Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་མཆོད་ཕྲིན་ལས་མཆོག་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་མཆོད་ཕྲིན་ལས་མཆོག་སྦྱིན།next

བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་མཆོད་ཕྲིན་ལས་མཆོག་སྦྱིན།


JKT016_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་མཆོད་ཕྲིན་ལས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ།། །།


JKT016_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། །ཀུན་བརྟགས་འཁྲུལ་པའི་དྲྭ་བ་མ་ལུས་པ། །དག་པའི་གཞན་དབང་ཕྱག་རྒྱར་བསྡམས་པ་ལས། །ཡོངས་གྲུབ་ཡེ་ཤེས་ཆེན་པོར་འབར་བའི་གཟུགས། །དཔལ་ལྡན་སྔགས་ཀྱི་སྲུང་མས་དགེ་ལེགས་མཛོད། །གང་གི་ཚད་མེད་ཐུགས་དམ་ཨུཏྤལ་གསར། །དགྱེས་སྐོང་ཚོགས་མཆོད་ཉིན་མོར་བྱེད་པའི་དཔྱིད། །ཤར་བས་དོན་གཉིས་ཕྲིན་ལས་མཆོག་གི་བཅུད། །ཅི་དགར་སྦྱིན་པའི་ཚུལ་འདི་དང་དུ་ལོངས། །དེ་ལ་འདིར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བླ་རྫོགས་ཐུགས་གསུམ་མཐའ་དག་གི་བཀའ་སྲུང་ཐུན་མོང་མ་ཡིན་པ་དཔལ་ལྡན་མ་མགོན་ལྕམ་དྲལ་ལ་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པ་དང་། མཆོག་ཐུན་ཕྲིན་ལས་རླབས་པོ་ཆེ་བདེ་བླག་ཏུ་འགྲུབ་པར་འདོད་པས། དང་པོ་སྦྱོར་བ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱི་ནང་བཤད་པའི་རྟེན་རྫས་སྤྱི་དང་། བྱེ་བྲག་


JKT016_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཚོགས་ཀྱི་འཁོར་ལོར་འདུ་བར་འོས་པའི་ཐབས་ཤེས་བཟའ་བཏུང་གི་མཆོད་པ་གྱ་ནོམ་པ་བཅས་བཤམས་པར། བདག་ཉིད་གཉུག་མའི་ཧེ་རུ་ཀར་གསལ་བའི་མདུན་དུ་ཆོས་སྐྱོང་ལྕམ་དྲལ་ལས་གཞུང་ལྟར་བསྐྱེད་ཅིང་སྤྱན་དྲང་པ་ནས་བཟུང་བཟླས་པའི་བར་ལེགས་པར་གྲུབ་རྗེས། གཉིས་པ་དངོས་གཞི་ལ། བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས། དང་པོ་བྱིན་གྱིས་བརླབ་པ་ནི། ཧཱུཾ། བདག་ཉིད་དཔལ་ཆེན་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས། །སྣང་སྲིད་བདེ་ཆེན་རང་བྱུང་ཀ་པཱ་ལར། །བཅུད་རྣམས་རིགས་ལྔའི་དམ་ཚིག་བདུད་རྩིར་གྱུར། །རཾ་ཡཾ་ཁཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུཾ་བྷོ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །སྐྱེ་བའི་ཆོ་


