམ་རིམ་མོ། །དང་པོ་ནི། རྩ་རྒྱུད་ལས། དེ་ནས་གསང་བ་བཤད་པར་བྱ། །ཞེས་པའི་དོན་བསྐྱེད་རིམ་དང་། རྫོགས་རིམ་དང་། འབྲས་བུ་གསུམ་དུ་བསྟན་པ་ལས། དང་པོ་ནི། གསང་བ་མཆོག་གི་དགྱེས་པ་ན། །


JKT004_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྣལ་འབྱོར་པའི་རྟེན་རི་བོ་ཚང་ཚིང་རི་སུལ་ལ་སོགས་པ་སྟོན་ཅིང་། ལྷའི་རྟེན་མངལ་སྒོང་གང་བསྒོམས་ཀྱང་། རླུང་དཀྱིལ་ནས་རི་རབ་ཀྱི་བར་སྟོན། །བརྟེན་པ་ལྷ་བསྐྱེད་པར་སྦྱར་ན། མཁའ་འགྲོ་ཀུན་དངོས་སེམས་པ་ནི། །ཞེས་པ་ནས། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་པའི་བར་ཚིག་རྐང་དྲུག་མངལ་སྒོང་ལ་སྦྱར་བ་གཉིས་ཀྱིས་བསྐྱེད་རིམ་ཡོངས་རྫོགས་སྟོན། གཉིས་པ་རྫོགས་རིམ་རིམ་བཞི་ལ་སྦྱར་ན། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་རྫོགས་རིམ་བཞིའི་དང་པོ་ཤེས་བྱ་རྒྱུད་ཀྱི། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཞེས་པས་སྔགས། མཁའ་འགྲོ་ཀུན་དངོས་སེམས་དབང་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པས་ཡེ་ཤེས། འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲྭ་བ་སྡོམ་པ་ཡིན། །ཞེས་པས་གསང་བའི་རིམ་པ་བསྟན་ཏེ། དེ་ལྟར་ན། གསང་བ་ཞེས་པ་དང་། དེའི་དོན་ཚིགས་སུ་བཅད་པ་གཉིས་ཀྱིས་ལམ་གྱི་གསང་བ་བསྐྱེད་རྫོགས་འཁོར་བཅས་བསྟན་ཏོ། །གསུམ་པ་དེས་སྒྲུབ་པའི་འབྲས་བུའི་གསང་བ་ནི། ཐུན་མོང་དང་མཆོག་གཉིས་ཏེ། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཆོ་གའི་སྦྱོར་ཉིད་ཡེ་ཤེས་ཀྱང་། །ཞེས་པས་བསྟན། །


JKT004_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཞེས་པས། ལྷ་མངལ་སྐྱེས་ལ་སྦྱར་ན་བསྐྱེད་རིམ་ཁོ་ནའི་མཉམ་རྗེས་དང་། སྒོང་སྐྱེས་ལ་སྦྱར་ན་བསྐྱེད་རྫོགས་མ་ལུས་པ་སྟོན་ཏེ། འདིར་ཕྱི་མ་ལྟར་ན། རིམ་པར། གོས་སོགས་ཀྱི་བརྡས། ཚངས་གནས་བཞི་བསྒོམ་པ་དང་། ཕྱག་རྒྱ་ལྔའི་རྒྱན་དང་། དག་དྲན་དང་། རྗེས་སྤྱོད་དུས། ཚམས་རྔམས་སྔགས་ཀྱིས་བསྲུང་བ་དང་། ངག་སོགས་དག་པ་གསུམ་དང་། ཚོགས་གཉིས་བསགས་པ་དང་།སེམས་ཅན་གྱི་དོན་ལ་འཇུག་པ་དང་། སྒྲ་ནི་ནཱ་ད་སྟེ། དེ་ལས་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་སྤྲུལ་པ་དང་། ལུས་དཀྱིལ་ལོངས་སྤྱོད་དང་། །དག་དྲན་ཆོས་སྐུ་ལ་དམིགས་པ་སོགས་དང་། ཆོ་ག་བཞིན་བདུད་རྩི་མྱོང་བ་དང་། ཕྱག་རྒྱ་བཞི་དང་རྡོ་རྗེ་སེམས་དཔའ་བསྡུ་བ་སོགས་རྫོགས་རིམ་བསྒོམ་སྟེ། དེ་ལྟར་དེ་ཁོ་ན་ཉིད་བཅུ་པོ་དེས་ནི་མཉམ་བཞག་དང་། ལག་པའི་མཆོད་པ་དང་། དབང་བསྐུར་བ་ཁྲུས་ཀྱི་རྣལ་འབྱོར་དང་། གོ་ཆ་ཆེན་པོས་བདག་ཉིད་སྲུང་བ་དང་། རྩ་སྔགས་བརྗོད་པ་སྔགས་ཀྱི་མཆོད་པ་ཀུན་གྱིས་ནི་རྗེས་སྤྱོད་བཞི་སྟེ་བཅུ་བཞིའོ། །གསུམ་པ་ནི་གཉིས་ཏེ། རྒྱུད་ཀྱི་བརྗོད་བྱ་མ་ལུས་པ་འཁྲུགས་སྡེབ་པའི་ལམ་རིམ་དང་། ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་ཚུལ་མདོར་བསྡུ་བའོ། །དང་པོ་ནི། ཀུན་སྤྱོད་ཀྱི་བརྗོད་བྱ་


JKT004_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྡུ་ན། གཉིས་དང་། གསུམ་དང་། བཞིར་བསྡུ་བ་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པའི། རྡོ་རྗེ་འཛིན་པའི་དབུགས་དབྱུང་བ་གཉིས་ཏེ། དེ་ཉིད་རྒྱུ་ཡི་དབང་དུ་བྱས་ན་ཀུན་རྫོབ་དང་། དོན་དམ་གྱི་བདེན་པ་གཉིས། ལམ་ལྟར་ན་བསྐྱེད་རྫོགས་གཉིས། འབྲས་བུ་ལྟར་ན་སྐུ་གཉིས་སོ། །གཉིས་པ་ནི། ལམ་གྱི་ཀུན་སྤྱོད་དང་། དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་སྤྱོད་དང་། འབྲས་བུའི་ཀུན་སྤྱོད་གསུམ་མོ། །གསུམ་པ་ནི། དེའི་སྔོན་དུ་རྒྱུའི་ཀུན་སྤྱོད་སྔོན་དུ་སོང་བ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བགྲངས་ན་བཞིར་འགྱུར་རོ། །དེ་ཡང་རྟེན་གྱི་གང་ཟག་ལ་ལམ་ལ་འཇུག་པ་དང་། ཞུགས་པ་གཉིས་སམ། སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བ་གཉིས་སོ། །ལམ་གྱི་ཀུན་སྤྱོད་ལ། རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ཕྱིའི་ཀུན་སྤྱོད་སྤྲུལ་སྐུ་ལམ་བྱེད། ལུས་ལ་ལྷ་རྣམས་རྫོགས་པར་བསྒོམས་པ་ནང་གི་ཀུན་སྤྱོད་ལོངས་སྐུ་ལམ་བྱེད། རྫོགས་པའི་རིམ་པ་ཉམས་མྱོང་དང་བཅས་པ་ནི་རྫོགས་པའི་ཀུན་སྤྱོད་ཆོས་སྐུ་ལམ་བྱེད་དོ། །གསུམ་པ་དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་སྤྱོད་ལ། དང་པོ་གཉིས་རྫོགས་པར་བྱེད་པའི་ཡན་ལག་དང་། གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག །དེ་བརྟེན་པར་བྱེད་པའི་སྤྱོད་པའོ། །གསུམ་པ་འབྲས་བུའི་ཀུན་སྤྱོད་ནི་ཐུན་མོང་དང་། མཆོག་དང་།


JKT004_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གསུམ་སྟེ། དེ་ལྟར་ན་ཀུན་སྤྱོད་ཅེས་པ་ཁོ་ནས་བདེ་མཆོག་གི་ལམ་འབྲས་མ་ལུས་པ་བསྟན་པའོ། །གཉིས་པ་ནི། ཀུན་སྤྱོད་༡༢ལས། འདུག་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པ་ཉིད་དག་དང་། །བྱིན་གྱིས་བརླབས་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་བསྡུས་པ་ཡིན། །ཞེས་དེ་ཁོ་ན་ཉིད་བཅུ་སྟེ། འདུག་ཅེས་པས། ཚངས་གནས་བཞི་དང་། གཞི་སྦྱངས་བསྒྱུར་དང་། སྲུང་བའི་འཁོར་ལོ་དང་། ཚོགས་གཉིས་བསགས་ནས་བདག་མེད་ལ་བློ་ཅུང་ཟད་འདུག་པ་ཡིན་ནོ། །ལྡང་ཞེས་པས། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་བསམ་པས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་བསྒོམ་པའོ། །འཇུག་ཅེས་པས། རི་རབ་ཀྱི་སྟེང་དུ་མངོན་བྱང་ལྔ་ལས་རྟེན་དང་བརྟེན་པར་དུས་གཅིག་ཏུ་གསལ་བར་ཕྱི་དཀྱིལ་བསྒོམ་པའོ། །རྫོགས་པ་ཞེས་པས། ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམས་པ་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབས་པ་ཞེས་པས། ཕོ་ཉ་བསྲེ་བ་དང་། གོ་ཆ་བཅིངས་པ་དང་། ཡེ་ཤེས་པ་དགུག་པའོ། །དབང་བསྐུར་ཞེས་པས། རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་བཅས་པའོ། །ཏིང་ངེ་འཛིན་ཞེས་པས། བྱང་ཕྱོགས་ཀྱི་དག་པ་དྲན་པར་བྱས་ལ་ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སེམས་ཅུང་ཟད་འཛིན་པའོ། །


JKT004_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཞེས་པས། སྔགས་ཀྱི། ཕྱིའི། བདུད་རྩིའི། མཉེས་པའི། ཡིད་བྱུང་གི །བསྟོད་པའི། གསང་བའི་མཆོད་པ་སྟེ། དེ་ལ་བཟླས་པ་སྔགས་མཆོད་ཀྱི་ཁོངས་སུ་འབུལ། གསང་མཆོད་ནི་རྫོགས་རིམ་དུ་འགྲོ་བའི་སྐབས་ཀྱང་ཡོད་དོ། །གཏོར་མའང་མཆོད་པའི་སྐབས་སུ་འདུ་སྟེ། ཐུན་གོང་མ་རྣམས་ལ་གཏོར་མ་ནི་ཐུན་འཇུག་བསྡུ་བའི་རྗེས་སུ་བཏང་ལ། ཐུན་ཐ་མ་ལ་ནི་གཏོར་མ་དང་དག་པའི་རྗེས་ལ་བསྡུ་བ་བསྒོམ་པའོ། །ཐུན་མཚམས་ཀྱི་བྱ་བ། ཁ་ཟས་དང་། སྤྱོད་ལམ་དང་། ཕྱི་མཆོད་དང་། ལག་མཆོད་ཀྱང་མཆོད་པའི་ཁོངས་སུ་བསྡུ་ལ། གནས་སྐབས་ཀྱི་མཆོད་པའི་ཚེས་བཅུའི་མཆོད་པའང་མཆོད་པའི་ཕྱིར་འདུའོ། །དགུ་པ་བསྡུ་བ་རྫོགས་རིམ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་ལྟ་བུས་དལ་རིམ་པས་བསྡུས་ལ། ཐུན་གོང་མ་རྣམས་ནི་དེ་ལས་ལངས་ནས་དག་པ་རྗེས་སུ་དྲན་པར་བྱེད་པ་ཡིན་ལ། ཐུན་ཐ་མ་ལ་དག་པ་རྗེས་དྲན་གྱི་རྗེས་ལ་རྡོ་རྗེ་སེམས་དཔའ་བསྡུས་ལ་དེའི་ངང་ཉལ་བའི་རྣལ་འབྱོར་བྱེད་པ་ཡིན་ནོ། །བཅུ་པ་ཡིན་ཞེས་པ་ངེས་པ་སྟེ། དག་པ་ནི་ཁམས་ཀྱི་དག་པ་དང་། རྒྱན་ཆའི་དག་པ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ་ཚམས་རྔམ་སྔགས་ཀྱིས་བསྲུངས་ལ། སྤྱོད་ལམ་གྱི་རྣལ་འབྱོར་བྱེད་པ་ཡིན་ནོ། །ཞེས་རྗེ་བཙུན་གསུངས་སོ། །དེ་དག་གིས་ནི་འཁོར་ལོ་བདེ་མཆོག་གི་འཕྲོས་དོན་ཅུང་


JKT004_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བཤད་ཟིན་ཏོ།། ༈ །།བདེ་མཆོག་ལཱུ་ཧི་པའི་བསྐྱེད་རིམ་གྱི་རྣམ་གཞག་ལ་བཞི་སྟེ། གོང་དུ་བསྒོམ་པའི་གནས། གང་གི་བསྒོམ་པའི་གང་ཟག །གང་བསྒོམ་པའི་རྣལ་འབྱོར། དེ་ལྟར་བསྒོམ་པའི་འབྲས་བུའོ། །དང་པོ་ནི། མངོན་བརྗོད་ལས། རི་སུལ་དང་ནི་རི་རྩེ་དང་། །སོགས་དང་། མདོར་བསྡུ་ན། ཡིད་ནི་གང་དུ་དགའ་བ་དེར། །ཞེས་སོ། །གཉིས་པ་ནི། དང་པོར་རེ་ཞིག་རྣལ་འབྱོར་པའི་དབང་ཕྱུག་གིས། ཞེས་གསུངས་ཏེ། འདི་ལ་གསུམ་ལས། དང་པོ་ལ། མཉམ་བཞག་སོགས་རྣལ་འབྱོར་བཞི་དང་ལྡན་པ། དེ་ཡང་ཐུན་བཞི་ཡི་གོ་རིམ་གྱིས་གོམས་པས་དབང་དུ་གྱུར་པ་སྟེ་སློབ་པའི་དང་། ཐབས་ཤེས་གཉིས་སུ་མེད་པའི་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་དང་ལྡན་པ། དཔེ་ཙམ་ལ་མ་ལྟོས་པར་དབང་ཐོབ་པ་མི་སློབ་པའི་རྣལ་འབྱོར་གྱི་དབང་ཕྱུག་སྟེ་གཉིས་སོ། །ཡང་ན་རྣལ་འབྱོར་ནི་བྱ་རྒྱུད་ལ་སོགས་པའི་ཆོ་ག་ཉམས་སུ་ལེན་པ་སྟེ། དབང་ཕྱུག་ནི་ཐམས་ཅད་ཀྱི་བླ་མར་གྱུར་བ་གསང་བའི་མཐའ་འདི་ཉིད་ཉམས་སུ་ལེན་པའོ། །གསུམ་པ་ལ་གཉིས་ཏེ། དང་པོ་ཇོ་བོ་བྷ་དནྟ་ནས་པུ་ཧྲང་པ་སོགས་བརྒྱུད་དེ་དམར་ཆོས་ཀྱི་རྒྱལ་པོའི་མན་ངག་ལས། རྟེན་བསྐྱེད་པའི་རིམ་པ་མཉམ་པར་བཞག་པའི་རྣལ་འབྱོར་ནི། ཆོས་བཅུ་གཉིས་བསྡུས་པའོ། །དེ་ཡང་བསྡུ་ན་རྒྱུའི་ལྷག་མོས་དང་། འབྲས་བུའི་


JKT004_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མོས་གཉིས། དང་པོ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ལའང་། རྣལ་འབྱོར་དང་། བདག་དང་། གནས་སྲུང་བའི་སླད་ཚངས་གནས་བཞི་དང་། ཕུང་ཁམས་སྐྱེ་མཆེད་བརླབས་པ་དང་། སྲུང་འཁོར་བསྒོམ་པའོ། །གཉིས་པ་ནི་བདེན་གཉིས་རྨོངས་པ་སྤང་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །གཉིས་པ་ལའང་། རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཕྱིར་བདེ་བ་ཆེན་པོའི་འབྲས་བུ་སྤྱིའི་ལྷག་མོས་དང་། སྐུ་གསུམ་ལམ་དུ་བྱ་བའི་ཕྱིར་འབྲས་བུ་བྱེ་བྲག་གི་ལྷག་མོས་སོ། །ཕྱི་མ་ལ་ཆོས་ལོངས་སྤྲུལ་གསུམ་ལམ་དུ་བྱ་བའི་ཕྱིར། དག་དྲན། ལུས་དཀྱིལ། སྤྲོ་བསྡུའི་རྣལ་འབྱོར་རོ། །འདི་ལ་དྲུག །གོ་ཆ་བགོ་བ། ཡེ་ཤེས་གཞུག་པ། དབང་བསྐུར་བ། མཆོད་པ། བཟླས་པ། བདུད་རྩི་མྱོང་བའོ། །ཞེས་བཞེད་དོ། །གཉིས་པ་རྗེ་བཙུན་ཕམ་མཐིང་པའི་མན་ངག་མལ་གྱོ་ནས་བརྒྱུད་པ་རྗེ་བཙུན་རིན་པོ་ཆེ་འདི་ལྟར་བཞེད་དེ་ལམ་མངོན་པར་རྟོགས་པ་བཞིས་བཅིངས་པ་སྟེ། མཉམ་བཞག་གི་སྤྱོད་ལམ་གྱི། གཏོར་མའི།. ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི་རྫོགས་རིམ་གྱི་ཁོངས་སུ་འདུ་ལ། ལྡང་བ་དང་། ཁྲུས་ཀྱི་རྣལ་འབྱོར་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཡིན་ཅིང་། དག་པ་རྗེས་སུ་དྲན་པ་ནི་ཁ་ཅིག་སྤྱོད་ལམ་གྱི་ཁོངས་སུ་ཡང་བསྡུ་མོད་ཀྱི། འདིར་བསྐྱེད་


