Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས།
   
   
   
   
   
   


 
previousདཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས།next

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས།


JKT016_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ། །ཧེ་རུ་ཀ་དཔལ་གསང་བདག་ས་ར་ཧ། །ཀླུ་སྒྲུབ་རི་ཁྲོད་མགོན་པོ་ལཱུ་ཧི་པ། །དྷ་རི་ཀ་དང་བར་མའི་སློབ་དཔོན་དང་། །གྲུབ་ཆེན་ཏེ་ལོ་པ་ལ་གསོལ་བ་འདེབས། །ནཱ་རོ་ཏ་པ་ཕམ་མཐིང་སྐུ་མཆེད་དང་། །བློ་གྲོས་གྲགས་པ་དཔལ་ལྡན་བརྩེ་བ་ཆེ། །རྗེ་བཙུན་སྐུ་མཆེད་ས་སྐྱ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ །དཀོན་མཆོག་བསོད་ནམས་དཔལ་དང་བློ་གྲོས་བརྟན། །དཔལ་ལྡན་ཚུལ་ཁྲིམས་ཡེ་ཤེས་རྒྱལ་མཚན་དང་། །ངོར་ཆེན་རྡོ་རྗེ་འཆང་དབང་མུས་ཆེན་རྗེ། །སངས་རྒྱས་རིན་ཆེན་རྣམས་ལ་གསོལ༴ སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་པོ། །དཔལ་ལྡན་དོན་གྲུབ་ནམ་མཁའ་སངས་རྒྱས་ཞབས། །དམ་ཆོས་བསམ་འགྲུབ་སངས་རྒྱས་ཕུན་ཚོགས་དང་། །བཀྲ་ཤིས་ལྷུན་གྲུབ་རྣམས་ལ་གསོལ༴ སངས་རྒྱས་དཔལ་བཟང་སངས་རྒྱས་ཡེ་ཤེས་དང་། །ཀུན་དགའ་བློ་གྲོས་བསོད་ནམས་དཔལ་བཟང་པོ། །ཆོས་ཉིད་ཡེ་ཤེས་བསོད་


JKT016_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དབང་ཕྱུག་ཞབས། །ཀུན་དགའ་རྒྱལ་མཚན་རྣམས་ལ༴ རྡོ་རྗེ་འཆང་དངོས་ཀུན་དགའ་བསྟན་འཛིན་དང་། །འཁོར་ལོ་སྡོམ་པ་རྩ་བའི་བླ་མ་སོགས། །དངོས་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །སྐུ་གསུམ་ལམ་ཁྱེར་བསྐྱེད་པའི་རིམ་པ་དང་། །བསྡུ་བ་གསུམ་ལྡན་རྫོགས་རིམ་བསྒོམས་པའི་མཐུས། །སྒོ་གསུམ་སྒྲིབ་བྱང་ཁྱབ་བདག་ཧེ་རུ་ཀའི། །གསང་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


previousདཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས།next