JKT016_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་རྡོ་རྗེ་སྲིན་པོའི་ཚུལ། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉ་མོ། །དབྱིངས་ཕྱུག་རྒྱལ་མོ་ཨེ་ཀ་ཛ་ཊི་སོགས། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ལོངས་སྤྱོད་འདོད་ཡོན་མི་ཟད་མཆོད་པའི་སྤྲིན། །ཟག་མེད་བདུད་རྩིའི་དགའ་སྟོན་བཞེས་སླད་དུ། །ཐུགས་རྗེའི་ཐུགས་དམ་དབང་གིས་གནས་འདིར་གཤེགས། །སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཧཱུཾ་བྷྱོ༔ ཕྱི་ལྟར་ཐབས་ཤེས་བཟའ་བཅའ་བཏུང་བའི་ཚོགས། །ནང་ལྟར་དབང་ཡུལ་དགྱེས་པ་སྐྱེད་པའི་རྫས། །གསང་བ་བདེ་སྟོང་ཟུང་འཇུག་མཆོད་སྤྲིན་གྱིས། །དཔལ་མགོན་ལྕམ་དྲལ་འཁོར་བཅས་མཉེས་གྱུར་ཅིག །སརྦ་བཛྲ་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བཤགས་པ་ནི། ཧཱུཾ་བྷོ གཟོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་གཤིས། །གློ་བུར་འཁྲུལ་པས་དཀྲིས་པའི་གཞན་དབང་གིས། །དམ་ཅན་སྲུང་མའི་ཐུགས་དང་འགལ་བ་ཀུན། །ལོངས་སྤྱོད་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་ཐུགས་དམ་བསྐང་བ་ནི། སྐོང་རྫས་རྣམས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ལས་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་


JKT016_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ་བཟང་རྒུས་འབྱོར་པ་མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མ་སྶརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་དང་བཛྲ་སྤ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས་ཤིང་ཟད་མེད་དུ་སྤེལ་ནས། བྷྱོ༔ ཏིང་འཛིན་སྤྲུལ་པའི་གནས་མཆོག་འདིར༔ ཞེས་སོགས་གཞུང་ལྟར་དང་། སྤྲོ་ན་ཕུད་སྐོང་ཆེན་མོ་དང་མདོས་སྐོང་སྲིད་པ་གཞིར་བཞེངས་དང་། འཁྲུགས་སྐོང་རྒྱས་པ་རྣམས་ཀྱང་རིམ་པར་བཏང་བའི་རྗེས་བཤགས་པ་དམིགས་བསལ་བྱེད་པར་མོས་ན། ཨོཾ ༈ ཡེ་ཤེས་ལས་གྲུབ་མངོན་ཤེས་མཐུ་རྩལ་ཅན་སོགས་ཀུན་མཁྱེན་བླ་མའི་གསུང་ལས་འབྱུང་བ་ལྟར་བྱས་ལ། དེ་ཙམ་སྤྲོས་པས་མ་ལྕོགས་ན་ལས་གཞུང་གི་སྐོང་བ་ལ་སྐོང་བཤགས་གཉིས་ཀ་འདུས་པ་ཡིན་པས་ཆད་སྐྱོན་དུ་མི་འགྱུར་རོ། །དྲུག་པ་བསྒྲལ་ཞིང་བསྟབ་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སོགས་ནས། དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲཀ་རཀྵ་ཨེ་ཀ་ཛ་ཊི་མ་མ་བྷོ༔ མ་ཧཱ་ཀཱ་ལ་ཤཱ་ས་ན། ཏྲེ་བཛྲ་སཱ་དྷུ་ས་མ་ཡ་ཨ་ཡ་ཨ་དུ་རུ་ཙ་ཤ་ན་ཀིངྐ་ར་ནི་ཏྲི་བཛྲ་ཨངྐུ་ཤ་ཛ༔ ཛཧཱུྃ་བཾ་ཧོ༔ ཞེས་དགུག་གཞུག་བྱས་ལ། ཧཱུཾ་ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །བཀའ་སྡོད་རོལ་པའི་


JKT016_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །ལྕམ་དྲལ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཅེས་བསྐུལ། ཧཱུཾ་ཧཱུཾ། སྣང་སྲིད་སྣོད་བཅུད་ཡེ་ནས་རྣམ་དག་ཀྱང་། །རང་རང་ལས་ལས་གཞན་དུ་སྣང་བའི་གཟུགས། །གཉིས་འཛིན་ལོག་འདྲེན་དགྲ་བགེགས་འབྱུང་པོའི་ཚོགས། །ཐམས་ཅད་རོ་མཉམ་མཚོན་ཆས་དབྱིངས་སུ་བསྒྲལ། །སརྦ་ཀྲྀ་ཏྲི་ཤ་ཧཱུཾ་མཱ་ར་ཡ་ཆད། ཅེས་བསྐུལ། མ་མ་ཏྲཀ་རཀྟ་ཨེ་ཀ་ཛ་ཊཱི་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོསྐཁ་རཾ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཏྲི་ལིང་ཀིངྐ་ར་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོམ་ཁ་རཾ་ཁཱ་ཧི། ཏྲི་བཛྲ་སཱ་དྷུ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོ༔ཁ་རཾ་ཁཱ་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་ཀིངྐ་ར་ས་མ་ཡ་བ་ལི་ཏ་བྷུཉྫཧོ༔ ཞེས་ཟས་སྐལ་དུ་བསྔོས་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷོ། སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལ༔ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཛ༔ ཟུང་འཇུག་ཐུགས་རྗེ་བཛྲ་སཱ་དྷ་སོགས༔ སྙིང་ཐིག་གཉེན་པོའི་བཀའ་སྲུང་ཐམས་ཅད་ཀུན༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས༔ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་༔ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ བྱད་ཕུར་རྗོད་


