Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་མན་ངག་སྡེ་སྙིང་ཏིག་ཆེན་མོའི་བརྒྱུད་པའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་མན་ངག་སྡེ་སྙིང་ཏིག་ཆེན་མོའི་བརྒྱུད་པའི་གསོལ་འདེབས།next

རྫོགས་པ་ཆེན་པོ་མན་ངག་སྡེ་སྙིང་ཏིག་ཆེན་མོའི་བརྒྱུད་པའི་གསོལ་འདེབས།


JKT014_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྫོགས་པ་ཆེན་པོ་མན་ངག་སྡེ་སྙིང་ཏིག་ཆེན་མོའི་བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་། །བདེ་ཆེན་རྒྱལ་བ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་དང་། །དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་དང་། །རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ ཀ་དག་ལྷུན་གྲུབ༔ ད་ལྟ་ཉིད་དུ༔ མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་


JKT014_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་དང་། །བློ་མཆོག་མངའ་བ་ཤྲཱི་སིཾ་ཧ་དང་། །དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ། །གསོལ་བ༴ ཀ་དག་ཟ ད་ལྟ༴ མཁས་གྲུབ་ཆེན་པོ་བི་མ་མུ་དྲ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་དང་། །ཚོགས་ཆེན་གཉིས་རྫོགས་ཆོས་རྒྱལ་ཆེན་པོ་ལ། །གསོལ་བ༴ ཀ་དགཟ ད་ལྟ= སེམས་ཉིད་དབང་ཐོབ་ཏིང་འཛིན་བཟང་པོ་དང་། །ཐར་གླིང་སྣང་བྱེད་ལྡང་མ་ལྷུན་རྒྱལ་དང་། །འོད་གསལ་ལུས་གྲུབ་སེང་གེ་དབང་ཕྱུག་ལ། །གསོལ་བ༴ ཀ་དགཌ ད་ལྟཆོས་ཉིད་མི་གཡོ་རྒྱལ་བ་ཞང་སྟོན་དང་། །གསུང་རབ་མཛོད་བརྙེས་མཁས་པ་ཉི་འབུམ་དང་། །དམ་ཆོས་རྒྱས་མཛད་གུ་རུ་ཇོ་འབེར་ལ། །གསོལ་བ༴ ཀ་དག༴ ད་ལྟ༴ གཟུང་འཛིན་འཁྲུལ་ཞིག་སེང་གེ་རྒྱབ་པ་དང་། །དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མེ་ལོང་དང་། །རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་ལ། །གསོལ་བ༔ ཀ་དག ད་ལྟ༴ འོད་གསལ་སྒྱུ་མ་ཀློང་ཆེན་རབ་འབྱམས་དང་། །མཁས་གྲུབ་ཆེན་པོ་ཁྱབ་བརྡལ་ལྷུན་གྲུབ་དང་། །སྤྲུལ་པའི་སྐུ་མཆོག་གྲགས་པ་འོད་ཟེར་ལ། །གསོལ་བ༴ ཀ་དག༴ ད་ལྟ༴ འཁྲུལ་ཞིག་ཆེན་པོ་སངས་རྒྱས་དབོན་པོ་དང་། །རྒྱལ་བའི་གདུང་འཚོབ་ཟླ་བ་གྲགས་པ་དང་། །གྲུབ་པའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་ལ། །གསོལ་བ༴ ཀ་དག ད་ལྟ༴ སྙིང་


JKT014_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མངའ་བདག་རྒྱལ་མཚན་དཔལ་བཟང་དང་། །རྒྱལ་བས་ལུང་བསྟན་སྣ་ཚོགས་རང་གྲོལ་དང་། །འཁོར་འདས་རྒྱ་གྲོལ་བསྟན་འཛིན་གྲགས་པ་ལ། །གསོལ་བ༴ ཀ་དག ད་ལྟ༴ ཤེས་བྱ་ཀུན་གཟིགས་མདོ་སྔགས་བསྟན་འཛིན་དང་། །གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་དང་། །བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་བླ་མ་ལ། །གསོལ་བ༴ ཀ་དགཟ ད་ལྟ༴ བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ་དང་། །མཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་དང་། །ཐམས་ཅད་མཁྱེན་པ་ཨཽ་ཌི་ཡཱ་ན་ལ། །གསོལ་བ༴ ཀ་དག༴ ད་ལྟ༴ རིག་འཛིན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་དང་། །གདོད་མའི་མགོན་པོ་ཕྲིན་ལས་ཆོས་སྒྲོན་དང་། །རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ལ། །གསོལ་བ༴ ཀ་དག༴ ད་ལྟ༴ རེ་དོགས་བློ་ཟད་འཁོར་འདས་ཆོས་སྐུར་གྲོལ། །ལྷུན་གྲུབ་འོད་གསལ་ཟང་ཐལ་རིག་པར་ཤར། །སྐུ་གསུམ་རྩལ་རྫོགས་འཕོ་འགྱུར་མེད་པར་རྟོགས། །བདག་གཞན་ཡོངས་གྲོལ་ཀུན་བཟང་ཐོབ་པར་ཤོག། །།དེ་ལྟར་སོ་ཐར་སྡོམ་རྒྱུན་གསོལ་འདེབས་ཀུན་མཁྱེན་ལྔ་པས་མཛད་པ་སྨིན་གླིང་ཆོས་སྤྱོད་དུ་བཀོད་པ་དང་། སེམས་སྡེའི་བརྒྱུད་འདེབས་གཞུང་རྙིང་པ། སྙིང་ཏིག་བརྒྱུད་འདེབས་ཀུན་མཁྱེན་ཆེན་པོའི་གསུང་ལས་མདོར་བསྡུས་པ། གཞན་རྣམས་རིག་འཛིན་གཏེར་བདག་གླིང་པས་མཛད་པ་སྟེ། ཁ་སྐོང་རྣམས་རང་ཉིད་


JKT014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐོབ་པའི་བརྒྱུད་ཚུལ་དང་མཐུན་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་ཏེ་ཕྱོགས་གཅིག་ཏུ་བསྡེབས་པའི་དགེ་བས་རང་གཞན་ཀུན་གྱི་རྒྱུད་ལ་རྩ་བརྒྱུད་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousརྫོགས་པ་ཆེན་པོ་མན་ངག་སྡེ་སྙིང་ཏིག་ཆེན་མོའི་བརྒྱུད་པའི་གསོལ་འདེབས།next