Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རབ་གནས་བཀྲ་ཤིས་འདོད་འཇོའི་སྙིང་པོ་ཉེ་བར་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརབ་གནས་བཀྲ་ཤིས་འདོད་འཇོའི་སྙིང་པོ་ཉེ་བར་བསྡུས་པ།next

རབ་གནས་བཀྲ་ཤིས་འདོད་འཇོའི་སྙིང་པོ་ཉེ་བར་བསྡུས་པ།


JKT016_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་བཀྲ་ཤིས་འདོད་འཇོའི་སྙིང་པོ་ཉེ་བར་བསྡུས་པ་བཞུགས་སོ། །


JKT016_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྟེན་གྱི་མདུན་སོགས་གང་བདེར་ཡི་དམ་གང་ལ་བརྟེན་པའི་བཅས་བཤམ་རང་གཞུང་ལྟར་དང་། རྣམ་བུམ། ལས་བུམ་རྟེན་གྱི་མདུན་དུ་མཆོད་པའི་རྣམ་གྲངས་ཅི་འབྱོར། ཉེ་ལོགས་སུ་སྟེགས་ཀྱི་ཁར་མཉྫིའི་སྟེང་དུ་མཎྜལ་ཚོམ་བུ་སོ་བདུན་ནམ་བདུན་བཀོད་པ། དེའི་མདུན་དུ་ཙཱ་རུའི་ལྷ་བཤོས་དར་གདུགས་སེར་པོས་བརྒྱན་ཅིང་ཁ་ཟས་བཟང་རྒུས་བསྐོར་བ་དང་། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གཞན་ཡང་སྦྱོང་ཆས། གུལ་ཡུངས། ཁྲུས་ཆས། མིག་ཐུར། འཐོར་ནས། རྫས་བརྒྱད། ཚོགས་ཀྱི་མཆོད་པ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ། བསྒྲུབ་༡ཅིང་མཆོད་དང་བདག་འཇུག་༢བླང་། །བགེགས་༣དང་དྲི་སྦྱང་༤རྟེན་ལྷར་བསྐྱེད། །སྤྱན་༦དྲང་དགུག་གཞུག་༧ཕྱག་རྒྱས་


JKT016_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༨གདབ། །དབང་བསྐུར་མཆོད་༡༠བསྟོད་སྤྱན་དབྱེ་༡༡ཞིང་། །ཞལ་བསྒྱུར་༡༢རབ་གནས་༡༣གསོལ་བ་གདབ་༡༤། །མཆོད་པའི་སྤྲིན་གྱི་མངའ་དབུལ་༡༥ལོ། །ཞེས་པ་ལྟར་བཅོ་ལྔ་ལས། དང་པོ་ནི། རིག་འཛིན་ཞི་དྲག་དང་། ཐུགས་རྗེ་ཆེན་པོ་སོགས་གང་རུང་གི་ལས་བྱང་གཞུང་བསྲངས་ནས་བཟླས་པ་བཅས་གྲུབ་རྗེས། ༈ རྣམ་བུམ་དུ་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་སོ་སོའི་རྩ་སྔགས་ཅི་ནུས་དང་། ཁྲུས་བུམ་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་གསལ་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨ་མི་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་སྭཱ་ཧཱ། ཞེས་དང་། ཡེ་དྷ་ཀླུ་དང་། ཁྲུས་ཀྱི་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པའང་ཅི་ནུས་བཟླས་མཐར་མཆོད་ཅིང་བསྟོད། ཡི་གེ་


JKT016_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པ་བརྗོད། བུམ་ལྷ་འོད་དུ་ཞུ་བ་ལས་ཆུ་ནུས་པ་དང་ལྡན་པར་གྱུར། ཞེས་བརྗོད་ཅིང་བསམ་མོ། །གཉིས་པ་ནི། རིག་པའི་མེ་ཏོག་དོར་བས་བདག་འཇུག་བླང་། གསུམ་པ་ནི། རྟེན་གྱི་མདུན་དུ་སྦྱོང་ཆས་བཤམས་ལ། ཞི་བས་སྦྱོང་བ་གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཚུལ་གྱིས། ཨོཾ་སརྦ་བིགྷཱན་ན་མས་སརྦ་ཏ་ཐཱ་ག་ཏེ་བྷོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུངྒ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཉྩ་ཨི་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་བཟེད་ཞལ་དུ་དོར། ཕྱེད་མས་སྦྱོང་བ་རྫས་སྔར་ཞི་བ་ལྟར་ཏིང་ལོ་དང་ཆངས་བུས་བསྐོར་ཞིང་། སྔགས་དྲག་པོ། སུམྦྷ་གསུམ་གྱིས་བཟེད་ཞལ་དུ་དོར། དྲག་པོས་སྦྱོང་བ་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྡོ་རྗེ་སྲུང་བའི་འཁོར་ལོའི་དབུས་སུ་རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་འཇིགས་སུ་རུང་བའི་སྐུར་གྱུར་པར་བསམས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་ནས་གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་