JKT004_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བརྟེན་པར་བྱེད་པ་ཡིན་པས་མཉམ་བཞག་གི་ཁོངས་སུ་བསྡུའོ། །དང་པོ་མཉམ་བཞག་གི་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། རྒྱས་པ་ལ་དགའ་བས་ཇི་སྙེད་ཡོད་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒོམས་པ། འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་དུ་བསྒོམ་པ་དང་། བསྡུས་པ་ལ་དགའ་བས་རང་གི་ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུབསྐྱེད་པ། དེ་ལ་མཆོད་པའོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསགས་པ། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་འཁོར་དང་བཅས་པ་དང་། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །དང་པོ་ལ་བཞི་སྟེ། སོག་པར་འགྱུར་བའི་དགེ་བའི་རྩ་བ་གཞན་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཚངས་པའི་གནས་བཞི་བསྒོམ་པ་དང་། ཚོགས་གསོག་པའི་རྟེན་ཁྱད་པར་ཅན་ཞིག་དགོས་པས་ཕུང་ཁམས་སྐྱེ་མཆེད་གཞི་སྦྱང་བསྒྱུར་དང་། ཚོགས་བསགས་དངོས་དང་འབྲེལ་བས་ཚོགས་བསགས་བཅུ་གསུམ་གྱིས་ཚོགས་བསགས་པ་དང་། དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་ལ་འཇུག་པ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་འཁོར་


JKT004_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། ཐོ་རངས་ཀྱི་དུས་སུ་ཚངས་གནས་བཞི་བསྒོམས་པའི་སྔོན་དུ་ལྡང་བའི་རྣལ་འབྱོར་འཇུག་ལ། དེའི་སྔོན་དུ་ཉལ་བའི་རྣལ་འབྱོར་འཇུག་པས་རིམ་པ་བཞིན་དུ་བརྗོད་ན་མདངས་ནུབ་མོ་ཉལ་བའི་རྣལ་འབྱོར་གྱིས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་རིམ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་བར་བྱ་སྟེ་ཉལ་བའི་རྣལ་འབྱོར་རོ། །དེ་ནས་ལྡང་བའི་རྣལ་འབྱོར་ནས་ཚངས་གནས་བཞི་བསྒོམ་པ་ལ་ཐུག་གི་བར་བྱ་བའི་རིམ་པ་ལ། མན་ངག་ནས་འབྱུང་བའི་ལུགས་དང་། འགྲེལ་པ་ནས་འབྱུང་བ་དང་། དེས་ལུགས་སྔ་མ་འགོག་པར་མི་འཐད་པར་བསྟན་པའོ། །དང་པོ་ནི། ནམ་མཁའ་ནས་ཌ་མ་རུ་དང་སྔགས་ཀྱི་སྒྲས་གཉིད་བསྐུལ་ནས་སད་པ་དང་མཉམ་དུ་ལུས་ལྷར་བྱིན་གྱིས་བརླབས་པ་སྐུའི་དགའ་བ། ངག་ཏུ་ཤྲཱི་ཧེ་རུ་ཀ་ཨ་ཧཱུྃ་བརྗོད་ཅིང་དོན་དྲན་པར་བྱ་བ་ངག་སྔགས་སུ་བྱིན་གྱིས་བརླབས་པ་གསུང་གི་དགའ་བ། སྙིང་གར་ཨ་ལས་ཟླ་དཀྱིལ་གྱི་སྟེང་དུ་ཧཱུཾ་ཡེ་ཤེས་ལྔའི་བདག་ཉིད་དུ་མོས་པ་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ཐུགས་ཀྱི་དགའ་བའོ། །འདི་ཐ་མལ་གྱི་སྒོ་གསུམ་དག་པའི་ཆ་ནས་དག་པ་གསུམ་གྱི་ཐ་སྙད་དུ་རུང་ངོ་། །རྡོར་སེམས་བསྒོམ་བཟླས་ནི་ཉལ་བའི་རྣལ་འབྱོར་དང་ལྡན་པས་ཚུལ་བཞིན་ཉལ་


JKT004_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་དུ་ཉེས་ལྟུང་གིས་མ་གོས་པའི་དབང་དུ་བྱས་ནས་ཐོར་ཐུན་ལ་མི་མཛད་ཅིང་། ཐུན་ཕྱི་མ་གསུམ་ལ་ནི་དགའ་བ་གསུམ་གྱི་སྔོན་རྗེས་གང་རུང་དུ་ངེས་པར་དགོས་སོ། །ཕྱི་མ་གཉིས་ནི་འདིར་མ་བཤད་དོ། །གཉིས་པ་རྣལ་འབྱོར་སྒོམ་པ་དངོས་ནི། ཐུན་མོང་དུ་ཚངས་རིས་ཀྱི་ལྷའམ། མཐར་ཐུག་ཚངས་པ་སྒྲིབ་བྲལ་བཅོམ་ལྡན་འདས་ཀྱི་གོ་འཕང་འཐོབ་པའི་ཕྱིར་བྱམས་སོགས་བཞི་བསྒོམ་པ་སྟེ། འདི་ལ་ཐུན་མོང་དང་། ཐུན་མིན་གྱི་སྒོམ་ཚུལ་གཉིས་སོ། །དང་པོ་ནི། ཕར་ཕྱིན་དང་མཐུན་པར་རིམ་བཞིན་དུ་རྒྱས་པར་བསྒོམ་པའོ། །འགྲོ་ཀུན་བྱང་ཆུབ་ལ་འགོད་པའི་སླད་དུ་ལམ་ཟབ་མོ་བསྒོམ་པར་བགྱིའོ་ཟླ་སྙམ་དུ་འཕེན་པ་གཏོང་སྟེ་བསྡུས་པར་བསྒོམ་པ་གང་རུང་ངོ་། །གཉིས་པ་ནི། བཅོམ་ལྡན་འདས་ཀྱི་རྩ་ཞལ་བཞི་ལས་འོད་ཟེར་སྤྲོ་བསྡུ་དང་བཅས་པ་སོགས་སྐུ་གསུང་ཐུགས་བྱིན་རླབས་གསུམ་དང་ལྡན་པའི་བྱམས་སོགས་ཚད་མེད་བཞི་བསྒོམ་པའོ། །གཉིས་པ་ཚོགས་བསགས་པ་ལ་རྟེན་ཁྱད་པར་ཅན་དགོས་པས་ཕུང་ཁམས་སྐྱེ་མཆེད་བཞི་སྦྱོང་ཞིང་བསྒྱུར་བ་ནི། གང་ལ་བསྒོམ་པའི་གཞི། གང་བསྒོམ་པའི་ལྷ། ཇི་ལྟར་སྒོམ་པའི་ཚུལ། དགོས་ཆེད་དང་བཞིའོ། །དང་པོ་ནི་ཕུང་པོ།། ཁམས༦། སྐྱེ་མཆེད་༧དེ་ཆོས་བཅུ་བདུན་ནོ། །གཉིས་པ་ནི། རྣམ་སྣང་སོགས་ལྷ་བཅུ་བདུན་ནོ། །གསུམ་པ་ནི། མངོན་བརྗོད་


JKT004_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོངས་པ་ལྷ་ཞལ་ཕྱག་ཅན་ནམ། ཀུན་སྤྱོད་ལྟར་ལྷའི་ངོ་བོ་ཙམ་དུ་སྒོམ་པ་གཉིས་ཏེ། རྗེ་བཙུན་རིན་པོ་ཆེས་ཕྱི་མ་ལྟར་བཞེད་དོ། །དེ་ཡང་བདག་༢དང་གཞན་༢གྱི་སྦྱོང་བ་དང་། བསྒྱུར་བ་བཞིའོ། །འདིར་གང་བཟུང་ན་རྣལ་འབྱོར་པ་སྤྲོས་དང་བཅས་པ་དང་། སྤྲོས་མེད་ཀྱི་དབང་དུ་བྱས་པའོ། །ཞེས་འདོད། བཞི་པ་ནི། རིགས་ངན་གྱི་ཁང་པ་མེས་བསྲེགས་པ་བཞིན་ཚོགས་བསགས་པའི་རྟེན་ཁྱད་པར་ཅན་དུ་བྱས་པའོ། །གསུམ་པ་ཚོགས་བསགས་པ་དངོས་ནི། ཕམ་མཐིང་པའི་བཞེད་པ་བསོད་ནམས་ཀྱི་ཚོགས་བསགས་ཏེ། སྲུང་འཁོར་བསྒོམ་པར་གསུངས་ལ། འདི་ལ་ཚོགས་ཞིང་སྤྱན་དྲངས་པ་སྔོན་དུ་འགྲོ་བས། ཕྱག །མཆོད་པ། བཤགས་པ། སྐྱབས་སུ་འགྲོ་བ། དམ་སྡོམ་བཟུང་བ། ཡི་རངས། སེམས་བསྐྱེད། བསྐུལ་བ། གསོལ་བ་གདབ་པ། ལམ་ལ་གནས་པ། བསྔོ་བ། གནང་བ་ནོད་པ། གཤེགས་གསོལ་ཏེ་བཅུ་གསུམ་མོ། །བཞི་པ་ཡེ་ཤེས་ཀྱི་ཚོགས་བསགས་པའི་སྔོན་དུ་བར་ཆད་མི་འབྱུང་བའི་ཕྱིར་སྲུང་འཁོར་བསྒོམ་པ་ལ་བཞི། རྒྱུད་ལས་གསུངས་ཚུལ། འགྲེལ་བྱེད་གཞན་གྱིས་བཀྲལ་ཚུལ། མན་ངག་ཐུན་མོང་མ་ཡིན་པའི་ལུགས་བཤད་པ་དེ་ལྟར་བསྒོམས་པའི་དགོས་པའོ། །དང་པོ་རྩ་རྒྱུད་ལེའུ་བཅུ་གསུམ་པ་ལས། རྡོ་རྗེའི་ར་བ། ས་གཞི། མདའ་དྲ། གུར་ཏེ་བཞིར་གསུངས། སློབ་དཔོན་གྱིས།


JKT004_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ར་བ་དང་། མདའི་དྲྭ་བ། རྡོ་རྗེའི་ས་གཞི། ར་བ། བླ་རེ། ཕུར་བུ་གདབ་པ་སྟེ་དྲུག་བཤད་དོ། །གཉིས་པ་ནི། པྲ་ཛྙཱ་རཀཱི་ཏ་སོགས་ཀྱི་འགྲེལ་ཚུལ་ཏེ་འདིར་མ་སྨོས་སོ། །གསུམ་པ་ནི། །རྗེ་བཙུན་གྱིས། རང་གི་སྙིང་ག་ནས་སྤྲོས་པའི་ཕོ་ཉས་བགེགས་བྲལ་བར་བྱ་བ་དང་། རྡོ་རྗེའི་ས་གཞི་སོགས་སྲུང་འཁོར་བརྟན་པར་བསྒོམ་པ་དང་། བགེགས་ཚར་བཅད་དེ་ཕུར་བུས་གདབ་པ་གསུམ་དུ་བཤད་དོ། །བཞི་པ་ནི། དམར་གྱིས་བགེགས་ལས་སྲུང་བའི་ཕྱིར་གནས་སྲུང་བ་དང་། རྗེ་བཙུན་གྱིས་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ཡིན་པར་གསུངས་སོ། །གཉིས་པ་དོན་ཆེན་པོ་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ལ་བཞི། གཞུང་ལས་བཤད་ཚུལ། འགྲེལ་པས་བཀྲལ་ཚུལ། མན་ངག་གིས་ཇི་ལྟར་སྒོམ་ཚུལ། དགོས་པའོ། །དང་པོ་མངོན་རྟོགས་ལས་བཤད་ཚུལ་དང་། གཉིས་པ་འགྲེལ་པ་གསུམ་གྱིས་བཀྲལ་ཚུལ་ཏེ་མ་སྨོས་ལ། གསུམ་པ་ནི། རྗེ་བཙུན་གྱིས། སྲུང་བའི་རྣམ་པ་སེམས་སུ་ཤེས་པའི་སླད་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཙམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། མིག་ཡོར་ལྟ་བུར་བསྒོམས་ལ། སྭ་བྷཱ་བ་སོགས་ཀྱིས་བརྟན་པར་བྱ། སྒྱུ་མ་དེ་ཡང་རང་བཞིན་མེད་པར་བསྒོམས་ལ། ཤུ་ནྱ་ཏས་བརྟན་པར་བྱའོ། །ཞེས་གསུངས་པ་འདི་ཙམ་ཞིག་


JKT004_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་གྲུབ་ཆེན་རྣམས་ཀྱི་དགོངས་པར་ཡང་མངོན་ནོ། །དེ་ཡང་དོན་དམ་བྱང་སེམས་སྟོང་པ་ཉིད་བགོམ་པའི་ཕྱིར། །སྔོན་དུ་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་སྒྱུ་མ་ཙམ་དུ་བརྟགས་ཏེ། སླར་ལ་དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་སྦྱོང་བའོ། །རྒྱས་པར་ཕྱི་ནང་ཐམས་ཅད་ཧཱུྃ་ལ་བསྡུ་ཞིང་། དེ་ཡང་མི་དམིགས་པར་སྒྱུ་མ་དང་། དེ་སྟོང་པར་བསྒོམ་པ་སྟེ་ལོ་ཆེན་གྱི་འགྲེལ་ཆུང་ལས་འབྱུང་ངོ་། །བཞི་པ་ནི། ཨཱ དངོས་ཀྱི་དགོས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྒོམ་པ་ཡིན་པས་དོན་ཆེན་པོ་དང་། ཆེད་དུ་བྱ་བའི་དགོས་པ་བསྲུང་བའི་རྣམ་པ་སེམས་ཙམ་དུ་ཤེས་པར་བྱ་བའི་ཕྱིར་རོ། །ཞེས་རྗེ་བཙུན་གྱིས་སྐབས་འདིར་བཞེད་ལ། སྤྱིར་རྩེ་མོས་དགོས་པ་བཞི་གསུངས་པ་ཐམས་ཅད་ལ་སྦྱར་རོ། །གཉིས་པ་འབྲས་བུ་ལྷར་བསྐྱེད་པ་ལ་བཞི། དམ་ཚིག་སེམས་དཔའ་བསྐྱེད་པ། ཡེ་ཤེས་པ་དགུག་པ། གོ་ཆ་བཅིངས་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའོ། །དང་པོ་ལ་གཉིས་ཏེ། ཕྱིའི་དལ་དག་པ་དང་བཅས་བསྒོམ་པ་དང་། ལུས་ཀྱི་དལ་སྔགས་ཀྱིས་བྱིན་གྱིས་བརླབས་པ་དང་བཅས་པ་བསྒོམ་པའོ། །དང་པོ་ལ་གསུམ། ཕྱིའི་དལ་བསྒོམ་པ་དངོས། ཕོ་ཉ་གསུམ་བསྲེ་བ། བྱང་ཆུབ་ཕྱོགས་ཀྱི་དག་པ་དྲན་པར་བྱའོ། །དང་པོ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ནི། ཡེ་ཤེས་ཚོགས་


JKT004_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་རྗེས་སུ་ནམ་མཁར་ནཱ་ད་འཇོག་པར་པྲ་ཛྷཱ་རཀཱི་ཏ་སོགས་བཤད་ལ། རྗེ་བཙུན་གྱིས་སྟོང་པའི་ངང་ལས་ཡཾ་ཡིག་ལས་ལངས་པ་ལས་ནཱ་ད་མི་འཇོག་པར་འཆད་དེ། དོན་ལ་རྟེན་དང་། །བརྟེན་པར་བཅས་པ་ཐམས་ཅད་རང་གི་སེམས་ཙམ་དུ་བསྒྲུབ་པའི་ཆེད་དུ་ཡིན་པའི་ཕྱིར་འགལ་བ་མེད་དེ། །དེ་ཡང་ཡཾ་པཾ་རཾ་ལཾ་སུཾ་ལྔ་ལས་འབྱུང་བཞི་རི་རབ་དང་བཅས་པའི་དཀྱིལ་འཁོར་ཆགས་རིམ་དང་། མཐུན་པར་གསལ་བཏབ་སྟེ། དེའི་སྟེང་དུ་མར་དོ་སོགས་པདྨ་དང་། དེ་སྟེང་སྣ་ཚོགས་རྡོ་རྗེ། དེ་སྟེང་པད་ཆུང་དུ་འདོད་ཀྱང་། ལོ་ཆེན་དང་། དམར་དང་། རྗེ་བཙུན་རྣམས་ཀྱི་གཞུང་ལྟར་རི་རབ་སྟེང་དུ་སྣ་ཚོགས་རྡོ་རྗེ་ལས་པདྨ་མི་འདོད་དོ། །ཕྱི་མ་ལྟར་ལེགས་པ་ཡིན་ནོ། །གཉིས་པ་རྟེན་བསྐྱེད་པ་ལ་གཉིས། བསྐྱེད་ཆོག་གི་སྒོ་ནས་སྤྱིར་བསྟན། རྟེན་དང་བརྟེན་པའི་གནས་ཚུལ་སོ་སོར་བཤད་པའོ། །༧ དང་པོ་ལ། བསྐྱེད་རིམ་མངལ་སྒོང་གི་ཁྱད་པར་སྒོང་སྐྱེས་ཀྱི་མངོན་བྱང་བྱེ་བྲག་ཏུ་བཤད་པ། ཤིན་ཏུ་ཟབ་པའི་མན་ངག་གིས་གཉིས་ཀ་ལ་སྦྱར་ཚུལ། དེ་ཉིད་སྦྱང་གཞི་སྦྱོང་བའི་ཚུལ་དང་བཞི་ལས། དང་པོ་ནི། མངལ་སྐྱེས་ཀྱི་སྐབས་སུ་སྒྲ་སཾ་སྐྲྀ་ཏའི་སྐད་དང་། སྒྲ་མིན་པྲ་ཀྲྀ་ཏའི་སྐད་ཀྱི་གླུས་བསྐུལ་བ་ཡོད་པ་དང་། སྒོང་སྐྱེས་ཀྱི་བསྐྱེད་ཆོག་ལ་དེ་མེད་པར་གསུངས་སོ། །དེས་ན་འདིར་ཡང་གཞུང་གི་དངོས་


