Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས།next

རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས།


JKT014_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་ནི། ཐོག་མའི་སངས་རྒྱས་ཀུན་བཟང་རྡོ་རྗེ་སེམས། །སེམས་དག་ནོར་བུ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བེ་རོ་ཙ་ན་སྤང་སྟོན་མི་ཕམ་མགོན། །ངན་ལམ་བྱང་རྒྱལ་ཟད་མ་རིན་ཆེན་དབྱིག །ཁུ་འགྱུར་གསལ་མཆོག་ཉང་སྟོན་བྱང་ཆུབ་གྲགས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཤེས་རབ་འབྱུང་གནས་སྦ་སྒོམ་ཡེ་ཤེས་མཚན། །དྷརྨ་བོ་དྷི་འཛེང་དཀར་ཇོ་སྲས་དང་། །ཀུན་བཟང་རྡོ་རྗེ་སངས་རྒྱས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡེ་ཤེས་དབང་ཕྱུག་ཡེ་ཤེས་དབང་པོ་དང་། །ངུར་སྟོན་བསོད་ནམས་རྡོ་རྗེ་དབང་ཕྱུག་ཞབས། །བསོད་ནམས་རྒྱལ་མཚན་ཤེས་རབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༴ གཞོན་ནུ་ཤེས་རབ་གཞོན་ནུ་གྲགས་པ་དང་། །སངས་རྒྱས་བཟང་པོ་བརྩོན་འགྲུབ་དབང་ཕྱུག་ཞབས། །མཐའ་བཞི་གྲགས་རིན་ཤཱཀྱ་རྒྱལ་པོ་ལ། །གསོལ་བ༴ འགོས་ལོ་གཞོན་ནུ་སྤྱན་སྔ་ཆོས་ཀྱི་གྲགས། །ཆོས་ཀྱི་བློ་གྲོས་ཁྱུང་ཚང་རས་ཆེན་པ། །ཀརྨ་གུ་རུ་ཆོས་དབང་བསྟན་པའི་མཚན། །


JKT014_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ༴ ཆོས་དབང་ཀུན་བཟང་ཀུན་བཟང་ཆོས་ཀྱི་རྒྱལ། ཁ་སྐོང་ནི། འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་རྒྱལ་དང་། །པདྨ་བསྟན་འཛིན་ཨོ་ཌི་ཡཱ་ན་ལ། །གསོལ་བ༴ རིག་འཛིན་བཟང་པོ་པདྨ་མངྒ་ལ། །རིག་པའི་རྡོ་རྗེ་རྩ་བརྒྱུད་བླ་མ་དང་། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སོ། །རང་སེམས་གསལ་སྟོང་འཛིན་མེད་རྟོགས་པ་དང་། །ཡུལ་ཀུན་སྣང་སྟོང་བདེན་མེད་འཆར་བ་དང་། །སྤང་བླང་ཡོངས་བྲལ་འཁོར་འདས་འཁྲུལ་པ་ཞིག །གཉུག་མའི་གཏན་ས་ཟིན་པར་བྱིན་གྱིས་རློབས།། །།


previousརྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས།next