Nitartha Digital Library
Tibetan
 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར། next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JKT019_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལྷ་སྡེ། ཞྭ་དམར་ནག །ཆ་གསུམ་པ་དགའ་ལྡན་ཁྲི་རིན་པོ་ཆེ། བཀྲ་ཤིས་ལྷུན་པོ། འབྲུག་པ། སྒམ་པོ། མཚུར་ཕུ་དྲུང་པ། འཕགས་པ་ལྷ་རྣམས་ཀྱི་སྤྲུལ་སྐུ། སྒམ་པོའི་གདུང་བརྒྱུད་སྤྱན་སྔར་བཏོན་པ། ཁམས་རི་བོ་ཆེའི་ཆོས་རྗེ། འབྲི་གུང་གི་གདུང་བརྒྱུད་ཡོད་སྐབས་སྟག་ལུང་པ་དང་འདྲ་ཡང་ད་ཆ་འདི་གྲས། དེ་ལས་ཅུང་ཟད་དམའ་བ། སྡེ་པ། ཆ་གཉིས་པ་རྡོ་རྗེ་བྲག །བོ་དོང་སྦྱོར་ར་ཆེ་བ། འབྲོག་བསམ་སྡིངས། གཟིམ་ཁང་གོང་། བར་ཁམས་རྟ་ཚག །དེ་མོ་བ། ལྕགས་ཟམ་པ། ཁལ་ཁའི་འཇམ་དབྱངས། བྱམས་པ། རྒྱལ་ཁང་རྩེ། སྟོང་འཁོར་བ་རྣམས་ཀྱི་སྤྲུལ་སྐུ། གནས་རྙིང་ཁྲི་པ་བསླབ་གཙང་ཡིན་མིན་ལ་མ་བལྟོས་པ་དང་། གེ་རེ་ལྷ་པ་བསླབ་གཙང་རྣམས། སྙེ་འབོལ་ཆེ་བ། ཞྭ་ལུ་དང་ཚོགས་སྡེ་བཞིའི་མཁན་པོ། གསང་ཕུ་ཆོས་རྗེ་རྣམ་གཉིས། ལྷོ་བྲག་དྷི་ཚ། དཔའ་བོ། ཉག་རེ་བྲག་ཡབ། སི་ཏུ་བཞིའི་སྤྲུལ་སྐུ། ཏྲེ་བོ་ཧོར་ཚང་ཆོས་རྗེ་རྣམས། སྲབ་ལྔ་བརྩེགས་པ། དགའ་རྩེ་ཤར། དབུར་སྟོད་སེམས་དཔའ། རྒྱལ་སྲས་ཤེར་འཕེལ། ཀ་ལུགས་ཏྲེ་ཧོ། ལྷོ་གསུང་སྤྲུལ། ཐུགས་སྲས་ཟླ་བ། རས་ཆུང་ཕུག །བར་ཁམས་ངག་དབང་། སྦྱོར་ར་འགྲོ་མགོན། ལྷ་རྩེ་གྲུབ་དབང་རྣམས་ཀྱི་སྤྲུལ་སྐུ། ནཱ་ལེནྡྲ་བཅོ་བརྒྱད་པ། །


JKT019_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྩེའི་དབོན། སྟོད་རི་བོ་ཆེ་པ་དང་སྒེར་པའི་མི་ངོའི་རིགས་ཀྱི་ཆོས་རྗེ། ཁམས་རྒྱ་སྟོན་པ། རྒྱལ་ལེགས་བཤད་གླིང་། སྤྱན་སྔར་མ་བཏོན་པའི་སྒམ་པོའི་གདུང་བརྒྱུད། གེ་རེ་ལྷ་པའི་གདུང་བརྒྱུད། ངམ་རིང་། མངའ་རིས་ཁྲི་རྩེ། བཟང་ལྡན། སྒྱི་ཆུ། ཆོས་འཁོར་ལྷུན་པོ། འདར་གྲང་མོ་ཆེ། ལྷུན་རྩེ། གངས་ཅན་ཆོས་འཕེལ། སྣར་ཐང་། ངོར། གསེར་མདོག་ཅན། དཔལ་འཁོར་བདེ་ཆེན། ཐུབ་བསྟན་རྣམ་རྒྱལ། ཐུབ་བསྟན་ཡངས་པ་ཅན། ཤངས་རི་བོ་དགེ་འཕེལ། སྐྱེད་ཚལ་གོང་། གྲ་བྱམས་གླིང་། གྲ་ཐང་། རི་བོ་བདེ་ཆེན། རྩེ་དང་ལྔ་མཆོད་པ། སྤྱན་གཡས་པ། གཉལ་སྡེ་དྲུག །ཐར་པ། འཕགས་སྡེ་བཞི། རྫིང་ཕྱི། སྐུ་རབ་དགའ་ལྡན་རབ་བརྟན། རྭ་སྒྲེང་། སྐྱོར་མོ་ལུང་། གསང་སྔགས་མཁར་རྣམས་ཀྱི་མཁན་པོ། བྱ་ཡུལ། མལ་དྲེ། མཆད་ཀ །བདེ་ཆེན་ཡངས་པ་ཅན་གསུམ་གྱི་སྤྱན་སྔ། ཆོས་རྒྱལ་གཏེར་བདག་གླིང་པ། བསམ་ཡས་དཀར་པོ་བ། ཡང་འུག །རྟ་ནག་སྒྲོལ་མ་བ། སྨྲ་བོ་ཅོག་པ། གནས་གཞི་བ་སོགས་སྔགས་བརྒྱུད་ཆེ་ཁག་རྣམས། སྲབ་སུམ་བརྩེགས་པ་གྲ་ལྕོག་གྲ་པ། ཨེ་བྲག་སྣ་པ། ལ་སྟོད་སེ་བརྒྱ་འཁར་པ། གོང་དཀར་དཀོན་གཉེར་དཔོན། ཆོས་རྗེ་བཀྲ་བཟང་པ། རྩེས་དང་ཆེན་པོ་བྱང་མ་


JKT019_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྙེ་མདོ་བ་སོགས་བཀའ་གཏེར་གྱི་ཆོས་བརྒྱུད་ཟིན་ངེས། སེར་འབྲས་དགེ་གསུམ། ཆོས་འཁོར་རྒྱལ། བཀྲ་ཤིས་ལྷུན་པོའི་སློབ་དཔོན་པ་རྣམས། རྒྱས་སྐབས་སུམ་སྟན་སྙེ་འབོལ་དང་། བཅས་བདེར་ས་སྟན་གོས་སྟན། ཁ་གང་མ་ཁ་གདན་ལྟ་བུར་སྣ་དཀར་རྩེ། ལྷ་བྱ། སྐྱི་ཤོད། སྟག་ལུང་པ་སོགས། གདན་ས་གོང་འོག་གི་བཙུན་མོར་ཁ་གང་མ་བཞི་བརྩེགས། སྣེའུ་གདོང་རྩེའི་བདག་མོར་སུམ་བརྩེགས་ཁ་གདན། ས་སྟན་སྟེང་གོས་སྟན་ཡུག་པ། ལྷོ་འབོག་གདོང་། ཐོན་པ། གཟིམ་ཤག་ལྷོ་པ། སྡེ་དཔོན་ཆེ་ཁའི་དཔོན་སའི་རིགས་དང་། ནང་སོ་རྣམ་པ་དཀྱུས་མ་ལས་དྲག་ཙམ་ལ་གུང་སྟན་རིགས་གསུམ། ནང་སོ་རྣམ་པ་དཀྱུས་མ། ཀྲེ་ནག་སོགས་འབྲོག་རིགས་ཀྱི་དཔོན། ཞང་སྟོན། དར་སྡིངས། རི་ཞིང་གྲུ་ཚང་བའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟན་གདན་རིགས་གསུམ་རྣམས་གང་འོས། རྒྱ་སྔོ་དམར་པོ་གསུམ་གྱི་གྲུམ་གདན་འཇགས་གདན་སྟེང་གསང་ཕུའི་ཆེན་པོ། དཔལ་རི་སྤྲུལ་སྐུ། །རྫོགས་ཆེན་སྤྲུལ་སྐུ། གོང་ར་ངེས་གསང་གླིང་གི་བླ་མ། གྲ་དར་སྡིངས་པ། བླ་ཆེན་རྣམས་ཀྱི་ཕྱག་མཛོད། གོང་གསལ་འཇགས་མེ་གསུམ་གྱི་སྟེང་དབུས་གཙང་ས་དགེ། བཀའ་བརྒྱུད་པའི་དགོན་


JKT019_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་གཙང་བའི་སློབ་དཔོན། བལ་པོའི་རྒྱལ་ཁབ། རྒྱ་གར་ར་གོ་ཤིང་། འཛུམ་ལང་། མངའ་རིས་སོགས་ཕྱོགས་མཐའི་རྒྱལ་ཁག་གི་མི་སྣ་རྣམས་ལ་དམར་གྲུམ་ཡན། ཉིང་ཚོས། ལྗང་གུ་ནག་པོ་གསུམ་གྱི་སྟེང་བཙན་བཙུན། བྱ་བྲལ་གྱི་བླ་མའི་རིགས་ལ་སྤྱང་གདན་གང་འོས་སྟེང་། དྲུང་འཁོར། ལྡིང་དཔོན། ཆོས་སྡེ་ཁག་གི་གཉེར་ལས་འཛིན་སོགས། སྲབ་ལྔ་བརྩེགས་སྟེང་། རྒྱ་ནག་གོང་མའི་མི་སྣ་རྒན་གཞོན། གོང་གི་ཐམ་ཁ་འཛིན་པའི་ནང་ཕྱོགས་ཀྱི་ནང་སོ་རྣམས་ཁྲི་མཐོ་དམན་ཇི་ལྟར་འཚམས་པའི་སྟེང་ཁལ་ཁའི་རྒྱལ་པོ། དེ་ལས་ཅུང་དམའ་བར་བསྟན་འཛིན་ད་ལིའི་རྒྱལ་པོ། ཨ་རོད་སེ་ཆེན་རྒྱལ་པོ་སོགས་རྒྱལ་སར་མངའ་གསོལ་བའི་རིགས། ས་སྟན་གོས་འཇའ་ཉིས་བརྩེགས་སྟེང་ཁབ་ཁ་ཨོ་རོད་ཀྱི་དཔོན་པོ། གོས་འཇའ་གཅིག་གིས་དམའ་བར་དཔོན་ཆུང་དང་དཔོན་མོའི་རིགས། གྲུམ་རྩེ་མི་བཟང་མི་སྣ་དྲག་པར་འདིང་བ་སྤྱིར་བཏང་དང་དམིགས་བསལ། ལོ་གསར་སོགས་བཞུགས་གྲལ་ཆེན་མོའི་དུས་ཁྲིའི་ཉེ་སྐོར་དུ་གྲོང་སྨད་ཨ་བར་ལས་སྟན་གོས་འཇའ་ཁ་བ་ཀུག་མ་ཁ་སྟན་ཅོག་རྩེ། གཟིམ་དཔོན་མཆོད་དཔོན་སོགས་ལས་ཚན་ཆེ་ཁ་རྣམས་ལ་གྲུམ་སྟན། འཇག་མགོ། རྒྱུད་སྟོད་སྨད་སེར་འབྲས་ཀྱི་སློབ་དཔོན་ལྟ་བུར་སུམ་སྟན་སྙེ་འབོལ་ཆུང་བ་བྱེད་སྐབས་གདན་


JKT019_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་གོང་མ་རྣམས་ཀྱང་དེ་གའི་འགྲོས་ཀྱིས་འཕར་འགྲོ་ཞིང་། གྲུམ་འཇག་ཐོབ་པར་སྲབ་སུམ་བརྩེགས་གང་རུང་མི་བབས་བསྟུན་པ། སྐྱི་ཤོད་སོགས་དཔོན་ཆེ་ཁ་རྣམས་རྒྱུན་དུ་སོག་པོའི་ཐའི་ཇི་ཚོ་དང་ལྷན་དུ་འཚོག་སྐབས་སོག་པོ་ཆེ་བས་མཉམ་པ་ལས་མི་ཡོང་ཡང་། རིན་ཆེན་རྒྱན་སྤྲོད་ཀྱི་དམིགས་བསལ་ལ་སུམ་སྟན་སྙེ་འབོལ་ཆེ་བ། འབོག་པ་གསོགས། གོང་པ་འོག་མཚོར་སུམ་སྟན་སྙེ་འབོལ་ཆུང་བས་མཚོན། ཡུལ་དུས་གནས་སྐབས་ཀྱི་བསྒྱུར་ལུགས་བླ་བྲེས་ལྕོག །འབྲས་ཤེལ། ཨུཏྤལ། དང་ཆུང་མ་སོགས་ཧོར་དཀར། ཀརྨ་གན་དཀར། རབ་དཀར་གྱིས་མཚོན་བྱེ་བྲག་རྣམས་དཔལ་ཕག་མོ་གྲུ་པའི་ལུགས་སྲོལ་ཁུངས་མར་གཞི་བྱས་པའི་ཞིབ་མོ་རྣམ་འཐག་རབ་གསལ་མེ་ལོང་ཞེས་བྱ་བ་བྲིས། ཞེས་སྣང་ངོ་། །ཤུ་བྷཾ།། ༈ །།རྩེ་ལེ་ཁག་གསུམ་ཞེས་གྲགས་པའི་རྩེ་ལེ་གོང་མ་ལའང་གསར་རྙིང་གཉིས་ལས། རྙིང་པ་ནི་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་བཏབ། ཕྱིས་སེར་ཁྱིམ་དུ་གྱུར་པ། ༡གསར་མ་མཆིམས་ཤཱཀྱ་པྲ་བྷ་ཝ་ཞེས་སློབ་དཔོན་ཆེན་པོ་སྤྱན་འདྲེན་པའི་ཕོ་ཉ། སླད་ནས་སློབ་དཔོན་ལས་རྡོ་རྗེ་ཕུར་པའི་ཆོས་སྐོར་གསན་ཅིང་ཉམས་སུ་བཞེས་པས་གྲུབ་པ་ཐོབ་པ་དེ་དང་། གྲ་སྒོམ་ཤེས་རབ་བཟང་པོ། མདོ་ཁམས་གཏེར་སྟོན་ཤེས་རབ་མེ་འབར་སོགས་ཀྱི་


JKT019_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བརྒྱུད། གུ་རུ་ཆོས་དབང་གི་སྤྲུལ་པར་ཡང་གྲགས་པ། སྐུ་རབ་པའི་ཞལ་ངོ་རིག་འཛིན་བསོད་ནམས་རྣམ་རྒྱལ་གྱིས་རྩེ་ལེ་གསར་མའི་གྲ་ཚང་བཙུགས། ཨོ་རྒྱན་གྱི་གསེར་སྐུ་རྒྱབ་མཐོ་ཉེར་བརྒྱད་ཡོད་པ་སོགས་བཞེངས། མཆོག་ལྡན་མགོན་པོ། དོལ་ལས་འཕྲོ་གླིང་པ། རྫོགས་ཆེན་པ་བསོད་ནམས་རིན་ཆེན། རྒྱལ་སྲས་ཟླ་བ་གྲགས་པ་སོགས་ལས་གསན་བསམ་རྒྱ་ཆེར་མཛད། དེ་ལ་སྲས་དཔལ་ཨོ་རྒྱན་བསྟན་འཛིན། ཀརྨ་མཐུ་སྟོབས་རྣམ་རྒྱལ། དཀར་ཆེན་ཀུན་དགའ་བསྟན་འཛིན། ཆོས་རྗེ་ནཱ་ལེནྡྲ་པ་རྣམས་བྱུང་། ཨོ་རྒྱན་བསྟན་འཛིན་གྱིས་གདན་ས་བསྐྱངས། སོ་བརྒྱད་པར་གཤེགས། འདིས་སླར་ཡང་གྲ་ཚང་གསར་མ་ཞིག་བཙུགས་ནའང་། གཤེགས་རྗེས་རྙིང་པ་དང་མ་མཐུན་ནས་བཟང་ཕུད་རྣམ་པས་ལོགས་སུ་ཕྱེ་བ་ལས། གྲྭ་ཚང་དེའི་དབུ་མཛད་ཕྱིས་བླ་མར་བསྐོས་པ་བེ་རོའི་རྣམ་འཕྲུལ་མཚུངས་མེད་བསྟན་འཛིན་རྡོ་རྗེ་དགུང་ལོ་སོ་གཅིག་པའི་སྟེང་ཐང་འབྲོག་འོད་གསལ་རྩེའི་དགོན་གཞིས་ཕྱག་ཏུ་རུང་བར་རྩེ་ལེ་འོག་མའི་གྲྭ་ཚང་གསར་དུ་བཙུགས་པ་སྟེ། དེའང་ཐང་༢འབྲོག་གཞི་ཀའི་བླ་བྲང་གི་རྨངས་དགུང་ལོ་སོ་གསུམ་པར་གསར་དུ་བཏིང་ནས་རིམ་པར་བཞེངས། ཀརྨ་མཐུ་སྟོབས་རྣམ་རྒྱལ་ཡང་རྩེ་ལེ་གོང་འོག་གཉིས་སུ་རེས་མོས་ཀྱིས་བཞུགས་ཤིང་དགུང་


JKT019_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཞེ་བརྒྱད་པར་རྩེ་ལེ་འོག་མའི་གྲྭ་ཚང་དུ་ཞིང་གཤེགས། བསྟན་རྡོར་བ་དགུང་ལོ་ཞེ་ལྔ་པར་གཙང་པོ་མགོ་དགུའི་སྒྲུབ་སྡེ་བཙུགས། དགུང་ལོ་ཞེ་བདུན་པར་ལང་པོ་བདེ་ཆེན་༣༽དགོན་གྱི་གྲ་ཚང་བཙུགས། བདེ་ཆེན་དགོན་འདི་གཡུ་སྒྲའི་རྣམ་འཕྲུལ་བསམ་གཏན་བདེ་ཆེན་གླིང་པས་བཏབ། མིང་པདྨ་ཆོས་གླིང་དུ་བཏགས་ཀྱང་། མི་དམངས་རྣམས་ཀྱིས་བདེ་ཆེན་གླིང་པའི་དགོན་པ་ཡིན་པས་བདེ་ཆེན་དགོན་དུ་རང་ཤུགས་ཀྱིས་འདོགས་པ་བྱུང་། ཕྱིས་སེར་ཁྱིམ་དུ་གྱུར་པ་བསྟན་རྡོར་བས་གཙང་དགོན་དུ་བསྒྱུར་ཞིང་། རྩེ་ལེ་གོང་འོག་ལྟར་གྱི་གྲྭ་ཚང་གསར་དུ་བཙུགས་པ་ཡིན། ཨོ་རྒྱན་བསྟན་འཛིན་པའི་སྤྲུལ་སྐུ་དྭགས་པོ་འབྲུ་མདར་ནང་སོ་རྒྱལ་པོའི་སྲས་སུ་འཁྲུངས་པའང་བསྟན་རྡོར་པས་གདན་དྲངས། ཀརྨ་པ་དབང་ཕྱུག་རྡོ་རྗེ་བསྙེན་པར་རྫོགས་པའི་མཚན་ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྒྱ་མཚོར་གྲགས། ཐང་འབྲོག་གྲ་ཚང་དུ་མངའ་གསོལ། མཐུ་སྟོབས་པའི་སྐུ་སྐྱེ་འབྲུག་པད་དཀར་གྱི་གཉེར་པ་ཞིག་གི་སྲས་སུ་རྒྱ་གར་ཡུལ་གྱི་ཆར་འཁྲུངས་པའང་སྤྱན་དྲངས། ཀརྨ་རིག་འཛིན་མཆོག་གྲུབ་རྣམ་རྒྱལ་དུ་གྲགས། དེ་ལྟར་བསྟན་འཛིན་རྡོ་རྗེས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ནས་དགུང་ལོ་དོན་གསུམ་པར་མཚོ་རྫོང་ནོར་བུ་རིའི་རྩེར་སྐུ་གཤེགས་སོ། །གྲྭ་ཚང་དུ་ཕྲིན་ལས་རྒྱ་མཚོ་


JKT019_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། དེ་གཤེགས་རྗེས་མཐུ་སྟོབས་པའི་སྤྲུལ་སྐུ་མཆོག་གྲུབ་པ་མངའ་གསོལ་ཡང་ཉེར་དགུ་པར་རྩེ་ལེ་གོང་མར་གཤེགས། བསྟན་རྡོར་པའི་སྤྲུལ་སྐུ་དུལ་གྱི་གྲོང་ན་འཁྲུངས་པ་མཁས་མཆོག་པདྨ་ལེགས་གྲུབ་བམ། སྣ་ཚོགས་རང་གྲོལ་ཞེས་གྲགས་པ་དེའོ། །གོང་གི་མཐུ་སྟོབས་པའི་སྐུ་སྐྱེ་མཆོག་གྲུབ་པའི་སྤྲུལ་སྐུ་ནི་རྩེ་ལེ་གོང་མས་གདན་དྲངས། ཕྲིན་ལས་རྒྱ་མཚོའི་སྐུ་སྐྱེ་ལོང་པོ་རྩལ་སྟེ་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་གྱི་སྲས་སུ་འཁྲུངས་པ་རྩེ་ལེ་འོག་མར་གདན་དྲངས་ནའང་། ཕྲིན་ལས་ཁྱིམ་པར་གྱུར་ཏེ་བསྟན་ལ་ཕན་པ་མ་བྱུང་། སྣ་ཚོགས་རང་གྲོལ་གྱིས་གདན་ས་དགུང་ལོ་སོ་ལྔ་བར་བསྐྱངས། དེ་ནས་བྱ་བཏང་མཛད་དེ་རྒོད་ཚང་ཕུག་ཏུ་བཞུགས་པའོ། ༈ །སྣ་ཚོགས་རང་གྲོལ་རྣམ་ཐར་དུ། གངས་རར་བཞུགས་སྐབས་གནུབས་ཞུ་ལུང་གི་ཆུ་བྱང་གི་ཕུར། ཐ་ཤོད་བྲག་དཀར་ཞེས་པ་སྔོན་པཎ་ཆེན་བི་མ་ལས་རྫོགས་ཆེན་གསང་བ་སྙིང་ཏིག་གཏེར་དུ་སྦས་ཤིང་། ལྕེ་བཙུན་སེང་དབང་འོད་སྐུར་གཤེགས་པའི་སྒྲུབ་གནས་དེ་ཉིད་མཇལ་བར་ཕེབས་ནས་ཞག་གཅིག་བཞུགས། ཞེས་སྣང་། །༅། །གཏེར་སྟོན་སངས་རྒྱས་བླ་མ་ལ་སྟོད་མཚོ་བར་དུ་འཁྲུངས། ཡེ་ཤེས་འོད་དང་དུས་མཉམ། གློ་བོ་དགེ་དཀར་གྱི་གཙུག་ལག་ནས་བླ་རྫོགས་ཐུགས་གསུམ་ཐང་པར། ཁོག་ཕྲད་


JKT019_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སོགས་ནས་རྟ་མགྲིན་དྲེགས་པ་ཟིལ་གནོན་རྒྱ་གཏམ། ཁ་བསྒྱུར་སོགས་མང་དུ་ཐོན་པར་གྲགས། ༼༡༽ །རྒྱ་ལོ་ཙཱ་མར་པ་དང་དུས་མཉམ། རུས་རྒྱ། མཚན་རྡོ་རྗེ་བཟང་པོ། འཕྲལ་སྐད་ཤེས་པའི་ལོ་ཙཱ། བལ་བོད་མཚམས་པུརྞ་རྫ་རི་ནས་ཟབ་གཏེར་མང་པོ་ལམ་རིམ། ཆུང་དཔྱད་སོགས་གསོ་རིག་གི་སྐོར་མང་དུ་དྲངས། སངས་རྒྱས་བླ་མའི་སྐྱེ་བ་དེ་མ་ཐག་པར་གསལ། ༢༽ །སྣ་ནམ་པས་གླང་ཐང་སྒྲོལ་མ་སོགས་ནས་སྨན་དཔྱད་རྩིས་སོགས་གཏེར་ཁ་མང་། འབྲོག་བསྣན་མ་ཐུབ་རྒྱལ་དང་གཅིག་ཏུ་འདོད་པའང་ཡོད། ༼༣༽ །ཞང་ཕྲོམ་རོང་གི་དུམ་པ་ཆུ་ཚག་ཁར་འཁྲུངས། རུས་རྒྱ། མཚན་རྡོ་རྗེ་འོད་འབར། ཕུང་པོ་རི་བོ་ཆེ་སོགས་གཏེར་གནས་དྲུག་ནས་གནུབས་ཀྱི་དྲག་སྔགས་མང་པོ་གཙོར་གྱུར་གཞན་ཡང་སེམས་ཕྱོགས་འཇམ་དཔལ་རྫོགས་ཆེན་ཡེ་ཤེས་གསང་རྫོགས། མཚན་བརྗོད་ཀྱི་འགྲེལ་པ་སོགས་གཞུང་དང་མན་ངག་གསོ་དཔྱད་སོགས་གཏེར་ཀ་མཐའ་ཡས། ༼༤༽ །སུརླ་སི་ཧའམ་ཉི་མ་སེང་གེ་གཉལ་ཞིག་ཉའི་སེང་ལ་བཞེད་པའང་ཡོད་མོད་། མང་ཡུལ་དུ་འཁྲུངས། པདྨ་སུང་བཙན་གྱི་སྐྱེ་མཐའ་ཡིན། བྱམས་པ་སྤྲིན་ནས་ཐུགས་རྗེ་ཆེན་པོའི་སྐོར་སོགས་བཞེས་རྒྱུའང་བཞེས་མ་གྲུབ། སྤྱིར་བླ་རྫོགས་ཐུགས་གསུམ་གྱི་སྐོར་མང་།


JKT019_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྒྱ་ལོ་ཙཱའི་སྐྱེ་བར་ཐང་ཡིག་ཏུ་གསལ། ༼༥༽ །གཡུ་རུ་སྟོན་ཤཱག་གིས་བྱང་པྲ་དུན་རྩེ་ནས་རླུང་འཁོར་དམར་ནག་དང་ཟློག་པ་དྲེགས་པ་ཉི་ཤུ་སོགས་དྲག་སྔགས་མང་དུ་བཏོན། ཐང་ཡིག་ཏུ། བྱང་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི། ཞེས་པའང་དེའོ། །བེ་རོའི་སྐྱེ་མཐར་བྱེད། ༼༦༽ །བོན་པོ་བྲག་ཚལ་གཙང་དུ་འཁྲུངས། རུས་བོན་པོ། བུམ་ཐང་རྩིས་ལུང་ཞེས་དུས་གསུམ་སངས་རྒྱས་བཞུགས་པའི་ལྷ་ཁང་ལ་མོན་པ་རྣམས་དཀོན་མཆོག་གསུམ་གྱི་ལྷ་ཁང་དུ་འབོད་པ་དེ་ནས། རྫོགས་ཆེན་གུ་རུ་བཞིའི་ལོ་རྒྱུས། ཤྲཱི་སེང་ཧའི་དམར་ཁྲིད། གཞན་ཡང་ཕུར་པའི་སྐོར། །ཤངས་ཀྱི་སྐྱེ་ཀ་ཐར་ཤིང་བྲག་ནས་རཱ་ཧུ་ལ་ཤི་ས་བསྟན་པ་རུ་སྦལ་ནག་པོའི་སེར་སྲུང་བཅས་ཆོག་སོགས་བཏོན། འདིའང་བེ་རོའི་སྐྱེ་མཐར་གྲགས། ༼༧༽ །སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་ནི། གཙང་སྙེ་མོར་འཁྲུངས། རོང་བོར་འདམ་གྱི་སྙིང་དྲུང་ཤེལ་མ་བྲག་ནས་རྫོགས་ཆེན་སྤྱི་ཏི་སོགས་གདན་དྲངས། བཻ་རོའི་སྐྱེ་བ་ཡིན། བླ་མ་དམ་པའི་སྐུ་ཚེའི་སྨད་དུ་བྱུང་བར་བྲིས་འདུག་ཀྱང་། མངའ་བདག་ཉང་དང་དུས་མཉམ་པར་གསལ་ལོ། ༼༢༽ །གྲུབ་ཐོབ་དངོས་གྲུབ་ནི་གཙང་དུ་འཁྲུངས། མི་ཡུལ་དུ་ལོ་སུམ་བརྒྱ་བཞུགས། སྐུ་ཚེའི་སྨད་ལ་གཙང་གི་རི་བོ་ཆེ་ནས་རྟ་མགྲིན་ཁྲོ་འདུས་སོགས་


JKT019_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལྷ་སའི་གཙང་ཁང་བྱང་གི་རྟ་མགྲིན་ཞབས་འོག་ནས་མ་ཎི་བཀའ་འབུམ་སྐོར་ཕལ་ཆེར་བཞེས། མངའ་བདག་ཉང་གིའང་བླ་མ་ཡིན། ༼༩༽ །གཙུག་ལག་དཔལ་དགེ་འདི་བལ་པོའི་སློབ་དཔོན་གཙུག་ལག་དཔལ་དགེ་དང་གཅིག་པར་བཞེད་པ་ཡོད་མོད། སློབ་དཔོན་དེ་ཡི་སྐྱེ་མཐར་གསལ། འཁྲུངས་ཡུལ་གློ་བོའི་མཐའ་བལ་པོ་དང་ཉེ་བར་འཁྲུངས། བལ་ཡུལ་ཨེ་ཡི་གཙུག་ལག་གི་ཕ་བོང་རུ་སྦལ་ནག་པོ་ནས་དྲག་སྔགས་ཐེམ་ཡིག་བདུན་པ་སོགས་སྤྱན་དྲངས། ལྷ་བླ་མ་དང་དུས་མཉམ། ༼༡༠༽ །སྐུ་ཚ་སྟོན་བ་ནི་འཁྲུངས་ཡུལ་ལྷོ་བྲག །རུས་ཞུ་ཚ། མཚན་ཟླ་འོད་འབར་རམ། སྨན་པ་པདྨ་སྐྱབས་ཞེས་གྲགས། སྤ་གྲོ་གཅལ་གྱི་བྲག་སྡིག་རུ་འདྲ་བ་ནས་གཏེར་སྒྲོམ་བཞི་ལས་ཆོས་བོན་སྨན་རྩིས་ཀྱི་སྐོར་རྒྱ་ཆེར་བཞེས། འོན་ཀྱང་ཀུན་སྤངས་པའི་ཚུལ་གྱིས་ལྷག་དཔྱད་མཛད་པས་ཆོས་ཀྱི་ཕྲིན་ལས་ཆུང་། བོན་གྱི་རྫུ་འཕྲུལ་དྲྭ་བ་དང་། ཕུར་ནག་སོགས་དར་རྒྱས་སུ་གྱུར། རྒྱལ་སྲས་ལྷ་རྗེའི་སྐྱེ་མཐར་གསལ། ༼༡༡༽ །ཨ་ཡ་བོན་པོ་ལྷ་འབུམ་ལོ་རྒྱུས་སྔ་མར་ལྷོའི་ཕྱོགས་སུ་འཁྲུངས། གཙང་གི་རུ་མཚམས་ནས་ཆོས་བོན་སྨན་རྩིས་རྒྱ་ཆེར་བཏོན། དྲན་པ་ནམ་མཁའི་སྤྲུལ་པར་གྲགས། འབྲོམ་སྟོན་དང་དུས་མཉམ་ཞེས་པ་རུང་མོད། བོན་ཕྱོགས་ཀྱི་ལོ་རྒྱུས་ལྟར་


JKT019_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ན། གཙང་རྟ་ནག་ཏུ་འཁྲུངས། གུ་རུ་སྣོན་རྩེ་ཟེར། དེས་བཏབ་པའི་ལྷ་ཁང་ད་དུང་ཡོད། དེ་དང་ཉེ་བའི་རྟ་ནག་དུང་ཕོར་བྲག་ནས་མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་སོགས་རྒྱ་ཆེར་སྤྱན་དྲངས། ། གྲོང་སྔར་འཁྲུལ་ཞིག་ཆེན་པོའི་རྣམ་པར་བཞུགས། སྔ་ཕྱིའང་ཆོས་དབང་རིན་པོ་ཆེ་དང་དུས་མཉམ་པར་གྲགས་པ་དེ་ཡིན། བེ་རོའི་སྐྱེ་མཐར་གསལ། ༼༡༢༽ །ཁྱུང་པོ་དཔལ་དགེ་ནི་གཙང་ལ་སྟོད་དུ་འཁྲུངས་ཞེས་སྣང་བ། མང་ཡུལ་གུང་ཐང་པ་ཡིན། རུས་ཁྱུང་པོ། མཚན་དཔལ་དགེ། མོན་བུམ་ཐང་ནས་བོན་ཟབ་མོ་སྡེ་དྲུག །ཧས་པོ་རི་ནས་ཀྱང་ཆོས་བོན་རྩི། སྨན་རྒྱ་ཆེན་བཏོན། དུས་རྟགས་ལ་དཔགས་ཏེ་ལྷ་བཙུན་བྱང་ཆུབ་འོད་ཀྱི་དུས་ཙམ་བྱུང་བར་བཞེད་མོད། ཉང་གི་དུས་ཙམ་ཡིན་འདྲའོ། ༡༣ །ཤ་མི་རྡོ་རྒྱལ་ནི། འཁྲུངས་ཡུལ་ཤངས་ཀྱི་སྟོད་ཤ་མི་པྲ་དུ་བྱ་བར་འཁྲུངས། མཚན་རྡོ་རྗེ་རྒྱལ་པོ། ཧས་པོ་རི་ནས་དགོངས་དོན་ཟབ་ཏིག་ཅེས་པའི་ཆོས་བཀའ་རྒྱ་ཆེར་བཏོན། འདི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་གཞུང་ལག་ལེན་དང་བཅས་པར་སྣང་། གཞན་ཡང་ཆོས་ནོར་གྱི་གཏེར་ཁ་མང་དུ་བྱུང་། ལོ་ཙཱ་བ་ཤ་མི་གོ་ཆའི་སྤྲུལ་པར་གསལ། རྟེན་སྔགས་བཙུན། མདོ་སྔགས་ལའང་མཁྱེན་པ་རྒྱས། དུས་ལྷ་བླ་མའི་སྐབས་ཙམ་གྱི་སྔ་ཐོག་ཏུ་བྱུང་བར་སྣང་། །


