Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཉུང་ངུ་།
   
   
   
   


 
previousནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཉུང་ངུ་།next

ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཉུང་ངུ་།


JKT016_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཉུང་ངུ་བཞུགས་སོ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་གྱོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་ཞབས། །གཞན་ཡང་


JKT016_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཐུགས་ཀྱི་སྲས། །སེང་གེ་རྒྱལ་མཚན་རྒྱལ་བ་མཆོག་དབྱངས་དང་། །ནམ་མཁའ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །བརྒྱུད་སྲོལ་ཀུན་འདུས་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤངས་ཆོས་རྗེ་ཚར་ཆེན་མཁྱེན་བརྩེའི་དབང་། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་དཔལ། །བསོད་ནམས་མཆོག་ལྡན་རྣམས་ལ་གསོལ་བ་འདེབས། །བསོད་ནམས་མཆོག་གྲུབ་མཁྱེན་རབ་ བྱམས་པའི་དཔལ། །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་བ། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐྱེད་རིམ་ཟབ་མོ་མཁའ་སྤྱོད་རྣལ་འབྱོར་དང་། །རྫོགས་རིམ་དབུ་མའི་རྣལ་འབྱོར་བསྒོམས་པའི་མཐུས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དང་། །མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་གསོལ་འདེབས་ལ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་ཚུལ་དུ་ཁ་སྐོང་ནས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། །བློ་སྦྱོང་ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཞལ་སྐོང་ནི། འདྲེན་མཆོག་བླ་མ་གསུམ་ལ་གསོལ་བ་འདེབས། །ཞེས་པའི་མཚམས། རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པ། །དེ་སྲས་ཐུ་བོ་དཀོན་མཆོག་རྒྱལ་མཚན་དཔལ། །སྨྲ་བའི་ཉི་མ་བསོད་ནམས་སེང་གེ་སྟེ། །རིག་གྲོལ་མཐར་


JKT016_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་གསུམ་ལ་གསོལ་བ་འདེབས། །འཇམ་པའི་དབྱངས་དངོས་སངས་རྒྱས་རིན་ཆེན་དང་། །སེམས་དཔའ་ཆེན་པོ་ནམ་མཁའ་དབང་ཕྱུག་ཞབས། །ལུང་རིག་མངའ་བདག་ཀུན་དགའ་ལེགས་གྲུབ་སྟེ། །བསྟན་པའི་གསལ་བྱེད་གསུམ་ལ་གསོལ་བ་འདེབས། །རིག་པར་སྨྲ་བ་ཀུན་དགའ་ཆོས་གྲགས་དང་། །གྲུབ་པའི་དབང་ཕྱུག་ཀུན་དགའ་རྣམ་པར་རྒྱལ། །མཁྱེན་རབ་མཐའ་ཕྱིན་བསྟན་འཛིན་བཟང་པོ་སྟེ། །རྣམ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྙེས་ངག་དབང་ལྷུན་གྲུབ་དང་། །ཀུན་གཟིགས་ཆོས་ཀྱི་ཉི་མ་རྨོར་ཆེན་རྗེ། །གདམས་པ་རྒྱ་མཚོའི་འབྱུང་གནས་གནས་གསར་བ། །མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །སྙིགས་དུས་བསྟན་པའི་སྲོག་ཤིང་ཀུན་བློའི་ཞབས། །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང་། །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་ཏེ། །སྐྱེ་དགུའི་འདྲེན་མཆོག་གསུམ་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་རྗེས་སྲས་བཅས་རྒྱལ་བ་ཀུན། །ལྷར་བཅས་དགའ་བའི་བསྟན་འཛིན་མཆོག་གི་སྐུར། །ཡོངས་ཤར་སྐྱབས་གནས་རྒྱ་མཚོའི་བདག་ཉིད་ཆེ། །མཁན་ཆེན་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །དཔལ་ལྡན་བླ་མའི་ཚོགས་ལ་སོགས་སྦྲེལ་མཐར། །དེ་ལྟར་བསྒོམས་པས་བློ་སེམས་ཆོས་འགྲོ་ཞིང་། །ཆོས་ཀུན་ལམ་འགྲོ་ལམ་གྱི་འཁྲུལ་པ་


