Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་རྒྱལ་བའི་གདུང་འཛིན་གྱི་ཕྲིན་ལས་སྙིང་པོ་ཁྲིགས་སུ་བསྡེབས་པ་ཁམས་གསུམ་དབང་སྡུད།
   
   
   
   
   
   


 
previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་རྒྱལ་བའི་གདུང་འཛིན་གྱི་ཕྲིན་ལས་སྙིང་པོ་ཁྲིགས་སུ་བསྡེབས་པ་ཁམས་གསུམ་དབང་སྡུད།next

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་རྒྱལ་བའི་གདུང་འཛིན་གྱི་ཕྲིན་ལས་སྙིང་པོ་ཁྲིགས་སུ་བསྡེབས་པ་ཁམས་གསུམ་དབང་སྡུད།


JKT014_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་རྒྱལ་བའི་གདུང་འཛིན་གྱི་ཕྲིན་ལས་སྙིང་པོ་ཁྲིགས་སུ་བསྡེབས་པ་ཁམས་གསུམ་དབང་སྡུད་ཅེས་བྱ་བ་བཞུགས་སོ།། །།


JKT014_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་རཱ་ཛཱ་ཡ། འདིར་སྲིད་ཞིའི་ཕུན་སུམ་ཚོགས་པའི་དགེ་མཚན་མཐའ་དག་རིག་སྔགས་ཀྱི་སྦྱོར་བས་དབང་དུ་བྱ་བའི་སླད་དུ། ཟབ་མོ་ཐུགས་ཀྱི་སྒྲུབ་པའི་ཆ་ལགས་གུ་རུ་རྒྱལ་བའི་གདུང་འཛིན་པདྨ་རྒྱལ་པོའི་སྒོམ་བཟླས་ཀྱི་རྣལ་འབྱོར་ཉམས་སུ་བསྟར་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུགས་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ཞེས་ལན་གསུམ་གྱིས་སྐྱབས་སེམས་བྱ། རང་ཉིད་རྟ་མཆོག་ཧེ་རུ་ཀའི་ང་རྒྱལ་དང་བཅས་ཏེ། ཧཱུྃ་ཧྲཱིཿ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གནས་འདིར་མ་འདུག་རང་


JKT014_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང་༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་བགེགས་ལ་བཀའ་བསྒོ་ཞིང་མཚམས་བཅད། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་ཡེ་ཤེས་ཀྱི་གཟི་བྱིན་དབབ་ཅིང་གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་རླབས། །གཉིས་པ་དངོས་གཞི་ལྷ་བསྒོམ་པ་ཡན་ལག་དང་བཅས་པ་ནི། ཧྲཱིཿ ཆོས་སྐུ་དེ་བཞིན་


JKT014_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དབྱིངས་འོད་གསལ་ངང་༔ ལོངས་སྐུ་འགགས་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲིདམར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རང་རིག་བདེ་གཤེགས་ཀུན་འདུས་པདྨ་འབྱུང་༔ གུ་རུ་རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ དཀར་དམར་ཞལ་གདངས་མཆེ་གཙིགས་གྱེན་ལ་གཟིགས༔ གཡས་པའི་ཕྱག་རྒྱས་རལ་གྲི་འབར་བ་དང་༔ གཡོན་པས་འགུགས་པའི་རང་བཞིན་ལྕགས་ཀྱུ་བསྣམས༔ ཐོད་སྐམ་དབུ་རྒྱན་སྟག་ཤམ་རུས་བརྒྱན་འཕྱང་༔ དབང་དྲག་བརྟུལ་ཞུགས་སྤྱོད་པའི་སྐུ་རུ་གསལ༔ དེ་ཡི་ཕྱི་རོལ་པདྨ་འདབ་བཞི་ལ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་༔ ལྷ་རྣམས་དབང་སྡུད་རྡོ་རྗེ་ལྕགས་ཀྱུ་བསྣམས༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར༔ ལོངས་སྤྱོད་དབང་སྡུད་རིན་ཆེན་ཞགས་པ་བསྣམས༔ ནུབ་ཏུ་པདྨ་མཁའ་འགྲོ་སྐུ་མདོག་དམར༔ ཀླུ་རྣམས་དབང་སྡུད་པདྨ་ལྕགས་སྒྲོག་བསྣམས༔ བྱང་དུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་༔ མི་རྣམས་དབང་སྡུད་རྒྱ་གྲམ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་པདྨའི་ཕྲེང་བས་བརྒྱན༔ ཞབས་ཟུང་བརྐྱང་བསྐུམ་གར་