JKT019_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༡༤ །ལྡང་མ་ལྷུན་རྒྱལ། དབུ་རུ་སྟོད་འབྲི་གུང་དང་ཉེ་བའི་གཞོ་ཡི་ལུང་པར་འཁྲུངས། སྔགས་བཙུན་གྱི་རིགས་དང་རྟེན་ཡང་དེར་བཞུགས། ཞྭ་ལྷ་ཁང་གི་དཀོར་གཉེར་དཀྱུས་མའི་ཚུལ་བཟུང་། གནས་དེ་ནས་བི་མ་སྙིང་ཏིག་གི་རྒྱུད་དང་མན་ངག་རྒྱ་ཆེར་སྤྱན་དྲངས། ལྕེ་བཙུན་སེང་གེ་དབང་ཕྱུག་དང་། མནར་མདའི་ལྕེ་སྒོམ་ལ་གནང་བས་འོད་སྐུར་གཤེགས་ཤིང་རྒྱ་ཆེར་དར། བི་མ་ལའི་སྤྲུལ་པར་གྲགས། ༡༥ །གྲ་པ་མངོན་ཤེས་འཁྲུངས་ཡུལ་གྲ་ནང་པ། རུས་ཤུད་ཕུ། རབ་བྱུང་ཐོག་མའི་མེ་ཡོས་ལ་འཁྲུངས། དམ་པའི་ཆོས་མངོན་པ་ལ་མཁས་པས་མངོན་ཤེས། མཚན་དབང་ཕྱུག་འབར། རྟེན་དགེ་སློང་། གྲ་ཐང་སོགས་གཙུག་ལག་ཁང་དང་གནས་གཞི་མང་དུ་བཞེངས། བསམ་ཡས་དབུ་རྩེའི་སྒོ་གོང་ནས་གནོད་སྦྱིན་ཞང་བློན་དང་ཛ་དམར་སྐོར། ཀ་བ་བུམ་པ་ཅན་ནས་གསོ་རིག་རྒྱུད་བཞི་སྤྱན་དྲངས་པས་གངས་ཅན་པ་རྣམས་ཀྱི་ཕན་བདེའི་བཙས་ཆེན་པོར་གྱུར། ཤུད་པུ་དཔལ་གྱི་སེང་གེའི་སྐྱེ་བར་གྲགས། ༡༦ །ར་ཤག་གཏེར་སྟོན་ནི། ཡར་འབྲོག་གཉན་དུ་འཁྲུངས། མཚན་ཆོས་འབར་རམ། བསོད་ནམས་རྡོ་རྗེ། རྟེན་སྔགས་འཆང་ཆེན་པོ། རྙིང་མ་བཀའ་མའི་གཞུང་དང་མན་ངག་གདམས་ཆོས་གསོ་དཔྱད་སོགས་ལ་མཁས། རྗེ་མི་ལར་ཚེ་རིང་མའི་


JKT019_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྐོར་ཀྱང་འདིས་གནང་བར་གྲགས་པ་དོན་ལ་གནས། སྤ་གྲོ་དང་། མཆིམས་ཕུ། མཁོ་མཐིང་སོགས་ནས་མ་མོ་སྒང་ཤར་ཆེན་མོ། སྲིད་པའི་ཕེམས་སོགས་དང་། མདོས་ཆོག་གི་སྐོར་རྒྱ་ཆེར་བཞེས། མར་པ་དང་དུས་མཚུངས། སྲས་བརྒྱུད་ཀྱང་ཕྱི་མའི་བར་ཡོད། སྐུ་ཚེ་རིང་བར་བཞུགས་པར་གསལ། བཻ་རོའི་སྐྱེ་མཐའོ། ༼༡༧༽ །མངའ་བདག་ཉང་རིན་པོ་ཆེ་ནི། ལྷོ་བྲག་ཤར་༧ གཏམ་ཤུལ་འཇོད་པ་གསེར་དགོན་དུ་འཁྲུངས། གདུང་བྲམ་ཟེ་ཉང་། མཚན་ཉི་མ་འོད་ཟེར། མདོ་སྔགས་ཀྱི་གཞུང་དང་མན་ངག་ལ་གསན་བསམ་རྒྱ་ཆེར་མཛད། ཐུགས་རྗེ་ཆེན་པོ་ཞི་དྲག་ལས་གྲུབ་པ་ཐོབ། གཏམ་ཤུལ་སྲིན་མོ་སྦར་རྗེས་བྲག་ནས་ཐུགས་རྗེ་ཆེན་པོ་འགྲོ་འདུལ་སོགས་དང་། མཁོ་མཐིང་རྣམ་སྣང་སྐུ་རྒྱབ་ནས་མཆིམས་ཕུའི་གཏེར་གནས་འཕོས་པའི་བཀའ་བརྒྱད་བདེ་གཤེགས་༧ འདུས་པ་སོགས་རྒྱ་ཆེར་སྤྱན་དྲངས། ཡི་དམ་དང་མཁའ་འགྲོའི་བཀའ་བབས། ཕྲིན་ལས་མཐའ་ཡས། སྲས་སློབ་ཀྱི་བརྒྱུད་པ་འཕེལ། གཏེར་ཁ་གོང་མར་གྲགས། མངའ་བདག་ཁྲི་སྲོང་གི་སྐུའི་སྤྲུལ་པའོ། ༼༡༨༽ །དབོན་སྲས་ཁྱུང་ཐོག་ནི་གཏེར་འབྱུང་སྔ་མ་རྣམས་སུ་མི་གསལ། ཕྱིས་དབོན་སྲས་ཁྱུང་ཐོགས་སུ་ཁས་འཆེ་བ་གསུམ་ཙམ་བྱུང་བར་གྲགས། འགའ་ཞིག་གིས་རིག་འཛིན་རྒོད་


JKT019_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམ་ལ་ངོས་བཟུང་། དོན་དུ་ལ་སྟོད་ཕྱོགས་སུ་བོན་རིགས་ལས་བྱུང་བའི་སྔགས་པ། མཚན་གཡུང་དྲུང་འབར། གྲམ་པ་རྒྱངས་སོགས་ནས་ཆོས་བོན་གྱི་གཏེར་ཁ་ཅི་རིགས་བཞེས་ཀྱང་། །གྲོང་སྔགས་དཀྱུས་མའི་ཚུལ་མཛད་པས་འགྲོ་དོན་ཆེར་མ་བྱུང་། ཇོ་བོའི་དུས་ཙམ་བྱོན། ༼༡༩༽ །ར་མོ་ཤེལ་སྨན་ནི། འཁྲུངས་ཡུལ་ཡར་ལུང་ལྷ་སྟོད་ར་མོ་སྨན་ཆུ་ཁར་གཉགས་ཀྱི་རིགས་ལས་བྱུང་། མཚན་ཡེ་ཤེས་བཟང་པོ། རྟེན་སྔགས་བཙུན་རལ་པ་ཅན། གཟིམས་ཁང་དུ་སྨན་སྒྲུབ་མཛད་པས། དེ་དང་ཉེ་བའི་བྲག་ལ་སྨན་ཤིང་སྡོང་པོ་འཁྲུངས་པ་དགུན་དུས་མེ་ཏོག་བཀྲ་བ་ཕྱི་ལོའི་བར་ཡོད། ཡར་ཀླུང་པདྨ་ཤེལ་གྱི་བྲག་སོགས་ནས་བླ་རྫོགས་ཐུགས་གསུམ་དང་། གསོ་རིག་སོགས་མང་དུ་སྤྱན་དྲངས། གྲུབ་པའི་རྫུ་འཕྲུལ་ཀྱང་མཐའ་ཡས་མོད། སྨན་སྔགས་དཀྱུས་མའི་ཚུལ་མཛད་པས་ཆོས་ཀྱི་འགྲོ་དོན་ཆེ་བར་མ་བྱུང་། ཆུ་བཅོས་དང་འབམ་བཅོས་སོགས་ད་ལྟའི་བར་དར། མངའ་བདག་ཉང་གི་དུས་ཙམ་བྱུང་། སྐུ་ཚེའང་རིང་དུ་བཞུགས། གཉགས་ལོ་ཆེན་པོའི་བྱིན་རླབས་ཀྱི་སྤྲུལ་པའོ། ༼༢༠༽ །གཏེར་ཁ་འོག་མ་གུ་རུ་ཆོས་ཀྱི་དབང་ཕྱུག་ནི། ལྷོ་བྲག་ནུབ་ལ་ཡག་ཏུ་འཁྲུངས། རུས་སྤང་རྗེ་བཙན་པོ། གཙུག་ལག་དང་མདོ་སྔགས་གཞུང་དང་ལག་ལེན་མང་དུ་


JKT019_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གསན་པས་སྟོན་པར་གྲགས། མཚན་ཆོས་ཀྱི་དབང་ཕྱུག །ལ་ཡག་གནམ་སྐས་ཅན་དང་། མཁར་ཆུ་ལྕགས་ཕུར་ཅན་སོགས་ནས་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་སོགས་གཏེར་ཁ་བཅོ་བརྒྱད་ལ་དབང་བསྒྱུར། གྲུབ་པའི་གོ་འཕང་མཐོན་པོར་གཤེགས། བླ་མ་དང་ཐུགས་རྗེ་ཆེན་པོའི་བཀའ་བབས། ཕྲིན་ལས་མཐའ་ཡས། སྲས་སློབ་ཀྱི་བརྒྱུད་འཛིན་འཕེལ། མངའ་བདག་གསུང་གི་སྤྲུལ་པའོ། ༼༢༡༽ །གུ་རུ་ཇོ་ཙེ་ནི། སྐྱིད་ཤོད་སྨད་སྙེ་མདར་འཁྲུངས། རྟེན་གྲོང་སྔགས་དཀྱུས་མ། སྐྱིད་སྨད་འུ་ཤང་རྡོ་དང་ཉེ་བའི་ལྷ་རི་རྩེ་ལྔའམ་བོད་ཀྱི་རི་བོ་རྩེ་ལྔར་གྲགས་པའི་རྒྱབ་ལོགས་ནུབ་ཕྱོགས་ཟངས་ཡག་བྲག་ནས་ཟབ་གཏེར་པུསྟི་སུམ་ཅུ་ཙམ་དང་། སངས་རྒྱས་ཀྱི་རིང་བསྲེལ། ཨོ་རྒྱན་རིན་པོ་ཆེའི་ཕུར་ཆས་དང་། སྐུ་ཚབ་བརྒྱ་རྩ་བརྒྱད་སོགས་རྒྱ་ཆེར་སྤྱན་དྲངས། གཏེར་རྫས་ཕལ་ཆེར་གེ་རེ་ལྷ་པའི་རིན་ཆེན་དབང་གི་རྒྱལ་པོར་གཏད། ཆོས་ཀྱི་འགྲོ་དོན་ཆེ་བར་མ་བྱུང་། འཕགས་པ་རིན་པོ་ཆེའི་དུས་ཙམ་བྱོན་པར་གསལ། འདིའི་གཏེར་མ་ཕུར་ཆས་མང་ཞིག་སྟོད་ལུང་མདའ་དངོས་གྲུབ་ལྡིངས་སུ་ད་ལྟའང་ཡོད། ལྷ་སྲས་མུ་ཏིག་བཙན་པོའི་སྐྱེ་མཐའོ། ༼༢༢༽། ༈ །།བེ་རོའི་སྐྱེ་མཐའ་གཏེར་སྟོན་རོག་རྗེ་གླིང་པ་འགྲོ་འདུལ་རྩལ་ནི། རང་གཏེར་རྟ་ཕག་ཡིད་བཞིན་


JKT019_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ལོ་རྒྱུས་ལས། སྨོན་ལམ་ཐེབས་པའི་སྐྱེས་བུ་ནི༔ མདོ་སྨད་ཐེག་པ་དགུ་ཡི་གནས༔ གསེར་རི་ཁྲམ་ཤིང་ཤར་སྒོ་ན༔ རྟ་ལུག་སྤྲེལ་གྱི་ལོ་པ་ནི༔ ལག་མཐིལ་སྤྱན་མིག་སྟག་ཤམ་ཅན༔ པདྨའི་མིང་ཅན་བརྟུལ་ཞུགས་སྤྱོད༔ ཞེས་དང་། དུས་ཚོད་ཀྱང་། འདོན་དུས་བདུད་གྱི་རྒྱལ་པོ་ར་ཡི་མིང་༔ སྨོན་ལམ་ལོག་པའི་དམ་སྲི་ལྔ་ཡི་དཔུང་༔ བོད་ཁམས་ལྷགས་ནས་བསྟན་པ་ཐམས་ཅད་བཤིག བོད་ཁམས་སིལ་བུར་མི་རུང་སྣ་དགུ་འབྱུང་། ཞེས་གསུངས་པས་ལྗོངས་འགར་བོད་དུ་སླེབས་པའི་དུས་ཡིན་འདྲ། དེས་གནས་མཆོག་བག་འཛམ་སྒྲུབ་ཕུག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ཡིད་བཞིན་འགྲོ་འདུལ་ཞེས། འགྲོ་འདུལ་ཕྱག་བཞི་པ་ཡབ་ཡུམ། གཡས་གཡོན་དུ་སྒྲོལ་མ་དཀར་སྔོན། ཕྱོགས་བཞིར་རིགས་བཞི་སྒོ་བཞིར་མཁའ་འགྲོ་སྡེ་བཞི་བཅས་ཡོད་པའི་ལས་བྱང་། དབང་། ཁྲིད། གནས་ལུང་སོགས་ཆོས་ཚན་ཆུང་ངུ་མང་བ། རོང་དོང་ལུང་པ་ནག་པོའི་སྲིན་རྫོང་བྲག་དམར་དཀྱིལ་ནས་སྤྱན་དྲངས་པའི་རྟ་ཕག་ཡིད་བཞིན་འབར་བ་ཞེས། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་ཅན། ཕྱོགས་བཞིར་རིགས་བཞི། རྩིབས་བཅུར་ཁྲོ་བཅུ། སྒོ་སྐྱོང་ཕྲ་མེན་བཞི་བཅས་ཡོད་པའི་དབང་། ལས་བྱང་། རབ་གནས། སྨད་ལས་སོགས་ཚང་བར། ཚ་བ་


JKT019_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱ་གདོང་ནས་སྤྱན་དྲངས་པའི་མགོན་པོ་ཚོགས་བདག་ཡིད་བཞིན་ནོར་བུའི་དབང་། ཕྲིན་ལས། སྨད་ལས་སོགས་ཆོས་ཚན་ཉུང་ངུ་བཅས་ཡིད་བཞིན་སྐོར་གསུམ་དུ་གྲགས་པའི་པུསྟི་ཆུང་ངུ་ཞིག་མཐོང་། ཆོས་བདག་གི་གཙོ་བོ་རྒྱལ་དབང་སྐལ་བཟང་། ཞྭ་དམར་ཆོས་ཀྱི་དོན་གྲུབ། ཀརྨ་པ་བྱང་ཆུབ་རྡོ་རྗེ་སོགས་ཡིན་ཚུལ་སྣང་ནའང་འགྲོ་དོན་ཇི་ལྟར་བྱུང་མ་ངེས་སོ། ༈ །སྟག་མོ་གཏེར་སྟོན་ན་སྲས་ཁྱུང་ཐོག་རུ་ལག་གི་ཕྱོགས་ཞིག་འཁྲུངས། རྒྱངས་ཀྱི་ཡོན་པོ་ལུང་ནས་རྫོགས་ཆེན་ཀུན་བཟང་སྙིང་ཏིག་ཞེས་ཐུགས་རྗེ་ཆེན་པོ་དང་འབྲེལ་བ། ལྷ་ལུམ་གསང་བའི་གཏེར་གནས་ནས་དབང་ཆེན་རྟ་མགྲིན། ཁྲོམས་ཟངས་བྱང་ངོས་ནས་བླ་མ་ཞི་དྲག། བསམ་ཡས་དབུ་རྩེ་ནས་རྣམ་སྲས་ཡོན་ཏན་འབྱུང་བ་སོགས་སྤྱན་དྲངས། གཏེར་ཆོས་ཉུང་དུ་དུམ་དུམ་ཞིག་པོད་གཅིག་མཐོང་། ཆོས་རྗེ་གླིང་པ་ལ་གཏེར་གྱི་བཀའ་བབས་ཡོད་ཚུལ་སོགས་ཞུས་པ་རྣམ་ཐར་དུ་གསལ་བ་དེའོ། །འདིའང་བེ་རོའི་སྐྱེ་མཐར་མཛད་སྣང་། སྤྱིར་པདྨ་བཀའ་ཐང་གི་ལུང་ཟིན་དེ་ནི་ཇོ་བོ་རྗེ་བོད་དུ་མ་བྱོན་གོང་། དབུས་གཙང་མི་བཅུས་བསྟན་པ་སྤེལ་སྐབས་གཡས་རུ་བྱང་གི་སྟོད་བོན་པོའི་བརྒྱུད་པ་ཞིག་ལ་འཁྲུངས། མཚན་བླ་དྭགས་དབོན་སྲས་ཞེས་པའང་དེའི་རྒྱུ་མཚན་དུ་སྣང་། རྩངས་ཡོན་པོ་ལུང་གི་གཙུག་


JKT019_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་སོགས་ནས་བན་བོན་གྱི་གཏེར་ཀ་མང་པོ་སྤྱན་དྲངས་ནའང་འགྲོ་དོན་རྒྱ་ཆེར་མ་བྱུང་བ་འདྲ། རྟེན་སྔགས་བཙུན། བེ་རོའི་སྐྱེ་མཐའ་ཆོས་བོན་འདྲེས་མར་སྤྱོད་པ་ཞིག་གོ། །ཡང་འགའ་ཞིག་གི་རིག་འཛིན་རྒོད་ལྡེམ་དབོན་སྲས་ཁྱུང་ཐོགས་སུ་ངོས་འཛིན་པ། སྤྱིར་འགལ་བ་མེད་ཀྱང་། དུས་རྟགས་དང་མི་འགྲིག་པར་སྣང་། གོང་དུ་སྨོས་པའི་སྟག་མོ་གཏེར་སྟོན་འདི་རྒྱལ་པོ་ལྷ་བཟང་གི་དུས་ཙམ་ཡིན་པས་ཕྲིན་ལས་ནི་ཆེར་མ་བྱུང་། འོན་ཀྱང་ཆོས་གླིང་པས་ཀྱང་ཆོས་གསན་མིན་མི་གསལ་ཡང་། གཏེར་སྟོན་ཡིན་རྒྱུར་མཛད་ཅིང་། རྭ་སྟོན་སོགས་ཀྱིས་ཚད་ལྡན་དུ་བཞེད་སྣང་ངོ་།། ༈ །།བོན་ཀུན་གྲོལ་བའི་བོན་གཏེར་བརྒྱ་རྩའི་གཏེར་འབྱུང་ཉི་མའི་དཀྱིལ་འཁོར་དུ་བཏགས་པ་དོན་གོང་ལྔའི་གསན་ཐོ་ལས་ལེབ་བཤུས་བྱས་པ་ཞིག་གདའ་བ་དེར། གཏེར་སྟོན་སངས་རྒྱས་བླ་མ་ནི། ལི་ཤུ། དྲན་པ་པད་འབྱུང་གསུམ་གྱི་སྨོན་ལམ་མཐའ་བཙན་ལྷོ་བལ་དུ་སངས་རྒྱས་སེམས་དཔའ་བཤེས་གཉེན་བླ་མའི་ཚུལ་དུ་བཟུང་བ་ཨ་ཙ་ར་དཀོན་མཆོག་གྲགས་པ། པད་ཀུ་རིན་ཆེན། ཉ་མོ་མགོན་པོ་གསུམ་ལ་ཨ་ཙ་ར་མི་གསུམ་དུ་གྲགས་པ་དེས་བསམ་ཡས་ནས་མདོ་མངོན་སྔགས་སེམས་ཀྱི་བོན་སྡེ་པུསྟི་སུམ་བརྒྱ་དང་བཞི་བཅུ་གདན་དྲངས། གློ་བོ་དགེ་དཀར་ནས་མདོ་


JKT019_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུད་སྡེའི་སྒྲོམ་བུ་གཉིས། བསམ་ཡས་མཆོད་རྟེན་དམར་པོ་ནས་རིན་པོ་ཆེའི་སྒྲོམ་དྲུག་ལས་སྔགས་སྡེ་དང་། གསོ་སྦྱོང་སོགས་སྡེ་དྲུག་པུ་སྟེ་ལྔ་བཅུ་ཐམ་པ་སྤྱན་དྲངས་ཏེ་ཁམས་ཀྱི་དབུ་མཆོད་ཕུར་པ་འབར་ལ་གནང་ཚུལ་སྣང་། ༈ །ཁུ་ཚ་སྟོན་པ་ནི། བཀའ་ཐང་དུ་ཀུ་ཚ་སྟོན་པ། བོན་ལུགས། ཁུ་ཚ་ཟླ་འོད། ཆོས་ལུགས་གཡུ་ཐོག་ཡོན་ཏན་མགོན་པོ་སྟེ། དེས་ལྷོ་སྤ་གྲོ་གཅལ་གྱི་བྲག་ནས་གཏེར་སྒྲོམ་ཁྱད་པར་ཅན་བཞི་བཏོན་པའི། གཤང་ལས་བོན་རྒྱུ་དང་། འབྲས་བུ། ལྷུན་གྲུབ་ཀྱི་སྡེ་གསུམ། དྲིལ་བུ་ལས་གསོ་དཔྱད་བདུད་རྩིའི་བུམ་པ་དང་། གཡུ་ཐོག་སྙིང་ཏིག །བཙག་ཆ་ལས་སྨན་གྱི་རྒྱུད་བཞི། གབ་རྩེ་ལས་གཙུག་ལག་རྩིས་ཀྱི་སྐོར་རྣམས་བྱུང་། ༈ །གྲུབ་ཐོབ་དངོས་གྲུབ་ནི། བོན་ལུགས། ངོམ་རྟ་ར་ཀླུ་གོང་གི་སྐྱེ་བ་བཞེད་སྟོན་དངོས་གྲུབ་ཏུ་གྲགས། དེས་མཁོ་མཐིང་རྣམ་སྣང་ཀེའུ་ཚང་ནས་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་། སྒོ་སྲུང་རྟ་མགྲིན་ཐུགས་ཀ་ནས་རྫོགས་ཆེན་ཡང་རྩེ་ཀློང་ཆེན་སོགས་སྤྱན་དྲངས། ༈ །རིག་འཛིན་རྒོད་ལྡེམ་ནི། བོན་ལུགས་དབོན་སྲས་ཁྱུང་ཐོགས་སམ། དབྱིལ་སྟོན་ཧེ་རུ་ཀར་གྲགས། དེས་དབུས་སྙིང་མཛོད་སྨུག་པོ་ནས་བོན་རྫོགས་ཆེན་དང་། དྲན་པ་ཕྱི་ནང་གསང་གསུམ། གེ་ཁོད། སྟག་ལྷ་སོགས་མང་དུ་


JKT019_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས། གྲོམ་པ་རྒྱངས་རྟ་མགྲིན་རྒྱབ་ཡོལ་ནས་ཕུར་པའི་སྐོར་སོགས་ཀྱིས་མཚོན་ཤིན་ཏུ་མང་བར་སྤྱན་དྲངས་ཏེ། འགྲོ་མགོན་བླ་མའི་རིན་པོ་ཆེ་དང་། སྦ་སྟོན་རྒྱལ་བ་ཤེས་རབ་གཉིས་ལ་གནང་སྐད། ༈ །ར་ཤག་ཆོས་འབར་རམ། བོན་ལུགས་ར་ཤག་འབུམ་རྗེའམ་གཡུང་དྲུང་འབར་གྱིས་ཉང་སྟོད་གཉན་གྱི་སེ་བོ་རི་ནས་བོན་སེམས་ཕྱོགས་དང་། མཆིམས་ཕུ་ནས་བསྟན་སྲུང་གི་བོན་སྐོར་མང་པོ་སྤྱན་དྲངས། སྲས་གཡུང་དྲུང་རྒྱལ་མཚན་སོགས་ལ་གནང་། ༈ །གཏེར་སྟོན་སུམ་ཚོགས་སམ། བོན་ལུགས་གཙང་གི་བནྡེ་གསུམ་གྱིས་ཡེར་པ་ཟླ་བ་ཕུག་ནས་བོན་ཉིད་གདལ་འབུམ་སོགས་མང་དུ་བཞེས་པ་སྟོད་ལུང་པ་ལུང་སྟོན་འོད་འབར་རམ་གཉགས་སྟོན་ལྷ་འབར་དུ་གྲགས་པ་ལ་གནང་བ་ནས་དར། ༈ །ཁུ་ཚ་ཟླ་འོད་ཀྱི་གཏེར་སློབ་འགར་སྟོན་ཁྲོ་རྒྱལ་འབུམ་གྱི་སྤ་གྲོ་སྐྱེར་ཆུ་ནས་རྫོགས་ཆེན་ལྟ་བ་ཀློང་བརྡལ་སོགས་སྤྱན་དྲངས། ༈ །གཉལ་པ་ཉི་མ་ཤེས་རབ་ལ། བོན་ལུགས་སྤྲུལ་སྐུ་གོ་ལྔ་འཕགས་པའམ། དབང་ལྡན་གཤེན་སྲས་ལྷ་རྗེར་གྲགས་པས། །ཁམས་ཀྱི་ཀེ་ཕུ་རག་ཕྲམ་བྲག་དཀར་ནས་རྣམ་རྒྱལ་རྒྱ་ནག་མའི་སྐོར་སོགས་སྤྱན་དྲངས། ༈ །གུ་རུ་ཇོ་རྩེའམ། ལི་ཤུའི་སྤྲུལ་པ་གུ་རུ་སྣོན་རྩེས་རྟ་ནག་དུང་བོར་བྲག་ནས་ཕ་རྒྱུད་སྡོང་པོ་དགུ་འདུས་


JKT019_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མང་དུ་སྤྱན་དྲངས། ༈ །རྡོ་རྗེ་གླིང་པས་སྤ་གྲོ་སྟག་ཚང་ནས་རྫོགས་ཆེན་གསེར་ཐུར་དང་། ཚེ་དབང་བོད་ཡུལ་མ། དྲན་པ་ཡབ་སྲས་ཀྱི་སྐོར་སོགས་སྤྱན་དྲངས། ༈ །སྤྲུལ་སྐུ་བསྟན་གཉིས་གླིང་པས་ཚེ་སྤུངས་གཡུང་དྲུང་གི་ཤར་ནས་རྫོགས་ཆེན་གསེར་ཞུན་སྐོར་སོགས་སྤྱན་དྲངས་ཞེས་སྣང་ཞིང་། ཕྱིས་ཀྱི་བདུད་འདུལ། ཀློང་གསལ། རིག་འཛིན་ཆོས་རྗེ་གླིང་པ་སོགས་བོན་ལུགས་ཀྱི་གཏེར་སྟོན་འགའ་ལའང་བོན་གཏེར་ཅི་རིགས་ཡོད་སྣང་། བོན་སངས་གླིང་གི་ཚེ་སྒྲུབ་བེ་རོའི་གོང་ཁུགས་དང་། ཀུན་གྲོལ་གྱི་རྩ་རླུང་མཁའ་འགྲོ་གསང་མཛོད་སོགས་བོན་གཏེར་རྣམས་ལ་བོན་ཆོས་མང་པོ་དང་། སྤྱིར་ཡང་བོན་དུ་མིང་བཏགས་པ་ཙམ་ལས། དོན་ཆོས་སུ་མངོན་པའང་མང་མོད། མཐའ་གཅིག་ཏུ་འཐད་ལྡན་ཡིན་མིན་ནི་ཁ་ཚོན་སུས་ཀྱང་གཅོད་དཀའ་བར་གདའ་བས་རེ་ཞིག་དབུ་མའི་ལམ་དུ་བཞག་ན་ལེགས་པར་མངོན་ནོ།། ༈ །།སངས་རྒྱས་བླ་མའི་རྩ་༡གསུམ་འདི། གློ་བོ་དགེ་དཀར་སོགས་ནས་བླ་རྫོགས་ཐུགས་གསུམ་མདོ་དང་གཏོ་ཆོས་རྒྱ་ཆེར་སྤྱན་དྲངས། བསྟན་པ་ཕྱི་དར་གྱི་ཐོག་མར་བྱུང་། དེའི་སྐྱེ་བ་རྒྱ་༢ལོ་ཙའི་བླ་མ་བསྟན་གཉིས་སྐོར་གསུམ། དེའི་སྐྱེ་བ་ཉི་མ་སེང་གེའི་བླ་རྫོགས་ཐུགས་གསུམ་༣འདུས་པ། བཻ་རོའི་སྤྲུལ་པ་སྣ་༤ནམ་པའི་གླང་ཐང་སྒྲོལ་མའི་རྟེན་


JKT019_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་སྙིང་པོ་འདུས་པ། ཞང་ཕྲོམ་ཚེ་༥བདག་སོགས། གཡུ་རུ་སྟོན་ཤཱཀ་༦ཅེས་བསྔགས་པ་ཤཱཀྱ་འོད་ཀྱི་སྐྱེ་མཐའི་གསང་བདག་རྡོ་རྗེ་མེ་འབར། བེ་རོའི་སྐྱེ་མཐའ་བོན་པོ་བྲག་༧ཚལ་གྱི་རྫོགས་ཆེན་གུ་རུ་བཞི། བཻ་རོའི་སྐྱེ་མཐའ་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་༨གྱི་སྐུ་སྤྱི་ཏི། གསུམ་ཉི་ཟླ་འབར་བ། གྲུབ་ཐོབ་དངོས་གྲུབ་འབར་གྱི་རྒྱལ་པོ་བཀའ་འབུམ་སོགས། གཙུག་ལག་༡༠དཔལ་དགེའི་དྲག་སྔགས་ཐེམ་ཡིག་བདུན་པ། སྐུ་༡༡ས་སྟོན་པའི་རྩ་གསུམ་སྤྱི་སྤུངས། བོན་པོ་ལྷ་འབུམ་གྱི་མ་རྒྱུད་བླ་མ་བདེ་ཆེན་ལམ་༡༢ཁྱེར། ཁྱུང་པོ་དཔལ་༡༣དགེའི་མོན་བུམ་ཐང་གི་རྫོགས་ཆེན་ཟབ་མོ་བཅུད་དྲིལ། ཤ་མི་རྡོར་རྒྱལ་༡༤གྱི་ཧས་པོ་རིའི་གཏེར་མ་དགོངས་དོན་ཟབ་ཏིག་སྙིང་པོ། ལྡང་༡༥མའི་བི་མ་སྙིང་ཐིག །གཙང་གི་རུ་མཚམས། གྲྭ་༡༦པའི་རྒྱུད་བཞི་སོགས། ར་༡༧ཤག་གི་སྒང་ཤར་སོགས། ཉང་གི་བཀའ་༡༨བརྒྱད་སོགས། དཔོན་༡༩གསས་ཁྱུང་ཐོགས་གཡུང་དྲུང་འབར་ལྷ་བཙུན་བྱང་ཆུབ་འོད་ཀྱི་དུས་སུ་ལ་སྟོད་དུ་བྱུང་། གྲམ་པ་རྒྱང་ནས་བཏོན་པའི་ཡཀཱ་ཀཱི་ལ་ཡ། ཡར་སྟོད་ར་མོ་ཤེལ་༢༠སྨན་ཡེ་ཤེས་བཟང་པོའི་རྡོ་རྗེ་བདུད་རྩི། ཆོས་ཀྱི་དབང་༢༡ཕྱུག་གི་གསང་རྫོགས་སོགས། སྐྱེ་སྨད་སྙེ་མདའ་བ་གུ་༢༣རུ་ཇོ་ཚེའི། ཟངས་ཡག་བྲག་ནས་


JKT019_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་པདྨ་སྙིང་ཏིག་སོགས། རྒྱ་པདྨ་མཆོག་དབྱངས་སྤྲུལ་པ། དབང་ཕྱུག་གིས་ཨེ་གངས་བར་ཕུག་མོ་ཆེ་ནས་བླ་མ་བདེ་མཆོག་དང་མགོན་༢༣པོ་སོགས། ཡར་༢༤འབྲོག་དོར་དེ་བན་རྒྱ་མཚོ། །འབྲོག་གུ་ཏིག་སྤ་མ་གོང་ནས་བླ་སྒྲུབ་དང་རྫོགས་ཆེན་ཐོན། རྡོར་གླིང་དང་དུས་མཉམ། ར་ཤི་སྟོན་༢༥པ་གཉལ་དུ་བྱུང་། ཆོས་བོན་སྨན་རྩིས་སོགས་དྲངས། གཏེར་གནས་རྡོ་སྟོད་གློ་བོ་དང་བོད་མཚམས། ཡར་འབྲོག་༢༦རྫ་རོང་ཧྲིའི་སྨན་པ་ཉི་འོད་གསལ། ལྷོ་དང་བོད་ཀྱི་བར་རྫ་རོང་དྷིའམ་རོང་དྷིའི་རྫ་ནས་རྫོགས་ཆེན་དང་གསོ་རིག །གྲ་སྒོམ་ཆོས་ཉིད་རྡོ་རྗེ། གཡོན་རུ་གྲ། བུ་ཚལ་གསེར་ཁང་ནས་རྒྱལ་པོ་ལས་རྒྱུད་དང་པེ་ཀར་ཨར་སྟོང་སོགས་དྲངས། དྲག་པོ་ཡེ་ཤེས་མེ་འབར་ཀྱང་ངོ་། །ཨོ་རྒྱན་གླིང་པ་ལས་ཅུང་སྔ་ཙམ། གཡག་ཕྱིར་སྔོན་མོ་བེ་རོའི་སྐྱེ་༢༨མཐའ། འོ་ཡུག་གཡག་ལྕེ་ནས་བེ་རོའི་ཆོས་བོན་སྐོར་མང་། སྒྲོལ་མ་འཇིགས་པ་ཀུན་སེལ་ཀྱང་ངོ་། །གྲུམ་༢༩དང་མཁར་ནག་གི་བློ་དང་གྲུམ་དང་སྤ་གྲོའི་སྤོལ་བདག་ནག་པོ་མཁར་བའི་ས་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་ཁྱུང་རུམ་སྨུག་པོའི་མཆུ་ནས་ཤྲཱི་སིདྷའི་གཟའ་རྒོད་དྲག་སྔགས་བར་སྣང་ཧོམ་ཁུང་མ་དྲངས། གསང་བདག་དྲེགས་པ་ཟིལ་གནོན་ཀྱང་ངོ་། །ལྷ་༣༠བཙུན་སྔོན་མོའི་འུ་ཤང་རྡོ་ནས་ཞི་བྱེད་སྐོར་བདུན། པ་