JKT016_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ཐན་ལྟས་ངན་པ་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ བདུན་པ་བསྟོད་པ་བྱ་བ་ནི། བྷོ། དཔལ་ལྡན་རང་བྱུང་རྒྱལ་མོ་ནི༔ སོགས་ལས་གཞུང་ལྟར་དང་། སྤྲོ་ན་བསྟོད་པ་རྒྱས་པ་གཞན་ཡང་བྱའོ། །བརྒྱད་པ་འདོད་པའི་དོན་ལ་ཕྲིན་ལས་གསོལ་བའི་ཐོག་མར་མངའ་གསོལ་བྱ་བར་སྤྲོ་ན། སྐྱེ་མེད་རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་མོ། །སོགས་བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ་ལྟར་རམ། བསྡུ་ན། ཧཱུཾ་ཧཱུཾ། བདེ་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ལས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་མངའ་གསོལ་ལོ། །ཤིན་ཏུ་ཕྲ་བ་གཉུག་མའི་མཚན་དཔེ་ནི། །དྲག་ཤུལ་སྲིན་མོ་ཁྲོས་པའི་སྣང་ཚུལ་གྱིས། །སྡེར་བཅས་བདུད་སྡེའི་དཔུང་ཚོགས་ཕམ་བགྱིད་པའི། །ཁ་སྦྱོར་རྡོ་རྗེའི་སྐུ་རུ་མངའ་གསོལ་ལོ། །འཇུག་དང་ལྡང་བའི་སྲོག་རྩོལ་རྒྱུ་བ་ཀུན། །འོད་གསལ་དབུ་མའི་དབྱིངས་སུ་ཕྱག་བྱས་པས། །འཕོ་མེད་རྡོ་རྗེའི་སྔགས་རིག་གྲུབ་པ་པོ། །བདེ་ཆེན་ནཱ་དའི་གསུང་དུ་མངའ་གསོལ་ལོ། །སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོ་དང་། །མི་ཕྱེད་མཉམ་པར་སྦྱོར་བའི་ཆོས་ཉིད་ནི། །འཕོ་ཆགས་སྤྲོས་པའི་ཕ་རོལ་ལས་བརྒལ་བ། །རང་བཞིན་མེད་པའི་ཐུགས་སུ་མངའ་གསོལ་ལོ། །རྩེ་གཅིག་སྒྲུབ་