JKT016_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་འབྱུང་པོ་གཏུམ་པོ་གཟུ་ལུམས་ཅན་གང་སུ་ཡང་རུང་བ་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདི་རུ་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་སངས་རྒྱས་རྣམས་ཀྱི་མངོན་སྤྱོད་ཀྱི་ཕྲིན་ལས་ཁྲོ་བོ་འཆོལ་པའི་ཚོགས་དང་། རྡོ་རྗེ་མེའི་མཚོན་ཆས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་བཅས་ཡུངས་ཐུན་གྱིས་བྲབ།། གུ་གུལ་དང་བདུད་རྩི་ལྔས་བདུག །རོལ་མོའི་ཚོམ་རྔམས་དང་བཅས་ཕྱི་རོལ་དུ་བསྐྲད། བཞི་པ་ནི། ཁྲུས་ཀྱི་ཡོ་བྱད་འདུ་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་


JKT016_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཅེས་སྙན་གསན་དབབ། ལས་བུམ་གྱི་ཆུས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་དང་། སྤྲོ་ན་ཚིགས་བཅད་གཞན་ཡང་ཇི་ལྟར་རིགས་པས་ཁྲུས་གསོལ། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཏྨཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཙནྡན་སོགས་དྲི་ལྔ་དུང་ཞལ་དུ་གནས་པས་ཉེ་རེག་དང་ཐུགས་ཀར་བྱུགས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ན་བཟའ་དང་རྒྱན་འབུལ་ཞིང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝས་ཡ་པྲ་ཏིཙྪ་སྭཱ་ཧཱ། སྤོས་མར་གྱིས་བདུག །སྤྲོ་ན་


JKT016_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འབྲེལ་དུ་ཤིས་བརྗོད་གང་རུང་དབུལ་ལོ། །ལྔ་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོའི་ངང་ལས་རབ་ཏུ་གནས་བྱའི་རྟེན་སྐུ་གཟུགས་དང་མཆོད་རྟེན་གཙུག་ལག་ཁང་དང་སྐྱེད་མོས་ཚལ་ལ་སོགས་པ་ཨོཾ་སཾ་ཨོཾ་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པཾ་རཾ་ཨ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོ་ཛི་ན་ཛིཀྲ །ལོ་དྭེ་ཥཱ་ར་ཏི། །རྣམ་སྣང་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དགོངས་འགྲེལ་དང་བཅས་པ་གླེགས་བམ་གྱི་རྣམ་པ་ཅན་རྣམས་ཧྲི་མཾ་ཧཱུྃ་ལས་རྨ་བྱའི་ཁྲི། པཾ་རཾ་ཨ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོ་ཨཱ་རོ་ལིཀྲ །རྀ་རཱ་ག་ར་ཏཱི། སྣང་བ་མཐའ་ཡས་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །རྟོགས་པའི་ཆོས་འབྲས་བུའི་ཡེ་ཤེས་ཐུགས་ཕྱག་མཚན་གྱི་བརྡ་དང་རྣམ་པར་གྲུབ་པ་ཧཱུཾ་གཾ་ཧཱུྃ་ལས་གླང་པོའི་ཁྲི། །