JKT019_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ལོ་ཙཱ་བ་དུས་མཉམ། ཉི་མ་༣༡གྲགས་པས་གཤིན་རྗེ་ཟླ་གསང་དང་སྦྲེལ་ལྷག་སོགས། རིན་ཆེན་༣༢ཚུལ་རྡོར་གྱི་མཁའ་འགྲོ་སྙིང་ཏིག་སོགས། མཆོག་དབྱངས་སྤྲུལ་པ་ཚེ་བརྟན་རྒྱལ་མཚན་གྱིས་མོན་ཆུ་མོ་ཕུག་ནས་གུ་རུ་ཞི་དྲག་སོགས། རིན་ཆེན་གླིང་པ་སྔ་མ་རྒྱ་གར་མཁས་པ་པཎྜི་ཏ་ཤེས་རབ་འབྱུང་གནས་སྐྱེ་བ། ཀོ་རོ་བྲག་ནས་དམ་ཆོས་ཁྱད་པར་ལྔ་ལྡན་སོགས་ཉེར་ལྔ། རྒྱ་༧གར་ཕ་བོང་ནག་པོ་ནས་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་སོགས་བཞེས། ཨོ་རྒྱན་༣༥གླིང་པས་ཤེལ་བྲག་པདྨ་བརྩེགས་པ་ནས་བཀའ་འདུས་སོགས་བཞེས་སོ།། ༈ །།གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་མཐའ་རྩ་གསུམ་གཏེར་བདག་གླིང་པའམ། གར་དབང་གནམ་ལྕགས་རྡོ་རྗེ་ཞེས་གྲགས་པ་ནི། ལྷོ་ཟླ་ནང་ཆེན་གྱི་སའི་ཆ་གནས་ཆེན་ཇོ་བོ་གཟེ་རྒྱལ་དང་། སྐུ་རྒྱལ་ཤེ་ནེ་སོགས་ཀྱི་འདབས་ནགས་རོང་ཞེས་པར་ཡབ་འབྲུ་ཆེན་རླངས་ཀྱི་རིགས་བཀྲ་ཤིས་དང་། ཡུམ་དགེ་ལེགས་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ནང་འཁྲུངས། ལོ་རྟ་གསལ་བར་མི་སྣང་། འཁྲུངས་རྟགས་དང་གཟིགས་སྣང་སོགས་ངོ་མཚར་ཆེ་བ་མང་དུ་བྱུང་། ཅུང་ཟད་ནར་སོན་པ་ན་ནང་ཆེན་དགེ་ལུགས་གྲྭ་ཚང་ཀ་མདའ་ཆོས་རྗེ་རྔོག་བློ་ལྡན་ཤེས་རབ་ཀྱི་སྤྲུལ་པར་གྲགས་པ་ཞིག་ལས་སྐྱབས་


JKT019_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཛིན་པའི་སྡོམ་པ་བཞེས་མཚན་བཀྲ་ཤིས་ཕུན་ཚོགས་གསོལ། ནས་བླ་བྲང་དུ་ཆོས་སྒོར་ཞུགས། འདོན་ཆ་སོགས་ཅི་རིགས་ཐུགས་ལ་བཟུང་། སྐུ་ན་ཕྲ་མོའི་སྐབས་གཏེར་ཆེན་སྟག་ཤམ་པ་ནང་ཆེན་སྒར་དུ་བྱོན་པར་ཆོས་འབྲེལ་ཙམ་གསན། དེ་མ་གཏོགས་བླ་མ་གཞན་སུ་ལའང་ཆོས་བཀའ་འདྲ་གསན་ཚུལ་མི་སྣང་། ཀུན་སྤྱོད་ཤིན་ཏུ་འཚུབས་པས་གྲྭ་རིགས་རྣམས་དང་མཐུན་དཀར་ཙམ་བྱུང་། བར་སྐབས་བླ་བྲང་གི་གཏེ་དཔོན་འདྲའང་མཛད། ཆོས་རྗེ་བོད་དུ་འབུལ་སྐྱེལ་བྱོན་སྐབས་ཞབས་ཕྱིར་བཀྲ་ཤིས། འདི་སྐབས་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་དང་རྒྱལ་པོ་ལྷ་བཟང་མཆོད་ཡོན་དུས་ཡིན་འདྲ། ཐུགས་རབ་གསལ་བས་བླ་མས་རི་བོ་དགེ་ལྡན་དུ་མཚན་ཉིད་སྦྱང་བར་བསྐུལ་ནའང་། དུས་བབས་ཟབ་གཏེར་གྱི་ལུང་བསྟན་བྱུང་ནས་མ་བཞུགས་པར་ཁམས་སུ་བྱོན། སླར་འབྲི་གུང་དུ་བྱོན་ནས་དཀོན་མཆོག་ཕྲིན་ལས་བཟང་པོ་རྩ་བའི་བླ་མར་བསྟེན། གྲྭ་ཚང་དུ་ལོ་གསུམ་ཙམ་བཞུགས། བཀའ་ཆོས་ཅི་རིགས་དང་། ལྷག་པར་རླུང་ཛ་པཱིར་སྙན་བརྒྱུད་ཀྱི་སྐོར་ཞིབ་ནན་ཏུ་གསན་པས་ཉམས་རྟོགས་ཁོང་ནས་བརྡོལ། རྫུ་འཕྲུལ་དང་མངོན་ཤེས་རྩོལ་མེད་དུ་ཤར། ལུང་བསྟན་དུས་བབས་བཞིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། རླུང་སེམས་ལས་སུ་རུང་བའི་རྫུ་


JKT019_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ལ་བརྟེན་ནས་གནས་ཆེན་མང་པོ་ཐོགས་མེད་དུ་ཉུལ་བས་ཁ་བྱང་ལུང་བསྟན་ལྟར། གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ཆེན་མོ་ནས། བླ་མའི་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་བསམ་པ་ལྷུན་གྲུབ་མའི་སྐོར་ཐོག་མར་བཞེས། མནལ་ལམ་གྱི་སྣང་ཆར་པདྨ་འོད་དུ་ཕེབས་པའི་གཟིགས་སྣང་འབྱམས་ཀླས་པ་བྱུང་། དེ་ནས་མོན་ཤ་འུག་སྟག་སྒོ། ཙཱ་རི་ཟིལ་ཆེན་ཕུག །ཀོང་གནས་སོགས་ནས་ཟབ་གཏེར་མང་དུ་བཞེས། འབྲི་གུང་པ་དཀོན་མཆོག་ཕྲིན་ལས་བཟང་པོ་དགོངས་པ་གཞན་དོན་དུ་གཏོད་པར་རིག་ནས་མྱུར་བར་བྱོན་ཀྱང་ལམ་བསྟབས་བདེ་མིན་གྱིས་ཅུང་ཟད་འགོར་བས་བླ་མ་ཞིང་གཤེགས་ནས་སྐུ་གདུང་ཞུགས་འབུལ་གྱི་སྐབས་ཙམ་ཕེབས། འདི་བོད་དུ་ལྗང་འགར་བྱུང་སྐབས་ཡིན་འདུག །དེ་ནས་ཁམས་སུ་བྱོན། ཙཱ་རི་གཉིས་པ་གཟེ་རྒྱལ་གྱི་གནས་སྒོ་ཕྱེ་བས་མཚོན་གནས་གཏེར་གྱི་སྒོའང་མང་དུ་ཕྱེས། ནང་ཆེན་རྒྱལ་པོ་སོགས་དང་མཆོད་ཡོན་འབྲེལ་ཞིང་དེ་ཕྱོགས་ཡས་མན་དུ་ཕྲིན་ལས་ཅུང་ཟད་རྒྱས། ཁྱད་པར་སྦས་གནས་སྤུ་བོ་ཕྱོགས་སུ་བྱོན་པས་ཀ་གནམ་སྡེ་པ་དང་མཆོད་ཡོན་ལེགས་པར་འབྲེལ་ཞིང་། སྤུ་བོ་ཡེ་གོང་ཁྲིམས་གཟིགས་རྔམས་ཆེན་སྒང་དུ་བདུད་འདུལ་སྔགས་པའི་གླིང་ཞེས་འདུས་སྡེ་ཆུང་ངུའང་བཏབ། འདིའི་ཤར་ཕྱོགས་རྟ་


JKT019_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གནས་ཆེན་དགའ་བ་ལུང་། ལྷོར་གཤིན་རྗེའི་གནས་རྒྱ་ལ་སེང་གཏམས། ནུབ་ཏུ་མཁའ་འགྲོའི་གནས་བོང་རི། བྱང་དུ་བཀའ་བརྒྱད་གནས་རྨ་ཀུང་ལུང་སོགས་ཡོད་པར་གསུངས། རྔམས་ཆེན་རོང་ནས་བཀའ་བརྒྱད་གསང་བ་ཟིལ་གནོན་གྱི་གཏེར་ཁ་ཆེན་པོ་བཞེས་པས་མཚོན། དེ་ཕྱོགས་ཡས་མན་ནས་ཀྱང་ཟབ་གཏེར་མང་དུ་བྱུང་། ཕལ་ཆེར་གཏན་ལ་ཕབ་ནས་དབང་ལུང་ཁྲིད་གསུམ་འཆད་སྤེལ་སོགས་ཀྱང་མཛད། སླར་རང་གནས་སུ་བྱོན། འདི་ཡན་གྱི་རྣམ་ཐར་མེ་ཤེལ་གསལ་བའི་ཕྲེང་བ་ཞལ་གསུངས་ཚིགས་བཅད་མ་ལྡེབ་སུམ་བརྒྱ་ལྷག་ཙམ་ཡོད་རུང་། བར་སྐབས་ཀྱི་ཞལ་གཟིགས་ལུང་བསྟན་གསུང་མགུར་སོགས་ཧ་ཅང་མང་དྲགས་པས་རྣམ་ཐར་དངོས་གཞི་དེ་ཙམ་གསལ་པོ་ཞིག་མི་སྣང་། མཇུག་གི་ཁ་སྐོང་རྣམ་ཐར་འདྲ་ནི་མེད་སྐད། སྤུ་བོར་བྱོན་སྐབས་དྭགས་ལ་སྒམ་པོའི་ཞབས་དྲུང་བྱོན་ནས་ཆོས་བདག་ཏུ་མངའ་གསོལ་ཚུལ་སྣང་བ། བཟང་པོ་རྡོ་རྗེ་སྤྲུལ་སྐུའི་དུས་ཡིན་འདྲ། མཚན་གྱི་རྣམ་གྲངས་པདྨ་གཏེར་བདག་གླིང་པ། ཀརྨ་ལས་འབྲེལ་གླིང་པ། རིག་འཛིན་རྩ་གསུམ་གླིང་པ། གར་དབང་གནམ་ལྕགས་རྡོ་རྗེ། སྔགས་འཆང་ཧཱུྃ་ནག་དྲག་རྩལ། རིག་འཛིན་བདུད་འདུལ་རྡོ་རྗེ། གཏེར་ཆེན་པདྨ་སྨིན་གྲོལ་སོགས་སུ་གྲགས། མཆིམས་ཕུར་ཕེབས་སྐབས་


JKT019_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་མོ་གྲོང་ནས་རིགས་ལྡན་ཞིག་ལས་རྒྱར་བཞེས་པའི་སྲས་རིག་འཛིན་ཐུགས་མཆོག་རྡོ་རྗེ་འཁྲུངས་སྐད། གཏེར་ཆོས་ཀྱི་རྣམ་གྲངས་རྗེ་ཉིད་སྤུ་བོར་བཞུགས་སྐབས་ཚིགས་སུ་བཅད་པ། དེ་སྐབས་རྒྱུད་སྡེ་དཔེར་འཁོད་ཀ་ཐོ་ནི། ཚེ་སྒྲུབ་རྣམ་བཞི་ཡང་ཕུར་དམར་ནག་དང་། །དྲག་པོ་རིགས་གསུམ་ཐུགས་རྗེ་ཆེན་པོ་དང་། །མཁའ་འགྲོ་སེང་གདོང་ཞིང་སྐྱོང་སྡེ་ཚན་གཉིས། །ཡེ་ཤེས་མགོན་པོ་སྡེ་ལྔ་ལ་སོགས་དང་། །དྲེགས་པ་འབུམ་ཏིག་དང་བཅས་མ་ལུས་ཀྱི། །སྔ་ཕྱིར་གདན་དྲངས་དགོས་རིམ་ཁོལ་ཕྱུང་ལ། །མེ་རྟ་ཡན་ཆད་ཤོག་སེར་བུ་དཔེ་ནི། །པོ་ཏིའི་སྡེ་ལ་བཅུ་བཞི་ལྷག་ཙམ་བྱུང་། །ཞེས་གསུངས་པ་ནི་རགས་རིམ་ཙམ་ཞིག་ཡིན་སྣང་བ་ལས་གཏེར་ཆོས་རྒྱ་ཆེར་བཞུགས་སྐད། དེང་སང་དབང་ལུང་གི་རྒྱུན་ཡོད་པ་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་ཞེས་གསོལ་འདེབས་བསམ་པ་ལྷུན་གྲུབ་པའི་སྤྱི་སྒྲུབ་དང་། སྒོས་སྒྲུབ་སོ་སོའི་དབང་། བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་པུསྟི་གཉིས། གཞོ་སྟོད་ཏི་སྒྲོ་ཚོགས་ཁང་ཆེན་མོ་ནས་སྤྱན་དྲངས་པ་གུ་རུ་དྲག་པོ་ཡང་ཟབ་པདྨ་ཁྲག་འཐུང་ཞེས་རྒྱུད་ལུང་མན་ངག་དང་འབྲེལ་པ་དབང་བཞིའི་ཟབ་ཁྲིད་ཁྱད་འཕགས་ལས་ཚོགས་མཐའ་རྒྱས་བཅས་


JKT019_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པུསྟི་གཉིས། སྤུ་བོ་ཁྲིམས་༢གཟིགས་རྔམས་ཆེན་རོང་པདྨའི་སྦས་ཚལ་ནས་སྤྱན་དྲངས་པའི་ཡི་དམ་བཀའ་བརྒྱད་ཆེན་མོ་གསང་བ་ཟིལ་གནོན་རྒྱུད་སྡེ་བཅུ་བཞི་སོགས་རྒྱུད་ལུང་མན་ངག་ཕྲིན་ལས་དང་བཅས་པ་ཤིན་ཏུ་རྒྱས་པར་བཞུགས་པའི་པུསྟི་བདུན། མོན་ཤ་འུག་༢སྟག་སྒོ་ནས་སྤྱན་དྲངས་པའི་ཡང་ཕུར་གྭའུ་དམར་ནག་ཤིན་ཏུ་ཟབ་པ་པུསྟི་གཅིག །ཙཱ་རི་ཟིལ་ཆེན་གསང་ཕུག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་འཆི་བདག་ཟིལ་གནོན། ལྷོ་ཝ་ཞབས་བྲག་རི་ཚེ་བུམ་འདྲ་བ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་རྡོ་རྗེའི་གོ་ཁྲབ། རྡོ་ཤལ་སྨད་ཇོ་བོ་སྒ་རྒྱལ་རིན་ཆེན་སྤུངས་པའི་མགུལ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་པདྨ་གསང་ཐིག །ཇོ་ཤུལ་སྟོད་སྨད་མཚམས་མཁའ་འགྲོ་སྙིང་ཕུག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ལྕགས་ཀྱི་རྒྱ་མདུད་འཆི་བསླུ་སོགས་ལས་ཚོགས་མང་བར་བཞུགས་པ་བཅས་ཚེ་སྒྲུབ་སྐོར་བཞི་ལ་པུསྟི་གཅིག་ཙམ། སྦས་ཡུལ་བྲག་གད་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་འདས་ཟིལ་གནོན་པུསྟི་གཅིག །སླུ་བོ་དར་སྣ་ཕ་ཝཾ་རྟ་མགོ་ནས་གདན་དྲངས་པའི་རྟ་མཆོག་རོལ་པ་ཉི་མའི་སྙིང་པོ། རྟ་མགྲིན་ཁྲོ་རྒྱལ་སྟོབས་འདུས། གསེར་གླིང་རི་ཆེའི་ནོར་བུའི་བང་མཛོད་ནས་གདན་དྲངས་པའི་རྡོར་སེམས་ཡེ་ཤེས་འོད་ཀྱི་དྲ་བའི་སྐོར། ལྷོ་ཟླ་ལྕི་རྒྱུད་སྨུག་པོ་ལྷ་རྩེ་ནས་གདན་


JKT019_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་ཕྱག་རྡོར་དྲེགས་པ་ཟིལ་གནོན། དབང་ཆེན་གསང་བ་ཐ་ནག་གི་སེར་སྲུང་སྤུ་གྲི་དམར་པོ། འབྲོང་རྒྱལ་གནོད་སྦྱིན་གྱི་གསོལ་མཆོད། དུད་སོལ་ལྷ་མོའི་མཆོད་བསྟོད། སྦུ་བོ་འདུང་ཆུའི་རྒྱལ་བ་བྱམས་པའི་སྙན་ནས་གདན་དྲངས་པའི་དབང་དྲག་པདྨ་ཡང་གསང་། རྡོ་རྗེ་གྲོ་ལོད་ཀྱི་སྐོར་ལེ་ཚན་གསུམ་བཅས་འདི་རིགས་པུསྟི་གཅིག་ཙམ། ཁྲོམ་གཟིགས་རྔམས་ཆེན་རོང་ནས་སྤྱན་དྲངས་པའི་འཇམ་དཔལ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་དུག་རི་མེ་འབར་གྱི་སྐོར་པུ་སྟི་གཅིག །གཞོ་སྟོད་ཏི་སྒྲོ་བྲག་དཀར་མཁའ་འགྲོ་ཀེ་རི་གསང་མཛོད་ནས་གདན་དྲངས་པའི་གསང་བ་ཌཱ་ཀི་ཡིད་བཞིན་ནོར་མཆོག་གི་ལས་ཚོགས་དང་བཅས་པ་པུསྟི་གཅིག །ཇོ་བོ་གཟེ་རྒྱལ་གྱི་གངས་ཁྲོད་དམར་ནག་རཀྟའི་མཚོ་ནས་སྤྱན་དྲངས་པའི་མཁའ་འགྲོ་བདུད་འདུལ་མའི་སྐོར་པུསྟི་གཅིག་ཙམ། །དཔལ་ཙཱ་རི་ནས་སྤྱན་དྲངས་པའི་ཞིང་སྐྱོང་མགོན་པོའི་སྐོར་པུསྟི་ཕྱེད་ཙམ། མདོ་སྨད་ཆབ་མདོ་ལ་གོང་དགེ་བསྙེན་ཕོ་བྲང་ནས་གདན་དྲངས་པའི་བླ་མའི་ནོར་སྒྲུབ་པདྨ་རྒྱལ་པོའི་སྐོར་རྒྱས་པ་དང་། །གསེར་གླིང་ནོར་བུའི་བང་མཛོད་དམ། བྲག་ནག་བདུད་རྫོང་ནས་གདན་དྲངས་པའི་དུ་རུ་ཀ་སོགས་མཐའ་དམག་ཟློག་བྱེད་བླ་མ་དྲག་པོའི་ཆོས་སྐོར་ཆོག་སྒྲིག་མང་བ་དང་བཅས་འདི་རིགས་ལའང་པུསྟི་


JKT019_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ཙམ་ཡོད་པ་བཅས་ཁྱོན་དྲིལ་གཏེར་ཆོས་པུསྟི་སྟབས་བདེ་ཅན་བཅོ་བརྒྱད་ཙམ་ཡོད་སྣང་། ཤོག་སེར་འབེབས་མ་གྲུབ་པ་དང་། དཔེ་རྒྱུན་ཡོད་ཀྱང་དབང་ལུང་གི་རྒྱུན་མི་བཞུགས་པའང་མང་དུ་ཡོད་འདྲ།། ༈ །།ཆོས་དབང་རིན་པོ་ཆེའི་གཏེར་བྱོན་མཁའ་རིའི་ཞུས་ལན་ལས། གཏམ་ཤུལ་རྡོ་འཇོག་བྱ་བ་རུ༔ ཐུགས་རྗེ་ཆེན་པོ་འཇམ་དཔལ་གྱི༔ སྤྲུལ་པ་མྱང་རལ་བྱ་བ་འབྱུང་༔ དེ་སྲས་སྤྱན་རས་གཟིགས་ཁྲོ་བོ༔ སྤྲུལ་པ་ནམ་མཁའ་དཔལ་ཅེས་འབྱུང་༔ ཞེས་དང་། ལྡན་སྟོད་རྩང་ལུ་རྩོང་གྲོང་དུ༔ རྣལ་འབྱོར་དབང་ཕྱུག་རྡོ་རྗེའི་སྲས༔ རིན་ཆེན་དཔལ་ཅེས་བྱ་བ་འབྱུང་༔ དང་། གཞན་ཡང་འཕགས་པའི་སྤྲུལ་སྐུ་ནི༔ ནེའུ་རོང་ཞེས་བྱ་བ་རུ༔ ཆོས་ཀྱི་བཟང་པོ་བྱ་བ་འབྱུང་༔ དང་། འཕགས་པ་ནོར་བུ་འཛིན་སྤྲུལ་པ༔ རྒྱ་གཙང་པ་རྒྱ་རས། གྲོང་ཞེས་བྱའི་ལུང་གསུམ་མདོར༔ ལྟས་དང་བཅས་ཏེ་འབྱུང་བར་འགྱུར༔ དང་། དེ་ཡི་བུ་སློབ་སྟག་ལོ་པས༔ ང་ཡི་བརྒྱུད་ཀྱང་ཡོངས་སུ་འཛིན༔ དང་། འདི་ནས་ལོ་ནི་ལྔ་བརྒྱ་ན༔ བུམ་ཐང་སྟོད་དུ་དམ་ཆོས་དརཿ དང་། མ་དྲོས་བྱེ་མ་ཞེས་བྱ་སྟེ་གསེར་དང་༔ ཨ་ཀྲོ་དཀར་པོ་ཞེས་བྱ་སྟེ་དངུལ་དང་སྦྱར་བས་སྐུ་ཚབ་སོར་བཞི་བཞེངས༔ ཞེས་སྣང་། ༈ །བློན་པོ་བཀའ་ཐང་ལས་སྔགས་ཀྱི་བདག་པོ་སུམ་ཅུ་རྩ་གསུམ་ལུང་


JKT019_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྐབས། ཤཱཀྱའི་ཞིང་ཁམས་དབུ་རུ་ལམ་ཞེས་པརཿ གསང་སྔགས་རྣལ་འབྱོར་བདེ་བ་ཞེས་པ་འབྱུང་༔ ཐེག་ཆེན་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ༔ སོགས་ནས། བདེ་གཤེགས་ཀུན་བཟང་རྒྱལ་བའི་མཆོག་ཅེས་འབྱུང་༔ དང་། ཤཱཀྱའི་ཞིང་ཁམས་མདོ་སྨད་ཅེས་པ་ནས༔ གསང་སྔགས་ངེས་དོན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་བདག་སྒོམ་པ་ཞི་འོད་ཅེས་པ་འབྱུང་༔ སོགས་ནས། རྒྱལ་བ་བྱང་ཆུབ་ཡེ་ཤེས་བློ་གྲོས་འབྱུང་༔ དང་། བློན་པོ་བཀའ་ཡི་ཐང་ཡིག་ལས། ལྭ་བ་པའི་སྤྲུལ་པ་སྐ་བ་དཔལ་བརྩེགས་ས་བདུན་གྱི་བྱང་སེམས་སུ་གསུངས༔ ལོ་ཙཱ་ཡོན་ཏན་སྙིང་པོ་འདི༔ གངས་དཀར་སྙེ་མོ་རབ་སྔས་སུ༔ ཕ་མ་སྟག་སྤྲེལ་ཁྱུང་མགོའི་བུ༔ དགེ་བཤེས་ཁྱུང་པོ་ཛོ་ཀི་རྗེ༔ སོགས་ནས། ལོ་ནི་བརྒྱ་དང་ལྔ་བཅུ་བཞུགས༔ དེ་ནས་ཞིང་ཁམས་བདེ་ཆེན་འགྲོ༔ དང་། ལོ་ཙཱ་རྡོ་རྗེ་བདུད་འཇོམས་འདི༔ མ་འོངས་སྨན་ལུང་ཤཱཀ་གཞོན་ཞེས༔ གསང་སྔགས་བསྟན་པ་རྒྱས་བྱེད་འབྱུང་༔ དང་་། ཅོག་རོ་ཀླུ་ཡི་རྒྱལ་མཚན་ནི༔ མ་འོངས་དབུ་རུ་ཚ་བ་གྲུ༔ བརྩོན་འགྲུས་མཚན་ཅན་བྱང་ཆུབ་སེམས༔ འཁོར་ལོས་སྒྱུར་བའི་ཞང་རིགས་འབྱུང་༔ སོགས། འཇའ་ཚོན་སྙིང་པོའི་གཏེར་ལུང་ལས། གཞན་ཡང་བེ་རོའི་སྤྲུལ་པ་ས་པཎ་སོགས༔ འཇམ་


JKT019_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྤྲུལ་པ་བདུན་བརྒྱུད་བྱོན་པར་འགྱུར༔ ལམ་འབྲས་ཆོས་ཀྱིས་སྐྱེ་འགྲོའི་མུན་པ་སེལ༔ སྤྱན་རས་གཟིགས་སྤྲུལ་ཐོགས་མེད་ཅེས་བྱ་དང་༔ བཛྲ་པ་ཎིའི་སྤྲུལ་པ་ནམ་མཁའི་མིང་༔ རིགས་གསུམ་སྤྲུལ་པས་བོད་ཁམས་བདེ་ལ་བཀོད༔ ཅེས་སོ།། ༈ །།རབ་འབྱམས་པ་ཆོས་གྲགས་ཟུར་ཆུང་ཤེས་རབ་གྲགས་ཀྱི་རྣམ་འཕྲུལ་དང་། དེའི་སྐུ་སྐྱེ་བ་དེ་མ་ཐག་པའི་མཁན་ཆེན་ཨོ་ཌི་ཡཱ་ན་པདྨ་འགྱུར་མེད་རྒྱ་མཚོའི་རྣམ་འཕྲུལ་པདྨ་བསྟན་འཛིན། ༈ །ཡར་ཀླུང་རོག་པ་རྩར་བེ་རོའི་གཟིམ་ཕུག་ཡོད། ༈ །རིན་ཆེན་རྣམ་རྒྱལ་རྣམ་ཐར་སྐལ་བཟང་གདུང་སེལ་ལས། དགུང་ལོ་ང་དྲུག་པ་དཀར་པོ་ས་སྦྲུལ་ལོར་རང་གི་རིགས་སྲས་མཆེད་ལ། ཞི་བྱེད་སྔ་ཕྱི་བར་གསུམ་ཁྲིད་ཡིག་སོགས། ཡིག་ཆ་ཀུན་དང་སོགས་ལུང་སྩལ་ཚུལ་སྣང་། དགོངས་འདུས་ཁྲིད་ཆེན་ཞིག་གནང་ཚུལ་ཀྱང་སྣང་།། ༈ །།གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་ལས། ཨོ་རྒྱན་དུས་གསུམ་མཁྱེན་པས་ཙཱ་རི་གསང་སྔགས་ཕོ་བྲང་དུ་ཟབ་ཆོས་མང་པོ་གཏེར་དུ་སྦས་པས། མངའ་བདག་གིས་ཟབ་མོའི་ཆོས་འདི་སྐྱེས་བུ་སུ་ཞིག་གིས་བཏོན་ནས་འགྲོ་དོན་བྱེད་ལགས། དེས་འགྲོ་ཕན་ཇི་ལྟར་ཐོགས། དེ་འཚང་རྒྱ་བའི་དུས་ནམ་ཞིག་ལགས་ཞུས་པས། ཨོ་རྒྱན་ཆེན་པོ་ཞལ་འཛུམ་མཛད་ནས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔


JKT019_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་འདོན་ཅིང་སྤྱོད་པ་ཡི༔ སྐྱེས་བུ་ལས་ཅན་སྤྲུལ་སྐུ་དེ༔ འགྲོ་བའི་དོན་བྱེད་སྤྲུལ་ཨོ་རྒྱན་རང་གི་ཐུགས་ཀྱི་པ་ཡིན༔ ༈ ཞི་བ་ཐུགས་རྗེ་ཆེན་པོ་དང་དྲག་པོ་ཁྲོ་བོ་དབང་ཆེན་གཉིས༔ དབྱེར་མེད་གཅིག་ཏུ་སྤྲུལ་པ་ལསཿ སྐུ་ཡི་ཆ་ལུགས་ཞི་མ་ཁྲོ༔ ༈ མདོག་སྨུག་དྲི་ཞིམ་སྨེ་བས་བརྒྱན༔ ངང་རྒྱུད་དལ་ཞིང་རིག་རྩལ་ཆེ༔ མ་ངེས་སྤྱོད་པ་སྣ་ཚོགས་སྐྱོང་༔ ༈ ཤཱཀྱའི་བཀའ་ལྔ་པ་ལས་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་པོར་བཏགས། ཚུལ་འཛིན་གསང་སྔགས་སྤྱོད༔ ཌཱ་ཀི་མ་ལུས་དབང་དུ་སྡུད༔ རྒྱལ་བས་དབྱིངས་ནས་དབང་བསྐུར་ཞིང་༔ སྦས་པའི་ངང་ནས་འགྲོ་དོན་མཛད༔ ཟབ་དང་རྒྱ་ཆེའི་ཆོས་རྣམས་སྤྱོད༈ ནང་རྟགས་འཁྲུངས་དུས་ཡུམ་ལ་ངོ་མཚར་བའི། རྨི་ལམ་མཚན་ལྟས་འབྱུང་༔ ༈ བརྒྱ་ཕྲག་བཅུ་གཅིག་ཚེ་ཡི་ཚད༔ ཚེ་འཛིན་ལྷ་མོའི་བཅུད་བསྒྲུབ་ན༔ དེ་བས་རིང་བ་ཐུབ་པར་འགྱུར༔ ༈ ནམ་ཞིག་འདའ་ཚུལ་སྟོན་པའི་ཚེ༔ སྒྲ་དང་འོད་དུ་བཅས་ནས་སུ༔ དཔའ་བོ་ཌཱ་ཀིའི་ཚོགས་དང་བཅས༔ བདེ་བ་ཅན་དུ་བྱང་ཆུབ་ཐོབ༔ ཅེས་གསུངས་ཤིང་། རིག་འཛིན་རྒོད་ལྡེམ་སློབ་མ་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལ་ཡུམ་གྱིས་སྐུ་ལུས་ཡོད་པའི་ཚེ་རྣལ་ལམ་ངོ་མཚར་བ་བྱུང་ཚུལ་རྣམས་ཞུས་པས། ངོ་མཚར་ཆེ། ཨོ་རྒྱན་ཆེན་པོས་ལུང་བསྟན་ནའང་། །འོ་བ་ཞེས་


JKT019_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཤར་མདུན་དུ༔ བརྩོན་འགྲུས་ཞེས་བྱའི་མིང་ཅན་འབྱུང་༔ དེ་ནི་ང་ཡི་ཐུགས་སྤྲུལ་ཡིན༔ ཞེས་བྱ་བའང་ཡོད་པས་ཁྱེད་ཀྱི་ལུས་འདི་ལ་གཅེས་སྤྲས་གལ་ཆེའོ་གསུངས། བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལས་བསྙེན་པར་རྫོགས། ཕྱག་ཆེན་ཆོས་དྲུག་སོགས་གསན། ཀུན་སྤང་དོན་ཡོད་རྒྱལ་མཚན་དང་། ལྷ་གདོང་པ་བསོད་ནམས་མཆོག་པ་ལས་རྒོད་ལྡེམ་པའི་གཏེར་ཆོས་སྐོར་དང་། ཁྱད་པར་ལྷ་གདོང་པ་ལས་ཕྱག་རྡོར་གོས་སྔོན་ཅན་དང་། རྣམ་སྲས་ཀྱི་སྐོར་གསན་པས་རྣམ་སྲས་རྟ་བདག་བརྒྱད་འཁོར་དང་བཅས་པས་མཐུན་རྐྱེན་ཐམས་ཅད་བསྒྲུབ་པར་ཞལ་གྱིས་བཞེས། རྒྱ་གར་རྡོ་རྗེ་གདན་དུ་བླ་མ་རཏྣ་སིདྡྷི་ལས་སྔགས་ཀྱི་ཟབ་གནད་དང་། དེའི་ཕྱག་རྒྱ་བྲམ་ཟེ་མོ་ཞིག་ལས་ཐབས་ལམ་ཁྱད་པར་ཅན། ནཱ་ལེནྡྲར་གྲུབ་ཐོབ་ཨ་དྷི་ཀ་ར་ཞེས་དགུང་ལོ་ཉིས་བརྒྱ་སུམ་བཅུ་བཞེས་པ་ལས་ཚེ་དཔག་མེད་ཀྱི་དབང་གསན་པའི་ཚེ་བླ་མའི་ཐུགས་ཀར་ཚེ་དཔག་མེད་རིགས་ལྔ། ཞབས་ཀྱི་མདོ་བཞི་ལ་ཕྲིན་ལས་ཀྱི་ལྷ་མོ་བཞི། གསང་བར་རྟ་མགྲིན་དཔའ་གཅིག་རྣམས་གཟིགས། རྒྱ་གར་ཟངས་གླིང་དུ་རྫུ་འཕྲུལ་གྱིས་ཕེབས། སྤྲུལ་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་དྲུང་དུ་ཞག་ཉེར་གཅིག་བཞུགས་པས་དཔལ་ཤ་བ་རི་ལང་ཚོ་དར་ལ་བབས་པ། དབུ་སྐྲ་སིལ་བུ་མེ་ཏོག་གི་ཐོད་


JKT019_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་པ། རྨ་བྱའི་སྒྲོས་སྨད་གཡོགས་པ། རྨ་བྱའི་གདུགས་རང་འཁོར་བ། ཕྱག་གཉིས་ན་མདའ་གཞུ་ཐོགས་པའི་ནམ་མཁར་བདུད་རྩིའི་བུམ་པ་རྟེན་མེད་དུ་གནས་པ། གཡས་ན་རྣལ་འབྱོར་མ་གླིང་བུ་འབུད་པ། གཡོན་ན་རྣལ་འབྱོར་མ་ཤ་བའི་རོ་ཁུར་བ་བཅས་གཟིགས། གུས་པས་ཕྱག་འཚལ་ཞིང་ཡིད་ཀྱི་མཆོད་པ་ཕུལ་བས་སྐུའི་རྣམ་འགྱུར་དང་བརྡ་ཐབས་སྣ་ཚོགས་པས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་བསྟན་ཅིང་བུམ་པས་དབང་བསྐུར་བས་ཡེ་ཤེས་མངོན་དུ་གྱུར། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཞེས་པར། སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་དང་དགུང་ལོ་སུམ་བརྒྱ་ཉི་ཤུ་བཞེས་པ་མཇལ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཞིང་ལུང་བསྟན་མངའ་གསོལ་མཛད། བྱང་སེམས་སྦྱིན་པ་བཟང་པོ་ལས་ནི་གུ་ཆོས་དྲུག་ཤངས་ཆོས་ཡོངས་རྫོགས་གསན། རི་ཁྲོད་དུ་མར་ཉམས་སུ་བཞེས། ཏིང་ངེ་འཛིན་རྣམ་པ་དུ་མ་ཐུགས་ལ་འཁྲུངས། སྙན་བརྒྱུད་ཟབ་མོ་འདི་གངས་རིའི་ཁྲོད་དུ་དར་བ་ཞིག་བྱུང་ན་དགོངས་པའི་སྐད་ཅིག་དེ་ལ་མདུན་གྱི་ནམ་མཁའ་ནས། བུ་རྣལ་འབྱོར་པ་ཞེས་འབོད་པའི་སྒྲ་ལྷང་གིས་བྱུང་། །སྤྱན་བར་སྣང་ལ་གཟིགས་པས་སྤྲིན་ཕུང་གི་དབུས་ན་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དངོས་སུ་བཞུགས་པ་ལ་ཞུ་བ་ཞུ་ལན་


