Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས་ཆོས་ཉིད་ཀློང་བཤགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས་ཆོས་ཉིད་ཀློང་བཤགས།next

པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས་ཆོས་ཉིད་ཀློང་བཤགས།


JKT014_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཨོྃ༔ པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས༔ ཆོས་ཉིད་ཀློང་བཤགས་བཞུགས་སོ༔ འཐབྦཐུགཐུ༔ གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔ མ་འགགས་རོལ་པ་སྤྲུལ་པའི་སྐུ༔ ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམསཿ ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ རང་བཞིན་དང་ནི་བཅས་པ་ཡི༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ རང་གྲོལ་རིག་པའི་ཀློང་དུ་བཤགས༔ བླ་མ་ཡི་དམ་མཁའ་འགྲོ་ཚོགས༔ བདག་དང་དབྱེར་མེད་རོ་མཉམ་ལ༔ བདག་ཏུ་བཟུང་བ་མཐོལ་ལོ་བཤགས༔ དྲན་རྟོག་ཆོས་ཉིད་རང་རྩལ་ལ༔ ཡེ་གྲོལ་བསྐྱར་གཞི་མེད་པ་ཡིན༔ བལྟ་བྱ་ལྟ་བྱེད་མེད་པ་ལ༔ ངོ་བལྟ་བྱས་པ་མཐོལ་ལོ་བཤགས༔ སེམས་ཉིད་ཡེ་གྲོལ་ཁོར་ཡུག་འདི༔ ཡིད་བྱེད་སྒོམ་པའི་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔ སྟོང་ཉིད་བསྒོམས་པ་མཐོལ་ལོ་བཤགསཿ ཆོས་དབྱིངས་བརྡལ་བའི་ཡོ་ལངས་ལ༔ སྤང་བླང་སྤྱོད་པ་ཨ་ཐང་ཆད༔ སྤྱད་བྱ་སྤྱོད་བྱེད་མེད་པ་ལ༔ བླང་དོར་སྤྱོད་པ་མཐོལ་ལོ་བཤགས༔ རིག་པ་བཅིངས་གྲོལ་མེད་པ་ལ༔ ས་ལམ་འབད་པས་གྲོལ་བ་


JKT014_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཚརཿ ཐོབ་བྱ་འཐོབ་བྱེད་མེད་པ་ལ༔ སྤང་ཐོབ་འབྲས་བུ་མཐོལ་ལོ་བཤགས༔ དྲན་པ་རང་གྲོལ་ཐིག་ལེའི་ངང་༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ༔ དྲན་པས་བཟུང་དང་མ་བཟུང་མེད༔དྲན་པའི་སྒྲོག་གིས་བཅིངས་པ་བཤགས༔ ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔ ཡེངས་དང་མ་ཡེངས་ག་ལ་ཡོད༔ ཡེ་ནས་སྐྱེ་མེད་རྒྱ་ཡན་ལ༔ མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས༔ གསེམས་ཉིད་ནམ་མཁའ་ལྟ་བུ་ལ༔ གང་གིས་གློད་ཅིང་སྒྲིམ་པར་ནུས༔ བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔ འབད་རྩོལ་སྒྲིམ་གློད༔ རིས་མེད་སྟོང་པ་ནམ་མཁའི་པད༔ བཙལ་བས་རྙེད་པར་མི་འགྱུར་ཏེ༔ འབད་རྩོལ་འདུ་བྱེད་འཁྲུལ་པའི་ལམ༔ རིག་འཚོལ་སྡུག་བཙིར༔ མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔ དེ་ཉིད་གློད་ཅང་དེ་ཉིད་བལཿ འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔ ཡེ་དག་རོལ་པར༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིང་༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ས་ལམ་དྲོད་རྟགས་རེ་བས་བཅིངས༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང་༔ སྨིག་རྒྱུའི་ཆུ་ཡིས་རང་ཉིད་བསླུས༔ བྱར་མེད་ཡེ་གྲོལ་ཀློང་དུ༔ མི་རྟོག་གནས་པའི་ཁོར་ཡུག་དང་༔ བདེ་གསལ་མི་རྟོག་ཏིང་འཛིན་དང་༔ སྟོང་


JKT014_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བློ་བྲལ་རིས་མེད་སོགས༔ མྱོང་ཞེན་སྐྱེ་མེད་ཀློང་དུ༴ དོན་དམ་ཆོས་དབྱིངས་སྤྲོས་བྲལ་ངང་༔ བསམ་མེད་དམིགས་མེད་བརྗོད་མེད་སོགས༔ གོ་མྱོང་ཡིད་ཀྱི་གཏད་སོ་རྣམས༔ རིས་མེད་བསམ་འདས་ཀློང་དུ༔ ཐོས་བསམ་འབད་རྩོལ་སྒོམ་པ་དང་༔ མི་སྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔ མ་བཅོས་ཆོས་སྐུའིཀློང་དུ༔ བཏང་བཞག་འགུགས་དང་ཆེད་འཛིན་སྒོམ༔ སྒྲིམ་གློད་ངོ་ལྟ་ལ་སོགས་དང་༔ རྟག་ཆད་བསམ་གཞིགས་ཡིད་བྱེད་ལས༔ བྱར་མེད་ཀ་དག་ཀློང་དུ༔ མ་བྱས་དགེ་ལ་རྗེས་ཡི་རང་༔ སྐྱེ་མེད་ཆོས་འཁོར་བསྐོར་བ་དང་༔ སྐྱེ་འཆི་མེད་པར་རྟག་བཞུགས་ནས༔ ཇི་སྲིད་ནམ་མཁའི་མཐར་ཐུག་པར༔ མི་ངལ་འགྲོ་བ་འདྲེན་པར་ཤོག༔ ཆོས་ཉིད་ཀློང་བཤགས་འདི་ཉིད་ནི༔ ཆོས་སྐུའི་རིག་པའི་ཀློང་ཡངས་ལས༔ ལོངས་སྐུའི་ངག་གིས་རང་འབྱིན་པས༔ སྤྲུལ་སྐུའི་ལག་པའི་མཐིལ་དུ་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡིད་བྱེད་ཚིག་གི་ལྟ་བར་གདེངས་བཅས་ཤིང་༔ ཚུལ་ཁྲིམས་འཆལ་དང་བྱང་སེམས་གསང་སྔགས་ཉམས༔ དེ་དུས་གདམས་པའི་སྙིང་ཕྱུང་ཀློང་བཤགས་འདིས༔ ངན་སོང་སྐྱེ་སྒོ་གཅོད་དོ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ༔


previousཔདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས་ཆོས་ཉིད་ཀློང་བཤགས།next