Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་སྙིང་པོར་དྲིལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་སྙིང་པོར་དྲིལ་བ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་སྙིང་པོར་དྲིལ་བ།


JKT016_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

མ ཧཱ རྦ ཙི ཏྟ ཏི ལ ཀཱ ཏྲ། བི དྷ ར ཙི ཏྟ སཱ དྷ ན མ ཧཱ ཤྲཱི ས མཱ ཛ སྱ ག ཌྷ པི ཎྜ བི ཧ ར ཏི སྨ།།
ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་སྙིང་པོར་དྲིལ་བ་བཞུགས་སོ། །


JKT016_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། འདིར་རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་ཀྱི་སྙིང་པོ་མདོར་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་ལ། ཚོགས་བསག་མཚམས་གཅོད་མཆོད་པ་བརླབ། །ལྷ་བསྐྱེད་དབང་བསྐུར་ཡེ་ཤེས་དྲང་། །བཞུགས་གསོལ་ཕྱག་འཚལ་མཆོད་ཅིང་བསྟོད། །ཛཔྲ་བཟླས་ཚོགས་མཆོད་རྗེས་རིམ་མོ། །ཞེས་བཅུ་གསུམ་ལས་དང་པོ་ནི། བླ་མ་དཔལ་ཆེན་པོ་ཡེ་ཤེས་ཀེ འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ཧོརྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔


JKT016_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལཿ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་གྱི་རྗེས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་མོས་ལ། ཧཱུཾ། བདག་ཉིད་ཞེ་སྡང་རྡོ་རྗེ་ཡི༔ སྤྱན་མིག་ཉི་ཟླར་འབར་ཞིང་སྲེག༔ ཐུགས་ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ༔


JKT016_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་སྤྲུལ་པའི་མེ་ཡིས་འགེངསཿ ཕྱོགས་མཚམས་མཚོན་ཆ་འཆོལ་པས་གཏམས༔ བདག་མེད་སྟོང་པར་མཚམས་གཅད་དོ༔ ཨོ་སཱུརྱ་ཙནྡ་བཛྲ་ཀྲོ་དྷ་ཛྭ་ལ་རཾ་རཾ་ཙཀྲ་ཝརྟི་མ་ཧཱ་ཀྲོ་དྷ་སརྦ་དུཏྟཾ་ཨེ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་ཁྲོ་ཚོགས་མེ་ཕུང་མཚོན་ཆ་འཆོལ་པའི་རྡོ་རྗེའི་སྲུང་འཁོར་གསལ་ཞིང་བརྟན་པར་བསམ། གསུམ་པ་ནི། ཧཱུྃ། དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་བབས༔ མཆོད་རྫས་ཉེས་སྐྱོན་མ་དག་བསྲེགས་གཏོར་བཀྲུས། བྷཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨགྷཾ། པཱཏྱཾ། པུཝེ། དྷུ་པེ། དཱི་པཾ། གནྡྷེ། རཱུ་པ། ཤརྡ། གནྡྷེ། ར་ས། སྤངྒེ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞོས་ཉེར་སྤྱོད་འདོད་ཡོན་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛཱ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜལ་ཧཱུྃ་ཕཊ༔ ཅེས་ལན་གསུམ་གྱིས་སྨན་གཏོར་རཀྟ་བརླབ། བཞི་པ་ནི། དེ་བཞིན་ཉིད་འོད་གསལ་རང་བྱུང་རིག་པའི་ངང་ལས། ཀུན་སྣང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་རྩལ། རྒྱུ་ཡི་ཏིང་འཛིན་ཧཱུྃ་མཐིང་ནག་གི་འོད་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས་ནས་དེ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ནམ་མཁར་རྒྱུའི་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པའི་ཐུགས་ཀ་ནས་ཡི་གེའི་འཕྲོ་འདུས་འབྱུང་རིམ་རི་རབ་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་རྒྱུའི་ཧེ་རུ་ཀ་བབས་པ་དེ་ཉིད་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀར་བཞེངས་ཤིང་། འཁོར་