JKT014_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རོལ་པས་བཞེངས༔ སྒོ་བཞིར་འཇིག་རྟེན་ཀུན་ལ་དབང་མཛད་པའི༔ མཐུ་ཆེན་རྒྱལ་པོ་ཆེན་པོ་སྡེ་བཞི་བཅས༔ ཀུན་ཀྱང་ཤིན་ཏུ་ཆགས་ཤིང་སྒེག་པའི་ཉམས༔ སྣང་སྲིད་ཐམས་ཅད་གཡོ་ཞིང་སྡུད་མཛད་པའི༔ འོད་དམར་འཇའ་ཚོན་འཁྲུགས་པའི་ཀློང་ན་གསལ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང་༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང་༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་པདྨའི་རྒྱལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེས་ཐུགས་དམ་དབང་གིས་གཤེགས་ནས་ཀྱང་༔ བར་ཆད་ཀུན་སེལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྷར་དངོས་གྲུབ་ཆར་འབེབས་པའི༔ རིག་འཛིན་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙྪ་ཧོ༔ ཨོཾ་ཨཱཿཧཱུྃ་ཕྱི་མཆོད་


JKT014_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལཿཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷཻ་བིདྱཱ་ཤཔྟ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ རྒྱལ་བའི་གདུང་འཚོབ་རིག་འཛིན་པདྨའི་རྒྱལ༔ སྣང་སྲིད་དབང་སྡུད་དྷ་ཀཱིའི་སྤྲིན་ཕུང་འཕྲོ༔ བདེ་ཆེན་ཡེ་ཤེས་འབར་བའི་གཟི་བྱིན་གྱིས༔ སྲིད་གསུམ་དབང་དུ་མཛད་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད་པ་དང་བཅས་པའི་མཐར། སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་བཟུང་ཞིང་ཟིན་པ་ན། སྔགས་བཟླ་བ་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱི་ཕཊ་ཛ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐརཿ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་གྱུར༔ ཅེས་ཛཔྲ་ཁང་དབྱེ། གུ་རུ་རྒྱལ་བའི་གདུང་འཛིན་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔྲ་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང་༔ གྲགས་སྟོང་གསུང་གི་ཛཔྲ་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་


JKT014_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་དགོངས་པ་མི་གཏོང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབས༔ བསྙེན་བསྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ ཅེས་ཛཔྲ་གྱི་ཕྲིན་ལས་ལ་བསྐུལ་བ་སྔོན་དུ་འགྲོ་བས། ཧཱུྃ རིག་འཛིན་རྒྱལ་བའི་གདུང་འཚོབ་ཐུགས་ཀ་རུ༔ ཟླ་སྟེང་ཧྲིམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་སྲིད་ཞིའི་ཕུན་ཚོགས་ཐམས་ཅད་ཀུན༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་བདུན་དང་༔ ལྔ་ལྡན་འཇའ་ཟེར་ཐིག་ལེའི་རྣམ་པར་བསྡུསཿ བདག་ལ་ཐིམ་པས་གཟི་བྱིན་མཆོག་ཏུ་འབར༔ འཁོར་འདས་ཀུན་གྱི་དབང་ཕྱུག་ཆེན་པོར་གྱུར༔ ཅེས་པའི་དམིགས་གནད་རྩེ་གཅིག་པས་བཟླ་བྱ་རྩ་བའི་བསྙེན་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནི་ཏྲི་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཙོ་བོར་བཟླ་བ་བསྙེན་པ་དང་། སྒྲུབ་པའི་དམིགས་པ་ནི། རང་གི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ འཁོར་གྱི་མཁའ་འགྲོ་རིགས་བཞིའི་ཐུགས་རྒྱུད་བསྐུལ༔ དེ་ལས་སྤྲུལ་པའི་ཆོ་འཕྲུལ་བསམ་ཡས་འཕྲོས༔ ལྷ་ཀླུ་མི་ཡི་སྐྱེ་འགྲོ་ཐམས་ཅད་དང་༔ ཚེ་དཔལ་ལོངས་སྤྱོད་བརྟན་གཡོའི་དྭངས་བཅུད་ཀུན༔ འོད་དམར་བདེ་


