Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
སྔ་འགྱུར་རྡོ་རྗེ་ཐེག་པའི་ལྷག་པའི་ལྷ་སྤྱི་ལ་འཇུག་པའི་ཕྲིན་ལས་ཀྱི་ཆོ་ག་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་ཟློས་གར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousསྔ་འགྱུར་རྡོ་རྗེ་ཐེག་པའི་ལྷག་པའི་ལྷ་སྤྱི་ལ་འཇུག་པའི་ཕྲིན་ལས་ཀྱི་ཆོ་ག་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་ཟློས་གར།next

སྔ་འགྱུར་རྡོ་རྗེ་ཐེག་པའི་ལྷག་པའི་ལྷ་སྤྱི་ལ་འཇུག་པའི་ཕྲིན་ལས་ཀྱི་ཆོ་ག་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་ཟློས་གར།


JKT021_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྔ་འགྱུར་རྡོ་རྗེ་ཐེག་པའི་ལྷག་པའི་ལྷ་སྤྱི་ལ་འཇུག་པའི་ཕྲིན་ལས་ཀྱི་ཆོ་ག་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་ཟློས་གར་ཅེས་བྱ་བ་བཞུགས་སོ།


JKT021_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་བྷྱ༔ འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་ཡོ་བྱད་འདུ་བྱ་བ་དང་། ཆོ་གའི་སྦྱོར་བའོ། །གཉིས་པ་ལ་བདུན་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་ཡང་ནས་མཱ་ཛཿ རྩ་གསུམ་དུ་འདུས་པའི་མོས་པ་བརྟན་པོས། ཧཱུཾ། བརྒྱུད་པའི་རྩ་བ༔ ༴༴༴ གཉིས་པ་སེམས་བསྐྱེད་པ་ནི། །བདག་གཞན་གཉིས་མེད་དོན་སྒྲུབ་ཕྱིར༔ ༴༴ གསུམ་པ་ཚོགས་བསགས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ༴༴ བཞི་པ་བགེགས་བསྐྲད་པ་ནི། ཧཱུཾ་བླ་མ་རྣམས༴༴༴ ལྔ་པ་མཚམས་བཅད་པ་ནི། ཧཱུཾ་ང་ནི༴༴༴ དྲུག་པ་བྱིན་དབབས་པ་ནི། ཨོཾ་ཧཱུྃ་ཨ་ལ་ལ༴༴༴ བདུན་པ་མཆོད་རྫས་བྱིན་གྱིས་རླབས་པ་ནི། རཾ་ཡཾ་ཁཾ། ཧཱུཾ་


JKT021_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག༴༴༴ གཉིས་པ་དངོས་གཞི་ལ་བདུན་གྱི་དང་པོ་དམ་ཚིག་པ་བསྐྱེད་པ་ནི་རང་རང་གི་གཞུང་ལྟར། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ། དམིགས་མེད༴༴༴ གསུམ་པ་བསྟིམ་ཞིང་བཞུགས་སུ་གསོལ་བ་ནི། ཨོཾ་ཡེ་ཤེས་སྐུ་མཆོག༴༴༴ བཞི་པ་ཕྱག་འཚལ་བ་ནི། བརྗོད་མེད་ཤེས་རབ༴༴༴ ལྔ་པ་མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་དངོས་སུ་ཕྱི་ཡི་མཆོད་པ། འབྱོར་དང་༴ དྲུག་པ་བསྟོད་པ་བྱ་བ་ནི། ཧཱུཾ་ཆོས་སྐུ་ནམ་མཁའ་མཉམ་ཉིད་དག་པ།༴༴༴ རྒྱས་པར་སྤྲོ་ན་བཀའ་གཏེར་སྤྱི་ལྟར་རོ། །བདུན་པ་ཛབ་བསྙེན་སྒྲུབ་ལས་གསུམ། བཟླ་བ་ལ་ཛཔྲ་བསྐུལ་དང་། བཟླས་དམིགས་སྤྱི་ཁྱབ། ཛབ་ཁང་དབྱེ་བ། སྟོང་ཚིག་གི་མཆོད་བསྟོད་བུམ་བཟླས།


JKT021_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་སྒྲུབ་པ་བཅས། གཏོར་བསྔོ། རིགས་མེ། ཡན་ལག་ཏུ་ཚོགས་ཀྱི་མཆོད་པ་ལ། བྱིན་རླབས་དྲག་དམར་ལྟར། སྤྱན་འདྲེན། ཨོྃ། བསོད་ནམས་ཡེ་ཤེས༴ ཚོགས་ཕུད། ཐ་མ་བསྒྲལ་སྟབས་བཅས་རྡོར་སེམས་ལྟར། དགོངས་འདུས་བསྐང་བསྡུས། ཚོགས་ལ་རོལ་པ་སྤྱི་ལྟར། ལྷག་མ་རྡོར་སེམས་ལྟར། རྩ་བ་གསུམ་གྱི་སོགས་བསྐུལ་བ། གཏོར་འབུལ། ཆད་ཐོ་དང་བརྟན་མ། །གཏོར་མནན་བཅས་དྲག་དམར་ལྟར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། དང་པོ་གཏང་རག་གི་མཆོད་བསྟོད། ཕྱི་ཡི་མཆོད་པས་དང་བར་སྣང་ཁེངས། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཆོག །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་དུ་དགྱེས་ཤིང་བཞེས་སུ་གསོལ། གཉིས་པ་དངོས་གྲུབ་བླངས་པ་ནི། བདེ་གཤེགས་ཀུན་འདུས་ཡི་དམ་དཀྱིལ་འཁོར་ལྷ་། གློག་ལྟར་མྱུར་བའི་སོགས། གསུམ་པ་བཟོད་པར་གསོལ་བ་ནི། མ་རྙེད་ཡོངས་སུ་སོགས། བཞི་པ་མདུན་བསྐྱེད་ཀྱི་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ། ལྔ་པ་རྟག་ཆད་ཀྱི་མཐའ་བསལ་བ། སྣོད་བཅུད་འོད་ཞུ་སོགས། དྲུག་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་སོགས། བདུན་པ་ཤིས་པ་བརྗོད་པ་ནི། ཨོཾ་བྱིན་རླབས་སོགས་སོ། ཧཱུྃ། གདོད་ནས་གཉིས་མེད་


JKT021_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་ངང་ཉིད་ལས། བློ་སྦྱོང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས། ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ། དུ་མར་སྣང་ཡང་རོ་གཅིག་བརྟན་པར་བཞུགས། ཀཱ་ཡ་ཝ་ཀྲ་ཙིཏྟ་ཏིཥྛ་བཛྲ་ལྷན། ཧཱུྃ༔ བླ་མ་ཡི་དམ་ཀུན་འདུས་ཐུགས་རྗེ་ཆེན་པོའི་ལྷ་ཡི་ཚོགས། ཞི་ཁྲོ་ཌཱ་ཀིའི་ཚོགས། རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱིས་ཕྱག །རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར། སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ། ན་མོ་པུ་རུ་ཤ་ཡ་ཧོ། །ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུཾ་བྷྱོ། །མཉམ་ཉིད་དག་པ་རྒྱལ་བའི་ཡེ་ཤེས་སྐུ། །རྩོལ་མེད་རང་བྱུང་ཨ་ལི་ཀ་ལིའི་སྒྲ། །རྟོག་མེད་སྤྲོས་བྲལ་འོད་གསལ་ཐིག་ལེའི་ཐུགས། །རྩོལ་བ་བྲལ་བ་ལྷུན་གྲུབ་ཡོན་ཏན་གཏེར། ༈ །རང་བཞིན་མ་ངེས་ཕྲིན་ལས་ལྷུན་གྱིས་གྲུབ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་བསྟོད། ༈ བསྐྱེད་བསྙེན་རྫོགས། སྒྲུབ། ལས། ཕྱི་མར། རྩ་བ་དང་། ཡན་ལག །དང་པོ་ལ་རྒྱུན། དུས། ཁྱད་པར། ཕྱི་མ་ལ། ཐུགས་སངས་གྲོལ་ཏིང་འཛིན། གསུང་ཉེར་གཅིག་རིག་པ། སྐུ་འཁོར་ཉེར་གཅིག་ལོ། ཟ་རྡོར། ཡིག །སྔགས་ཁྲུས་གྲོལ། རྟེན་འབྲེལ། ཨོ་རྒྱན། རྫས། མ་ཤ། བཅུད་ཆོས། ལེན་རྣམས་སོ། ༈ དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་བ་ལ་བརྟེན་ནས་སྡིག་པ་བཤགས་པའི་ཆོ་ག་ལ་གསུམ། སྦྱོར་


JKT021_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བ། དངོས་གཞི། རྗེས་སོ། དང་པོ་ནི། དཔྱིད་ཟླ་ར་བ་ལ་སོགས་པ་ཁྱད་པར་ཅན་གྱི་ཟླ་བ་གང་ཡང་རུང་བའི་ཚེས་གཅིག་གི་སྔ་མའི་ཉིན་ཁྲུས་དང་གཙང་སྦྲ་ལ་གནས་པས། དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་ངེས་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་ཉེ་འཁོར་ཐམས་ཅད་དུ་ཕྱག་དར་ལེགས་པར་བྱས་ལ་དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པ་རྒྱ་ཆེར་བཤམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྟེན་དེ་དང་དབྱེར་མེད་དུ་བཞུགས་པར་མོས་ལ་སྙན་གསན་དབབ་པའི་ཚུལ་དུ་ཡན་ལག་བདུན་པ་རྒྱས་པར་བྱས་ལ་དགེ་བའི་སེམས་ཀྱིས་ཉལ་ལོ། །གཉིས་པ་ནི། སང་ཚེས་གཅིག་གི་ནངས་པར་སྔ་བར་ལྡང་སྟེ་མཆོད་པ་བཤམ། ཁྲུས་དང་གཙང་སྦྲ་ལ་གནས་པས་རྟེན་གྱི་སྤྱན་སྔར་འཁོད་དེ། སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ། ཐེག་པ་ཆེན་པོའི་གསོ་སྦྱང་བླངས། བདེན་པའི་སྟོབས་བརྗོད་པས་གནས་དང་མཆོད་པའི་ཡོ་བྱད་རྣམས་བྱིན་གྱིས་བརླབ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པའམ་ཐ་མལ་གྱི་རྣམ་པས་ཀྱང་རུང་སྟེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སེམས་མངོན་དུ་བྱས་ཏེ། འདུན་པ་རྩེ་གཅིག་པས། སྤོས་བཏུལ་ལ་སྙན་པའི་དབྱངས་དང་བཅས། མ་ལུས་སེམས་


JKT021_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་སོགས་ཀྱིས་སྤྱན་དྲངས་བས། སྨོན་ལམ་དང་ཐུགས་རྗེའི་མཐུ་ཐོགས་པ་མེད་པས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་སྐྱོང་པའི་ཚོགས་དང་བཅས་པ་སྐད་ཅིག་གིས་མངོན་སུམ་དུ་གཤེགས་ཏེ་བདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། སོགས་འབྱོན་ལེགས་གདན་ཕུལ། ཁྲུས་གསོལ་རྣམས་ཚིགས་བཅད་རྐྱང་པ་སྤྱི་ལྟར་བྱ། ཐལ་མོ་སྤྱི་བོར་སྦྱར་བས་བཏུད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་དབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་བདག་ལ་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་ཡོངས་སུ་བཟུང་བར་གྱུར་ཅིག །བདག་ལ་གྲུབ་པ་དང་མཆོག་སྩོལ་ཅིག །ཅེས་ལན་གསུམ་གྱིས་བདག་དབུལ། དེ་ནས་སྡིག་པ་བཤགས་པ་སོགས་དམ་ཚིག་གསུམ་བཀོད་པའི་རྟོགས་པ་ལས་འབྱུང་བ་ལྟར་རམ། སྤྱི་ཙམ་དུ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ལན་གསུམ་བྱ། སངས་


JKT021_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། སྨོན་ལམ་གྱི་སྟོབས་དང་། གཟུངས་སྔགས་ཀྱི་མཐུ་ལ་ལྷག་པར་དད་པའི་དྲན་པ་མངོན་ཏུ་བཞག་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་། སྨོན་ལམ་གྱི་སྟོབས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་བདག་གིས་དེ་བཞིན་གཤེགས་པའི་སྙིང་པོ་འདི་བཟླས་པས་འཁོར་བར་གྱུར་བའི་ཉོན་མོངས་དང་སྡུག་བསྔལ་བ་ཨིལ་སོགས་པ་རབ་ཏུ་སྤང་བ་དང་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་སྨོན་པའི་སེམས་རྩེ་གཅིག་པས། ན་མ་སྦེ་ཡ་དྷཱི་ཀ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བཱ་སྟི་དྷརྨ་ཏཱ་བ་ལི་ནཱཾ། ཨོཾ་ཨ། ས་མ་ས་མ་ས་མནྟ་ཏོ། ཨ་ནནྟ་བཱ་སྟི། ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎི་བི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ཎ་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་ར་སྭཱ་ཧཱ། ཞེས་པ་རྒྱ་རྩ་བརྒྱད་དག་པར་བཟླས་ཏེ་ལངས་ལ། བསྐོར་བའི་སྔགས་སྔོན་ཏུ་འགྲོ་བས་གཟུངས་འདི་ཉིད་བཟླ་བཞིན་ཏུ་རྟེན་ལ་བསྐོར་བ་བྱའོ། །དེའི་ཚེ་མདུན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙུག་ཏོར་དང་སྨིན་མཚམས་ནས་འོད་ཟེར་མཐའ་ཡས་པ་འཕྲོས། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས། །