JKT016_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པཾ་རཾ་ཨ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་བཛྲ་དྷིཀྲ །མུ་དྷུ་ཏེ་ཤྭ་རཱི། མི་བསྐྱོད་པ་སྔོན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་འཁོར་ལོ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི། དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་འཁྱུད་པ། དེ་བཞིན་དུ་རིན་པོ་ཆེའི་རྒྱན་ཆ་སོགས་ལ་རིན་འབྱུང་དང་། གོ་ཆ་སོགས་ལ་དོན་གྲུབ་ཏུ་སྦྱར་བ་ཡོད་ཀྱང་སྐུ་གསུང་ཐུགས་རྟེན་ལ་འདིས་ཆོག་གོ། །དེ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་རིན་པོ་ཆེའི་རྒྱན་ཆ་བཅུ་གསུམ་གྱིས་མཛེས་པ། མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་ཤིང་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོར་བཞུགས་པའོ། །དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛ༔ དྲུག་པ་ནི། རྡོ་རྗེ་བསྡུ་བའི་རྒྱ་དང་རྡོར་དྲིལ་སྤོས་བཅས། ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་


JKT016_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདིར་གཤེགས། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་ཀར་ལྟར་གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ན་མསྶརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཞེས་དང་། སྙན་བརྣན་པ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་ནྟཾ་གྱིས་གདན་དང་། ཨོ་བཛྲ་ཨནྡྷཾ་ནས། ཤཔྟ་པྲ་ཏིཙྪ་ཨཱཿཧཱུྃ་བར་གྱིས་ཉེར་སྤྱོད་འབུལ། །བདུན་པ་ནི། རང་རང་གི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་


JKT016_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཨངྐུ་ཤ་ཛ༔ ས་རྟེན་དམ་ཚིག་པའི་སྤྱི་བོར་དགུག །ཨོཾ་བཛྲ་པཱ་ཤ་ཧཱུཾ་གིས་རྟེན་ལ་གཞུག །ཨོཾ་བཛྲ་སྤོ་ཊ་ཐཾ་གྱིས་དབྱེར་མེད་དུ་བཅིང་། ཨོ་བཛྲ་ཨཱ་བེ་ཤ་ཧོས་དགྱེས་པ་བསྐྱེད་དོ། །བརྒྱད་པ་ནི། རང་རང་གི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག ་གནས་བྱའི་རྟེན་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པས་རྒྱས་བཏབ་པར་གྱུར། ཧཱུྃ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་རྒྱས་གདབ་བོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གནས་གསུམ་དུ་གཏུགས་ཤིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཨོ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། དགུ་པ་ནི། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་ལྷ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཨོ་སརྦ་ཏ་ཐཱ་ག་ཏ་ཨརྒྱུ་ནས། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་


JKT016_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཤིང་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་ནས་རྒྱལ་ཚབ་ཀྱི་ས་ལ་མངོན་པར་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག ། མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །རྣམ་བུམ་བཟུང་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་རྦ་རླབས་སྤྱི་བོར་བརྟན་པ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། རིགས་དབང་ཐམས་ཅད་ཀྱི་བདག་ཉིད་དབུ་རྒྱན་གཟུང་བའམ་ཕྱག་རྒྱ་བཅས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་


JKT016_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱརཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱི་ཞེས་དབང་བསྐུར། ཨོ་ཊོ་ཞེས་རྡོ་རྗེ་བཀའ་ནན་གྱི་གོ་བགོ །ཨོཾ་བཛྲ་ཏུ་ཧོ༔ ཞེས་ཐལ་མོས་མཉེས་པར་བྱའོ། །བཅུ་པ་ནི། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ སོགས་མཆོད་པ་བྱིན་རླབས་ནས་བརྩམས་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་ལྟར་མཆོད་པ་དང་། དྲིལ་སྟབས་དང་བཅས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །སོགས་བློ་ཀ་གཅིག་བརྗོད། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་བསྟོད། བཅུ་གཅིག་པ་ནི། དངུལ་སྣོད་དུ་མར་དཀང་། སྦྲང་རྩི། ཀ་ར། ནི་རྨ་ལ་ལ་སོགས་པ་མིག་སྨན་སྦྱར་བ་གསེར་གྱི་ཐུར་མས་བླངས་པའམ། མེད་ན་རྡོ་རྗེའི་རྗེས་སྤྱན་དབྱེ་ཚུལ་དང་བཅས། ཇི་ལྟར་མིག་མཁན་རྒྱལ་པོས་འཇིག་རྟེན་གྱི། །རབ་རིབ་གསེར་གྱི་ཐུར་མས་བསལ་བ་ལྟར། །སེམས་ཅན་རྣམས་ལ་གཟིགས་པ་ལྷུར་མཛད་ཕྱིར། །ཡེ་ཤེས་སྤྱན་མཆོག་སྲི་ཞུས་དབྱེ་བར་བྱ། །ཨོཾ་ཙཀླུ་ཙཀྵ་ས་མནྟ་ཙཀཱ་བི་ཤོ་དྷ་ནི་