JKT019_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བརྡའ་དང་བརྡ་ལན་དང་། ཚོགས་ཀྱི་འཁོར་ལོ་འདོད་པའི་ཡོན་ཏན་རྨད་དུ་བྱུང་བ་རྣམས་ལ་ལོངས་སྤྱད། རྡོ་རྗེའི་ཚིག་རྐང་སོ་སོ་དང་། དེ་དག་ལ་དངོས་ཤུགས་སྦས་གསུམ་གྱི་མན་ངག་གི་འཕྲུལ་ཕྱེ་སྟེ་ཡོངས་སུ་རྫོགས་པ་དང་། ཁྱད་པར་དཔེ་གཉིས་ཀྱི་སྒོ་ནས་སྟོན་པའི་འཕྱུགས་མེད་མཁའ་སྤྱོད་དཀར་དམར་གྱི་འཕོ་བ་སོགས་གནང་། གྲུབ་ཐོབ་ཆེན་པོ་རི་འོ་བ་ལྷ་རྩེའི་ནུབ་མགུལ་གྱི་རྫ་ཁྲོད་དུ་སྒྲུབ་པ་རྩེ་གཅིག་མཛད་སྐབས། འཕགས་བལ་བོད་ཀྱི་མཁས་གྲུབ་རྣམས་ལས་གདམས་པ་རྒྱ་མཚོ་ལྟ་བུ་གསན་ནའང་། སྐུ་དངོས་ལས་དོན་དུ་གཉེར་བའི་གདུལ་བྱ་དུས་དེར་མ་བྱུང་། མ་འོངས་པ་ན་གང་ཟག་ལས་ཅན་ལ་ཕན་པའི་ཆེད། གཡམ་པ་མང་པོ་ལ་ལྕགས་ཀྱི་ཁབ་སྦོམ་གཉིས་མ་ཟད་བར་དུ་བྲིས་ཏེ་གཏེར་དུ་སྦས། དགེ་བསྙེན་ཆེན་པོ་འོ་བ་ལྷ་རྩེ་གཏེར་བདག་ཏུ་བསྐོས་སོ། གཙང་རྒྱས་སྡེ་ཁར་གསང་སྤྱོད་ལ་བཞུགས་པས་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔས་མཚན་རེ་རེ་ཕུལ། དབེན་གནས་ཐར་པ་གླིང་དུ་བཞུགས་པའི་ཚེ་རྡོ་རྗེ་འཆང་ཆེན་པོ་འཁོར་དང་བཅས་པ་ལས་བླ་མའི་རྣལ་འབྱོར་སོགས་སྙིགས་མའི་སེམས་ཅན་འདུལ་བའི་ཆོས་ཚུལ་སྣ་ཚོགས་པ་གསན། རྫུ་འཕྲུལ་གྱིས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་ཕེབས། མཁའ་འགྲོ་མ་མང་པོས་བསུས་ནས་ཟངས་མདོག་དཔལ་


JKT019_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རི་བོའི་ཕོ་བྲང་ཆེན་པོར་ཨོ་རྒྱན་རིན་པོ་ཆེ་རྒྱལ་པོའི་ཆ་ལུགས་སུ་མཇལ། ཕྱག་འཚལ་ཞིང་ཡིད་སྤྲུལ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་གསོལ་བ་བཏབ་པས། སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སློབ་དཔོན་ཆེན་པོ་ཧེ་རུ་ཀའི་རྣམ་པར་བཞུགས་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབས་ནས་སོ་སོའི་ཞལ་གཟིགས། ཟངས་མདོག་དཔལ་གྱི་རི་བོའི་མཐའ་བསྐོར་མཚོ་ཆེན་པོའི་དབུས་ན་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་ན་ཨོ་རྒྱན་རབ་བྱུང་གི་ཆ་ལུགས་སུ་བཞུགས་པ་མཇའ་ཚོན་སྣ་ལྔས་བསྐོར་བ། གཡོན་ཕྱོགས་ན་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་དབུས་ན་བསྐལ་བཟང་གི་སངས་རྒྱས་སྟོང་བཞུགས་པའི་ཡལ་ག་ལ་ཉེ་བའི་སྲས་བརྒྱད་བཞུགས་པ། གཡས་སུ་སྣ་ཚོགས་པདྨ་ཡལ་ག་ལྔ་པའི་དབུས་ན་རྡོ་རྗེ་ཕག་མོ། །གཞན་བཞི་ལ་རིགས་བཞིའི་མཁའ་འགྲོ་བཞུགས་པའི་མདུན་གྱི་ནམ་མཁར་སྟོན་པ་རྡོ་རྗེ་སེམས་དཔའ་བཞུགས་པ་ལ། ཨོ་རྒྱན་ཆེན་པོས་ཞུ་བ་པོ་མཛད་ནས་བླ་ན་མེད་པའི་ཡང་སྙིང་རྫོགས་པ་ཆེན་པོའི་ཆོས་ཚུལ་མ་ཚང་བ་མེད་པ་གསན་ནོ། །དེ་ནས་ཨོ་རྒྱན་རིན་པོ་ཆེས་བོད་ཡུལ་དུ་འགྲོ་དོན་ལ་བཀས་བསྐུལ་བ་ནི། མཁའ་འགྲོས་མཚན་གསོལ་རིག་འཛིན་ཐང་སྟོང་པ། །གཟུགས་སྐུ་མཁའ་ལྟར་དག་པ་ཆོས་


JKT019_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ། །གྲགས་སྟོང་གཞོམ་དུ་མེད་པ་རྡོ་རྗེའི་གསུང་། །གཟུང་འཛིན་རྟོག་བྲལ་གདོད་ནས་འདུས་མ་བྱས། །དེ་དོན་མ་ལུས་ཁྱོད་ཀྱིས་ཁོང་དུ་ཆུད། །སྙིགས་མ་ལྔ་བདོའི་སེམས་ཅན་དོན་ཕྱིར་དུ། །ཧོར་དང་ཁ་བ་ཅན་གྱི་ས་མཚམས་སུ། །ང་ཡིས་བཞེངས་པའི་མེ་བཙའ་ཞིག་གསོས་གྱིས། །བོད་འབངས་ཕན་བདེ་ཡུན་དུ་གནས་པར་འགྱུར། །ས་འབྲུག་དབྱར་ཟླ་དང་པོའི་ཚེས་བཅུ་ལ། །ས་ཡི་མེ་བཙའ་བརྟན་བཞུགས་གྲུབ་དགོས་སོ། །འགྱངས་ན་ཆུ་ཤོར་ཟིན་པའི་རགས་དང་འདྲ། སྔས་ན་རི་དྭགས་མི་འགྲོ་རྒྱ་དང་འདྲ། །རིག་པ་འཛིན་པའི་སྐྱེས་བུ་ཕན་སེམས་ཅན། །སླར་ཡང་བོད་ཡུལ་ཁ་བ་ཅན་དུ་སོང་། །སྙིགས་མ་ལྔ་བདོ་བོད་ཀྱི་སེམས་ཅན་ལ། །གང་ལ་གང་འདུལ་སྤྲུལ་པས་འགྲོ་དོན་མཛོད། ཅེས་དང་། རིག་འཛིན་བོད་ཀྱི་སྐྱེས་བུ་ཁྱོད། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ཀྱང་། །ཆོས་སྐལ་གཏེར་ལྔ་བོད་ན་ཡོད། །ལུང་བསྟན་རྣམ་ཐར་བོད་དུ་བཞག །དུས་གསུམ་མཁྱེན་པ་པད་འབྱུང་ངའི། །ཐུགས་སྤྲུལ་ང་ནི་ལྕགས་ཟམ་ཚུགས། །རྟེན་འབྲེལ་འགྲོ་བ་འདུལ་བའི་ཕྱིར། །མྱུར་དུ་ཁ་བ་ཅན་དུ་ཞུད། ཅེས་གསུངས་པ་ལྟར་བོད་དུ་བྱོན་ནས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་དོ། ༈ གྲུབ་ཆེན་རིན་པོ་ཆེའི་རྡོ་རྗེའི་སྐུའི་རྣམ་འགྱུར་དྲུག་ནི། རྣམ་སྣང་གྲུབ་


JKT019_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་ཕྱུག་ཞལ་དཀར་མདངས་ཆེ་ཞིང་སྣུམ་པ། དབུ་སྐྲ་སིལ་བུར་ཡོད་པ། སྤྱན་དཀྱུས་རིང་ལ་ཞི་བ་སྙིང་རྗེའི་ཚུལ་གྱིས་གཟིགས་པ། ཕྱག་མཉམ་བཞག་སྐྱབས་སྦྱིན་མཛད་པ། ༡ རིན་འབྱུང་གྲུབ་པའི་དབང་ཕྱུག་སྐུ་མདོག་གསེར་ལྟ་བུ། །དབུ་སྐྲ་སེར་ལ་འཇམ་པ། སྤྱན་གཉིས་ཐད་ཀར་གཟིགས་པ་ཤིན་ཏུ་དགེས་པའི་ཚུལ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ནོར་བུ་དགའ་འཁྱིལ་བསྣམས་པ། ༢ སྣང་མཐའ་གྲུབ་པའི་དབང་ཕྱུག་སྐུ་མདོག་དམར་པོ། དབུ་སྐྲ་དམར་ནག་ལི་བ། སྤྱན་རྩ་དམར་ཟླུམ་ཟུར་གཟིགས། ཕྱག་གཉིས་མཉམ་བཞག་གི་སྟེང་ན་བུམ་པ་འཛིན་པ། ༣ དོན་གྲུབ་འདི་ཀུན་འདུས་གྲུབ་པའི་དབང་ཕྱུག་ཏུ་བཤད་པའང་སྣང་གྲུབ་པའི་དབང་ཕྱུག་སྐུ་མདོག་སྨུག་ནག་ཁྲོ་བོའི་གཟུགས་ཅན་རལ་པ་དམར་ནག་ཐོར་ཅོག་བཅིང་བ། སྤྱན་གསུམ་གྲུ་གསུམ་གློག་ལྟར་འཁྱུགས་པ། ཕྱག་གཡས་རྡོ་རྗེ་གསོར་ཞིང་། གཡོན་སྡིག་འཛུབ་བསྒྲེང་བ། ༤ མི་བསྐྱོད་གྲུབ་པའི་དབང་ཕྱུག་ཨིནྡྲ་ནཱི་ལའི་མདོག་ཅན་དབུ་སྐྲ་དམར་ལྗང་སྤྱི་བོར་འཁྱིལ་བ། སྤྱན་རྡོ་རྗེའི་ལྟ་ལྟངས་ནམ་མཁར་གཟིགས་པ། ཕྱག་གཉིས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་མཛད་པ། ༥ རྡོ་རྗེ་སེམས་དཔའ་གྲུབ་པའི་དབང་འདི་སྐུ་མདོག་དཀར་ལྗང་ཅན་དོན་གྲུབ་གྲུབ་པའི་དབང་ཕྱུག་ཏུ་བཤད་པའང་སྣང་ཕྱུག་སྐུ་


JKT019_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་ཞིང་གཞོན་ཤ་རྒྱས་པ། དབུ་སྐྲ་ཁམ་སྔོན་ཐུར་དུ་འཕྱང་བ། ཕྱག་གཉིས་ཞི་དྲག་ཕྱེད་མའི་ཚུལ་ཅན་ཅུང་ཟད་ཁྲོ་བ། བཞད་ཞལ་ཤིན་ཏུ་མཛེས་པ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། ༦ །སརྦ་མངྒ་ལཾ། གཞན་ཡང་གྲུབ་ཆེན་བིརླ་པ་ལས་གསུང་ངག་རིན་པོ་ཆེ་གསན་པ་དང་། བལ་པོ་མ་ཧཱ་བོ་དྷི་ལས་བདེ་མཆོག་གི་སྐོར་གསན། དེས་ལུང་བསྟན་ནས་རྒྱ་བལ་གྱི་མཚམས་ཀྱི་མཚམས་གཡའ་རི་སྒོ་ལྔར་མི་ཏྲའི་སློབ་མ་ཚེའི་རིག་འཛིན་བརྙེས་པ་དྷརྨ་རཏྣ་ལས་ཆོས་ཚུལ་མཐའ་ཡས་པ་གསན། དེར་ལོ་ལྔ་བཞུགས་ཞེས་འབྱུང་། ༈ ལུང་བསྟན་ལས། ལས་ཅན་ལྔ་བཅུ་རྩ་བརྒྱད་དེ༔ སྐྱེས་བུ་དེ་རྣམས་གང་འཕྲད་དང་༔ ཟབ་ཆོས་འདི་ཉིད་སུས་སྤྱོད་པ། བདེ་བ་ཅན་དུ་དངོས་སུ་འགྲོ༔ ལྔ་བརྒྱ་ཕྲག་གཅིག་ཕྱིར་མི་ལྡོག༔ ཆོས་ཀྱི་འབྲེལ་པ་ཁྲི་ཕྲག་བརྒྱ༔ འབུམ་ཕྲག་གཅིག་ལ་འབྲེལ་ཐོགས་ནས༔ བདེ་བ་ཅན་དུ་ངེས་པར་འགྲོ༔ ༈ སྤྲུལ་པའི་འཁོར་དང་སློབ་མའི་ཚོགས༔ འཇིག་རྟེན་སྤྱོད་པ་སྐྱོང་བ་ཡི༔ དོན་རྒྱུད་ཉམས་སུ་ལེན་པའི་བུ༔ མི་དཔོན་ཧོར་གྱི་ཆས་འཛིན་དགུ༔ ལས་ཅན་ལྔ་བཅུ་རྩ་བརྒྱད་དང་༔ སྦས་པའི་ཌཱ་ཀི་བཅུ་དྲུག་བཅས༔ དངོས་དང་དངོས་མེད་འགྲོ་དོན་འགྲུབ༔ གཞན་ཡང་ལས་དང་སྐལ་བར་ལྡན༔ དཔའ་བོ་ཌཱ་ཀིའི་སྤྲུལ་པ་རྣམས༔


JKT019_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་འཆད་པར་འཁོར་དུ་འདུ༔ ༈ སྒྲུབ་པའི་གནས་ནི་པོ་ཏཱ་ལ༔ བྱིན་རླབས་གནས་ནི་མཁར་ཆུའི་བྲག༔ ལུང་བསྟན་གནས་ནི་སྟག་སྒྲོའི་རོང་༔ འགྲོ་དོན་གནས་ནི་ཙ་རི་ཏྲ༔ གདུལ་བྱའི་གནས་ནི་མདོ་ཁམས་གླིང་༔ དངོས་གྲུབ་གནས་ནི་སུ་ཛ་ཏི༔ བདེ་བ་ཅན། དོན་གྱི་གནས་ནི་ཆོས་ཀྱི་དབྱིངས༔ རིག་པ་གཡོ་འགུལ་མེད་པར་བཞུགས༔ ཞེས་སོ། །གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་དུས་མཉམ་ཞིང་ཐུགས་བརྒྱུད་གཅིག་པ། ཐུགས་རྗེ་ཆེན་པོས་དངོས་སུ་བྱིན་གྱིས་བརླབས་པའི་རྟོགས་ལྡན་གྱི་རྒྱལ་པོ་བཞི་ཞེས་གྲགས་པ་ནི། མངའ་རིས་སྟོད་ཀྱི་རྟོགས་ལྡན་བེམ་ཐུལ་ཅན་ཚུལ་ཁྲིམས་བཟང་པོ། དབུས་གཙང་གི་རྟོགས་ལྡན་སླེ་ཐུལ་ཅན་ཐང་སྟོང་བརྩོན་འགྲུས་བསོད། མདོ་ཁམས་སྒང་གི་རྟོགས་ལྡན་ཕྱར་ཐུལ་ཅན། མདོ་ཁམས་སྨད་ཀྱི་རྟོགས་ལྡན་ཁྱི་ཐུལ་ཅན་རྡོ་རྗེ་བཟང་པོ་གསེར་རོང་དུ་བྱུང་བ་སྟེ། འདི་བཞི་ཀ་ལ་ཐུགས་རྗེ་ཆེན་པོའི་གདམས་ངག །ཉེ་བརྒྱུད་བཀའ་བབས་པའི་ནང་སྔ་མ་གཉིས་ཀྱི་རྒྱུན་ཡོད་པ་དང་། ཕྱི་མ་གཉིས་ཀྱི་གདམས་ངག་གཏན་ལ་ཕབས་རྒྱུ་བཅས་དགེ། ༈ རྒྱས་པའི་ལས་ཀྱི་ལྷ་སེར་མོ་སྐོར་བདུན་ལ། ཐོག་མར་ཚེ་རྒྱས་པ་རྣམ་རྒྱལ་མ་སེར་མོ༡། བསོད་ནམས་རྒྱས་པ་སྒྲོལ་མ་སེར་མོ༢། དཔལ་འབྱོར་རྒྱས་པར་བྱེད་པ་ལྷ་མོ་རོ་དྷི་མ་


JKT019_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སེར་མོ་༣། ནོར་དང་འབྲུ་རྒྱས་པ་ནོར་རྒྱུན་མ་སེར་མོ་། སྙན་གྲགས་རྒྱས་པ་རྣམ་སྲས་ཡུམ་དཔལ་འབར་མ་སེར་མོ།། ཤེས་རབ་རྒྱས་པ་ཤེར་ཕྱིན་སེར་མོ༦། ཡེ་ཤེས་རྒྱས་པ་ཕག་སེར་ཀརྨ་པཱ་དའོ༧༣ ༈ ན་མོ་གུ་རུ་ཀུན་མཁྱེན་ཡང་སྲིད་འཇིགས་མེད་ཡེ་ཤེས་རྡོ་རྗེ་དེ་ཉིད་དགུང་གྲངས་དྲུག་ཅུར་ཕེབས་པ་རབ་ཡིད་ས་ལུག་ལོར་ཀ་ཀེའུ་ཚང་ཡང་དབེན་མཁའ་འགྲོའི་རྫོང་ཆེན་དུ་བཞུགས་སྐབས། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རངས་འོད་གསལ་དག་པའི་སྣང་བར། གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ཉིད་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་བཞུགས་པའི་ཞལ་ནས། རྗེ་མི་བསྐྱོད་ངོ་བོ་རྡོ་རྗེ་འཆང་། །ཏེ་ལོ་ནཱ་རོ་པཎ་ཆེན་དང་། །མར་པ་ཆོས་ཀྱི་བློ་གྲོས་ཏེ། །བཀའ་བརྒྱུད་ཆུ་མགོ་གངས་ལ་ཐུག། །དམ་ཆོས་ཕྱག་རྒྱ་ཆེན་པོ་དེ། །མཐའ་འཁོབ་བོད་དུ་བསྒྱུར་བར་མཛད། །རྩེ་གཅིག་གུས་པས་གསོལ་བ་ཐོབ། །ཁྱོད་ལེགས་པར་གསོན་དང་རིགས་ཀྱི་བུ། །དབུ་ཕྱག་རྫོགས་ཆེན་ལྟ་བ་གསུམ། །གཞི་ལམ་འབྲས་བུའི་མཚན་ཉིད་དེ། །མཐའ་བཞི་སྤྲོས་དང་བྲལ་བ་ལ། །རགས་པ་ཕྱི་ཡི་དབུ་མར་བརྗོད། །དེ་སྐྱོན་དང་བྲལ་བའི་རིག་པ་རྣོ། །ཡེ་ཤེས་ཐིག་ལེའི་སྙིང་པོ་ཅན། །གཞི་རྒྱུད་བདེ་བར་


JKT019_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཁམས། །ཕྲ་བ་ནང་གི་དབུ་མ་ཡིས། །རྟོགས་པར་བྱེད་པའི་ཐབས་ལ་བརྟེན། །རྣལ་འབྱོར་བཞི་ཡི་ཉམས་ལེན་ལས། །བསྒོམ་མེད་འབྲས་བུ་མཐར་ཕྱིན་ཚེ། །སེམས་ཀྱི་སྟོང་གསལ་འཛིན་མེད་དོན། །ཕྱག་རྒྱ་ཆེན་པོའི་ལམ་བགྲོད་ཚུལ། །གང་ཟག་དབང་པོ་རབ་འབྲིང་སྟེ། །དུད་འགྲོ་ཉག་ཕྲན་མཁའ་ལྡིང་གིས། །མཐོང་བུལ་ཇི་བཞིན་འབྲས་བུར་རགས། །རང་བཞིན་རྫོགས་པ་ཆེན་པོ་ནི། །རིག་པ་ཅར་ཕོག་ངོ་འཕྲོད་ནས། །གཟུང་འཛིན་མདུད་པ་ཞིག་པའི་ཚེ། །སྐུ་དང་ཐིག་ལེ་ངོ་སྤྲོད་ཀྱིས། །རིག་དང་ལོངས་སྐུར་རྩལ་ཆེན་རྫོགས། །སྣང་བཞིའི་འོད་གསལ་མཐར་ཕྱིན་ཚེ། །ཆོས་ཅན་ཆོས་ཉིད་ཀློང་དུ་ཟད། །གཞོན་ནུ་བུམ་སྐུའི་དབྱིངས་སུ་གྲོལ། །སྟོང་གསལ་འདུས་མ་བྱས་པ་ལ། །དགེ་དང་སྡིག་པའི་མཚན་མ་བྲལ། །མཉམ་ཉིད་རིག་པའི་རྒྱལ་པོ་ལ། །སངས་རྒྱས་བཟང་པོས་ཕན་མ་བཏགས། །སེམས་ཅན་ངན་པས་གནོད་མ་བསྐྱལ། །ཆོས་དབྱིངས་བརྡལ་ཁྱབ་ཆེན་པོ་ལ། །ས་དང་ལམ་གྱི་རྩིས་གྲངས་ཞིག །མཉམ་ཉིད་ཆེན་པོར་ཡེ་སངས་རྒྱས། །ཕུང་ཁམས་ཡེ་ནས་ལྷའི་རང་བཞིན། །བསྙེན་ཅིང་སྒྲུབ་པ་ཐང་རེ་ཆད། །སྣོད་བཅུད་དག་པ་རབ་འབྱམས་ལ། །ཞིང་ཁམས་བྱ་བ་ལོགས་སུ་མེད། །རྫོགས་ཕྱག་དབུ་མ་ཆེན་པོ་


JKT019_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །རབ་འབྲིང་ཐ་མའི་བློར་འཚམས་པར། །ཆོས་ལོངས་སྤྲུལ་པ་སྐུ་ཡི་བཀའ། །དགོངས་པ་རྟེན་དང་ཚིག་ཏུ་ཤར། །གདུལ་བྱའི་དབང་པོའི་སྐལ་བ་རུ། །གོ་ལུང་མ་ངེས་སྣ་ཚོགས་པས། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བྱང་། །དོན་ལ་མ་རིག་ཉོན་མོངས་དང་། །གཟུང་འཛིན་གྲོལ་བ་ཁོ་ནར་དགོངས། །རྒྱ་དང་འབྲས་བུའི་ལམ་ཉིད་ཀྱང་། །དངས་ངེས་ལྡེམ་དགོངས་དུས་གཞལ་སོགས། །མཐའ་དྲུག་ཚུལ་བཞིས་སེམས་ཅན་གྱི། །ལོག་ལྟ་བསལ་ཞིང་དད་མོས་དང་། །ཡང་དག་ལམ་དུ་འཁྲིད་ཕྱིར་དགོངས། །ལྔ་ཕྲག་ཐ་མའི་དུས་འདི་རུ། །ཉོན་མོངས་རགས་ཤིང་སྡུག་བསྔལ་འཕེལ། །ཐབས་མཁས་སྤྱོད་པ་སྣ་ཚོགས་ཀྱིས། །ཁམས་དབང་མཐུན་པར་མ་བྱས་ན། །མཐའ་གཅིག་དག་གིས་མི་འདུལ་ཞིང་། །བློ་ཆུང་དག་གིས་རྗེས་མི་སླེབས། །དོན་འདི་རྟོགས་པར་མཛོད་ཅིག་ཨང་། །ཞེས་དང་། ལུང་བསྟན་མང་དུ་གནང་མཐར་སྐུ་ལས་སྤྲོས་པའི་འོད་ཟེར་གྱིས་རྟོག་སྒྲིབ་ཕྲ་བ་མ་ལུས་པ་སྦྱངས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བྱིན་རླབས་ཀྱིས་རྒྱུད་ཡོངས་སུ་སྨིན་པར་མཛད་དོ།། ༈ །།རིག་འཛིན་སྟག་ཤམ་རྡོ་རྗེའི་གཏེར་ལུང་ལས། ཡོན་ཏན་གདུལ་བྱ་སྨད་ཀྱི་ཕྱོགས་ནས་འབྱུང་༔ རྡོ་རྗེའི་མིང་ཅན་བརྟུལ་ཞུགས་སྟོབས་པོ་ཆེ༔ ཕྱག་རྫོགས་ཀློང་གྱུར་རྟ་མགྲིན་བཀའ་


JKT019_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བབས་དང་༔ བླ་མ་རྡོ་རྗེ་གྲོ་ལོད་ཞལ་མཇལ་བའི༔ སྐལ་ལྡན་སྐྱེས་བུ་དེ་ཡིས་གདུལ་བྱ་སྡུད༔ རྫུ་འཕྲུལ་སྤྲུལ་པའི་སྐལ་ལྡན་མང་འབྱུང་ནས༔ ཀཿཐོག་ཕྱོགས་སུ་སྟོན་པའི་དབང་དུ་འདུག བཤད་སྒྲུབ་བསྟན་པ་གཞལ་དུ་མེད་པ་འབྱུང་༔ ཞེས་སོགས་རྡོ་རྗེའི་ལུང་བསྟན་དུ་མས་དཔང་པོ་བྱས་པ་བཞིན་དཔལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་གཟུགས་གཞན་དུ་བསྒྱུར་བ་གསང་བདག་རྡོ་རྗེ་ཆོས། སངས་རྒྱས་དངོས་ཀྱི་བླ་མ་རྒྱལ་ཆེན་ཨིནྡྲ་བྷཱུ་ཏི། སློབ་དཔོན་ཧཱུཾ་ཆེན་ཀ་ར། གནུབས་ནམ་མཁའི་སྙིང་པོ། ཟུར་ཆུང་ཤེས་རབ་གྲགས། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ། ཞིག་པོ་ཉི་མ་སེང་གེ། གྲུབ་ཐོབ་མ་ཎི་རིན་ཆེན། ཤངས་སྟོན་རྒྱལ་མཚན་འབུམ། འཁོན་སྟོན་བཟང་པོ་དཔལ། རི་ཁྲོད་པ་དར་མ་རྒྱལ་མཚན། མང་པོ་གཏེར་སྟོན་བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན། ཀ༔ཐོག་པ་ཚུལ་ཁྲིམས་འབུམ་པ། ཀོང་པོ་སངས་རྒྱས་གླིང་པའི་སྲས་བརྒྱུད་སངས་རྒྱས་བློ་གྲོས། སྟག་ལུང་པ་མཁས་གྲུབ་ངག་དབང་གྲགས་པ། ཕག་གྲུ་བདག་པོ་ཀུན་དགའ་ལེགས་པ། ཀུན་མཁྱེན་སངས་རྒྱས་འཕེལ། གོང་དཀར་རྡོ་རྗེ་གདན་པའི་སློབ་མ་རྒྱ་སྟོན་རིག་པའི་གློག་ཕྲེང་། འཁོན་རིགས་བདག་སྨྱོན་ཀུན་དགའ་ལེགས་པ། རཏྣའི་གདུང་བརྒྱུད་ཀུན་དགའ་བསྟན་འཛིན།


JKT019_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཞིག་ཆེན་པོ་དབང་དྲག་རྒྱ་མཚོ། སྟག་བླ་གྲུབ་དབང་པདྨ་ནོར་བུ་སྟེ། དེ་རྣམས་ནི་རྗེ་ཉིད་ཀྱིས་སྩལ་བའི་སྐྱེ་ཕྲེང་གསོལ་འདེབས་ཡིད་བཞིན་དབང་གི་ཕྲེང་བ་ལས་བྱུང་བ་དང་། གཞན་ཡང་ཀློང་གསལ་སྟག་ཤམ་སོགས་ཀྱི་གཏེར་ལུང་དང་། རྗེ་ཉིད་ཀྱི་དག་པའི་གཟིགས་སྣང་སོགས་དང་བསྟུན་ན། སྟོན་པའི་སྤྱན་སྔར་དགྲ་བཅོམ་པ་ལྷ་མིག་རྣམ་པར་དག་པ་མ་འགག་པ། རྒྱ་གར་དུ་གྲུབ་ཆེན་ནག་པོ་སྤྱོད་པ་ཆེན་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། གྲུབ་ཆེན་ལ་ལི་ཏའི་གཟུངས་མ། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་ཚོང་དཔོན་གྱི་རིགས་ལས་གྱུར་པའི་རྣལ་འབྱོར་པ། བོད་ཡུལ་དུ་ཀཿཐོག་པ་བྱམས་པ་འབུམ་པ། ལྷ་རི་པ་ནམ་མཁའ་འོད། ཙཱ་རི་རས་པ་བྱང་ཆུབ་འབུམ། ལྷོ་བྲག་པ་སློབ་དཔོན་ཨེ་མ། མཁས་པ་གཙང་ནག་པ། སྟག་ལུང་པ་སངས་རྒྱས་དབོན། དབུས་པ་བློ་གསལ། ས་བཟང་མ་ཏི་པཎ་ཆེན། འབྲི་གུང་པ་རྡོ་རྗེ་རྒྱལ་པོ། ཀུན་མཁྱེན་བོ་དོང་པའི་སློབ་མ་ཤངས་པ་རས་ཆེན་བསོད་ནམས་མཆོག་གྱུར། ཀུན་སྐྱོད་གླིང་པའི་སྲས་དབང་ཆེན་ཉི་ཟླ་བཟང་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། དེ་དང་ཐུགས་རྒྱུད་གཅིག་པའི་རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། ལྷོ་འབྲུག་པ་མཐུ་ཆེན་ངག་དབང་རྣམ་རྒྱལ་སོགས་ཐོར་བུར་གསུངས་པས་མཚོན་མཁས་ཤིང་གྲུབ་།


JKT019_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེས་རབས་མེ་ཏོག་མནྡ་རའི་ཕྲེང་བ་ལྟར་ཚར་དུ་དངར་བའི་མཐར། ཕྱོགས་དེར་ཡོངས་སུ་གྲགས་པ་ལྟར་ན་སྐུ་སྐྱེད་པའི་ཡབ་ཆེན་པོ་རྡུའི་རིགས་ཞེས་འོད་གསལ་ལྷ་བབས་ཀྱི་བརྒྱུད་པ་འགར་སྟོང་བཙན་ཡུལ་བཟུང་དང་། སྒོམ་སྟོན་བསོད་ནམས་རིན་ཆེན་སོགས་ཀྱི་རིགས་ལས་སོན་པའི་གོ་ས་ཟེའུ་སངས་ལྡིང་གི་རིགས་ལས་ཇོ་བོ་སྐྱབས་སུ་གྲགས་པའི་ཁྱིམ་བཙུན་སྦས་པའི་རྣལ་འབྱོར་པ་ཞིག་དང་། ཡུམ་ཆེ་བཙན་འབྲུའི་རིགས་སུ་སོན་པ་སྤྲུལ་པའི་གཏེར་སྟོན་པདྨ་བདེ་ཆེན་གླིང་པའི་ལྕམ་སྲིང་རྡོ་རྗེ་མཚོ་ཞེས་རང་གྲོལ་གྱི་རྣལ་འབྱོར་མ་ཞིག་གི་སྲས་སུ་སྲིད་པ་ཉེ་བར་བཟུང་བའི་ཚུལ་བསྟན། དོན་གྱིས་ནི་གནས་ཆེན་རི་བོ་བཀྲ་བཟང་གི་ཞིང་སྐྱོང་ཆེན་པོ་རྡོ་རྗེ་བྲག་བཙན་ཡིན་པར་བཞེད། གང་ལྟར་ཡང་གནས་ཆེན་དེ་ཉིད་ཀྱི་ནུབ་བྱང་དཔལ་གྱི་རི་བོའི་མགུལ་དུང་དཀར་གཡས་སུ་འཁྱིལ་པས་མཚན་པའི་སའི་ཐིག་ལེར། སྐུའི་སྐྱེ་བ་སྔ་མ་གྲུབ་དབང་པདྨ་ནོར་བུ་སྐུ་བལྟམས་ནས་བགྲང་བྱ་ང་དགུ་འདས་པ། རྗེ་ཉིད་ཀྱི་སྐུ་ཞང་པདྨ་བདེ་ཆེན་གླིང་པ་སྐུ་བལྟམས་ནས་དགུང་གྲངས་སོ་ལྔ་བཞེས་པའི་རབ་བྱུང་བཅུ་གཉིས་པའི་ནང་ཚན་ས་ཕོ་སྟག་གི་ལོའི་དཔྱིད་འབྲིང་བོད་ཟླ་བའི་དུས་ཚེས་དགེ་བར་སྐུ་བལྟམས། ཞག་བདུན་ཙམ་སོང་བ་ན་གཏེར་ཆེན་རིན་པོ་ཆེ་ཕེབས་ནས་འཆི་མེད་


