Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་མཆོད་གསོལ་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་མཆོད་གསོལ་མདོར་བསྡུས།next

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་མཆོད་གསོལ་མདོར་བསྡུས།


JKT014_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་མཆོད་གསོལ་མདོར་བསྡུས་བཞུགས་སོ། །


JKT014_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ༔ འདིར་ཞི་ཁྲོའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་དང་འབྲེལ་བར་བཀའ་སྲུང་མཆོད་གསོལ་མདོར་བསྡུས་ནི། གཏོར་མ། རྃ་ཡྃ་ཁྃ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ཧོཿས་བརླབ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སོགས་བཀའ་སྲུང་དམ་ཅན་སྡེ་བདུན་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ཉིད་ལས༔ གཟུགས་སྐུ་འཇའ་ཚོན་ལྟ་བུའི་སྐུར་བཞེངས་པ༔ བླ་མ་བདེ་གཤེགས་ཡི་དམ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ ཧཱུྃ༔ གཏེར་བདག་དཔལ་མགོན་མ་ནིང་གཙོ་དང་འཁོར༔ ཨེ་ཀ་ཛ་ཊཱི་ལྷ་མོ་རེ་མ་ཏཱི༔ ཤན་པ་


JKT014_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྒྲུབ་གཟའ་བདུད་རཱ་ཧུ་ལ༔ རྡོ་རྗེ་ལེགས་པ་གནོད་སྦྱིན་དམར་ནག་དང་༔ སོ་སོའི་རིགས་དང་གཡོག་འཁོར་དཔུང་དང་བཅས༔ བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཞེས་པས་སྤྱན་དྲངས། བཛྲ་ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཞེས་ཕྱག་བྱ། ཧཱུྃ༔ བླ་མ་བདེ་གཤེགས་ཞི་ཁྲོ་དང་༔ མ་སྲིང་མཁའ་འགྲོའི་ཚོགས་དང་བཅས༔ དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་ཚོགས༔ སྨན་རཀ་གཏོར་གསུམ་གསང་བའི་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཐུགས་དམ་གཉེན་པོ་བསྐང་ཕྱིར་འབུལ༔ མ་ཧཱ་པཉྩ་སརྦ་


JKT014_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཛ་ཧོ༔ ཞེས་པས་མཆོད། ཧཱུྃ༔ བྱིན་རླབས་དངོས་གྲུབ་འདོད་སྟེར་རོལ་པ་ཅན༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་བདག༔ བོད་ཁམས་སྐྱོང་བའི་ལྷ་རབས་བརྟན་མར་བཅས༔ གཞི་བདག་སྲུང་མ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད་པར་བྱའོ། །ཞེས་པའང་གཏེར་གཞུང་རྩ་བ་ལས་མདོར་བསྡུས་པ་དགེ། །།


JKT014_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ ས་མ་ཡ་བཛྲ་ཨངྐུ་ཤ་ཛ༔ ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསལ་བའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་ཨཱབཛྲ་པུཉྫ་དྷ་པྤེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱ་ཤསྡ་པཉྩ་ཀ་མ་གུ་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔


JKT014_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་དང་དོང་སྤྲུགས་སོགས་ལས་མི་འབྱུང་ཡང་། སློབ་མ་རྗེས་འཛིན་སོགས་ཀྱི་སྐབས་སུ་བླ་མ་འགའ་ཞིག་གིས་གསང་བ་སྤྱིའི་འགྲོས་ལྟར་ཡོན་ཏན་ཡར་འཕེལ་གྱི་དབང་གི་སྔོན་དུ་ཡེ་ཤེས་དབབ་པར་མཛད་པ་ལྟར་སྤྲོ་ན། སློབ་བུ་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ། ཐུགས་ཀར་ཞི་བ། སྤྱི་བོར་ཁྲག་འཐུང་། མགྲིན་པར་རིག་འཛིན་མཁའ་འགྲོ་ཡབ་ཡུམ་དང་བཅས་པ་རྣམས་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོ་སྐུ་དང་། ཡིག་འབྲུ། ཕྱག་མཚན་གྱི་རྣམ་ལ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། རྩ་སྔགས་ཀྱི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བྃ་ཧོཿཞེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས། སྐུ་གསུམ་དམ་ཚིག་སོགས་རིག་པའི་དབང་ལ་འཇུག་གོ། །


previousཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་མཆོད་གསོལ་མདོར་བསྡུས།next