Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྡུས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་བརྗོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྡུས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་བརྗོད་པ།next

སློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྡུས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་བརྗོད་པ།


JKT014_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭསྟི། སློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྡུས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་བརྗོད་པ་ལ་གོ་རིམ། གྲུབ་ཆེན་ལུ་ཧི་༡པ། ཉ་ལྟོ་ཞབས་ལཱི་ལི་པ། སྒེག་པའི་ཞབས་བི་རཱུ་པ། ངན་པའི་ཞབས་ཌོམྦི་༤པ། གཡུང་མོ་ཞབས་ཤ་བ་༥རི་པ། རི་ཁྲོད་ཞབས་ས་ར་༦ཧ་པ་མདའ་བསྣུན་ཞབས་ཀངྐ་རི་པ༧། ཀེང་རུས་ཞབས་མི་ན་བ་༨ཉ་བའི་ཞབས་གོ་རཀྟ༩ བ་གླང་སྲུང་ཙོ་རཱདྷི༡༠ རྐུན་པོ་ཅན་བཱི་ཎ་༡༡པ་པི་ཝང་ཞབས ཤཱནྟི་༡༢པ་ཞི་བའི་ཞབས་ཏནྟི་༡ ༣པ་ཐགས་མཁན་ཞབས་ཙ་མ་རི་པ་༡༤ ལྷམས་མཁན་ཞབས་ཁཟླ་༡༥པ་རལ་གྲི་ཞབས་ནཱ་གཱ་རྫུ་་༡༦ན་ཀླུ་སྒྲུབ་ཞབས་ཀཉྩ་༡༧པ་ནག་པོ་ཞབས་ཀཎ་རི་པའམ་༡༨ཨཱརླ་དེ་ཝ་ཀ་ཎ་རི་ཞར་འཛིན་ཐ་ཀ་ན༡༩ ཋཀ་ན་སྟེ་བརྫུན་སྨྲ་བ་ན་རོ་པ༢༠ མི་མཆོག་ཞབས་ཤུ་ལི་པ་༢༡ སྤྱང་ཀིའི་ཞབས་ཏེ་ལོ་པ་༢༢ ཏིལ་རྡུང་ཞབས་ཙ་ཏ་པ་༢༣སློང་མཁན་ཞབས་བྷ་དྲ་༢༤པ་བཟང་པོའི་ཞབས་དྷ་༢༥ཁནི་པ་ལེགས་སྦྱར་ལ་དྲི་ཁཎྜ་སྟེ་གཉིས་གཅོད་ཞབས་ཨ་༢༦ཛོ་གི་ལེ་ལོ་ཅན ཀ་༢༧ལ་པ་སྨྱོན་པའི་ཞབས་རྡོ་སི་པ་༢༨ གོས་འཁྲུད་ཞབས་ཀཾ་ཀ་༢༩ནིཀད་ཎི་ཟུར་ཆག་པ་རྐང་གདུབ་ཞབས་ཀམྤ་༣༠ལ་ལྭ་བ་པ་ཊེངྒི་༢༡པ་འབྲས་བརྡུང་ཞབས་བྷནྡྷེ་པ་༣ ༢ ལེགས་སྦྱར་སྐད་དུ་བིཎྜོ་པ་སྟེ་བསོད་སྙོམས་ཞབས་སམ་བནྡྷེ་པ་ནོར་འཛིན་ཏནྟི་༣ ༣པ་ཆོ་ལོ་མཁན་ཞབས་ཀུཀྵ་རི་པ་༣༤ ཁྱི་མོ་ཅན་ཞབས་ཀུ་ཙི་༣༥པ་ཀུཊྚ་སྟེ་སྒུར་པོ་ཞབས་དྷ་མ་༣༦པ་སྒྲ་སྦྱོར་ཞབས་མ་ཧི་༣༧ལ་པ་ཆེན་པོ་ཞབས་ཨ་ཙིན་༣༨ བསམ་དུ་མེད་པ་པ་བྷ་༣༩ཧ་ཆུ་ལས་འོ་མ་ལེན་ནམ། བྷ་བ་ཧ་སྲིད་བསྣུན་ན་ལི་པ་༤༠ པདྨའི་སྡོང་བུ་སྐྱོད་པའི་ཞབས་བྷུ་སུ་ཀུ་༤༡སྟེ་ཞི་བ་ལྷ་འདུ་ཤེས་གསུམ་པ་ཨིནྡྲ་བྷུ་༤ ༢ཏི་དབང་པོའི་


