Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་།
   
   
   
   
   
   
   
   
   
   


 
previousགསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་།next

གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་།


JKT016_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་བཞུགས་སོ། ཨོཾ་སྭ་སྟི། །གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །མཚུངས་མེད་ཉིན་བྱེད་དབང་པོར་གསོལ་བ་འདེབས། །ཞེས་པའི་མཚམས། །བྱམས་པ་ནམ་མཁའ་བསམ་འགྲུབ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །རྨད་བྱུང་བློ་གྲོས་ནམ་མཁའི་ཁྱོན་ཡངས་པར། །ཐུགས་རྗེའི་ཆུ་འཛིན་དཔལ་གྱིས་ཆེར་གཏམས་ཤིང་། །བསམ་ཡས་ཕྲིན་ལས་བཟང་པོའི་ཆར་རྒྱུན་གྱིས། །ཐར་པའི་འབྲས་སྟེར་མཁས་གྲུབ་ལ་ཕྱག་འཚལ། །མཁན་༦ ཆེན་དཔལ་ལྡན་ཆོས་སྐྱོང་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །གསང་བ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་བླ་མ་མཆོག །དཔལ་ལྡན་ཆོས་སྐྱོང་གྲགས་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་བདག་རྡོ་རྗེ་འཆང་། མཁས་གྲུབ་སངས་རྒྱས་དང་དཔལ་བཟང་ལ་བསྟོད་པ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །གསང་གསུམ་ཡོན་ཏན་མཛོད་


JKT016_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཁོར་ལོའི་མགོན། །ཟག་མེད་དགའ་བཞིའི་དཔལ་མངའ་ཧེ་རུ་ཀ །དབྱེར་མེད་འདྲེན་པ་བཟང་པོར་གསོལ་བ་འདེབས། །འཇམ་མགོན་བསོད་ནམས་ལྷུན་གྲུབ་ལ་བསྟོད་ལ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་འཛིན་མ་ལ། །རབ་འཁྲུངས་བསོད་ནམས་ཡེ་ཤེས་ཡོངས་འདུའི་ལྗོན། །ལུང་རྟོགས་བྱེ་བའི་ཡོན་ཏན་ལྷུན་གྱིས་གྲུབ། །ཕྲིན་ལས་དཔལ་འབྱོར་བཟང་པོའི་ཞབས་ལ་འདུད། །རིན་ཆེན་མི་འགྱུར་རྒྱལ་མཚན་ལ་བསྟོད་པ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །ཚོགས་གཉིས་རིན་ཆེན་མཛེས་པའི་གསེར་གྱི་ཁྲིར། །སྲིད་ཞིའི་སྐྱབས་གཅིག་མི་འགྱུར་རྒྱལ་བའི་སྲས། །བསྟན་འགྲོ་ལྷར་བཅས་གདུལ་བྱའི་གཙུག་གི་ནོར། །ཕྲིན་ལས་དགེ་མཚན་འབུམ་ལྡན་ཞབས་ལ་འདུད། །སྲིད་ཞིའི་དགེ་ལེགས་ཀུན་གྱི་སྒོ་གཅིག་པུ། །བདེ་གཤེགས་བསྟན་པ་རིན་ཆེན་སྤེལ་བ་ལ། །བསམ་བཞིན་བྱོན་པའི་རྗེ་བཙུན་ཨེ་ཝཾ་པ། །སངས་རྒྱས་ཡེ་ཤེས་ཞབས། །འཇམ་མགོན་སངས་རྒྱས་ཡེ་ཤེས་པ་བསྟོད་པ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ལ་གསོལ་བ་འདེབས། །འཇམ་དབྱངས་དཀོན་མཆོག་གྲགས་པ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །དཀོན་མཆོག་ཐུགས་རྗེའི་འོད་ཟེར་སྙིགས་དུས་ཀྱི། །འགྲོ་བའི་གདུང་སེལ་དགེ་ལེགས་པདྨོའི་ཚལ། །རྒྱས་མཛད་འཇམ་མགོན་བསྟན་པའི་ཉི་མ་མཆོག །ཆོས་ཀྱི་གྲགས་པར་གྱུར་ལ་གསོལ་བ་