JKT016_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚོམ་བུ་མངལ་འབྱིན་གྱི་ཚུལ་དུ་སྤྲོ་བའི་ཚུལ་རྣམས་དམིགས་འདོན་ཟུང་དུ་འཇུག་པས། ཧཱུྃ། རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིད༔ རོལ་རྩལ་ཀུན་སྣང་སྙིང་རྗེ་ཆེན་པོའི་གདངས༔ རྒྱུ་ཡི་རིག་པ་ཧཱུཾ་གིས་སྣོད་བཅུད་སྦྱངས༔ དེ་ཉིད་གནས་གྱུར་རྡོ་རྗེ་རྩེ་ལྔ་པ༔ སྐད་ཅིག་ཡོངས་གྱུར་རྒྱུ་ཡི་ཧེ་རུ་ཀ༔ བརྗོད་མེད་ཀློང་ལྔ་ཡུམ་གྱི་མཁའ་ལ་ཤར༔ ཐུགས་ལས་ཨེ་ཡཾ་ར་སུཾ་ཀེ་རི་ཆད༔ ཨེ་ལས་ནམ་མཁའ་ཡཾ་ལས་གཡོ་བྱེད་རླུང་༔ ར་ལས་རཀྟ་ཧཱུྃ་ལས་ཞིང་ཆེན་གཞི༔ ཀཾ་ལས་རུས་པའི་རི་རབ་བང་རིམ་ཅན༔ རཾ་ལས་བསྐལ་མེ་རབ་འབར་རྔམས་བརྗིད་ཀློང་༔ ཧཱུྃ་ལས་གནམ་ལྕགས་རྡོ་རྗེ་བྲག་ཆེན་སྟེང་༔ ནམ་མཁའི་དབྱིངས་ནས་ཧཱུཾ་ཡིག་ལྔ་ལྡན་བབས༔ བྷཾ་རཏྣ་བྷཉྫཛྷཱ་ན་ཙ་ཀྲ་མཎྜ་ལ་ཧཱུཾ༔ ཧཱུཾ་ཡིག་གནས་གྱུར་སྤྲུལ་པའི་གཞལ་མེད་ཁང་༔ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར༔ གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡན༔ གུ་ཎ་ཏཱ་ར་རྟ་བབས་བང་རིམ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག༔ ཕྱི་རོལ་རིན་ཆེན་རྩིགས་པའི་རྨིང་གི་གཞི༔ འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོད༔ ཕ་གུ་སེར་པོ་དྲ་བ་དྲ་ཕྱེད་མཛེས༔ ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁང་༔ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུརཿ བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་༔ འོག་


JKT016_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེ༔ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བརྒྱད་དབུས༔ བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དུ༔ བྱོལ་སོང་གཙོ་རྣམས་དྲེགས་པ་ཆེ་དགུ་བརྫིས༔ མ་ཆགས་པདྨ་ཐབས་་ཤེས་ཉི་ཟླ་འབར༔ རུ་དྲ་ཀྲོ་ཏཱི་ཏི་ར་བཾ༔ པཾ་པདྨ་མ་དྷ་ལ༔ མ་སཱུརྱ་མ་དྷ་ལ༔ ཨ་ཙནྡྲ་མ་དྷ་ལ༔ ཧཱུྃ། རང་བྱུང་རྒྱུ་ཡི་ཧེ་རུ་ཀཿ ཡེ་ཤེས་དབྱིངས་ནས་གདན་ལ་བབས༔ མཉམ་སྦྱོར་བདེ་བ་ཆེན་པོའི་སྒྲས༔ འཕགས་པ་མཆོད་ཅིང་གཞན་དོན་བྱས༔ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ རྒྱལ་འགོང་བདུད་བཞིའི་དཔྱི་ནས་བརྫིས༔ གཡས་དཀར་དགོད་ཅིང་གཤེ་བའི་ཞལ༔ གཡོན་དམར་ཨོཾ་གཙིགས་འཇིགས་པར་སྟོན༔ དབུས་མཐིང་རྔམས་བརྗིད་ཁྲོ་བོའི་ཞལཿ སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས༔ རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིང་༔ སྤྱན་དགུ་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་ཀྱི་དང་པོ་རྡོ་རྗེ་དང་༔ བར་པ་ཁ་ཊཾ་ཐ་མ་མེ༔ གཡོན་གྱི་དང་པོ་བྷནྡྷ་དམར༔ བར་པ་ཐོང་གཤོལ་ཐ་མ་ན༔ ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊཾ་བསྣམས༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ སྐུ་མདོག་སྔོན་མོ་རྒྱན་