JKT004_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དང་། འགྲེལ་པ་རྣམས་ཀྱི་བཤད་ཚུལ་གླུས་བསྐུལ་མེད་པར་རོ་གཅིག་ཏུ་འདྲེས་པའི་ཐིག་ལེའི་གོང་བུ་ཙམ་ལས་རྟེན་བརྟེན་པ་གཅིག་ཆར་དུ་བསྐྱེད་པས་སྒོང་སྐྱེས་ཀྱི་བསྐྱེད་ཆོག་ཡིན་ཞེས་སྔོན་གྱི་མཁས་པ་དག་འདོད་ལ། འོན་ཀྱང་སྒོང་སྐྱེས་སྦྱོང་བ་གཙོ་བོར་བྱས་ཀྱི། སྐྱེ་གནས་བཞི་ཆར་སྦྱོང་ཚུལ་ནི་འོག་ཏུ་འཆད་དོ། །གཉིས་པ་ནི། སློབ་དཔོན་གྱི་གཞུང་ལས། ཨཱ་ལི་ཀཱ་ལི་སྦྱོར་ཞེས་པ་ཙམ་ལས་ཟླ་བ་ཉི་མ་གང་ཡང་མི་གསལ་བས། དེའི་དོན་པྲཛྙཱ་རཀྵི་ཏ་སོགས་ཟླ་བ་གཅིག་ཏུ་འཆད་ལ། མཁས་པ་བུས་ཟླ་བའི་དཀྱིལ་འཁོར་དཀར་དམར་གཉིས་སྒོམ་པ་སོགས་འདོད་ཀྱང་། རྒྱ་གར་ཀུ་མཱ་ར་བྷོ་དྷིའི་འགྲེལ་པ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། རྗེ་བཙུན་དང་། དམར་རྣམས་ཀྱིས་ཟླ་ཉི་གཉིས་སུ་བཞེད་ལ། འོན་ཀྱང་དགོངས་པའི་ཚུལ་ཅུང་ཟད་མི་འདྲ་བས། རྗེ་བཙུན་གྱིས་བཞེད་པ་ནི་འོག་ཏུ་འཆད་དོ། །གསུམ་པ་ནི། ནཱ་རོ་པའི་མན་ངག་ཕམ་མཐིང་པ་ནས་བརྒྱུད་པ་རྗེ་བཙུན་གྱིས་འདི་ལྟར་བཞེད་དེ། །སྒྲ་ནཱ་ད་ལས་ཚུལ་ཨཱ་ལི་བཅུ་དྲུག་དཀོར་ཕྲག་མཚན་གཉིས་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་དང་། དེ་སྟེང་ནཱ་ད་ལས་ཀཱ་ལི་བཞི་བཅུ་ཕྲག་གཉིས། དཔེ་བྱད། ཞུ་བ་ལས་བྱུང་བའི་ཉི་མ་མཉམ་ཉིད། དེ་གཉིས་ཀྱི་བར་དུ་སྒོང་སྐྱེས་ཀྱི་དབང་དུ་བྱས་ནས་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་ཡིན་པས་ཡི་གེ་ཧཱུྃ་དཀར་


JKT004_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྒོམས་ཏེ་སོར་རྟོག །དེ་ནས་སྒྲ་ཚུལ་གྱི་རྟེན་འབྲེལ་གྱིས་གཅིག་ཏུ་འདྲེས་པ་ནི་བྱ་བ་ནན་ཏན། རྟེན་དང་བརྟེན་པ་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །དེ་ཡང་ཉི་ཟླ་ཁ་སྦྱོར་གྱི་སྟེང་དུ་ཐ་མལ་གྱི་སྒོ་གསུམ་འབྲུ་གསུམ། ཡུམ་གྱི་མཁའ་དག་པའི་རྟགས་པདྨ་བྱང་ཆུབ་སེམས་མཚོན་པ་ཟླ་བ། དེ་སྟེང་འོད་གསལ་མཚོན་པའི་ཧཱུཾ། དེ་ནས་མས་རིམ་གྱིས་ཐིམ་ནས་ནཱ་ད་ཁ་དོག་དམར་སྐྱ་ཀ་ར་ཀ་ར་སོགས་ཡབ་ཀྱི་ཕྲེང་སྔགས་ཟློས་བཞིན་ཡས་མར་བྱོན་པ་ནི་སྒྲ་དང་། ཉི་ཟླའི་བར་གྱི་ཧཱུྃ་ནི་མཐོ། གང་ཙམ་གྱི་ཚུལ་ཏེ། དེ་ལྷའི་སྒྲ་དེ་ས་སྟེང་གི་ཉི་མ་ཕུག་ནས་ཚུལ་ལ་ཐིམ་པའི་རྐྱེན་གྱིས་ཉི་ཟླ་དང་བཅས་ཐམས་ཅད་གཅིག་ཏུ་འདྲེས་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་མེ་ལོང་ལ་བཞིན་བརྒྱས་བལྟས་པ་བཞིན་དུ་དུས་གཅིག་ཏུ་བསྐྱེད་ལ། དབུས་གྱི་གཙོ་བོ་ནས་བཟུང་སྟེ། སྲུང་བའི་འཁོར་ལོའི་བར་དུ་རིམ་གྱིས་གསལ་གདབ་པར་བྱའོ། །ཞེས་བཤད་དོ། །མངལ་སྐྱེས་ལ། སྒྲ་ཚུལ་གྱིས་འདྲེས་པ་ལས་གཞལ་ཡས་ཁང་དང་གཙོ་བོ་ཡབ་ཡུམ་དུས་གཅིག་ཏུ་བསྐྱེད་ལ། དེའི་རྗེས་སུ་འཁོར་མངལ་འབྱིན་དང་། ཞུ་བ་གླུས་བསྐུལ་སོགས་མེད་པར་གསུངས་སོ། །བཞི་པ་ནི། མངོན་བྱང་གི་གཙོ་བོ་སྒོང་སྐྱེས་དང་སྦྱར་བ། ཡན་ལག་ལྔ་སྐྱེས་དང་སྦྱར་བ། སྐྱེ་གནས་བཞི་ཆར་སྦྱོང་བའི་དུས་སོ། །དང་པོ་


JKT004_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་ཟླ་བ་ནི་ཕའི་ཁུ་བ། ཉི་མ་ནི་མའི་རཀྟ། ཧཱུྃ་ནི་ཞུ་བ་གླུས་བསྐུལ་མེད་པས་རྒྱུ་རྡོ་རྗེ་འཆང་གི་ངོ་བོ་ཡིན་པར་གསུངས་པ་ནི་འབྲས་བུའི་རྣམ་པ་ཡིན་ལ། སྦྱང་གཞི་ལ་ནི་ཕ་མ་གཉིས་ཡིན་པར་དེ་ཉིད་ཀྱིས་། གྲུབ་བོ། །གཉིས་པ་ནི། དེའི་སྟེང་དུ་འབྲུ་གསུམ་སྒོམ་པ་བར་དོའི་ལུས་ངག་ཡིད་གསུམ་ནས། དེ་ཐམས་ཅད་རོ་གཅིག་ཏུ་གྱུར་པ་མངལ་དུ་སེམས་ཅན་སྒོ་ངར་གྱུར་པ་དང་། དེ་ལས་སྐད་ཅིག་གི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལམ་གྱིས་གྲུབ་པ་ནི་སྒོ་ང་ཕྱིར་བཙས་ཤིང་བཅག་ནས་སེམས་ཅན་དུ་གྱུར་པ་མཚོན་པའོ། །གསུམ་པ་ནི། དམར་གྱིས་ཟླ་བ་གཤེར་ཡིན་པས་དྲོད་གཤེར་སྐྱེས་དང་། འདྲེས་པ་ལས་སྐད་ཅིག་གིས་གཅིག་ཆར་དུ་གྲུབ་པ་ནི་རྫུས་སྐྱེས་ཀྱི་སྦྱོང་བྱེད་དོ། །ཞེས་བཞེད། གཞན་དུ་མངོན་བྱང་གཅིག་པོ་དེ་ཉིད་སྐྱེ་གནས་བཞི་ཆར་སྦྱོང་ཚུལ་མན་ངག་ལས་འབྱུང་བ་ལྟར་རྟོགས་པར་བྱའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ལས། དང་པོ་རྟེན་བཤད་པ་ནི། རྗེ་བཙུན་གྱིས་གཙོ་བོ་ནས་མེ་རིའི་བར་གསལ་གདབ་པ་དང་། འཕགས་པས་གཞལ་ཡས་ཁང་ཐོག་མར་གསལ་གདབ་པར་གསུངས་པ་ལས། ཕྱི་མ་ནི་སྤྱི་མཐུན་གྱི་དབང་དུ་བྱས་ལ། སྐབས་འདིར་རྟེན་བཤད་ན་འཆད་བདེ་བས། དེའི་དོན་བཤད་པ་ལ། འོག་གཞི་ལོགས་དང་སྟེང་ཐོག་དང་། །སྒོ་དང་རྟ་བབས་ལྔ་ཡིས་བསྡུས། །ཞེས་པའི་


JKT004_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། །འོག་ལ་སྣ་ཚོགས་རྡོ་རྗེ་དང་། ཉི་མ་པདྨ་འཁོར་ཡུག་གོ །ཞེས་བཞི་ལས། སྣ་ཚོགས་རྡོ་རྗེ་ནི་གནས་པའི་གཞི་སྟེ། རྭ་གསུམ་གསུམ་བཅུ་གཉིས་པ་དང་། ལྔ་ལྔ་ཉེར་ལྔ་པ་གང་རུང་སྟེ། །འོན་ཀྱང་ཕྱི་མ་ལ་སྟེང་རྭ་འོག་རྭ་ནི་མིན་ནོ། །དེ་འོག་ཉི་མ་ལྗང་གུ་དང་། དེ་འོག་སྣ་ཚོགས་པདྨ། ཁོར་ཡུག་ནི་རྡོ་ར་མེ་རི་དང་དུར་ཁྲོད་དོ། །གཉིས་པ་ནི། ལོགས་བཞི་རྩིག་པ་ཕ་གུ་དང་། དྲྭ་ཕྱེད་མདའ་ཡབ་པུ་ཤུའོ། །ཞེས་སྣ་ཚོགས་རྡོ་རྗེའི་སྟེང་དུ་རྩིག་པ་ཁ་དོག་ལྔ་དང་། དེའི་འགྲམ་རྒྱབ་རིན་པོ་ཆེའི་ཕ་གུ་གསེར་གྱི་རང་བཞིན་རིན་པོ་ཆེའི་ཕྲས་བཏབ་པ། ཕ་གུའི་སྟེང་དུ་དྲྭ་ཕྱེད་སྟོང་པའི་རང་བཞིན་ལ་བར་སྐབས་སུ་རིན་པོ་ཆེའི་བྲེ་ཕུལ་ཅན། དེ་སྟེང་གསེར་གྱི་སྐ་རགས་ཏེ་གདུང་ལེབ། མདའ་ཡབ་གསེར་གྱི་སྐ་རགས་དང་། ནང་གི་གདུང་མཉམ་པོར་བྱས་པའི་སྟེང་ནས་ཐོག་ཕུབ་པའི་ཁྱམས་ཀྱི་བྱ་འདབ་འོག་གི་འདོད་སྣམ་དང་ཐད་མཉམ་པོར་ཡོད་པའི་མཐའ་སྐོར་ལ་རིན་པོ་ཆེའི་མདའ་ཡབ་ཐུར་དུ་འཕྱང་བ། དབྱིབས་མཆུ་མེད་པའི་སྤྱི་བླུགས་མགོ་འཇུག་བཟློག་པ་ལྟ་བུ། པུ་ཤུ་མདའ་ཡབ་ཀྱི་སྟེང་གི་ཐད་དུ་གྱེན་དུ་བསྒྲེང་བའི་ཚུལ་གྱིས་གནས་པ། གསུམ་པ། སྟེང་ཐོག་ཀ་ཤིང་བརྩེགས་མ་དང་། །གདུང་དང་ཐོག་ཕུབ་རིམ་པ་དྲུག །ཅེས་པས་བཞི་སྟེ། ཀ་བ་ནི་འཁོར་ལོ་གོང་མ་བཞི་པོ་རེ་ལ་བརྒྱད་བརྒྱད་གསུངས་


JKT004_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ་གཉིས། ཤིང་བརྩེགས་ཀྱང་དེའི་རིག་པས་སོ་གཉིས། གདུང་ནི་ཟླུམ་པོ་བཞི་དང་། ཐལ་གདུང་མིག་མང་རིས་སུ་བྲིས་པ་རྣམས་སོ། །ཐོག་ཕུབ་ལ། དམ་ཚིག་འཁོར་ལོའི་སྟེང་དུ་སྐུ་འཁོར་གྱི་གཞི་སྟེ་དང་པོ། དེ་སྟེང་སྐུ་འཁོར་གྱི་ཐོག་ཕུབ་གསུང་འཁོར་དམར་པོ། དེ་སྟེང་གསུང་འཁོར་གྱི་ཐོག་ཕུབ་ཐུགས་འཁོར་སྔོན་པོ། དེ་སྟེང་སྣ་ཚོགས་པདྨ་ཡུབ་དང་བཅས་བདེ་ཆེན་འཁོར་སྔོན་པོའི་ཐོག་ཕུབ། དཀར་པོ། ལོ་ཐུགས་དཀྱིལ་གྱི་ཐོག་ཕུབ། དེ་སྟེང་བདེ་ཆེན་འཁོར་ལོའི་ཐོག་ཕུབ་དང་། དེ་སྟེང་གཙོ་བོའི་ཐོག་ཕུབ་སྟེ་དྲུག་གོ །བཞི་པ་སྒོ་ནི་གོ་སླ། ལྔ་པ་རྟ་བབས་ནི། སྒོ་ཁང་གི་སྟེང་འགེབས་ཏེ། སྟེགས་བུ་དང་། བུམ་པ་དང་། ཀ་བ་དང་། ཞུ་རིང་། ཞུ་ཐུང་། གདུང་། རྟ་བབས་སྣམ་བུ་འོག་མ། དེ་སྟེང་གོང་མ་གསུམ་རྣམས་རིམ་པར་བརྩེགས་པ། དེ་དབུས་སུ་པདྨ་འཁོར་ལོ་གདུགས་རྣམས་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ། རྒྱབ་ངོས་སུ་གདུགས་འཛིན་པའི་སྤྲེའུ་གཉིས། སྣམ་བུའི་རིམ་པ་རྣམས་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པས་བརྒྱན་པའོ། །གཞལ་ཡས་ཁང་དེའི་དབུས་ན་ལྷ་སོ་བདུན་ལ་པད་ཉིའི་གདན་རེ་རེ་དང་། གཙོ་བོ་ཡབ་ཡུམ་ལ་འཇིགས་བྱེད་དང་དུས་མཚན། སྒོ་མཚམས་བརྒྱད་ལ་ཡི་དྭགས་ཀྱི་གདན་ནོ། །གཉིས་པ་བརྟེན་པ་བཤད་པར། གཙོ་བོ་ཡབ་ཡུམ་དང་། འཁོར་


JKT004_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་རྣམས་ཀྱི་རྣམ་པ་བཤད་པའོ། །དང་པོ་ལ་སྐུ་མདོག་དང་ཕྱག་མཚན་བཤད་པ། རྒྱན་ཆ་དང་གདན་བཤད་པ། དེའི་རྣམ་དག་བཤད་པ་གསུམ་སྟེ། འདིར་རྒྱས་པར་མ་སྤྲོས་སོ། །གཉིས་པ་ནི། །མཁའ་འགྲོ་མ་སོགས་བདེ་ཆེན་འཁོར་ལོའི་མཁའ་འགྲོ་བཞི་དང་། ཐུགས་གསུང་སྐུའི་དཀྱིལ་འཁོར་དུ་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ། སྒོ་མཚམས་མ་བརྒྱད་རྣམས་སོ། །གཉིས་པ་ཕོ་ཉ་གསུམ་བསྲེ་པ་ནི། བལ་པོ་ཕམ་མཐིང་པའི་མན་ངག་ལས་འབྱུང་སྟེ། དེ་ཡང་བདག་གིས་སྒོམ་པའི་བློ་ལ་སྣང་བ་རྣམས་ནི་ཕོ་ཉ་སྔགས་སྐྱེས། ཛམ་བུའི་གླིང་གི་ཡུལ་རྣམས་ན་སྤྲུལ་པའི་སྐུ་ཉིད་དངོས་སུ་བཞུགས་པ་རྣམས་ནི་ཕོ་ཉ་ཞིང་སྐྱེས། འོག་མིན་ལོངས་སྤྱོད་རྫོགས་སྐུའི་ཞིང་ན་བཞུགས་པ་རྣམས་ནི་ལྷན་སྐྱེས་སོ། །དེ་བསྲེ་བ་ནི། དབང་པོ་རབ་ཀྱིས་ཐམས་ཅད་དུས་གཅིག་ཏུ་བསྲེ་བ་ནི། བློ་ལ་སྣང་བའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་བཅས་པ་འདི་ནི་ཕྱི་རོལ་སྣོད་ལ་བཞུགས་པའི་ཞིང་སྐྱེས་ཀྱི་ཡུལ་རྣམས་ཡིན་ལ། དེ་ཉིད་འོག་མིན་ན་བཞུགས་པའི་ལྷན་སྐྱེས་ཀྱི་གཞལ་ཡས་ཁང་ཡིན་ལ། དེ་ཉིད་ཆོས་སྐུ་ལས་བྱུང་བ་ཡིན་སྙམ་དུ་ཡུལ་ལ་ཡུལ་གྱི་ཞེན་པ་དང་། ལྷ་ལ་ཡང་དེ་བཞིན་དུ་དམིགས་པས་ལྷ་ལ་ལྷ་ཡི་ཞེན་པ་བྱ། འབྲིང་འཁོར་ལོ་རེ་རེ་ནས་དང་། ཐ་མས་ཡུལ་སོ་སོ་དང་ལྷ་སོ་སོ་ཡོངས་སུ་རྫོགས་པར་ཞེན་པ་བྱའོ། །


