Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།next

སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།


JKT014_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས་ལ། ཐོག་མར་འཕགས་པ་འཇམ་དཔལ་ནས་ཀླུ་སྒྲུབ་ལ་སྩལ་བའི་དབུ་མ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་ནི། རྣམ་འདྲེན་སྟོབས་བཅུའི་མངའ་བདག་ཟས་གཙང་སྲས། །རྒྱལ་སྲས་འཇམ་དཔལ་ཀླུ་སྒྲུབ་ཟླ་བ་གྲགས། །རིག་པའི་ཁུ་བྱུག་ཀུ་སཱ་ལ་ཆེ་ཆུང་། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །ཇོ་བོ་ཐར་པ་ཛ་དང་འཇིགས་མེད་འབྱུང་། །ཟླ་རྒྱལ་གྲོ་ལུང་པ་དང་བྱང་ཆུབ་འོད། །རྨ་བྱ་ཤཱཀ་སེང་མཆིམས་ཆེན་སྨོན་ཚུལ་བ། །གསོལ་བ་འདེབས་སོ་གཞན་ཕན༴ བྱང་ཆུབ་གྲུབ་པ་གཞོན་རྡོར་ཀུན་མཁྱེན་རྗེ། །ཁྱབ་བརྡལ་ལྷུན་གྲུབ་གྲགས་འོད་སངས་རྒྱས་དབོན། །ཟླ་གྲགས་ཀུན་བཟང་རྡོ་རྗེ་རྒྱལ་མཚན་དཔལ། །གསོལ་བ༴ སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པའི་ཞབས། །མདོ་སྔགས་བསྟན་འཛིན་ཕྲིན་ལས་


JKT014_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་དཔལ། །འགྱུར་མེད་རྡོ་རྗེ་ངག་དབང་ཆོས་དཔལ་ལ། །གསོལ་བ༴ ཁ་སྐོང་ནི། ཡིད་བཞིན་ལེགས་གྲུབ་རིན་ཆེན་རྣམ་པར་རྒྱལ། །ཨོཾ་ཌཱི་ཡཱ་ན་གསང་སྔགས་བསྟན་འཛིན་དང་། །པདྨ་དབང་རྒྱལ་འགྱུར་མེད་ཀུན་དགའི་ཞབས། །གསོལ་བ་འདེབས་སོ་གཞན་ཕན༴ ཞེས་སོ། །ཡོན་ཏན་གཞིར་གྱུར་བཤེས་གཉེན་གུས་བརྟེན་ནས། །རྙེད་དཀའི་རྟེན་ལ་སྙིང་པོ་ལེན་སྤྲོ་ཞིང་། །མི་རྟག་འཆི་བ་རྗེས་དྲན་དཀར་ནག་གི །ལས་འབྲས་སྤང་བླང་ཚུལ་བཞིན་སྤྱོད་པར་ཤོག །སྲིད་བདེ་འཁྲུལ་པར་ཤེས་ནས་ཐར་པའི་སྒོར། །བག་ཡོད་ཁྲིམས་ཀྱིས་འཇུག་ཅིང་འཁོར་མཚོ་ལས། །འགྲོ་ཀུན་འདྲེན་པའི་ཁུར་ཁྱེར་ཚད་མེད་ཀྱི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྐྱེ་བར་ཚུལ་གནས་ཐོས་བསམ་སྒོམ་པར་བརྩོན། །རྒྱལ་བའི་བསྟན་ལ་བྱ་བ་ཆེར་འགྲུབ་ཅིང་། །སྒོ་གསུམ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །འགྲོ་ཀུན་བྱང་ཆེན་ལམ་ལ་འགོད་པར་ཤོག །རྒྱལ་ཚབ་མ་ཕམ་པ་ནས་འཕགས་པ་ཐོགས་མེད་ལ་སྩལ་བའི་སེམས་ཙམ་ལུགས་ཀྱི་བརྒྱུད་པའི་ཁྱད་པར་ནི། དོན་གཉིས་མཐར་ཕྱིན་རྣམ་འདྲེན་ཟས་གཙང་སྲས། །རྒྱལ་ཚབ་མ་ཕམ་ཐོགས་མེད་དབྱིག་གི་གཉེན། །རྣམ་གྲོལ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །སྣང་མཛད་སེང་