JKT016_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན༔ བསྐལ་པའི་མེ་ཕུང་འབར་བའི་ཀློང་༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་ནས༔ ཕྱོགས་བཞི་མཚམས་བཞིའི་རྩིབས་སྟེངས་སུ༔ མཐིང་ནག་ཧཱུྃ་གི་ཡི་གེ་སྤྲོས༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃཧཱུྃཧཱུྃཧཱུྃཧཱུྃ༔ཧཱུྃཧཱུྃཧཱུྃ༔ ཧཱུྃ་ཆེན་སྔགས་ཀྱི་སྒྲ་བསྒྲགས་པས༔ ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་ལྟར་འབར་ཀློང་ནས རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤརཿ ཤར་དུ་བཛྲ་ཧེ་རུ་མཐིང་༔ རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ བཛྲ་ཀྲོ་ཏཱི་ཤྭ་རི་སྦྱོར༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་སེར༔ བེ་ཅོན་གཡས་ལ་སྡིགས་མཛུབ་གཡོན༔ བེ་ཏ་ཟ་བྱེད་ནག་མོ་ཡུམ༔ ནུབ་ཏུ་དབང་ཆེན་རྟ་མགྲིན་དམར༔ རལ་གྲི་གཡས་ལ་པདྨ་གཡོན༔ པདྨ་གཟི་ལྡན་ཁྲོ་རྒྱལ་ཡུམ༔ བྱང་དུ་རྡོ་རྗེ་གཞོན་ནུ་ལྗང་༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ འཁོར་བ་རྒྱས་མཐིང་ནག་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཡུམ་ཆེན་ཉིད་ཞི་བདེ་མཆོག་མ༔ མ་ལྔ་ལ་སོགས་འཁོར་དང་བཅས༔ ལྷོ་ནབ་རིག་འཛིན་རྡོ་རྗེ་དཀར༔ ཐོད་དབྱུག་གཡས་ལ་དྲིལ་བུ་གཡོན༔ བདེ་ཆེན་རྡོ་རྗེ་རྣལ་འབྱོར་ཡུམ༔ ནུབ་བྱང་དྲེགས་པ་ཀུན་འདུལ་མཐིང་༔ ཐོ་བ་གཡས་ལ་མདུང་ཐུང་གཡོན༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ༔ བྱང་ཤར་སྟོབས་ལྡན་


JKT016_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེ༔ ལྕགས་ཀྱུ་གཡས་ལ་སྦྲུལ་ཞགས་གཡོན༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ གཟུགས་ཁམས་མཁར་འདེགས་འདོད་ཁམས་གནོན༔ ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞབས་ཀྱིས་ལྷ་ཆེན་ཕོ་མོ་བརྫིས༔ ཆོས་ཉིད་མི་འགྱུར་ཡུམ་རྣམས་མཐིང་༔ གྲི་གུག་ཐོད་འཛིན་ཡབ་ལ་འཁྱུད༔ ཕྱི་རོལ་སྒོ་བ་རིགས་བཞི་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀུན༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ ཅེས་གསལ་གདབ། ལྔ་པ་ནི། ཧཱུྃ། རང་ལས་ཤར་བའི་དཔལ་ཆེན་ཚོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིརཿ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱི༔ དྲུག་པ་ནི། རང་གི་འདུན་པ་སེམས་པ་དང་༔ སྙིང་གའི་འོད་ཀྱི་རོལ་པ་ཆེན་པོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་གང་བའི་དཀྱིལ་འཁོར་གྱི་འཁོར་ལོར་བཛྲ་ས་མཱ་ཛ༔ ཧཱུྃ། འོག་མིན་ཆོས་དབྱིངས་བདེ་ཆེན་ཞིང་ཁམས་ནས༔ ལྷུན་གྲུབ་རོལ་པ་ཡེ་ཤེས་ཀློང་དགུའི་གར༔ ཞི་ཁྲོ་རབ་འབྱམས་དཔལ་ཆེན་བཀའ་བརྒྱད་ལྷ༔ གདུག་པ་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཨེ་ཧེ་ཧི་ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཧཱུྃ་ཧཱུྃ་ཛ༔