JKT014_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་མེ་ཀོ་པ་༤ ༣ འཇིགས་འཇིགས་སུ་ལྟ་བ་འདི་གཉིས་དཔྱད། ཀོ་ཊ་ལི་པ་༤༤ ཏོག་ཆུང་ཅེམ་པ་ཀལྤ་རི་པ་༤༥ འདར་འཛིན་ཞབས་ཛ་ལནྡྷ་༤༦ར་པ་ཆུ་འཛིན་ཞབས་རཱ་ཧུ་༤ ༧ལ་སྒྲ་གཅན་འཛིན་ཞབས་དྷརྨ་༤ ༨པ་ཆོས་ཀྱི་ཞབས་དྷ་༤༩ཀ་རི་པ་རྫ་སྣོད་ཞབས་མེ་དྷི་ནི་༥༠ ཞིང་ལས་ཅན་སདྨ་ཛ་༥༡ འདམ་སྐྱེས་གྷཎཱ་པ་། ༢སྟེ་དྲིལ་བུ་པ་ཛོ་ཀི་པ་། ༣ རྣལ་འབྱོར་པ་ཙ་༥༤ ལུ་ཀི་གཉིད་ཆེ་བ་གུ་དྷུ་རི་པ་༥། བྱ་རྔོན་ཞབས་ལུ་ཙི་ཀ་པ་༥༦ན་ཀོག་ལངས་མཁན་ཟེར་རྣ་གུ་ཎ་༥༧ ཡོན་ཏན་མེད་པ་ཛ་ཡཱ་ན་༥༨ རྒྱལ་བ་ཀུན་དགའ་པ་ཙ་རི་པ།༩ འཆོད་མཁན་པ་ཙམྤ་༦༠ཀ་ཙམྤ་ཀ་པ་བྷིཀཱ་༦༡ཎ་བསོད་སྙོམས་པ་དྷིལི་པ༦༢ མར་ནག་འཚོང་བའི་ཞབས་ཀུམྦྷ་༦༣རི་རྫ་མཁན་ཞབས་ཙར་པ་༦༤རི་སྤྱོད་གོས་པ་རྣལ་འབྱོར་མ་མ་ཎི་༦༥བྷ་དྲུ་ནོར་བུ་བཟང་པོ་རྣལ་འབྱོར་མ་མེ་༦༦ཁ་ལི་སྐེ་རགས་ཅན་རྣལ་འབྱོར་མ་ཀ་ན་༦༧ཁ་ལཱ་ཀ་ཎ་ཁ་ལ་སྟེ་ཟེགས་མའི་གཡུལ་ཀི་ལ་༦༨པ་འམ་ཀི་ལི་ཀི་ལི་ཀུ་ཅོ་ཅན་ཞབས་ཀན་༦༩ལ་པ་ཀན་ལི་པ་སྟེ་གོས་ཧྲུལ་ཞབས་དྷཱ་༧ གུ་ལི་དྷ་གུ་རི་པ་སྟེ་རྩྭ་ཐག་མཁན་ཞབས་ཨུ་དྷི་ལི་པ་ཨོ་ཌི་ལི་༧༡པ་སྟེ་འཕུར་པའི་ཞབས་ཀ་པཱ་ལི་༧༢པ་ཐོད་པ་ཅན་ཞབས་ཀི་ར་པཱ་ལ་༧༣པ་གཡེང་བྱེད་ཞབས་ས་ཀ་ར་༧༤ ས་ཏོ་རུ་ཧ་སྐྱེ་འཚོ་སྐྱེས་སརྦ་བྷ་༧༥ ཐམས་ཅད་པ། ན་ག་པོ་༧༦དྷི་ཀླུའི་བྱང་ཆུབ་དཱ་རི་ཀ་༧༧པ་ཆུང་མ་ཅན་ཞབས་པུ་ཏ་ལི་༧༨པ་པུ་ཏ་ལི་སྟེ་སྐུ་བརྙན་པ་ཞབས་ས་ན་ཧ་༧༩པ་ཨུ་པ་ན་ཏ་ཟུར་ཆག་པ་སྟེ་ལྷམས་མཁན་ཞབས་ཀོ་ཀི་ལི་༨༠པ་ཁུ་བྱུག་ཞབས་ཨ་ནདྨ་༨༡པ་ལུས་མེད་ཞབས་རྣལ་འབྱོར་མ་ལཀྵྨིཾ་ཀ་


JKT014_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༨༢ར་དཔལ་མཛད་མ་ས་མུ་དྲ་༨༣པ་རྒྱ་མཚོའི་ཞབས་བྱ་ལི་༨༤པ་སྟག་ཅན་ནམ་སྤྲུལ་ཅན་ཞབས་རྣམས་སོ། །དེ་ལྟར་ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ། མོ་རྟོགས་ཤིང་གྲུབ་པ་བརྙེས་པ་བཞི་སྟེ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོ་སོའི་རྣམ་ཐར་རྒྱས་པ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྒྲིགས་པའི་ལོ་རྒྱུས་ལས་ཤེས་ཤིང་། གཡུང་དྲུང་རྟགས་ཅན་རྣམས་རབ་བྱུང་དང་། དེ་འཕྲོས་ཐམས་ཅད་རྣལ་འབྱོར་པའི་ཆ་བྱད་ཅན་ཡིན་ཅིང་། བྲིས་སྐུ་འཕྲིན་སྔོན་གྱི་བྲིས་རྒྱུན་ཚད་ལྡན་ལ་བརྟེན་པའམ། རྣམ་ཐར་དང་བསྟུན་ནས་གྲུབ་པ་བརྙེས་ཚུལ་གྱི་སྐུའི་རྣམ་འགྱུར་མི་འདྲ་བ་སོ་སོར་མ་འདྲེས་པར་བྲི་བར་བྱའོ། །མངྒ་ལཾ།། །།


previousསློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྡུས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་བརྗོད་པ།next