JKT014_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སངས་རྒྱས་ཡེ་ཤེས་ཞབས། །གུ་ཎ་མི་ཏྲ་རིན་ཆེན་ཟླ་བ་དང་། །བསྟན་སྐྱོང་རྔོག་ལོ་འབྲེ་ཆེན་ཤེས་རབ་འབར། །གསོལ་བ༴ བྱང་ཆུབ་ཡེ་ཤེས་གཞོན་ཚུལ་ཞང་གཡེ་བ། །གཉལ་ཞིག་འཆིང་རུ་ཆུ་མིག་སེང་གེ་དཔལ། །ལྷོ་བྲག་པ་དང་བཙན་དགོན་དབེན་དགེ་བ། །གསོལ་བ༴ ཆོས་དཔལ་རྒྱ་མཚོ་ཀུན་མཁྱེན་ཆོས་ཀྱི་རྗེ། །ཁྱབ་བརྡལ་ལྷུན་གྲུབ་མན་འདྲའོ། །།རིག་འཛིན་སྔགས་ཀྱི་སྡོམ་པའི་བརྒྱུད་འདེབས་ལས། རྒྱུད་མ་ཧཱ་ཡོ་ག་རྡོར་སེམས་སྒྱུ་དྲའི་དབང་གི་བརྒྱུད་འདེབས་ནི། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་དང་། །རིགས་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛ༔ ཀུ་ཀུ་རཱ་ཛ་ཨིནྡྲ་བྷཱུ་ཏི་དང་། །སིཾ་ཧ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨུ་པ་རཱ་ཛ་གོ་མ་དེ་ཝཱི་དང་། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལ། །རྨ་ལོ་རིན་མཆོག་གཙུག་གྱེར་རྣམ་པ་གཉིས། །ཞང་སྟོན་རྒྱལ་ཡོན་རྣམས་ལ། གནུབས་ཆེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་དང་། །ཡེ་ཤེས་རྒྱ་མཚོ་ཉང་ཆེན་ཤེས་རབ་མཆོག །ཡེ་ཤེས་འབྱུང་གནས་ཟུར་ཆེན་ཤཱཀྱ་འབྱུང་། །ཟུར་ཆུང་ཤེར་གྲགས་རྣམས་ལ༴ ཐུགས་སྲས་ཀ་ཆེན་རྒྱུ་བཞི་དང་སྒྲོ་ཕུག་པ། །རྟོགས་ཚ་ཤཀ་རྡོར་ཤཱཀྱ་འབྱུང་གནས་དཔལ། །གླན་སྟོན་རྡོ་རྗེ་འོད་དང་བསོད་ནམས་རྒྱལ། །ཆོས་སེང་སངས་རྒྱས་དཔལ་ལ༴ །བསོད་ནམས་མགོན་པོ་སྒྲོལ་ཆེན་བསམ་


JKT014_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཚན། །སེང་གེ་དཔལ་བཟང་རིགས་རྒྱལ་ལྷུན་གྲུབ་གྲགས། །སངས་རྒྱས་རྡོ་རྗེ་ཚེ་དབང་མགོན་པོ་དང་། །རྡོ་རྗེ་ཚེ་དཔལ་རྣམས་ལ༔ ཤཱཀྱ་དཔལ་འབྱོར་སིདྡྷི་ཕ་ལ་དང་། །འཕགས་པ་རིན་ཆེན་ཤཱཀྱ་རཏྣའི་ཞབས། །ཟུར་སྟོན་རྒྱལ་སྲས་པདྨ་བདུད་འདུལ་དང་། །ཆོས་རྒྱལ་རྡོ་རྗེ་རྣམས་ལ༔ རྒྱ་སྟོན་འོད་གསལ་རང་གྲོལ་གཏེར་བདག་གླིང་། །ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། །བསྟན་འཛིན་རྡོ་རྗེ་ཀརྨ་བི་ཛ་ཡ། །པདྨ་དབང་རྒྱལ་རྣམས་ལ༔ ནམ་མཁའི་རྡོ་རྗེ་དྲི་མེད་ཟླ་ཤར་རྩལ། །བྱང་ཆུབ་སེམས་འབྱོངས་པདྨ་མངྒ་ལ། །ཐམས་ཅད་མཁྱེན་པ་རིག་པའི་རྡོ་རྗེ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སམ། ཡང་ན། བསྟན་འཛིན་རྡོ་རྗེ་ཕྲིན་ལས་རྣམ་པར་རྒྱལ། །ཞེས་པའི་རྗེས། ཕྲིན་ལས་ཆོས་སྒྲོན་རྣམས་ལཟ གཞན་ཡང་པཎ་ཆེན་ཚེ་དབང་མཆོག་གྲུབ་སོགས། །སྨིན་གྲོལ་ཡོངས་རྫོགས་གདམས་པའི་ཆུ་བོ་ཀུན། །འཛིན་མཛད་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །གཞི་རྒྱུད་རང་བཞིན་མ་བཅོས་གནས་ལུགས་དོན། །ལམ་རྒྱུད་ཐབས་ཀྱིས་མཚོན་བྱས་སྨིན་ཅིང་གྲོལ། །འབྲས་རྒྱུད་ལྷུན་གྲུབ་རིག་འཛིན་སྐུ་ལྔ་ཡི། །གོ་འཕང་དཀའ་བ་མེད་པར་མྱུར་འགྲུབ་ཤོག། །