JKT016_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །སོ་སོར་བསལ་ནས་འཁྲུལ་སྣང་སངས་རྒྱས་ཀྱི། །ཡེ་ཤེས་ཆེན་པོར་འཆར་བར་བྱིན་གྱིས་རློབས། །ཞེས་མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་འབྲས་བུའི་ཞལ་སྐོང་འདི་ཡང་སྦྲེལ་ན་ལེགས་སོ། །ཞེས་པའང་ཤཱཀྱའི་དགེ་སྦྱོང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ལྷུན་གྲུབ་སྟེང་གི་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ་བྲིས་པ་དགེ། ༈ །ཚེ་དཔག་ལྷ་དགུའི་བརྒྱུད་འདེབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། ནམ་མཁའ་སངས་རྒྱས་ནམ་མཁའ་དཔལ་བཟང་ཞབས། །ཞེས་པའི་མཚམས། སངས་རྒྱས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་དང་། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་དཔལ། །ཚེ་མཐའ་ཡས་དངོས་ཀུན་དགའ་བསྟན་འཛིན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་གི་ལུས་ལ་སོགས་སྦྲེལ་ལོ། ༈ །མི་འཁྲུགས་ལྷ་དགུའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །བྱིན་རླབས་ཀུན་འདུས་ནམ་མཁའ་དཔལ་བཟང་པ། །ཞེས་པའི་མཚམས། །ཐུགས་རྗེའི་གཏེར་ཆེན་རཏྣ་རྦ་སིདྡྷ། །ཕུལ་བྱུང་རྣམ་འཕྲུལ་ཤར་ཆེན་ཤེས་རབ་འབྱུང་། །འདྲེན་པ་མཉམ་མེད་ཡེ་ཤེས་བཟང་པོའི་ཞབས། །འཇམ་པའི་དབྱངས་དངོས་སངས་རྒྱས་ཕུན་ཚོགས་དང་། །རྡོ་རྗེ་འཛིན་དབང་བསོད་ནམས་དཔལ་ལྡན་པ། །བསྟན་འགྲོའི་གཙུག་རྒྱན་ནམ་


JKT016_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་བསམ་གྲུབ་ཆེ། །ངག་གི་དབང་པོ་ཀུན་དགའ་བློ་གྲོས་ཞབས། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་འཆི་མེད་དཔལ། །སྐྱབས་ཀུན་འདུས་ཞལ་ཀུན་དགའ་བསྟན་འཛིན་དང་། །ཟབ་མོའི་ལམ་སྟོན་རྩ་བའི་བླ་མ་སོགས། །དངོས་བརྒྱུད་བླ་མའི་ཚོགས་དང་སོགས་སྤྲེལ་ལོ། །ཞེས་པའང་དགེ་སློང་དམ་ཆོས་བཟང་པོ་དང་། བློ་གསལ་ཚེ་དབང་ཆོས་འཕེལ་གྱིས་བསྐུལ་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །རྣམ་རྒྱལ་ལྷ་དགུའི་བརྒྱུད་འདེབས་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པར་འཇམ་མགོན་སངས་རྒྱས་ཕུན་ཚོགས་པས་ཞལ་སྐོང་གནང་བའི་འཕྲོ་མཐུད་ནི། །ཡོངས་འཛིན་དམ་པ་ཀུན་དགའ་དཔལ་འབྱོར་ཞབས། །ཞེས་པའི་མཚམས། །སངས་རྒྱས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །མཚུངས་མེད་ཆོས་རྗེ་བསྟན་འཛིན་ལྷུན་གྲུབ་དང་། །འཇམ་མགོན་བླ་མ་དཔལ་ལྡན་ཆོས་སྐྱོང་ཞབས། །ངག་གི་དབང་ཕྱུག་ཆོས་སྐྱོང་བཟང་པོ་དཔལ། །ནམ་མཁའ་འཆི་མེད་རྣམས་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་མངའ་བྱང་ཆུབ་སེམས་གཉིས་འབྱོངས། །འཆི་མེད་གྲུབ་པ་ཀུན་དགའ་བསྟན་འཛིན་དང་། །ཚུལ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཧཱུྃ་ཡིག་ལས་བྱུང་སོགས་སྦྲེལ་ལོ། ༈ །སྒྲོལ་དཀར་བརྒྱུད་འདེབས་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཀྱིས་མཛད་པའི་ཞལ་སྐོང་ནི། །སེམས་དཔའ་ཆེན་པོ་དཔལ་མཆོག་རྒྱལ་མཚན་དང་།


JKT016_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་མཚམས། འཇམ་མགོན་བླ་མ་སངས་རྒྱས་ཕུན་ཚོགས་ཞབས། །རྣམ་འདྲེན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་བསམ་འགྲུབ་དཔལ། །འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་ཞབས། །ཐམས་ཅད་མཁྱེན་པ་ནམ་མཁའ་འཆི་མེད་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བྱམས་པའི་ཐུགས་རྗེས་འགྲོ་རྣམས་བུ་བཞིན་སྐྱོང་། །མཁས་ཀུན་དགའ་མཛད་བསྟན་འཛིན་རྒྱ་མཚོའི་དཔལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་རྩ་བརྒྱུད་བླ་མའི་སོགས་སྦྲེལ་ལོ། ༈ །རྡོ་རྗེ་རྣམ་པར་འཇོམས་པའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །བརྩེ་ཆེན་སངས་རྒྱས་ཕུན་ཚོགས་ལ་གསོལ་བ་འདེབས། །ཞེས་པའི་མཚམས། བསྟན་འཛིན་རྒྱ་མཚོའི་དབུས་ན་མངོན་མཐོ་ཞིང་། །གཞན་དོན་ཕྲིན་ལས་ལྷུན་གྲུབ་སྨྲ་བའི་དབང་། །མཐའ་ཀླས་བསྟན་དང་འགྲོ་བའི་སྐྱབས་གཅིག་པུ། །མཚུངས་མེད་དཔལ་ལྡན་ཆོས་སྐྱོང་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཆོས་བཞིན་འདོམ་མཁས་པས། ལུང་རྟོགས་བསྟན་པ་སྐྱོང་མཛད་དཔལ་བཟང་པོ། །དམ་པའི་རིགས་འཁྲུངས་མཁྱེན་བརྩེ་ནུས་པའི་གཏེར། །ངག་དབང་བསོད་ནམས་བསྟན་འཛིན་ལ་གསོལ་བ་འདེབས། །མཁས་ཀུན་དགའ་སྐྱེད་མཁྱེན་