JKT021_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སླར་འདུས་རང་ལ་ཐིམ་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་ཏེ་རྒྱུད་བྱིན་གྱིས་བརླབ་པར་བསམ་ལ། ཇི་སྲིད་ངལ་བར་མ་གྱུར་གྱི་བར་དུ་བཟླས་བརྗོད་དང་བསྐོར་བ་བྱའོ། །ངལ་ན་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་སྟེ། རྟེན་གྱི་དྲུང་དུ་འཁོད་ལ་བུམ་པའི་ཕྱག་རྒྱ་བཅས། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་ཞི་བའི་དངོས་གྲུབ་ཀྱི་དོན་ཏུ་བཅོམ་ལྡན་འདས་ལ་འབུལ་ལོ། །འཕགས་པ་ཁྱེད་ཀྱིས་བདག་ལ་སྡིག་སྒྲིབ་ཐམས་ཅད་ཞི་བའི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་གསོལ་བས་གནང་བ་བྱིན་པར་བསམ། བུམ་པའི་ཕྱག་རྒྱུ་ནི་སྲིན་ལག་སོ་སོའི་རྒྱབ་ཏུ་གུང་མོ་སྦྱར། དེ་གཉིས་གཡས་པའི་རྒྱབ་གཡོན་པའི་མདུན་དུ་སྦྱར་ཏེ་བསྣོལ། གཡས་གཡོན་གྱི་འཛུབ་མོས་སོ་སོའི་གུང་སྲིན་ལ་འཁྱུད། མཐེ་བོང་གཉིས་འཛུབ་མོའི་ཚིགས་དབུས་མ་ལ་བཞག །མཐེའུ་ཆུང་གཉིས་གཤིབ་སྟེ་བསྒྲེང་བའོ། །དེ་ནས་ཡན་ལག་བདུན་པ་བྱ། མདུན་གྱི་ལྷ་རང་བཞིན་གྱི་གནས་སུ་གཤེགས་པའམ། མི་དམིགས་པར་བློ་བཞག་སྟེ། གོང་གི་སྨོན་ལམ་དང་། གཞན་ཡང་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །དེ་ལྟ་བུའི་རིམ་པས་ཐུན་གསུམ་མམ་བཞི་


JKT021_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས། ཐུན་མཚམས་སུ་མཎྜལ་སོགས་དགེ་བའི་ལས་ཅི་འགྲུབ་དང་། ཁྱད་པར་སྡོང་པོ་བཀོད་པ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་ཀློག །ཉལ་བའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབ་པ་དང་། བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་སྩོལ་ཅིག །རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་ལ་ཆོས་ཀྱི་འདུ་ཤེས་ཀྱིས་ཉལ། ལྡང་བ་ན་སྙིང་རྗེ་ཆེན་པོའི་འདུ་ཤེས་ཀྱིས་ལངས་ཏེ་སྔ་མ་ལྟར་བྱའོ། །དེ་ལྟར་ཚེས་གཅིག་ནས་བཅུའི་བར་ཉིན་དང་མཚན་ཏུ་འབད་པ་ཆེན་པོས་གཟུངས་སྔགས་འབུམ་ཕྲག་གཅིག་བཟླ་བ་ནི་བསྙེན་པའོ། །བསྙེན་པའི་སྐབས་འདིར་རྟེན་ལ་བསྐོར་བ་མ་གྲུབ་ཀྱང་འགལ་བ་མེད་དོ། །དེ་ནས་ཚེས་བཅོ་ལྔའི་ཉིན་མོ་བསྐོར་བ་དང་བཅས་པས་སྔགས་སྟོང་ཕྲག་བརྒྱད་བཟླ་བ་ནི་བསྒྲུབ་པའོ། །དེའི་མཚན་ཐོག་ཐག་ཏུ་བཟླ་བ་ནི་ལས་སྦྱོར་ཏེ། ཐོ་རངས་ཀྱི་དུས་སུ་དངོས་སམ་རྨི་ལམ་དུ་སྡིག་པ་དག་པའི་རྟགས་མཐོང་བ་ནི་ངེས་པའོ། །དེ་དག་གི་སྐབས་ཅི་རིགས་པར་མདུན་གྱི་རྟེན་ལ་ཁྲུས་གསོལ་བའི་ཁྲུས་ཆུས་བདག་གཞན་ལ་ཁྲུས་བགྱིས་པས་སྡིག་པ་བྱང་བར་འགྱུར་རོ། །གསུམ་པ་རྗེས་ནི།


JKT021_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་དྲུག་གི་ཉིན་མོ་ཡན་ལག་བདུན་པ་སོགས་གཏང་རག་གི་མཆོད་པ་རྒྱ་ཆེར་བྱ་ཞིང་སྨོན་ལམ་རྒྱས་པར་གདབ། རྟེན་གྱི་དྲུང་དུ་དྲི་ཞིམ་པོའི་ཤིང་ལ་མེ་སྦར་ཏེ། ཀུ་ཤའི་ཆུས་བསང་ཞིང་ཨ་མྲྀ་ཏེ་བརྗོད། མ་ལུས་སེམས་ཅན་སོགས་ཀྱིས་རྟེན་གྱི་ལྷ་ཐབ་ཏུ་སྤྱན་དྲངས་ལ། ཡམ་ཤིང་དང་། མར་དང་། ཏིལ་རྣམས་གཟུངས་སྔགས་ཁོ་ནས་བརྒྱ་རྩ་བརྒྱད་ཕུལ་ལ་སྡིག་སྒྲིབ་ལྷག་མེད་དུ་བྱང་བར་གསོལ་བ་གདབ། སླར་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམས་ལ་མཆོད་ཅིང་ཕྱག་འཚལ། མེ་ཏོག་ལ་སོགས་པའི་མཆོད་རྫས་དམན་པ་རྣམས་ཀྱང་མེར་བསྲེགས་ཏེ་ཐལ་བ་ཆུ་ཀླུང་ཆེན་པོར་དོར། ལས་ཀྱི་རྗེས་མི་མངོན་པར་བྱ། སྤྱིར་རྟེན་ལ་ཕུལ་བའི་མེ་ཏོག་རྙིང་པ་གཙང་སྦྲ་དང་བཅས་ཏེ་བཅང་ལ། ཆར་མི་འབབས་པའི་དུས་སུ་དྲི་ཞིམ་པོའི་མེ་ཏོག་དཀར་པོ་གཞན་དང་བཅས་ཆུ་ཀླུང་ཆེན་པོར་དོར་ཞིང་སྨོན་ལམ་གདབ་པས་ཆར་འབབ་པ་དང་། ཆར་ཧ་ཅང་ཆེ་ན་བ་ལང་གི་ལྕི་བའི་མེ་ལ་བསྲེག་པས་ནམ་མཁའ་དྭངས་པ་དང་། འབྱུང་པོས་ཟིན་པ་ལ་གུ་གུལ་དང་བཅས་ཏེ་བདུག་པས་བྱེར་བ་དང་། དུད་འགྲོ་སོགས་དམན་པའི་སེམས་ཅན་འཆི་བའི་ཚེ་དུད་པས་བདུག་ན་མཐོ་རིས་སུ་སྐྱེ་བ་སོགས་ལས་ཀྱི་རིམ་པ་ཅི་ཡང་འགྲུབ་པར་འགྱུར་རོ། །སྦྱིན་སྲེག་གི་ཚེ་ནའང་།


JKT021_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཞི་བར་འདོད་ན། གང་ན་བའི་གཉེན་པོའི་སྨན་ནམ་སྨན་དེས་བསྒོས་པའི་མེ་ཏོག་གི་སྦྱིན་སྲེག་བརྒྱ་རྩ་ལ་སོགས་པ་ཕུལ་ན་ནད་ཞི་བས་མཚོན་རྒྱ་ཆེར་རིག་པར་བྱའོ། །འདིའི་གཟུངས་ལས་ཚེས་ལྷགཅིག་ནས་བརྩམས་ཟླ་བ་གཅིག་ཏུ་གསུངས་པ་ནི་ཇི་སྲིད་ཟླ་བ་ཉ་གང་བའི་བར་དུ་སྟེ་དཀར་པོའི་ཕྱོགས་གཅིག་ཞེས་པའི་ཐ་ཚིག་གོ །ཡང་གཞན་ཏུ་ན་ཐུབ་པ་ཆེན་པོའི་སྙིང་པོའི་སྔགས་ལ་བསྙེན་པ་འབུམ་ཕྲག་བཞི་སྔོན་ཏུ་སོང་ནས། རྒྱུད་ལས། དེ་བཞིན་དུ་མཆོད་རྟེན་ལ་བསྐོར་བ་བྱེད་ཅིང་སྟོང་ཕྲག་བརྒྱད་བཟླས་ན་སྡིག་པ་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ཟླ་བའི་དུས་སུ་ཇི་སྐད་བཤད་པའི་སྦྱོར་བ་དང་བཅས་ཉམས་སུ་བླང་བས་སྡིག་པ་ལས་གྲོལ་བ་ནི་མན་ངག་གི་ངེས་པའོ།། ༈ །།སྔགས་སྡོམ་ཕྱིར་བཅོས་ནི། བཀའ་དྲིན་སུམ་ལྡན་གྱི་བླ་མ་སོགས་ཡུལ་གཉན་པ་བཞུགས་ན། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། ཞེས་སྦྱར་བ་འོག་མ་ལའང་འགྲེ། སྤྱི་ལ། རིག་པ་འཛིན་པའི་དགེ་འདུན་པ་རྣམས་སྔགས་ཀྱི་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་སྙན་གསན་དབབ། གཡོན་གྲལ་རྒན་པས། རྡོ་རྗེ་ཐེག་པའི་འདུལ་བ་བཞིན་མཛད་པར་ཞུ། ཞེས་གནང་བ་སྦྱིན། པུས་བཙུགས་ཐལ་སྦྱར་གྱིས་འཁོད་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་།


JKT021_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འཛིན་པའི་དགེ་འདུན་པ་རྣམས་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མི་བསྐྱོད་རྡོ་རྗེ་ཞེས་བགྱི་བ་ལྟ་བུ་སོ་སོའི་གསང་མཚན་སྦྱར། བྱིས་པ་ཉིད་དང་། མི་ཤེས་པ་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་མང་བའི་དབང་གིས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་ལ་སྨོད་པ་ལ་སོགས་པ་རྩ་བའི་ལྟུང་བ་དང་། སྦོམ་པོའི་རྣམ་གྲངས་བརྒྱད་ལ་སོགས་པ་ཡན་ལག་གི་ལྟུང་བ་ལས་གང་དང་གང་བྱུང་བ་དེ་དག །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རིག་པ་འཛིན་པའི་དགེ་འདུན་པ་རྣམས་ཀྱི་མདུན་དུ་མཐོལ་ཞིང་འཆགས་སོ། །མཐོལ་ཞིང་འཆགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། རྒན་གྲལ་གྱི་ཐོག་མས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། གཞོན་པ་རྣམས་ཀྱིས། མཐོང་ལགས། ཡང་རྒན་པས། ཕྱིན་ཆད་ལེགས་པར་བསྡམ་ལགས་སམ། གཞོན་པས། བསྡམ་ལགས། ཞེས་དྲི་བ་དང་ལན་བཏབ་པ་ལན་གསུམ་མཐར། · བཤགས་ཡུལ་གྱིས། ཐབས་ཡིན་ནོ། །འབུལ་བ་པོས། ལེགས་སོ། །ཞེས་བརྗོད། ཕྱག་གསུམ་བྱས་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རིག་པ་འཛིན་པའི་དགེ་


JKT021_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་རྣམས་སྔགས་ཀྱི་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། བཤགས་ཡུལ་གྱིས། རྡོ་རྗེ་ཐེག་པའི་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། ཞེས་ལན་བྱས་ལ་རང་གྲལ་དུ་འཁོད། དེ་ནས་གཡོན་གྱི་རྒན་གྲལ་བ་རྣམས་ལངས་ལ་ཚུལ་ཕྱག་གམ་ཕྱག་དབབ་གསུམ་བྱས་ལ། སྙན་གསན་དབབ་པ་ནས། རྗེས་སུ་ཡི་རང་གི་བར་བཤད་མ་ཐག་མ་ལྟར་བྱའོ། ༧ འདི་ནི་སོ་ཐར་ལྟུང་བ་ཕྱིར་བཅོས་ཀྱི་ཚིག་ཁ་བསྒྱུར་བ་སྟེ། རྒྱུད་ཚིག་དངོས་ཀྱིས་བཤགས་པ་བྱ་བ་སྤྲོ་ན། ཕྱག་དང་སྙན་གསན་དབབ། དགོངས་གསོལ་སྔར་བཞིན་བྱས་ལ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱཻ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ་སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་གསུམ་བརྗོད་ཅིང་། མཐོང་སྡོམ་དང་ཐབས་ལེགས་སོགས་སྔར་བཞིན་བྱ་བ་ཡིན་ནོ། གསུམ་པ་ནི། ཐམས་ཅད་ཀྱི་འདུན་པ་རྩེ་གཅིག་པས། རྒྱས་པར་སྤྲོ་ན། བླ་མ་


JKT021_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། སོགས་ཚང་བར་བརྗོད་པས་མཚོན་ཐུན་མོང་མ་ཡིན་པའི་བསྔོ་སྨོན་རྣམ་དག་གི་རྒྱས་གདབ་ཅིང་། བསྡུ་ན། དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིག་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེ་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པ་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཅིང་། །དཀའ་བ་མེད་པ་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་པར་ཤོག །ཉམས་ཆགས་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོག་པས་བསྐང་། གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱིས་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་། ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་བརྗོད་པས་འགྲུབ་བོ། ༈ །སྒྲུབ་ཐབས་འདོད་འཇོ་དང་རྗེས་


JKT021_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་འཇམ་དབྱངས་སྨྲ་སེང་དཔའ་བོ་བཅུ་གཉིས་ཀྱི་རིལ་བུ་སྒྲུབ་པའི་ངག་འདོན་ནི། གྲུབ་ན་རིལ་བུ་ལ་དམིགས་ཏེ་སྦྱོང་ཁྲུས་སྤྱི་ལྟར་བྱ། གང་ལྟར་ཡང་། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། ལན་ཇི་ལྟར་རིགས་པས་སྐྱབས་སུ་འགྲོ། །ཤེས་རབ་སྙིང་བརྩེ་དང་བཅས་༧ པའི་། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སཾ་ལས་སེང་གེ་སྔོན་པོ་མགོ་བོ་གཡས་སུ་བསྟན་ཅིང་གདོང་གྱེན་དུ་ཕྱོགས་པ། རལ་པ་དམར་སེར་གྲོལ་བ་ཉལ་སྟབས་སུ་གནས་པའི་སྟེང་དུ་པད་ཉི་ལ་གནས་པའི་དྷིཡིག་གུར་གུམ་གཞོན་ནུའི་མདོག་ཅན། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དམར་སེར་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱི་བར་ནས་བྱུང་བའི་ཨུཏྤ་ལའི་སྡོང་བུ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་