JKT004_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྒོམ་པ་མས་སྒོམ་དང་། སྔགས་སྐྱེས་ནས་ཞིང་སྐྱེས་སོགས། སྔགས་སྐྱེས་ཞིང་སྐྱེས་དང་། བྱིན་རླབས་ཡས་རློབ་ཞེས་བྱ་སྟེ། དེ་ལྷན་སྐྱེས་དང་། དེ་ཆོས་སྐུའི་བྱིན་གྱིས་རློབ་པའོ། །ཞེས་སོགས་གསུངས་སོ། །གསུམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱ་བ་ནི། གང་བསྒོམ་པའི་གནས་སྐབས་ཀྱི་ངེས་པ། གང་བསྒོམ་པ་བྱང་ཆུབ་ཕྱོགས་ངོས་བཟུང་བ། གང་བསྒོམ་པའི་གཞི་བཟུང་བ། དེ་ལ་ཇི་ལྟར་སྒོམ་པ། དགོས་ཆེད། གོ་རིམ་ལ་རྩོད་སྤོང་ངོ་། །དང་པོ་ནི། གཞི་ལྷ་གསལ་གདབ་པ་ཙམ་སྔོན་དུ་འགྲོ་དགོས་པ་ལས་གང་དུའང་རུང་མོད། འོན་ཀྱང་གྲུབ་ཆེན་འདིས་འདིར་བསྒོམ་པར་གསུངས་སོ། །གཉིས་པ་ནི། སྤྱིར་མངོན་པ་གོང་འོག་སོགས་ཀྱི་གོ་རིམ་ངོས་འཛིན་ཅུང་ཟད་མི་མཐུན་ཀྱང་། སྐབས་འདིར་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་བྱང་ཆུབ་༣༧ཁ་དོག་ཆས་ཕྱེ་བའོ། །གསུམ་པ་ནི། ལྷ་སོ་བདུན་པོ་ཐམས་ཅད་དོ། །བཞི་པ་ནི། རྗེ་བཙུན་དང་དམར་གྱིས་ལྷ་ལ་གདོས་བཅས་སོགས་ཀྱི་ཞེན་པ་ལྷ་རང་རྒྱུད་དང་། ཡང་དག་གསལ་བར་དང་། བེམ་པོར་ཞེན་པ་གསུམ། སྐྱེ་བ་དང་། ལམ་དམན་པ་ལ་སོམ་ཉི་ཟ་ན་དག་པ་དྲན་པར་བྱ་བས་ངེས་ཤེས་བསྐྱེད་པར་གསུངས་ཤིང་ལྔ་པའང་། དེའི་ཆེད་དུའོ། །དྲུག་པ་ནི་མ་སྨོས་སོ། །གཉིས་པ་ལུས་དཀྱིལ་སྔགས་ཀྱིས་བརླབས་པ་དང་བཅས་པ་ལ་གཉིས། ལུས་དཀྱིལ་བསྒོམ་པ་དང་། སྔགས་ཀྱིས་


JKT004_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ཚུལ་ལོ། །དང་པོ་ལ། གཞུང་ལས་བཤད་པའི་ལུས་དཀྱིལ་ངོས་བཟུང་བ། མ་བཤད་པའི་ལུས་དཀྱིལ་ཁ་བསྐངས། དེ་དག་གི་སྒོམ་ཚུལ་ཞིབ་ཏུ་བཤད་པ། དེ་ལྟར་བསྒོམ་པའི་དགོས་པ། རྟོག་པས་བརྟགས་པའི་ལུགས་དགག་པའོ། །དང་པོ་ནི། ལོ་ནག་གཉིས་ཀྱི་གཞུང་ལས། འཁོར་ལོ་གསུམ་གྱི་ལུས་དཀྱིལ་ཁོ་ན་ལས། གཞན་ལྷ་༡༣དང་། རྟེན་ལུས་དཀྱིལ་མ་བཤད་དོ། །གཉིས་པ་ལ། ལྷ་བཅུ་གསུམ་ཁ་སྐོང་བ་དང་། རྟེན་གྱི་དཀྱིལ་འཁོར་ཁ་སྐོང་ཚུལ་གཉིས། དང་པོ་ནི། འཁོར་ལོ་གསུམ་གྱི་སྟེང་དུ། ས་ལྷག་མ་རྣམས་བགྲོད་པའི་ལུས་དཀྱིལ་རྣམས་ངེས་པར་བསྐང་དགོས་ཏེ། དེ་ཡང་ལུས་རྩའི་དཀྱིལ་འཁོར། རྩ༢༤། བུ་ག་བརྒྱད་དང་འབྲེལ་བའི་རྩེ། སྦས་པའི་རྩ་༥སྟེ་སོ་བདུན། པཱུ་ཛ་སོགས་ཉེར་བཞི་དང་། ཧཱུྃ་རིང་བརྒྱད། ཚིགས་ལཱི་པཱི་ཧཱུྃ་ཧཱུྃ་སྟེ ༣༧། སོ་སེན་སོགས་བསྐྱེད་པའི་ཁམས༢༤། རྣམ་ཤེས་བརྒྱད་དང་འབྲེལ་པའི་ཁམས་བརྒྱད། དེ་དག་གི་རྩ་བདུད་རྩི་ལྔ་སྟེ་༣༧ཚན་པ་གསུམ་དང་། དེ་དག་གི་ཁྱབ་བྱེད་དུ་གྱུར་པའི་རླུང་རྣམས་ཀྱིས་ས་བཅུ་གསུམ་བགྲོད་དགོས་པས། ལྷ་ལྷག་མ་བཅུ་གསུམ་ངེས་པར་བསྐང་དགོས་སོ། །གཉིས་པ་ནི། ལོ་ནག་གཉིས་ཀྱི་གཞུང་ལས་དངོས་སུ་མ་གསུངས་ཀྱང་ངེས་པར་མན་ངག་གིས་ཁ་བསྐང་དགོས་ཏེ། སཾ་ཊར་ཞིབ་ཏུ་བཤད་པའི་ཕྱིར་རོ། །གསུམ་པ་ལ་


JKT004_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ། བསྐྱེད་ཆོག་ཡོད་མེད་དཔྱད་པ་དང་། གནས་དང་རྣམ་པ་སོགས་བཤད་པའོ། །དང་པོ་ནི། ལུས་དཀྱིལ་བསྐྱེད་ཆོག་ཡོད་པ་དང་། དེ་མེད་པར་རྐྱེན་ཙམ་གྱིས་གསལ་བཏབ་པ་གཉིས་ལས། དང་པོ་ནི་གསང་འདུས་ལ་སོགས་པའོ། །གཉིས་པ་ནི། འགྲེལ་པ་རྣམས་སུ་གསལ་གདབ་པ་ཙམ་མ་གཏོགས། བསྐྱེད་ཆོག་དང་རྐྱེན་གང་ཡང་མ་གསུངས་མོད། ནཱ་རོ་པའི་མན་ངག་རྗེ་བཙུན་དང་། དམར་གྱིས་སྒྲ་ཚུལ་གྱི་རྐྱེན་ལས་གསལ་གདབ་པར་གསུངས་ཏེ། འོག་རླུང་གིས་ལྟེ་བའི་ཨོཾ་མས་འཕུལ་ཚུལ་དང་། ལྟག་རླུང་གིས་སྤྱི་བོའི་ཧཾ་ཡས་འཕུལ་སྒྲ་སྟེ། དེ་ལྟར་སྒྲ་ཚུལ་གཉིས་སྙིང་གར་འདྲེས་པས་རྐྱེན་བྱས་རྟེན་དང་བརྟེན་པའི་ཕྱིའི་ཧེ་རུ་ཀ་དང་བཅས་པ་དུས་གཅིག་ལམ་མེར་གསལ་གདབ་པའོ། །གཉིས་པ་ནི། དེ་ལྟར་སྒྲ་ཚུལ་གྱིས་གཅིག་ཅར་དུ་གྲུབ་པ་རྣམས་རིམ་གྱིས་གསལ་བཏབ་པའི་ཚེ། ཐོག་མར་རྟེན་ནི། རྐང་མཐིལ་གཉིས་སུ་རླུང་དཀྱིལ་སྦྱང་གཞི་དང་ཚད་མཉམ་པ་བསྒོམ། འདི་ཕྱིའི་གཞལ་ཡས་ཁང་གི་རླུང་གི་དལ་ཡིན་སྙམ་དུ་ཞེན་པ་བྱ། དེ་བཞིན་རིམ་པར་འགྲེའོ། །དེ་ནས་བརྟེན་པ་ཐོག་མར་གཙོ་བོ་ཡབ་ཡུམ་གསལ་གདབ་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱ་ཏིའི་ཧཱུྃ་གི་དབྱིབས་སུ་གནས་པ་ནི་ནང་གི་ཁམས་བྱང་ཆུབ་སེམས་ཡབ་དང་། ཕྱི་ཤུན་གྱིས་ཡུམ་གྱི་རང་བཞིན་དུ་བསྐྱེད་པ་དང་། སྤྱི་བོ་ལ་


JKT004_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གནས་དང་། དུ་ལ་སོགས་པའི་ཡི་གེའི་དབྱིབས་སུ་གནས་པའི་ནང་གི་ཁམས་དཔའ་བོ། ཕྱི་སྣོད་དཔའ་མོ་རྣམས་སུ་གསལ་གདབ་ལ་སོགས་སྦྱར་རོ། །ཕྱི་ནང་དུ་སྦྱར་བའི་རྩ་དེ་དག་གི་རླུང་སེམས་དབུ་མར་ཞུགས་པས་ས་ལམ་བགྲོད་པའོ། །བཞི་པ་ནི། ལོངས་སྐུ་ལམ་བྱེད་དུ་རྗེ་བཙུན་དང་དམར་གྱིས་གསུངས་ཏེ། དེ་ཡང་ལུས་འདི་ཉིད་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པའི་ཚེ། ལུས་སྒྱུ དཀྱིལ་རྟེན་དང་བརྟེན་པར་བཅས་པ་འཁོར་ལོ་བདེ་མཆོག་རྟེན་དང་བརྟེན་པར་བཅས་པར་གནས་འགྱུར་བའི་ཕྱིར་དེ་ཉིད་ལོངས་སྤྱོད་རྫོགས་སྐུའོ། །དམར་གྱིས་གཙོ་བོར་ལུས་ལ་ཞེན་པ་སྤངས་པའི་ཕྱིར་ཞེས་བྱའོ། །ལྔ་པ་ནི་མ་སྨོས་སོ། །གཉིས་པ་ནི། ཨོཾ་ཨཱཧཱུྃ་སོགས་ཀྱིས་ཕོ་ཉ་གསུམ་རྟེན་དང་བརྟེན་པར་བཅས་པ་ངོ་བོ་གཅིག་ཏུ་དྲན་པར་བྱའོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི། ལུས་ངག་ཡིད་ཀྱི་སྦྱོར་བས་ཡེ་ཤེས་པ་སྤྱན་དྲངས་ནས་ཕྱི་མཆོད་དང་ཡིད་བྱུང་གིས་མཆོད་དེ། དགུག་གཞུག་བཅིངས་ནས་དབང་དུ་བྱས་ལ་གཉིས་སུ་མེད་པའི་བདེ་བ་དམ་པ་དྲན་པར་བྱའོ། །གསུམ་པ་གོ་ཆ་དགོད་པ་ནི། རྩ་རྒྱུད་ལས། ཡན་ལག་དྲུག་གི་ཧེ་རུ་ཀ །དབང་པོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་རེ་རེར་ཡང་དག་གནས། །ཞེས་སོ། །བཞི་པ་དབང་བསྐུར་ཞིང་རིགས་བདག་གིས་རྒྱས་གདབ་པ་ནི། དབང་ལྷ་


JKT004_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་པ། མཆོད་ཅིང་གསོལ་བ་གདབ་པ། དབང་བསྐུར་བའི་ཚུལ། རིགས་བདག་གིས་རྒྱས་གདབ་པའོ། །དང་པོ་ནི། དབང་ལྷ་༦༢སྤྱན་དྲང་པའོ། །གོ་སླ། གསུམ་པ་ནི་བདུད་རྩིའི་རྒྱུན་ཚངས་བུག་ནས་ཞུགས་ཏེ་གནས་བཞིར་སོན། སྒྲིབ་དག་དབང་བཞི་ཐོབ་པར་མོས་པའོ། །བཞི་པ་ནི། ཆུའི་ལྷག་མ་གྱེན་དུ་བརྟན་པ་ལས་རིགས་ཀྱི་བདག་པོས་བརྒྱན་པར་བསམ་པའོ། །གཉིས་པ་བདག་ཉིད་སངས་རྒྱས་སུ་བྱས་པ་དེ་ལ་མཆོད་པ་ནི། རྗེ་བཙུན་གྱིས་རྒྱུན་དུ་སྔགས་ཀྱི་མཆོད་པ་དང་། ཕྱིའི་མཆོད་པ་དང་། བདུད་རྩིའི་མཆོད་པ་དང་། མཉེས་པའི་མཆོད་པ་དང་། ཡིད་ལས་བྱུང་བའི་མཆོད་པ་དང་། བསྟོད་པའི་མཆོད་པ་སྟེ་དྲུག་མཛད་ལ། ཚེས་བཅུ་སོགས་ཀྱི་དུས་སུ་ཕྱི་མཆོད་ཀྱི་རྗེས་སུ་རིག་མ་༡༦དང་། རིན་ཆེན་༧དང་། འདོད་ཡོན་ཏེ་གསུམ་བསྣན་པར་བཞེད་དོ། །དང་པོ་ནི། ལྷ་སྔགས་གཉིས་སུ་མེད་པས་གསལ་གདབ་པའི་ཚུལ་གྱིས་མཆོད་པ་དང་། གཉིས་པ་ནི། དངོས་སུ་མཆོད་པ་བཤམས་པ་སོགས་སོ། །གསུམ་པ་ནི། བདུད་རྩིས་བླ་མ་བརྒྱུད་པ་དང་དཀྱིལ་འཁོར་སོགས་མཆོད་པ་དང་། བཞི་པ་ནི། རང་གིས་མྱོང་བས་ཕྱི་ནང་གི་ལྷ་རྣམས་དགྱེས་པ་དང་། ལྔ་པ་ནི་ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟར་དང་། དྲུག་པ་ནི། བསྡུ་ན་རྐང་པ་བརྒྱད་པ་དང་། སྤྲོ་ན་བསྟོད་པ་རྒྱས་པས་ཀྱང་ངོ་། །དེ་ལྟར་གྱི་


JKT004_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟླས་པ་བྱ། དེའི་རྗེས་སུ་ཐུན་མོང་བ་གསུམ་ལ་རྡོ་རྗེ་སེམས་དཔའ་བསྡུ་བའི་ཚུལ་གྱིས་རྫོགས་རིམ་བསྒོམ་པ་དང་། དེ་ལྷའི་སྐུར་ལངས་ནས་དག་དྲན་བྱ། དེ་དག་ནི་མཉམ་བཞག་གི་རྣལ་འབྱོར་རོ། །དེ་ནས་སྤྱོད་ལམ་དང་། ཁ་ཟས་ཀྱི་རྣལ་འབྱོར་གཉིས་བྱའོ། །སྲོད་ཐུན་ལ་བཟླས་པའི་རྗེས་ལ་གཏོར་མ་བཏང་། དེ་ནས་དག་དྲན་བྱ། འབྲེལ་ན་སྤྱོད་ལམ་དང་ཁ་ཟས་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་རིམ་བསྒོམས་པས་ཉལ་བའི་རྣལ་འབྱོར་བྱའོ། །གཉིས་པ་འབྲིང་པོ་དང་། །གསུམ་པ་བསྡུས་པར་སྒོམ་ཚུལ་འདིར་མ་བྲིས་སོ། །གཉིས་པ་བཟླས་པའི་རྣལ་འབྱོར་ལ། གང་དུ་བཟླས་པའི་གནས་སྐབས། གང་བཟླ་བའི་སྔགས་ཀྱི་དབྱེ་བ། བཟླས་པའི་དུས་ཀྱི་དམིགས་པ། ཇི་ཙམ་བཟླས་པའི་གྲངས། གང་ལ་བརྟེན་པའི་ཡུལ་ཕྲེང་བ། ཇི་ལྟར་བཟླས་པའི་མན་ངག །དེ་ལྟར་བཟླས་པའི་དགོས་པའོ། །དང་པོ་ནི། ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི་འདིའི་མཆོད་པའི་རྗེས་སུ་གཏོར་མ་འབྱུང་ལ། རྒྱུན་དུ་མཆོད་པའི་རྗེས་སུ་བཟླས་པ་འབྱུང་ངོ་། །གཉིས་པ་ནི། བསྙེན་པའི་སྔགས། ཡབ་ཡུམ་གྱི་རྩ་སྔགས་དང་། སྙིང་པོ་དང་། ཉེ་སྙིང་དང་། གོ་ཆ་༢གཉིས་སུ་མེད་པ་སྟེ་རིན་ཆེན་བཞི་ཡི་སྔགས་རྣམས་སོ། །སྒྲུབ་སྔགས་ནི་རྒྱུད་ནས་བཤད་པའི་ལས་ཚོགས་སོགས་སྒྲུབ་