JKT016_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་དང་། །དམིགས་མེད་ཐུགས་རྗེའི་གཏེར་ཆེན་ཆོས་ཀྱི་རྗེ། །ཚུལ་གནས་གསན་བསམ་མཐར་སོན་ཐེག་མཆོག་གི། །བཤེས་གཉེན་ངག་དབང་བརྟན་པ་ལ་གསོལ་བ་འདེབས། །ངག་ལ་དབང་འབྱོར་ཕྱི་ནང་རིག་གཞུང་གི །ལེགས་བཤད་རྒྱ་མཚོ་སྨྲ་ལ་ཟླ་མེད་པ། །མཁས་བཙུན་གྲུབ་པའི་དཔལ་མངའ་རྡོ་རྗེ་འཛིན། །འཇམ་མགོན་ངག་དབང་ལེགས་གྲུབ་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་གྱི་སོགས་སྦྲེལ་ལོ། ༈ །ཀུན་རིག་གི་བརྒྱུད་འདེབས་ས་ལོ་ཆེན་པོའི་གསུང་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །གང་དེས་རྗེས་བཟུང་སངས་རྒྱས་ཕུན་ཚོགས་ཏེ། །ཞེས་པའི་མཚམས། བསྟན་པའི་ཉི་མ་གསུམ་ལ་གསོལ་བ་འདེབས། །མཁས་པའི་གཙུག་རྒྱན་ཚུལ་ཁྲིམས་དཔལ་བཟང་དང་། །གྲུབ་པའི་དབང་ཕྱུག་བྱམས་པ་བསོད་ནམས་བཟང་། །མཁྱེན་བརྩེའི་གཏེར་ཆེན་ནམ་མཁའ་བསམ་འགྲུབ་སྟེ། །མཚུངས་མེད་བཤེས་གཉེན་གསུམ་ལ་གསོལ་བ་འདེབས། །ངག་གི་དབང་པོ་ཀུན་དགའ་བློ་གྲོས་དང་། །ཐམས་ཅད་མཁྱེན་པ་ནམ་མཁའ་འཆི་མེད་ཞབས། །རིགས་ཀུན་ཁྱབ་བདག་འཇམ་དཔལ་བཟང་པོ་སོགས། །རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་སོགས་སྤྲེལ་ལོ།། ༈ །འཇིགས་བྱེད་གཏོར་ཆོག་ཕྲིན་ལས་ཆར་འབེབས་


JKT016_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུད་མཆོད་བླ་བརྒྱུད་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །འཇམ་མགོན་སངས་རྒྱས་ཕུན་ཚོགས་དང་། །ཞེས་པའི་མཚམས། གྲུབ་མཆོག་བསྟན་འཛིན་ལྷུན་གྲུབ་ཞབས། །བྱམས་མགོན་དཔལ་ལྡན་ཆོས་སྐྱོང་དང་། །རྣམ་འདྲེན་རིན་ཆེན་མཆོག་གྲུབ་ཞབས། །དཔལ་ལྡན་རིན་ཆེན་ཆོས་མཛོད་དང་། །བྱམས་པ་ནམ་མཁའ་འཆི་མེད་དཔལ། །ཁྱབ་བདག་ཀུན་དགའ་བསྟན་འཛིན་སོགས། །རྩ་བརྒྱུད་བླ་མའི་སོགས་སྦྲེལ། ༈ །གསུང་ངག་རིན་པོ་ཆེ་དང་། །རྒྱུད་གསུམ་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཞལ་སྐོང་ནི་ལོགས་སུ་བྲིས་པ་ལྟར་ཤེས་པར་བྱ་ཞིང་། ལམ་ཟབ་ཕྱི་མའི་བརྒྱུད་འདེབས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །མཁས་པའི་བརྒྱུད་འཛིན་ཤེས་རབ་འབྱུང་གནས་ལ། །གསོལ་བ༴ ཞེས་པའི་མཚམས། འཇམ་མགོན་བླ་མ་དཔལ་མཆོག་རྒྱལ་མཚན་དང་། །འཇམ་པའི་དབྱངས་དངོས་སངས་རྒྱས་ཕུན་ཚོགས་ཞབས། །འཇམ་དཔལ་རྡོ་རྗེ་བསོད་ནམས་དཔལ་ལྡན་ལ། །གསོལ་བ༴ རྡོ་རྗེ་འཆང་དངོས་དཔལ་ལྡན་ཆོས་སྐྱོང་དང་། །རྡོ་རྗེ་ཐེག་པའི་ལམ་སྟོན་ཆོས་སྐྱོང་བཟང་། །རྡོ་རྗེ་འཛིན་དབང་ནམ་མཁའ་འཆི་མེད་ལ། གསོལ་བ༴ རྣམ་འདྲེན་མཚུངས་མེད་ཀུན་དགའ་བསྟན་འཛིན་དང་། །རྣམ་མང་རིགས་བརྒྱའི་ཁྱབ་བདག་འཇམ་དཔལ་བཟང་། །རྣམ་གྲོལ་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ༴