JKT021_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་རལ་གྲི་དང་གཡོན་ན་གླེགས་བམ་ཅན། བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་དབུ་སྐྲ་ཟུར་ཕུད་ལྔ་པའི་རྩེ་མོར་ནོར་བུས་སྤྲས་ཤིང་། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་གེ་ལ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་འཛུམ་སྒེག་པའི་ཆ་ལུགས་ཅན་འོད་ཟེར་དམར་པོ་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛས་མདུན་གྱི་ནམ་མཁའ་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཨོཾ་བཛཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་གི་ལྷ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མདུན་གྱི་རིལ་བུ་གདན་འཁོར་དང་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གདན་བྲིས་པ་ཇི་ལྟ་བའི་དབུས་སུ་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རིལ་


JKT021_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྣམས་ཧྲཱིཿཡིག་མཐིང་ཞུན་གྱི་མདོག་ལྟ་བུ་ཡོངས་སུ་གྱུར་པ་ལས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས་ཤིང་། ཞབས་ཙོག་པུའི་ཕྱེད་ཀྲུང་གིས་བཞུགས་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་ཞིང་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱི་བར་ནས་བྱུང་བའི་ཨུཏྤ་ལའི་སྡོང་བུ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་གཡས་ན་རལ་གྲི་དང་གཡོན་ན་གླེགས་བམ་ཅན་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་དབུ་སྐྲ་ཟུར་ཕུད་ལྔ་པའི་རྩེ་མོར་ནོར་བུས་སྤྲས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་འཛུམ་སྒེག་པའི་ཉམས་ཅན། འོད་ཟེར་སྔོན་པོ་འཕྲོ་བ། རྩིབས་བཞི་ལ། ཤར་དུ་ཧཱུྃ་ལས་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ། ལྷོར་བི་ལས་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་བི་ལས་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་བེ་ལས་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་འཛིན་པ། ཐམས་ཅད་ཀྱང་ལྷའི་གོས་དང་ཡ་ལད་མནབས་པ། ཞི་ཞིང་བརྗིད་པའི་ཉམས་དང་ལྡན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་དབུས་སུ་རང་རང་གི་ས་བོན་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་


JKT021_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་མ་སྒྲ་དབྱངས་ལྷ་མོ་འཁོར་དང་བཅས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོ༔ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཨོཾ་བཛཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དབུར་བརྒྱན། དེ་རྣམས་ཀྱི་རྒྱབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་མགྲོན་ཐབས་ཀྱི་ཚུལ་དུ་བཞུགས་པར་གྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་པའི་སྤྲིན་ཕུང་ཡེ་ཤེས་ཀྱི་རྣམ་རོལ་མཁའ་ཁྱབ་ཏུ་འཆར་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། བདག་མདུན་ཐུན་མོང་དུ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། མཆོད་ཡོན་ཇི་སྙེད་ཡོད་པ་དང་། བདག་གིས་གུས་པས་


JKT021_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་པ་འདི། འཇམ་དབྱངས་སྨྲ་བའི་སེང་གེ་དང་། འཕགས་མ་འཁོར་དང་བཅས་ལ་འབུལ། བློ་དང་ངག་གི་དངོས་གྲུབ་སྩོལ། ཨོཾ་ཨཱརྱ་མཉྫུ་བི་སྭ་ར་སྭ་སྟིས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་ལ། པཱཏྱཾ། མེ་ཏོག །པུཉྫུ། བདུག་སྤོས། དྷུ་པེ། སྣང་གསལ། ཨཱ་ལོ་ཀེ། དྲི་མཆོག །གནྡྷེ། ཞལ་ཟས། ནི་བིད། རོལ་མོ། ཤབྡ་ཞེས་སྦྱར་བས་མཆོད། །བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། རང་གི་ཐུགས་ཀར་འཁོར་ལོ་དམར་པོ་རྩིབས་བཞི་པ་དང་། མདུན་གྱི་དབྱངས་ཅན་མའི་ཐུགས་ཀར་པདྨ་འདབ་མ་བརྒྱད་པ། དེ་གཉིས་ཀྱི་དབུས་སུ་རལ་གྲི་ལ་སོ་སོའི་ས་བོན་སྔགས་ཀྱིས་བསྐོར་བ། བདག་མདུན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་གཞལ་ཡས་ཁང་དང་། བཅུད་འཇམ་དཔལ་དང་། དབྱངས་ཅན་མའི་སྐུར་གྱུར། རང་གི་ཐུགས་ཀའི་དྷི༔ལས་འོད་ཟེར་འཕྲོས། ཤངས་བུག་གཡས་ནས་ཐོན། མདུན་གྱི་དབྱངས་ཅན་མའི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཤངས་བུག་གཡས་ནས་བྱུང་། བདག་གི་གཡོན་དུ་ཞུགས་ནས་དྷིལ་ཐིམ་པས་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་


JKT021_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་རྒྱས། སླར་ཡང་འོད་ཟེར་འཕྲོས་པས་འཁོར་གྱི་རྒྱལ་ཆེན་བཞི་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དང་། རང་དང་མདུན་གྱི་ལྷ་མོའི་བར་དུ་འཁོར་བའི་སྔགས་ཕྲེང་ལས་ཤེས་རབ་ཀྱི་བུང་བའི་ཚོགས་དཔག་ཏུ་མེད་པ་འཕྲོས། འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་རིལ་བུ་ལྷར་གསལ་བ་དང་། འཁོར་ལོ་ཁ་སྦྱར་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་གྱུར། ཨོཾ་ཧྲཱིཿདྷིམ་མེ་དཱི་པཾ་སྭ་ར་སྭ་སྟི་མཉྫུཤཱི་ཧཱུཾ་ཧྲཱིཿཔྲཛྙཱ་ཝནྡྷ་ནི་ཧྲཱིཿདྷིསྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་འཇོག་པ་ན། སླར་ཡང་མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བདག་མདུན་གྱི་ལྷའི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཧྲཱིཿདྡྷིམ་མེ་དཱི་པཾ་སྭ་ར་སྭ་སྟི་མཉྫུཤཱི་ཧཱུཾ་ཧྲཱིཿཔྲཛྷ་ཝནྟ་ནི་ཧྲཱིཿདྷིསྭཱ་ཧཱ། ཨི་དཾ་བ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་འབུལ། མཆོད་ཅིང་བསྟོད། རྗེ་བཙུན་འཇམ་པའི་དབྱངས་ཡབ་


JKT021_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་སྒྲུབ་པའི་རྫས་འདི་རྣམས་མཐོང་ཐོས་མྱང་རེག་ཐམས་ཅད་གཟུངས་དང་། བློ་གྲོས་དང་སྤོབས་པ་ཟད་མི་ཤེས་པ་ལ་དབང་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་འདོད་དོན་གསོལ། མ་རྙེད་ཡོངས་སུ་མ་ཚང་དང་། ཞེས་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་སངས་རྒྱས་བྱང་སེམས་རྣམས་མཐའ་ནས་རིམ་པར་འོད་དུ་ཞུ་སྟེ་གཙོ་འཁོར་ལྔ་ལ་ཐིམ། དེ་རྣམས་ཀྱང་སྨན་གྱི་རིལ་བུ་འོད་འབར་བའི་རྣམ་པ་མཐོང་ཐོས་མྱང་རེག་ཐམས་ཅད་ལ་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པར་སྩོལ་བའི་ནུས་བྱིན་མཆོག་ཏུ་འབར་བར་གྱུར་པར་བསམས་ལ། བརྟན་བཞུགས་རྒྱས་བསྡུས་གང་རིགས་དང་། ཡེ་དྷརྨཱ་མང་དུ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་པར་བྱ། བདག་གི་ཐུགས་ཀའི་འོད་ཀྱིས་དག་པའི་སྣོད་བཅུད་ཐམས་ཅད་བསྡུས་ནས་རང་ལ་ཐིམ། རང་ཐུགས་ཀའི་འཁོར་ལོ་ས་བོན་གྱི་བར། དེའང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ། སླར་ཡང་ནམ་མཁའ་ནས་དྷིཡིག་གི་རང་སྒྲ་གྲགས་པའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུར་གྱུར། དགེ་བ་འདི་


JKT021_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མྱུར་དུ་བདག །འཇམ་དཔལ་ཡབ་ཡུམ་འགྲུབ་གྱུར་ནས། ཞེས་སོགས་བསྔོ་སྨོན་ཇི་ལྟར་རིག་པ་དང་། ཆེ་བའི་ཆེ་མཆོག་ལྟ་བུའི་ཤིས་བརྗོད་གང་རུང་བྱའོ། ༈ །སྒྲུབ་ཐབས་འདོད་འཇོ་དང་འབྲེལ་བར་དབྱངས་ཅན་རིལ་བུ་སྒྲུབ་པའི་ངག་འདོན་ནི། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། སྦྱོང་ཁྲུས་རྒྱས་པར་བྱ་བའམ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། །སྟོང་པའི་ངང་ལས་མདུན་དུ་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བསྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས། འོ་མའི་རྒྱ་མཚོ་དཀར་ལ་དྭངས་བའི་ནང་དུ་པཾ་ལས་པདྨ་དཀར་པོའི་སྡོང་བུ་འདབ་མ་རྒྱས་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིལ་བུ་རྣམས་ཧཱུྃ་དཀར་པོ་ལས། ཞེས་པ་ནས། རང་བཞིན་མེད་པའི་སྐུར་གྱུར། རང་གི་ཐུགས་སྲོག་ལས་འོད་ཟེར་དཀར་པོ་འཕྲོས། སྣ་བུག་གཡས་ནས་ཐོན་སོགས་ནས། བི་ལེ་པ་ནི་ཧཱུྃ། ཞེས་པའི་བར་སྒྲུབ་ཐབས་ལྟར། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་པའི་སྤྲིན་ཕུང་ཡེ་ཤེས་ཀྱི་རྣམ་རོལ་མཁའ་ཁྱབ་ཏུ་འཆར་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་


JKT021_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ། རབ་བྱམས་རྒྱ་མཚོ་དཔག་མེད་ན། མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། འཕགས་མ་སྒྲ་དབྱངས་ལྷ་མོར་འབུལ། བློ་དང་ངག་གི་དངོས་གྲུབ་སྩོལ། ཨོཾ་སྭ་ར་སྭ་སྟི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། པཱཏུཾ། མེ་ཏོག །པུཝེ། བདུག་སྤོས། དྷཱུ་པེ། སྣང་གསལ། ཨཱ་ལོ་ཀེ །དྲི་མཆོག །གནྡྷེ། ཞལ་ཟས། ནེ་ཝིད། རོལ་མོ། ཤཔྡ་ཞེས་སྦྱར་བས་མཆོད། སྤྲོ་ན། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། འཕགས་མ་འཁོར་དང་བཅས་པ་མ་ལུས་ལ། བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། མོས་བློས་སྒྲ་དབྱངས་ལྷ་མོར་བདག་འབུལ་ན། བཞེས་ཀླུ། ཤིང་བློ་དང་ངག་གི་དངོས་གྲུབ་སྩོལ། ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། རྒྱལ་བའི་ཡུམ་མཆོག་སྒྲ་དབྱངས་ལྷ་མོ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། ཨོཾ་ཨཥྚ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བྲམ་ཟེ་ཕུར་བུས་མཛད་པ་སོགས་བསྟོད་པ་རྒྱས་བསྡུས་ཇི་ལྟར་རིགས་པས་བསྟོད། །


JKT021_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཐག་བླངས་ལ། རིལ་བུ་ལྷ་མོར་གསལ་བའི་ཐུགས་ཀར་དབྱངས་ཅན་གྱི་འཁོར་ལོ་པདྨ་འདབ་བརྒྱད་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧཱུཾ། འདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ་དབྱངས་ཀྱི་ཡི་གེ་གཉིས་གཉིས་འཁོད་པ་མར་མེའི་ཕྲེང་བ་ལྟར་འབར་བ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་གྱི་ལྷ་མོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ། མཁྱེན་བརྩེ་ནུས་པའི་ཡེ་ཤེས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པར་གྱུར། ཧྲཱི་ཞེས་ཅི་ནུས་དང་། ཐུན་མཐར་དབྱངས་གསལ་དང་། ཨོཾ་ཧྲཱི་མ་ཧཱ་མཱ་ཡཱངྒེ་མ་ཧཱ་ས་ར་སྭ་སྟྱཻ་ན་མཿ ཞེས་དང་། ཨོཾ་བཱ་གྷ་དི་ནི་བཱ་ཙརྱ་ནི་ཡཙྪ་སྭ་ར་སྭ་སྟི་མ་ཧཱ་ཤྲཱི་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་བཟླས། རྗེས་གནང་གི་སྐབས་ལྟར་གཏོར་མ་གསུམ་ཕུལ། ལྷག་ཆད་ཁ་སྐོང་། བཟོད་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་བྱ། ཐུན་ཕྱི་མ་རྣམས་ལ་མདུན་བསྐྱེད་སྔར་ཡོད་གསལ་གདབ་ཀྱི་ཚུལ་དུ་བསྐྱེད་ལ་ཇི་


JKT021_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བཤད་པ་བཞིན་ཉམས་སུ་བླངས་ཏེ། དེ་ལྟར་རྨི་ལམ་སོགས་རྟགས་མཚན་དགེ་བ་མཐོང་བའི་བར་དུ་བསྒྲུབ། ཐུན་ཐ་མར་གཏོར་མ་ཕུལ་བའི་རྗེས་སུ། དབྱངས་ཅན་མ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་སྨན་གྱི་རིལ་བུ་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པར་སྟེར་བའི་ནུས་བྱིན་དང་ལྡན་པར་གྱུར། རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་གི་ཆར་ཕབ་ལ་ཤིས་པ་བརྗོད། གཏོར་མགྲོན་རྟེན་མེད་ན་གཤེགས་སུ་གསོལ་བ་སོགས་སྐབས་དང་སྦྱར། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། སོགས་དགེ་བ་བསྔོ། ཆེ་བའི་ཆེ་མཆོག་ལྟ་བུའི་ཤིས་བརྗོད་གང་ཟླརིགས་བྱའོ། ༈ །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་ངག་འདོན་ནི། བདག་དང་འགྲོ་བ་སོགས་སྐྱབས་འགྲོ་ཅི་ནུས། བླ་མ་དང་དཀོན་མཆོག་རིན་པོ་ཆེ། སོགས་ལན་གཅིག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་སོགས་ནས། དབང་ཕྱུག་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ སངས་རྒྱས་ཐམས་ཅད་སོགས་ནས། དབང་ཕྱུག་ལ་སངས་རྒྱས་དང་