JKT016_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་ལ་ཐུགས་བརྩེ་བས། །གྲུབ་གཉིས་འདོད་པ་ལྷུག་པར་འཇོ་བའི་དཔྱིད། །ཡོན་ཏན་ཡིད་བཞིན་ནོར་བུས་མཚོན་མིན་ཕྱིར། །སྙིང་རྗེས་ཡོངས་གང་ཆེན་པོར་མངའ་གསོལ་ལོ། །རྨད་བྱུང་། ཐབས་ལ་མཁས་པའི་འཇུག་པ་ནི། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་མཐའ་ཀླས་ཀྱིས། །ཐེག་མཆོག་སྙིང་པོའི་བསྟན་པ་བསྲུང་བ་ལ། །ཕྲིན་ལས་རྒྱུན་མི་ཆད་པར་མངའ་གསོལ་ལོ། །མདོར་ན་དུས་གསུམ་ཀུན་ཏུ་ཁྱོད་བསྟེན་ཅིང་། དུས་མེད་རིག་པའི་ངང་དུ་རོ་གཅིག་ན། །ཐུགས་རྗེའི་སྒྱུ་འཕྲུལ་འགོག་པ་མེད་པ་ཡིས། །བདག་གཞན་ཕན་བདེའི་དཔལ་གྱིས་སྐྱོང་བར་མཛོད། །ཅེས་པའི་རྗེས་སུ། ཀྱེ༈ ཐུབ་པའི་བསྟན་པ་རིན་ཆེན་འབར་བའི་སྣོད་སོགས་ཀྱིས་ཕྲིན་ལས་གཞོལ་བར་བྱ། དགུ་པ་ཚོགས་ལ་རོལ་པ་གཞུང་གཞན་ནས་འབྱུང་བ་ལྟར་བྱ་ཞིང་། བཅུ་པ་ལྷག་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧཱུྃ༔ ལྷག་མའི་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའི་ཁམས་གང་བར་གྱུར། ཅེས་པས་བརླབ། ལྷག་སྡུད་རྣམས། ཨེ་ཨཱ་ར་ཝི་ཧཱུྃ་ཧཱུྃ་ཛ༔ ཞེས་པས་སྤྱན་དྲང་། ཧཱུཾ་བྷོ། དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང་བ་ཡི། །ཡེ་ཤེས་རོལ་པ་དཔལ་གྱི་ལྷག་སྡུད་ཚོགས། །འདོད་ཡོན་བདུད་རྩིའི་ཕམ་ཕབས་འདི་ལོངས་ལ། །བྱང་ཆུབ་སྒྲུབ་ལ་འཚེ་བའི་བར་ཆད་སྲུངས། །ཨུ་ཙྪི་བ་ལིཾ་ཏ་ཁཱ་ཧི། བཅུ་གཅིག་


JKT016_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏོར་མ་བསྟབ་པ་ནི། འབུལ་གཏོར་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོ་གསེར་སྐྱེམས་ཀྱིས་མཚོན་པར་སྒྲུབ་ཁང་གི་ཡང་ཐོག་གང་དུ་གཏང་བའི་སར་ཁྱེར་ལ་དམིགས་བྱ་དགུག་གཞུག་བྱས་ནས་ཟས་སྐལ་དུ་བསྔོས་ཏེ། བྷོ། སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས་སོགས་གཞུང་ལྟར་བྱ། གལ་ཏེ་དྲག་པོའི་ཕྲིན་ལས་བསྒྲུབ་པ་ལ་དམིགས་ཀྱིས་བསལ་བའི་ཚེ་གཞུང་ནས་བཤད་པའི་དྲག་སྐུལ་སོགས་བྱ་སྟེ། དེ་ཡང་མན་ངག་གི་ཡི་གེ་ལ་བརྟེན་པ་གཅེས་སོ། །བཅུ་གཉིས་པ་ཆད་ཐོ་བསྒྲག་པ་ནི། །ཧཱུྃ་བྷོ། དུས་གསུམ་རྣམ་དག་བདེ་ཆེན་རྡོ་རྗེའི་དུས། །རྟོག་བྲལ་འོད་གསལ་དོན་གྱི་དཔལ་ཆེན་པོས། །དམ་ལ་བཞག་པའི་རིག་རྩལ་དྲེགས་ཚོགས་ཀུན། །མཆོད་གཏོར་བཞེས་ལ་མཚན་འཛིན་དགྲ་བགེགས་སྒྲོལ། །དེ་འོག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། །འོད་གསལ་སྙིང་པོའི་ལམ་མཆོག་བསྟན་པའི་ཚེ། །དབང་བསྐུར་དམ་མནོས་སྲུང་མའི་ཚོགས་རྣམས་ཀུན། །མཆོད་གཏོར་བཞེས་ལ་ཟབ་གསང་ཕྲིན་ལས་སྤེལ། །ཐ་མར་རིག་འཛིན་འཇིགས་བྲལ་གླིང་པ་ཡིས། །ཀློང་གསལ་དགོངས་པའི་གཏེར་རྒྱ་བཀྲོལ་བའི་དུས། །བསྟན་པ་སྐྱོང་བར་ཁས་བླངས་དམ་ཅན་ཀུན། །མཆོད་གཏོར་བཞེས་ལ་ཕན་བདེའི་དགའ་སྟོན་སྒྲུབས། །བཅུ་གསུམ་པ་བརྟན་མ་བསྐྱང་བ་ནི། ཧཱུྃ། འཕོ་མེད་འོད་གསལ་དབུ་མའི་གྲོང་ཁྱེར་རུ། །དུས་སྦྱོར་བཅུ་གཉིས་གནས་སུ་དག་པའི་གཟུགས། །བོད་སྐྱོང་བརྟན་