JKT004_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སུ། མདུན་དུ་རྡུལ་ཚོན་སོགས་ལ་དམིགས་ཏེ། དཀྱིལ་འཁོར་གྱི་ལྷ་གྲངས་དང་མཐུན་པའི་སྔགས་བཟླས་ཤིང་། མཚན་མ་མ་མཐོང་གི་བར་དུ་བསྒྲུབ་པའོ། །ལས་སྦྱོར་གྱི་སྔགས་ནི། ལས་བཞིའི་བྱེ་བྲག་གིས་ཁ་དོག་དང་། དམིགས་པ་དང་། སྤེལ་ཚིག་རྣམས་བཞི་བཞིར་འགྱུར་བའོ། །གསུམ་པ་ནི། དུས་ཀྱི་བཞི་འགྱུར་ལ་སོགས་པའོ། །ལྔ་པ་ནི། མངོན་བརྗོད་ལས། དུང་ཆེན་ཕྲེང་བ་བླངས་ནས་ནི། །སྡོམ་པ་མཆོག་གི་བཟླས་པ་བྱ། །ཞེས་ལྷག་ཏུ་བསྔགས་པར་གསུངས། དྲུག་པ་ལ་ལྔ་སྟེ། འགྲོ་བ་དག་པ་དང་། རྡོ་རྗེའི་བཟླས་པ་དང་། འགོག་པའི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། འདོ་ལའི་བཟླས་པའོ། །དང་པོ་ནི། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ས་གསུམ་གྱི་འགྲོ་བ་ཐམས་ཅད་ལྷར་བྱས་ནས་འོད་སླར་ཧཱུྃ་ལ་བསྡུ་བའོ། །གཉིས་པ་ནི། ཧཱུྃ་ལས་སྔགས་ཕྲེང་རྩོལ་རླུང་ཧཱུྃ་དང་འགྲོགས་ཏེ་སྣ་གཡས་ནས་ཐོན། འགྲོ་ཀུན་སླར་བྱས་ནས་སྲོག་རླུང་ཨོ་དང་འགྲོགས་ཏེ་ཐུགས་ཀར་སླེབ་པ་གནས་པ། དེ་མ་ཐག་ཏུ་དེ་དག་གི་རྩོལ་རླུང་ཧཱུྃ་དང་ལྷན་ཅིག་ཏུ་ཐོན། སླར་བདག་གི་སྲོག་རླུང་ཨོཾ་དང་འགྲོགས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་སྟེ་གནས་པ་ནི་ཨའོ། །གསུམ་པ་ནི་རྣམ་རྟོག་བཀག་ནས་ཡིད་ཀྱི་བཟླས་པ་བྱ་བའོ། །བཞི་པ་ནི་སྣོད་མིན་གྱིས་དབེན་པར། བྱིངས་བ་བསལ་བ་དང་། གདོན་གྱི་བར་ཆད་སོགས་


JKT004_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཕྱིར་སྐད་གསང་མཐོན་པོར་བཟླའོ། །ལྔ་པ་ནི། ཡབ་ཀྱི་སྔགས་ཕྲེང་འཐོན་ཡུམ་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་པར་བསམས་ལ་བཟླ་པའོ། །བདུན་པ་ནི། མངོན་བརྗོད་ལས་༣༢། སྔགས་པས་འདི་དག་བཟླས་ན་ནི། །མཁའ་འགྲོ་མ་ཡི་དྲྭ་བ་ཡི། །སྡོམ་པའི་དངོས་གྲུབ་ཐོབ་པ་སྟེ། །ཟླ་བ་དྲུག་གིས་དེ་དབང་འགྱུར། །ཅེས་སོ། །གཉིས་པ་རྫོགས་པའི་རིམ་པ་ནི། རྡོ་རྗེ་སེམས་དཔའ་བསྡུ་བ་དང་། ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བ་གསུམ་དུ་ཀུན་སྤྱོད་༡༢ལས་གསུངས་ཏེ། དང་པོ་ནི། རྩ་བའི་དཔེ་ལྔ་དང་། ཡན་ལག་གི་དཔེ་དུ་མས་མཚོན་པ། བསྐྱེད་རིམ་གྱི་ཐུན་མཇུག་ཏུ། བཅོམ་ལྡན་འདས་ཀྱི་ལྟེ་བར་པདྨར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ་བའི་ཐུགས་ཀའི་ཧཱུྃ་འོད་ནང་ནས་ཕར་རིམ་བཞིན་འཕྲོས་ཏེ་བརྟན་གཡོ་སྣོད་བཅུད་དང་བཅས་པ་ཐམས་ཅད་གསལ་བར་བྱས་པས་འདར་ཕྲུག་སྡིག་ཏུ་གཡོ་བར་བསམ་པ་ནི་རྡོ་ཁབ་ལེན་གྱིས་ལྕགས་གཡོ་བ་ཞེས་བྱ་སྟེ། དཔེ་དང་པོ། །དེ་ནས་ཁམས་གསུམ་སྣོད་བཅུད་དང་བཅས་པ་སྲུང་འཁོར། དུར་ཁྲོད་སོགས་ནས་རིམ་པར་བཅོམ་ལྡན་འདས་ཀྱི་ཞལ་བཞིའི་བར་དུ་བསྡུ་བ་སྟེ། དཔེ་གཉིས་པ་ལྕི་བས་དངུལ་ཆུ་བསྡུ་པའོ། །དེ་ནས་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་ཞལ་གཅིག་ཕྱག་གཉིས་སུ་བསྡུ་སྟེ། དཔེ་གསུམ་པ་རུ་སྦལ་ཡན་ལག་བསྐུམ་པའོ། །


JKT004_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདག་ཕྱིའི་ཧེ་རུ་ཀ་ཡུམ་ཡབ། ཡབ་ལྟེ་བའི་རྡོར་སེམས་ཡབ་ཡུམ། ཡུམ་ཡབ་ལ། ཡབ་ཧཱུྃ་ལ་བསྡུ་བ་ནས་ཟླ་ཚེས་ཐིག་ལེའི་བསྡུ་བའི་བར་ཏེ། དཔེ་བཞི་པ་སྐར་མདའ་གཅིག་ལ་གཅིག་ཐིམ་པ་ཞེས་བྱའོ། །དེ་ནས་ཐིག་ལེའང་ཇེ་ཕྲར་གྱུར་ནས་བསམ་གྱིས་མི་ཁྱབ་པ་ལ་བཞག་སྟེ། དེ་ནི་དཔེ་ལྔ་པ་ལན་ཚྭ་ཆུ་ལ་ཐིམ་པ་ཞེས་བྱའོ། །དེ་ནས་ཡན་ལག་གི་དཔེ་ནི་ངོ་བོ་ཉིད་ཀྱི་སྟེང་དུ་ཕབ་སྟེ། གང་གི་སྤྲོས་པ་། རྣམས་ནི། ཆ་ལུགས་སམ། འོད་ཟེར། རླབས། ཆུ། མར་ལྟ་བུ་དང་། བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་ནི། གར་མཁན་དངོས་སམ། ཉི་མའམ། མཚོ་འམ། ཆུ་དང་། མར་ལྟ་བུ་སྟེ་གཉིས་སུ་མེད་པའི་ཡན་ལག་གི་དཔེ་ལྔས་མཚོན་པའོ། །དེ་ལྟ་བུའི་ངང་ལ་ཅི་གནས་སུ་མཉམ་པར་བཞག །ལྡང་བར་འདོད་ན་རྣལ་འབྱོར་བྱིན་རླབས་གསུམ་དང་ལྡན་པའི་ཧེ་རུ་ཀར་ལངས་ཏེ། ཐུན་བཞི་ཀ་ལ་སྐབས་འདིར་གཏོར་མ་གཏོང་བའམ། མེད་ན་དག་དྲན་བྱའོ། །འདི་ནི་བསྐྱེད་རིམ་གྱི་རྗེས་སུ་ཅིས་ཀྱང་བསྒོམ་མོ། །གཉིས་པ་ནི། བསྐྱེད་རིམ་གྱི་རྗེས་སུ་ཅིས་ཀྱང་བསྒོམ་པ་མ་ཡིན་ཏེ། རྣལ་འབྱོར་པ་བསྐྱེད་རིམ་བརྟན་པའམ། ཡང་ན་ལས་དང་པོ་པས་ཀྱང་རུང་སྟེ། རླུང་སེམས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་མྱུར་དུ་ཚོལ་བར་འདོད་པའི་རྟེན་འབྲེལ་ཡིན་པས། །བསྐྱེད་རིམ་རྒྱས་པར་བསྒོམས་པའི་རྗེས་


JKT004_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

སམ། འདི་ཁོ་ནར་གཙོ་བོར་བྱེད་ན་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ལྟེ་བར་པད་འདབ་བཞི་པའི་ཤར་དུ་ས་རླུང་གི་རང་བཞིན་ལ་སེར་པོ། གཡས་སུ་ཆུ་རླུང་རང་བཞིན་ཝ་དཀར་པོ། རྒྱབ་ཏུ་མེ་རླུང་རང་བཞིན་ར་དམར་པོ། གཡོན་དུ་རླུང་གི་རླུང་ཡ་ལྗང་གུ། དབུས་སུ་མཁའ་རླུང་གི་རང་བཞིན་ཐིག་ལེ་སྔོན་པོ་གཅིག་བསམས་ལ། རིམ་གྱིས་བློ་སྦྱང་ཕྱིར་མདུན་གྱི་ལ་ལས་འོད་ཟེར་སེར་པོ་སྐུད་པ་འབྲིང་པོ་ཙམ་སྣ་སྒོ་གཡོན་ནས་བྱུང་། མདུན་དུ་སོར་བཅུ་དྲུག་གི་ཚད་ཙམ་དུ་སོང་། རླུང་ནང་དུ་འཇུག་པ་དང་བསྟུན་འོད་ཟེར་ནང་དུ་ལྡོག །ལ་སེར་པོར་ཡིད་ཀྱིས་བསྟིམ། དེ་ལ་བལྟ་བས་རླུང་ཁ་སྦྱར་གྱི་དམིགས་པ་བྱའོ། །དེས་ས་རླུང་དབང་དུ་གྱུར་པས་དུ་བ་ལྟ་བུ་འབྱུང་བའི་ཚེ་དེ་ཉིད་གཡོན་གྱི་ཝ་ལ་བསྟིམ་པ་སོགས་ཀྱིས། ཆུ་མེ་རླུང་གི་རླུང་དབང་དུ་འདུས་པས་སྨིག་རྒྱུ་མེ་ཁྱེར་མར་མེ་ལྟ་བུའི་རྟགས་བ་འབྱུང་། མཐར་ཡ་དབུས་ཀྱི་ཐིག་ལེ་ལྗང་གུ་ལ་བསྟིམ་ནས་སྔར་ལྟར་བསྒོམས་པས་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་མཐོང་བའི་ཚེ་ནམ་མཁའི་རླུང་དབང་དུ་གྱུར་བ་སྟེ། འདིའི་མཇུག་ཏུ་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བར་གསུངས་སོ། །གསུམ་པ་ནི། ཡི་གེའི་ཚབ་ཏུ་ཐིག་ལེ་ཁ་དོག་སྔར་ལྟར་བསྒོམས་པའི་རླུང་སྦྱོར་ཏེ་གཞན་འདྲའོ། །འདི་དག་རང་གི་གང་མོས་ཞིག་བསྒོམས་པ་ལས་གཅིག་རྗེས་གཅིག་འགྲོ་དགོས་པ་ལྟ་བུ་ནི་


JKT004_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ནོ། །གཉིས་པ་དག་པ་རྗེས་སུ་དྲན་པར་བྱ་བ་ནི། གཞུང་ལས། སོ་དང་སེན་མོ་ནི་ཁཎྜ་ཀ་པཱ་ལཱིའོ། །ཞེས་སོགས་བརྗོད་ལ། སེམས་ཀྱིས་མ་དག་པའི་ཁམས་དང་རྒྱན་ཆ་ལ་སོགས་པ་དེ་དང་དེ་དག་པའི་ལྷ་དང་། སྔགས་དེ་དང་དེའི་ངོ་བོ་ཡིན་ནོ་སྙམ་དུ་མོས་པ་བྱ་བའོ། །གསུམ་པ་གཏོར་མའི་རྣལ་འབྱོར་ལ་ལྔ། དུས་ནི་རྒྱུན་པར་ཐུན་མཚམས་དང་། ཁྱད་པར་ཚེས་བཅུ་ཡར་མར་སོགས་སོ། །ཡོ་བྱད་ནི་ཤ་ཆང་གཙོ་བོར་གྱུར་པའོ། །ཆོ་ག་ནི་འཇིག་རྟེན་འདས་མ་འདས་ཀྱི་མགྲོན་ལ་གཏོར་མ་སྦྱིན་ནས་ཕྲིན་ལས་བཅོལ་བའོ། །གཏོང་ཚུལ་ནི། ཁ་ལྷོར་ཕྱོགས་ནས་སྐྲ་གྲོལ་ཏེ་མཚན་མོའི་དུས་གཅེར་བུས་སོ། །དགོས་པ་ནི་མགྲོན་ཆོམས་པས་དངོས་གྲུབ་ཀྱི་སླད་དོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། གནས་སྐབས་འགལ་ཞིག་ཏུ་ཁ་ཟས་གཏོར་མ་བཞིན་བྱིན་གྱིས་བརླབས་པའམ། གཡོན་པའི་མཐེབ་སྲིན་གྱིས་རེག་༧ ལ་འབྲུ་གསུམ་བརྗོད་ནས་བདུད་རྩིར་བརླབས་ནས་ལག་མཆོད་རྒྱས་པར་སྤྲོ་ན་བྱ། དེ་ནས་ནང་ལུས་དཀྱིལ་མཆོད་ཕྱིར། གི་སྦྱིན་སྲེག་གི་ཚུལ་གྱིས་རོལ་ལ་ལས་བཞིའི་དམིགས་པ་སོགས་བྱ་ཞིང་། མཐར་ལྷག་མ་དང་། བདག་མེད་པ་དྲན་པར་བྱ་བའོ། །དེ་ལྟར་གྱི་རིམ་པ་གཉིས་བརྟན་པར་བྱེད་པའི་སྤྱོད་པ་ནི། རང་དོན་དང་གཞན་དོན་གྱི་སྤྱོད་པ་གཉིས། དང་པོ་ལའང་གསུམ་སྟེ། བསྐྱེད་རིམ་ཅུང་ཟད་གོམས་ན་


JKT004_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

༡དེ་བརྟན་པར་བྱེད་པ་ལྷ་གྲངས་དང་མཐུན་པའི་རྣལ་འབྱོར་པའི་ཚོགས་ལམ། །རང་ཉིད་ཧེ་རུ་ཀའི་ཆས་དང་ལྡན་པས་ལོ་དང་ཟླ་བ་སོགས་སུ་དམིགས་པ་ཤིན་ཏུ་བརྟན་པར་བྱ་བ་སྟེ་སྤྲོས་བཅས་ཀྱི་སྤྱོད་པའོ། །རྫོགས་རིམ་བརྟན་༢པར་བྱེད་པ་མཉམ་གཞག་གི་དུས་སུ་ཆོས་བརྒྱད་མགོ་སྙོམས་པ། དེ་བརྟན་མི་བརྟན་བརྟག་ཕྱིར་མཚན་མོར་བཞི་མདོ་སོགས་སུ་ཕྱིན་ནས་ཡུལ་ཉེ་བར་ལོངས་སྤྱོད་ལ་རྣམ་རྟོག་ཊྛ འཕྲོའམ་མི་འཕྲོ་བརྟག་པ་སྟེ་སྤྲོས་མེད་ཀྱི་སྤྱོད་པའོ། །གཉིས་ཀ་༣ལ་རྟེན་པར་བྱེད་པ། སྤྲོས་མེད་ཀྱི་སྤྱོད་པས་ཐ་མལ་གྱི་རྣམ་རྟོག་མི་སྐྱེ་བར་ངེས་ན། རང་གི་ཡུལ་འཁོར་སོགས་སྤངས་ཏེ་སྨྱོན་པའི་སྤྱོད་པས་ཕྱོགས་ཐམས་ཅད་དུ་འཁྱམས་པ་སྟེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །གཉིས་པ་ནི། ཤིན་ཏུ་སྤྲོས་མེད་བརྟན་ནས། ནུས་པ་ཆེར་སྐྱེས་པ་དེའི་ཚེ་རྣལ་འབྱོར་པར་ཁས་བླངས་ནས་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་སྤྱོད་པ་བརྩམས་ཏེ་གྲུབ་ཆེན་བི་རཱུ་དང་། ལོ་ཧི་པ་ལྟ་བུའོ། །དེ་ལ་སློབ་དཔོན་ལོ་ཧི་པའི་དགོངས་པ་ནཱ་རོས་བསྐངས་པའི་མངོན་རྟོགས་འདི་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ཏེ། དེ་ཡང་བློའི་སྤྱོད་ཡུལ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། དཀྱིལ་འཁོར་འཁོར་ལོ་རྫོགས་པ་གཅིག་ལ་དང་། མངོན་པར་རྟོགས་པ་གཅིག་ལ་བཞག་པའོ། །དང་པོ་ནི། བདག་གི་བློ་སྣང་གི་དཀྱིལ་འཁོར་ཞིང་སྐྱེས་དང་།


JKT004_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ལྷན་སྐྱེས་ཀྱི་སྤྲུལ་པས་གཉིས་ཀ་སྤྲུལ་སྐུའོ། །ལྷན་སྐྱེས་ན་འཕོ་བ་མེད་པའི་ཚུལ་གྱིས་ཟག་མེད་ཀྱི་བདེ་བ་དང་། ཆོས་ལ་ལོངས་སྤྱོད་པའི་ཚུལ་གྱིས་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཆོས་ཉིད་དོ། །གཉིས་པ་ནི། བདེ་ཆེན་འཁོར་ལོ་ནི་ཆོས་སྐུ། འཁོར་ལོ་གསུམ་ནི་ལོངས་སྐུ། སྒོ་མཚམས་མ་བརྒྱད་ནི་སྤྲུལ་སྐུའོ། །གསུམ་པ་ནི། ཕྱི་དཀྱིལ་དབང་དང་བཅས་པ་སྤྲུལ་པའི་སྐུ། ལུས་དཀྱིལ་སྔགས་ཀྱིས་བརླབས་པ་དང་བཅས་པ་ལོངས་སྐུ། རྫོགས་རིམ་སྤྱོད་པ་དང་བཅས་པ་ཆོས་སྐུ་ལམ་བྱེད་ཀྱི་སྒྲུབ་ཐབས་སོ། །འབྲིང་བསྡུས་ཀྱི་དབང་དུ། ལུས་ལ་ལྷ་རྣམས་རྫོགས་པར་བསྐྱེད་པ་ཙམ་སྤྲུལ་སྐུ། ཟློ བསྐྱེད་པ་གསལ་གདབ་པ་དང་། ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པ་ལོངས་སྐུ། རྫོགས་རིམ་སྤྱོད་པ་དང་བཅས་པ་ནི་ཆོས་སྐུའོ། །བཞི་པ་དེ་ལྟར་བསྒོམས་པའི་འབྲས་བུ་ནི། ཞི་སོགས་བྱ་བ་དམན་པའི་དངོས་གྲུབ་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད་དང་། འཆི་བའི་ཚེ་དཔའ་བོ་དང་རྣལ་འབྱོར་མས་དྲངས་ཏེ་མཁའ་སྤྱོད་དུ་དབུགས་འབྱིན་པ་དང་། དེ་མ་ཐོབ་ན་འཁོར་ལོས་སྒྱུར་བ་སོགས་མཐོ་རིས་ཀྱི་རྟེན་ལ་ལམ་ལྷག་མ་བགྲོད་པ་དང་། རབ་ཕྱག་རྒྱ་མཆོག་གི་དངོས་གྲུབ་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་རྡོ་རྗེ་འཛིན་པ་ཉིད་གྲུབ་པ་སྟེ། དེ་ཡང་བཅུ་གསུམ་རྡོ་རྗེ་འཛིན་པར་གློ་བུར་གྱི་དྲི་མ་མ་ལུས་པ་བྲལ་བའི་ཚེ་