JKT014_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ངོ་བོར་མེར་གྱིས་བསྡུས༔ བདག་ལ་ཐིམ་པས་གཟི་བྱིན་ཆེར་འབར་གྱུར༔ ཅེས་བརྗོད་ཅིང་བསམ་ལ་ཧཱ་བཛྲ་དྷཱ་ཀི་ནཱི་སརྦ་དྷེ་བ་པཱ་ཤཾ་ཀུ་རུ་ཛ༔ རི་རཏྣ་དྷ་ཀི་ནཱི་སརྦ་བཱ་སུ་པཱ་ཤམ་ཀུ་རུ་ཧཱུྃ༔ ནི་པདྨ་དྷཱ་ཀི་ནཱི་སརྦ་ནཱ་ག་པཱ་ཤམ་ཀུ་རུ་བྃ༔ ས་ཀུ་རུ་ཧོ༔ ཞེས་ཅི་ནུས་དང་། སྤྱི་དྲིལ་ལས་སྦྱོར་གྱི་སྔགས། ཧ་རི་ནི་ས་དྷ་ཀི་ནི་ཙིཏྟ་ཧཱུྃ་ཧཱུྃ་ཛ་ཛསརྦ་ཨ་ནི་ཏྲི་བ་སུ་སིདྡྷི་ཛ༔ཧཱུྃ་བཾ་ཧོ༔ ཞེས་པའང་ཅུང་ཟད་བཟླ། གསུམ་པ་རྗེས་ནི། དབྱངས་གསལ་རྟེན་སྙིང་གི་སྔགས་ཀྱི་ལྷག་ཆད་ཁ་སྐོང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ། མཆོད་ཅིང་བསྟོད་ལ། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཞེས་དང་རྩ་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྷཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་རྒྱུན་གྱི་དངོས་གྲུབ་བླང་། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཛཿཧཱུྃ་བྃ་ཧོ༔ མདུན་གྱི་ཡེ་ཤེས་པ་རང་ལ་ཐིམ་པས་གསལ་བརྟན་གྱི་གཟི་བྱིན་མཆོག་ཏུ་འབར་བར་གྱུར། ཅེས་བརྗོད་ཅིང་བསམ་ལ། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། སྣང་སྲིད་སྣོད་བཅུད་ཐམས་ཅད་འོད་དམར་པོ་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་རང་ལ་ཐིམ། རང་ཉིད་ཐུགས་སྲོག་ཧྲིལ་ཐིམ། ཧྲུའང་མི་དམིགས་པ་འོད་གསལ་སྟོང་


JKT014_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་ངང་དུ་གྱུར་པར་བསམ་ལ་རིག་སྟོང་འཛིན་མེད་ཀྱི་ངང་དུ་བཞག སྤྲོ་ཞིང་ནུས་ན་རླུང་བུམ་པ་ཅན་གྱི་སྦྱོར་བས་བརྟན་པར་བྱ་བ་ནི་རྫོགས་རིམས་བརྟེན་པའི་དབང་གི་ལས་སྦྱོར་མཐར་ཐུག་པའོ། །དེ་ལས་ལྡང་བ་ན། ཕཊ་ཕཊ་ཕཊ༔ སླར་ཡང་རང་དང་སྣང་བ་ཐམས་ཅད་རིག་འཛིན་པདྨ་རྒྱལ་པོའི་ལྷ་སྔགས་ཡེ་ཤེས་རྣམས་པ་ཐམས་ཅད་པའི་འཁོར་ལོར་བཞེངས་པར་གྱུར། ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་རྒྱུན་གྱི་རྣལ་འབྱོར་ལ་འདི་ཙམ་གྱིས་དོན་གྲུབ་ཅིང་། ཐུན་འཚམས་སུ་གཏོར་མ་འབུལ་བར་འདོད་ན། གཞུང་ལས། རིན་ཆེན་སྣོད་དུ་ཕྱེ་གཙང་ལ༔ ཤ་ཆང་ལ་དུ་ལན་ཚྭ་དང་༔ རིན་ཆེན་འབྲུ་སྨན་སྦྱར་བ་ཡི༔ གཏོར་མ་ནོར་བུ་འབར་བའི་དབྱིངས༔ ཞེས་གསུངས་པ་ལྟར་རྒྱན་སྤྲོས་གང་མཛེས་སུ་བཞེངས་པའམ། ཅི་འབྱོར་པའི་ཟས་སྣ་ལ་དམིགས་ཏེ། རྃ་ཡྃ་ཁ། བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཁམས་གསུམ་བརྟན་གཡོའི་དྭངས་བཅུད་ཀུན༔ མ་ལུས་འདུས་