JKT016_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚོགས་རྣམས་གཏོར་མ་བཞེས། །གངས་ཅན་སྐྱེ་འགྲོ་བདེ་བའི་ཕྲིན་ལས་མཛོད། །མ་མ་ཧྲི་ཧྲི་བ་ལིཾ་ཏ་ཁཱ་ཧི། བཅུ་བཞི་པ་མནན་པ་བྱ་བ་ནི། ཧཱུཾ། བྱང་ཆུབ་སྒྲུབ་ལ་འཚེ་བའི་དགྲ་བགེགས་ཀུན། །རྣམ་ཐར་གསུམ་ལྡན་དབྱིངས་སུ་རྒྱས་བཏབ་ཅིང་། །དབང་དང་དྲག་ཤུལ་རོལ་པའི་བྲོ་བརྡུངས་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །ཧཱུཾ་བྷ་ཡ་ནན། གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་དངོས་གྲུབ་བསྐུལ་བ་ནི། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨགྷཾ་སོགས་ཀྱིས་མཆོད། ཧཱུྃ། དྲག་ཤུལ་རྡོ་རྗེའི་ལང་ཚོར་འབར་བའི་སྐུ། །མི་ཤིགས་བརྗོད་བྲལ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། ཧཱུྃ། ཡོངས་གྲུབ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ནས། །ཡིད་ཆེར་ཁྲོས་པའི་སྟངས་དཔྱལ་ལྕམ་དྲལ་གྱིས། །རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ། །བྲི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ གཉིས་པ་ནོངས་པ་


JKT016_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་ནི། ཧཱུྃ། རྟག་ཏུ་གཟུང་འཛིན་སྤྲོས་པ་ལས་འདས་ཕྱིར། །རང་བཞིན་དབྱིངས་ལ་ཉེས་པའི་སྐྱོན་བྲལ་ཡང་། །གློ་བུར་འཁྲུལ་པའི་མཚན་མས་བཅིངས་པའི་མཐུས། །ནོངས་པ་གང་། མཆིས་སྙིང་ནས་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། གསུམ་པ་གཤེགས་སུ་གསོལ་བ་ནི། ཧཱུཾ། བསྐྱེད་ཅིང་སྤྱན་དྲངས་ཆོས་སྐྱོང་སྲུང་མའི་ཚོགས། །གནས་ཡུལ་ལྷན་སྐྱེས་གྲུབ་པའི་གྲོང་དུ་གཤེགས། །སྣང་ཆར་ཤར་བའི་ལྷ་སྐུའི་རོལ་པ་ཀུན། །སྐྱེ་མེད་བརྗོད་བྲལ་གཉུག་མའི་དབྱིངས་སུ་ཡལ། །བཞི་པ་བསྔོ་སྨོན་བྱ་བ་ནི། ཧཱུཾ། དགེ་བའི་རྩ་བ་འདིས་མཚོན་ལེགས་བྱས་ཀུན། །རྣམ་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས། །བདག་གཞན་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ནས། །མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ལྔ་པ་ཤིས་པ་བརྗོད་པ་ནི། ཧཱུྃ། ཀུན་ཁྱབ་འགྱུར་མེད་དོན་དམ་༧བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་སོགས་མཐའ་རྒྱས་སུ་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་། ཇི་སྐད་དུ། དམ་ཚིག་ཉམས་པའི་སྐྱོན་སེལ་ཞིང་། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་ལ། །འདོད་པའི་དོན་རྣམས་སྒྲུབ་བྱེད་ཅིང་། །དགེ་བའི་ཚོགས་རྣམས་སྡུད་པ་གང་། །ཟོས་པས་དངོས་གྲུབ་འགྱུར་པ་ཉིད། །ལྷག་པའི་ལྷ་ཡང་ཚིམ་