JKT016_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། ངག་དབང་ཆོས་སྐྱོང་བཟང་པོ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །ངག་གི་དབང་ཕྱུག་དམ་པའི་ཆོ་རིགས་ལས། །ལེགས་འཁྲུངས་ཆོས་ཚུལ་རྒྱ་མཚོའི་མངའ་བདག་མཆོག །བསྟན་དང་བསྟན་འཛིན་སྐྱོང་བའི་དེད་དཔོན་ཆེ། །བསྐལ་བཟང་སྐྱེ་དགུའི་མགོན་པོར་གསོལ་བ་འདེབས། །མཁྱེན་རབ་དཀྱིལ་འཁོར་། མཁས་གྲུབ་སངས་རྒྱས་གྲགས་པ་ལ་བསྟོད་པ་རྗེ་རང་ཉིད་ཀྱི་མཛད་པ། འོད་སྟོང་ཚ་ཟེར་གྱི། །ནུས་པས་སངས་རྒྱས་ཀུན་གྱི་བསྟན་པ་མཆོག །གསལ་མཛད་གདུལ་བྱའི་དགའ་སྟོན་བཟང་པོའི་རྒྱུན། །སྤེལ་མཁས་ས་གསུམ་གྲགས་པ་ཁྱོད་ཕྱག་འཚལ། །བྱམས་པ་ཕུན་ཚོགས་དོན་གྲུབ་ལ་བསྟོད་པ་ཁང་གསར་པ་ངག་དབང་བསོད་ནམས་བསྟན་འཛིན་གྱིས་མཛད་པ། །ཀུན་མཁྱེན་དགའ་བའི་ཐུགས་བསྐྱེད་ཕུན་སུམ་ཚོགས། །དོན་ལྡན་མཛད་པས་ཅི་བསམ་ལྷུན་གྱིས་གྲུབ། །དྲི་མེད་བསྟན་པའི་སྲོལ་འཛིན་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་ཀུན་དགའ་བསོད་ནམས་ལ་བསྟོད་པ་ས་སྐྱ་པ་ངག་དབང་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ། །ཀུན་མཁྱེན་ཨེ་ཝཾ་པ་ཡི་བསྟན་པ་ལ། །དགའ་ཆེན་དྲི་མ་མེད་པའི་མཛད་ཕྲིན་གྱིས། །བསོད་ནམས་འགྲོ་ལ་སྤེལ་མཁས་དྲིན་ཅན་རྗེ། །ངོར་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བྱམས་པ་ནམ་མཁའ་འཆི་མེད་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །དམིགས་མེད་བྱམས་དང་སྙིང་རྗེ་ཆེར་ལྡན་པས། །


JKT016_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་མཉམ་མ་གྱུར་འགྲོ་ཀུན་ལ། །སྐྱེ་འཆི་འགགས་མེད་སྨོན་ལམ་ཤུགས་བདོ་བ། །འཁོར་བ་ཇི་སྲིད་བཙན་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་མཁས་གྲུབ་ངག་དབང་དམ་ཆོས་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། རིགས་བརྒྱའི་འཁོར་ལོས་སྒྱུར། །ཁྱབ་བདག་རྡོ་རྗེ་སེམས་དཔའི་རྣམ་རོལ་གྱིས། །རྒྱལ་བ་ཀུན་གྱི་གསང་གསུམ་འཁོར་ལོའི་མཛོད། །འཛིན་མཁས་དམ་ཆོས་རྒྱལ་མཚན་ཞབས་ལ་འདུད། །སྟོབས་མཁན་ཆེན་བསོད་ནམས་དཔལ་འབྱོར་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། བཅུའི་དབང་ཕྱུག་ཟས་གཙང་སྲས་པོ་ཡི། །ལུང་དང་རྟོགས་པའི་དམ་ཆོས་བདུད་རྩིའི་རྒྱུན། །སྐལ་ལྡན་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །སྤེལ་མཁས་དཔལ་འབྱོར་བཟང་པོར་གསོལ་བ་འདེབས། །རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་ས་སྐྱ་པ་ཁྲི་ཆེན་པདྨ་བདུད་འདུལ་དབང་ཕྱུག་གིས་མཛད་པ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བྱམས་པའི་དཔལ། །གསང་ཆེན་གདམས་པའི་ཆུ་གཏེར་ཀུན་དགའི་དཔལ། །བསྟན་འཛིན་ཡོངས་ལ་འཇོ་མཁས་ཆོས་ཀྱི་དཔལ། །དཔལ་ལྡན་བླ་མའི་ཞབས་ཟུང་རྟག་བརྟན་ཤོག །ངག་དབང་ལྷ་རིགས་སྒྱུ་འཕྲུལ་རོལ་པའི་རྩེར། །བློ་གྲོས་མུན་སེལ་འགྲོ་བའི་མགོན་དུ་འཁྲུངས། །ཀུན་དགའི་རིང་ལུགས་ཆོས་བཞིན་སྐྱོང་བ་པོ། །བཟང་པོའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ངག་དབང་བློ་གྲོས་བཟང་པོ་ལ་བསྟོད་པ་རྗེ་རང་ཉིད་