JKT021_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ནས། ནེ་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་བར་གོང་ལྟར། ཛཿཧཱུྃ་སོགས་ནས། །རིགས་ལྔ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་པུབྦེ་ཨཱཿཧཱུྃ་སྭཱ་ཧཱ་ནས། ནེ་ཝིདྱེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་གཤེགས་པ་སོགས་ནས། ཚུར་འདུས་ཧྲཱིཿལ་ཐིམ། ཞེས་བརྗོད་ཅིང་བསམས་ལ་སེམས་བཟུང་། དེ་ནས་བཟླས་པ་བྱ་བ་ནི། སླར་ཡང་རང་གི་ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བ་གཡས་བསྐོར་དུ་འཁོད་པ། དེ་ལས་ཐུགས་རྗེ་སོགས་ནས། །ཧྲཱིཿལ་ཐིམ། ཅེས་དམིགས་ལ་གཟུངས་བཟླ། མཇུག་དུ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་མཆོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གིས་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་མཇུག་ཏུ། མ་འབྱོར་པ་དང་སོགས། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཛ་རི་ཛ་རི་ཛ་རི། མདུན་གྱི་ཡེ་ཤེས་པ་རང་བཞིན་


JKT021_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་སུ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པའི་དཔྲལ་བ་ཨོཾ་སོགས་ནས། སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་སོགས་དང་། གཞན་ཡང་བདེ་ལེགས་ཤིས་བརྗོད་ཅི་རིགས་པ་བྱའོ། ༈ །མཚམས་སྡོད་སྐབས་ཟླ་བ་གསུམ་གྱི་དབང་དུ་བྱས་ན་དཀྱིལ་འཁོར་དང་པོ་སྔ་དྲོ་གནས་ཁང་ཕྱག་དར་བྱ། ཐུགས་རྗེ་ཆེན་པོའི་སྐུ་དངོས་པོ་ཡོད་ན་ཡི། དགྲམ། བྱ་རྒྱུད་ལུགས་ཀྱི་ཟླུམ་གཏོར་དཀར་པོ་དང་། མཆོད་པ་བཤམས། ཕྱི་དྲོའི་སྐབས་བདག་མེད་པའི་ངང་ནས་ཆ་གསུམ་གཏོར་མ་བཏང་ལ་མཚམས་བཅད། ཐུན་བཞི་བྱ། སྔ་ཐུན་གྱིས་མཇུག་ཏུ། རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་གྱུར། ཅེས་བརྗོད་པའི་མཚམས་གཏོར་མ་ལ་ཆབ་བྲན། སྭ་བྷཱ་ཝ་སོགས་ནས། ནམ་མཁའ་དང་མཉམ་པར་གྱུར། རང་ཉིད་དམ་ཚིག་ནས། བདུད་རྩི་བཀུག་ཏེ་གཏོར་མ་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་གསུམ། རང་གི་སྙིང་གའི་འོད་ཟེར་སོགས་ནས། ཤྲ་མ་ཎཿ ཞེས་བརྗོད་ལ་གཏོར་མགྲོན་རྣམས་མི་དམིགས་པར་བཞག ༈ །རང་གི་དཔྲལ་བ་ཨོཾ་སོགས་དཀྱུས་ལྟར་རོ། །དེའང་ཉི་མ་གསུམ་ཙམ་ལ་སྐྱབས་འགྲོ་བཞི་བསྐོར་གྲངས་གསོག་ནས་ཁྲི་ཙམ་སོགས་གང་འགྲུབ་བྱ། དེ་ནས་དངོས་


JKT021_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཐུན་རེར་གཟུངས་ཐུང་སྟོང་ཕྲག་རེ་དང་སུམ་བརྒྱ་ཙམ་གང་འོས་བཟླས་པས་ཟླ་བ་གཉིས་ཀྱི་འབུམ་ཕྲག་གསུམ་འགྲོ་བ་ཡིན། དེ་མཚམས་ཀྱི་སོང་ཚུལ་བཞིན་ཏུ་ཤེས་ལ་སྨྱུང་གནས་ཆ་བདུན་ལ། ཞག་ཉེར་གཅིག །དེ་ནས་བདག་བསྐྱེད་ཀྱི་བཟླས་པ་ཅུང་ཟད་རྗེས་ཡིད་བཞིན་འཁོར་ལོའི་གཟུངས་རིང་སྟོང་ཕྲག །སྙིང་པོ་དང་། ཉེ་སྙིང་ཅི་ནུས། ཕར་ཕྱིན་དྲུག །ས་བཅུ། སྒོ་མཐའ་ཡས་པའི་གཟུངས་རིང་ཅི་ནུས་བཅས་གང་ལྟར་ཡང་ཞག་གསུམ་ཙམ་དུ་དག་པར་འདོན་ལ་གཟའ་སྐར་ཚེས་གྲངས་ལེགས་པའི་སྐབས་སུ་སྔ་དྲོ་ལ་མཚམས་གྲོལ་ལོ། །མངྒ་ལཾ། ༈ །བཅུ་གཅིག་ཞལ་གྱི་བསྙེན་པའི་སྐབས་སུ་གཟུངས་རིང་ཚར་བདུན་གྱིས་ཐོག་དྲངས། ཏདྱ་ཐཱ། ཨོཾ་དྷ་ར་སོགས་འབུམ་ཕྲག་དྲུག་བསགས་པ་ནི་བསྙེན་པ་དང་། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་གཟུངས་སྟོང་ཕྲག་གྲུབ་ཀྱང་ལེགས་ལ། དེ་བཞིན་དུ་ཐུན་མཚམས་སོགས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་བཅུ་པ་དང་། སྣང་མཐའི་གཟུངས་སོགས་ཇི་ལྟར་རིགས་པ་བཟླ་བའང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ལ། དེ་ནས་རྐྱང་ཁུག་སྤེལ་བར་སྨྱུང་གནས་ཞག་ཉེར་གཅིག་ཏུ་བྱེད་པ་ནི་སྒྲུབ་བསྙེན་ནོ། ༈ །གཤིན་པོར་ཆོས་བཤད་སྐབས་སུ། དང་པོ་འོད་གསལ་ངོ་སྤྲད་པ་ནི། འདི་ལྟར་གཉིས་མེད་


JKT021_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ལས། ལུས་ཅན་རྣམས་ནི་ངེས་པར་འཆི་བའི་ཚེ། ས་ནི་ཆུར་ཐིམ་ཆུ་ནི་མེ་ལ་ཐིམ། མེ་ནི་རླུང་ལ་རླུང་ནི་རྣམ་ཤེས་ཐིམ། རྣམ་ཤེས་གཟུང་བ་འོད་གསལ་འཇུག་པར་འགྱུར། ཞེས་པ་ལྟར་འབྱུང་བཞི་རིམ་པར་ཐིམ་ཞིང་སྣང་མཆེད་ཐོབ་གསུམ་གྱི་མཐར་གཞི་ཡི་འོད་གསལ་ཤར་བ་ངོ་སྤྲོད། དེར་མ་བུ་འདྲེས་པའི་ཚེ་ན་དེ་བཞིན་ཉིད་ཀྱི་འཕོ་བའམ། འཆི་བ་ཆོས་སྐུར་སངས་རྒྱས་པའོ། །རླུང་རྣམ་ཤེས་ལ་ཐིམ་པ་ཚུན་འདས་པའི་གདམས་པ་བཏབ་སྟེ། དེ་ཡང་དབང་ཁྲིད་མ་ཐོབ་པ་སོགས་སྤྱི་ལ། བཟང་སྤྱོད་ཀྱི་དོན་སློབ་དཔོན་ཛེ་ཏ་རི་ལས་བྱུང་བའི་སྣང་བ་མཐའ་ཡས་ཀྱི་སྒོམ་དོན་ལྟར་གདམས་ཏེ། དེ་ཡང་སྔོན་འགྲོ་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། དཔལ་ལྡན་བླ་མ་སྟོན་མཆོག་རྫོགས་སངས་རྒྱས། དམ་ཆོས་འཕགས་པའི་དགེ་འདུན་ཐམས་ཅད་ལ། དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ། ལན་གསུམ། འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཕྱིར། བདག་གིས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ། དེ་མི་ཆེད་དུ་བདེ་ཆེན་བགྲོད་པའི་ལམ། སྣང་བ་མཐའ་ཡས་ཏིང་འཛིན་བསྒོམ་པར་བྱ། ལན་གསུམ། ཁྱེད་རང་གནས་པའི་ས་འདི་དག་པའི་ཞིང་། བདེ་བ་ཅན་གྱི་བཀོད་པ་ཕུན་ཚོགས་བསམ། རང་ཉིད་ཐུགས་རྗེ་ཆེ་སོགས་ལྷར་གསལ་བའི། །


JKT021_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་ཡེ་ཤེས་རང་སྣང་རིན་ཆེན་ཁྲི། །པདྨ་ཟླ་བ་བརྩེགས་པའི་གདན་སྟེངས་སུ། །རྒྱལ་བ་སྣང་བ་མཐའ་ཡས་སྐུ་མདོག་དམར། ཞལ་གཅིག་འཛུམ་ཞལ་ཕྱག་གཉིས་མཉམ་བཞག་སྟེང་༔ ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པའི་སྐུ། དར་གྱི་ན་བཟའ་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས་པར་བསྒོམ། དེ་མཐར་བརྒྱུད་པའི་བླ་མ་ཐམས་ཅད་དང་། སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར་བར་གྱུར། ཇི་སྙེད་སུ་དག །སོགས་སམ། ཆོས་སྤྱོད་བཅུ་པ་སོགས་གང་འོས་བྱ། དངོས་གཞི། དེ་ནས་སྡིག་པ་དག་སྙམ་ངེས་ཤེས་བསྐྱེད། ཚེ་འདིའི་ཡུལ་ལ་ཆགས་ཞེན་ཐམས་ཅད་སྤང་། འཆི་ལ་མི་འཇིགས་བདེ་བ་ཅན་གྱི་ཞིང་། ངེས་པར་འགྲོ་སྙམ་གསོལ་བ་འདི་ལྟར་གདབ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཡང་དག་རྫོགས་པའི་སངས་རྒྱས་འོད་དཔག་མེད། བདག་གི་སྡིག་སྒྲིབ་སྦྱངས་ནས་ཁྱེད་ཀྱི་ཞིང་། མྱུར་སྐྱེ་བྱང་ཆུབ་ལུང་བསྟན་ཐོབ་པར་མཛོད། ཅེས་པ་དད་འདུན་དྲག་པོས་གསོལ་བཏབ་མཐར། ཁྱེད་རང་རྣམ་ཤེས་འོད་ཟེར་དཀར་པོའི་གཟུགས། །སྣ་སྒོའི་རླུང་དང་མཉམ་དུ་ཕྱིར་ཐོན་ནས། རྒྱལ་བའི་ཤངས་བུག་ཞུགས་ནས་ཐུགས་ཀར་ཐིམ། རང་སེམས་རྒྱལ་བའི་ཐུགས་དང་དབྱེར་མེད་བསྲེས། །


JKT021_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ནང་འཇུག་དུས་རྒྱལ་བའི་ཐུགས་ཀ་ནས། །འོད་བྱུང་ཁྱོད་ཀྱི་ཁར་ཞུགས་སྙིང་གར་ཐིམ། རྒྱལ་བའི་ཐུགས་དང་རང་སེམས་འདྲེས་པར་བསམ། དེ་འདྲ་དབུགས་ཀྱི་འགྲོ་འོང་ཅི་ནུས་བསྒོམ། །རྗེས་ནི། མཐའ་བསྐོར་བཞུགས་པའི་བླ་མ་རྒྱལ་བ་སྲས། །ཕྱི་ནས་རིམ་ཞུ་འོད་དཔག་མེད་ལ་ཐིམ། །དེ་ཡང་འོད་ཞུ་རང་ལ་རང་ཉིད་ཀྱང་། །འོད་ཞུ་བླ་མ་སངས་རྒྱས་རང་སེམས་གསུམ། །དབྱེར་མེད་འཁོར་འདས་རོ་གཅིག་ངང་དུ་ཞོག །སླར་ཡང་རང་ཉིད་འོད་དཔག་མེད་སྐུར་ལྡང་། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། སོགས་བརྗོད་དོ། ༈ །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག སྐྱབས་གནས་བླ་མ་མཆོག་དང་དབྱེར་མེད་པའི། རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལམ་མཆོག་འཕོ་བ་འབྱོངས་པར །འཁྱུགས་མེད་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། ༈ །གལ་ཏེ་འཕོ་བ་དང་། འོད་གསལ་གྱི་གདམས་པས་མ་ཟིན་ན། འོད་གསལ་ལས་འཁྲུལ་ཏེ་ལུས་སེམས་བྲལ་ནས་སྲིད་པ་བར་དོར་བརྫུས་ཏེ་སྐྱེས་ན་བར་དོའི་ངོ་སྤྲོད་བྱ་བར་བཤད་དོ། ༈ །རྣམ་སྣང་གི་ཕྱག་རྒྱའི་དགོས་པ་ནི། ལུས་ཀྱི་གཡོན་ན་བྱང་སེམས་འབབ་པའི་རྩ་