JKT016_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། །མཁས་པའི་དབང་ཕྱུག་དཀོན་མཆོག་ལྷུན་གྲུབ་ལ། །གསོལ་བ༴ ཞེས་པའི་མཚམས། བསྟན་པའི་སྲོག་ཤིང་སྔགས་འཆང་ཨཱ་ནན། །བསྟན་འགྲོའི་གཙུག་རྒྱན་བསོད་ནམས་དབང་པོའི་ཞབས། །བསྟན་པའི་ཉི་མ་ཀུན་དགའ་བསོད་ནམས་ལ། །གསོལ་བ༴ འཇམ་པའི་རྡོ་རྗེ་ཀུན་དགའ་བཀྲ་ཤིས་དང་། །འཇམ་དཔལ་གཞོན་ནུ་བསོད་ནམས་རིན་ཆེན་ཞབས། །འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་ལ། །གསོལ་བ༴ ས་གསུམ་འདྲེན་མཆོག་ནམ་མཁའ་འཆི་མེད་དང་། །མཆོག་གསུམ་འདུས་ཞལ་ཀུན་དགའ་བསྟན་འཛིན་ཞབས། །སྐྱབས་གསུམ་ངོ་བོ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སོ། ༈ །མཚུངས་མེད་དཀོན་མཆོག་དཔལ་ལྡན་པས་མཛད་པའི་ལམ་ཟབ་བླ་མ་མཆོད་པའི་ཕྱག་འཚལ་གྱི་ཞལ་སྐོང་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་གནང་བའི་འཕྲོ་མཐུད་ནི། འཇམ་དཔལ་གཞོན་ནུ་ངུར་སྨྲིག་རྣམ་རོལ་གྱིས། །རྒྱལ་བ་གཉིས་པའི་ཕྲིན་ལས་སྤེལ་བའི་མགོན། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་ཕུན་ཚོགས་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཟབ་རྒྱས་སྡེ་སྣོད་རྒྱ་མཚོའི་སྙིང་པོའི་དོན། །ཇི་བཞིན་རྟོགས་ནས་གཞན་ལ་འདོམས་མཁས་པ། །རྡོ་རྗེ་འཛིན་དབང་བསོད་ནམས་དཔལ་ལྡན་ལ། །གུས་པས༔ རྒྱལ་ཀུན་ཡེ་ཤེས་མེ་


JKT016_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་འཆང་བའི་དངོས། །འོད་གསལ་འཆི་མེད་རིགས་སུ་རྣམ་འཕྲུལ་པ། །རིག་འཛིན་བརྙེས་པ་ཀུན་དགའ་བཀྲ་ཤིས་ལ། །གུས་པས༴ སྙན་བརྒྱུད་ཚད་མ་བཞི་ལྡན་གདམས་པའི་བཅུད། །དྲི་མེད་མཁྱེན་པའི་དཔལ་དུ་ལེགས་བཟུ་།ངག་གི་དབང་པོ་བསོད་ནམས་རིན་ཆེན་ལ། །གུས་པས༴ ཐུབ་བསྟན་མདོ་སྔགས་སྤྱི་དང་ས་སྐྱ་པའི། །ཟབ་ཆོས་རྒྱ་མཚོ་འཛིན་ཅིང་སྤེལ་བའི་ཚུལ། །ས་གསུམ་མཚུངས་མེད་ཀུན་དགའ་བློ་གྲོས་ལ། །གུས་པས༴ ཚུལ་གནས་གསན་བསམ་བསྒོམ་པའི་མཐར་སོན་ནས། །འཆད་རྩོད་རྩོམ་པས་སྐལ་ལྡན་རྗེས་སུ་འཛིན། །མཁྱེན་བརྩེའི་ནུས་གཏེར་ནམ་མཁའ་འཆི་མེད་ལ། །གུས་པས༴ ཕྱོགས་བཅུ་དུས་གསུམ་རྣམ་འདྲེན་སྲས་བཅས་ཀྱི། །རིག་དང་བརྩེ་བའི་ཡེ་ཤེས་གཅིག་བསྡུས་པ། །རྡོ་རྗེ་འཆང་དངོས་ཀུན་དགའ་བསྟན་འཛིན་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཞེས་སོ། ༈ །ནཱ་རོ་མཁའ་སྤྱོད་མའི་བརྒྱུད་འདེབས་བསྡུས་པ་ངོར་ཆེན་རྡོ་རྗེ་འཆང་གི་གསུང་བཀྲ་ཤིས་ལྷུན་གྲུབ་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །དམ་ཆོས་བསམ་གྲུབ་སངས་རྒྱས་ཕུན་ཚོགས་དང་། །ཞེས་པའི་མཚམས། བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་ཞབས། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐྱེད་