JKT016_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛད་པ། །འཇམ་མགོན་དཔལ་ལྡན་དོན་གྲུབ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན། །ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ཏེ། །འཇམ་དཔལ་ངུར་སྨྲིག་རྣམ་རོལ་དགེ་བའི་བཤེས། །དྲི་མེད་ལེགས་པའི་བློ་གྲོས་ཞབས་ལ་འདུད། །མཁྱེན་རབ་།བྱམས་པ་དཔལ་ལྡན་བཟང་པོ་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། ངག་གི་དབང་ཕྱུག་འཇམ་པའིདབྱངས། །བྱམས་མགོན་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས། །མཐུ་སྟོབས་ནུས་པ་རྨད་བྱུང་གསང་བའི་བདག །དཔལ་ལྡན་འདྲེན་པ་བཟང་པོར་གསོལ་བ་འདེབས། །ཕན་བདེ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན། །འཛིན་མཁས་རྣལ་འབྱོར་དབང་ཕྱུག་ཆོས་ཀྱི་རྗེ། །འཇམ་དཔལ་རྡོ་རྗེ་ཁྱབ་བདག་འཁོར་ལོའི་མགོན། །ཕྲིན་ལས་བཟང་པོ་བསྐལ་བརྒྱར་ཞབས་བརྟན་གསོལ། །ངག་དབང་བློ་གྲོས་བསྟན་འཛིན་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། །གསུང་ངག་རིན་ཆེན་གཏེར་ལ་དབང་འབྱོར་ཞིང་། །བློ་གྲོས་གཙུག་གི་ནོར་བུའི་གཟི་འོད་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེའི་དཔལ་འཛིན་པ། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཁྱོད་ཕྱག་འཚལ། །རྡོ་རྗེ་ཀུན་དགའ་བསྟན་པའི་བློ་གྲོས་ལ་བསྟོད་པ། འཆང་དངོས་


JKT016_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བཟང་པོ་ཡི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །བློ་གྲོས་མཚུངས་མེད་མཁྱེན་བརྩེ་ནུས་པའི་གཏེར། །ཁྱབ་བདག་དཔལ་ལྡན་བླ་མ་ཞབས་བརྟན་གསོལ། །བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་བསྟོད་པ། །བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁས་ཀུན་དགའ་བའི་མཁྱེན་རབ་ཕ་མཐའ་ཡས། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་འཛིན་མཛད་པ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་ཞབས་བརྟན་གསོལ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་རྟ་ལྗང་གིས། །རྣམ་དཔྱོད་བརྩོན་པའི་མཁའ་ལ་ལེགས་དྲངས་ནས། །ཕན་བདེའི་པད་ཚལ་མ་ལུས་རྒྱས་མཛད་པས་བཟང་པོ་འཇམ་དབྱངས་བླ་མར་འདུད། །བསྐྱེད་པ་ཕྱི་དབྱིབས་སོགས་སྦྲེལ་ལོ། །དེ་ལྟར་ངོར་ཆེན་རྡོ་རྗེ་འཆང་གིས་གནང་བའི་གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་དཔལ་ཨེ་ཝཾ་པའི་མཁན་རབས་ལྟར་མཛད་པའི་འཕྲོ་མཐུད་འདི་ཡང་། གོང་མ་རྣམས་མཛད་པ་པོ་སོ་སོ་ནས་བརྒྱུད་པའི་ལུང་རྒྱུན་འབད་པས་བཙལ་ཞིང་། མཇུག་གི་བླ་མ་གཉིས་ཀྱི་ཞབས་བརྟན་གསར་རྩོམ་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕྱོགས་གཅིག་ཏུ་དག་པར་བསྒྲིགས་པའི་དགེ་བས་བདག་གཞན་གྱི་རྒྱུད་ལ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་བརླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ། །


previousགསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་།next