JKT004_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་དངོས་པོ་ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ངོ་བོར་སྡོམ་པ་ནི་ཆོས་སྐུ་དང་། དེ་ཉིད་འོག་མིན་དུ་གདུལ་བྱ་དག་པ་རྣམས་ལ་ལྷའི་༦༢རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཤར་བ་ནི་ལོངས་སྐུ་དང་། དེ་ཉིད་གདུལ་བྱ་གྲུབ་པའི་ས་ལ་གནས་པ་རྣམས་ལ་སྤྲུལ་པ་མཆོག་གི་དཀྱིལ་འཁོར་དུ་ཤར་བ་ནས། རིགས་ཅན་གསུམ་ལ་ཤཱཀྱ་ཐུབ་པ་སོགས་དང་། རི་བོང་སོགས་ཕལ་པའི་སྤྲུལ་པ་མཐའ་ཡས་པས་སེམས་ཅན་གྱི་དོན་མཛད་པ་ནི་སྤྲུལ་སྐུར་བཞེད་ཅིང་། དེ་དག་གི་ཕྲིན་ལས་ཐམས་ཅད་ཀྱང་སྐུ་གསུམ་གྱི་ཕྲིན་ལས་སུ་བཞེད་དོ། །དགེ་ལེགས་ཐར་པའི་ཡོན་ཏན་མ་ལུས་པ། །གང་ལ་བརྟེན་ནས་བདེ་བླག་བསྒྲུབ་ནུས་པའི། །ལུས་རྟེན་ཕུན་ཚོགས་དལ་བ་ཐོབ་དུས་འདིར། །རིན་ཆེན་སངས་རྒྱས་བསྟན་ལ་འཇུག་པར་རིགས། །དེ་ལའང་ཕ་རོལ་ཕྱིན་པའི་སྡེ་སྣོད་ལས། །བསྒྲུབ་བྱའི་དོན་གཅིག་སྒྲུབ་བྱེད་རྣམ་བཞི་ཡིས། །སྒྲུབ་པའི་ཚུལ་གྱིས་ཁྱད་པར་ཆེས་འཕགས་པའི། །རྡོ་རྗེ་ཐེག་པ་སྙིང་པོར་བླང་བྱ་ཡིན། །ཟབ་མོའི་རྒྱུད་ལའང་བྱ་སྤྱོད་རྣལ་འབྱོར་དང་། །རྣལ་འབྱོར་ཆེ་དང་གསང་བ་གསང་བའི་མཐའི། །རྒྱུད་སྡེ་དྲུག་གི་རྩེར་སོན་སྡོམ་པའི་རྒྱུད། །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་ཡིན། །ཚུལ་འདི་ཕྱེ་ལ་འགྲན་གྱི་ཟླ་མེད་པ། །གྲུབ་པའི་འཁོར་ལོས་སྒྱུར་བ་ལུ་ཧི་པས། །ལེགས་པར་བཀྲལ་


JKT004_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མངོན་པར་རྟོགས་པའི་གཞུང་། །ཇི་བཞིན་བཤད་པའི་བསྟན་བཅོས་འདི་བྱས་སོ། །ཤུ་བྷཾ། སརྦ་ཛྷཱ་པུཎྱ་སཾ་ཧའི་གསུང་ལས་བཏུས་པའོ།། ༈ །།པཎ་ཆེན་དྷརྨ་ཀ་རའི་གསུང་རྒྱུན་ཁམས་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་ཉི་མས་ཟིན་བྲིས་སུ་མཛད་པ་ལས། སྨུག་ལ་པཎ་ཆེན་ངག་དབང་གྲགས་པས་མཛད་པའི་སྒྲོལ་དཀར་ཚེ་ཁྲིད་སྐབས། འདི་ཇོ་ལུགས་ཡིན་ཅིང་། དེའང་ངག་དབང་གྲགས་པའི་རྒྱ་གཞུང་གི་རྗེས་སུ་འབྲང་བའི་རྣལ་འབྱོར་བླ་མེད་ཁོ་ནར་ངེས་ཀྱང་། བྱ་རྒྱུད་བཞིན་ཀུན་ཏུ་སྤྱོད་པ་ནི་ཨར་ཅོ་བརྗེ་བཅོ་བརྒྱད་སོགས་ཀྱི་འཆོལ་སྤྱོད་ལ་བརྟེན། དེ་དུས་ཇོ་བོ་ལ་འབྲོམ་སོགས་ཀྱིས་བོད་ན་བླ་མེད་ཀྱི་འཆད་ཉན་བཀག་པས་བྱ་རྒྱུད་དང་བསྟུན་པ་ཇོ་བོ་ཡབ་སྲས་ཀྱི་ཕྱག་ལེན་ད་ལྟའི་བར་འཇགས་པ་ཡིན་གསུངས། ལྷའི་གདན་པདྨ་འདི་ཆུ་སྐྱེས་པུཎྜ་རི་ཀ་རང་ཡིན་ཏེ། དེ་ནི་སྡོང་པོ་ཤིན་ཏུ་ཕྲ་བས་ཆུ་ཡི་སྟེང་དུ་ཆུས་བཏེགས་པ་མ་གཏོགས་མེ་ཏོག་གི་ལྕིད་སྡོང་པོས་མི་ཐེག་པ་མང་། རྒྱ་ཡུལ་དུ་མེ་ཏོག་ཆུ་ལས་ཅུང་ཟད་འཕགས་པ་སྡོང་པོས་ཐེག་པ་ཞིག་ཀྱང་མཐོང་། གང་ལྟར་ཡང་པདྨའི་སྐུད་པ་ལྟར་ཕྲ་བ་ཞེས་ཤིན་ཏུ་ཕྲ་བའི་ཚད་ཡིན་ཀྱང་། ལྷའི་གདན་ནི་རྣམ་པ་ཆུ་སྐྱེས་དང་འདྲ་བ་མ་གཏོགས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ཡིན་ཕྱིར་རྟེན་འབྲེལ་གྱི་དབང་གིས་སྡོང་པོ་སྲ་ཞིང་མཁྲེག་པ། སྦོམ་ཞིང་བཟང་བ་བསྒོམ་པ་ཡིན་


JKT004_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། མཎྜལ་གྱི་ཚོམ་བུ་རྒྱ་གར་དུ་མེ་ཏོག་གསར་པ་བཀོད་སྲོལ་ཡོད་གསུངས། འཁོར་ལོ་བསྒོམ་སྐབས། ད་ལྟ་འགའ་ཞིག་དབུས་སུ་ཧཱུྃ། དེའི་མདུན་དུ་ཨོ། རྒྱབ་ཏུ་ཧཱ་བསྒོམ་པ་དང་། ལ་ལ་གཡས་སུ་ཨོ། གཡོན་དུ་ཧཱ་བསྒོམ་པའི་ལུགས་ཀྱང་ཡོད། གང་ལྟར་ཡང་ཏཱཾ་ཡིག་གི་ཕྱི། ཨོ་ཧཱ་གཉིས་ཀྱི་ནང་མཚམས་ནས་སྤེལ་ཚིག་བཀོད་སྲོལ་འདུག་ཀྱང་། སྒྲོལ་མའི་རྒྱུད་ནས། ཏཱཾ་ཡིག་གི་མདུན་གཡས་སུ་ཨོཾ། མདུན་གཡོན་དུ་ཧཱ། དེ་གཉིས་ཀྱི་བར་ཏཱཾ་ཡིག་གི་རྒྱབ་ངོས་ནས་གཡས་བསྐོར་དུ། མ་མ་ཨཱ་ཡུར་སོགས་ནས་སྭཱའི་བར་བཀོད་པའི་སྣེ་མོ་གཡོན་གྱི་ཧཱ་ལ་ཐུག་པ་ཞིག་ཡིན་པར་གསལ་བས། ཨོཾ་དང་ཧཱའི་བར་དུ་ཞེས་པ་གོ་ལོག་ཐེབས་ནས་ངག་རྒྱུན་འབྱམས་པ་འདྲ་བས་རྒྱུད་དང་བསྟུན་པ་འཐད་གསུངས། སྤེལ་ཚིག་གི་སྐབས། ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི། ཡེ་མ་དག་པས། ཀུ་རུ་སྭཱ་ཧཱ། རྐྱང་པ་ཡིན་གསུངས། ཕྱི་རོལ་གྱི་འཁོར་ལོའི་གུར་འདི་རྩིབ་བཅུ་བྱས་ནས། སྟེང་རྩིབ་ཨོ་དང་། འོག་རྩིབ་ཧཱ་བསྒོམ་པ་ཡོད་ཀྱང་། འདིར་རྩིབ་བརྒྱད་རང་ཡིན། དེའི་སྐབས་སུ་རང་སྒྲོལ་མར་གསལ་བའི་གཡས་སུ་ཨོ། གཡོན་དུ་ཧཱ་འཁོར་ལོ་ཞྭ་ཐེབ་ཁ་སྤྲད་པ་ལྟ་བུའི་ལྟེ་བ་ནས་རྩིབས་སོ་སོར་གྱེས་པའི་རྩིབས་ཀྱི་ཐོག་མའི་གྱེས་མཚམས་སྒྲུབས་ཀྱི་སྒོ་ནང་ནས་གཡས་བསྐོར་དུ། ཏཱ་རེ་ལ་སོགས་པའི་འབྲུ་བརྒྱད་ཁ་ནང་


JKT004_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དུ་འགོད། །སྤྱིར་སྒྲོལ་མའི་ཚེ་སྒྲུབ་སྐབས་བསྙེན་པ་ཡི་གེ་བཅུ་པ་ཁོ་ན་འབྲུ་འབུམ་སོགས་དུས་གྲངས་རྟགས་བསྙེན་རྫོགས་པར་བྱས་ནས། ཚེ་སྒྲུབ་ནི་ལས་ཚོགས་ཡིན་པས་སྤེལ་ཚིག་དང་བཅས་པར་g སྔགས་མ་བསྙེན་པའི་དངོས་གཞི་བྱས་ནས་རྟགས་མཐོང་བའམ། ཐ་ནའང་ཞག་བདུན་ཕྲག་རེ་ཙམ་བཟླས་པས་ཀྱང་དུས་མིན་འཆི་བའི་བར་ཆད་ཐམས་ཅད་སེལ་བར་ངེས་ཤེས་ཚད་མའི་གསུང་རྒྱུན་ལས་འབྱུང་ཞིང་མྱོང་བས་ཀྱང་གྲུབ་པ་ཡིན་ཅེས་གསུངས་སོ།། ༈ །།ཟླུམ་པོ་ནི། རྐང་གཉིས་བར་ཅུང་ཟད་བཅས་མཉམ་པའི་སྟབས་ཀྱིས་ལངས་པ། གཡས་རོལ་ན་འདུག་བཞིན་དུ་སྟེ་ཡེ་ཤེས་མགོན་པོའི་ཞེས་པས་བསྟན་པར་མཁས་པ་དག་བཞེད་པ་དོན་ལ་གནས་ཤིང་། སྔ་མས་སྔགས་སྤེལ་ཚིག་དང་བཅས་པ་འགོད་ཚུལ་དང་། ཕྱི་མས་ཡི་གེ་བཅུ་པ་གཙོ་བོར་བསྟན་ཏོ།། ༈ །།སློབ་དཔོན་ཀླུས། སྦྱོར་བ་དེ་ཡིས་རྒྱལ་པོ་ཡི། །བཙོན་ར་སོགས་ལས་བསྲུང་བར་བྱ། །སྒྲོལ་མའི་ལས་ཀྱི་སྦྱོར་བ་ལས། །ལས་རྣམས་ཡང་དག་བསྒྲུབ་བྱ་སྟེ། །ནད་སོགས་ཞི་བའི་ལས་དང་ནི། །དབང་དུ་བྱ་བའི་སྦྱོར་བ་ལའང་། །ཆོ་ག་གོང་མ་དེ་ཉིད་ལས། །འཁོར་ལོ་ལ་སོགས་ཁ་དོག་དང་། །སྔགས་ཀྱི་སྤེལ་བ་བསྟན་པར་བྱ། །ཞེས་དང་། །བསྒྲུབ་བྱ་ཤེས་རབ་ཞན་པ་དང་། །ལེ་ལོ་ཅན་སོགས་རྣམས་ལ་ནི། །གོང་མའི་ཆོ་ག་དེ་ཉིད་ལས། །


JKT004_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཏུ་བྱ་བར་བསྟན་པ་སྟེ། །འཁོར་ལོ་སྔ་མ་དེ་ཉིད་ལས། །སྔགས་རྣམས་གཡོན་བསྐོར་དག་ཏུ་འགོད། །མུ་ཁྱུད་ལ་ཡང་ཨ་སོགས་འགོད། །དེ་ལྟར་བསྒོམ་དང་བཟླས་བྱས་ན། །བློ་དམན་རྣམས་ནི་བློ་ལྡན་འགྱུར། །ཞེས་སོགས་བྲིས་པའི་འཁོར་ལོ་ལ་ཁ་བསྒྱུར་བས་བཅིངས་དགྲོལ། བློ་འཕེལ། དབང་སྡུད་སོགས་ལས་རབ་འབྱམས་འགྲུབ་པར་གསུངས་སོ།། ༈ །།ཤུ་དག་དཀར་པོ་དང་། སེར་པོ་ཁྲག་དང་སྦྱར་བ། སྒྲོལ་དཀར་ལ་དྲན་པ་མ་སོགས་བཞིས་བསྐོར་བར་བསྐྱེད་ནས། ཡིག་བཅུ་ལ། པྲཛྙཱ་མ་ཏི་པུཊྚི་ཀུ་རུ་སྦྱར་བ་ཟླ་ཕྱེད་དུ་བཟླས་པས་བློ་གྲོས་འཕེལ་བར་གསུང་། སྔགས་གཞན། ཨོ་ཧཱི་མ་ཧཱ་མ་ཡི་གེ་མ་ཧཱ་སྭ་ར་སྭ་སྟེན་མཿ ༈ །།སློབ་དཔོན་ཀོ་ཀི་ལིའི་ཚེ་སྒྲུབ་པའི་གདམ་ངག་ལས། །འབྲས་བུ་གསུམ་དང་བླིངྒའི་ཕྱེ། །མར་དང་སྦྲང་རྩི་སྦྱར་ལ་བཟའ། །སྨན་ཉིད་ཞུ་བའི་དུས་སུ་ནི། །འོ་མ་འབྲས་བསྐོར་བཟའ་བར་བྱ། །མིག་རྣོ་ནད་མེད་སུམ་བརྒྱ་ཐུབ། །ཞེས་བཤད་པའི། བྷིདྨ་རཱ་ཛ་ནི་བུང་བའི་རྒྱལ་པོ་ཞེས་པའི་སྨན་སྟེ། མིང་གི་རྣམ་གྲངས། མཱརྐ་བ༔ ཀེ་ཤ་རཉྫ་སོགས་སུ་གྲགས་པ་སྐྲ་ནག་པོར་སྒྱུར་བའི་བཅུད་ལེན་གྱི་རྫས་ངོ་བོ་ཟུར་པ་སྟེ། མ་རྙེད་ན་ར་མོ་ཤག་གིས་ཚབ་རུང་བར་རྗེ་བཙུན་གྲགས་པས་བཞེད། འདིར་བསྟན་དང་འཆི་བསླུའི་བཅུད་ལེན། འབྲས་བུ་གསུམ་པ་སྤྱིར་བསྡུས་པའམ།


JKT004_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཅིག། ༈ །།སྒྲོལ་མའི་རྣལ་འབྱོར་བསྒོམ་པ་དང་། འཁོར་ལོ་སོགས་ཀྱི་ཡོན་ཏན་མངོན་འབྱུང་ལས། །ནད་དང་བཙོན་ལས་ཐར་པ་དང་། །ཚེ་དང་ལོངས་སྤྱོད་བརྩོན་འགྲུས་དང་། །དབང་ཕྱུག་ཀླུ དང་ནི་བློ་གྲོས་འཕེལ། །ཞེས་དང་།། ༈ །།འོད་ཟེར་དྲུག་སྦྲགས་རྗེས་གནང་ཐོ། །མཁྱེན་བརྩེའི་ཟིན་བྲིས་གཞིར་བཞག་ལ། །སློབ་མ་སྒྲོལ་དཀར་ཐུགས་ཀའི་འཁོར་ལོ་བཅས་བསྐྱེད། སྲུང་འཁོར་སོགས་དང་འོད་ཟེར་དྲུག་སྦྲག་གི་དམིགས་པ་ཕོག །བཟླས་ལུང་སྐབས། སྤྱི་བོའི་རིགས་བདག་འོད་དཔག་མེད་ཚེ་དཔག་མེད་དཀར་དམར་དུ་བསྒྱུར། ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་ཚེ་བཅུད་བསྡུ་བསྟིམ་སོགས་ཟླདང་། ཐུགས་འཁོར་ལས་འོད་ཟེར་སྤྲོ་བ་སོགས་ཚེ་འཁྲིད་ལྟར་དམིགས་པ་ལྷག་པོར་འབོགས་པ་ཡིན་ནོ། །ཞེས་གནས་གསར་པའི་གསུང་རྒྱུན་བོད་འབྲུག་ཆོས་རྗེ་ལས་ཇི་ལྟར་གསན་པ་བཞིན་སྣུབས་བློ་གྲོས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བཟང་པོའི་ཟིན་བྲིས་ལས་གསུངས། ཐུགས་ཀྱི་རྗེས་གནང་ཡོད་མེད་གསལ་ཁ་མི་སྣང་ངོ་།། ༈ །།སྒྲོལ་དཀར་བདག་བསྐྱེད་བསྙེན་པའི་སྐབས། །སྦྱིན་བདག་རང་གི་བླ་མ་ལྟ་བུ་ཡིན་ན། ཏཱཾ་ཡིག་གི་ཀླད་ཀོར་དུ། སྐུའི་རྣམ་པ་ཇི་ལྟ་བར་གསལ་བཏབ། ཐུགས་ཀྲྀའི་རྣམ་པས་བཀུག །གང་ཟག་དེ་ངོ་བོ་དེ་ཀ་ལ་རྣམ་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའམ་ཧཱུྃ་ཡིག་ལྟ་བུར་བསྒོམ། དེ་ལ་ཚེ་བཅུད་བསྡུ་