JKT016_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་ཐོབ་བྱེད་པ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡི། །རིམ་འདིས་འདོད་པའི་འབྲས་བུ་འབྱིན། །ཅེས་པ་ལ་སོགས་པ་མཐའ་ཀླས་པ་བཤད་པའི་ཕྱིར། སྤྱིར་དུས་རྟག་ཏུ་དང་། ལྷག་པར་སོ་སོའི་རྒྱུ་|བའི་དུས་སོགས་སུ་འབད་པ་ཆེན་པོས་བརྩོན་པར་བྱ་བར་རིགས་སོ།། །།སླར་སྨྲས་པ། ཡིད་ཆོས་དབུ་མར་ཐིམ་པའི་ཡེ་ཤེས་ནི། །བདེ་སྟོང་གྲུབ་པ་ཐིག་ལེའི་ཞལ་སྐྱིན་ཅན། །ཧེ་རུ་ཀ་དཔལ་ལྕམ་དྲལ་རྒྱ་མཚོ་ཡི། །དགྱེས་སྐོང་ཕྲིན་ལས་མཆོག་སྦྱིན་དེང་འདིར་ཤར། །དེ་ལས་བྱུང་བའི་དགེ་བས་བདག་གཞན་འགྲོའི། །རླུང་སེམས་གདོད་མའི་དབྱིངས་སུ་ཉེར་བསྒྲལ་ནས། །རྣམ་གྲོལ་ཀ་དག་དོན་གྱི་གཞི་དབྱིངས་སུ། །ཕན་བདེའི་དགའ་སྟོན་གྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་ཀྱི་མཆོད་པ་ཕྲིན་ལས་མཆོག་སྦྱིན་ཅེས་བྱ་བ་འདིའང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྲུང་བའི་དམ་ཅན་རྒྱ་མཚོ་སྤྲིན་བཞིན་དུ་གཏིབས་པའི་གནས། དབུར་སྟོད་ཞྭ་ལྷ་ཁང་དུ་རིག་འཛིན་གྱི་བཙུན་པ་པདྨ་དགྱེས་པའི་སྡེས་སྐད་ཅིག་ལ་ཤར་མར་སྤེལ་བ་སརྦ་སུ་ཛ་ག་ཏཱཾ།། །།


JKT016_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱ་བ་ནི། ལས་གཞུང་གི་བསྟོད་པ་རྫོགས་ནས། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཁྲག་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་མཐིང་ནག་གཡོན་སྐོར་དུ་འཁོར་བར་བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕོག་པས་ཐུགས་རྒྱུད་རབ་ཏུ་བསྐུལ་ནས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབས་པར་གྱུར། ཅེས་བརྗོད་ལ། ཧེ་རུ་ཀའི་ཡིག་༢༡བརྒྱ་དང་། གོང་གནོན་གྱི་༡༠༠བཟླས་པ་སྔོན་དུ་འགྲོ་བས། ཏྲག་རཀྵ་མུ་ཏྲ་མུ༔ རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ རག་མོ་ཏེ་ཀེ་ཙ་རཿ རུ་ལུ་རུ་ལུ་མ་ཧི་བྷོ༔ མ་ཧཱ་ཀཱ་ལ་ཤཱ་ས་ན་ཧཱུྃ༔ བཛྲ་སཱ་དྷུ་ཏཱི༔ ཞེས་ཅི་ནུས་༣༠༠བཟླས་མཐར། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨབྷཾ་སོགས་ཀྱིས་མཆོད། ཧཱུྃ། དྲག་ཤུལ་རྡོ་རྗེའི་ལང་ཚོར་འབར་བའི་སྐུ། །མི་ཤིགས་བརྗོད་བྲལ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད།། །།


previousབཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་མཆོད་ཕྲིན་ལས་མཆོག་སྦྱིན།next