JKT016_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ནི། ཧཱུྃ། མ་དག་སྣང་བ་དག་པ་རབ་འབྱམས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་ཡོངས་ཤར་བ༔ ཏིང་འཛིན་སྤྲུལ་པའི་ཞིང་མཆོག་ཉམས་དགའ་བརཿ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ བརྒྱད་པ་ནི། ཧཱུྃ། རང་བྱུང་རང་ཤར་སྤྲུལ་པའི་དཀྱིལ་འཁོར་ལ༔ བཟང་ངན་གཉིས་འཛིན་ཀུན་རྟོག་རྣམ་དག་ཀྱང་༔ རང་རིག་ཆོས་སྐུར་མཇལ་བའི་བརྡ་ཕྱག་གར༔ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱི༔ ཨ་ཏི་པཱུ་ཧོ༔ ན་མ་ཡཱ་མི༔ དགུ་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ མ་ཧཱ་ཛ་ན་ཏེ་ཏེ་ཧཱུཾ༔ ཏེ་ན་ཏེ་ཏེ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་ས་པ་རི་ཝཱ་ར་དྷ་པེ་ཧཱུྃ༔ པུཤྲཱི་ཧཱུྃ༔ ཨཱ་ལོ་ཀེ་ཧཱུྃ༔ གནྡྷེ་ཧོ༔ ནཻ་ཝི་དྱེ་ཨཱ ཤརྡ་ཧཱུྃ༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཧ་ལ་པཉྩཔཱུ་ཛ་ཧོ༔ ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨམྲྀ་ཏ་ཧཱུྃ་ཧྲཱིཋཱ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བཛྲ་ཨ་མྲྀ་ཏ་ཛ་གད་པཱུ་ཛ་ཧོ༔ ཛཧཱུྃ་བཾ་ཧོ༔ ཏ་ན་ག་ཎ་པཱུ་ཛ་ཧོ༔ བཅུ་པ་ནི། ཧཱུྃ། མི་སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའ༔ དྲག་ཤུལ་རྡོ་རྗེའི་གད་མོ་གཤེ་བའི་སྒྲ༔ མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་རྔམས༔ གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོད༔


JKT016_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་གཅིག་ལ་ཡེ་ཤེས་ཀློང་དགུའི་རྩལ༔ གདུལ་བྱའི་ཁམས་ལ་རྗེས་ཆགས་ཁྲོ་བོའི་ཉམས༔ རོལ་པའི་ཆོ་འཕྲུལ་མི་བཟད་འབར་བའི་སྐུ༔ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ཅེས་བསྟོད་ཅིང་བསྐྱེད་རིམ་གྱི་གསལ་སྣང་དང་ང་རྒྱལ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་དག་དྲན་ལ་བསླབ། བཅུ་གཅིག་པ་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ཞི་བར་བསྙེན་པ་ནི། བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ ཐུགས་མཆོག་འོད་ཀྱི་དྲྭ་བའི་ཀློང་༔ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྟེང་༔ ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་ལ༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་ཅན༔ ཐུགས་ཀར་བདེ་གཤེགས་ཀུན་གྱི་སྲོག༔ ཡི་གེ་འབྲུ་གསུམ་བརྩེགས་མར་གསལ༔ དེ་ལས་འོད་འཕྲོས་སྣང་སྲིད་ཀུན༔ ཡེ་ཤེས་ལྔ་རུ་སངས་རྒྱས་གྱུར༔ འཁོར་འདས་རོ་གཅིག་ལྟ་བའི་ངང༔ ཨོ་ཨཱཧཱུྃ༔ ཞེས་ཡིད་བཟླས་སམ་ཤུབ་བུར་བཟླ། བསྙེན་པའི་ཚད་ནི་བྱེ་བ་གསུམ་མོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཡེ་ཤེས་རྒྱལ་པོ་སྟང་དཔྱལ་གྱི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ གསེར་གྱི་རྡོ་རྗེ་རྭ་དགུ་པའི༔ དབུས་རྭར་ཏིང་འཛིན་སེམས་དཔའ་ཧཱུྃ༔ རྭ་བརྒྱད་མདུན་ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལཿ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀཱ་ཀྲོ་དྷ་ཙིཏྟ་ཧཱུྃ༔ ལྷ་ལ་གསལ་སྣང་ཐོན་པ་དང་༔ འཕྲོ་འདུའི་གཟེར་ལ་ལྡེ་ཁ་བསྒྱུར༔ རང་རང་སྔགས་ཀྱི་ཡིག་འབྲུ་ལསཿ སྔགས་ཕྲེང་ལུ་