JKT019_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའི་དབང་གནང་། ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས། རྡོ་རྗེ་ཚེ་དབང་ནོར་བུ་ཞེས་པའི་མཚན་གྱི་ཅོད་པན་དཔྱང་། ཟླ་ངོ་གསུམ་ཙམ་ནས་ཚིག་གི་བརྡ་འཕྲོད་པ་དང་། བདུན་ནས་དྲི་བ་དང་ལན་འདེབས་པ་ལ་ཆགས་ཐོགས་མེད། མཁའ་འགྲོ་ཆོས་སྐྱོང་གིས་སྲུང་བའི་རྟགས་མཚན་གསལ། སྐུ་སྐྱེ་བ་སྔ་མའི་བག་ཆགས་ཐམས་ཅད་ཀྱང་རིམ་གྱིས་སད། ངེད་ནི་ནམ་མཁའི་སྙིང་པོ་ཡིན། །སྒྲུབ་གནས་ལྷོ་བྲག་མཁར་ཆུ་ཡིན། །ཅེས་དང་། བདག་གྲུབ་ཆེན་པདྨ་ནོར་བུའོ་ཞེས་འཇིགས་པ་མེད་པའི་སེང་གེའི་སྒྲ་ཐོལ་བྱུང་དུ་བསྒྲགས། གཏེར་ཆེན་རིན་པོ་ཆེས་ཀྱང་གནུབས་ནམ་མཁའི་སྙིང་པོ་དང་། གྲུབ་ཆེན་པདྨ་ནོར་བུ་དབྱེར་མེད་པའི་སྤྲུལ་པར་ངོས་བཟུང་ཞིང་། འགྲན་བྲལ་གྱི་སྐྱེས་བུ་ཆེན་པོ་རྩོད་མེད་གཅིག་ཏུ་ཡོང་བར་ལུང་བསྟན། སྐབས་དེ་རྣམས་སུ་སློབ་དཔོན་ཆེན་པོ་པདྨ་ཀ་རའི་ཞལ་ཡང་ཡང་མཇལ། སྐུ་ཚེ་སྔ་མའི་ཡོངས་འཛིན་མང་པོའི་མཚན་གསལ་བར་སྟོན། དབང་སྐུར་ཆོས་འཆད། ཏིང་འཛིན་སྒོམ་པ། ཟབ་གཏེར་འདོན་ཅིང་གནས་སྒོ་འབྱེད་པ་སོགས་ཕལ་པའི་སྤྱོད་ཡུལ་ལས་འདས་པའི་གཞོན་ནུ་རོལ་རྩེད་ཙམ་གྱིས་ཀྱང་དཔྱོད་ལྡན་རྣམས་ཡིད་རང་དབང་མེད་པར་འཕྲོག །གཞན་སེམས་མཁྱེན་པའི་མངོན་ཤེས་དང་། བདེ་གསལ་མི་རྟོག་པའི་ཉམས་མྱོང་རྩོལ་


JKT019_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་ཤར་བ་སོགས་སྒོ་དུ་མ་ནས་དམ་པའི་སྐྱེས་བུའི་སྤྲུལ་པར་ཡོངས་སུ་གྲགས་ཀྱང་། སྐལ་བ་དམན་པ་འགའ་ཞིག་གི་ལོག་རྟོག་བསལ་བའི་ཕྱིར་གོང་མའི་དཔོན་རིས་སུ་གཏོགས་པ་བླ་མ་ཀུན་བཟང་ཞེས་པ་ཞིག་གིས་རིག་འཛིན་སྟག་ཤམ་རྡོ་རྗེ་དང་། གཏེར་ཆེན་རོལ་པའི་རྡོ་རྗེ་ཟུང་ལ་ལུང་བསྟན་ཞུས་པ་འཁྲུལ་མེད་ཀྱི་གཟེངས་བསྟོད་གནང་བས་ཐེ་ཚོམ་གྱི་མུན་པ་དབྱིངས་སུ་སངས། གང་ལྟར་ཡང་དགུང་ལོ་ལྔ་པར་ལྗགས་ཀློག་ཕུལ་བས་ཚེགས་མེད་དུ་མཁྱེན། དྲུག་པར་གཏེར་ཆེན་བླ་མ་ལས་ཟབ་གསང་རྫོགས་པ་ཆེན་པོའི་སྨིན་གྲོལ་གསན་པ་ནས་བཟུང་ཕལ་ཆེར་འབྲལ་མེད་དུ་བཞུགས། དགུང་ལོ་བདུན་པར་རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་བློར་བཟུང་ཞིང་ཡི་དམ་མཛད་པས་བསྐྱེད་རིམ་གསལ་བརྟན་གྱད་དུ་གྱུར། བརྒྱད་པར་སངས་གླིང་གཏེར་བྱོན་ཐུགས་རྗེ་ཆེན་པོའི་རྒྱབ་ཆོས་ཡང་གསང་འོད་དྲལ་གཟིགས་པས་གོ་བ་དཔྱིས་ཕྱིན་པར་འཁྲུངས་ཤིང་། གསང་སྔགས་སྤྱིའི་ལྟ་སྤྱོད་ལ་ངེས་པ་རྙེད། བཅུ་པར་མདོ་སྔགས་ལ་མཁྱེན་པ་རྒྱས་པས་དཔྱོད་ལྡན་གྱི་ཁེངས་པའི་སྤོབས་པ་ཟིལ་གྱིས་མནན། བཅུ་གཅིག་པར་གཏེར་ཆེན་བླ་མ་ལས་རང་གཏེར་མཁའ་འགྲོ་སྙིང་ཏིག་གི་སྨིན་གྲོལ་ཟབ་རྒྱས་སུ་གསན་པས་གནས་ལུགས་ལ་འཕྲིག་ཚུད། མནལ་ལམ་ནམ་འདོད་དུ་ཟིན།


JKT019_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཅན་གྱིས་སྲོག་སྙིང་ཕུལ། བཅུ་གཉིས་པར་རིག་འཛིན་འགྱུར་མེད་རྡོ་རྗེའི་ཐུགས་སྲས་ཨོ་རྒྱན་རྣམ་གྲོལ་ལས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་སོགས་རྒྱ་ཆེར་གསན། ཁྱད་པར་དགུང་གྲངས་བཅུ་གསུམ་བཞེས་སྐབས་གཏེར་ཆེན་བླ་མ་ལས་སྨར་ཚང་ལུགས་ཀྱི་ཕྱག་ཆེན་དང་། རང་གཏེར་རྫོགས་པ་ཆེན་པོའི་ཉམས་ཁྲིད་གནད་སྨིན་དུ་གསན་པས་རྟོགས་པའི་བོགས་ཐོན། ལོ་དེའི་མཇུག་ཏུ་འཇང་ཆུ་རི་བཀྲ་དགོན་དུ་སྤྱན་དྲངས་ནས་གྲུབ་ཆེན་མཆོག་གི་སྤྲུལ་པའི་སྐུར་མངའ་གསོལ། རྗེ་དབོན་བླ་མ་སྐལ་བཟང་ཨོ་རྒྱན་བསྟན་འཛིན་ནས་བརྩེ་བས་བསྐྱངས། བཅུ་བཞི་པར་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེ་བཙན་ཕྱོགས་དེར་ཕེབས། རྗེ་དབོན་བླ་མ་སྐལ་བཟང་ལས་བདུད་འདུལ་གཏེར་ཆོས་བཞུགས་སོ་འཚལ་དང་། རྩེ་ལེའི་བཀའ་འབུམ་སོགས་གསན། ཚུར་ཀློང་གསལ་རྩ་གསུམ་སྐོར་གྱི་དབང་ལུང་ཡོངས་རྫོགས་གནང་བ་སོགས་ལེགས་པར་གསན་ཅིང་། རྒྱལ་སྲས་མཆོག་ནས་ཕྱི་མཐའ་གཟིགས་པའི་ཐུགས་ལ་ཤིན་ཏུ་བཏགས། བར་ཁྲོད་ལྷ་ཁང་དུ་རིག་འཛིན་པདྨ་ཆོས་རྒྱལ་སྤྱན་དྲངས་ཤིང་བུམ་སྒྲུབ་བཙུགས་པའི་སྐབས་བླ་མ་སྐལ་བཟང་ནས་རྗེ་དེ་ཉིད་ཀྱི་གཏེར་གསར་ཤོག་སེར་ལས་ཕབ་གང་གྲུབ་གསན་པ་དང་མཉམ་དུ་གསན་བཞེས་དང་། ཟབ་


JKT019_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆོས་ཀྱི་བགྲོ་བས་དུས་འདའ་བར་མཛད། དགུང་གྲངས་བཅོ་ལྔ་པར་གཏེར་ཆེན་པདྨའི་ཞབས་ལས་ཕྱག་ཆེན་ཁྲིད་ཡང་བསྐྱར་དུ་གསན་པས་ཞི་གནས་ཀྱི་ཉམས་བརྟན་པོ་འཁྲུངས། སྐྱེ་བདུན་སྒྲུབ་ཆེན་གྱི་གྲལ་དུའང་ཕེབས། བཅུ་དྲུག་པར་སླར་ཡང་གཏེར་ཆེན་བླ་མ་ལས་རྫོགས་ཆེན་སེམས་སྦྱོང་སྐོར་དང་། ཐབས་ལམ་ཟབ་མོའི་ཉམས་ཁྲིད་སྨིན་པར་བཞེས། ཡེ་ཤེས་འཕོ་བའི་དབང་བསྐུར་བརྙེས། ཆུ་མོ་སྦྲུལ་ལོ་དེར་གཏེར་ཆེན་རིན་པོ་ཆེ་དགུང་གྲངས་ལྔ་བཅུ་རྩ་གཅིག་བཞེས་པའི་ཧོར་ཟླ་བཅུ་གཅིག་པའི་གནམ་སྟོང་ཐོ་རངས་དགོངས་པའི་ཆོས་དབྱིངས་སུ་ཐིམ་པའི་ཚེ་དགོངས་རྫོགས་ཀྱང་བསྙེལ་མེད་དུ་བསྒྲུབ། ཐོས་བསམ་སྒོམ་པའི་གོ་ཆ་བརྟན་པོ་མཛད། བཅུ་བདུན་པར་སྐུ་མཚམས་བཅད་རྒྱ་ཅི་རིགས་གནང་། བཅོ་བརྒྱད་ལ་གཙང་ཁྲོ་སོགས་ཀྱི་གནས་མཇལ་ལ་ཕེབས་ཤིང་རྟོགས་པའི་བོགས་དབྱུང་། གནམ་ཆོས་འགའ་ཞིག་བབ་ཀྱང་ཆེད་གཉེར་མ་མཛད། ཨོ་རྒྱན་རིན་པོ་ཆེས་འབྱུང་འགྱུར་ལུང་བསྟན། བཅུ་དགུར་གཏེར་ཆེན་བླ་མའི་སྒྲུབ་གནས་སེང་ཁྲོམ་རི་ངོགས་སུ་ཐུགས་དམ་ལ་བཞུགས་པས། ཟབ་གཏེར་གྱི་བཀའ་ཐོབ་ཡོང་བའི་ངེས་ཤེས་འཁྲུངས་ཀྱང་རྟེན་འབྲེལ་འགའ་ཞིག་གིས་རྫས་གཏེར་ཙམ་ལས་ཕྱག་ཏུ་མ་སོན། ཉི་ཤུ་པར་དཔལ་གྱི་རི་


JKT019_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲར་བསྙེན་མཚམས་དམ་པོར་མཛད་པས་ཡི་དམ་གྱི་ལྷས་རྗེས་སུ་བཟུང་། བར་ཆད་ཀྱི་གེགས་ལས་གྲོལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཟབ་མོའི་སྙན་བརྒྱུད་འགའང་གསན། ཉེར་གཅིག་པར་སྟག་ཤམ་ནུས་ལྡན་པ་སོགས་ཀྱི་ཞལ་སློབ་སྦས་པའི་གྲུབ་དབང་སྐལ་བཟང་རིན་ཆེན་ལས་ཐབས་ལམ་གྱི་ཟབ་གནད་དང་། དྲག་སྔགས་ཀྱི་ཕྱག་བཞེས། གུར་དྲག་ཡེ་ཤེས་རབ་འབར་གྱི་དབང་ལུང་སོགས་སྨིན་རྒྱས་སུ་གསན། ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མས་ཞལ་ཡང་ཡང་བསྟན་ཅིང་བྱིན་གྱིས་བརླབས། གསང་བ་མཆོག་གི་དབང་བསྐུར་སྩལ། ལོ་དེའི་འཇུག་ཉི་མ་ཕུག་ཏུ་ཨོ་རྒྱན་རྣམ་གྲོལ་ལས་དགོངས་འདུས་གསེར་ཆོས་ཀྱི་སྨིན་གྲོལ་རྫོགས་པར་གསན། སྣང་སེམས་དབྱེར་མེད་ཀྱི་དོན་མངོན་དུ་མཛད། ཉེར་གཉིས་པར་ཚོམ་ཆེན་དུ་ཟབ་ཁྲིད་ཐོག་མར་གསུངས། ཐབས་ལམ་ཟབ་མོའི་ཉམས་བཞེས་གཏན་ལ་ཕབ། ཤིང་དགུ་གངས་རར་ཉམས་རྟོགས་ཀྱི་བོགས་དབྱུང་། མངོན་སྤྱོད་ཀྱི་ལྟས་བསྟན། ལོ་མཇུག་ཏུ་སྟག་ཕུ་སེའུ་ལུང་གི་དབེན་པར་འདུས་པ་བརྒྱ་ཕྲག་ཙམ་ལ་ཟབ་ཁྲིད་| སྩལ་བས་ཐམས་ཅད་ལ་ངོ་སྤྲོད་ཐེབས་པ་སོགས་ཁྲིད་ལམ་ལེགས་པ་བྱུང་། འདི་ནས་བཟུང་ཟབ་ཁྲིད་མང་དུ་མཛད་པར་སྣང་། ཙི་རོང་ཏིང་རི་རུ་རྒྱལ་སྲས་པདྨ་དབང་རྒྱལ་ལ་ཟབ་ལམ་རྩ་རླུང་གི་ཁྲིད་


JKT019_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་སྩལ། ཉེར་གསུམ་པར་རྗེ་ཉིད་ཀྱི་ཕྱི་མོ་ཡེ་ཤེས་མཁའ་འགྲོ་ཆེན་མོ་དེའང་སྐུ་གཤེགས་པའི་ཚུལ་བསྟན་པས་དགོངས་རྫོགས་ལེགས་པར་བསྒྲུབས། ཌཱ་ཀི་མས་སྐུ་ཚེ་ལ་བར་ཆད་མེད་པའི་ལུང་བསྟན་སྩལ། ཉག་གཤིས་ཁ་དབེན་རྫོང་དུ་བཞུགས་སྐབས་དྲེགས་པ་རཱ་ཧུ་ལས་མི་བཟད་པའི་ཐོག་སེར་གྱི་ཆོ་འཕྲུལ་བསྟན་པས་ཡི་དམ་གྱི་གསལ་སྣང་དང་ལྟ་གདིངས་ཀྱི་ཟིལ་གྱིས་མནན། རིག་འཛིན་རོལ་པའི་རྡོ་རྗེ་མཇལ་བར་ཕེབས་བཞེད་གནང་ནའང་གཞན་རྐྱེན་གྱིས་བཤོལ་པས་ལྕགས་བྱི་ལོ་དེ་ཉིད་ཀྱི་ནག་ཟླའི་ཉེར་གསུམ་རིག་འཛིན་བླ་མ་ཞི་བར་གཤེགས་སྐབས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་ཙམ་བྱུང་། གཏེར་ཆེན་དེ་ཉིད་དང་དངོས་སུ་མཇལ་ན་རྗེ་ཉིད་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་ལུང་བསྟན་ཡོད་པར་གྲགས། ལོ་དེའི་སྟོན་ཟུར་མང་རིག་འཛིན་གསུང་རབ་རྒྱ་མཚོའི་དྲུང་སྨར་ཁམས་དབེན་རྫོང་སྒར་དུ་ཕེབས། ཕྱག་ཆེན་སྙན་བརྒྱུད་ཀྱི་ཁྲིད། རྡོ་རྗེ་འཆང་གི་དབང་བསྐུར། རྫོགས་ཆེན་གསང་བ་ཡེ་ཤེས་ཀྱི་ཐོད་རྒལ་ངོ་སྤྲོད་སོགས་དང་། རོལ་རྡོར་གཅུང་ཨོ་རྒྱན་ལྷུན་གྲུབ་ལས་གཏེར་གསར་ཕྱག་རྡོར་དང་། སེང་གདོང་མའི་སྐོར་ཡོངས་རྫོགས་གསན། སྐབས་དེར་ཀུན་མཁྱེན་སི་ཏུ་རིན་པོ་ཆེའང་མཇལ་ཞིང་ཆོས་འབྲེལ་ཙམ་ནོས་ནས་ཕྱིར་


JKT019_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། ཉེར་བཞི་པར་ཅེམ་ཆེན་དགོན་དུ་བླ་མ་སྐལ་བཟང་དང་ཞལ་ལྷན་རྒྱས་མཛད། དབྱར་དུས་རྒྱལ་སྲས་ཆོས་སྐྱོང་དཔལ་ལྡན་སོགས་ལ་རྫོགས་པ་ཆེན་པོའི་སྨིན་ཁྲིད་བཏབ། ཀུན་མཁྱེན་ཀློང་ཆེན་པས་ཞལ་བསྟན་ཅིང་རྗེས་སུ་གནང་བ་སྩལ། སྔགས་སྲུང་མས་ཕྲིན་ལས་སྒྲུབ་པར་གཡར་དམ་བཞེས། ཐུགས་དམ་བོགས་ཤིན་ཏུ་ཆེ་བར་འཁྲུངས། ཉེར་ལྔ་པ་ཡང་དེ་སྐོར་དུ་བཞུགས་ཏེ་སྒྲུབ་ཆེན་དང་ཟབ་ཁྲིད་སོགས་ཕྲིན་ལས་བསྐྱངས། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་རྟགས་ཐོན་པར་མཛད། ཉེར་དྲུག་ཆུ་ཡོས་ལོའི་ཆོ་འཕྲུལ་ཟླ་བར་ཀཿཐོག་ཏུ་ཕེབས། རྒྱལ་སྲས་རིན་པོ་ཆེ་མཇལ། སྟག་ཤམ་པའི་ཐུགས་སྒྲུབ་ཞི་བ་དང་། རྩ་གསུམ་སྙིང་པོ་དོན་སྦྱོར་གྱི་དབང་ལུང་སོགས་ཟབ་ཆོས་གསན། རྗེ་ཉིད་ཀཿཐོག་རྡོ་རྗེ་གདན་གྱི་སེང་ཁྲིར་མངའ་གསོལ་ཞིང་བསྟན་པ་འཛིན་སྐྱོང་སྤེལ་བར་གདམས་པ་ལ་བརྟེན། ཀཐོག་རིག་འཛིན་ཆེན་མོ་ཞེས་གངས་ཅན་གྱི་ལྗོངས་འདིར་རླུང་ལྟར་གྲགས་པའང་དོན་དེ་ལས་བྱུང་བར་གསལ། གང་ལྟར་ཡང་དམ་པ་རྣམ་གཉིས་ཐུགས་ཡིད་གཅིག་འདྲེས་སུ་མཛད་ནས་རྒྱལ་ཁམས་ཕྱོགས་མེད་ལ་ཕེབས་རྒྱུའི་སྙན་ཞུ་དང་བཅས་ཐུགས་འཕྲེང་བཞིན་དུ་ཕྱིར་ཕེབས། ས་ག་ཟླ་བའི་ཚེས་ལྔ་ལ་རྒྱལ་སྲས་རིན་པོ་ཆེ་ཡང་གློ་བུར་དུ་ཞིང་གཤེགས།


JKT019_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་ཟླ་ར་བའི་ནང་གཏེར་ཆེན་པདྨ་བདེ་གླིང་གིས་སྐུ་གདུང་རྒྱལ་སྲས་པདྨ་དབང་རྒྱལ་དང་ལྷན་རྒྱས་ཀྱིས་ཞུགས་འབུལ་གནང་བས་རྟགས་མཚན་བསམ་གྱིས་མི་ཁྱབ་པ་གསལ། རྒྱལ་སྲས་བསྟན་འཕེལ་དགུང་ལོ་བདུན་བཞེས་པ་བླ་མའི་དམ་ཚིག་ལ་དགོངས་ནས་རྗེ་ཉིད་ཀྱིས་ཕྱོགས་དེར་གདན་དྲངས་ཤིང་མགོ་འདྲེན་བརྩེ་གཟིགས་རྒྱ་ཆེར་གནང་བར་གྲགས། ལོ་དེའི་སྟོན་ཀར་དབུས་སུ་འབྱོན་བཞེད་པས་བླ་མ་སྐལ་བཟང་གི་དྲུང་དུ་ཕྱི་ཕྱག་མཛད་པར་ཕེབས། དམ་བཅའི་ཡི་གེའང་བཀོད། བོད་ཡུལ་དུ་ཆིབས་ཁ་བསྒྱུར་བའི་ཐོག་མར་གོ་འཇོ་མཁོ་ཁྱིམ་དགོན་དུ་བྱོན། རྗེ་ཨོ་རྒྱན་རྣམ་གྲོལ་ལས་མཁའ་འགྲོ་སྙིང་ཏིག་གི་དབང་ལུང་ཁྲིད་སོགས་ཟབ་ཆོས་དུ་མ་གསན། རིམ་བཞིན་ཟུར་མང་བདུད་རྩི་དིལ་དུ་བྱོན། རིག་འཛིན་གསུང་རབ་རྒྱ་མཚོ་ལས་ཟུར་མང་སྙན་བརྒྱུད་ཀྱི་དབང་ལུང་ཁྲིད་གསུམ་སོགས་སྨིན་པར་གསན། ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། རྗེ་འདི་དང་པདྨ་བདེ་ཆེན་གླིང་པ་གཉིས་རྩ་བའི་བླ་མར་བཟུང་། ཕྱིས་ནས་ཞབས་དྲུང་ཏྲེ་ཧོ་དང་། ཇོ་ནང་ཀུན་བཟང་དབང་པོ་གཉིས་ཀྱང་བཀའ་དྲིན་ཆེ་བའི་བླ་མའི་མཆོག་ཏུ་བཀུར། གཏེར་དབོན་ཨོ་རྒྱན་ལྷུན་གྲུབ་ལས་ཀློང་གསལ་མ་གཏོགས་པ་རཏྣའི་སྐོར་ཚང་མའི་དབང་ལུང་སོགས་གསན། ཕར་རྫོགས་


JKT019_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མཁའ་འགྲོ་སྙིང་ཏིག་གི་དབང་ལུང་ཁྲིད་གསུམ་སྨིན་རྒྱས་སུ་སྩལ་བས་འགྲོ་དོན་ཕྲིན་ལས་ཀྱི་རྟེན་འབྲེལ་འགྲིགས། ཉེར་བདུན་པར་ཀེ་རོང་རྡོ་རྗེ་ཅོང་ཕུག་ཏུ་བྱོན། དེར་རོལ་རྡོར་ཡང་གཏེར་དྲག་པོ་བདེ་གཤེགས་འདུས་པའི་སྨིན་བྱེད་སོགས་ཕྱག་ཏུ་བབས། ཀརྨ་ལྷ་སྟེང་བརྒྱུད། རི་བོ་ཆེར་ཞབས་དྲུང་འཕགས་པ་ལས་སངས་རྒྱས་དབོན་གྱི་ཐུགས་སྒྲུབ་གསན། ཕར་ཡང་ཆོས་འབྲེལ་འགའ་ཙམ་ཕུལ། སྤར་གླང་མ་ལུང་ཞེས་སྟག་ཤམ་པའི་གཏེར་གནས་མཇལ་ཞིང་། རིམ་པར་བརྒྱུད་སྤུ་བོ་འདོངས་ཆུ་བྱམས་པའི་ལྷ་ཁང་མཇལ། སྤུ་སྟོད་བདུད་འདུལ་གདུང་སྐུ་མཆེད་ལས་བདུད་འདུལ་གཏེར་ཁ་ཡོངས་རྫོགས་ཀྱི་སྨིན་གྲོལ་གསན། དེ་སྐབས་སྤུ་བོ་ནང་འཁྲུགས་དང་ཆུ་བོ་རྒྱས་པས་ཀློ་ལམ་འགག་སྟབས། རྗེ་ཉིད་གཅིག་པུར་གནས་ཆེན་རྨ་ཀུང་ལུང་གི་བར་སྒོ་དམ་ཅན་ཕོ་བྲང་གི་ཉེ་འདབས་དམ་རྫོགས་ཞེས་བྱའི་བྲག་སྐྱིབས་སུ་བཞུགས་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་རྟགས་ཐོན་གནང་། དེ་ནས་སྦས་ཡུལ་བྲ་གད་ལྗོངས་སུ་པདྨ་ཤེལ་ཕུག་ཏུ་བཞུགས། སླར་སྨན་ཆུ་སྤྲུལ་སྐུས་ཞུས་ངོར་སྤུ་བོ་ཡེ་གང་དུ་ཕེབས། དད་འདུས་སྟོང་ཕྲག་ཙམ་ལ་བཀའ་བརྒྱད་ཀྱི་དབང་ཆེན་དང་ཐུགས་སྒྲུབ་ཀྱི་དབང་ཁྲིད་དང་། ཡུལ་སྡེ་སོ་སོར་ཡང་ཡང་ཕྲིན་ལས་བསྐྱངས་ནས་དགེ་


JKT019_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་སྩལ། ཉེར་བརྒྱད་པར་སླར་བྲག་ལྗོངས་ནས་རྒྱངས་ཕུ་གངས་རར་ཕེབས། སྒྲུབ་པ་ལ་བཞུགས། དྲེགས་པ་ཅན་གྱི་ཆོ་འཕྲུལ་བརྟུལ་ཞུགས་ཀྱིས་སྤ་བཀོང་། ལོ་དེའི་དབྱར་ཐོག་རྟག་བརྟན་དེའུ་སོགས་ཀྱི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས། ཆོས་ཀྱི་ཆར་ཕབ། སྟོན་བྲག་ལ་བརྒྱུད་ཕྱང་ཀོང་ཞེས་ཉང་པོ་གཞུང་ནས་འོལ་ཀ་སོགས་ལ་ལམ་མཛད། ཁྲ་འབྲུག་བསམ་ཡས་ལྷ་ས་སོགས་ལ་ཕྱག་མཆོད་གནང་ནས་མཚུར་ཕུར་ཕེབས། ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་། ཞྭ་དམར་ཆོས་ཀྱི་དོན་གྲུབ་ལྷན་རྒྱས་སུ་མཇལ། ཞྭ་དམར་རིན་པོ་ཆེར་དགེ་བསྙེན་གྱི་སྡོམ་པ་བསྐྱར་། ཀརྨ་བསྟན་པ་མཐའ་རྒྱས་ཞེས་མཚན་གསོལ། སྙིང་པོ་མདོ་ལྔའི་ལུང་། ཆོས་དྲུག་གསེར་ཞུན་མ་དང་། ཕྱག་ཆེན་སྙིང་པོ་དོན་གསལ་གྱི་ཁྲིད་སོགས་གསན། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་འགྲིགས་ཞེས་གསུངས། ཉེར་དགུ་པར་མེ་རྟ་ལོའི་ཟླ་བ་དང་པོར་ཡབ་སྲས་ལ་བརྟན་བཞུགས་ཕུལ། དཔལ་སྟག་སྣ་དགོན་དུ་ཕེབས། མ་ལ་སྤང་ཏྲེ་ཧོ་རིན་པོ་ཆེ་བྱང་ཆུབ་ཆོས་ཀྱི་དབང་པོ་མཇལ། ཞབས་བརྟན་དང་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་གསེར་སྲང་བཅུ་སོགས་ཕུལ། ཆོས་གླིང་རྫོང་ཆེན་དབང་ཁྲིད་ངོ་སྤྲོད་བཅས་གསན། ཐུགས་ཡིད་གཅིག་ཏུ་འདྲེས། དཔལ་རིག་པ་འཛིན་


JKT019_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ཞེས་མཚན་གསོལ། ཞབས་བརྟན་དང་ལམ་ཡིག་བསྔགས་བརྗོད་ཤིན་ཏུ་ཆེ་བ་ཅན་གནང་བས་ཕྱོགས་ཐམས་ཅད་དུ་གྲགས་པའི་སྣང་ཆེན་བརྡལ། ཇོ་ནང་བཀའ་འབུམ་དང་སྦྱོར་དྲུག་གི་ཁྲིད་སོགས་གསན་པར་བཞེད་པ་ནག་ཙང་རུ་ལག་གི་བྱང་ཕྱོགས་གཡུ་རྩེ་འབྲས་སྤུངས་པ་ཆོས་རྗེ་ཀུན་བཟང་དབང་པོའི་དྲུང་དུ་བྱོན་ན་ལེགས་ཚུལ་དང་། སྐུ་རྫོང་སོགས་ཟབ་རྒྱས་བསྟར། རེ་ཞིག་ཤངས་ཟབ་བུ་ལུང་དུ་གནས་འབྲེལ་ལ་ཕེབས། རྩ་བ་གསུམ་གྱི་བསྙེན་སྒྲུབ་ཚད་དུ་བསྐྱལ། ཁམས་ནས་སྤྲུལ་སྐུ་བསོད་ནམས་ནོར་བུ་བྱོན་པར་བླ་མ་སྐལ་བཟང་གི་སྐུ་ཚེའི་ཚད་དང་ཡང་སྲིད་ཕྱི་མ་སོགས་དུས་གསུམ་སྒྲིབ་མེད་དུ་ལུང་བསྟན། འདུས་པ་རྣམས་ལ་སྙིང་ཏིག་གི་དབང་ལུང་ཁྲིད་གསུམ་དང་བླ་མ་དགོངས་འདུས་སོགས་ཆོས་ཆར་ཕབ། སླར་སྟག་སྣར་བྱོན་ནས་ཆོས་འབྲེལ་སོགས་གསན། དེ་ནས་བྱ་བཏང་དཀྱུས་མའི་ཚུལ་གྱིས་རིམ་པར་ཐེག་ཆེན་ཕུན་ཚོགས་གླིང་དང་། ཇོ་མོ་ནང་སོགས་མཇལ། གཡུ་རྩེ་འབྲས་སྤུངས་སུ་ཕེབས་ནས་ཞག་གསུམ་བཞུགས་ཀྱང་དེ་རེས་ཆོས་རྗེ་ཀུན་བཟང་དབང་པོ་མཇལ་མ་ཐུབ་པས་ལམ་བསྲངས་ནས་ལ་སྟོད་དིང་རི་དང་སྙེ་ནམ་སོགས་བརྒྱུད་བལ་ཡུལ་དུ་ཕེབས། གནས་གཟིགས་དང་ཐུགས་སྨོན་རྒྱ་ཆེར་སྩལ། སླར་དགུང་ལོ་སུམ་ཅུ་བར་


JKT019_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཡུལ་སྐྱིད་གྲོང་དུ་བྱོན། འཕགས་པ་ཝ་ཏི་མཇལ། རི་བོ་དཔལ་འབར་དུ་བསྙེན་སྒྲུབ་མཛད་པས་ཞིང་སྐྱོང་མ་མོས་ཚོགས་འཁོར་ཕུལ། སྐྱིང་གྲོང་འཇམ་དཔལ་གླིང་བླ་མར་གསར་རྙིང་གི་ཆོས་རྒྱུན་དཀོན་པ་ཅི་རིགས་གསན། ཕྱོགས་དེར་དབང་ལུང་ཁྲིད་ཆོས་ཀྱི་ཆར་ཕབ། མི་ལའི་རྫོང་དྲུག་དང་། གུང་ཐང་རྒྱལ་ཁབ་ཀྱི་རྟེན་མཇལ་སོགས་མཛད། ར་ལ་ཟ་འོག་ཕུག་ཏུ་རེ་ཞིག་བཞུགས། གསེར་བཟང་ཀུན་སྤངས་ཡོན་ཏན་རྒྱ་མཚོ་སོགས་ལ་གདམས་ཟབ་བཏབ། ནུབ་རིར་སྦས་པའི་རྣལ་འབྱོར་པ་འགའ་ཞིག་ལ་འབྲུག་ལུགས་ཕྱག་ཆེན་གྱི་ཁྲིད་སོགས་ཁྲིད་རྒྱུན་དཀོན་པ་ཅི་ལ་རིགས་གསན། དབང་ལུང་ཁྲིད་གསུམ་མང་དུ་སྩལ། དགུང་གྲངས་སོ་གཅིག་པར་མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་ལུང་གིས་བསྐུལ་ནས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་རབ་གནས་སྩལ། ཡར་མར་གྱི་ཕེབས་ལམ་དུ་མི་དབང་གི་བཙུན་མོ་ལའང་དབང་བཀའ་གནང་། རི་བོ་དཔལ་འབར་བདུད་རྩི་ཕུག་ཏུ་བཞུགས་ནས་བསྟན་འགྲོའི་བདེ་ཐབས་སུ་མཁའ་འགྲོ་གཏོར་ཆེན། ཕུར་པའི་སྒྲུབ་ཟློག །གླིང་བཞི་སྤྱི་མདོས་སོགས་རྒྱས་པར་མཛད། བོ་དོང་པཎ་ཆེན་གྱི་བཞུགས་གནས་དཔལ་མོ་ཆོས་སྡིངས་སུ་ཕེབས། སྤང་རོང་རྗེ་དབོན་སོགས་ལ་སྨིན་གྲོལ་གྱི་གདམས་པ་སྩལ། ལ་


JKT019_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཆུ་བར་དུ་ཕེབས་པས་ཉམས་རྟོགས་ཀྱི་རྩལ་རྫོགས། དིང་རི་གླང་འཁོར་དུ་ལོ་པཎ་བླ་མར་ཆོས་དབང་རྫོགས་ཆེན་གྱི་ཁྲིད་ལུང་དང་། བྱང་གཏེར་བདེ་ཆེན་རྒྱ་མཚོའི་སྐོར་སོགས་གསན། ཕར་ཡང་| སྙིང་ཏིག་གི་ཁྲིད་ཀ་སྩལ། རྒྱལ་གྱི་ཤྲཱིའི་ཕྱོགས་བཞིར་གཏོར་ཚོགས་རྒྱས་པར་གནང་། གྲངས་སོ་རྫོང་ཕུ་སྤྲུལ་སྐུ་ཕྲིན་ལས་རབ་བརྟན་ལས། བོ་དོང་ལུགས་ཀྱི་འཇིགས་བྱེད་དགྱེས་རྡོར་གསང་འདུས་ལུགས་གཉིས། བདེ་མཆོག་མེ་ཏྲི་པ་དང་དམ་པའི་ལུགས། གསོ་རིག་གི་ཁྲིད་ཀ །ཁོང་པས་གྲུབ་ཆེན་རང་རིག་རས་པ་འཇམ་དཔལ་བཤེས་གཉེན་ལས་གསན་པའི་བར་འབྲུག་གི་ཆོས་སྐོར་ཆ་ཚང་སོགས་ཀྱང་གསན། ཕར་ཡང་བྱང་གཏེར་ཕུར་པའི་དབང་བཀའ་རྒྱས་པར་ཕུལ། སླར་ང་ལ་བརྒྱུད་ནས་གཡུ་རྩེ་འབྲས་སྤུངས་སུ་གྲུབ་ཆེན་ཀུན་བཟང་དབང་པོའི་སྤྱན་སྔར་ཟླ་བ་གསུམ་ལྷག་ཙམ་བཞུགས། གཞན་སྟོང་དབུ་མའི་ལྟ་ཁྲིད་དང་དཔལ་དུས་ཀྱི་འཁོར་ལོའི་སྨིན་གྲོལ་གྱིས་གཙོས་ཇོ་ནང་ཡབ་སྲས་ལས་བརྒྱུད་པའི་ཟབ་ཆོས་ཤིན་ཏུ་མང་བ་གསན། ཉམས་རྟོགས་རྒྱ་ཆེར་འཕེལ། གཞན་སྟོང་དབུ་མ་ཆེན་པོའི་བག་ཆགས་ཆེས་ཆེར་སད། དགུང་ལོ་སོ་གཉིས་པར་རུ་ལག་གྲམ་པ་རྒྱང་དུ་དུས་འཁོར་ལྗགས་བསྙེན་སྩལ་བ་གྲོལ་ནས་ཕྱོགས་དེར་ཆོས་ཆར་ཕབ། བསམ་གླིང་དུ་རིག་