JKT016_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཟབ་མོ་སོགས་སྦྲེལ། ༈ །ཕྱག་རྡོར་འབྱུང་འདུལ་གྱི་བརྒྱུད་འདེབས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ཞལ་སྐོང་ནི། ལྷ་མཆོག་སེང་གེ་བུདྨ་སིང་ཧ་དང་། །ཞེས་པའི་མཚམས། བྲང་ཏི་པ་དང་ནམ་མཁའ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ནམ་མཁའ་དཔལ་བཟང་སངས་རྒྱས་ཕུན་ཚོགས་དང་། །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་ཞབས། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་དཔལ། །གསོལ་བ་འདེབས་སོ༴ རྡོ་རྗེ་འཛིན་དངོས་འཇམ་དཔལ་བཟང་པོ་སོགས། །རིམ་བཞིན་བརྒྱུད་དང་དངོས་སུ་གདམས་པ་ཡིས། །བདག་རྒྱུད་ཚིམ་མཛད་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ རྩ་བརྒྱུད་བླ་མའི་སོགས་སྦྲེལ། ༈ །བསྟན་སྲུང་མ་ཧཱ་ཀཱ་ལའི་ཆོས་སྐོར་གྱི་བརྒྱུད་འདེབས་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི་མཁས་གྲུབ་འཁོར་སྒྱུར་སངས་རྒྱས་ཕུན་ཚོགས་ཏེ། །ཞེས་པའི་མཚམས། མཁས་མཆོག་བླ་མ་གསུམ་ལ་གསོལ་བ་འདེབས། །མཁྱེན་གཉིས་མཐར་སོན་བསྟན་འཛིན་ལྷུན་གྲུབ་དང་། །མཁྱེན་བརྩེ་ནུས་གཏེར་དཔལ་ལྡན་ཆོས་སྐྱོང་ཞབས། །མཁྱེན་རབ་དབང་ཕྱུག་རིན་ཆེན་མཆོག་གྲུབ་སྟེ། །མཁྱེན་པའི་གཏེར་ཆེན་གསུམ་ལ་གསོལ་བ་འདེབས། །དཔལ་ལྡན་སྐུ་གསུམ་མངོན་གྱུར་ནམ་མཁའི་མཚན། །དཔལ་ལྡན་སྲིད་ཞིའི་སྐྱབས་གཅིག་ཀུན་དགའི་


JKT016_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། །དཔལ་ལྡན་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན། །དཔལ་ལྡན་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །རྣམ་མཁྱེན་འགྲོ་བའི་འདྲེན་པ་སོགས་སྦྲེལ། །འདི་ལ་རྗེས་གནང་དང་མན་ངག་གི་བརྒྱུད་སྲོལ་མང་ཡང་། འདིར་ལྷ་བརྒྱད་ངོར་ལུགས་ཀྱི་རྗེས་གནང་གི་བརྒྱུད་རིམ་ལྟར་བྲིས་པའོ། །དེ་ལྟར་དཔལ་ཨེ་ཝཾ་པའི་ཆོས་སྤྱོད་དང་ཆོ་ག་ཉེར་མཁོ་འགའ་ཞིག་གི་བརྒྱུད་འདེབས་ཀྱི་ཞལ་སྐོང་འདི་ཡང་། །ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་གཙོ་བོར་གྱུར་པའི་ཡོངས་འཛིན་དམ་པ་རྣམས་ལས་ཆོས་སྐོར་འདི་རྣམས་ཀྱི་བཀའ་དྲིན་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། སྔ་ཕྱི་ཅི་རིགས་པར་བྲིས་པ་རྣམས་སླར་ཡང་ཕྱོགས་གཅིག་ཏུ་སྡེབས་པ་སྟེ། དགེ་བས་བདག་གཞན་གྱི་རྒྱུད་ལ་རྩ་བརྒྱུད་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི་བརྒྱུད་འདེབས་ཁ་སྐོང་ནི། ཀུན་སྤངས་ཆོས་རྗེ་འཆི་མེད་རིག་འཛིན་བརྙེས། །ཀུན་དགའ་གྲོལ་མཆོག་ཡོངས་རྫོགས་བསྟན་པའི་བདག །ཉི་ཟླ་བཟང་པོ་ལུང་རིགས་རྒྱ་མཚོའི་དཔལ། དབང་ཕྱུག་དཔལ་བཟང་སྡེ་སྣོད་མཁྱེན་པའི་གཏེར། །ངག་དབང་ཆོས་གྲགས་གངས་ཅན་མཁས་པའི་རྗེར། །གསོལ་བ་འདེབས་སོ༴ བྱིན་གྱིས་རློབས་ཤིགས༴ སྤྱན་སྔ་ཆེན་