JKT016_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ལན་གསུམ། བཅུ་གཉིས་པ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་དངོས་སམ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས་གནས་བྱའི་རྟེན་གང་ཡིན་གྱི་ལྷ་སོ་སོའི་སྔགས་སམ། སྤྱིར་བཏང་དུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལན་གསུམ་བརྗོད་ལ། རིགས་ཀྱིས་མཚོན་པའི་ལྷ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོའི་རྣམ་པར་གྱུར། ཅེས་བརྗོད། བཅུ་གསུམ་པ་ནི། རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་མོ་སློབ་དཔོན་གྱིས་བཟུང་ལ། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། སྐུ་གཟུགས་ལ། སུ་པྲ་ཏིཥྛ་དང་། མཆོད་རྟེན་དང་གཙུག་ལག་ཁང་ལ། ཨོ་ཧཱུྃ་ཧྲཱིབྷཱུ་ཁཾ་བཛྲ་བྷ་ཝ་དྲི་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། གསུང་རྟེན་ལ་གཉིས་ཀ་དང་། ཐུན་མོང་དུ་རྟེན་འབྲེལ་སྙིང་པོ་ཅི་མང་བཟླ། ལས་བུམ་དུ་རྟེན་སྙིང་གི་སྔགས་བཟླས་པས་གཟུངས་བུམ་གྱི་བྱེད་ལས་ཀྱང་གྲུབ་པའི་ཕྱིར། དེ་ཉིད་ཀྱི་ཆུས་བྲན་པའི་མེ་ཏོག་ཡེ་དྷརྨའི་སྔགས་ཀྱིས་མངོན་པར་སྔགས་པ་འཐོར་ཞིང་། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་རྣམས་དྲུག་པོ་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་


JKT016_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ཡེ་དྷརྨཱཧེ་ཏུ་སོགས་བཟླ། བཅུ་བཞི་པ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་སོགས་བློ་ཀ་གཉིས་པོས་མཆོད་དེ་རྟེན་གྱི་ཁྲིའམ། །དེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་སྟེ་ཐལ་མོ་སྦྱར་བས་བཏུད་ལ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་


JKT016_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བཅོ་ལྔ་པ་ལ། སྤྱིར་མཆོད་པས་མངའ་དབུལ་བ་ནི། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ཞེས་དང་མཎྜལ་བཏེགས་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུྃ་ཞེས་འབུལ། གཞན་ཡང་མཆོད་པའི་བྱེ་བྲག་དང་མཁོ་བའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་སྤྲིན་བཞིན་དུ་གཏིབས་པས་མངའ་དབུལ་བར་བསམས་ལ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་


JKT016_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་དང་། མཆོད་པའི་སྤྲིན་གྱི་སྔགས་བཟླ། ཡོ་བྱད་འཛོམས་ན་སྤྱི་བྱེ་བྲག་གི་མངའ་དབུལ་གཞུང་ལྟར་གྲུབ་ཀྱང་ལེགས། ཁྱད་པར་ཙཱ་རུའི་བཟའ་བས་མངའ་གསོལ་བ་ནི། ཞལ་ཟས་གཙང་མ་དེ་ཉིད་ཆུས་བྲན། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་པ་བཏེག་ལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ། མཐའ་རྟེན་བཀྲ་ཤིས་ཀྱིས་མངའ་གསོལ་བ་ནི། ཡེ་དྷ་མཿ སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་མ་རྒྱས་པའི་སྤྱན་མངའ་བ། །བཀྲ་ཤིས་དང་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་གཉིས་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་


JKT016_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། །བཀྲ་ཤིས་གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་ལས་གྲོལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་ཅེས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག བདེ་ཆེན་རྣམ་དག་ཆོས་དབྱིངས་གང་ཆེན་མཚོ། །མཁའ་འགྲོ་རིགས་ལྔ་ཡེ་ཤེས་སྤྲིན་འཕྲོ་བ། །སྣང་སྲིད་རྣམ་དག་ལྷ་དང་