JKT021_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། དེ་མཚོན་པས་གཡོན་པའི་འཛུབ་མོ་བསྒྲེང་བ་ཡིན་ལ། བྱང་སེམས་དེ་ཉིད་ཕྱིར་མི་འཕོ་བར་ལུས་ཀྱིས་རྟག་ཏུ་འཆིང་བར་བྱེད་པ་མཚོན་ཕྱིར་གཡས་པའི་ཁུ་ཚུར་གྱིས་དེ་བཅིང་བར་བྱེད་པའི་དོན་ཏོ། །ཞེས་ལམ་འབྲས་བླ་མ་རིགས་ལྔར་སྒོམ་པའི་ཟིན་བྲིས་ལས་བཤད་དོ། །ཀླུ་གཏོར་ལས། ཡུལ་གྱི་དབང་པོ་སྣ་ཚོགས་སུ་སྣང་བ་ཞེས་པ། ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་བ་ཞེས་དཔེར་ན་ཤེལ་གྱི་ལུས་ལྟ་བུའོ། ༈ །དམ་པའི་ཆོས་བསྒྲགས་པ་རྣམས་ཀྱིས། སྦྱོར་བ་སྐྱབས་སེམས་དང་། ཡན་ལག་བདུན་པ་སྔོན་དུ་འགྲོ་བ་དང་ཚད་མེད་བཞིས་བསོད་ནམས་ཀྱི་ཚོགས་བསགས། སྭ་བྷཱ་ཝས་གདོད་མའི་སྟོང་ཆེན་གྱི་དོན་དྲན་པར་བྱས་ལ་ཡེ་ཤེས་ཀྱི་ཚོགས་བསགས། དངོས་གཞི། འཁོར་འདས་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། ཡོད་མེད་མཐའ་བྲལ་སྟོང་པའི་ངང་ཉིད་ལས། །མི་འཇིགས་བཞི་ལྡན་གདོང་ལྔའི་དབང་པོ་བརྒྱད། །ཁེངས་པས་རབ་བཏེག་བཀོད་ལེགས་རིན་ཆེན་ཁྲི། །སྐྱོན་བྲལ་ཆུ་སྐྱེས་འདབ་རྒྱས་ལྟེ་བ་ལ། །དཀར་གསལ་ཀུན་ཕན་རྒྱས་པའི་དཀྱིལ་འཁོར་སྟེང་། བདག་ཉིད་སྐད་ཅིག་གསལ་རྫོགས་བཅོམ་ལྡན་འདས། །ཉི་མའི་རྒྱུད་འཁྲུངས་སྟོན་མཆོག་གསེར་གྱི་མདོག །བཟོད་པ་དམ་པས་རྒྱན་པའི་ཞལ་རས་ལ། །ཉིན་བྱེད་


JKT021_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཀའི་མཛེས་པས་བསྐྲུན་དུ་མེད། །འཇམ་མཉེན་ཕྱག་གཉིས་ཆོས་འཆད་མཉམ་བཞག་དང་། །ཞབས་ཟུང་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུན་མཚམས་དམར་འོད་གསར་བའི་མཛེས་སྡུག་སྟོང་། གཅིག་ཏུ་བསྡུས་འདྲའི་ཆོས་གོས་གསུམ་མཛེས་སྐུ། །མཚན་བཟང་དཔེ་བྱད་སྣང་བས་འཇིག་རྟེན་འགེངས། །ཞལ་འཛུམ་དཀྱུས་རིང་སྤྱན་གྱིས་འགྲོ་ལ་གཟིགས། །འཕགས་དང་སོ་སྐྱེ་སྡེ་༧ བརྒྱད་འདུས་པའི་འཁོར། །ཐམས་ཅད་དགའ་བའི་འཛུམ་བཅས་འདུན་བདར་བ། །སྟོན་ཟླ་རྒྱས་པའི་དཀྱིལ་འཁོར་མི་ལྷུང་ཕྲེང་། །གྲངས་མེད་ཀུན་ནས་བསྐོར་ཞིང་ལྷམ་མེར་བཞུགས། །བདག་གི་སྨིན་མཚམས་ལ་སོགས་སྐུའི་ཆ་ལས། །འོད་ཟེར་འཕྲོས་པས་སྟོང་གསུམ་འཇིག་རྟེན་ཁམས། །ཁྱབ་པར་སྣང་བྱེད་འོད་དེས་རེག་པའི་མོད། །སེམས་ཅན་དམྱལ་བ་བྱོལ་སོང་གཤིན་རྗེ་ཡི། །འཇིག་རྟེན་རྒྱུན་ཆད་མི་ཁོམ་གནས་བརྒྱད་བྲལ། །བདེ་འགྲོ་ལྷ་མི་རྣམས་དང་སྐལ་མཉམ་གྱུར། །ཐམས་ཅད་དམ་ཆོས་མཉན་ཕྱིར་ལྷ་གནས་ནི། །དད་དགའ་རྒྱས་པའི་སེམས་ཀྱིས་འཁོད་པར་གྱུར། །བདག་ཉིད་སྟོན་མཆོག་དགྱེས་པའི་ཞལ་སྒོ་ནས། །འཕྲུལ་གྱི་ལྗགས་བརྐྱངས་འོད་ཟེར་གྲངས་མེད་སྤྲོས། །འོད་ཀྱི་རྩེར་བཞུགས་རྒྱལ་བ་བྱེ་བ་ཕྲག །གྲངས་མེད་འཁོར་དབུས་ཆོས་འཁོར་བསྐོར་བར་


JKT021_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཆོས་རྣམས་ཐམས་ཅད་རྨི་ལམ་སྒྱུ་འདྲར་སྣང་། །སྣང་ཙམ་ངོ་བོ་སྐྱེ་འགག་གནས་པ་མེད། །མེད་བཞིན་རང་སྣང་མ་འགགས་ཅིར་ཡང་འཆར། །འཆར་སྒོ་རང་རིག་བརྗོད་བྲལ་ངང་ཉིད་ནས། ལྷ་ཡི་སྐད་དང་། སོགས། བསྟན་ནོ། །ཞེས་བརྗོད་གསལ་དག་སྙན་ལ་མ་ཡེངས་བཟླས། རྗེས་སུ་ཡིག་བརྒྱ་ཚར་གསུམ་གྱིས་ལྷག་ཆད་བསྐང་། དགེ་བ་བསྔོ་ཞིང་སྨོན་ལམ་a གདབ་། ཤིས་པ་བརྗོད་པར་བྱའོ། །ཞེས་པའང་བཀའི་གླེང་གཞི་དང་དགོངས་འགྲེལ་འགའ་ཞིག་གི་དགོངས་པ་དང་མཐུན་པའོ། ཤུ་བྷཾ། ༈ །སྭསྟི་སིདྡྷི། རི་ཁྲུས་སུ་གྲགས་པ་ནི། ཉེ་བར་གནས་པ་དེའི་ཡུལ་ཕྱོགས་སུ་རྟག་ཆགས་ཀྱི་གཞི་བདག་ལ་གྲིབ་འཁོན་ཕོག་པ་སོགས་སྦྱང་བའི་ཐབས་ཚུལ་སྣང་སྟེ། དེ་ལ་སྦྱོར་བ་རྣམ་འཇོམས་སམ་སྨེ་བརྩེགས་གང་རིགས་ཀྱི་ཁྲུས་བུམ་ནུས་ལྡན་དུ་བསྒྲུབས་ནས་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་ལ་མཆོག་ཁྲུས་ཞུས་པའི་བུམ་ཆུ་བླུགས་པས། གང་དུ་བཏང་བའི་ས་བླ་གབ་མེད་པར་ཁྱེར་ལ། དངོས་གཞི། སྐྱབས་སངས་རྒྱས་ཆོས་སེམས་སྔོན་དུ་འགྲོ་བས་རང་ཉིད་ཐུན་མཚམས་ལྷར་གསལ་བཞིན་པའི་ངང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྗོངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་མངའ་བསྒྱུར་བའི་ས་བདག་ཡུལ་ལྷ་གཞི་བདག གནས་བདག་


JKT021_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མར་གནས་པའི་ཟོ་དོར་གཉེན་པོ་ཆེ་གེ་མོ་ཞེས་བྱ་བ། མཆེད་དང་རིགས་སྲས་བཙུན་མོ་བློན་འབངས་འཁོར་དང་ཡང་འཁོར་དུ་བཅས་པ་ཐམས་ཅད་དང་། གཞན་ཡང་མདོ་སྟོད་མདོ་སྨད་ཀྱི་ལྗོངས་ཁོ་ར་ཁོར་ཡུག་གི་ས་ཆུ་རྡོ་ཤིང་གཉེན་པ་རྣམས་ལ་གནས་པ་རྣམས་དང་། ཁྱད་པར་ཕོག་ཐུག་འཁོན་གྲིབ་སོགས་ཀྱི་ཉེས་པས་ཕོག་པ་ཐམས་ཅད་དག་བྱེད་ཁྲུས་ཀྱི་ཆོ་གའི་མགྲོན་འདིར་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདུས་ཤིང་། ཁྲུས་ཀྱི་བྱ་བ་གྲུབ་པའི་བར་དུ་འཁོད་པར་གྱུར་ཅིག །སརྦ་བྷཱུ་མི་པ་ཏི་ལོ་ཀ་པ་ལ་ཨ་ཀརཱ་ཡ་ཛཿ ཞེས་བརྗོད་ཁོར་ཡུག་ཏུ་འཁོད་པར་བསམ། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་དཔལ་སོགས༴ ཧཱུཾ་ཧཱུཾ། འདི་ནི་སྦྱིན་པའི་རང་བཞིན་སོགས། ཁྲུས་ལེགས་མཛད་ཅིང་སྐུ་ཁྲུས་གསོལ། དེ་བཞིན་འགྲེ། ཆུ་བོ་དྲུག་གིས་ཁྲུས་བགྱིས་པས། སོགས་ནས། བགྱིའོ། །སྔགས་གང་ཡིན་མཐར། གཞི་བདག་གནས་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་ཐམས་ཅད། སོགས་སམ། ཡང་ན། སརྦ་པ་པཾ་སོགས་བརྗོད། ཡང་། རྨ་བྱའི་མདངས་ཀྱི་དབུས་སུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་རྡོ་རྗེ་དང་བཅས་པས་


JKT021_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ། སྔགས་དང་། འདོད་གསོལ་མཐར། ཨ་བ་ནཱ་ཡ་སྭཱ་ཧཱ། ཡང་དེ་དག་གི་སྒོ་གསུམ་ཕྱིན་ཆད་བར་ཆད་གང་གིས་ཀྱང་མི་ཚུགས་པའི་ཕྱིར། གཞི་བདག་སོགས་ནས། །རཀྟ་རཀྟ༔ དེ་ནས། ཁྱེད་རང་རྣམས་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་སློབ་དཔོན་དང་ལྷན་ཅིག་ཤིས་པ་བརྗོད་པའི་མོས་པ་མཛོད། གང་ལ་སེར་སྣ་སོགས། བསྡུ་ན་དེ་ཙམ་དང་། སྤྲོ་ན། སླར་ཡང་བདེ་གཤེགས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་སྐྱབས་སེམས་ཀྱི་སྡོམ་པ་འཛིན་སྙམ་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་པདྨ་དང་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བར་དམིགས་པ་སངས་རྒྱས་དཀོན་མཆོག །ཐེག་ཆེན་གྱི་དམ་ཆོས་གླེགས་བམ་བྲག་རི་བརྩེགས་པ་ལྟར་བཞུགས་པ་ཆོས་དཀོན་མཆོག །ཐེག་པ་ཆེན་པོའི་བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དགེ་འདུན་དཀོན་མཆོག་སྟེ། དེ་རྣམས་ལ་འདི་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པོས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གཞི་བདག་གནས་བདག་


JKT021_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་གི་རིགས་སུ་གཏོགས་པ་ཐམས་ཅད་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར༴ ལན་གསུམ་བརྗོད་པས་དེ་རྣམས་ཀྱི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་སྐྱེས་པར་བསམ། སླར་ཡང་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན། སོགས་ནས། བཟུང་སྟེ་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ། ཇི་ལྟར་སོགས། ཞེས་ལན་གསུམ་བརྗོད་པས་བྱང་སེམས་ཀྱི་སྡོམ་པ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། དེ་ནས་རང་དགའ་བ་བསྒོམ་པ་དང་། གཞན་དགའ་བ་སྒོམ་དུ་བཅུག་པ། སྨོན་ལམ་གདབ་པ་རྣམས་དང་། ཁྲུས་གཙང་མགྲོན་དུ་གང་ལྷག་པའི། འབྱུང་པོ་ས་འོག་རྒྱུ་བ་དང་། སོགས་ཀྱིས། སརྦ་བྷུ་ཏ་གཙྪ། བསོད་ནམས་འདི་ཡིས་སོགས་དང་། སྨོན་ལམ་གང་ཤེས་གདབ་བོ། །ལྷ་ཡང་དུས་སུ། འཇིག་རྟེན། དེ་ཡང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་འདི། སེམས་ཅན་ཀུན་གྱིས་ལེགས་ཐོབ་ན། །རྫོགས་པའི་སངས་རྒྱས་རྒྱུར་འགྱུར་ཞེས། མདོ་དང་བསྟན་བཅོས་རྣམས་ལས་གསུངས། ཞེས་སོ། ༈ །བསྙེན་མཚམས་སོགས་ཀྱི་སྐབས་ཆ་གསུམ་རྒྱས་པར་མི་ཤེས་པས། གཏོར་མ་གསུམ་བྲན་ལ། ཨོཾ་ཨཱཿཧཱུཾ། གསུམ་གྱིས་བརླབ། རང་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་