JKT014_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྤུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནྲྀ་ཏྲི་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ དྷཱུ་ཀི་ནི་ཧ་རི་ཝཱ་ར་སརྦ་ལོ་ཀ་བ་ལིངཏ་པཱུ་ཛ་ཧོཿ སརྦ་སིདྡྷི་རཏྣ་ཧྲཱིཾ་ཛཿ ཞེས་ལན་བདུན་གྱི་ཕུལ། མཆོད་ཅིང་བསྟོད་ལ། ཧོ༔ འཁོར་འདས་དབང་བསྐུར་པདྨ་རྒྱལ་པོ་དང་༔ རིགས་བཞིའི་མཁའ་འགྲོ་སྤྲུལ་འཁོར་བཅས་པ་རྣམས༔ ཁམས་གསུམ་དྭངས་བཅུད་གཏོར་མ་འདི་གསོལ་ལ༔ རབ་འབྱམས་ངོས་གྲུབ་སྩལ་དུ་གསོལ༔ ཅེས་ཕྲིན་ལས་གསོལ། འདི་ཉིད་བཟླས་པའི་མཇུག་ཏུ་མདུན་དུ་ཕྱེས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཕུལ་ནས་ཕྲིན་ལས་གསོལ་བའི་མཐར་ཡི་གེ་བརྒྱ་པ་བརྗོད་ཅིང་ཛཔྲ་ཁང་བསྡུ་བའམ། ཡང་ན་ཛཔྲ་ཁང་བསྡུས་ཟིན་ནས་གཏོར་མགྲོན་སྐད་ཅིག་གིས་སྤྱན་དྲངས་ཏེ་ཕུལ་ནའང་རུང་ངོ་། །ཚེས་བཅུ་སོགས་ཀྱི་སྐབས་ཚོགས་མཆོད་བྱེད་པར་སྤྲོ་ན་ཕྲིན་ལས་རྒྱས་འབྲིང་གང་རིགས་སོར་བཞག་བགྱིས་པས་འཐུས། བསྙེན་སྒྲུབས་བྱེད་ན། །ཇི་སྐད་བཤད་པའི་རྣལ་འབྱོར་ཐུན་བཞིའི་རིམ་པས་དུས་བསྙེན་ཟླ་བ་གསུམ་སོགས་དང་། གྲངས་བསྙེན་རྩ་བའི་བསྙེན་སྔགས་འབུམ་ཕྲག་བཞི་སྒྲུབ་པའི་སྔགས་འབུམ་ཕྲག་རེ་རེ། ལས་སྦྱོར་ཁྲི་ཕྲག་བཞི་བཟླ། མཚན་མའི་བསྙེན་པ་ནི། གཞུང་ལས་དངོས་སུ་ཟས་ནོར་བུད་མེད་འདུ་བ་དང་༔ འོད་དམར་


JKT014_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུག་ཅིང་ཆོག་བཙན་གཟི་བྱིན་འབར༔ རྨི་ལམ་ཉི་ཟླ་ཞོན་དང་གླིང་བཞི་བསྐོར༔ རྒྱ་མཚོ་འཐུང་དང་རྒྱལ་པོར་དབང་སྐུར་ཐོབ༔ དེ་སོགས་རབ་འབྱམས་དབང་གི་ལས་འགྲུབ་པའི༔ རྟགས་མཚན་མཐོང་ན་དངོས་གྲུབ་བླང་བར་བྱ༔ ཞེས་གསུངས་པ་ལྟར་རྟགས་མཐོང་བའི་བར་དུ་བརྩོན་པར་བྱ་བ་ཡིན་ཅིང་། གང་ལྟར་ཡང་མཐར་དངོས་གྲུབ་བླང་ཞིང་ཚོགས་ཀྱི་མཆོད་པ་སོགས་གསང་བ་སྤྱིའི་ལུགས་བཞིན་བྱ། དེ་ལྟ་བུའི་བསྙེན་སྒྲུབ་སྔོན་དུ་སོང་ནས་རྩ་བ་དང་། ཡན་ལག་དང་ཕྲ་མོའི་ལས་སྦྱོར་རྣམ་པ་བཅོ་ལྔ་ལ་བརྟེན་ནས་རབ་འབྱམས་དབང་གི་ཕྲིན་ལས་སྒྲུབ་པའི་ཚུལ་ཞལ་གདམས་སྙིང་བྱང་ལ་མན་ངག་ཕྱག་བཞེས་ཀྱི་བརྒྱན་ཏེ་རང་གཞན་གྱི་ཕན་བདེ་སྤེལ་བའི་ཐབས་ལ་བརྩོན་པར་བྱའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བ་གྲུབ་པའི་མན་ངག་གིས་བྱེ་བའི་རྗེས་སུ་འབྲངས་ཏེ་བཀླག་པས་གྲུབ་པར་བསྡེབས་པའི་དགེ་བས་བརྟན་གཡོ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འདོད་རྒུར་འདུ་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་བྷེ་ཡོ་བྷ་བ་ཏུ།། །།


previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་རྒྱལ་བའི་གདུང་འཛིན་གྱི་ཕྲིན་ལས་སྙིང་པོ་ཁྲིགས་སུ་བསྡེབས་པ་ཁམས་གསུམ་དབང་སྡུད།next