JKT016_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་ཞིང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་པར་སྦྱར་རོ། །གསུམ་པ་རྗེས་ལ། གཏོར་༡ཚོགས་གཏོང་ཞིང་སྲུང་མ་༢བསྒོ། །དཀྱིལ་འཁོར་རྗེས་༣ཆོག་ཡོན་ཀླུབདག་༤བསྒོ། །ཤིས་༥པར་བྱ་ཞིང་རྟེན་༦ལ་མཆོད། །ཡོངས་སུ་བསྔོ་བས་༧རྒྱས་གདབ་བོ། །ཞེས་པ་ལྟར་བདུན་ལས། དང་པོ་ནི། གྲུབ་ན་ཕྱི་རོལ་ཏུ་གཏོར་མ་ཆ་གསུམ་བཏང་། །གང་ལྟར་ཡང་ཆོས་སྲུང་གི་གཏོར་བསྔོ་སྐོང་བཤགས་རྒྱས་བསྡུས་གང་རིགས་དང་། ཚོགས་བྱིན་རླབས་ནས་བཟུང་བསྒྲལ་མཆོད་ཀྱི་རྗེས་སྐོང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་ངོ་། །གཉིས་པ་ནི། གནས་དེའི་སྲུང་མ་དང་། སྒོས་སུ་གཉེར་གཏད་དམིགས་བསལ་ཡོད་ན་དེའི་གཏོར་མ་ཟུར་དུ་བཤམས་པ་ལ། སྤྱིར་བཏང་མ་མགོན་ལྕམ་དྲལ་ལ་མཚོན་ན། གཏོར་མ་གསར་དུ་བཤམ་པའམ་གསོ་བྲན་བྱས་ལ་བྱིན་གྱིས་བརླབ། བྷོ ཏིང་འཛིན་སྤྲུལ་པའི་སོགས་སྐོང་བ་དང་། བྷོ སུམ་ཅུ་རྩ་གསུམ་སོགས་ནས། ལྷུན་གྲུབ་མཛོད་པར་ཕྲིན་བཅོལ་སྔོན་དུ་འགྲོ་བས་རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ། བཛྲ་རཀྟ་ཧཱུྃ་ཞེས་དང་། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་པས་དམ་ལ་བཞག །རྡོ་རྗེའི་ཆོས་སྐྱོང་བ་མ་མགོན་ལྕམ་དྲལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྟེན་འདི་རྣམས་ཀྱི་སྲུང་མ་དང་ཡོན་བདག་གྱིས་ལ་འདི་དག་དངོས་དང་དཀོར་ཆ་ལ་མི་སྲུན་པར་བགྱིད་པ་རྣམས་ལ་ཆད་པས་གཅོད་ཅིང་སྲུང་བ་དང་སྐྱོང་བའི་ཕྲིན་ལས་རྒྱུན་མི་འཆད་པར་མཛོད་ཅིག །ཅེས་གཉེར་གཏད་པར་


JKT016_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསུམ་པ་ནི། ཚོགས་ཀྱི་ལྷག་མ། སྐུལ་བ། སྲུང་མའི་གཏོར་འབུལ། ཆད་ཐོ། བརྟན་མ། རྟ་བྲོ། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་བླང་བ། བཤགས་པ། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ། བདག་བསྐྱེད་ཉེར་བསྡུ་དང་། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་སོ་སོའི་ལས་གཞུང་ལྟར་བྱའོ། །བཞི་པ་ནི། སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་རྣམས་འདུ་བྱ། དེ་དང་ཉེ་བར་སྟན་བཟང་པོ་མེ་ཏོག་གི་ཚོམ་བུ་ཅན་ལ་ཡོན་བདག་གོས་རྒྱན་བཟང་པོ་བྱས་ལ་འཁོད། ཉེ་ལོགས་སུ་རྟེན་ལ་འབུལ་རྒྱུའི་མཆོད་པ་སྣ་ལྔ་ཡང་བསྡོགས་དཔོན་སློབ་ཡོན་བདག་བཅས་པར་ཙཱ་རུའི་བཟའ་བའང་འགྲིམས་ཤིང་། བདེ་གཤེགས་གག་སྒྲིག་པ་བྱང་བར་འགྱུར། །ཞེས་དང་། བསམ་པ་ལྷུན་གྲུབ་སོགས་ཀྱི་གསོལ་འདེབས་སྨོན་ལམ་བྱ་ཞིང་ཚོགས་ཀྱི་བཟའ་བཏུང་དྲང་། དེ་ནས་སློབ་དཔོན་གྱིས། སྤྲོ་ན་སྟོངས་ཐུན་གྱིས་ཐོག་དྲངས། གང་ལྟར་ཡང་། ཁྱེད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པར་རབ་གནས་པར། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་གདམས་ཏེ། བཤམས་པའི་མཆོད་པ་བྱིན་གྱིས་བརླབས་ལ། སྦྱིན་བདག་གིས་རྟེན་གྱི་དྲུང་དུ་འབུལ། མེ་ཏོག་སྤྲིན་མཛེས་ལྡིང་ཁང་མཛེས་འབར་བ། །སྤོས་དང་སྨན་སྦྱར་བདུད་རྩིའི་སྤྲིན་ཕུང་དང་། །གཟི་ལྡན་སྒྲོན་མེ་ཞལ་ཟས་རོལ་མོའི་