JKT019_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པད་ཕྲིན་གྱི་ཐུགས་སྲས་ཁམ་ལུང་པ་རིག་འཛིན་དབང་རྒྱལ་གྱི་ཞབས་པད་བསྙེན། བི་མ་སྙིང་ཐིག་གི་དབང་ལུང་ཡོངས་རྫོགས། ཀརྨ་སྙིང་ཏིག །བྱང་གཏེར་སྐོར་ཅི་རིགས། མདོ་དབང་ཆེན་མོའི་གཏད་རྒྱ་སོགས་གསན། རྫོགས་ཆེན་གྱི་བསྟན་འཛིན་མཆོག་ཏུ་བསྔགས་པ་སྩལ། ཕར་གཞན་ལའང་དབང་ཁྲིད་མང་དུ་གནང་། མངའ་རིས་རྫོང་དཀར་བརྒྱུད་ནུབ་རི་སྒང་ཆེན་དུ་སྨན་སྒོམ་ཆོས་བཟང་ལ་འདོད་ཆོས་ཤིན་ཏུ་སྨར་བ་དང་། རྟ་ལར་གྲུབ་མཆོག་ཤཱཀྱ་སེང་གེ་ལས་རས་ཆུང་སྙན་བརྒྱུད་གསར་མའི་དབང་ལུང་ཁྲིད་བཅས་གསན། ཕྱོགས་ཐམས་ཅད་དུ་ཆོས་འབྲེལ་རྒྱ་ཆེར་སྩལ་ནས་གློ་བོ་ཕྱོགས་སུ་བྱོན། མུམྨ་ནེའི་གནས་ཆུ་མིག་བརྒྱ་རྩ་དང་། རྡོ་ཆུ་མེ་འབར་སོགས་སུ་གནས་འབྲེལ་མཛད། གློ་བོ་མངའ་བདག་པས་ཞབས་ནས་བཏེགས། དོལ་པོ་ཕྱོགས་སུ་ཕེབས། འདི་སྐོར་ཕྲིན་ལས་རྒྱས། ཛུམ་ལང་རྒྱལ་པོ་རྗེ་འབངས་ནས་ཀྱང་བསྙེན་བཀུར་བསྟབས། རྟ་གྲུར་གྲུབ་མཆོག་ཨོ་རྒྱན་བསྟན་འཛིན་དང་མཇལ། བྱང་གཏེར་ཉོན་མོངས་རང་གྲོལ་གྱི་དབང་ཁྲིད་ལུང་གསུམ། བདུད་འདུལ་བའི་རྫོགས་ཆེན་ཀུན་བཟང་འཇའ་སྐུའི་ཉམས་ཁྲིད། གར་དབང་ཟླ་བ་རྒྱལ་མཚན་གྱི་ཟབ་ཏིག་དང་། ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཏིག་སོགས་ཤིན་ཏུ་སྨིན་པར་


JKT019_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གསན། ཕར་ཡང་པདྨ་བདེ་གླིང་གི་སྙིང་ཏིག་གི་དབང་ལུང་ཁྲིད་གསུམ་སྨིན་པར་མཛད་ནས་ཆོས་ཀྱི་བདག་པོར་དབུགས་དབྱུང་། རྟ་རབ་སྒང་དྲག་པོའི་གནས་ཆེན་འབུམ་པར་ལྗགས་བསྙེན་ཁ་གསོ་དང་། ཆོས་འཁོར་བསྐོར། དགུང་ལོ་སོ་གསུམ་པར་སླར་སྟག་སྣ་དགོན་དུ་ཕེབས། ཆོས་རྗེ་ཏྲེ་ཧོ་ཞི་བར་གཟིམས་པའི་གདུང་རྟེན་ལ་རབ་གནས་མཛད། སི་ཏུ་རིན་པོ་ཆེ་དབུས་སུ་ལན་ལྔར་ཕེབས་པའི་གསུམ་པའི་སྐབས་སྤྲེལ་ཟླའི་ཚེས་བཅུར་གནས་དེར་མཇལ་འཕྲད་མཛད། ཐོག་མའི་རྟེན་འབྱུང་དུ་ཇོ་ལུགས་སྒྲོལ་དཀར་གྱི་རྗེས་གནང་དང་ལུང་སོགས་ཕུལ། སྐུ་ཞབས་ལས་སྤྱན་རས་གཟིགས་དང་མགོན་པོའི་རྗེས་གནང་གསན། ཚེ་དབང་བརྒྱ་རྩ་སོགས་ཕུལ་ཞིང་ཟབ་བུ་ལུང་དུའང་མཇལ་འཕྲད་དང་། ཚོགས་འཁོར་ཞུ་རེས། མདོ་སྔགས་ཀྱི་ཆོས་ཚུལ་མང་པོའི་གསུང་འཕྲོས་མཛད་པས་འདི་ནས་བཟུང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། འདི་ཡན་ཆོད་རྗེ་ཉིད་ཀྱི་རྣམ་ཐར་ལམ་ཡིག་སོགས་ཚིགས་བཅད་ཐོར་བུར་བཞུགས་པའི་དགོངས་དོན་འཁྲུལ་མེད་མདོར་བསྡུས་སུ་བཀོད་པ་ཡིན་[ལ། འདི་ཕྱིན་ཟིན་ཐོ་སོགས་མི་བཞུགས་པས་ཞིབ་པར་འབྲི་བ་རྡོ་མ་ཐོགས་ཀྱང་། སི་ཏུ་རིན་པོ་ཆེའི་རྣམ་ཐར་ཆེན་མོ་སོགས་དང་བསྟུན་ནས་ལམ་ཙམ་བཤད་ན། དགུང་གྲངས་སོ་གསུམ་པར་དེ་


JKT019_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སོ་བརྒྱད་པར་ལ་སྟོད་མན་ཀོང་པོ་ཡན་དབུས་གཙང་ལྷོ་བྱང་ཀུན་ཏུ་ཞབས་བསྐྱོད་ནས་ཐུགས་དམ་ཉམས་གཞེས། དབང་ལུང་ཁྲིད་སོགས་གསན་བསམ། གདུལ་བྱ་རྒྱ་མཚོར་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བ་སོགས་ཕྲིན་ལས་རྒྱ་ཆེར་བསྐྱངས། དགུང་གྲངས་སོ་དགུ་པ་མེ་འབྲུག་ལོར་མཚུར་ཕུར་ཕེབས། སི་ཏུ་རིན་པོ་ཆེ། དཔའ་བོ་གཙུག་ལག་དགའ་བ། ཏྲེ་ཧོའི་ཡང་སྲིད་སོགས་ལ་སྒྲུབ་ཐབས་རིན་འབྱུང་ནས་བཞེད་སྦྱར་གྱི་རྗེས་གནང་སོགས་མང་དུ་སྩལ། ལྷ་ས་བར་ཁང་དུ་ཕུར་བུ་ལྕོག་པ་ངག་དབང་བྱམས་པ་དང་ཆོས་ཀྱི་འབེལ་གཏམ་མཛད། འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟར་སྒྲུབ་ཐབས་རིན་འབྱུང་སོགས་གནང་། ཀོང་པོ་བུ་ཆུ་ནས་སྒྲོལ་མ་དམར་མོའི་སྒྲུབ་ཐབས་ལུང་བྱང་དང་བཅས་པ་གཏེར་ནས་བཞེས་ཏེ་རྒྱལ་དབང་སྐལ་བཟང་རྒྱ་མཚོར་ཕུལ་བ་བར་ཆད་ཞི་བའི་རྟེན་འབྱུང་འགྲིགས། རྒྱལ་དབང་རིན་པོ་ཆེས་ཀྱང་གཟིགས་པ་ཆེ་བར་གནང་། དཔོན་པོ་ཕོ་ལྷ་བ་ཡབ་སྲས་ཀྱིས་ཏི་ཤྲིར་བཀུར། བཞི་བཅུ་པ་མེ་སྦྲུལ་ལོར་རྒྱལ་དབང་ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེ་སེང་གེའི་ཁྲིར་མངའ་གསོལ་བ་ལ་བར་ཆད་ཞི་བའི་ཕྱིར་ཀོང་ཡུལ་དུ་བྱོན་ནས་བཞུགས་པས་རྟ་ལོར་ཀརྨ་པ་སེང་ཁྲིར་གེགས་མེད་དུ་འཁོད་གྲུབ་པ་བྱུང་བས་ཀརྨ་བཀའ་


JKT019_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བསྟན་པ་ལ་སྨན་ཡོན་ཆེན་པོར་གྱུར། འདི་ནས་བཟུང་དགུང་གྲངས་ཞེ་བརྒྱད་བཞེས་པ་ཤིང་མོ་གླང་གི་ལོའི་བར་གཙོ་ཆེར་ཀོང་ཡུལ་སྟོད་སྨད་དུ་བཞུགས། ཞྭ་དམར་གྱི་མཆོག་སྤྲུལ་རྣམ་གཉིས་ཀྱི་ཞབས་བརྟན་རྒྱ་ཆེར་གནང་། བྱར་ཡུལ་དང་། གཉན་ལོ་རོ་མན། སྤུ་བོ་ཡན་ཆད་དུ་ཡང་ཡང་ཕེབས་ནས་སྨིན་གྲོལ་གསན་བཞེས། བསྒོམ་སྒྲུབ། འཆད་སྤེལ་སོགས་གོང་འཕེལ་དུ་མཛད། ཉང་ཆོས། རྡོར་གླིང་། སངས་གླིང་། པད་གླིང་སོགས་གཏེར་རྙིང་རྒྱུན་དཀོན་རིགས་དང་། ལྷག་པར་ཀོང་པོ་བཙན་རི་གྲུབ་ཆེན་ཀུན་བཟང་རང་གྲོལ་ལས་བླ་མ་དགོངས་འདུས་ཀྱི་དབང་ལུང་ཁྲིད་གསུམ་ཤིན་ཏུ་ཞིབ་པར་གསན། གར་དབང་ལས་འཕྲོ་གླིང་པའི་གདུང་བརྒྱུད་ལྔ་པ་ལས་རྗེ་དེ་ཉིད་ཀྱི་ཆོས་སྐོར་ཡོངས་རྫོགས་གསན་པ་རྒྱ་ཆེར་མཛད་པའང་འདི་སྐབས་སྔ་ཕྱི་རྣམས་སུ་ངེས། སྤྱིར་རིག་འཛིན་གཏེར་བདག་གླིང་པ་ཡབ་སྲས་ཀྱི་རྗེས་ནས་རྙིང་མ་གཏེར་མའི་ཕྱོགས་ལ་རྗེ་འདི་ཁོ་ན་གསན་རྒྱ་ཆེ། དེར་མ་ཟད་ཞྭ་ལུ། གངས་དཀར་བོ་དོང་ཕྱོགས། ལྷག་པར་ཇོ་ནང་པ་སོགས་ལས་གསང་སྔགས་གསར་མའི་དབང་ཁྲིད་ལུང་གསུམ་ཁོ་ནའང་མཐའ་ཡས་པར་གསན་ཅིང་ཉམས་བཞེས་གནང་། ཀྱེ་རེ་ལོ་ཆེན་ངག་དབང་བཀྲ་ཤིས་རྣམ་རྒྱལ་ལས་སྒྲ་ཀ་ཙན་དབྱངས་གསུམ་ཀའི་


JKT019_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཁྲིད་གསན་པ་སོགས། བཟོ་གསོ་སྒྲ་ཚད་སྙན་ངག་སྡེབ་སྦྱོར་རྩིས་སྐར་ནག་དབྱངས་འཆར་སོགས་ཐ་སྙད། རིག་ལམ་རྒྱ་མཚོར་དཔྱད་བརྡར་དང་། ཐ་ན་ལོ་རྒྱུས་དེབ་ཐེར་ཡན་ཆོད་ཁུངས་བཙུན་ངེས་འདྲོངས་ཤིན་ཏུ་ཞིབ་པར་གནང་། དགུང་གྲངས་ཞེ་བརྒྱད་པ་ཤིང་གླང་ཟླ་བ་དྲུག་པའི་གནམ་སྟོང་ལ་ཀོང་པོ་བོང་རིང་རིག་འཛིན་འཇའ་ཚོན་སྙིང་པོའི་གཟིམས་སྤྱིལ་དུ་འཇམ་མགོན་སི་ཏུ་རིན་པོ་ཆེ་དབུས་ཕེབས་བཞི་པའི་སྐབས་ཐོག་མའི་མཇལ་འཕྲད་མཛད་པས་རྟེན་འབྱུང་གི་སྒོ་འཕར་བྱེ། སྦས་གནས་ལྗོན་པ་ལུང་གི་ཕུར་སྐུ་ཞབས་རྣམ་གཉིས་ཞལ་འཛོམ། ཇོ་ནང་ལུགས་ཀྱི་དུས་འཁོར། དགྱེས་རྡོར། འཇིགས་བྱེད། བདེ་མཆོག་སྟོད་འགྲེལ། སྒྲོལ་མ་རྣལ་འབྱོར་མ། རྡོ་རྗེ་གླིང་པའི་གུར་དྲག་སོགས་དབང་ཆེན། གཙུག་ཏོར་རྣམ་རྒྱལ་སོགས་རྗེས་གནང་། དུས་འཁོར་སྦྱོར་དྲུག་དང་། ཕྱག་ཆེན་གྭའུ་མ་སོགས་ཁྲིད་ཀ་མང་དུ་སྩལ། ཨོ་རྒྱན་གླིང་པའི་གཏེར་བྱོན་སྐུ་ཚབ་ཉེར་ལྔའི་གཉིས་པ། སྒྲོལ་མ་རྣལ་འབྱོར་མའི་སྐུ་དང་རྒྱུད་ཀྱི་དཔེ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་ཕྱག་བྲིས། གྲུབ་ཆེན་ཁྱུང་པོའི་ཐུགས་ཀྱི་རིང་བསྲེལ་དྲུག་ཅུ་རྩ་ལྔ་ལྷག་པ་སོགས། རྟེན་བྱིན་ཅན་མང་པོ་དང་། སྔ་ཕྱིར་རྒྱ་དཔེའི་རིགས་ཀྱང་མང་དུ་གནང་ནས་སྒྱུར་བར་བསྐུལ། སི་ཏུ་རིན་པོ་


JKT019_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལས་བེར་ཅན་ཞལ་སྦྱོར་གྱི་དབང་སོགས་གསན། རྗེ་སི་ཏུས་ཀྱང་བཀའ་འགྱུར་རིན་པོ་ཆེ་སོགས་འབུལ་དཔངས་བསྟོད། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་མཁྱེན་རྟོགས མཉམ་པའི་བསྔགས་བརྗོད་ཤིན་ཏུ་ཆེ་ཞིང་རྩ་བའི་བླ་མ་གཅིག་པུར་མཛད། སི་ཏུ་དབུས་སུ་ཕེབས་རྗེས་དགུང་གྲངས་ཞེ་དགུ་པ་མེ་སྟག་དབོ་ཟླ་བའི་ནང་རྗེ་ཉིད་ཀྱང་ལྷ་སར་བྱོན། གཞུང་ས་རྩེ་ཤོད་དུ་ཞྭ་དམར་མཆོག་སྤྲུལ་སྐོར་གྱི་ཞུ་དོན་མཛད། མཚུར་ཕུར་ཕེབས་ནས་སི་ཏུ་རིན་པོ་ཆེ་སོགས་དང་ཞལ་རྒྱས། ཀརྨ་པར་ཚེ་དཔག་མེད་དཀར་པོའི་རྗེས་གནང་དང་ཞབས་བརྟན་སོགས་ཕུལ། སི་ཏུར་ཏཱ་རའི་ཡིག་ཆ་ལས་ལམ་རིམ་གྱི་ཁྲིད་སོགས་དབང་ལུང་མང་དུ་གནང་། ལྷ་སར་ལྷན་རྒྱས་སུ་ཕེབས། ཇོ་བོར་སྟོང་མཆོད་ཕུལ། རྗེ་ཉིད་ཀྱི་དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་སྐོར་སི་ཏུ་རིན་པོ་ཆེར་ཐོག་མའི་མཇལ་ཁར་གནང་། ཞྭ་དམར་བཅུ་པའི་སྐུ་དོན་བརྟག་དྲིལ་འཕངས་ནས་གསེར་ཁྲིར་མངའ་གསོལ། དགུང་གྲངས་ལྔ་བཅུ་པ་རབ་བྱུང་བཅུ་གསུམ་པའི་ཐོག་མ་མེ་ཡོས་ཤར་བའི་ལོ་གསར་།མཛད་། སི་ཏུ་རིན་པོ་ཆེར་ཞབས་བརྟན་ཕུལ། མགོན་པོ་པར་བུའི་བཀའ་བབས་གཏད། དཔོན་པོ་ཝང་ལ་བདེ་གླིང་མཁའ་འགྲོ་སྙིང་ཏིག་གི་ཁྲིད་སོགས་སྩལ། ཤར་རི་མངའ་བདག་པར་དུས་


JKT019_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་དབང་དང་། སྟག་ལུང་ཤག་ཏུ་སི་ཏུ་དཔའ་བོ་བཅས་པར་བདག་པོ་ཆེན་པོའི་དབང་བསྐུར་ཕུལ། སི་ཏུ་རིན་པོ་ཆེ་ལེགས་སྦྱར་གྱི་གཞུང་ལ་འཕགས་ཡུལ་པཎ་ཆེན་རྣམས་དང་དབྱེར་མེད་པའི་མཁྱེན་རྟོགས་རྒྱས་ནའང་། ཁྲིད་རྒྱུན་ཙམ་ལ་དགོངས་ནས་རྗེ་འདི་ཉིད་ལས་ཀ་ཙཱ་ན་དབྱངས་གསུམ་གྱི་རི་མོའི་རྒྱུན་དཔྱིས་ཕྱིན་པར་གསན། རྗེ་ཉིད་ནས་ཀྱང་ཙཱནྡྲ་པའི་འགྲེལ་ཆེན་རྩོམ་པར་བསྐུལ་བས་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་ལྟ་བའི་མིག་གཅིག་ཏུ་གྱུར། མཚུར་ཕུར་ཕེབས་ནས་ཞྭ་དམར་ནག་ལྷན་རྒྱས་ལ་ཚེ་དབང་སོགས་ཕུལ། དགུང་གྲངས་ང་གཅིག་པ་ས་འབྲུག་ལོར་སྟོད་ཕྱོགས་སུ་ལྷ། ཆིབས་བསྒྱུར། གཙང་ཚོང་དུས་འགུར་མོར་སི་ཏུ་རིན་པོ་ཆེ་དང་ཞལ་འཛོམ་པ་ནས་བཟུང་ཕལ་ཆེར་ལྷན་ཅིག་ལྟ་བུས་བལ་ཡུལ་དུ་ཕེབས། མཆོད་རྟེན་ཆེན་པོའི་མདུན་དུ་བི་མ་སྙིང་ཐིག་གི་ཁྲིད་སྩལ། གཞན་སྟོང་གི་ལྟ་ཁྲིད་དང་གྲུབ་མཐའ་འཛིན་དགོས་པར་གདམས། ཡེ་ཤེས་རྒྱ་མཚོའི་རེག་ཟིག་གི་སྟེང་ནས་ཞི་སྦས་ལུགས་ཀྱི་སྦྱོར་དྲུག་གི་ཁྲིད་གནང་། མཆོད་རྟེན་ཆེན་མོར་ཞིག་གསོ་རབ་གནས་མཛད། སྙིང་ཏིག་སྤྲོས་བཅས་ཀྱི་དབང་རྡུལ་ཚོན་ལ་བརྟེན་ནས་མཛད། བལ་པོའི་རྒྱལ་པོར་རྣམ་འཇོམས་ཀྱི་དབང་ཁྲུས་སྩལ། གཞན་ཡང་སི་ཏུར་མཁའ་འགྲོ་སྙིང་ཏིག་གི་བཀའ་གཏད་དང་ཚེ་


JKT019_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བརྒྱ་ལྷག་སོགས་སྩལ་ནས་སྨོན་ལམ་རྒྱ་ཆེར་གནང་སྟེ་སི་ཏུ་རིན་པོ་ཆེ་བོད་ཕྱོགས་སུ་སྔོན་དུ་ཆིབས་ཀ་བསྒྱུར། རྗེ་ཉིད་ཀྱང་རིམ་བཞིན་བོད་དུ་ཕེབས། སི་ཏུ་རིན་པོ་ཆེར་རྒྱང་རིང་པོ་ནས་བྱིན་འབེབས་གནང་བས་ཡེ་ཤེས་བ་བཅུག་པའི་གསལ་སྣང་མངོན་དུ་བརྙེས། མང་ཡུལ་སྐྱིད་གྲོང་དུ་བྱོན། དགུང་གྲངས་ང་གཉིས་པར། སྦས་པའི་རྣལ་འབྱོར་པ་ཞིག་ལས་སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་ལུང་མན་ངག་དང་བཅས་པ་གསན། ས་སྐྱོང་སྡེ་དགེར་ངེས་དོན་མདོ་སྡེའི་སྤར་གཞི་དང་། རིན་ཆེན་གཉིས་པ་སྲང་འཁོར་སུམ་བརྒྱ་སོགས་གནང་ནས་པུསྟི་དྲུག་གི་ཆོས་སྦྱིན་རྒྱ་ཆེར་སྤེལ། དེ་ནས་བཟུང་དགུང་གྲངས་ང་བཞི་པ་ལྕགས་ལུག་ལོའི་བར་ཕལ་ཆེར་ཕྱོགས་དེར་བཞུགས། དེ་ནས་ཤངས་ཟབ་བུར་ཕེབས། ཕུག་གཙུག་ཏུ་སྐུ་བརྙན་ཉམས་པར་ཞིག་གསོ་གནང་། རྟག་བརྟན་དུ་ཕེབས། རྣལ་འབྱོར་མ་རིགས་བརྒྱའི་མཆོད་ཆོག་བཙུགས་པ་སོགས་ད་ལྟའི་བར་གནས། སྤྱིར་ཡང་སྔ་ཕྱིར་ཇོ་ནང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་མཛད། རྗེ་ངག་དབང་རྣམ་རྒྱལ་སོགས་བུ་སློབ་མང་དུ་བྱུང་བའི་རྒྱུན་ད་ལྟའི་བར་ཅི་རིགས་སུ་སྣང་བས་ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པའི་མེ་རོ་གསོས། བལ་ཡུལ་དུ་ཡམ་བུ་རྒྱལ་པོར་མཆོད་རྟེན་གྱི་ཉམས་གསོའི་ཞལ་འདེབས་དང་། གོཪྵ་


JKT019_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོར་སྲོག་ཤིང་འདྲེན་དགོས་པའི་བཀའ་ཐམ་གནང་བ་དེ་བཞིན་ཞུ་བའི་ཞུ་ཡིག་འབྱོར་བས་རིམ་པར་བལ་པོར་ཆིབས་བསྐྱོད། ལམ་བར་རྣམས་སུ་མཆོད་རྟེན་བཞེངས་པའི་ཆ་རྐྱེན་ཀྱང་བསྒྲུབ། གོན་རྒྱལ་པོའི་བསུ་བ་འབྱོར་ཞིང་མཇལ་འཕྲད་གནང་། ཡམ་བུ་རྒྱལ་པོ་དང་འཕགས་པ་ཤིང་ཀུན་གྱི་རྩེར་མཇལ་ཞིང་མཆོད་རྟེན་བཟོ་བའི་བཀའ་བཀོད་སྩལ། དགུང་གྲངས་ང་ལྔ་བཞེས་སྐབས་ལ་དྭགས་སྟོད་སྨད་ཀྱི་རྒྱལ་བློན་ནང་འཁྲུགས་ནས་སྟོད་ཧོར་གྱི་དམག་དྲངས་པས་འཁྲུགས་ལོང་མི་བཟད་པའི་གཞི་བཏིང་བ་ལ་རྒྱལ་དབང་སྐལ་བཟང་རྒྱ་མཚོས་རྗེ་ཉིད་བར་འདུམས་སུ་ཕེབས་དགོས་པའི་བཀའ་རྒྱ་ལན་གྲངས་སྩལ་བར་བརྟེན་ལ་དྭགས་སུ་ཕེབས་ནས་ལོ་ངོ་གཉིས་ཙམ་བཞུགས། ཟློས་གཞིའི་རྩ་བ་ཤོ་གམ་དོན་གཙང་ཆོད་གནང་བའི་ཁྲ་མ་མཐའ་བསྡོམས་བཅས་གྲུབ་པས་ཕྱོགས་དེའི་བསྟན་འགྲོར་སྨན་ཡོན་བླ་ན་མེད་པར་གྱུར། དགུང་གྲངས་ང་དྲུག་པར་སླར་ཡང་བལ་ཡུལ་དུ་ཕེབས། མཆོད་རྟེན་གྱི་ལས་གྲྭ་ཚུགས། གོཪྵ་རྒྱལ་པོས་ཅུང་ཟད་མ་གུས་པར་རྫུ་འཕྲུལ་གྱིས་བཏུལ། མཆོད་རྟེན་བརྩིགས་པའི་རྡོ་གཏེར་ཆེན་པོ་བཏོན། ལྷ་འདྲེ་རྣམས་ཀྱིས་ལས་བྱེད་པ་དང་། གསེར་མི་ཁུར་བཅོ་ལྔ་ཕུལ། ལོ་གཉིས་སུ་བཞུགས། མཆོད་རྟེན་ཆོས་འཁོར་མན་གྲུབ།


JKT019_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་གྲངས་ལྔ་བཅུ་རྩ་བརྒྱད་བཞེས་པ་ཤིང་ཕག་ལོར་མང་ཡུལ་སྐྱིད་གྲོང་དུ་ཕེབས། འབྲུག་པ་རིན་པོ་ཆེ་དང་ཞལ་འཛོམ་གནང་། དབང་བཀའ་དང་ཁྲིད་སོགས་རྒྱ་ཆེར་སྩལ། རྡོ་བ་ལ་ཞབས་ཟུང་གི་རྗེས་བཀོད། དངོས་གྲུབ་ཕུག་ཏུ་བཞུགས་སྐབས་འབྲུག་པའི་གཟིམ་གུར་སྟེང་རྡོ་ཆེན་པོ་ཁང་ཆུང་ཙམ་ཞིག་འདྲིལ་བྱུང་བ་ལ་སྡིགས་མཛུབ་གཏད་པའི་མོད་ཐད་ཀར་འདྲིལ་བ་སོགས་གྲུབ་པ་ཆེན་པོའི་ཆོ་འཕྲུལ་ཅིའང་བསྟན། ལོ་དེའི་སྟོན་འབྲིང་ཁྲུམས་ཟླའི་མགོ་ནས་བསྙུན་བབ་ལྕི་ཙམ་བྱུང་བའི་སྐབས། སླད་ནས་གང་ཅིའི་ཐད་ཐམས་ཅད་ཀྱི་བསླབ་སྟོན་ཞལ་ཆེམས་ཡི་གེར་གནང་སྟེ། ཁྱེད་རྣམས་ཀྱིས་ཅི་མཐོང་གིན་ཡོད། བདག་གི་སྣང་བ་འདི་ཐམས་ཅད་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཁོ་ནར་འཆར་གྱིན་འདུག་ཅེས་སོགས་དག་པའི་གཟིགས་སྣང་འབྱམས་ཀླས་པའི་ངང་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཉིན་མོར་དཔལ་མངོན་པར་དགའ་བའི་ཞིང་དུ་གདོད་མའི་རྒྱལ་བ་རྡོ་རྗེ་སེམས་དཔའི་ཐུགས་ཀློང་དུ་རོ་གཅིག་པར་ཐིམ་པའི་ཚུལ་བསྟན་པར་གྱུར་ཏོ། །དེ་ནས་རྗེ་ཉིད་ཀྱི་ཞལ་བཀོད་ལྟར་མཆོད་དཔོན་བསྟན་འཛིན་རྡོ་རྗེ་སོགས་ཀྱིས་བལ་ཡུལ་མཆོད་རྟེན་ཞིག་གསོའང་ལེགས་པར་གྲུབ་པ་དང་། རྗེ་རིག་པ་འཛིན་པ་མཆོག་གིས་རྒྱལ་ཚབ་ཆེན་པོར་དབང་བསྐུར་བའི་ཐུགས་སྲས་ཀྱི་གཙོ་བོ་


JKT019_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བོ་སྤྲུལ་པའི་སྐུ་རྡོ་རྗེ་གཙུག་ལག་དགའ་བ་བྱོན་ནས་རབ་གནས་མཛད། རྗེ་རིག་འཛིན་ཆེན་མོའི་སྐུ་གདུང་མང་ཡུལ་རི་བོ་དཔལ་འབར་དུ་ཞུགས་སུ་སྦྱངས་ཤིང་སྤུར་ཐལ་རྣམས་རྡོ་བ་བཟང་པོས་བརྩིགས་པའི་བྱང་ཆུབ་མཆོད་རྟེན་རྒྱར་ཁྲུ་ལྔ། དཔངས་སུ་ཁྲུ་བཅུ་ཡོད་པའི་ནང་དུ་བཞུགས། བུམ་སྒོར་གུ་རུ་རྡོ་རྗེ་དྲག་རྩལ་ཡབ་ཡུམ་གྱི་རྡོ་སྐུ་བྱོན་ལེགས་ཚོན་རྫོགས་ཁྲུ་གང་བ་རྔ་ཡབ་གླིང་དུ་ཞལ་ཕྱོགས་ནས་བཞུགས་པ་དང་། ཁམས་ནས་སི་ཏུ་རིན་པོ་ཆེས་མཆོད་རྟེན་ཞལ་འདེབས་གསེར་སྲང་བཅོ་ལྔ་གནང་བ་སོགས་ཀྱིས་ཆོས་འཁོར་གདུགས་ཤོག་གསེར་ཟངས་སྒྲོས་ལེགས་དང་། ཕྱིའི་བཞུགས་ཁང་རྒྱ་ཕིབས་གཡམ་ཐོག་དང་བཅས་པ་དང་། རླུང་དྲིལ་མཆོད་རྫས་སོགས་ཆ་འགྲིགས། སྒོ་སྲུང་ཇོ་མོ་རྒྱ་གར་མའི་རྟེན། ཁོར་སའི་རྡོ་གཅལ་བཅས་བཀོད་ལེགས་སུ་བཞེངས་པས་མཚོན་དགོངས་པ་རྫོགས་པའི་མཆོད་སྦྱིན་རྒྱ་ཆེར་སྤེལ། རྗེ་འདི་ཉིད་ཀྱིས་སྐུ་ཚེ་རིལ་པོར་གསན་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གཙོ་བོར་གྱུར་པའི་བསྟན་འགྲོ་བདེ་ཐབས་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། གསུང་རྩོམ་གླེགས་བམ་ཆེན་པོ་བཞི་དང་། ས་གཏེར་སྒྲོལ་མ་དམར་མོ། ཡང་གཏེར་རོལ་པའི་རྡོ་རྗེའི་དྲག་སྒྲུབ་ཀྱི་དབང་བཀའ། དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་


JKT019_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་སོགས་ཞལ་སློབ་རྣམས་ཀྱི་ཟིན་བྲིས་དང་བཅས་ཏེ་ད་ལྟའི་བར་དུའང་རྒྱུན་ཅི་རིགས་པར་བཞུགས། སློབ་མའི་གཙོ་བོ་ཞྭ་དམར་ནག་ཟུང་། ཁྱད་པར་ནང་ཐུགས་ཀྱི་སྲས་གཅིག་པུ་སི་ཏུ་འཇམ་པའི་དབྱངས་བསྟན་པའི་ཉིན་བྱེད། རྒྱལ་ཚབ་དཔའ་བོ་གཙུག་ལག་དགའ་བ། འབྲུག་ཐམས་ཅད་མཁྱེན་པ་ཀར་རྒྱུད་ཕྲིན་ལས་ཤིང་རྟ། ཞབས་དྲུང་ཏྲེ་ཧོ་དང་། ལྷོ་བྲག་ལྡི་ཚང་སྤྲུལ་སྐུ། འཇུག་པ་ཏྲིའུ་ལྷས་སྤྲུལ་སྐུ། ནཱ་ལེནྡྲའི་བཅོ་བརྒྱད་མཁན་པོ། གསེར་བཟང་སྤྲུལ་སྐུ་པདྨ་འགྱུར་མེད། གྲུབ་མཆོག་ཨོ་རྒྱན་བསྟན་འཛིན། སྤུ་བོ་སྨན་ཆུ་སྤྲུལ་སྐུ། ཟུར་མང་ཨོ་རྒྱན་ལྷུན་གྲུབ། བདེ་གླིང་གཏེར་སྲས་པདྨ་དབང་རྒྱལ་དང་། ཆོས་སྐྱོང་དཔལ་ལྡན། ལུང་རིག་སྨྲ་བ་ཨོ་རྒྱན་ཕྲིན་ལས་བསྟན་འཛིན། འཛམ་གླིང་བླ་མ་བློ་གྲོས་ཆོས་འཕེལ། འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས། རྟ་ནག་པ་པདྨ་ཀུན་གསལ། ཞབས་དྲུང་སྙིང་རི་བ་སོགས་རྩ་བའི་བརྒྱུད་འཛིན་ཤིན་ཏུ་མང་བ་དང་། གཞན་ཡང་རྡོར་སྨིན། ཀོང་པོ་བོང་རི། སྙི་ཕུ། རྩེ་ལེ་གོང་འོག་སོགས་རྙིང་མ་དང་། ཞྭ་ལུ། གོང་| དཀར། བོ་དོང་། ཇོ་ནང་པ་སོགས་ཟབ་ཆོས་གསན་པའི་བླ་མ་དགེ་བཤེས་བགྲང་ལས་འདས་པའི་རྒྱུན་ད་ལྟའི་བར་དུའང་ཅི་རིགས་པར་གསན་པས་མཚོན་གངས་ཅན་གྱི་ལྗོངས་ཙམ་ན་ཡོངས་སུ་