JKT016_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྲིན་ལས་ཕ་མཐའ་ཡས། །ཀུན་དགའ་བསོད་ནམས་ཤེས་བྱ་ཐམས་ཅད་མཁྱེན། །བསོད་ནམས་དབང་ཕྱུག་འཇམ་མགོན་སྤྲུལ་པའི་གར། །ཀུན་དགའ་བཀྲ་ཤིས་འཛམ་གླིང་བསྟན་འགྲོའི་མགོན། །བསོད་ནམས་རིན་ཆེན་མཁྱེན་བརྩེ་ནུས་པའི་གཏེར། །གསོལ་བ༴ བྱིན་གྱིས༴ ཀུན་དགའ་བློ་གྲོས་ཆོས་ཀྱི་འཁོར་ལོས་བསྒྱུར། །ནམ་མཁའ་འཆི་མེད་མཁས་ཤིང་གྲུབ་པའི་དཔལ། །ཀུན་དགའི་མཚན་ཅན་འཆི་མེད་ཡེ་ཤེས་བརྙེས། །རྩ་བའི་བླ་མ་རིགས་ཀུན་ཁྱབ་བདག་སོགས། །གདམས་པའི་བཀའ་བབས་རྩ་བརྒྱུད་བླ་མ་ལ། །གསོལ་བ༴ ཞེས་པའང་རྗེ་གྲུབ་ཆེན་རང་གི་གསུང་རྡོ་རྗེའི་ཚིག་རྐང་དང་འགྲོས་མཐུན་པར་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ། ༈ །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་མཚོ་བྱུང་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །སྒྲ་དབྱངས་ལྷ་མོ་གསུང་གི་དབང་ཕྱུག་མ། །གང་དེས་རྗེས་བཟུང་བྲམ་ཟེ་ཕུར་བུའི་ཞབས། །གཏུམ་པོའི་སྡེ་དང་མཆོད་སྡོང་སེང་གེ་དང་། །ཉི་མ་སེང་གེ་རྣམས་ལ་གསོལ་བ་འདེབས། །དཔེ་མེད་མཚོ་དང་རྒྱ་མཚོ་ཆེན་པོའི་ཞབས། །སུམ་པ་ལོ་ཙཱ་སྨྲ་དབང་གཟད་རིང་པ། །བོ་དོང་རིན་རྩེ་ཐང་ཆེན་བློ་གྲོས་དཔལ། །ཆོས་དཔལ་རྒྱལ་མཚན་རྣམས་ལ །དབྱངས་ཅན་གྲུབ་པ་ཀུན་


JKT016_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཆོས་ཀྱི་རྗེ། །ཁྱབ་བརྡལ་ལྷུན་གྲུབ་སངས་རྒྱས་དཔོན་པོ་དང་། །སེམས་དཔའ་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས། །སངས་རྒྱས་རྒྱལ་མཚན་རྣམས་ལ༴ རྫ་ཡིག་ཚུལ་རྒྱལ་བསོད་ནམས་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་པདྨ་དབང་ཆེན་དང་། །རིན་ཆེན་དར་རྒྱས་ཕྲིན་ལས་ལྷུན་གྱིས་གྲུབ། །འགྱུར་མེད་རྡོ་རྗེ་རྣམས་ལ༴ རིན་ཆེན་རྣམ་རྒྱལ་ཐེག་མཆོག་བསྟན་འཛིན་དང་། །ཀུན་བཟང་རྣམ་རྒྱལ་བསྟན་འཛིན་ཆོས་ཀྱི་རྒྱལ། །འཇམ་དཔལ་རབ་ཏུ་དགྱེས་པའི་བློ་གྲོས་ཅན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་བླ་མ་རྣམས་དང་ལྷག་པའི་ལྷར། །གུས་པས་གསོལ་བ་བཏབ་མཐུས་བདག་གཞན་འགྲོ། །བྱང་ཆུབ་བར་དུ་དལ་འབྱོར་རྟེན་ཐོབ་ནས། །ཐེག་མཆོག་བཤེས་དང་མཇལ་པར་བྱིན་གྱིས་རློབས། །ཁྱད་པར་སྒྲ་དབྱངས་ལྷ་མོའི་གདམས་ཟབ་ཀྱིས། །རྒྱུད་སྨིན་རྩེ་གཅིག་ཉམས་སུ་བླངས་པ་ལས། །འཕགས་མ་དགྱེས་པའི་འཛུམ་ཞལ་མཐོང་བ་དང་། །གསུང་གི་དབུགས་དབྱུང་ཐོབ་པར་བྱིན་གྱིས་རློབས། །དེ་མཐུས་སྲིད་ཞིའི་ཉམས་འགྱུར་ཇི་སྙེད་གཟུགས། །སྒོ་གསུམ་ནོར་བུའི་མེ་ལོང་ལ་འཆར་བས། །ལྷར་བཅས་ཡིད་ཀྱི་བརྟན་པ་འཕྲོག་བཟོད་པའི། །བཟོ་ཡི་རིག་པ་འཛིན་པར༴ གང་གི་དོན་དང་གང་ཞིག་གསོ་བ་ཡི། །གནས་ལུགས་


