Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་ལས་བྱུང་བའི་ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་ཕྲིན་ལས་རོལ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་ལས་བྱུང་བའི་ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་ཕྲིན་ལས་རོལ་མཚོ།next

པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་ལས་བྱུང་བའི་ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་ཕྲིན་ལས་རོལ་མཚོ།


JKT014_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ སྱ བཀྵ མ པ བཱ ད ཏྲི མཱུ ལ ད རྣ སྭ མོ ཙ ན པ དྷ རྨ བ གྷཱཧཱུྃ བྷ བཱ དྷི དེ བ བི ཤཱ སྱ སཱ དྷཱ ཀ ཀ རྨ ལ ལི ཏ སཱ གར ནཱ མ བི ཧ ར ཏི སྨྲ །།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་ལས་བྱུང་བའི་ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་ཕྲིན་ལས་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །


JKT014_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་རྒྱུན་ཁྱེར་བརྟན་བཞུགས་མའི་ངག་འདོན་འཆི་མེད་སྙིང་པོ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བྷྱ༔ ཚེ་སྒྲུབ་ཟབ་མོའི་རྒྱུན་ཁྱེར་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྟོང་པའི་ངང་ལས་སྐད་ཅིག་གིས་འོག་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བར༔ གཡུང་དྲུང་རིས་གསེར་གྱི་མདོག་ཅན་གྱི་སྟེང་དུ༔ པདྨ་དམར་པོ་འདབ་བརྒྱད་གེ་སར་དང་བཅས་པའི་ལྟེ་བར་གནས་ཁང་ཧཱུཾ་ལས་པདྨ་རཱ་གའི་བུམ་པ་མཚན་ཉིད་དང་ལྡན་པ༔ འཆི་མེད་བདུད་རྩིས་གང་བའི་ནང་དུ༔ པདྨའི་སྡོང་པོའི་སྟེང་དུ༔ རང་ཉིད་གུ་


JKT014_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རུ་པདྨ་དཀར་དམར་སཾ་བྷ་བའི་ཆ་ལུགས་ཅན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་གདེངས་པའི་ཚུལ་དང་༔ གཡོན་བུམ་ཐོད་བདུད་རྩིས་གང་བ་བསྣམས་པས་ཡུམ་ལ་འཁྱུད་པ༔ ཞབས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པའི་པང་ན༔ ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད་ཅིང་ཞབས་གཉིས་པད་སྐྱིལ་གྱིས་འཁྲིལ་བ༔ རང་གི་ཐུགས་ཀར་པད་ཉི་ཟླ་བའི་སྟེང་དུ་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་སྐུ་ཞལ་ནང་དུ་གཟིགས་ནས་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ༔ ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་བུམ་པ་འཆི་བ་མེད་པའི་བདུད་རྩིས་གང་བ་བསྣམས་པའི་ཐུགས་ཀར་པདྨ་ཉི་ཟླའི་གདན་དུ་ཧྲཱིཿཡིག་དམར་


JKT014_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འོད་ཟེར་ཀུན་ཏུ་འཕྲོ་བ་གསལ་ཞིང་གཟི་བརྗིད་དང་ལྡན་པར་གྱུར་ཅེས་བརྗོད་ཅིང་གསལ་བཏབ་ལ། ཧྲི༔ཡིག་ལ་སེམས་འཛིན་ཅིང་། ཧིཞེས་བརྒྱ་རྩ་ལས་མི་ཉུང་བར་བཟླས་མཐར། ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུྃལས་འོད་ཟེརབསམ་གྱིས་མི་ཁྱབ་པ་འཕྲོས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་འོད་ཕུང་གི་རྣམ་པར་བསྡུས། ཧཱུྃ་ཧཱུྃ་ཞེས་བརྗོད་པས་ཕྱག་གི་བུམ་བར་བྱོན། ཁོལ་ཞིང་ལུད་པས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་གང་བས་རྡོ་རྗེའི་སྲོག་འགྲུབ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་རླུང་བུམ་པ་ཅན་ཁ་སྦྱར་དུ་འཛིན་ཅིང་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་གཞག་པ་ནི་སྲུང་བའི་གུར་ཁང་དང་བཅས་བའི་ཚེ་སྒྲུབ་ཁྱད་པར་ཅན་ནོ། །ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་སྒྲོལ་བ། །མགོན་པོ་ཚེ་མཐའ་ཡས་པ་འགྲུབ་པར་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་བྱའོ། །ཡང་རང་གི་རྩ་བའི་བླ་མའི་ཆེད་དུ་ཞབས་བརྟན་འབུལ་ན། སྐྱབས་སེམས་ནས། འཆི་བ་མེད་པའི་བདུད་རྩིས་གང་བ་བསྣམས་པ་ཞེས་པའི་བར་གོང་ལྟར་ལ། དེའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་འོད་ལྔའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཡུང་དྲུང་རིས་གསེར་གྱི་མདོག་ཅན་སྟེང་དུ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཉིད་ད་ལྟའི་སྐུའི་རྣམ་པ་ཇི་ལྟ་བ་གཞོན་ཚུལ་ལང་ཚོ་དར་ལ་བབས་པ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་


JKT014_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཐུགས་ཀར་པདྨ་དང་ཉི་ཟླའི་གདན་ལ་ཧྲཱིཿཡིག་དམར་པོ་འོད་ཟེར་ཀུན་ཏུ་འཕྲོ་བ་དང་བཅས་མངོན་སུམ་བཞིན་དུ་བཞུགས་པར་གྱུར་པར་མོས་ལ་ཧྲཱིཿཅི་རིགས་བཟླ། རང་གི་ཐུགས་ཀའི་སོགས་གོང་ལྟར་ལ། ཁོལ་ཞིང་ལུད་པའི་དྭངས་མ་བླ་མའི་ཐུགས་ཀའི་ཧྲིལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅེས་བརྗོད་ཅིང་བསམས་ལ་རླུང་བུམ་པ་ཅན་འཛིན། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་གཞག །ཐུན་ལས་ལྡང་བ་ན། ཕན་བདེ་འབྱུང་བའི་གནས་གཅིག་པུ་ཞེས་སོགས་སྨོན་ལམ་དང་བཀྲ་ཤིས་བྱའོ། །ཞེས་པའང་ལོ་ཆེན་བཻ་རོའི་རྣམ་འཕྲུལ་ཀུན་མཁྱེན་པྲཛྙཱ་ར་སྨིའི་ཟབ་གཏེར་ལས་བྱུང་བ་མཁྱེན་བརྩེའི་དབང་པོས་ངག་འདོན་ཁྲིགས་སུ་བསྡེབས་པ་ཨཱ་ཡུཛྙཱ་ན་པུཎྚི་ཀུ་རུ།། །།


previousཔདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་ལས་བྱུང་བའི་ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་ཕྲིན་ལས་རོལ་མཚོ།next