JKT016_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན། །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་སྤྲིན་གྱིས་མཆོད། །ཅེས་བརྗོད་ཅིང་རོལ་མོ་བྱ། །ལྔ་པ་ནི། ལས་སྔགས་དང་ལས་བུམ་གྱི་ཆུས་རྫས་དང་ཡོན་བདག་ལ་འཐོར་བས་བགེགས་བསྐྲད། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་བྱེད་ལས་གྲུབ་པའི་རྣམ་པ་དང་། ཡོན་བདག་ཀྱང་གནོད་སྦྱིན་གྱི་སྡེ་དཔོན་ཛམྦྷ་ལར་གྱུར་པར་བསམས་ལ་མེ་ཏོག་འཐོར་ཞིང་། དཔའ་བོ་ཆེན་པོ་གང་སྐྱེས་པར། །ཕུན་ཚོགས་འདོད་ཀུན་འབྱོར་གྱུར་ཅིག །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཏེ། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སངས་རྒྱས་ཁྱོད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པ་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པའི། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གཏོར་ནས་བཀྲ་ཤིས་ཀྱི་རྫས་རེ་རེ་བཞིན་ཐོགས་ཏེ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་


JKT016_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རྟག་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ཡི། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱརླས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་བར་ཤོག །བིཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པས། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་


JKT016_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་ལས་རྡོར་གྱིས་སོ་སོར་རྟེན་ལ་འབུལ་ཚུལ་དང་། སྦྱིན་བདག་འཁོར་བཅས་ལ་གཏད་ཅིང་མཐར་སྦྱིན་བདག་གི་མདུན་དུ་བཞག་གོ །དྲུག་པ་ནི། སླར་ཡང་སྤོས་དང་མར་མེ་སོགས་མཆོད་པའི་རྣམ་པ་དུ་མས་རྟེན་ལ་མཆོད་ཅིང་། མེ་ཏོག་དམ་པ་སོགས་ཚིགས་བཅད་དང་། མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བཟླ། བདུན་པ་ནི། སློབ་དཔོན་གྱིས་ཡོངས་སུ་བསྔོ་བའི་རྣམ་གཞག་རྒྱས་པར་བརྡ་སྤྲོད་པའམ། བསྡུ་ན། དེ་ལྟར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། རབ་ཏུ་གནས་པས་མངའ་གསོལ་བས་མཚོན་བསོད་ནམས་ཀྱི་དངོས་པོ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་དང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་དང་། འཇམ་དཔལ་དཔའ་བོས་སོགས་བློ་ཀ་གཉིས་ཀྱིས་བསྔོ་བ་དང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད་ཅེས་སོགས་ཀྱིས་མཚོན་སྨོན་ལམ་རྒྱས་བསྡུས་གང་རུང་གི་མཐར་ཤིས་བརྗོད་དང་བཅས་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྦྱར། སྦྱིན་བདག་རང་གནས་སུ་གཏང་། དཔོན་སློབ་རྣམས་ཀྱིས་ལས་གཞུང་གི་བསྔོ་སྨོན་ཤིས་བརྗོད་དང་། དཀྱིལ་འཁོར་གྱི་ཡོ་བྱད་བསྡུ་བ་སོགས་སྤྱི་ལྟར་བྱའོ། །དེ་ལས་ཀྱང་བསྡུས་པ་ལ་མོས་ན། བདག་བསྐྱེད་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས་བུམ་པ་གཉིས་