JKT016_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རྒྱུད་དུ་ཐོན༔ ཡབ་ནས་ཡུམ་གྱི་ཞལ་དུ་ཞུགསཿ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནསཿ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོར༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་དབྱིག༔ ཐམས་ཅད་བསྡུས་ནས་རང་ལ་བསྟིམསཿ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཞེས་པའི་དམིགས་པ་རྩེ་གཅིག་པ་དང་བཅས་རྩ་སྔགས་ཡི་གེ་བཅུ་གསུམ་པ་གཙོ་བོར་བཟླ་ཞིང་། སྐབས་སུ་ཟབ་མོ་ཐུགས་ཀྱི་སྒྲུབ་པའི་ཡང་སྙིང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པའང་བཟླ། སྤྱི་དྲིལ་བཟླ་བར་མོས་ན་དོ་ལིའི་ཛཔྲ་དགོངས་དང་། ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས༔ འུར་ཆེམ་འབྲུག་གི་སྒྲ་བཞིན་སྒྲོགས༔ ལྔ་ལྡན་འོད་ཀྱིས་སྟོང་གསུམ་གང་༔ འདོན་ཞི་ཞིང་ཚེ་དཔལ་རྒྱས༔ ཁམས་གསུམ་དབང་འདུས་དམིགས་བྱ་བསལ༔ རིག་འཛིན་བཞི་ཡི་གནས་ཐོབ་གྱུར༔ ཅེས་དམིགས་ལ། ཨོཾ་བཛྲ་ཙཎྚ་སརྦ་དུཥྚ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླ དེའང་། གཙོ་ལ་འབྲུ་འབུམ་ལས་རུང་སྟེ༔ གཞན་དུ་དེ་ཡི་བཞི་འགྱུར་ལ༔ སྤྱི་དྲིལ་བཅུ་ཆ་དག་ཏུའོ༔ ཞེས་གསུངས་སོ། །གསུམ་པ་བསྙེན་སྒྲུབ་སྔོན་དུ་ཐེམས་པས་ལས་སྦྱོར་གྱི་བཟླས་པ་བྱེད་པར་སྤྲོ་ན་གཞུང་དུ་ཤེས། གང་ལྟར་ཡང་བཟླས་པ་བསྡུ་བ་ན། དབྱངས་གསལ་རྟེན་སྙིང་ཡི་གེ་བརྒྱ་པས་སྔགས་ཀྱི་ལྷག །ཆད་ཁ་བསྐང་ཞིང་ནུས་པ་སྤེལ། སྟོང་ཚིགས་ཀྱི་མཆོད་བསྟོད་ཀྱང་བྱའོ། །བཅུ་གཉིས་པ་ནི། ཐུན་མཚམས་སུ་ཚོགས་མཆོད་མདོར་བསྡུས་བྱ་བར་སྤྲོ་ན་དམ་རྫས་སུ་འོས་པའི་ཐབས་ཤེས་བཟའ་བཏུང་གི་ཚོགས་བཤམས་


JKT016_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདུད་རྩིས་བསངས་ཤིང་བྱིན་གྱིས་བརླབ་པ་ནི། ཧཱུྃ། དཔལ་ཆེན་ཐུགས་ལས་རི་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས༔ སྣང་སྲིད་བདེ་ཆེན་ཀ་པཱ་ལརཿ བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར༔ ཨོཾ་ཨཱཧཱུྃ་ཧ་ཧོ་ཧི༔ སྤྱན་འདྲེན་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་དང་༔ ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ནས༔ དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་༔ གནས་ཡུལ་དུར་ཁྲོད་བརྒྱད་རྣམས་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོ་དང་༔ ཤུགས་འགྲོ་རྣལ་འབྱོར་ཞིང་སྐྱོང་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དེ་བ་ཌཱ་ཀ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་མ་ཡ་ཛ༔ ཕུད་དང་པོ། ཧཱུྃ། སངས་རྒྱས་དམ་ཚིག་བླ་ན་མེད༔ ཕྱི་ནང་གསང་བ་རྨད་བྱུང་ཚོགས༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལཿ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་དང་། ཐ་མ་བསྒྲལ་མཆོད་གཞུང་ལྟར་རམ་བསྡུ་ན། ཧཱུཾ། བདག་གི་ཚེ་རབས་ཐོག་མེད་ནས༔ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེ༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཧེ་རུ་ཀའི་ཡིག་བརྒྱ་བཟླ། ཧཱུྃ། མ་རིག་ལས་ཉོན་གཟུང་འཛིན་གྱིས༔ བསྐྱེད་པའི་བདག་འཛིན་རུ་དྲ་ཀུན༔ གཟུགས་ལ་ཕོབ་ཅིག་ནི་ཏྲི་ཛ༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ༔ གཟུགས་ཕུང་