JKT019_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཤིང་གྲུབ་པས་ཕྲིན་ལས་མཐའ་རྒྱས་སུ་གྱུར། རྗེ་ཉིད་དང་ཐོག་མཉམ་པའི་ཐུགས་རྒྱུད་གཅིག་པ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་དང་། ཞང་ཞུང་གི་ཡུལ་མཐར་མོན་གྱི་ལིང་པ། མ་ཧཱ་ཙི་ནར་སྨད་འཚོང་མའི་གཟུགས་སོགས་སྤྲུལ་པའི་རྣམ་རོལ་ཅིར་ཡང་ཤར་བ་དང་། སྐུའི་སྐྱེ་བ་ཕྱི་མའང་མ་ཧཱ་ཙཱ་ནའི་རྒྱལ་པོར་གྱུར་ནས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་རྒྱས་པ་དང་། ལྷོ་བྲག་ཕྱོགས་སུ་སྤྲུལ་པའི་གཏེར་སྟོན་ཆེན་པོར་སྐྱེ་བ་བཞེས་ཏེ་མཁར་ཆུ་ནས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དགོངས་པ་འདུས་པ་ཞེས་རྡོ་རྗེ་ཕུར་པའི་ཆོས་སྐོར་ཆེ་བ་ཞིག་སོགས་སྤྱན་དྲངས་པར་གསུངས་པ་དང་། གཞན་ཡང་བདེ་བ་ཅན་དང་། མངོན་པར་དགའ་བ། འགྲོ་ལྡིང་རྣམས་སུ་སྐུའི་བཀོད་པ་སྟོན་པར་གསུངས་པས་མཆོག་གི་སྤྲུལ་པའི་རྣམ་རོལ་མཐའ་ཡས་པ་སྟོན་ཅིང་། མཐར་དཔལ་ཆེན་པོ་ཧེ་རུ་ཀ་ནམ་མཁའི་སྙིང་པོའི་ཐུགས་ཀློང་དུ་ཉི་མ་ལ་ཟེར་འདུ་བ་བཞིན་རོ་གཅིག་ཏུ་ཐིམ་པར་འཇིགས་པ་མེད་པའི་སེང་གེའི་སྒྲ་ཆེན་པོས་ཞལ་གྱིས་བཞེས་པ་ཡིན་ནོ། །རྣམ་ཐར་རྒྱས་པ་ནི་སྤྲུལ་པའི་སྐུ་བྱང་ཆུབ་ཆོས་ཀྱི་སེང་གེ་བློ་གྲོས་རྣམ་པར་སྣང་བས་རྗེ་ཉིད་ཀྱི་ཞལ་གསུང་ཐོར་བུར་བཞུགས་པ་སོགས་ཕྱོགས་གཅིག་ཏུ་བསྡེབས་པ། དཔལ་རིག་འཛིན་ཚེ་དབང་ནོར་བུའི་རྣམ་པར་ཐར་


JKT019_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏམ་འཛམ་གླིང་དགའ་བར་བྱེད་པའི་རྣ་རྒྱན་ཅེས་བྱ་༡༤༡བ་ལས་ཤེས་པར་བྱའོ། །སརྦ་དཱ་མངྒ་ལཾ།། ༈ །།གསེར་སྨད་ཤུག་སྒང་རིག་འཛིན་ཆེན་པོར་གྲགས་པ་ནི། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་སྲས་བུ་ཆེན་བཞིའི་ཡ་གྱལ་རོང་སྟོན་ལྷུན་གྲུབ་རྒྱ་མཚོས་གདན་ས་ཤུག་སྒང་བླ་བྲང་བཏབ། དེའི་སྤྲུལ་སྐུ་བླ་མ་ཤཱཀྱ་རྒྱལ་མཚན། དེའི་སྤྲུལ་སྐུ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་ལུང་གིས་ཟིན་པའི་རིག་འཛིན་པདྨ་འདུས་པ་རྩལ་ཞེས་པ་སྙི་ཁོག་གཞུང་གི་སའི་ཆར་རབ་ཡིད་ལྕགས་རྟ་ལོར་འཁྲུངས། རིགས་སད་པའི་ཡོན་ཏན་རྨད་དུ་བྱུང་། དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་འགྱུར་མེད་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་གསན་ཅིང་ཐུགས་ཉམས་སུ་བཞེས། ཉམས་རྟོགས་ཀྱི་ཀློང་བརྡོལ། དག་པའི་སྣང་བ་མཐའ་ཡས་པ་ཤར། དངོས་དང་དག་སྣང་གི་ཟབ་གཏེར་འདོད་རྒུའི་གཏེར་མཛོད་ཅེས་ཡང་ཟབ་གུ་རུ་པདྨ་རྒྱལ་པོའི་བསྙེན་སྒྲུབ་ཕྲིན་ལས་རྒྱས་པ་པུསྟི་གཅིག་གིས་མཚོན་གཏེར་གཞུང་ཆོག་སྒྲིགས་བཀའ་འབུམ་བཅས་པུསྟི་བཅུ་དྲུག་ཡོད། འདིའི་ནང་ནས་པདྨ་རྒྱལ་པོའི་སྒྲུབ་ཆེན་ཚེས་བཅུ་དང་འབྲེལ་བ། ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་སོགས་གདན་ས་དེར་དར་རྒྱས་སུ་ཡོད་པས་མཚོན། དབང་ལུང་ཁྲིད་གསུམ་གྱི་བརྒྱུད་འཛིན་ཐུགས་སྲས་གཙོ་བོ་


JKT019_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། འགྲོ་དོན་སྒོ་འབྱེད་ལྔ། དཀྱིལ་འཁོར་འཛིན་པ་བརྒྱད་སོགས་སུ་བགྲངས་པ་རྨད་དུ་བྱུང་བས་ད་ལྟའང་ཅུང་ཟད་དར་བས་ཕྱིས་ཀྱི་གཏེར་སྟོན་ཞིག་ལ་ཕྲིན་ལས་ཆེ་བར་མངོན། གང་ལྟར་ཡང་རྗེ་དེ་ཉིད་རྟེན་བསླབ་གཙང་། མཁས་གྲུབ་ཀྱི་རྣམ་ཐར་ཐམས་ཅད་ཀྱིས་བསྔགས་འོས་སྐུ་ཚེ་དང་སྒྲུབ་པ་མཉམ་པར་བྱུང་། མཐར་དགུང་གྲངས་རེ་གསུམ་པ་ཆུ་སྤྲེལ་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ནམ་མཁའ་སུམ་སྤྲུགས་ཀྱི་སྦྱོར་བས་སྒྲ་འོད་ཟེར་གསུམ་སོགས་ངོ་མཚར་བའི་རྟགས་དང་བཅས་ཏེ་གཤེགས། རྗེས་གསེར་གདུང་སོགས། །རྟེན་བཞེངས་དགོངས་རྫོགས་རྒྱ་ཆེར་བསྒྲུབས། །དེའི་སྐྱེ་སྲིད་སྦ་ནག་ཕྱོགས་སུ་བྲག་དཀར་སྤྲེལ་རྫོང་དང་ཉེ་བའི་གསེར་ཐང་ཞེས་པར་ཆུ་བྱ་ལོར་འཁྲུངས་པ་པདྨ་མདོ་སྔགས་བྱང་ཆུབ་གླིང་པའམ་མི་འགྱུར་རྡོ་རྗེ་སྟེ། ལྕགས་འབྲུག་ལོར་རང་གནས་ཁྲིར་མངའ་གསོལ་བ་ད་ལྟ་བགྲང་བྱ་བཅོ་བརྒྱད་དུ་སོན་པ་སྟེ། འདི་ལའང་དག་སྣང་དགོངས་གཏེར་མང་དུ་འབེབས་རྒྱུ་ཡོད་པར་གྲགས་ཤིང་སྤྱིར་སྤྲུལ་པ་བཅུ་གསུམ་པར་འགྲོ་དོན་རྒྱས་པར་ལུང་བསྟན། །མ་འོངས་པ་ན་ནུབ་ཕྱོགས་པདྨའི་སྙིང་པོས་བརྒྱན་པའི་ཞིང་ཁམས་སུ་རྫོགས་པའི་སངས་རྒྱས་དགེ་བའི་སྟོབས་འཕེལ་ཞེས་བྱ་བར་འཚང་རྒྱ་བར་གསུངས་སོ། །རྣམ་ཐར་སྙིང་པོ་ཙམ་འདི་ནི་གསན་ཡིག་


JKT019_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དོན་ལྡན་ཅེས་པ་ལས་བྱུང་བ་ལྟར་བཏུས་པ་ཡིན་ཅིང་། ཅུང་ཟད་རྒྱས་བ་རྗེ་རང་ཉིད་ཀྱི་རྣམ་ཐར་དང་། གཟིགས་སྣང་སྐོར་ཞལ་གསུང་མ་ཡོད་དོ།། ༈ །།རིག་འཛིན་ཆེན་པོ་ཞིག་པོ་གླིང་པའི་སྐྱེ་བརྒྱུད་རྣམ་ཐར་ཞལ་གསུང་མ་ལས། དེ་ནས་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་བརྒྱད་པའི་དུས་གྲོང་ཁྱེར་ཆེན་པོ་རྡོ་འཇོག་ཅེས་བྱ་བའི་བྱང་ཕྱོགས་ཤཱཀྱའི་ཞིང་ཁམས་སྙན་མདའ་ཞེས་བྱ་བར་བདག་ཉིད་སྦས་པའི་བརྟུལ་ཞུགས་འཛིན་ཅིང་། གསང་སྔགས་ཀྱི་སྡོང་པོ་སྐྲའི་ལ་བ་ཅན་དྲེད་ཀྱི་གདོང་ཅན་རྒྱལ་མོ་སོ་ཚེ་ཞེས་བྱ་བའི་མ་མིང་གཞན་གུ་རུ་ཇོ་ཚེ་ཞེས་བྱ་བར་སྐྱེས་ཏེ། བྲག་དམར་ཟངས་ཡག་ཤར་ནས་རྫོགས་པ་ཆེན་པོ་སེམས་སྡེའི་དགོངས་པ་བསྡུས་པའི་ཟབ་དོན་སེམས་ཕྱོགས་དང་། སྨན་རྩིས། བསྟན་སྲུང་སྒྲུབ་ཐབས་ཟབ་མོ་རྒྱལ་པོ་གསལ་རྒྱལ་གྱི་རྟེན་སྐལ་སངས་རྒྱས་ཀྱི་འཕེལ་གདུང་། ཨོ་རྒྱན་རིན་པོ་ཆེའི་སྐུ་འདྲ་རིན་པོ་ཆེ་སྣ་ལྔ་ལས་བཞེངས་པ་ལ་སོགས་པ་ཟབ་གཏེར་མང་དུ་སྤྱན་དྲངས། ཡི་དམ་ལྷའི་ཞལ་མཐོང་། བཀའ་སྲུང་ཆོས་སྐྱོང་རྣམས་ལས་ལ་ཁོལ་ཞིང་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ་བོད་ཡུལ་དྲེད་ཀྱི་གདོང་པ་ཅན་དུ་གྲགས་སོ། །དེ་ནས་བསམ་ཡས་ཀྱི་མཐིལ་དུ་ལྷ་རི་བཙད་པོའི་རི་ལ་ཐོས་བསམ་མདོ་སྔགས་མཐའ་དག་ལ་དབང་འབྱོར་ཞིང་། བྱང་ཆུབ་སེམས་


JKT019_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་མིང་ལྷ་དབང་རྒྱ་མཚོ་བློ་གྲོས། ཨོ་རྒྱན་གྱིས་ལུང་བསྟན་གཏེར་སྟོན་ལྷ་བཙུན་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དཔལ་བསམ་ཡས་དབུ་རྩེའི་བར་ཁང་། འོན་བྱ་ཕོ་ཟེར་བ་འོ་ཡུག་གོས་སྔོན་ལྷ་ཁང་ལ་སོགས་པ་ནས་བླ་མའི་སྒྲུབ་ཐབས། བསྟན་སྲུང་གི་སྒྲུབ་ཐབས་ལ་སོགས་ཟབ་གཏེར་མང་དུ་སྤྱན་དྲངས། བསམ་ཡས་མཐིལ་དུ་སྲིད་ཀྱི་དར་མཚོ་སྤེལ་བ། གཙུག་ལག་ཁང་ཉམས་པ་རྣམས་གསོས་ཤིང་བྱང་ཆུབ་ཆེན་པོའི་དྲུང་དུ་རྒྱུན་ཆད་མེད་པར་སྨོན་ལམ་འདེབས་པ་སོགས་བསྟན་པ་ལུགས་གཉིས་ཀྱི་སྒོ་ནས་འཕེལ་རྒྱས་སུ་མཛད་དོ། །ཞེས་གསུངས་སོ།། ༈ །།ཁྱུང་པོའི་ཕྱོགས་སུ་གྲུབ་ཆེན་ནག་པོ་ཐོགས་འཕེན་གྱི་གདན་ས་ནག་པོ་བ་དན་དགོན། ནེམ་ཚ་སྤང་ལྕིབས་དགོན་ཞེས་གཉིས་ཡོད། ཕྱི་མ་རྨ་ལ་བཞིའི་ས་ཆར་ཡོད་སྐད། སྔ་མ་འདིའི་ཆོས་ལུགས་སྔར་བྱ་སྟོན་བཀའ་བརྒྱུད་ཡིན། དེང་སང་ཡང་དེ་ཡི་ལུགས་ཀྱི་བདེ་མཆོག་དང་། ཕག་མོ་མགོན་པོ་སོགས་འདོན་སྐད་དང་། དབང་ལུང་ཡོད་སྐད་དང་། རྒྱ་སྟོན་ཆོས་བཟང་གི་བཀའ་འབུམ་ཡོད་བཞིན་ཞེས་པོད་ཤིན་ཏུ་ཆེ་བ་དཔེ་ཡོད། ལུང་འདྲ་ནི་ཁོང་ཚང་ལ་མེད། གཞུང་འོག་རྒྱ་སྟོན་དགོན་དུ་རྒྱ་སྟོན་སྤྲུལ་སྐུ་སོགས་ལ་ཡོད་དམ་ཟེར། ནག་པོ་ཐོགས་འཕེན་གྱི་བརྒྱུད་པ་སྔགས་པ་བླ་མ་རིམ་བྱོན་


JKT019_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཕྱིས་བདུད་འཇོམས་རྡོ་རྗེའི་སྡེ་པར་ཁས་འཆེ་བའི་གཏེར་སྟོན་ཨོ་རྒྱན་ཀུན་གྲོལ་གླིང་པའམ། གར་དབང་ཡེ་ཤེས་རོལ་པ་ཐེག་མཆོག་རྡོ་རྗེ་ཞེས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ་ཡོད་པ་ཞིག་བྱུང་བ། ས་གཏེར་བཀའ་རྫོགས་པ་ཆེན་པོ་རྩ་གསུམ་སྟོང་ཉིད་ཟིལ་གནོན་ཞེས་པའི་དབང་ལུང་ཁྲིད་གསུམ་པོད་ཆེན་གཅིག །གཞན་རྡོར་སེམས། ཕུར་པ། ཁྲོས་ནག་སོགས་པོད་དྲུག་ཙམ། ཆོས་བདག་གི་གཙོ་བོ་ཆབ་མདོ་ལྕགས་སྤྲུལ་ནས་མཛད། དར་ཆ་ཅུང་ཟད་བྱུང་། འོན་ཀྱང་གཏེར་སྟོན་དགུང་ལོ་སོ་བདུན་པར་གཤེགས་པས་ཆོས་བཀའ་ཐམས་ཅད་སྤེལ་བ་དང་ཕབ་མ་གྲུབ་སྐད། དེ་ལ་སྲས་གསུམ་གྱི་གཉིས་སྔགས་འཆང་གདུངས་བར་པ་ཞིག་རབ་བྱུང་ཡིན། གཏེར་སྟོན་གྱི་སྤྲུལ་སྐུ་རང་རིགས་སུ་བྱུང་བ་ལོ་དགུ་ཙམ་ལོན་པ་ཡོད་ཟེར་རོ། །ཆོས་བདག་ཆབ་མདོ་ལྕགས་སྤྲུལ་དང་། ཨ་མདོ་ནས་བྱུང་བའི་བླ་མ་ཞིག་ཡིན་ཟེར། གཏེར་སྟོན་སྐུ་ཚེ་ཐུང་བས་སློབ་ཚོགས་མང་པོ་མ་བྱུང་འདྲ། ལྕགས་སྤྲུལ་གྱིས་དགེ་དགོན་ཞིག་ཏུ་འདིའི་ཕུར་པའི་སྒྲུབ་ཆེན་བཙུགས་པ་སོགས་མཛད་པ་ཡིན། བ་དན་དགོན་ནང་དུའང་ཕུར་པའི་སྒྲུབ་ཆེན་ཞིག་ཡོད། རྩ་གསུམ་ཞི་ཁྲོའི་སྐོང་ཆོག་སོགས་ལ་བརྟེན་ནས་གཤིན་དོན་དང་། རིམ་གྲོར་ཕུར་པའི་སྒྲུབ་ཟློག་སོགས་བྱེད་མཁན་ཁ་ཤས་ཡོད། དེ་ཙམ་མ་


JKT019_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་རྩལ་དུ་བཏོན་པའི་ཉམས་ལེན་བྱེད་མཁན་དཀོན། འོན་ཀྱང་གཏེར་ཆེན་མཆོག་གླིང་པས་ཚད་མར་བཞེད་པ་ལ་བརྟེན། ཀར་གུང་ཕྱོགས་ཀྱིས་ཀྱང་ཁང་ན་མེད་པའི་ཕྱོགས་ཡིན་སྐད་དོ།། ༈ །།རིག་འཛིན་ཆེན་པོ་སྟག་ཤམ་རྡོ་རྗེ་ནི། ཡབ་གཅོད་པ་བཀྲ་ཤིས། ཡུམ་ལོ་སྐྱིད་མ། དེ་ལ་སྲས་གཉིས་ཡོད་པ། ཆེ་བ་གཏེར་ཆེན་རིན་པོ་ཆེ་ཤིང་ལུག་ལོ་ཡིན། དང་། ཆུང་བ་དབོན་ཨོ་| རྒྱན་ནོར་བུ་ཡིན། དེའི་སྲས་ཀུན་བཟང་ནམ་མཁའ་རྡོ་རྗེ་འདི་ཤིང་ཕག་ལོ་དེའི་སྲས་རྒྱལ་སྲས་ཀརྨ་འཆི་མེད་དང་། སྲས་མོ་པདྨ་འཚོ། དང་། མགོན་པོ་ཡེ་ཤེས་གཉིས་ཡོད། མགོན་པོ་ཡེ་ཤེས་ཀྱི་སྲས་ཀུན་བཟང་པདྨ་རྣམ་རྒྱལ་མེ་འབྲུག་ལོ་ཡིན། དགུང་གྲངས་བདུན་ཅུ་སྐོར་བཞུགས། དང་། དབོན་བསམ་གཏན་གཉིས་ཡོད། དབོན་སྲས་ལ་ཨོ་རྒྱན་རྟ་མཆོག་ཆོས་གྲགས་ཡིན། མེ་གླང་ལོ་པ། སྐུ་ཚེ་རིང་བར་བཞུགས། རྟེན་དགེ་སློང་། དེའི་སྲིང་མོའི་བུ་རྟ་མགྲིན་ལྷུན་པོ་ཡིན་པར་འདུག །རྟེན་དགེ་སློང་ཁྱད་འཕགས། དགུང་གྲངས་ལྔ་བཅུ་ང་སྟོད་བཞུགས། ༈ །གཏེར་ཆེན་མཆོག་སྤྲུལ་དང་པོ་ཀོང་ཡུལ་དགའ་ཆགས་སྡེ་པའི་སྲས་སུ་བལྟམས། མཚན་པདྨ་རབ་རྒྱས་རོལ་པ་རྩལ་གྲགས། ས་གླང་ལོ་པ། སྐུ་ཚེ་ཆེར་མ་བཞུགས། རབ་བྱུང་། དེས་སྤྲུལ་པདྨ་བསྟན་འཛིན་དབང་ཕྱུག་སྤར་སྟོད་རྒྱ་ར་ཚང་དུ་འཁྲུངས། དེས་སྤྲུལ་ཀུན་བཟང་པདྨ་དགྱེས་པའི་རྡོ་


JKT019_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆབ་མདོའི་རྟོག་ཚང་དུ་འཁྲུངས། ཤིང་ཡོས། དགུང་གྲངས་ཞེ་སྟོད་ཙམ། སྔགས་འཆང་གྲུབ་ཐོབ། དེས་སྤྲུལ་ད་ལྟའི་སྟག་ཤམ་པ་ཤིང་འབྲུག་ལོ་པ་སྤུ་བོ་ཕར་ལུང་གི་འདུང་ཡ་མཁན་པོ་ཚང་དུ་འཁྲུངས་པ་ལགས། དགོངས་གཏེར་དང་དག་སྣང་སྐོར་མང་། རྟ་མཆོག་ཆོས་གྲགས་སྤྲུལ་སྐུ། ཆུ་སྦྲུལ་ལོ་པ་རྟ་མཆོག་བསམ་གཏན་ངེས་གསང་བསྟན་པའི་ཉི་མ་ཡིན་ནོ། ༈ །ཨོ་རྒྱན་བུ་ཁྲིད་འདི་སྤུ་བོ་ས་ལྡེམ། བླ་མ་དགོངས་འདུས། སྤུ་བོ་བདུད་འདུལ་རྡོ་རྗེ། རིག་འཛིན་སྟག་ཤམ་རྡོ་རྗེ་བཅས་པའི་གཏེར་ལུང་དུ་མཚོ་རྒྱལ་དང་ཤེལ་དཀར་རྡོ་རྗེ་མཚོ་བཅས་ཀྱི་སྤྲུལ་པར་དགུང་གྲངས་བདུན་ཅུ་དོན་སྟོད། ལུང་བསྟན། དེའི་སྤྲུལ་སྐུ་དེ་ཉིད་ཀྱི་མིང་པོའི་བུ་མོ་བདེ་ཆེན་ཕྲིན་ལས་མཚོ་མོ་ཡིན། འདི་དགུང་ལོ་ལྔ་བཅུ་ནང་བཞུགས་འདྲ། སྤུ་བོ་རྒྱ་མཁར་རི་ཁྲོད་དུ་ཨེ་ཝཾ་མི་ཤིགས་རྡོ་རྗེའི་ཆོས་རྫོང་དུ་བཞུགས། དེ་ལ་ཆོས་གླིང་སྲས་ངོ་མཚར་ཅན་འཁྲུངས། ཟླ་བ་དྲག་ནས་གཤེགས། ༈ །གསུང་སྤྲུལ་བདུན་པ་མོན་དུ་འཁྲུངས། ད་ལྟ་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ་མོན་དུ་པད་གླིང་གདུང་ལ་འཁྲུངས། དགུང་སྙིང་ཡོས། ༣༩ ། ༈ །།རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ་ནི། ཡབ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་མཁས་པ་མི་དགུ་ཞེས་ཡོངས་སུ་གྲགས་པའི་ནང་ནས། སྟོད་ན་ཆེར་ཆེ་འུག་པ་


JKT019_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་ཏི་གསུམ། ཞེས་པའི་ཡ་གྱལ་ཆེར་ཆེ་ཞིག་པོའི་རིགས་གསོ་རིག་ལ་ཆེས་མཁས་པ་ཞིག་དང་། ཡུམ་ལུམ་པ་དཔོན་ཆེན་གྱི་བརྒྱུད་པ་ཤེའུ་ལོ་ཙཱ་བའི་དབོན་བརྒྱུད་དེ། ཡབ་ཡུམ་དེ་གཉིས་ཀྱང་རང་བཞིན་བཟང་ཞིང་། རྣམ་དཀར་གྱི་ཕྱོགས་ལ་བརྩོན་པ་སོགས་བསྔགས་པར་འོས་པའི་ཡོན་ཏན་དང་ལྡན་པའི་སྲས་སུ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོའི་གྲོ་བཞིན་ཅན་གྱི་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་གསུམ་པའི་ཉི་ཤར་ལ་སྤྲུལ་སྟོད་རབ་ཆོས་འཁོར་གླིང་གི་བླ་བྲང་དུ་མངལ་གྱི་པདྨོ་ལས་གྲོལ། ཆུང་ངུའི་དུས་ནས་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་བག་ཆགས་གསལ་བར་སད། དགུང་ལོ་ལྔ་པར་ཕེབས་པ་ན་ཡབ་ཀྱིས་ཡི་གེའི་ཕྱི་མོ་བསླབ་པས་ཚེགས་མེད་པར་མཁྱེན། དེ་ལོར་འཇམ་མགོན་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་དབུས་སུ་ཕེབས་པ་དང་འགྲིགས་པས་ཐུབ་བསྟན་རབ་སྨད་དུ་འཛོམ་ཞིང་གཙུག་ཕུད་ཕུལ་བས། མཚན་ཀུན་དགའ་ལྷུན་གྲུབ་ཅེས་གསོལ་ཞིང་ཤིན་ཏུ་དགེས་པར་མཛད། གནས་དེ་ཉིད་དང་གོང་དཀར་རྡོ་རྗེ་གདན་བཅས་སུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལུང་བཅས། རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་དབང་སོགས་བཀའ་ཆོས་མང་དུ་གསན། ར་བ་སྨད་མཁན་ཆེན་སངས་རྒྱས་བཟང་པོ་ལས་གྲུབ་རྒྱལ་ལུགས་


JKT019_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚེ་དབང་གསན་ཅིང་། དེ་ཉིད་ཀྱིས་རྣམ་འགྲེལ་རིག་གཏེར་གྱི་དཔེ་གནང་ཞིང་གྲྭ་ཚང་དུ་ཞུགས་དགོས་པའི་བསླབ་སྟོན་ཀྱང་སྩལ། དེ་ནས་དགུང་ལོ་བདུན་གྱི་བར་དུ་ལྗགས་ཀློག་དང་། ཀྱེ་རྡོར་བརྟག་གཉིས། མན་ངག་རྣམ་བཤད་སོགས་ཐུགས་སུ་ཚུད། ལོ་དེར་ཀུན་མཁྱེན་རོང་སྟོན་ཆེན་པོ་དང་། རྗེ་གྲགས་འབྱོར་ཤེས་རབ་སོགས་ཀྱི་བྱིན་གྱིས་བརླབས་པའི་སྨོན་དགའ་རིན་ཆེན་བསམ་གཏན་གླིང་དུ་ཆོས་སྒོར་ཞུགས། དགུང་ལོ་བཅུ་གསུམ་པར་དགོན་སྡེ་དེ་ཉིད་ཀྱི་བྱ་ཆ་ཆོས་སྤྱོད་ནས་བཟུང་སྟེ། དཔལ་ཀྱེ་རྡོ་རྗེའི་ཀུན་ཏུ་དགོས་པའི་གཞུང་བདུན། རྣམ་འགྲེལ། རིག་གཏེར། སྡོམ་གསུམ་རྣམས་ཐུགས་ལ་བྱང་བར་བཟུང་ནས། སྟག་ཚང་ར་བ་སྨད་དུ་མཚན་ཉིད་ཀྱི་ཐུགས་སྦྱང་ལ་ཕེབས། མཁན་ཆེན་ཀུན་དགའ་གསང་སྔགས་དང་། ངག་དབང་དོན་གྲུབ་གཉིས་གཙོ་བོར་བརྟེན་ནས། བསྡུས་ར་དང་པོད་ཆེན་དྲུག་ཡོངས་སུ་རྫོགས་པ་གསན་ཅིང་། མཁྱེན་རབ་ཀྱི་ཀློང་བརྡོལ་བས་ཕུལ་དུ་བྱུང་བར་མཁྱེན། དགུང་ལོ་བཅོ་བརྒྱད་པར་བསྒྲིགས་བསྐུར་དང་། བཅུ་དགུར་གླིང་བསྲེ་དང་། ལོ་དེར་རྨོར་དུ་ཀུན་རིག་དཀྱིལ་འཁོར་ཡོངས་རྫོགས་བསྙེན་པ་ཟླ་བ་བདུན་དུ་མཛད། ཉི་ཤུར་བཀའ་བཅུའི་མཚན་བཏགས་གནང་། ཉེར་གཅིག་པར་ཙེ་ཐང་དུ་གྲྭ་སྐོར་དང་། ཉེར་


JKT019_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པར་གཙང་དུ་གྲྭ་སྐོར་ཕེབས་པའི་ཡར་ལན་ཁ་རག་ཤར་དུ་རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས་དང་མཇལ་ཞིང་ཐུགས་དགྱེས་པའི་བཀའ་ལུང་སྩལ། འཇང་ཐུབ་བསྟན་དུ་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ལས་ལམ་འབྲས་སློབ་བཤད་སྣང་གསུམ་རྫོགས་པ་དང་། ཀུན་རིག་གི་དབང་། སྦྱོང་རྒྱུད་ཀྱི་བཤད་བཀའ། ཀྱེ་རྡོར་གྱི་རྒྱུད་དབང་སོགས་གསུང་ཆོས་མང་དུ་གསན་རྗེས། གདན་ས་ཆེན་པོར་དགུན་ཆོས་ཀྱི་ཐོག་བསྟན་པའི་རྣམ་བཞག་པ་བཅུ་གསུམ་ཙམ་དང་ལྷན་ཅིག་ཏུ་གསུང་བཤད་དང་འབེལ་གཏམ་གྱི་བདུད་རྩི་ཐོགས་པ་མེད་པར་སྤྲོས་པས་དཔྱོད་ལྡན་རྣམས་ཀྱི་བློ་ཡི་པདྨོ་ཅིར་ཡང་བཞད་ཅིང་། རིག་པར་སྨྲ་བའི་ཁྱུ་མཆོག་ཏུ་བསྔགས། འཇམ་དབྱངས་གཟི་འོད་འབར་བའི་མདུན་དུ་བདག་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་སྔ་ནས་འཇམ་དབྱངས་དམར་སེར་གྱི་རྗེས་གནང་གསན། དེ་ནས་ཚར་ཆེན་རིན་པོ་ཆེའི་གདན་ས་རླུ་གཤོང་དགེ་བའི་ཚལ་དང་། མུ་གུ་ལུང་སོགས་གནས་ཆེན་རྣམས་བརྒྱུད་ངམ་རིང་དུའང་རིགས་ལུང་གི་དགའ་སྟོན་སྩལ། ཚུལ་དེ་བཞིན་གྱིས་བྱང་ཕྱོགས་སྐྱ་བོ་ཁ་གདངས་དང་། སེ་མཁར་ཆུང་སོགས་གཙང་ཕྱོགས་ཀྱི་གནས་རྟེན་ཡོངས་གྲགས་ཐམས་ཅད་མཇལ་བ་དང་། ཐུབ་བསྟན་གོང་འོག །བཞད་གྲྭ་ཚང་ཆེན་མོ། གསེར་མདོག་ཅན།


JKT019_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ཚལ་སོགས་སུ་འབེལ་གཏམ་དང་རིགས་ལུང་ཅི་རིགས་པ་སྩལ། ཁྱད་པར་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་ཚོགས་སུའང་ལན་ཁ་ཡར་ཞབས་བསྐྱོད་ཅིང་། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ལས་ཀྱེ་རྡོར་རྒྱུ་ལམ་གྱི་དབང་དང་། མཁའ་སྤྱོད་མའི་བྱིན་རླབས་སོགས་གསན། ཡོངས་དྲིལ་གཙང་དུ་ལོ་ཕྱེད་གཉིས་སུ་བཞུགས་ཤིང་གསན་བསམ་གོང་འཕེལ་དུ་གྱུར་ནས་རང་གནས་སུ་ཕེབས། མདོར་ན་གྲ་གཙང་དུ་ལོ་བཅུ་གསུམ་གྱི་བར་བཞུགས་ཀྱང་བསྒྲིགས་དང་གང་མཐུན་ལས་ཞོག་པ་གཅིག་གི་ཚོགས་གཅོག་པའམ། གྲ་པ་བགྲེས་པ་ལྟ་ཅི་ཆབ་དྲིལ་བ་ཚུན་ལ་འཁྲུགས་ལོང་བྱེད་ལྟ་ཅི་སྨོས། མིག་ལོག་ཙམ་ཡང་མཛད་མ་མྱོང་གསུངས། དགུང་ལོ་ཉི་ཤུ་རྩ་ལྔ་པར་ཐུབ་བསྟན་རྡོ་རྗེ་བྲག་ཏུ་རིག་འཛིན་ཆེན་པོ་ཀུན་གཟིགས་པདྨ་ཕྲིན་ལས་ཀྱི་སྤྱན་སྔར་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་ཤིང་། མཚན་སྔ་མའི་སྟེང་དུ་ངག་དབང་ཞེས་འཇུག་པ་གནང་། དེ་ནས་བཟུང་སྟེ་བཅས་པའི་ལྟུང་བ་ཆེ་ཕྲས་མ་གོས་པའི་ཀུན་སྤྱོད་ཤིན་ཏུ་གཙང་། དགུང་ལོ་ཉི་ཤུ་རྩ་བདུན་པའི་ཟླ་བ་དགུ་པར་བསྙུན་ཚབ་ཤིན་ཏུ་ལྕི་བ་གྲོང་ཐག་ཆོད་པ་ཞིག་བྱུང་ཀྱང་། རིག་འཛིན་པདྨ་ཕྲིན་ལས་ཀྱི་བྱིན་རླབས་ཀྱི་སྣང་བས་བར་ཆད་ཀྱི་མུན་པ་མཐར་བསྐྲད་དེ་འཆི་མེད་གྲུབ་པའི་


JKT019_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་ཁ་བྱེ་བར་གྱུར་ཅིང་། རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ཟླ་བ་བདུན་དུ་མཛད། དེ་ནས་སྔོན་གྱི་སྨོན་ལམ་གྱི་འཕེན་བས་རྒྱུད་བསྐུལ་ཏེ་འདི་ནས་བཟུང་སྟེ་ལོ་ཚིག་སོགས་རྣམ་ཐར་ཞལ་གསུང་མར་དཔྱད་དཀའ་བར་གྱུར་བས་སླར་ཡང་མཁྱེན་རབ་བྱམས་པའི་རྣམ་ཐར་དང་བསྟུན་དགོས། དཔལ་ལྡན་ནཱ་ལེནྡར་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ལས་གསུང་ངག་རིན་པོ་ཆེ་སློབ་བཤད་སོགས་དཔལ་ས་སྐྱ་པའི་སྙན་བརྒྱུད་མཐའ་དག་གསན་འདོད་ཀྱི་བཞེད་པ་མི་ཕྱེད་པའི་ངོས། ཞབས་ཕྱི་གཉིས་དང་བཅས་ཏེ་ཕེབས་ནས་སྙན་དུ་གསོལ་བས་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ། ཐོག་མར་ཚར་ལུགས་དཀར་པོ་ལྷ་གསུམ་གྱིས་སྒོ་འབྱེད་པ་ཡིན་གསུངས་ནས། རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཐུན་མོང་མ་ཡིན་པ་མཆོད་བཤམས་སོགས་སྤྲོས་པ་དང་བཅས་ཏེ་རྒྱས་པར་སྩལ་ཞིང་། དེ་བཞིན་དུ་ཆག་ལུགས་ཚེ་དཔག་མེད་དཀར་པོ་དང་། དབྱངས་ཅན་མ་དཀར་མོ་རྣམས་ཀྱི་རྗེས་གནང་དང་། དེ་རྗེས་གཤེད་དམར་ལྷ་ལྔ་དང་། ཀྱེ་རྡོར་རྒྱུ་ལམ་གྱི་དབང་སོགས་གསན་ཅིང་། རྭ་སྒྲེང་ཚུན་གྱི་གནས་རྟེན་རྣམས་མཇལ་ནས་སྐོར་གཅིག་རང་གནས་སུ་ཕེབས། སྒྲོལ་དཀར། རྣམ་རྒྱལ། རྣམ་འཇོམས་རྣམས་ཀྱི་ལྗགས་བསྙེན་བྱ་རྒྱུད་རང་ལུགས་མཐུན་པའི་ཕྱག་བཞེས་