JKT016_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ནས་སྨན་དཔྱད་ཟས་སྤྱོད་ཀྱིས། །ཇི་ལྟར་གསོ་བའི་ཚུལ་ལ་མ་རྨོངས་པའི། །ཚེ་ཡི་རིག་པ་འཛིན་པར །མིང་དང་ཚིག་གི་རང་བཞིན་རྐྱེན་བདུན་དང་། །རྣམ་འགྱུར་གཉིས་ཀྱི་སྦྱོར་བས་བསྒྲུབས་པ་ལས། །ཚིག་དོན་རྣམ་པར་འབྱེད་ལ་ཟླ་མེད་པའི། །བརྡ་སྤྲོད་རིག་པ་འཛིན་པར །གནས་གསུམ་གཞལ་བྱའི་དོན་རྣམས་མ་ལུས་ཀུན། །མངོན་རྗེས་ཚད་མས་གཏན་ལ་འབེབས་མཁས་ཤིང་། །སྒྲུབ་དང་སུན་འབྱིན་སྤོབས་པ་མི་ཟད་པའི། །རྟོག་གེའི་རིག་པ་འཛིན་པར །རང་གཞན་གྲུབ་མཐའི་རྣམ་དབྱེ་ལེགས་རྟོགས་ནས། །ཟབ་མོ་དབུ་མར་སྨྲ་བའི་བསྐལ་བཟང་གིས། །མདོ་རྒྱུད་རྒྱ་མཚོའི་ངེས་གསང་འབྱེད་མཁས་པའི། །ནང་དོན་རིག་པ་འཛིན་པར་གསོལ༴ གཞན་ཡང་ཚིག་རྒྱན་སྡེབ་ལེགས་སྦྱོར་བ་དང་། །མངོན་བརྗོད་སྐར་རྩིས་ཟློས་པའི་གར་ལ་སོགས། །རྒྱལ་སྲས་རྣམས་ཀྱིས་བསླབ་པར་བྱ་བའི་གཞུང་། །མཐའ་ཡས་རིག་པ་འཛིན་པར༴ མདོར་ན་ཚུལ་གནས་ཐོས་བསམ་བསྒོམ་པ་དང་། །གཞུང་མང་འཛིན་དང་འཆད་རྩོད་རྩོམ་པ་ལ། །བློ་གྲོས་བདུད་རྩིའི་སྣང་བ་དར་བབས་པས། །ཕན་བདེའི་པདྨོ་རྒྱས་པར་བྱིན་གྱིས་རློབས། ༡༤ ༈ །ཁྱབ་བདག་གཤིན་རྗེའི་གཤེད་དང་བེ་ཏཱ་ལི། །རོལ་བའི་རྡོ་རྗེ་ཨ་མོ་གྷ་བཛྲ། །ཡེ་འབྱུང་སྦས་པ་པདྨ་


JKT016_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་དང་། །བལ་པོ་བྷ་རོ་རྣམས་ལ་གསོལ་བ་འདེབས། །རྗེ་བཙུན་རྭ་ཆེན་སྲས་མཆོག་ཆོས་རབ་དཔལ། །ཡེ་ཤེས་སེང་གེ་འབུམ་སེང་དྷ་རྨའི་མཚན། །དཀོན་མཆོག་སེང་གེ་ཤེས་རབ་རྒྱལ་མཚན་དང་། །དབང་ཕྱུག་རྒྱལ་མཚན །རྒྱ་སྟོན་ཡབ་སྲས་ཀུན་དགའ་ཆོས་རིན་ཆེ། །བརྩོན་འགྲུས་རྒྱ་མཚོ་ཆོས་སྐྱོང་རྒྱལ་མཚན་དཔལ། །ཡོན་ཏན་རྒྱ་མཚོ་ཚར་ཆེན་རྡོ་རྗེ་འཆང་། །མཁྱེན་བརྩེའི་དབང་ཕྱུག༴ བསླབ་གསུམ་རྒྱལ་མཚན་བསོད་ནམས་ཆོས་འཕེལ་དང་། །ངག་དབང་ཆོས་གྲགས་ངག་དབང་རྣམ་པར་རྒྱལ། །བཟང་པོ་རྒྱལ་མཚན་རྨོར་ཆེན་ཆོས་ཀྱི་རྗེ། །ལེགས་པའི་འབྱུང་གནས །བསོད་ནམས་དཔལ་བཟང་ཆོས་ཉིད་ཡེ་ཤེས་དང་། །བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་ཞབས། །སྨོན་ལམ་གྲགས་པ་འཇམ་དབྱངས་ཆོས་ཀྱི་རྗེ། །རྩ་བའི་བླ་མ་རྣམས་ལ༴ རྣལ་འབྱོར་བཞི་ལྡན་བསྐྱེད་རིམ་ཟབ་མོ་དང་། །དབང་བཞིའི་དོན་ལྡན་རྫོགས་རིམ་བསྒོམས་པའི་མཐུས། །ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པ་དང་། །སྐུ་བཞིའི་དབང་ཕྱུག་ཐོབ་པར་བྱིན་གྱིས་རློབས། ༈ །དྲིལ་བུ་རིམ་ལྔའི་བརྒྱུད་འདེབས། །རྡོར་འཆང་ཕག་མོ་དྲིལ་བུ་རུ་སྦལ་ཞབས། །འབར་འཛིན་སྤྱོད་འཆང་གུབྱ་རྣམ་པར་རྒྱལ། །ཏེ་ནཱ་ཕམ་ཐིང་མལ་ལོ་གོང་མ་བཞི། །བོ་དོང་ཁྲོ་ཕུ་ཡང་རྩེ་གཉན་མཁར་བ། །