JKT004_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་དང་། སྔགས་ཀྱི་མ་མ་ཞེས་པའི་ཚབ་ཏུ། ཝཱ་གིནྡྲ་སུ་དྷིས་མུ་དྲ་ལྟ་བུའི་མཚན་སྤེལ། མདུན་བསྐྱེད་བྱེད་ན། བསྙེན་པ་ཡུན་རིང་ཚེ་བུམ་ཆུའི་ཚབ་ཚེ་རྫས་བཏབ་པའི་རིལ་བུས་བྱེད། བུམ་པ་སྤྱི་ལྟར་བསྐྱེད་པའི་ནང་རིལ་བུ་རྣམས་ལྷ་མོར་བསྐྱེད་བསྟིམ་ཚེ་བཅུད་བསྡུ་བ་རྣམས་བྱ། མཐར་ལྷ་འོད་དུ་ཞུ་བ་རིལ་བུར་བསམ་ཅེས་གོང་མའི་གསུང་རྒྱུན་ནོ།། ༈ །།རྨོར་ཆེན་རིན་པོ་ཆེའི་སྒྲོལ་ཆོག་ལས། མཆོད་པ་བྱིན་རླབས་སྐབས། ཡཀྵ། ཛ་ལ། སྭ་བྷཱ་བས་བསང་སྦྱངས་མཛད། བདག་བསྐྱེད་ལ། སྲུང་འཁོར་དང་འོད་ཟེར་དྲུག་སྦྲགས་མེད། ཐུགས་ཀའི་སྔགས་འཁོར་གྱི་འོད་ཟེར་གྱིས་རང་ལུས་གང་། །ནད་གདོན་སྡིག་སྒྲིབ་བསལ། ཕྱིར་འཕྲོས། སྦྱིན་བདག་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕོག །འཆི་བའི་འཇིགས་པ་བསལ། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་བསྐུལ་ནས་བདག་གཞན་ལ་བསྟིམ་པ་སོགས་གསུངས། ཐུན་གྱི་དངོས་གཞིར་སྔགས་སྤེལ་ཚིག་ཅན་གཙོ་བོར་བཟླ། ཐུན་བསྡུ་ཁར་ཡི་གེ་བཅུ་པ་ཅི་ནུས་བཟླ་ཞེས་གསུངས། མཐར་མཆོད་བསྟོད་དང་གསོལ་འདེབས། ཡིག་བརྒྱ། བཟོད་གསོལ་བཅས། དེ་ནས་ཚོམ་བུ་ལྷར་བསྐྱེད། སྤྱན་འདྲེན་སོགས་ཀུན་རིག་དང་། མཆོད་ཕྲེང་མཎྜལ་བཞི་ཆོག་ནས་བླངས། བསྟོད་པའི་རྗེས། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ།


JKT004_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐུགས་ཀའི་འོད་ཀྱིས་བདག་དང་བསྒྲུབ་བྱའི་དུས་མིན་འཆི་བ་སྦྱངས། །ཚེའི་དངོས་གྲུབ་སྩོལ་བར་བསམ་ལ་སྔགས་བཟླས་མཐར་གསོལ་བ་གདབ། བུམ་བསྐྱེད་མཇུག་ཏུ་མཆོད་བསྟོད་གཏོར་འབུལ། ཆ་གསུམ། རྗེས་ཆོག་མདུན་བུམ་ཐུན་མོང་། གཤེགས་གསོལ་སྐབས་ཚོམ་བུ་དང་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། འདིའི་ཤོམས། དབུས་སུ་མཉྫིའི་ཁར་ཚོམ་བུ། དེའི་གཡས་རྣམ་བུམ། གཡོན་ཟླུམ་གཏོར། མདུན་དུ་ཆ་གསུམ་དང་། ཉེར་སྤྱོད་བཤམས་གསུངས།། ༈ །།ཞྭ་ལུའི་ཚེ་ཆོག་འཆི་མེད་བུམ་བཟང་ལས། དཀྱིལ་འཁོར་རབ་རྡུལ་ཚོན་གྱིས་སྒོ་རྫོགས། འབྲིང་། རས་བྲིས། ཐ་མ་ཚོམ་བུ། སྔ་མ་གཉིས་ལ་མདུན་བསྐྱེད་སྐབས་བྷོ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་མེད་པར་བསྐྱེད། ཚོམ་བུ་ལ་གདན་པདྨ་འདབ་མ་མ་གཏོགས་གཞལ་ཡས་ཁང་མེད། ལས་སྔགས་ཨ་མྲྀཏ། བདག་བསྐྱེད་འོད་ཟེར་དྲུག་སྦྲགས། མདུན་བུམ་ལ་ཐུགས་ཀའི་འཁོར་ལོ་མ་གཏོགས་འོད་ཟེར་དྲུག་སྦྲགས་མེད། གཏོར་མ་ཆ་བཅུའི་དང་པོ་འདས་གཏོར། གཉིས་པ་ཕྱོགས་སྐྱོང་། གསུམ་པ་ནས་རྒྱལ་ཆེན་བཞིའམ། བདུན་པ་འབྱུང་པོ། བརྒྱད་པ་ཀླུ། དགུ་པ་གཞི་བདག །བཅུ་པ་བགེགས་སོ། །བུམ་ལྷ་དམ་ཡེ་དབྱེར་མེད་འོད་དུ་ཞུ་མཛད་དོ།། ༈ །།སྒྲུབ་རིན་དུ་སྒྲུབ་ཐབས་རྒྱས་པ་ཇོ་བོ་


JKT004_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས། ཞར་བྱུང་བ་རི་ལུགས། གཉན་ལུགས། ནག་རིན་ལུགས་བཞི་བཀོད། ཇོ་ལུགས་ལ་ཧཱུཾ་ལས་ཆུ་ཤེལ་གྱི་གཞལ་ཡས་ཁང་གི་དབུས་སུ་ཏཱ་ལས་སྒྲོལ་དཀར་སྤྱན་བདུན་མ་བསྐྱེད། གནས་བཞི་བྱིན་རླབས་མཛད། རིགས་བདག་རིན་འབྱུང་། ཐུན་གྱི་ངོ་བོར་ཡིན། རྫོགས་མཚམས་ལས་སྔགས་སྤོལ་ཚིག་ཅན་བརྒྱ་རྩ་བཟླ། བསྙེན་པའི་སྐབས་རབ་ཐུན་བཞི་ཀར་བདག་བསྐྱེད་ཀྱི་བསྙེན་པ་གཙོ་བོར་བཏོན་ནས། ཐུན་མཚམས་སུ་མཎྜལ་སྒྲུབ་མཆོད་བྱེད། འབྲིང་སྔ་དྲོའི་ཐུན་མཐལ། ཐ་མ་སྔ་དྲོར་གཏོར་འབུལ་དང་། ཚེས་བཅོ་ལྔ་སོགས་དུས་བཟང་རྣམས་སུ་སྒྲུབ་མཆོད་རེ་བྱ། བསྙེན་ཚད་སྔགས་སྤེལ་ཚིག་ཅན་མི་ཐེ་བའི་ཡིག་བཅུ་འབུམ་ཕྲག་བཅུ་དགོས་ཞེས་གསུངས། རྗེས་གནང་གཞི་འགོད་པ་སྔོན་དུ་འགྲོ་བས། ལུང་གསུམ། མདུན་བསྐྱེད་བསྟིམ་པ་བཅས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་ཐ་སྙད་མཛད་དོ། །འདི་ལུགས་ཐམས་ཅད་ཀྱི་རྩ་བ་ཚེ་ཁྲིད་ཡོད། ལས་ཚོགས་ཀྱང་མང་། བ་རི་ལུགས་དང་། གཉན་ལུགས་ལ་གནས་གསུམ་བྱིན་རླབས་མེད། རིགས་བདག་འོད་དཔག་མེད། རྗེས་གནང་བརྒྱ་རྩ་དང་འདྲ། གཉན་ལུགས་ལ་བུམ་པ་སྤྱི་ལྟར་བསྒྲུབས་ནས་ཐུགས་ཀྱི་རྗེས་གནང་མཐར་བཀྲུ་བྱབ་སྲུང་གསུམ་ཡོད། སྙིང་གའི་སྔགས་འཁོར་འཁོར་ལོའི་མུ་ཁྱུད་ལ་ཨོཾ་ཡིག་གི་ཕྲེང་བ་བསྒོམ། བ་རི་ལུགས་


JKT004_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱན་གཉིས་མ་གཙོ་བོ་མཛད། གཡོན་གྱི་ཨུཏྤལ་མེ་ཏོག་ཁ་བྱེ་བ། འབྲས་བུ། གོང་བུ་ཞེས་བཞེད། ལས་ཚོགས་ཀྱང་ཤིན་ཏུ་མང་ངོ་། །དེ་ལྟར་ན་དེང་སང་ཡིག་རྙིང་རྩ་བ་གཙོ་བོར་ཇོ་ལུགས་དང་། མང་མཁར་བའི་ལས་ཚོགས་མང་པོ་དེ་རིགས་པ་རི་ལུགས་ཡིན། པཎ་ཆེན་ནགས་རིན་ལུགས་ལ་མི་འདྲ་བའི་ཁྱད་ཆོས་མང་བ་གཞུང་དུ་གསལ། ཤཱཀྱ་ཤྲཱིའི་ལུགས་ནི། ངག་གྲགས་པའི་ལུགས་ཅུང་ཟད་དར་བར་མཛད་ཀྱང་དེང་སང་རྒྱུན་མེད་པས། ད་ལྟ་པཎ་ཆེན་རང་ལ་ཞལ་གཟིགས་ཀྱི་ལུགས་ལྷ་དགུ་མ་སྔགས་ཀྱང་གཞན་ཡིན་པས་ལུགས་འདི་དག་དང་བསྲེ་བར་མི་བྱའོ། །ཞེས་གསུངས་སོ།། ༈ །།སྒྲོལ་དཀར་གནས་གསུམ་བྱིན་རླབས་སྐབས། ཚར་ཆེན་དང་། རྨོར་ཆེན་དང་། ཀུན་བློས་ཧཱུྃ་ཡིག་བསྐྱེད་པར་མ་གསུངས་ཀྱང་། ངོར་ཆེན་དང་གནས་གསར་བས་ཏཱ་བསྐྱེད་པ་དང་། ཁྲིད་ཡིག་གསུང་རྒྱུན་མ་ལས་ཐུགས་འཁོར་ས་བོན་བཅས་བསྐྱེད་པར་གསུངས་སོ། །བཟླས་པའི་སྐབས། དབུས་སུ་ཏཱཾ་ཡིག །དེའི་མཐའ་བསྐོར་དུ་སྤེལ་ཚིག །དེ་གཉིས་ཀྱི་བར་དུ་མདུན་དུ་ཨོ། རྒྱབ་ཏུ་ཧཱ། ཞེས་བཤད་ཀྱང་དཔྱད། རིལ་སྒྲུབ་སྐབས་རིལ་བུ་རང་ལྷར་བསྐྱེད་པར་མཛད་པ་ལས་བསྐྱེད་གཞི་རེ་རེ་ནས་ལྷར་བསྐྱེད་པ་སོགས་ཀྱི་གསལ་ཁ་མེད།། ༈ །།རྗེས་གནང་སྐབས། གཞི་འགོད་པའི་དམ་ཚིག་པར་བསྐྱེད། ཐུགས་འཁོར་


JKT004_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བཏབ། འོད་ཟེར་དྲུག་སྦྲག་བསྒོམ། གནས་གསུམ་བྱིན་རླབས། ཡེ་ཤེས་དབབ། དབང་བསྐུར། རྒྱས་གདབ། དབང་ལྷ་བསྟིམ། ཤིས་བརྗོད། མཆོད། བཟླས་ལུང་གི་སྐབས། རིགས་བདག་བསྒྱུར། ཚེ་བཅུད་བསྡུ་བསྟིམ། སྔགས་འཁོར་ལས་བདུད་རྩི་འབབས་པ་བཅས་བཟླས་པ་བྱ། དམ་བཅའ་བའི་མཇུག་བསྡུ། བཅོམ་ལྡན་འདས་མའི་བྱིན་རླབས་ནི། འདི་ལ༴ སོགས་སྣང་། ཐུགས་ཀྱི་རྗེས་གནང་མི་འདུག་པས་དཔྱད།། ༈ །།སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཐུན་མིན་དབང་རབ་གསུང་རྒྱུན་མཁན་ཆེན་མཉྫ་བྲིས་གྲུབ་མཆོག་བསོད་ནམས་སྣང་བྱེད་ལ་གནང་དུས་དེའི་གསན་ཡིག་ལ་བཀོད་པ་དང་། གནས་གསར་བས་བསྟན་པ་ཚེ་རིང་ལ་གནང་དུས་ཁྲིད་ཡིག་དང་ཞབས་བརྟན་འབུལ་བའི་གོ་རིམ་དང་མཚུངས་པ་ཡིན་ཞེས་གྲུབ་དབང་སངས་རྒྱས་རྒྱ་མཚོའི་གསན་ཐོ་ལས་བྱུང་།། ༈ །།ཆོས་རྗེ་བཀའ་ལྔ་པ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས། མ་ནམ་མཁར་གྲགས་པའི་ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ་འདི་གནང་ནས། ཆོས་འདི་དགེ་སློང་བརྩོན་འགྲུས་བཟང་པོ་ལ་© བྱིན་ཅིག །འདིས་འཛམ་བུའི་གླིང་གི་མི་ཐམས་ཅད་ལ་བསྒྲགས་ནས། གནས་སྐབས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བསལ་ནས། ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་དོ་གསུངས།། ༈ །།གྲུབ་


JKT004_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཆེན་པོས་རང་གི་ཡུམ་གཤེགས་པའི་དགོངས་རྫོགས་སུ་མ་ཎི་དུང་ཕྱུར་གྱི་ཚོགས་དཔོན་མཛད་པའི་སྐབས། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རངས་ལ་མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་པ་དང་། ཕྱག་བཞི་པ། བཅུ་གཅིག་ཞལ་ཕྱག་བརྒྱད་པ་དང་། ཕྱག་སྟོང་སྤྱན་སྟོང་རྣམས་མས་རིམ་ནས་བརྩེགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨཱ བསམ་གྱིས་མི་ཁྱབ་པས་བསྐོར་པ་ཞལ་གཟིགས་པ་ན། སྐུ་ལུས་གྲངས་མེད་པར་སྤྲུལ་པའི་ཕྱག་དང་། ཏིང་ངེ་འཛིན་གྱི་མཆོད་སྤྲིན་ནམ་མཁའ་གང་བས་མཆོད་པ་སོགས་ཡན་ལག་བདུན་པ་ཕུལ་ནས། དུས་ངན་སྙིགས་མའི་སེམས་ཅན་ལ་ཐུགས་རྗེས་གཟིགས་སུ་གསོལ། ཞེས་གསོལ་བ་བཏབ་པས་འཕགས་པའི་ཞལ་ནས། ཁྱོད་ཀྱི་དགེ་བའི་བཤེས་གཉེན་ང་ཡིན་པས། །སྒྱུ་མ་ལྟ་བུའི་ཟས་ནོར་ལོངས་སྤྱོད་ཀྱིས། །སྤུ་ཡིག་དྲུག་རིག་སྔགས་ཟློས་པས་རང་དང་གཞན། །ཚོགས་གཉིས་རྒྱ་མཚོར་འཕེལ་བ་ཤིན་ཏུ་ལེགས། །ཁ་བ་ཅན་གྱི་ཆུ་ཀླུང་ཆེ་རྣམས་ལ། །གྲུ་དང་རིན་ཆེན་ལྕགས་ཟམ་བརྟན་པོར་ཚུགས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས། །སྙིགས་མའི་སེམས་ཅན་བསོད་ནམས་འཕེལ་བར་མཛོད། །མཐོང་ཐོས་དྲན་ཞིང་རེག་པ་ཙམ་གྱིས་ཀྱང་། །ངན་འགྲོའི་སྒོ་འགེགས་མངོན་མཐོའི་ལམ་བརྟེན་པའི། །