JKT021_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ སྔགས་དེ་མཐར། ཝཱ་ར་ན་མསྶརྦ༴ སོགས་གསུམ། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས། མཆོད་སྦྱིན༴ སྔགས་སྔ་མའི་མཐར། ཝཱ་ར་གཙྪ། འབྱུང་གཏོར་འབྲུ་གསུམ་གྱིས་བརླབ༔ ཨོཾ་མ་ཧཱ་བྷཱུ་ཏ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀར་ཡ་ཛཿ ཨོཾ་མ་ཧཱ༔ ན་མ་སྶརྦ༴ འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །ཆོས་དོན་ལྡན་པ་ལ་གནས་ནས། །ཞི་ཞིང་དུལ་བའི་སེམས་སུ་མཛོད། །བདག་ཅག་བྱང་ཆུབ་མ་ཐོབ་པར། །གེགས་མེད་བར་ཆད་མེད་པ་དང་། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་སྙིང་པོའི་སྟོང་གྲོགས་མཛོད༔ མ་ཧཱ་བྷྲཱུ་ཏ༴ ར་གཙྪ། བགེགས་གཏོར་ནི། ཨོཾ་སརྦ་བིགྷཾཎ་ཊཱཀྐི་ཧཱུྃ་ཛཿ ཨོཾ་སརྦ་བིགྷཎ་ན་ན་མསྶརྦ༴ ༣ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་མཆོད་སྦྱིན་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་སོངས་ཤིག །སརྦ་བིགྷཱན྄་གཙྪ། ཞེས་དང་། དྲག་སྔགས་གང་རུང་གིས་བསྐྲད་དོ། །སུ་ཤུ་བྷ་བཛྲ་མཱུ། ༈ །གོང་མ་ཀུན་བློས་མཛད་པའི་ལན་གཏོར་བཏང་ཚུལ་དང་། འབྱུང་བཞི་དང་སྦྲེལ་ཚུལ་གྱི་ཟིན་བྲིས་དགེ - །ལན་གཏོར་རྐྱང་པའི་ཚེ། སྐྱབས་སེམས་དང་ཚད་མེད་བཞི་སྤྱི་ལྟར་དང་། ཨོཾ་སྭ་བྷཱ་ཝ་སོགས་ནས། མྱུར་དུ་མངོན་པར་རྫོགས་པར་


JKT021_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་བར་གྱུར་ཅིག་པར་གཏོར་མ་བརྒྱ་རྩ་བཞིན། དེ་ནས་མགྲོན་དགུག་པ་ནི། །བདག་ཉིད་སྤྱན་རས་གཟིགས་དབང་གི། །ཐུགས་ཀའི་ཧཱུྃལས་འོད་འཕྲོས་པས། །གཏོར་མགྲོན་ལན་ཆགས་འགུགས་པ་ནི། །བདག་དང་སྦྱིན་བདག་འཁོར་བཅས་ནས། །མི་དང་མི་མིན་ཐམས་ཅད་ཀུན། །མཆོད་སྦྱིན་གནས་འདིར་འཁོད་པར་གྱུར། །དེ་ནས་ཨ་མྲྀ་ཏས་བསང་བ་སོགས་སྦྲེལ། མཐར། ཨོཾ་ཧི་ཏ་སུ་ཁ་བྷ་ཝནྟ་སྭཱ་ཧཱ། ཡེ་དྷརྨཱ་སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་སོགས། མཆོད་སྦྱིན་གནས་འདིར་ནས་པྲ་ཏ་གཙྪ། རང་གི་དཔྲལ་བ་སོགས། སྔོན་པོ། དགེ་བ་འདི་ཡིས་སོགས། བཀྲ་ཤིས་སྨོན་ལམ་གང་ཤེས་བྱའོ། །འབྱུང་བཞི་དང་སྦྲེལ་ཚེ། འགལ་རྐྱེན་བར་ཆད་ཞི་བར་མཛོད། ཅེས་པའི་མཚམས། བདག་ཉིད་དམ་པ་སངས་རྒྱས་ཀྱཻ། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །གཏོར་མགྲོན་ལན་ཆགས་སོགས་གོང་བཞིན་ལ། ཧི་ཏཱ་གུ་ཁ་བྷ་ཝནྟ་སྭཱ་ཧཱ། བར། དེ་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་ལན་འབྱུང་བཞི་ལྟར། གཏོར་མ་གཉིས་མཉམ་དུ་བསྐྱལ་ལོ། །བརྒྱ་རྩ་དང་སྦྲེལ་བ། གཏོར་མ་བརྒྱ་རྩ་ལྷག་མའི་བར་བྱས་ལ། དེ་ནས། བདག་ཉིད་སྤྱན་རས་གཟིགས་དབང་གི་སོགས་གོང་བཞིན་བྷ་ཝནྟ་སྭཱ་ཧཱ་བར། དེ་ནས་ཡེ་དྷརྨ་


JKT021_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྒྱ་རྩའི་མཇུག་ཆོ་ག་དུས་རྒྱུན་ལྟར་བྱ་སྟེ་ཕྱག་ལེན་བདེའོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་སོ། ༈ །ན་མོ་གུ་རུ་པདྨ་ཧེ་རུ་ཀཱ་ཡ། གངས་ཆེན་ཉི་ཤུ་རྩ་གཅིག་གི་ཡུལ་སྐྱོང་མཆོད་པ་ནི། གཏོར་མ་དཀར་དམར་སྐྱེམས་ཕུད་བསང་སོགས་མཆོད་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། རང་ཉིད་པདྨ་དྲག་པོའི་ང་རྒྱལ་དང་བཅས་འདི་ལྟར་གྱེར་རོ། །ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། འོད་ཟེར་ལྕགས་ཀྱུས་གངས་ཆེན་ཉེར་གཅིག་གི །ཡུལ་སྐྱོང་འཁོར་བཅས་སྐད་ཅིག་སྤྱན་དྲངས་ནས། མདུན་དུ་དགྱེས་ཤིང་དུལ་བས་འཁོད་པར་གྱུར། ཧཱུཾ་བྷྱོ། ཐང་ལྷའི་གངས་གནས་རྡོ་རྗེ་འབར་བ་རྩལ། དཀར་སྨུག་ཁ་ཊཾ་མདུང་ཞགས་དགྲ་སྟ་ཐོགས། །རྟ་དཀར་ཆིབས་ནས་བསྟན་པའི་བྱ་ར་མཛད། །ལྷ་ཀླུ་གནོད་སྦྱིན་དྲི་ཟའི་ཚོགས་དང་བཅས། །འདིར་གཤེགས་འདོད་ཡོན་རྒྱ་མཚོའི་མཆོད་པ་བཞེས། །སངས་རྒྱས་བསྟན་སྲུང་བསྟན་དགྲ་ཆོམས་ལ་ཕོབས། །གངས་ཅན་མཐའ་དབུས་ཀུན་ཏུ་བདེ་བ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། ཧཱུཾ་བྷྱོ། ཏི་སེའི་གངས་གནས་རྡོ་རྗེ་གཟི་འབར་རྩལ། །དཀར་སྨུག་བ་དན་རྩེ་གསུམ་གསེར་འཁོར་ཐོགས། །གླང་ཆེན་ཞོན་ནས་བསྟན་པའི་བྱ་ར་མཛད། །ལྷ་ཀླུ་རྒྱུ་སྐར་


JKT021_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་འགྲོའི་འཁོར་དང་བཅས། །འདིར་གཤེགས་འདོད་ཡོན་རྒྱ་མཚོའི་མཆོད་པ་བཞེས། །སངས་རྒྱས་བསྟན་བསྲུང་བསྟན་དགྲ་ཆོམས་ལ་ཕོབས། །གངས་ཅན་མཐའ་དབུས་ཀུན་ཏུ་བདེ་བ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། ཧཱུཾ་བྷྱོ། མང་མཁར་གངས་གནས་ཆེ་བཙན་བདུད་འཇོམས་རྩལ། །དམར་སེར་བདུད་ཆས་འོད་མའི་མདའ་གཞུ་འགེངས། །ཅང་ཤེས་ཞོན་ནས་བསྟན་པའི་བྱ་ར་མཛད། །ཀླུ་བཙན་བྱེ་བ་མང་པོའི་འཁོར་དང་བཅས། །འདིར་གཤེགས་སོགས། །སངས་རྒྱས་བསྟན་སྲུང་༴ །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། བུ་ལེ་གངས་གནས་རྡོ་རྗེ་དཔལ་འབར་རྩལ། །ནག་མོ་མདུང་རྣོན་ཐོགས་ཤིང་ཉི་ཞགས་འཕེན། རྟ་ནག་ཞོན་ནསཟ དྲག་མོ་སྤུན་དགུ་སྡེ་བརྒྱད་ཚོགས་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། སྟར་སྒོ་གངས་གནས་དཔལ་གྱི་རྡོ་རྗེ་རྩལ། །དམར་ནག་བདུད་ཆས་མདུང་རྣོན་ལྕགས་གཞུ་འགེངས། །རྟ་ནག་ཞོན་ནས༴ །གཟའ་བརྒྱད་བདུད་སྲིན་མང་པོའི་འཁོར་དང་བཅས། །འདིར་གཤེགས= །སངས་རྒྱས་བསྟན་སྲུང་ཟ །གངས་ཅན༴ །བཤད་སྒྲུབ༔ ཧཱུཾ་བྷྱོ། ཕོ་མ་གངས་གནས་ངམ་ལྡན་རྒྱལ་མོ་རྩལ། །དཀར་སྔོན་རྡོ་རྗེའི་དབྱུག་པ་པད་ཕྲེང་


JKT021_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས། །འབྲུག་ལ༴ །ལྷ་ཀླུའི་སྨན་མོ་འབུམ་སྡེའི་འཁོར་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། མཁའ་རི་གངས་གནས་མཁའ་སྤྱོད་དཔལ་མོ་རྩལ། དཀར་གསལ་མངའ་དང་དུང་སྐྱོགས་གསེར་བུམ་ཐོགས། རྐྱང་རྒོད་ཞོན་ནས༴ གངས་སྨན་བདུད་བཙན་གཉན་གྱི་འཁོར་དང་བཅས། །འདིར་གཤེགས༔ །སངས་རྒྱས་།བསྟན༴ །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། ཁ་རག་གངས་གནས་རྡོ་རྗེ་ཁྱུང་བཙུན་མ། །སྔོན་མོ་མདའ་དར་འཕྲུལ་གྱི་མེ་ལོང་ཐོགས། །མཁའ་ལྡིང་ཞོན་ནས༴ །གཉན་རྗེ་སྲིན་མོ་ཤ་ཟའི་བློན་འཁོར་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ བཤད་སྒྲུབ༴ ཧཱུཾ་བྷྱོ། རྩེ་དྷུམ་གངས་གནས་རྡོ་རྗེ་བཟང་པོ་རྩལ། །གནོད་སྦྱིན་མཐིང་ནག་བེ་ཅོན་ཞགས་པ་ཐོགས་། །རྒྱ་སྟག་ཞོན་ནས༴ །གདུག་ཅན་དྲེགས་པ་མང་པོའི་འཁོར་དང་བཅས། །འདིར་གཤེགས༔ སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༔ ཧཱུཾ་བྷྱོ། ལ་ཕྱི་གངས་གནས་དགེ་བསྙེན་དགྱེས་པ་རྩལ། །དཀར་གསལ་འཛུམ་མདངས་རྩེ་གསུམ་བ་དན་ཐོགས། སེང་གེ་ཞོན༔ །དགེ་བསྙེན་མཁའ་འགྲོ་ཤུགས་འགྲོའི་ཚོགས་དང་བཅས། འདིར་གཤེགས༴ །སངས་རྒྱས་


JKT021_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན༔ །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། ཚེ་རིང་གངས་གནས་རྡོ་རྗེ་དཔལ་གྱི་རྩལ། །དཀར་དམར་མཛེས་འཛུམ་མདའ་དར་མེ་ལོང་ཐོགས། གངས་སེང་ཞོན༴ །སྨན་མོ་བརྟན་སྐྱོང་ཡ་མའི་ཚོགས་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༔ ཧཱུཾ་བྷྱོ། སྣ་ནམ་གངས་གནས་རྫོང་བདག་དྲག་པོ་རྩལ། །མཐིང་ནག་གཏུམ་རྔམས་རལ་གྲི་རུ་མཚོན་ཐོགས། །ཅང་ཤེས་ཞོན༔ ཀླུ་གཉན་ས་བདག་གནོད་སྦྱིན་འཁོར་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། ཏི་སྒྲོ་གངས་གནས་རྡོ་རྗེ་གཡུ་འབར་རྩལ། དམར་སེར་མེ་ཏོག་ཕྲེང་བ་བཙན་ཞགས་བསྣམ། །ཅང་ཤེས་ཞོན༔ ལྷ་ཀླུའི་སྨན་དང་གིང་བཙན་འཁོར་ཚོགས་བཅས། །འདིར་གཤེགས །སངས་རྒྱས་བསྟན༔ །གངས་ཅན༔ །བཤད་སྒྲུབ༔ ཧཱུཾ་བྷྱོ། བདེ་མཆོག་གངས་གནས་དཔའ་བོ་གསང་བ་འཛིན། །དམར་སེར་རྔམས་བརྗིད་རལ་གྲི་བནྡྷེ་ཐོགས། བ་གླང་ཞོན༔ བཀའ་ཉན་མི་སྲུན་རྫུ་འཕྲུལ་འཁོར་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༔ ཧཱུཾ་བྷྱོ། འོ་དེ་གངས་གནས་རྡོ་རྗེ་རབ་འཇིགས་རྩལ། །དམར་ནག་བཙན་རས་རྡོ་རྗེ་དགྲ་སྟ་ཐོགས། །སྟག་ལ་


JKT021_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན༴ །བཀའ་ཉན་ཀླུ་བདུད་དུ་མའི་འཁོར་དང་བཅས། །འདིར་གཤེགས༔ སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༔ ཧཱུཾ་བྷྱོ། ཤམ་བྷྱོ་གངས་གནས་རྡོ་རྗེ་དཔལ་བརྩེགས་རྩལ། །དཀར་སྨུག་སྲིན་ཆས་རྡོ་རྗེ་མདུང་རྣོན་གསོར། །གཡག་དཀར་ཞོན༔ ལྷ་ཀླུ་མ་མོ་སྨན་ཕྲན་ཚོགས་ཀྱིས་བསྐོར། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ་མིཧཱུཾ་ཧཱུཾ། གསལ་རྗེ་གངས་གནས་རྡོ་རྗེ་ལེགས་གྲུབ་རྩལ། །མཐིང་ནག་ཁྲོ་སྒེག་ཙིཏྟ་བེ་ཅོན་ཐོགས། །འབྲོག་གཡག་ཞོན༴ །གནོད་སྦྱིན་མ་མོ་ལྷ་སྲིན་དྲེགས་ཚོགས་བཅས། །འདིར་གཤེགས༴ སངས་རྒྱས་བསྟན །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་ཧཱུཾ། ཧ་པོ་གངས་གནས་རྡོ་རྗེ་མཆོག་རབ་རྩལ། གསེར་མདོག་བརྗིད་ཆགས་རལ་གྲི་བ་དན་འཕྱར། །མ་ཧེ་ཞོན༔ །འདྲེ་མོ་ལྷ་སྲིན་མ་བདུད་ཚོགས་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། གནོད་སྦྱིན་གངས་གནས་རྡོ་རྗེ་གཏུམ་ཆེན་རྩལ། །མཐིང་ནག་བཙན་ཆས་རྡོ་རྗེ་མདུང་དར་འཕྱར། །ཅེ་སྤྱང་ཞོན༴ །བཙན་བདུད་གནོད་སྦྱིན་མི་སྲུན་འཁོར་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༴ །བཤད་སྒྲུབ༴ ཧཱུཾ་བྷྱོ། ཙ་རིའི་གངས་གནས་རྡོ་རྗེ་