JKT019_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལྡན་མཛད། སླར་ལོ་དེའི་ཟླ་བ་དགུ་པར་ནཱ་ལེནྡྲར་ཕེབས། སྒྲུབ་ཐབས་བརྒྱ་རྒྱམ་གྲུབ་བརྒྱའི་རྗེས་གནང་སོགས་བཀའ་ཆོས་མང་དུ་གསན། དེའི་ཕྱི་ལོ་ཟླ་བ་དང་པོའི་ཡར་ཚེས་སུ་རྩེ་གདོང་ཞབས་དྲུང་སྐུ་མཆེད་དང་། རྗེ་ཉིད་སོགས་དཔོན་སློབ་བཅུ་གཅིག་ལ་གསུང་ངག་རིན་པོ་ཆེ་སློབ་བཤད། དབང་། བྱིན་རླབས། ཁྲིད། ལུངས་སོགས་ཡོངས་སུ་རྫོགས་པ་སྨིན་རྒྱས་སུ་ཟླ་བ་ཕྱེད་བཞིའི་བར་དུ་སྩལ་བ་གསན་ཅིང་། གསན་ལོ་ཙམ་དུ་མ་བཞག་པར་བསམ་པས་སྒྲོ་འདོགས་བཅད་བ་དང་། བསྒོམ་པས་ཉམས་སུ་བླངས་པས་དུས་དེ་ཉིད་ནས་སློབ་བཤད་ཟབ་མོའི་གནད་ལ་གཞན་དྲིང་མི་འཇོག་པའི་སྤོབས་པའི་གཏེར་ཆེན་པོ་གྲོལ་ཞིང་། བླ་མ་དང་ཆོས་ལ་མི་ཕྱེད་པའི་ཐུགས་དད་ཆེན་པོས་ལེགས་ཚོགས་ཀྱི་སྒོ་མཐའ་དག་འགྲིགས་པས་སྙིགས་དུས་ཀྱི་བསྟན་པའི་ཉི་མ་ཆེན་པོར་གྱུར༔ འདི་སྐབས་གོང་ས་ལྔ་པ་རིན་པོ་ཆེས་སློབ་བཤད་ལ་མི་བཅུ་གཅིག་ལས་མི་འགབ་ཅེས་བཀའ་ཕེབས་པར་བརྟེན། དེ་དུས་ཆེ་གཉན་གྱི་རིགས་མང་བས་གཞན་ཚུད་དཀའ་བ་ཙམ་དུ་གྱུར་ཀྱང་། རྗེ་ཉིད་ལ་རྗེ་བླ་མས་བསྟན་པ་གཏད་པར་དགོངས་ནས་དཀའ་བ་མེད་པར་ཆོས་གྲྭར་བཅུག་པར་གནང་བས་ངོ་མཚར་བའི་རྣམ་ཐར་རྨད་དུ་བྱུང་བའོ། །གཞན་ཡང་བར་གསེང་ཐམས་ཅད་དུ་གསང་


JKT019_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ལུགས་གསུམ་དང་། བདེ་མཆོག་ལུགས་གསུམ་སོགས་དབང་ལུང་མན་ངག་མང་དུ་གསན། སྐོར་གཅིག་རང་དགོན་དུ་ཕེབས་ནས་རྣལ་འབྱོར་མའི་གཞི་བསྙེན་མཐར་ཕྱིན་པར་མཛད། དེའི་སྟོན་སོར་སླར་ཡང་ནཱ་ལེནྡྲར་ཕེབས་ནས་བཟུང་། སྔ་ཕྱིར་ལོ་བཅུ་གསུམ་གྱི་བར་དུ་ཕལ་ཆེར་འབྲལ་མེད་དུ་མཉེས་པ་གསུམ་གྱིས་བསྟེན་ནས། གསུང་ངག་རིན་པོ་ཆེ་ཚོགས་སློབ་བསྡོམས་པས་ཚར་བཅུ་གཉིས། རྡོ་རྗེ་ཕྲེང་བ་ཚར་བརྒྱད་ཀྱིས་གཙོས། གསེར་ཆོས་བཅུ་གསུམ་དང་། མགོན་པོ་ཆེ་ཆུང་སོགས་སྙན་བརྒྱུད་ཀྱི་སྐོར་དང་། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ཁྲིད་མན་ངག་རྗེ་ཉིད་ཀྱིས་གསན་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་། རང་ཉིད་ཀྱི་ཉམས་བཞེས་དང་། གཞན་དག་ལ་འཆད་སྤེལ་སོགས་གསན་པ་དོན་ལྡན་དུ་མཛད། དགུང་ལོ་ཉེར་དགུ་པ་ནས་ལོ་བདུན་དུ་དབོན་མཁྱེན་བརྩེ་རབ་བརྟན་ལ་སྐུ་ཡོན་སོགས་བསླབ་སྟོན་ཕུལ་ཞིང་བཅར་བཞུགས་ངོས་མགོན་པོ་སོགས་བསྙེན་པའང་མང་དུ་མཛད། གཞན་ཡང་དགུང་ལོ་སོ་བདུན་པ་ཡན་ཆད་དུ་འཇམ་མགོན་ས་སྐྱ་པ་བསོད་ནམས་དབང་ཕྱུག་ལས་ཇོ་ལུགས་སྒྲོལ་མ་ཉེར་གཅིག་དང་། མི་གཡོ་བ་དཀར་སྔོན་དང་། ཤེར་ཕྱིན་དཀར་སེར་སོགས་རྗེས་གནང་འགའ་ཞིག །ཀྱེ་རྡོར་རྒྱུ་ལམ་


JKT019_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡང་དག་གི་དབང་། འཇམ་མགོན་ཀུན་དགའ་བཀྲ་ཤིས་ལས་རྡོ་རྗེ་ཕུར་པའི་དབང་ཡོངས་རྫོགས། ཀྱེ་རྡོར་གཙོ་ཆེའི་ཆོས་སྣ་སོ་དགུ་དང་། དམར་པོ་སྐོར་གསུམ་དང་མུས་ཆེན་བཀའ་འབུམ་སོགས་ཀྱི་ལུང་། ཕག་མོ་སྐོར་གསུམ་དང་མཁའ་སྤྱོད་མའི་བྱིན་རླབས་སོགས། ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན་ལས་ཀུན་མཁྱེན་བསོད་ནམས་སེང་གེ་དང་། དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ། འཇིགས་བྱེད་རྭ་ཚར་ཐུན་མོང་མ་ཡིན་པའི་དབང་ཁྲིད། ངག་དབང་བློ་གསལ་བསྟན་པ་རབ་རྒྱས་ལས་ནི་གུའི་སྐོར་དང་། ཚར་ཆེན་བཀའ་འབུམ་ཕལ་ཆེར། མཁན་ཆེན་དོན་གྲུབ་ལེགས་བཟང་ལས་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་དང་། རྣམ་སྲས་ལྔ་ཕྲག་གསུམ་གྱི་རྗེས་གནང་། རྩེ་གདོང་ཁྲི་ཆེན་བསོད་ནམས་བསྟན་འཛིན་ལས་འཆི་མེད་དཔལ་སྟེར་དང་ལྕགས་སྡོང་མའི་ཚེ་དབང་། གླིང་སྟོད་མཁན་ཆེན་དཀོན་མཆོག་དཔལ་འབྱོར་ལས་ཀྱེ་རྡོ་རྗེའི་དབང་དང་རྗེས་གནང་འགའ་ཞིག །ཆོས་འཁོར་གཉིས་ཀའི་མཁན་ཆེན་བློ་གྲོས་བརྟན་པའི་དྲུང་དུ་ཀྱེ་རྡོར་དབང་དང་། རྗེས་གནང་འགའ། གླིང་སྨད་ཞབས་དྲུང་ཕུན་ཚོགས་རྒྱལ་མཚན་སར་བཀའ་གདམས་ལྷ་བཞི་སོགས་རྗེས་གནང་རིགས་དང་ཀྱེ་རྡོར་རྒྱུ་དབང་། མཁན་ཆེན་ངག་དབང་དོན་གྲུབ་ལས་ཀུན་རིག་གི་


JKT019_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་། འབྱུང་འདུལ་དང་ལྷ་མོ་ནམ་མཁའི་གོས་ཅན་མའི་རྗེས་གནང་། དོལ་ཆོས་འཁོར་གནས་པ་སྨྲ་དབང་ཕྱོགས་ལས་རྣམ་རྒྱལ་ལས་མཚན་ཉིད་ཀྱི་པུསྟི་གྲགས་ཆེན་བཅོ་བརྒྱད་སོགས་ལུང་རྒྱུན་ཤིན་ཏུ་དཀོན་པའི་རིགས་དང་། ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་སོགས་རྒྱུན་དཀོན་པའི་རིགས། གོང་དཀར་དཔོན་སློབ་བསྟན་པ་རྒྱ་མཚོར་དུས་འཁོར་འགྲེལ་ཆེན་དང་། ཁྲོ་ཕུ་པའི་མན་ངག་བརྒྱ་རྩ་སོགས་ཀྱི་ལུང་། རིག་འཛིན་ནམ་མཁའ་གྲགས་པ་ལས་བླ་མ་ཞི་དྲག་དང་། མེ་རག་སློབ་དཔོན་པདྨ་ཕྲིན་ལས་སར་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་སོགས་མང་དུ་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། དགུང་ལོ་སོ་བརྒྱད་པར་རྨོར་དུ་དཔལ་དགེས་པ་རྡོ་རྗེའི་གཞི་བསྙེན་གནད་སྨིན་བཀའ་དྲིན་བསྐྱངས། དེ་གྲོལ་བསྟུན་དེ་གའི་གྲྭ་པ་རྣམས་ལ་དཔལ་དགེས་པ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་གནང་བ་བཀའ་ཆོས་སྩལ་བའི་ཐོག་མ་ཡིན་ཅིང་། ཕྱི་ལོའི་སྟོན་རྡོ་རྗེ་བྲག་ཏུ་རིག་འཛིན་པདྨ་ཕྲིན་ལས་ཀྱིས་ཆེད་དུ་སྤྱན་དྲངས་པ་བཞིན་ཚར་ལུགས་དཀར་པོ་ལྷ་གསུམ་གྱི་རྗེས་གནང་གིས་སྒོ་ཕྱེ་ནས་རྗེས་གནང་རིགས་ཤིན་ཏུ་མང་བར་ཕུལ་བ་དང་། དེ་ནས་གྲ་ཐང་དུ་མཁན་ཆེན་ངག་དབང་བསྟན་འཛིན་ཕུན་ཚོགས་ལ་དམར་པོ་སྐོར་གསུམ་གྱི་རྗེས་གནང་དགུ་


JKT019_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བེ་བུམ་གྱི་ལུང་། རྣམ་སྲས་རིགས་ཆེན་བཅོ་ལྔ་སོགས་སྩལ་ཞིག སླར་ཡང་རྡོར་བྲག་རིག་འཛིན་ཆེན་པོར་ལམ་འབྲས་སློབ་བཤད་སྩལ་བས་མཚོན་ཆོས་འཁོར་བར་མེད་དུ་བསྐོར། དགུང་ལོ་ཞེ་གཅིག་པར་འཇམ་མགོན་ས་སྐྱ་པའི་ལུང་གིས་བསྐུལ་ནས་སྨོན་དགའ་རིན་ཆེན་བསམ་གཏན་གླིང་གི་ཆོས་ཀྱི་ཁྲི་ལ་ཞབས་བཀོད། ལོ་དེར་ཡར་ཀླུང་དུ་དབོན་རིན་པོ་ཆེ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔོན་སློབ་ལ་ལམ་འབྲས་སློབ་བཤད་ཟབ་རྒྱས་སུ་གནང་ཞིང་། གཞན་ཡང་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་ཞེ་ལྔ་པར་རྨོར་དུ་གསང་ཕུ་མཆོད་ཁང་དཔོན་སློབ་སོགས་ལ་སློབ་བཤད་ཚར་གཅིག་སྩལ། དེ་ལོའི་ཟླ་བ་བཅུ་གཉིས་པར་གཞུང་ས་ཆེན་མོ་ནས་ཐུབ་བསྟན་ར་བ་སྨད་ཀྱི་མཁན་པོར་བཀོད་ཅིང་། གཙོ་བོར་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་ཆགས་མེད་དང་། མདོ་ཕྱོགས་ཀྱི་འཆད་ཉན་ལྷག་པར་འཕེལ་བའི་ངང་ཡར་ཀླུང་དབོན་རིན་པོ་ཆེ་དང་། ལྕགས་ཟམ་ཆུ་བོ་རིའི་མཆོག་སྤྲུལ་ངག་དབང་བློ་གསལ་ཉི་ཟླ་འོད་འབར་སོགས་ལ་སྔགས་ཀྱི་སྨིན་གྲོལ་བསམ་གྱིས་མི་ཁྱབ་པ་སྩལ། དགུང་ལོ་ང་ལྔ་པར་གསང་ཕུ་དབྱར་ཆོས་ཀྱི་བཏང་སྒོ་མཛད་ཅིང་། ང་དྲུག་པར་གདན་ས་བཞག་ནས་རྨོར་དུ་ཕེབས། ལྷོ་བྲག་ཤིང་མང་དགོན་གྱི་ཞལ་འཛིན་དང་། རིམ་པར་ཡར་ཀླུང་བཀྲ་


JKT019_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཆོས་སྡེར་ཡོལ་པ་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཀྱི་ཆོས་ཀྱི་ཁྲིར་ཞབས་པད་བཀོད། དཔལ་བསམ་ཡས་སུ་གསུང་ངག་སློབ་བཤད་དང་། བཀྲ་ཤིས་ཆོས་སྡེར་སྙན་བརྒྱུད་བསྟན་པའི་བདག་པོ་གནས་གསར་དབོན་རིན་པོ་ཆེ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། སྒེར་པ་རྗེ་དྲུང་རིན་པོ་ཆེ་བློ་གསལ་འཇམ་དབྱངས་ཕུན་ཚོགས་སོགས་ལ་རྡོ་རྗེ་ཕྲེང་བས་མཚོན་ཆོས་སྔ་ཕྱི་བཀའ་བསམ་གྱིས་མི་ཁྱབ་པ་དང་། ཆོས་རྒྱལ་གཏེར་བདག་གླིང་པས་ཀྱང་དཔྱལ་ཕག་སྐོར་གསུམ་གྱི་བྱིན་རླབས་སོགས་གསུང་གི་བདུད་རྩི་བཞེས། དེ་སྐབས་ཡལ་གྲོ་འཆད་ཀའི་འཛིན་བདག་ཀྱང་གནང་ནས་ལམ་འབྲས་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། གནས་གསར་དབོན་རིན་པོ་ཆེ་བསྙེན་པར་རྫོགས། ཁྱད་པར་སྔ་ལོར་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་ཚར་གཅིག་དང་། རྗེས་སོར་རེ་དགུ་པར་བསམ་ཡས་ཆོས་འཁོར་ཆེན་པོའི་བར་ཁང་གཡུ་ཞལ་འབར་བར་ཚར་གཅིག་ཏེ་ལམ་འབྲས་སློབ་བཤད་ཡོངས་སུ་རྫོགས་པ་ལན་གཉིས་གནང་པའི་ཕྱི་མར་དབང་སྟེགས་དཀྱིལ་འཁོར་རྡུལ་ཚོན་བཞེངས་པར་དབོན་རིན་པོ་ཆེ་བཞུགས་སུ་བཅུག་ཅིང་དོན་གྱི་བསྟན་པ་གཏད། དེས་མཚོན་སྔ་ཕྱིར་ལམ་འབྲས་ཚོགས་བཤད་ཚར་གཅིག་དང་། སློབ་བཤད་ཚར་དགུ། རྡོ་རྗེ་ཕྲེང་བ་ཚར་བདུན་


JKT019_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འཆད་སྤེལ་བསམ་གྱིས་མི་ཁྱབ་པ་མཛད་པས། རྡོ་རྗེ་བྲག་རིག་འཛིན་ཆེན་པོ། ཆོས་རྒྱལ་གཏེར་བདག་གླིང་པ། དབོན་རིན་པོ་ཆེ་གོང་འོག་གཉིས། ངོར་ཁང་གསར་མཁན་ཆེན་དང་། མཁན་ཆེན་དཔལ་ཆོས། ཞུ་ཆེན་པཎྜི་ཏ། མདོ་ཁམས་པ་སངས་རྒྱས་རྒྱ་མཚོ། སྐྱོ་མདའ་བསོད་ནམས་དབང་ཕྱུག །ལྕགས་ཟམ་རིན་པོ་ཆེ། སྒེར་པ་རྗེས་དྲུང་ཁུ་དབོན། འཇམ་དབྱངས་བདེ་བའི་རྡོ་རྗེ། བཀའ་འགྱུར་བ་སངས་རྒྱས་རྒྱ་མཚོ་དང་། ངག་དབང་རབ་བརྟན་སོགས། གསང་ཕུ། ར་བ་སྨད། ཚོགས་སྡེ་བཞི་སོགས་ཀྱི་བླ་མ་སློབ་དཔོན་ཕལ་ཆེར། སེ་འབྲས་དགེ་གསུམ་གྱི་དགེ་བཤེས་དང་། གཞུང་གི་མི་ཆེན་རྣམས་སོགས་ཞལ་སློབ་དང་སྦྱིན་བདག་བསམ་གྱིས་མི་ཁྱབ་པ་བྱོན། གསན་ཡིག་པུསྟི་གཅིག་སོགས་གསུང་རྩོམ་འགའ་ཡང་མཛད། སྔ་ཕྱིར་འཛིན་བདག་གནང་བའི་དགོན་གནས་རྣམས་སུའང་ཉམས་པ་གསོ་བ་དང་། གསར་བཞེངས། དུས་མཆོད་འཛུགས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་ཡང་རྒྱ་ཆེར་སྤེལ། བཀྲ་ཤིས་ཆོས་སྡེར་ཟླ་བ་བྱུང་ངོ་ཅོག་གི་གནམ་གང་ལ་མཁྱེན་རབ་རྗེའི་སྐུ་མཆོད་མང་ཇ་དང་བརྒྱ་མཆོད་སོགས་ཀྱི་ཐེབས་སྦྱར། ལྗང་འགར་བ་བོད་དུ་ལྷག་པའི་སྐབས་དང་པོར་འཛིན་འཆིང་གིས་མཚོན་ཞབས་འདྲེན་ཆེ་བར་ཞུས་ཀྱང་བླ་མ་མཆོག་གསུམ་


JKT019_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་རྗེས་ཉེས་མེད་དུ་གྲོལ་བས་ས་བསྟན་སྤྱི་ལའང་ཕན་པ་ཆེན་པོའི་སྒོར་གྱུར། དེ་ལྟ་བུའི་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེའི་ངང་དགུང་ལོ་དོན་གསུམ་པར་འོན་ཆོས་སྡིང་གི་རི་ཁྲོད་དུ་གྲུབ་མཐའ་སྙོགས་ཏེ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན། རྣམ་ཐར་རྒྱས་པ་རྗེ་ཉིད་ཀྱི་ཞལ་གསུང་མ་བློ་གསལ་སྒེག་མོའི་མེ་ལོང་དུ་གསལ། འོན་ཆོས་སྡིང་རྒོད་ཚང་གི་རི་ཁྲོད་དུ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཀྱི་ཐོ་རེངས་ལམ་དུས་རྒྱས་པ། གཅིག་མཐུད་གཉིས་མཐུད་དུ་མཛད་རྗེས་སྐུའི་ནང་ནས་འུར་སྒྲ་དང་བཅས་མཁའ་སྤྱོད་ཆེན་པོར་ཟང་ཐལ་དུ་གཤེགས། ཕྱག་མཛོད་བློ་ལྡན་ནས་གནས་གསར་རྡོ་རྗེ་འཆང་ཆེན་པོ་གདན་དྲངས་ཏེ་གཤེགས་རྗེས་ཀྱི་བྱ་བ་རྣམས་མཛད་ཅིང་། ཁྱད་པར་གནས་གསར་པ་ཆེན་པོ་ནས་གཙོ་བོར་རྗེ་ཉིད་ཀྱི་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་འཕྲོ་བསྐྱང་བ། བྱེ་བྲག་ཏུ་ཆོས་སྡེ་རྨོར་དགོན་མ་ལག་གསུམ་དང་བཅས་པར་ཟླ་མཆོད་ཆགས་མེད། བསམ་ཡས་རབ་བྱུང་དུ་ཀྱེ་རྡོར། ཤེའུ་བསྲོང་དང་འཕགས་སྡེར་མཁའ་སྤྱོད་མའི་སྒྲུབ་མཆོད་འཛུགས་པ་སོགས་ཟབ་དགོངས་ཆོས་ཀྱི་དབྱིངས་རྫོགས་པའི་ཐབས་མཐའ་ཀླས་པར་མཛད་དོ།། ༈ །།རྨོར་ཆེན་རྣམ་ཐར་ཞལ་གསུང་མར། མཁས་གྲུབ་གུང་རུ་ཤེས་རབ་བཟང་པོ་


JKT019_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཁས་ཤིང་དངོས་གྲུབ་བརྙེས་པའི་བླ་མ་རིམ་པར་བྱོན་པའི་གཟིམ་ཆུང་ཀ་དྲུག་མར་རྗེ་བླ་མ་སེང་གེའི་ཁྲི་ལ་ཞལ་ནུབ་ཕྱོགས་སུ་གཟིགས་པའི་དབུ་ཐོག་ཏུ་གདུགས། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། སྐུ་མདུན་དུ་ཆུ་བཞི། སྔོན་འགྲོའི་ཉེར་སྤྱོད་སོགས་སློབ་བཤད་པའི་ཕྱག་ལེན་འཁྲུལ་མེད་ལྟར་བཀོད་མཛེས་སུ་བཤམས་པའི་མདུན་དུ་གཙོ་བོ་རྩེ་གདོང་སྐུ་མཆེད། འཕྲེང་པོ་བཞི་པ། གསང་ཕུ་མཆོད་ཁང་པ། སྲིད་གསུམ་སློབ་དཔོན་བསླབ་གསུམ་བསྟན་འཛིན། བཅོ་བརྒྱད་རང་གི་ཕྱག་མཛོད་སོགས་མདོར་ན་ཐ་ཆུང་བདག་གིས་མཐའ་བརྟེན་པ་བཅུ་གཅིག་ལ་རྣལ་འབྱོར་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང་གསུང་ངག་རིན་པོ་ཆེ་སློབ་བཤད་ཟབ་མོ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་སྲོལ་ལེགས་པར་བཏོད་པའི་སྣང་གསུམ་གྱི་སྐབས་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་གསུང་ངག་བྱུང་ཚུལ་ལ་ངོར་ཆེན་མན་གྱི་རྣམ་ཐར་རྗེ་བླ་མའི་ཐུགས་ཐོག་ནས་གནང་བའི་ལྗགས་བཤད། ཞི་ལྷག་གི་ངོ་སྤྲོད་དམིགས་སུ་ཕུག་པའི་མེ་ཏོག་སྔོན་པོ་འགྱེད་པ་སོགས་ཕྱག་ལེན་ཕྲ་རགས་ཐམས་ཅད་སླ་ཆོས་སུམ་སོང་བ། བླ་མ་ལྔ་བཅུ་པའི་འགྲེལ་པ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་དངོས་གྲུབ་སྒོ་འབྱེད་ཀྱི་སྟེང་ནས་ས་གཞུང་སྤེལ་བའི་གཟབ་བཤད།


JKT019_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་རིན་པོ་ཆེའི་ཡི་གེའི་སྟེང་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། དེ་ནུབ་སློབ་མ་རྗེས་འཛིན་སློབ་བཤད་པའི་ལུགས་ལྟར་གནང་བ་ནས། རྗེ་བླ་མ་ཁ་གསོའི་ལྗགས་བསྙེན་ལ་བཞུགས། འཕན་ཡུལ་གཉའ་གོང་ནང་སོས་མཆོད་འབྲུ་དང་སྣུམ་སོགས་མཐུན་རྐྱེན་སྦྱིན་བྱུང་བས་ཞག་བདུན་གྱི་བར་དེར་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་བཤམས་པའི་མདུན་དུ་ཅི་འབྱོར་པའི་མཆོད་པ་ཕུལ་ནས། ཉིན་ལྟར་ཡང་མཎྜལ་ཚོམ་བུ་བདུན་མ་སྟོང་ཕྲག་རེ་དང་སོ་བདུན་མ་འོས་མཚམས། སྔ་དགོང་བརྒྱ་ཕྱག་རེ་དང་ཡིག་བརྒྱ་ལྔ་བརྒྱ་རེ་མ་ཆགས་པའི་ཁུལ་བྱས། དལ་བར་མ་བསྡད་པར་མིག་ལྟོས་ལ་ཕན་རེ་བྱས་ཁུལ་ཡིན། དེ་ནས་སྐུ་མཚམས་གྲོལ་འཕྲལ་བཅོ་བརྒྱད་བླ་བྲང་གི་དབང་ཁང་འཆི་མེད་ཕོ་བྲང་དུ་ཡབ་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དག་བྱ་དག་བྱེད་ངོ་འཕྲོད་པ། ཁྱད་པར་སློབ་དཔོན་གྱི་དབང་སྟེགས་སྟེང་སློབ་མ་རེ་རེ་ནས་གནང་བ་སོགས་སློབ་བཤད་པའི་བཞེད་པ་འཁྲུལ་མེད་ཨཋའི་བཟླས་ལུང་བཅས་སྩལ། དེ་ཡང་རྗེ་བླ་མ་འདིས་དབང་གང་གནང་ཀྱང་གཅིག་གོ་གཅིག་ཅོད་དང་། འདི་ཚབ་འདིས་ཡོང་སོགས་གཏན་ནས་མི་གནང་བར་སོ་སོའི་ཕྱག་ལེན་ཕྲ་རགས་ཐུན་མོང་པ་མི་འགལ་ཞིང་། ཐུན་མོང་མ་ཡིན་པ་མ་འདྲེས་པའི་སྒོ་ནས་གསུང་


JKT019_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མཐའ་ཆོད་པ་བཀའ་དྲིན་བསྐྱངས་པས་དབང་ཐོབ་ལོ་ཙམ་མ་ཡིན་པར་སོ་སོའི་གྲུབ་མཐའ་ལ་འདི་དང་འདིའོ་སྙམ་པའི་ངེས་པ་བརྟན་པོ་རྙེད་ཡོད་པས་དེང་སང་དབང་གི་རིགས་སྤྱི་དང་། ཁྱད་པར་སློབ་བཤད་ཟབ་མོའི་གནད་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་རྙེད་པ་འདི་གཅིག་པུའི་སྐུ་དྲིན་ཡང་གཞལ་བར་ནུས་པའི་ཚད་མ་མཆིས། འདི་སྐབས་ཀྱི་དཀྱིལ་འཁོར་མིག་དང་ཚོན་བཀྱེ་བ་སོགས་ཀྱི་ཞབས་ཕྱིར་ཡང་འབོད་པར་གནང་། རྗེ་བླ་མ་སྒྲུབ་མཆོད་གནང་བའི་སྐབས་ཞབས་ཕྱིར་ཡང་སྡོད་ཆོག་པར་བྱུང་བས་སྐལ་པ་མཆོག་ཏུ་བཟང་བའི་བགོ་སྐལ་ཐོབ་པར་གྱུར། དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་ནས་ཚོགས་བཤད་ཀྱི་དབང་བཀའ་ཡང་གནང་བས་ཞག་ཉི་ཤུ་སྐོར་འགོར། སློབ་མ་ཁ་གྲངས་མ་འགྲིགས་པའི་སྐབས་ཐམས་ཅད་དུ་ཕྱིན་པས་རྒྱུ་དབང་ཚར་བརྒྱད་ཙམ་སོང་། དེ་ནས་སྔར་ལུགས་ལྟར་ཚོགས་སློབ་སོ་སོར་གནང་བའི་འཁོར་འདས་དབྱེར་མེད་ཀྱི་སྐབས་སུ་བཤད་ལུང་ཙམ་མ་ཡིན་པར་རིག་ཐོག་ཏུ་བརྡར་ཤ་ཆོད་པའི་སློབ་བཤད་ལུགས་ཀྱི་སེམས་འཚོལ་གཏོང་བ་སོགས་གནང་། བདག་ཆེན་རིན་པོ་ཆེས་མཛད་པའི་འཁྲུལ་སྤོང་རབ་གསལ་སྟེང་ནས་ས་གཞུང་སྤེལ་བའི་བཤད་པ་ཤིན་ཏུ་རྒྱས་པ་དང་། སྔགས་ལམ་ལ་འཇུག་པའི་སྔོན་དུ་ཡུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་


JKT019_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དབང་བཞི་ཡོངས་སུ་རྫོགས་པ། དེ་ནས་བསྐྱེད་རིམ་ཕྱི་ནང་གི་འཁྲིད་ཤིན་ཏུ་སྨིན་པ། ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར་སྟེང་ནས་སྒྲོ་འདོགས་གཅོད་པའི་གསུང་བཤད་ཤིན་ཏུ་རྒྱས་པ་ལྗགས་ཐོག་ནས་སྩལ། གསང་དབང་གི་ཁྲིད་ཀྱི་ཐོག་མར་སིནྡྷ་རའི་དཀྱིལ་འཁོར་ལ་བརྟེན་པའི་ཡུམ་ཀའི་བྱིན་རླབས་རྒྱས་པར་སྩལ་ནས། ཁྲིད་དངོས་གཞི་རྒྱལ་དབང་རྡོ་རྗེ་འཆང་ཆེན་པོས་མཛད་པ་ལ། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོའི་ཁྲིད་ཡིག་ནས་ཁ་འགེངས་པ་གནང་བའི་དབང་གོང་མ་གསུམ་གྱི་ཁྲིད་གཏུམ་མོའི་དམིགས་རྐང་བཅོ་བརྒྱད། ཡན་ལག་ལྔ་སྦྱོང་། ལུས་སྦྱོང་ཉི་ཤུ་པ། ཕྲིན་ལས་སོ་གཉིས་སོགས་སོ་སོར་ཕྱག་ཁྲིད་མཛུབ་སྤྱོད། ཞར་བྱུང་བར་དོ། རྨི་ལམ། སྒྱུ་ལུས། འོད་གསལ། འདའ་ཀ་མ་དང་བཅས་པ་དབང་བཞི་སོ་སོའི་མཇུག་ཏུ་ཆ་ཚང་བའི་སློབ་བཤད་པའི་ལུགས་མ་འཁྲུལ་བ། ལུང་གི་རིམ་པ་སྣང་གསུམ་གྱི་སྐབས་བླ་མ་བརྒྱད་པའི་རྣམ་ཐར་ཆ་ཚང་། སྔགས་ལམ་ཚུགས་ནས་ལམ་འབྲས་གླེགས་བམ་པོད་སེར། ལས་དང་པོ་པའི་ཆོས་སྣ་བདུན་དང་བཅས་པ། པོད་དམར། པོད་ཁྲ། པོད་ནག །མངོན་རྟོགས་ལུས་དཀྱིལ་དཀྱིལ་ཆོག་བཅས་བྱ་བྲལ་མ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ལྷན་ཐབས་སོགས་


JKT019_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་བཤད་ལ་དགོས་པ་ཆ་ཚང་། བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་མ་ཡིན་པ། རྣལ་འབྱོར་དབང་ཕྱུག་གི་སྲུང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱིན་རླབས། བླ་མ་རིན་འབྱུང་། ཚར་གསུམ་ཁུག་པ། བརྡ་དོན་གསལ་བ། བརྡ་ཚིག་བརྒྱུད། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། རྟེན་འབྲེལ་གྱི་བྱིན་རླབས། མགོན་རྐྱང་གི་རྗེས་གནང་གི་བར་ཆ་ལག་ཡོངས་སུ་རྫོགས་པ་ཟླ་བ་ཕྱེད་བཞིའི་བར་སྩལ། ཞེས་གསུངས། ཡང་། དེ་ཡང་རྗེ་བླ་མ་འདི་ཉིད་ཀྱི་ཞབས་དྲུང་དུ་ཡུན་དེ་ཙམ་སོང་ཀྱང་ཐུགས་ཅུང་ཟད་ཁྲོ་བའི་རྣམ་འགྱུར་ཙམ་ཡང་མི་དྲན། ཅེས་གསུངས། མཁར་གདོང་དུ་བཞུགས་སྐབས་གཤེད་དམར། འཇིགས་བྱེད། གུར་ཞལ་སོགས་ཀྱི་ལྗགས་བཟླས་ཁ་སྐོང་གི་སྦྱིན་སྲེག་བཅས་གནང་། སོ་དགུ་པར་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ནག་ཟླའི་ཚེས་བཅུ་བཞི་ནས་དུས་འཁོར་དབང་ཆེན་གོང་དཀར་ལུགས་དང་། གཞན་ཡང་རྗེ་འདི་ལས་རྟ་མགྲིན་ཡང་གསང་སོགས་གསན།། ༈ །།རྫོགས་ཆེན་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་ཐུགས་སྲས་འགྱུར་མེད་བཀྲ་ཤིས་རྒྱ་མཚོ་ཞེས་གྲགས་པ་དེ་ནི། ཇིང་གིར་གནམ་གྱི་གདུང་ལས་ཨ་རིང་རྫོགས་ཆེན་བཅོ་བརྒྱད་ཀྱི་བདག་པོ་ཀུན་དགའ་རྡོ་རྗེ་ཞེས་བྱ་བའི་བུ་ཆུང་བ་ཁ་འབར་བས་འབར་ཆུང་ངུ་ཐོགས་པ་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར། next