JKT014_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཨ་ནུ་ཡོ་ག་འདུས་པ་མདོའི་དབང་གི་བརྒྱུད་འདེབས་ནི། ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རྒྱལ་ཚབ་རིགས་ལྔ་རྒྱལ་སྲས་རིགས་གསུམ་མགོན། དམ་པའི་རིགས་ཅན་རྣམ་ལྔ་རྒྱལ་པོ་ཛ། །ཨུ་པ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨིནྡྲ་བྷུ་ཏི་ནཱ་ག་པུ་ཏྲ་དང་། །ག་ཡ་པུ་ཏྲི་ཀུ་ཀུ་རཱ་ཛའི་ཞབས། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང་། །པྲ་བྷ་ཧ་སྟི་རྣམས་ལ༔ ཤཱཀྱ་སེང་གེ་དྷ་ན་རཀྵི་ཏ། །རྡོ་རྗེ་ཧཱུྃ་མཛད་སྠི་ར་མ་ཏི། །བདེ་བ་གསལ་མཛད་དྷརྨ་བོ་དྷི་དང་། །མཁན་པོ་ཆོས་རྒྱལ་སྐྱོང་ལ༴ བལ་པོ་ནོར་འཛིན་བྲུ་ཤ་ཆེ་བཙན་སྐྱེས། །གནུབས་ཆེན་ཡབ་སྲས་ཡེ་ཤེས་རྒྱ་མཚོ་དང་། །བློ་གྲོས་བྱང་ཆུབ་ཐོ་དཀར་ནམ་མཁའ་ལྡེ། །ཟུར་ཆེན་མེས་དབོན་རྣམས་ལ༔ ཡང་ཁྱེད་སྒྲོ་ཕུག་པ་དང་འགར་སྟོན་པ། །སྲེགས་དང་གླན་སྟོན་རྡོར་འོད་བརྩོན་འགྲུས་སེང་། །བསོད་རྒྱལ་ལྷ་འབུམ་ཆོས་སེང་སངས་རྒྱས་དཔལ། །བསོད་ནམས་མགོན་པོ་རྣམས་ལ༔ སྒྲོལ་ཆེན་ཡབ་སྲས་ནམ་མཁའ་རྡོ་རྗེ་དང་། །ཤ་མི་ལ་དབུ་པ་དང་བློ་གྲོས་རྒྱལ། །གཞན་ཕན་ཕྲིན་ལས་ལྷུན་གྲུབ་ཡོངས་གྲོ་ལ་མཆན། ཁ་སྐོང་ནི། འགྱུར་མེད་རྡོ་རྗེ་རྣམས་ལ༔ ངག་དབང་ཆོས་དཔལ་རིན་ཆེན་རྣམ་པར་རྒྱལ། །པདྨ་བསྟན་འཛིན་ཨཽ་ཌཱི་ཡཱ་ནའི་ཞབས། །ཕྲིན་ལས་རྣམ་རྒྱལ་དཔལ་འབྱོར་རྒྱ་མཚོ་


JKT014_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གང་ཤར་རང་གྲོལ་རྣམས་ལ༴ ཨོ་རྒྱན་ཆེ་མཆོག་རྒྱལ་བའི་མྱུ་གུ་དང་། །ཐམས་ཅད་མཁྱེན་པ་རིག་པའི་རྡོ་རྗེ་སོགས། །བརྒྱུད་པའི་ཁྱད་པར་ཀུན་འདུས་འཁོར་ལོའི་མགོན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །སེམས་ཀྱི་ཆོས་ཉིད་དབྱིངས་ཡེ་གཉིས་མེད་པར། །ཡེ་ནས་མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་གསུམ། །ཇི་བཞིན་བྱེད་པ་རྐྱེན་དང་བྱ་བྲལ་གྱི། །རྣལ་འབྱོར་ལམ་བཞིན་མཐའ་རུ་ཕྱིན་པར་ཤོག། །།


previousསྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས།next