JKT016_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་ལྷས་ཤར་ཆེན་ངོར་ཆེན་པཎྜི་ཏ། །ཀུན་དགའ་མཆོག་གྲུབ་གྲོལ་མཆོག་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་རླབས་སྒོ་ཕྱེ་རིམ་ལྔ་ལམ་གྱི་ཁྲིད། །བདག་བྱིན་རླབས་སོགས་ཕྲ་ཐིག་གནད་སྦྱོར་གྱིས། །ཡུལ་སེམས་བདེ་བ་ཆེན་པོར་ལེགས་སྦྱངས་ནས། །བསམ་མི་ཁྱབ་གནས་འགྲུབ་པར་བྱིན་གྱིས་རློབས། ༈ བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས་ཁ་སྐོང་ནི། །སྒྲུབ་པའི་བརྒྱུད་འཛིན་ཚོགས་སྒོམ་ཀུན་དགའ་དཔལ། །ཉམས་རྟོགས་མངའ་བདག་བསོད་ནམས་བརྟན་པ་དང་། །མཁས་ཤིང་གྲུབ་བརྙེས་བླ་མ་བསོད་ནམས་སྐྱབས། །གཟུངས་ཀྱི་དཔལ་བ་རྣམས་ལ་ཕྱག་འཚལ་ལོ། །མཚུངས་མེད་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ཞབས། །མཁས་བཙུན་ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ། །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང་། །རྒྱལ་ཚབ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྲིན་ལས་རྨད་བྱུང་ཡོངས་འཛིན་དཀོན་མཆོག་འཕེལ། །སྨྲ་བའི་སེང་གེ་དཀོན་མཆོག་ལྷུན་གྲུབ་ཞབས། །རྡོ་རྗེ་འཛིན་པ་དཀོན་མཆོག་དཔལ་ལྡན་དང་། །ཀུན་དགའ་


JKT016_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྣམས་ལ་ཕྱག་འཚལ་ལོ། །ཤར་ཆེན་མཁས་གྲུབ་ཤེས་རབ་འབྱུང་གནས་ཆེ། །རིག་གྲོལ་གཉིས་ལྡན་བསོད་ནམས་རྒྱ་མཚོའི་ཞབས། །རྣམ་འདྲེན་དམ་པ་ལྷུན་གྲུབ་དཔལ་ལྡན་དང་། །ཀུན་དགའ་བཀྲ་ཤིས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་བསོད་ནམས་རིན་ཆེན་ཞབས། །བསྟན་པའི་ཉི་མ་ཀུན་དགའ་བློ་གྲོས་དཔལ། །མཁས་བཙུན་གྲུབ་བརྙེས་ནམ་མཁའ་འཆི་ཨཱི མེད་དང་། །དཔལ་ལྡན་ཕྲིན་ལས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་ནས། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །ལྷག་པའི་ལྷ་དང་དབྱེར་མེད་བཀའ་དྲིན་ཅན། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སོརྟག་ཏུ༴ དེ་ལ་བ་རི་བའི་ཆོས་སྐོར་ཞེས་བྱ་བ་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། རྗེ་བ་རི་སྙིང་རྗེ་ཆེན་པོ་དང་ལྡན་པས་ཆོས་བསམ་གྱིས་མི་ཁྱབ་ཀྱང་གཙོ་ཆེར་གསུངས་པ་ནི། །དོན་ཡོད་ཞགས་པ་ཡན་ལག་བཅས། རྣམ་རྒྱལ་ཡན་ལག་བཅས་པ་དང་། །སྒྲུབ་ཐབས་བསྡུས་པ་་རྗེ་གདན་པའི་ཆོས་དྲུག་དང་། །དང་པོའི་ལས་པའི་བྱ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པ་དང་། རྗེ་བཙུན་གྲགས་པའི་ཆོས་སྤྱོད་རིན་ཆེན་ཕྲེང་བ་སོགས་ཀྱང་གཙོ་བོར་གཞུང་འདི་ལ་བརྟེན་ནས་མཛད། མཚན་བར་བཅས། །ལྷ་དགུ་ཚེ་དཔག་མེད། མཆན་ལ་སོགས་བསམ་མི་ཁྱབ། །


JKT016_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བ་རི་རིན་ཆེན་གྲགས་པ་ཡིས། །བོད་ལ་ཕན་པའི་དོན་དུ་བསྒྱུར། །ཞེས་པ་རྣམས་སོ། །དེ་ལས་འདིར་ཚོགས་སྒོམ་རིན་པོ་ཆེ་ནས་བཟུང་བརྒྱུད་པའི་ཞལ་སྐོང་རྣམས་སྒྲུབ་ཐབས་བསྡུས་པའམ། དེང་སང་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་བརྒྱུད་པ་དང་མཐུན་པར་སྦྱར་བ་སྟེ། ཆོས་སྐོར་གཞན་རྣམས་ཀྱི་རྒྱུན་ཡང་བར་མ་ཆད་བར་བཞུགས་པས་སྦྱོར་བར་སྤྲོ་ན་སོ་སོའི་བརྒྱུད་ཡིག་ལྟར་ཁ་བསྐོང་བར་བྱའོ། །ཞེས་པའང་མཉྫགྷོ་ཥས་སོ། །


previousནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཉུང་ངུ་།next