JKT004_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་རྒྱལ་པོ་ཡི་གེ་དྲུག་པའི་སྒྲས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་བར་གྱིས། །ཞེས་གསུངས་སོ།། #div2 དགེ་སློང་པདྨ་དཀར་པོའི་གསོལ་འདེབས་སྨོན་ལམ་ཡིད་བཞིན་ནོར་བུ། དགེ་སློང་པདྨ་དཀར་པོའི་གསོལ་འདེབས་སྨོན་ལམ་ཡིད་བཞིན་ནོར་བུ་བཀྲ་ཤིས་ཡིན་ལུགས་མ་རྣམས་གྲུབ་ཐོབ་ཆེན་པོའི་གསུང་འཁྲུལ་མེད་དོ།། ༈ །།གྲངས་མེད་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ཤིང་། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཚུལ་བཟུང་ནས། །ལུས་ཅན་ཀུན་ལ་ཐར་པའི་ལམ་སྟོན་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་མཚན་ཙམ་ཡིད་ལ་དྲན་པས་ཀྱང་། །ངན་འགྲོའི་སྡུག་བསྔལ་མ་ལུས་སེལ་མཛད་ན། །རྩེ་གཅིག་གསོལ་བ་འདེབས་པའི་སྐྱེ་བོ་ལ། །ཐུགས་རྗེ་ཅན་ཁྱོད་ལྷག་པར་ཅིས་མི་གཟིགས། །འཇིགས་རུང་སྲིད་གསུམ་ཁྲི་མུན་ཉམ་ང་བར། །གཟུང་འཛིན་ལྕགས་སྒྲོག་དམ་པོས་བཅིངས་གྱུར་པའི། །ཐར་མེད་སྡུག་བསྔལ་མྱོང་བའི་འགྲོ་རྣམས་ལ། །ལྷ་མཆོག་ཁྱེད་ཀྱིས་མྱུར་དུ་བསྐྱབ་ཏུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། གྲུབ་ཆེན་གྱི་གསུང་ངོ་།། ༈ །བླ་ཆེན་རྣམས་ཞིང་གཤེགས་དུས། ཐུགས་དམ་སྐུ་གནད་དྲང་པོར་བཞུགས་ཡོད་ན་ཆས་ཞུགས་ཧ་ལམ་དགོས་པ་གཞིར་བཅས་དང་། དེ་མིན་ཀྱང་སྐུ་ཚུགས་ཅུང་བཅོས་ནས་ཆས་ཞུགས་མཚོན་བྱེད། མདུན་དུ་ཉེར་སྤྱོད་སོགས་མཆོད་པའི་བྱེ་བྲག་བཤམ། གནས་ཁང་གཞན་དུ་རྡོར་སེམས་བདེ་ཕག་ལྟ་བུའི་གསར་རྙིང་།


JKT004_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་དཀྱིལ་འཁོར་བདག་མདུན་སྒྲུབ་མཆོད་མདོ་ཚང་དང་། ལས་བུམ་རྣམ་དམེ་གང་རུང་གིས་ཚད་ལྡན་དུ་བསྒྲུབ། དེ་ནས་སྦྱོང་ཁྲུས་ཞིབ་ཆ་སྔོན་དུ་འགྲོ་བས། གསར་མལ་ཀྱེ་རྡོར་ལྟ་བུར་མཚོན་ན། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་པས་མཚོན་བདེ་ཕག་སོགས་གང་འབྲེལ་གྱི་ཞུ་བ་གླུས་བསྐུལ་དབྱངས་རོལ་དང་བཅས་ལན་གསུམ་གྱིས་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པ་ལས། སླར་ཡང་ཡེ་ཤེས་པ་བསྟིམ་པའི་ཚུལ་གྱིས། མི་བཟད་བདུད་སྡེའི་དཔུང་གིས་ཕྱག་བྱས་པའི། ཞེས་སོགས་སམ། མ་ལུས་སེམས་མགོན་ལྟ་བུས་མཁའ་ཁྱབ་ཀྱི་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་པའི་སྤྱན་སྔར་མཆོད་ཕྲེང་དང་། སྤྱི་བསྟོད་མདོར་བསྡུས། འདོད་གསོལ་སྤྱི་དང་ཁྱད་པར་སྤྲུལ་སྐུ་མྱུར་འབྱོན་བློ་འཁུལ་བའི་གདངས་ཀྱིས་ལན་གསུམ་སོགས་བརྗོད་པའི་མཐར། ཡི་གེ་བརྒྱ་པ་ལན་མང་དུ་བཟླ་ཞིང་། སྤྲོ་ན་སྤྱི་བཤགས་ཇི་ལྟར་རིགས་པའི་མཐར། ཨོ། ཁྱེད་ཀྱིས་སེམས་ཅན་ལྟ་བུས་དམ་ཡེ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་སྐུའི་དབྱིངས་སུ་སླར་གཟུགས་སྐུར་འབྱོན་བཞེད་བཞིན་པས་གཤེགས་པར་བསམས་ལ་བསྟན་པ་རྒྱས་པའི་སྨོན་ལམ་གཙོར་གྱུར་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད། དེ་ནས་སྐུ་གདུང་རིལ་བུ་དྲི་བཟང་གི་ཆུ་དང་ཁྲུས་ཆབ་ཀྱིས་དག་པར་བཀྲུས་ཤིང་། བདུད་རྩི་ཆོས་སྨན་དང་


JKT004_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་སོགས་དྲི་བཟང་ལ་སྦྱར་བ་དང་། ག་བུར་བཟང་སྨན་ཕྱེ་མ་སོགས་ཀྱིས་བྱུགས། ཆས་ཞུགས་ལེགས་པར་བསྒྲུབས་པའི་མདུན་དུ་མཆོད་པ་སོགས་བཤམས་ནས་གདུང་མཇལ་འདྲ་གཏོང་མིན་སྐབས་དང་སྦྱར། དེའི་མདུན་དུ་བླ་མཆོད་སོགས་སྐབས་སུ་གང་བབ་ཞུགས་འབུལ་མ་རན་པར་བསྒྲུབ་སྲོལ་དང་། ལྷག་པར་ཆོས་གསན་པའི་བླ་མ་འདྲ་བཞུག བསྡུས་པ་དེ་ཕུལ་སྲོལ། དེའི་སྐབས་ཡེ་ཤེས་པ་སྤྱན་དྲངས་པའི་ཚུལ་གྱིས་ཐུགས་རིག་པ་སྟིམས་ནས་དབང་བསྐུར་བ་སོགས་བྱས། མཐར་གཤེག་སུ་གསོལ་བར་གསུངས་སྣང་། གོང་གི་ཞུ་བ་གླུས་བསྐུལ་རྙིང་མ་ལྟར་ན། ཡོད་མེད་སྟོང་པ་དབྱངས་ཆེན་དང་བཅས་བརྗོད་པ་དང་། ཡེ་ཤེས་སྤྱན་འདྲེན་ཉི་མ་ལྷོ་ནུབ་མའི་བཞེངས་སྐུལ་བཏང་སྲོལ་ཡོད་ཅེས་བཤད།། ༈ །།ཨོཾ་སྭ་སྟི། འཆི་མེད་འཕགས་མའི་སྙིང་ཏིག་གི་བསྙེན་པའི་སྐབས་ལམ་མོས་བསྒོམ་གཙོ་བོར་བཏོན་པའི་དབང་དུ་བྱས་ན་བསྙེན་སྒྲུབ་ལས་གསུམ་དང་སྦྱར་བའི་བསྙེན་པ་དཀྱུས་མ་དང་། ངེས་རྫོགས་ཁྱད་པར་ཅན་གྱི་དབང་དུ་བྱས་ན་བསྙེན་སྒྲུབ་ཡན་ལག་བཞིའི་སྒྲོམ་ནས་འདོན་པ་སོགས་རྣམ་གཞག་མང་པོ་མཆིས་ཀྱང་། སྐབས་དོན་ལས་བྱང་རང་གི་དངོས་བསྟན་ཙམ་གྱི་བསྙེན་སྒྲུབ་ལས་གསུམ་ལ། དུས་གྲངས་རྟགས་གསུམ་ལས། དུས་དབང་པོ་རབ་


JKT004_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་དུ་བྱས་ཏེ་བསྙེན་པ་ལ་བདུན་གསུམ། སྒྲུབ་པ་ལ་བདུན་གཅིག །ལས་སྦྱོར་ལ་ཞག་གཅིག །དངོས་གྲུབ་བླང་བ་དང་བཅས་ཟླ་བ་གཅིག་ཏུ་གསུངས། འབྲིང་ལ་དེ་སུམ་འགྱུར་བྱས་པའི་ཟླ་བ་གསུམ། ཐ་མལ་ཟླ་བ་དྲུག་ཤུགས་ཀྱིས་ཐོབ། གྲངས་བསྙེན་ཀྱང་རབ་འབྲིང་ཐ་མའི་དབང་པོའི་ངོ་སྐལ་དུ་བྱས་ན། དེ་དང་དེའི་དུས་ཀྱི་ཡུན་ཚད་ལ་ཇི་ཙམ་གྲུབ་པ་ཡིན་མོད། སྤྱིར་བཏང་གྲངས་གཙོ་ཆེ་བའི་དབང་དུ་བྱས་ན། གཙོ་མོའི་ཡིག་བཅུ་འབྲུ་འབུམ། དྲིལ་སྒྲུབ་ཀྱི་བསྙེན་སྔགས་འབྲུ་བཅུ་དགུ་པ་འབུམ་ཕྲག་བདུན། ཡེ་ཤེས་སེམས་དཔའ་དང་། སྤྲུལ་པའི་སེམས་མའི་སྔགས་འབུམ་ཕྲག་བཞི་རེ། སྒྲོལ་མ་རིགས་བཞིའི་སྒྲུབ་སྔགས་འབུམ་ཕྲག་རེ་རེ། ལས་སྦྱོར་སྒྲོལ་མ་བཞིའི་སྔགས་ཁྲི་ཕྲག་བཞི་རེ་ཉུང་མཐའ་བྱས་པ་བཟླས་ན་གྲངས་བསྙེན་འབྲིང་པོ་དང་། དུས་བསྙེན་དབང་པོ་འབྲིང་གི་ཟླ་བ་གསུམ་བཞི་མཐུན་པར་འགྱུར་བས་ཤིན་ཏུ་ལེགས། ལས་རུང་ཙམ་པ་ནི། གཙོ་མོའི་ཡིག་བཅུ་འབུམ་ཕྲག་བཞི། དྲིལ་སྒྲུབ་འབུམ་ཕྲག །ཡེ་སེམས་དང་སྤྲུལ་པའི་སྔགས་ཁྲི་བཞི། སྒྲུབ་སྔགས་ཁྲི་རེ། ལས་སྦྱོར་ཉིན་གཅིག་ཅི་འགྲུབ་བྱས་པས་དབང་པོ་རབ་ཀྱི་དུས་བསྙེན་དང་གཞི་མཐུན། རྟགས་བསྙེན་རབ་འབྲིང་ཐ་གསུམ་ནི་སྤྱི་ལྟར། ༈ །དངོས་གྲུབ་ལེན་ལུགས་ནི་ཁྱད་པར་བ་ལ་སྒྲུབ་ཆེན་ཁོག་ཕུབ་དང་སྦྱར་བའི་ཚུལ་ཡོད་ཀྱང་།


JKT004_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་ཙམ་ལ་ལས་སྦྱོར་གྱི་སྔགས་གྲངས་དེ་རིང་ཐེམ་པའི་ནངས་པར་སྔ་བར་མཆོད་གཏོར་སོགས་གསར་པ་བཤམ། དངོས་གྲུབ་ཀྱི་རྫས་འདུ་བྱ། བཟླས་པ་རྫོགས་ནས་སྟོང་ཚིག་གིས་མཆོད་བསྟོད་རྗེས། དངོས་གྲུབ་བསྐུལ་བའི་ཛབྲ། དྲིལ་སྒྲུབ་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སོགས་བཏགས་པ་ཅི་རིགས་པ་བཟླ། དེ་ནས་ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་། གཞུང་གི་བྱིན་འབེབས་བཅས་སྔོན་དུ་འགྲོ་བས། མཆོད་བསྟོད་བྱས་པའི་མཐར། ཨོྃ༔ རྗེ་བཙུན་འཕགས་མ་སོགས་ཀྱིས་དངོས་གྲུབ་གསོལ་ཏེ། དམིགས་པ་སྤྱི་ལྟར་དང་བཅས་བུམ་པ་མགོ་བོར་བཞག་ཅིང་བུམ་ཆུ་མྱང་། བདུད་རྩི་མགྲིན་པར་བཞག་ཅིང་རོལ། ཚེ་འབྲང་སྙིང་གར་བཞག །ཐོད་པའི་རྫས་མྱོང་ཞིང་ལྷག་མ་ཡུན་དུ་བསྟེན་པ་སོགས་སྤྱི་ལྟར། དེ་ནས་ཚོགས་མཆོད་རྒྱས་པས་མཚོན་ལས་མཇུག་བསྡུ་བར་བྱ་བ་ཡིན་ནོ། ༈ །ཡང་གར་དབང་གི་སྐུ་མདོག་གཞུང་དུ། རང་འོད་ཐབས་མཆོག་གར་གྱི་དབང་། ཞེས་རང་གི་འོད་ལས་སྐྱེས་པའི་ཐབས་ཀྱི་སྣང་ཆ་ཡིན་པས་དཀར་པོ་ཡིན་པ་གཞིར་བཞག་ལ། ཡབ་ཡུམ་གོ་ལྡོག་ལྷན་སྐྱེས་འདི་རིགས་ཡུམ་ལས་ཡབ་ཆགས་ཉམས་ཆེ་བར་བཤད་པས་དམར་མདངས་ཆགས་པ་ཞིག་བསྒོམ་པ་དང་། བྲི་བའི་སྐབས་སུའང་འདི་ཁོ་ན་ལེགས། ༈ །སྔགས་ཕྲེང་འཁོར་ལུགས། བསྙེན་པ་ལ་བཀོད་པ། ཉེ་བསྙེན་ལ་འཁོར་བ།


JKT004_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་དོ་ལི། སྒྲུབ་ཆེན་ལ་སྤྲོ་བསྡུ་གཙོ་བོར་གསུངས་མོད། དཀྱུས་ཙམ་ལ་བཀོད་པའི་དམིགས་པ་ཁོ་ནས་འཐུས། དེའི་ཚེ་ལྷ་མོའི་རིགས་དང་། མ་རྒྱུད་སྐོར་ཕལ་ཆེར་ལ་གཡོན་དུ་བཀོད་པ་ཤས་ཆེ་མོད། འདིར་ནི་གསར་མའི་རྒྱུད་སྒྲུབ་ཐབས་རྣམས་ལས་ཀྱང་གཡས་སྐོར་དུ་བཀོད་པ་ཤ་སྟག་བཤད་པས། རྩ་སྔགས་དྲིལ་སྒྲུབ། ཡེ་སེམས་དང་སྤྲུལ་པའི་སྔགས་བཅས་གཡས་སྐོར་དུ་དགོད་ཅིང་། དེ་ལ་སེམས་བཟུང་ནས། ཟིན་པ་ན་འོད་ཟེར་སྤྲོ་བསྡུ་དང་བཅས་བཟླས་པ་བྱས་པས་འཐུས། བཀོད་པའི་དམིགས་པ་ཤིན་ཏུ་གསལ་ན་འཁོར་བའི་དམིགས་པ་གསལ་གདབ་ཀྱང་རུང་། དེ་ཡང་རྩ་སྔགས་བཟླ་སྐབས་དེ་རྐྱང་པ་དང་། དྲིལ་སྒྲུབ་སྐབས་དེའི་མཇུག་ཏུ་སྔགས་དེ་མཐུད་ནས་གསལ་གདབ། ཡེ་ཤེས་སེམས་དཔའི་སྐབས་དེའི་དམིགས་པ་བཞག་ནས་ཐུགས་སྲོག་ཏུཾ་ཧཱིརུ་བསྒྱུར་བའི་མཐར་རང་སྔགས་བཀོད། སྤྲུལ་པར་ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་ཧཱུཾ་མཐར་སྔགས་ཕྲེང་བཀོད་པའོ། །སྒྲུབ་པའི་སྔགས་སོགས་ལའང་རང་རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཐུགས་སྲོག་ཧཱུཾ་ཧཱུཾ་ཧཱིཧཱུྃ་ཛཧཱུྃ་བཾ་ཧོ༔ བཅས་རང་མདོག་གི་མཐར་སྔགས་ཕྲེང་བཀོད་པ་སོགས་བྱས་པས་འཐུས། ༈ །སྒྲུབ་གཏོར་ཆེན་མོ་ནི། འདིའི་སྒྲུབ་ཁོག་མཆོག་གྱུར་གླིང་པའི་ས་གཏེར་ལས་བྱོན་པའི་ཤོག་སེར་མ་ལས་རྒྱས་པར་བཤད་ཀྱང་། སྒྲུབ་ཆེན་དུས་ཡིན་ན་ལས་དཀྱུས་སུ་མི་དགོས་


JKT004_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། དཔེའུ་རིས་ལྟ་བུ་ཞིབ་ཆ་ཞིག་བྱས་ན་མ་གཏོགས་བཅའ་བཟོ་དཀའ་བ་ཞིག་ཡིན། དཀྱུས་སུ་དཀྱིལ་ཐང་ཡོད་ན་དགྲམ་པའམ། མེད་ན་མཎྜལ་ཚོམ་བུ་ཙམ་དང་། གཙོ་བོར་ཐོད་པ་རིལ་བུ་བཅས་སྒྲུབ་རྟེན་ཁྱད་པར་བ་ཡིན་པས་སྒྲུབ་གཏོར་ལོགས་སུ་མ་དགོས། མཆོད་གཏོར་ནི་རིན་ཆེན་འབར་བ་སྤྱི་འགྲེས་འཐུས། དེ་ལས་ཤེས་པ་བཞི་ལྡན་སོགས་ཀྱི་ཐ་སྙད་སྦྱར་ན་སྒྲུབ་གཏོར་དང་མཆོད་གཏོར་གཞི་མཐུན་པ་ཡིན། ཚེ་འབྲང་ནི། ཚེ་ཞེས་ནས་རྗེན་འཐག །གལ་ཞེས་ཆང་གིས་སྦྲུས་པའི་ཟན་བུམ་དབྱིབས་སྤྱི་འགྲེ་མཐར་རིལ་བུས་བསྐོར་བ་ཁ་དོག་དམར་པོར་བྱས་པའོ།། །།ཞེས་པའང་ཀཐོག་སི་སྤྲུལ་པའི་མཆིད་ལན་དུ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟིན་ཐོར་སྨྲས་པ་ཀཱ་ཡཱ་ཡུ་ཥོ་དྷཱ་ཛ་ཏིཥྛནྟུ།།


no previousགསང་ཆེན་རྡོ་རྗེ་ཐེག་པ་ཕྱི་འགྱུར་གསར་མ་གཙོ་བོར་སྟོན་པའི་ཟིན་བྲིས་སྣ་ཚོགས་དང་མདོ་རྒྱུད་ལུང་བཏུས་བཅས།no next