JKT021_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་རྩལ། །མཐིང་ནག་སྲིན་ཆས་རྩེ་གསུམ་ཐུན་ཁྲག་ཐོགས། །བདུད་རྟ་ཞོན༴ །གནས་ཡུལ་ཞིང་སྐྱོང་མང་པོའི་འཁོར་དང་བཅས། །འདིར་གཤེགས༴ །སངས་རྒྱས་བསྟན༴ །གངས་ཅན༔ །བཤད་སྒྲུབ༔ ཧཱུཾ་བྷྱོ། ང་ལའི་གངས་གནས་རྡོ་རྗེ་དགྲ་འཇོམས་རྩལ། །མཐིང་ནག་ཁྲོ་གཏུམ་རྡོ་རྗེ་སྤྲུལ་ཞགས་ཐོགས། །གཡུ་འབྲུག་ཞོན༴ །ལྷ་གཉན་དྲགས་པོ་མང་བའི་འཁོར་དང་བཅས་། །འདིར་གཤེགས༴ །སངས་རྒྱས་བསྟན་སྲུང་བསྟན་དགྲ་ཆོམ་ལ་ཕོབས། །གངས་ཅན་མཐའ་དབུས་ཀུན་ཏུ་བདེ་བ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། ༈ །ཁྱིམ་ལྷ་བསྟོད་པ་བཞུགས་སོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཁྱིམ་ལྷའམ་ཕུག་ལྷ་བསྟོད་པ་ནི། ཁྱིམ་ཕུག་གི་ཀ་བ་ལ་མར་དཀར་ཐིག་ལེ་དང་། ཤིང་རྩི་བཟང་པོ་གསར་པ་སྣ་ཚོགས་བལ་ཚོན་གྱིས་བརྒྱན་པ་བཅིང་། དེའི་མདུན་དུ་བདུད་རྩི་ཅན་གྱི་ཤིང་སྣ་ལས་ག་ར། ཕྱེ་མར་འོ་བསྐོལ་འབྲུ་སྣ་སོགས་བསང་རྫས་སྣ་ཚོགས་སྦྱར་བ་ལ་ཆབ་བྲན། ཐོག་མར་ཁྲུས་གསོལ་བ་ནི། ཆུ་གཙང་ལ་རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་གཟུངས་རིང་ཐུང་གང་ཤེས་བཟླས་པས་བྱིན་གྱིས་བརླབས་པ་ཤུག་གུ་རྟིང་དཀར་གྱིས་འཐོར་ལ། ཀྱཻ། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །


JKT021_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་སྐྱ་འབྲུག་སྔོན་བྱ་དམར་པོ། །རུ་སྦལ་རྒྱ་བོའི་ཞལ་གྱི་ཆབ། །ཡེ་ཤེས་བདུད་རྩིར་བྱིན་བརླབས་པས། །ཕུག་གི་ལྷ་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར་ཅིག །འགོ་བའི་ལྷ་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར་ཅིག །ཕ་ཚན་ལྷ་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག །དགྲ་ལྷ་རྣམས་ལ༴ །མི་གཙང་དྲི་མ༴ །ཁྱིམ་ལྷ་རྣམས་ལ༴ །མི་གཙང་དྲི་མ༴ །ཐབ་ལྷ་རྣམས་ལ༴ །མི་གཙང་དྲི་མ= །སྟེང་གི་ལྷ་དང་འོག་གི་ཀླུ། །བར་གྱི་གཉན་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར་ཅིག །ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ། ཞེས་དང་། གཞན་ཡང་རྣམ་འཇོམས་སྨེ་བརྩེགས་སོགས་ཁྲུས་སྔགས་གང་ཤེས་བརྗོད། དེ་ནས་དངོས་གཞི་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །ཡི་གེ་དྲུག་གིས་བྱིན་བརླབས་པས། །བསང་མཆོད་འདོད་ཡོན་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱཻ། བཀྲ་ཤིས་དགེ་བའི་ལྷ་ཁྱིམ་འདིར། །བདུད་རྩི་ཅན་གྱི་ཤིང་སྣ་ལ། །དག་ཅིང་གཙང་བའི་མེ་སྦར་ཏེ། །བཟའ་བཏུང་རིན་ཆེན་འབྲུ་སྨན་བྲན། །ཏིང་འཛིན་


JKT021_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་བྱིན་བརླབས་པའི། །བསང་མཆོད་འདོད་ཡོན་རྒྱ་མཚོ་འདིས། །མཆོད་སྦྱིན་མགྲོན་དུ་གྱུར་པ་ཀུན། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། །དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ལ། །བདུད་རྩི་བསང་གི་མཆོད་པ་འབུལ། །གུས་པས་བསྟོད་ཅིང་ཕྱག་ཀྱང་འཚལ། །ལྷ་ཁྱིམ་འདི་ལ་བྱིན་གྱིས་རློབས། །དཔལ་མགོན་ཡོན་ཏན་མགྲོན་རྣམས་ལ། །བདུད་རྩི་བསང་གི༴ གུས་པས་བསྟོད་ཅིང་༴ །ལྷ་ཁྱིམ་འདི་ལ་ཁ་འཛིན་མཛོད། །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །བདུད་རྩི་བསང་གིས་འདོད་ཡོན་སྦྱིན། །ལྷ་ཁྱིམ་འདི་ལ་གནོད་འཚེ་གོངས། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །བདུད་རྩི་བསང་གི་དགའ་སྟོན་སྤེལ། །ལྷ་ཁྱིམ་འདི་ལ་དགའ་བར་མཛོད། །ཕན་བདེ་བྱང་ཆུབ་སེམས་མཆོག་བསྐྱེད། །ཀྱཻ། ཁྱད་པར་ལྷ་ཁྱིམ་འདི་ཡི་བདག །ཁྱིམ་ལྷ་གེལ་ཐུང་བྱ་བ་ནི། །སྐུ་མདོག་གསེར་གྱི་མདངས་དང་ལྡན། །གཡུ་ཡི་རྒྱན་ཆ་སི་ལི་ལི། །དར་གྱི་ན་བཟའ་ལྷུབས་སེ་ལྷུབ། །ཕྱག་ན་དུང་གི་ཀ་བ་འཛིན། དེ་རིང་དགྱེས་པས་གནས་འདིར་གཤེགས། །བདུད་རྩི་བསང་གི་མཆོད་པ་བཞེས། །གུས་པས་བསྟོད་དེ་ཕྱག་ཀྱང་འཚལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལྷ་ཁྱིམ་འདི་ལ་བསྲུང་


JKT021_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །གསེར་གྱི་ཀ་བ་མ་འགྱེལ་མཛོད། །གཡུ་ཡི་གདུང་མ་མ་ཆག་མཛོད། །གནས་ཁང་མེ་ཡི་གནོད་པ་སྲུངས། །ཡོན་བདག་འདི་ཡི་གྲོགས་མཛོད་ལ། །ཉིན་མོ་ཉིན་གྱི་བྱ་ར་མཛོད། །མཚན་མོ་མཚན་གྱི་མེལ་ཚེ་མཛོད། བསམ་པ་སྒྲུབ་ལ་རེ་བ་སྐོང་། །བར་དུ་གཅོད་པའི་རྐྱེན་རྣམས་ཟློག །བུ་སྡུག་ཚ་བོ་བཞིན་དུ་སྐྱོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཀྱཻ། གཞན་ཡང་ལྷ་ཁྱིམ་འདི་ཉིད་ལ། །རྟག་ཅིང་ཆགས་པའི་ལྷ་དང་ཀླུ། །ས་བདག་རྒྱལ་བཙན་མ་མོ་སོགས། །དགེ་བསྙེན་ཡ་མའི་ཚོགས་རྣམས་ཀུན། །བདུད་རྩི་བསང་གི་དུད་པས་མཆོད། །འདོད་པའི་ཡོན་ཏན་རྒྱ་མཚོ་བསྔོ། །རེ་བ་གང་ཞིང་བསམ་པ་ཚིམ། །གློ་བུར་བགེགས་རིགས་ཚར་ཆོད་ཅིག །རུ་ང་ཕྲག་དོག་མ་མཛད་པར། །ཞི་དང་ཕན་པའི་སེམས་ཀྱིས་སུ། །ཡོན་བདག་འདི་ལ་སྡོང་གྲོགས་མཛོད། །ཁ་འཛིན་མེལ་ཚེ་མ་གཡེལ་ཅིག །ཞི་དང་བཀྲ་ཤིས་མཛད་དུ་གསོལ། ཀྱཻ། །དཀོན་མཆོག་རིན་ཆེན་དཔང་བསྟོད་དོ། །དཔལ་མགོན་ཡོན་ཏན་དཔང་བསྟོད་དོ། །ཁྱིམ་ལྷ་གཉན་པོ་དཔང་བསྟོད་དོ། །འགོ་བའི་ལྷ་རྣམས་དཔང་བསྟོད་དོ། །ཕན་མཛད་ཐམས་ཅད་དཔང་བསྟོད་དོ། །ལྷ་དང་སྲུང་མ་ཡར་ལ་བསྟོད། །བགེགས་དང་འབྱུང་པོ་མརེ་ལ་བསྐྲད། །ལྷ་སྲུང་


JKT021_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་ཐམས་ཅད་ཀུན། །ཉི་ཟླ་བཞིན་དུ་འོད་རེ་གསལ། །རི་བོ་བཞིན་དུ་བརྗིད་རེ་ཆེ། །ནོར་བུ་བཞིན་དུ་དཔལ་རེ་འདུས། །གཡུ་འབྲུག་བཞིན་དུ་སྐད་རེ་ཆེ། །ཐམས་ཅད་ཐུགས་ཀྱི་དགྱེས་པ་བསྐྱེད། །ཡོན་བདག་ཚེ་རིང་ནད་མེད་ཅིང་། །ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །ཀྱཻ། བླ་མ་རྣམས་ཀྱི་བྱིན་གྱིས་རློབས། །ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ། །ཆོས་སྐྱོང་སྲུང་མས་ཕྲིན་ལས་སྒྲུབས། །ཁྱིམ་ལྷ་གཉེན་པོས་རྟག་ཏུ་སྐྱོངས། །འགོ་བའི་ལྷ་ཀླུས་ལེགས་ཚོགས་སྤེལ། །ནག་ཕྱོགས་བགེགས་རིགས་གཡུལ་ལས་རྒྱལ། །དཀར་ཕྱོགས་དགེ་བའི་རུ་མཚོན་སྒྲེངས། འབྱུང་པོ་རྣམས་ཀྱང་བུ་བཞིན་བྱམས། །ཚེ་དང་དབང་ཐང་བསོད་ནམས་སྤེལ། །ཕྱྭ་གཡང་ལོངས་སྤྱོད་སྤྲིན་ལྟར་གཏིབས། །ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས། །ཉིན་མཚན་ཀུན་ཏུ་བདེ་སྐྱིད་ལྡན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཀི་བསྭ་ཆའོ་ལྷ་རྒྱལ་ལོ། །སྭཱ་སྟི་སྭཱ་སྟི་ཧཱུཾ་ཧཱུཾ་སྭཱ་ཧཱ། ཞེས་དང་། ཁྱིམ་བདག་རྣམས་ཀྱིས་ལྷ་འབོད་ཅིང་འབྲུ་སྣ་འཐོར། །སྔགས་པས་མེ་ཏོག་འཐོར་ཞིང་བཀྲ་ཤིས་གང་ཤེས་བརྗོད། དགའ་སྟོན་བཀྲ་ཤིས་སྐྱིད་པའི་ལྷ་བྲོ་སོགས་རྩེ་བར་བྱའོ། མངྒ་ལཾ། ༈ །ཐབ་ལྷ་བསྟོད་པ་བཞུགས་སོ། །རྩ་བ་གསུམ་ལ་ཕྱག་འཚལ་ལོ། །ཐབ་ལྷ་བསྟོད་


JKT021_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པས། ཐབ་དང་ཉེ་སྐོར་ཐམས་ཅད་ཕྱག་དར་ལེགས་པར་བྱ། ཐབ་ལ་སྣུམ་བྱུག་ཅིང་ཟས་དཀར་གསུམ་གཡོ། །ཐབ་ཀྱི་མདོར་བསང་དུད་ཟས་སྣ་དང་སྦྱར། བསང་མཆོད་རྒྱས་པའམ་ཁྱིམ་ལྷ་བསྟོད་པ་དང་འབྲེལ་ན་ལེགས། གང་ལྟར་ཡང་ཁྲུས་བྱ་བ་ནི། ཇི་ལྟར་བདེ་གཤེགས་བལྟམས་པའི་ཚེ། །ཚངས་པ་ལྷ་ཡིས་ཁྲུས་གསོལ་ལྟར། །ཡེ་ཤེས་བདུད་རྩི་དྲི་མེད་ཆུས། །ཐབ་ཀྱི་ལྷ་ལ་ཁྲུས་གསོལ་ལོ། །དམེ་མནོལ་ཐབ་གཞོབ་མི་གཙང་གིས། ཐབ་ལྷ་ཟས་ལྷ་ཐམས་ཅད་ལ། ཉམས་གྲིབ་ཕོག་པ་དག་གྱུར་ཅིག །ཟག་མེད་བདེ་བས་དགྱེས་པར་ཤོག །ཨོཾ་ཤུདྡྷེ་ཤུདྡྷེ་ཤཱ་དྷ་ན་ཡེ་སརྦ་ཤྲིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་དང་ཁྲུས་སྔགས་ཇི་ལྟར་རིགས་པ་བཟླ་ཞིང་ཁྲུས་ཆུ་འཐོར། ཐབ་བསང་ལ་ཆབ་བྲན། ཀྱཻ། ཐབ་ལྷ་བསྟོད་པ་གར་སྲིད་ན། །སྔོན་ཚེ་བསྐལ་པ་དང་པོའི་དུས། །རྒྱལ་པོ་གསེར་གྱི་ཤིང་རྟ་ཡིས། །མཐུ་རྩལ་ནུས་ལྡན་རིག་སྔགས་འཆང་། །ཞི་བའི་སྙིང་པོ་སྤྱན་དྲངས་ནས། །ཐབ་ལྷ་སྔགས་དང་ཕྱག་རྒྱལ་བཀུགས། །མཆོད་ཅིང་གསོལ་བས་མཉེས་པར་མཛད། །དམ་ཚིག་གནས་ལ་བཞག་པ་ཡིས། །ཁྱིམ་དེར་བདེ་སྐྱིད་ཕུན་སུམ་ཚོགས། །ཐབ་དང་གཡོ་བསྐོལ་རྒྱུན་མ་ཆད། །ཟས་ནོར་འདོད་ཡོན་རྒྱ་མཚོར་འཁྱིལ། །སྔོན་བྱུང་སྲིད་པ་དེ་བཞིན་དུ། །དེ་རིང་