JKT016_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་འཁོར་ལོར་རོལཿ མཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བྷ་སུ་ཏ་ཀཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་སྐོང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་། རྣལ་འབྱོར་པ་རྣམས་ཀྱིས་ཚོགས་ཀྱི་འདོད་ཡོན་ལོངས་སྤྱད་པའི་རྗེས་ལྷག་མ་བསྔོ་བ་ནི། ཞིང་ལྤགས་ཀྱི་སྟེང་དུ་གཞག །ཧེ་རུ་ཀའི་དམ་རྒྱས་ཁ་ཕྲུ་དབབ། ཨ་ཀཱ་རོས་བརླབ་ཅིང་བཤུག་གླུ་དང་བཅས་ལྷག་སྡུད་སྤྱན་དྲངས་ལ། ཧཱུྃ། རྣམ་དག་རང་བཞིན་ཞི་བ་ལསཿ བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི༔ ཐབས་ཤེས་ཟླ་གསང་རོལ་པ་ལས༔ དཀྱིལ་འཁོར་མུ་རན་སྐྱོང་བ་རྣམས༔ ཕམ་ཕབས་ལོངས་ལ་བསྟན་པ་སྲུངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ལྷག་མ་གཏོང་། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །བཅུ་གསུམ་པ་ལ། དངོས་གྲུབ་བླང་ཞིང་ནོངས་པ་བཤགས། །བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་སོ། །ཞེས་ལྔ་ལས། དང་པོ་ནི། མཆོད་ཅིང་བསྟོད་ལ། ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི༔ དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ༔ རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནསཿ རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས༔ རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ༔ གྲུབ་ཆེན་


JKT016_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་ཕྲིན་ལས་རྣམ་པ་བཞི༔ འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས༔ ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ༔ ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ རྩ་སྔགས་མཐར། དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ གཉིས་པ་ནི། ཡི་གེ་བརྒྱ་པ་ལན་མང་དུ་བཟླས་པས་ནོངས་པ་བཤགས། གསུམ་པ་ནི། ཧཱུྃ། སྣོད་བཅུད་ལྷ་དང་གཞལ་ཡས་སུ༔ %ཤར་བ་དག་པའི་སྣོད་བཅུད་ཀྱང་༔ རྟེན་ཉིད་བརྟེན་པ་ལྷ་རྣམས་ཀྱང་༔ གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ༔ ཞབས་ཀྱུ་ནས་བཟུང་ནཱ་དའི་བར༔ རིམ་ཡལ་གདོད་མའི་གཤིས་སུ་ཨ ཞེས་མཉམ་པར་གཞག །སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་བ་ནི། སླར་ཡང་རིག་པ་བྱང་ཆུབ་སེམས༔ རྗེས་ཐོབ་གཉུག་མའི་ཧེ་རུ་ཀཿ ཕྱག་རྒྱ་གཅིག་པའི་གནས་གསུམ་དུ༔ ཡི་གེས་མཚན་པས་རྣམ་རྟོག་སྲུངས༔ བཛྲ་རཀྵ་ཧཱུྃ༔ ཞེས་རྡོ་རྗེའི་གོ་བགོ་ཞིང་། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །བཞི་པ་ནི། ཧཱུྃ། །སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་༔ བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགསཿ མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ༔ ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག༔ ལན་གསུམ། ལྔ་པ་ནི། རང་གཞུང་ངམ་རིག་འཛིན་གྱི་ལས་བྱང་སོགས་ལས་འབྱུང་བའི་ཤིས་བརྗོད་གང་རུང་དང་བཅས་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །ཞེས་པའང་རྒྱུན་གྱི་རྣལ་འབྱོར་དང་།


JKT016_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་སོགས་ཐུན་དྲུག་ཏུ་གཞུང་བསྲང་བའི་སྐབས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། གཏེར་གཞུང་རྡོ་རྗེའི་གསུང་ཇི་ལྟ་བར་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་མེད་གྲུབ་པའི་སྡེས་ཉུང་གསལ་སྙིང་པོར་དྲིལ་བའི་དགེ་བས་མཐའ་ཡས་པའི་འགྲོ་། ཀུན་དཔལ་ཧེ་རུ་ཀའི་གོ་འཕང་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།


no previousཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་སྙིང་པོར་དྲིལ་བ།next