JKT016_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ། བགེགས་སྦྱོང་བ་ནས་གསོལ་གདབ་ཀྱི་བར་གོང་ལྟར་ལ། མངའ་དབུལ་གོང་ལྟར་བྱ་བའམ། མ་གྲུབ་ན་མཆོད་བསྟོད་ཤིས་བརྗོད་དང་བཅས་མེ་ཏོག་འཐོར། དེ་ནས་བདག་བསྐྱེད་ཀྱི་རྗེས་ཆོག་ཚང་བར་བགྱིས་པས་དོན་གྲུབ་ཅིང་། གལ་ཏེ་བུམ་པ་མ་འབྱོར་ན། རྟེན་ལ་ཡུངས་ཀར་གཏོར་ཞིང་གུ་གུལ་བདུག །སུམྦྷས་བགེགས་བསལ། ཁྲུས་དང་དབང་བསྐུར་བའང་དམིགས་པ་ཙམ་གྱིས་བགྱིས་པས་ཀྱང་ཏིང་ངེ་འཛིན་བརྟན་པོ་ཡོད་ན་རུང་ངོ་།། ༈ །།ཡང་དཀྱིལ་འཁོར་གང་ལ་བརྟེན་པའི་མདུན་བསྐྱེད་ཀྱི་ཚུལ་དུ་རྟེན་བསྐྱེད་ན། ཤུ་ནྱ་ཏཱས་སྟོང་པར་སྦྱངས་པའི་རྗེས། རིག་འཛིན་ལ་མཚོན་ན། མདུན་རྟེན་མི་དམིགས་སྟོང་པའི་ངང་༔ ཕོ་བྲང་གཞལ་མེད་ཉམས་དགའ་བ༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔ ཕྱི་ནང་ཟང་ཐལ་ཆེན་པོའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཞེས་པ་ནས། སྤྱན་འདྲེན་གནས་འདིར་ས་མཱ་ཛ༔ ཞེས་པའི་བར་རང་གཞུང་ལྟར་སྤྱན་འདྲེན་རང་གཞུང་ལྟར་རམ་གོང་དུ་སྨོས་པ་གང་རིགས་སྙན་བརྣན་པ། དགུག་གཞུག །རྒྱས་གདབ། དབང་བསྐུར་རྣམས་གོང་ལྟར། མཆོད་བསྟོད་རང་གཞུང་ལྟར་སྦྱར་བ་མ་གཏོགས་གཞན་འདྲ་ཞིང་། ཞལ་བསྒྱུར་སྐབས། བསྐྱེད་པའི་ལྷ་རྣམས་ཡོངས་སུ་གྱུར་པ་ལས་སོགས་བརྗོད། དེ་བཞིན་དུ་ཐུགས་རྗེ་ཆེན་པོ་ལ། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས༔ རང་སྣང་


JKT016_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་རི་བོ་པོ་ཏ་ལ༔ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུས༔ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔ ཧྲི༔ཡིག་ཡོངས་གྱུར་འཕགས་མཆོག་སྙིང་རྗེའི་ལྷ༔ སོགས་གཞུང་ལྟར་སྦྲེལ་བས་མཚོན་ཏེ་ཤེས་པར་བྱ། གཞན་ཡང་སྐུ་གཟུགས་རང་རང་སོ་སོར་བསྐྱེད་ཡོད་ན་ཞལ་བསྒྱུར་མི་དགོས་པ་སོགས་ཀྱང་རྟོགས་པར་བྱ་ཞིང་། ཞིབ་བར་བཀྲ་ཤིས་འདོད་འཇོའི་གཞུང་དང་། རྣམ་བཤད་ཀྱི་ཚོགས་ལས་བློ་གྲོས་ཀྱི་མིག་བསྒྲུབ་པར་བྱ་སྟེ། འདིར་ཉེར་མཁོའི་ངག་འདོན་ཙམ་ཞིག་ཉུང་གསལ་སྙིང་པོར་དྲིལ་བ་ཡིན་ནོ། །ཞེས་པའང་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་པ་མེད་པའི་སྡེས་བྲིས་པ་དགེ་ལེགས་མཆོག་ཏུ་རྒྱས་པར་གྱུར་ཅིག། །།སརྦ་མངྒ་ལཾ།།


previousརབ་གནས་བཀྲ་ཤིས་འདོད་འཇོའི་སྙིང་པོ་ཉེ་བར་བསྡུས་པ།next