JKT021_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དགེ་བའི་དུས། །རིག་འཛིན་སྔགས་འཆང་བདག་ཅག་གིས། །ཐབ་ལྷ་འབོད་དོ་སྙན་མ་སྲ། །ཐབ་ལྷ་གཡབ་པོ་སྤྱན་མ་བཏུལ། །ཐབ་ལྷ་མཆོད་དོ་ངོ་མ་ཆུང་། །ཐབ་ལྷ་བསྟོད་དོ་འཕང་མ་དམའ། །བདུད་རྩི་ཅན་གྱི་ཤིང་སྣ་ལ། །བསོད་ནམས་འབར་བའི་མེ་སྦར་ཏེ། །དཀར་གསུམ་མངར་གསུམ་ཤིང་ཏོག་དང་། །ཕྱེ་མར་འོ་བསྐོལ་འབྲུ་སྣ་སོགས། །ཟས་མཆོག་དྭངས་མའི་བཅུད་ཆེན་སྦྱར། །གཡའ་ཆུ་གངས་ཆུ་གཙང་མ་བྲན། ཨོཾ་ཨཱཿཧཱུཾ་གིས་སྦྱངས་སྤེལ་བསྒྱུར། །ཧ་ཧོ་ཧི་ཡིས་བྱིན་རླབས་པས། །ཁ་དོག་དྲི་རོ་ནུས་ལྡན་པའི། །འདོད་ཡོན་བསང་གི་མཆོད་པ་འདིས། །བླ་མ་ཡི་དམ་དཀོན་མཆོག་མཆོད། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་བརྔན། །མེ་ཐབ་འདི་ལ་བྱིན་གྱིས་རློབས། །དངོས་གྲུབ་རྒྱ་མཚོ་ཆར་ལྟར་ཕོབ། །ཟ་འདྲེ་ལྟོག་འགོང་རྡུལ་དུ་རློག །ཕྱྭ་གཡང་དཔལ་བཅུད་འདུ་བར་མཛོད། ཀྱཻ། ཁྱད་པར་ཐབ་ལ་མགོན་མཛད་པའི། །ལྷ་ཆེན་ཚོགས་ཀྱི་བདག་པོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་ན་འགུགས་བྱེད་ཕྱག་རྒྱ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ལྷ་ཡི་དགེ་བསྙེན་འབུམ་ཕྲག་བཅས། །འདིར་གཤེགས་བསང་གི་མཆོད་པ་བཞེས། །གུས་པས་བསྟོད་ཅིང་དགྱེས་པ་བསྐྱེད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །ཐབ་ཁ་


JKT021_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་མགོན་མཛོད་ཅིག །མེ་དང་དུ་བ་རྒྱུན་མ་བཅད། །ཟས་དང་གཡོ་བསྐོལ་རྒྱ་མཚོར་བསྐྱིལ། །བཅུད་དང་དམུ་ཡང་རོ་ནུས་བསྐྱེད། །ཟ་འདྲེ་ལྟོག་འགོང་རྡུལ་དུ་རློག །འདོད་དགུའི་ལོངས་སྤྱོད་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། ཀྱཻ། ཁྱད་པར་ཐབ་ལ་མགོན་མཛད་པའི། །གནོད་སྦྱིན་ཐབ་ལྷ་ཡུ་མོ་ནི། །བུད་མེད་ལུས་ལ་གཡུ་ཆས་ཅན། །དར་སྣའི་ན་བཟའ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་གཟར་བུ་འཛིན། །གནོད་སྦྱིན་བུ་མོ་འབུམ་དང་བཅས། །འདིར་གཤེགས་བསང་གི་མཆོད་པ་བཞེས། གུས་པས་བསྟོད་ཅིང་སོགས་འགྲེ། ཀྱཻ། ཁྱད་aཔར་ཐབ་ལ་མགོན་མཛད་པའི། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །སྐུ་མདོག་ཤེལ་གྱི་ཕུང་པོ་འདྲ། །ཕྱག་ན་བསམ་འཕེལ་ནོར་བུ་འཛིན། །སྦྲུལ་མགོའི་གདེངས་ཀ་རྔམས་ཤིང་བརྗིད། །བཻཌུཪྻ་པོའི་དབུ་རྒྱན་འཆང་། །ཀླུ་ཡི་སེམས་དཔའ་འབུམ་ཕྲག་བཅས། །འདིར་གཤེགས་བསང་གི་སོགས་འགྲེ། ཀྱཻ། གཞན་ཡང་ཐབ་ལ་འགོ་བ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །དཀར་ཕྱོགས་སྐྱོང་བའི་ཚོགས་རྣམས་ཀུན། །ཞི་དང་ཕན་པའི་སེམས་བསྐྱེད་ལ། །འདིར་གཤེགས་སོགས་འགྲེ། ཀྱཻ། སྲིད་པ་མེ་ཡི་བདག་པོ་ནི། །འོད་དང་གཟི་བརྗིད་དཔལ་དུ་འབར། །ལས་ལ་མྱུར་


JKT021_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྱིན་ཤུག་འཆང་། །དཀྱིལ་འཁོར་ཀུན་གྱི་གསོལ་ཁ་པ། །མེ་ལྷའི་རྒྱལ་པོ་མཐུ་བོ་ཆེ། །སྐུ་མདོག་མེ་ཡི་ཕུང་པོ་འདྲ། །བགྲང་ཕྲེང་རིལ་བ་སྤྱིལ་བླུགས་བསྣམས། །དྲང་སྲོང་ཆ་བྱད་དྭངས་རེ་སྤྲོ། །དེང་གི་བཀྲ་ཤིས་གནས་འདིར་གཤེགས། འབར་བ་མེ་ཡི་ཀློང་དུ་བཞུགས། །འདོད་ཡོན་བདུད་རྩིའི་བསྲེགས་བླུགས་བཞེས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འབར་བ་མེ་ཡི་༧མགོན་མཛོད་ལ། །ཡེ་ཤེས་མེ་རུ་བྱིན་གྱིས་རློབས། །བཟའ་བཏུང་གཡོ་བསྐོལ་ལོངས་སྤྱོད་ཀྱཻ། །ཕུད་ཀྱིས་དཀོན་མཆོག་རྒྱ་མཚོ་མཆོད། །མགོན་པོ་ཡོན་ཏན་ཐུགས་དམ་བསྐང་། །རོ་བཅུད་ཕུན་སུམ་ཚོགས་པ་ཡི། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །ནད་གདོན་རྒུད་པ་ཞི་བ་དང་། ཚེ་བསོད་སྟོབས་རྩལ་རྒྱས་པར་སྤེལ། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། ཀྱཻ། དེ་ལྟར་བཀྲ་ཤིས་ཐབ་ཀྱི་ལྷ། །མཆོད་ཅིང་བསྟོད་པས་མངའ་གསོལ་ན། །ཐབ་ཁ་འདི་ལ་དགྱེས་པས་དགོངས། །རྟག་ཏུ་བྱིན་རླབས་དངོས་གྲུབ་སྩོལ། །འགོ་ཞིང་སྡོང་གྲོགས་མཐུ་དཔུང་སྐྱེད། །ལོངས་སྤྱོད་འབྱོར་པ་སྤྲིན་ལྟར་གཏིབས། །རོ་བཅུད་ནུས་པའི་དམུ་ལད་བསྐྱེད། །ཚེ་རིང་ནད་མེད་མཐུ་རྩལ་ཕྱུངས། །ཀོ་ལོང་རུ་ང་ཕྲག་དོག་སྤོངས། བསམ་པ་སྒྲུབ་ལ་རེ་བ་སྐོང་། །བར་དུ་གཅོད་པའི་རྐྱེན་རྣམས་


JKT021_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག །མཆོད་དོ་མཆོད་དོ་ལྷ་མཆོད་དོ། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །དགེའོ་དགེའོ་བཀྲ་ཤིས་དགེ །བདེ་སྐྱིད་ཕུན་ཚོགས་བཀྲ་ཤིས་ཤོག །ཅེས་བརྗོད། ཐབ་ཀྱི་ནང་དུའང་ཟས་ཕུད་དང་འབྲུ་སྣ་འཐོར། བཀྲ་ཤིས་རྒྱ་ཆེན་བརྗོད། མཆོད་ཡོན་རྣམས་དཀར་གསུམ་སོགས་བཟའ་བཏུང་བཟང་པོས་ཞལ་བསྲོ། བཀྲ་ཤིས་སྐྱིད་པའི་གླུ་བླངས་བ་སོགས་རྟེན་འབྲེལ་ལེགས་ཚོགས་སུ་བསྐྱེད་པར་བྱའོ། མངྒ་ལཾ། ༈ །ཕྱུགས་ལྷ་བསྟོད་པ་བཞུགས་སོ། ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡེ། རྟ་ཕྱུགས་ཀྱི་བྲེས་ལྷ་བསྟོད་པར་འདོད་ན། སོ་སོའི་ར་བའི་གོང་དུ་གསས་མཁར་བརྩིག །དེ་ལ་ཤིང་རྩི་དང་བལ་ཚོན་སོགས་ཀྱིས་བརྒྱན། ཕྱོགས་བཞིར་བསང་དང་ཕུད་མཆོད་རྒྱ་ཆེར་འདུ་བྱ་བགེགས་སྦྱོང་བསང་ཁྲུས་སོགས་རྒྱས་པར་བྱུང་ན་ལེགས། མ་བྱུང་ཡང་རྣམས་འཇོམས་སྨེ་བརྩེགས་སོགས་ཀྱིས་བསྔགས་པའི་ཁྲུས་ཆབ་འཐོར། ཨོཾ། དག་ཅིང་གཙང་མར་སྦྱར་བ་ཡི། །བདུད་རྩི་ཚན་གྱི་ཁྲུས་ཆབ་ལ། །གཟུངས་སྔགས་ཟབ་མོས་བྱིན་བརླབས་པའི། །སྔགས་ཀྱི་ཆུ་ཡིས་ཁྲུས་བགྱི་བས། །གནས་འདིར་འཚེ་བའི་གདོན་བགེགས་སྦྱང་། །གྲིབ་དང་མི་གཙང་ཕོག་པ་སྦྱང་། །རྟ་དང་ཕྱུགས་ལ་འགོ་བ་ཡི། །ལྷ་སྲུང་རྣམས་ལ་ཁྲུས་གསོལ་བས། །དམེ་མནོལ་གྲིབ་དང་མི་གཙང་


JKT021_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཤེལ་དཀར་ཕྱིས་པ་བཞིན་དུ་དག །གངས་ལ་ཉི་འོད་ཕོག་པ་བཞིན། །དག་ཅིང་གསལ་འཚེར་གཟི་བརྗིད་འབར། །བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག །ཨོཾ་ཤུདྡྷེ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། །ཞེས་བརྗོད་ཅིང་ར་བ་བསྐོར་ལ་འཐོར། དེ་ནས་བསང་ལ་ཆབ་བྲན། ཀྱཻ། བསང་གི་རྒྱུ་བྱུང་གང་ནས་བྱུང་། །གནམ་ལས་སྦྲང་ཆར་ཐིམ་བུར་འབབ། །ས་གཞི་དྲོད་དང་རླན་གྱིས་ཁྱབ། །དྲོད་གཤེར་འཛོམས་པའི་རྟེན་འབྲེལ་ལས། །བར་དུ་རྩི་ཤིང་སྤོས་སྨན་འཁྲུངས། །ཡེ་ཤེས་བདུད་རྩིའི་ཟིལ་པ་ཆགས། །མཐོང་བས་ཡིད་འཕྲོག་བཀྲག་མདངས་ཆེ། །དྲི་ཚོར་ཙམ་གྱིས་ཁམས་དང་ཞིང་། །གྲིབ་དང་མི་གཙང་གདུང་བ་སེལ། །དེ་འདྲའི་ཤིང་མཆོག་ཡ་མཚན་ཅན། །འབར་བ་མེ་ཡི་ཀློང་དུ་བསྲེག །དཀར་མངར་ཟས་སྣའི་ཕུད་དང །རིན་ཆེན་འབྲུ་སྨན་བཅུད་དང་ལྡན། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །དུ་བའི་ཕུང་པོ་རེ་རེ་ལས། །འདོད་ཡོན་རྒྱ་མཚོ་འབྱུང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་ཕྱག་རྒྱ་དང་བཅས་པ་བྱ། བཛྲ་སྥ་ར་ཎ་ཁཾ༔ ཞེས་རྒྱས་པར་སྤེལ། ཀྱཻ། རང་བཞིན་ཆོས་དབྱིངས་ངང་ཉིད་ལས། །འགགས་མེད་གཟུགས་ཀྱི་སྐུར་བཞེངས་པ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་


JKT021_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཆོས་སྐྱོང་སྲུང་མ་ནོར་ལྷའི་ཚོགས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །བསང་དང་ཞི་བའི་མཆོད་པ་བཞེས། །གསེར་སྐྱེམས་བདུད་རྩིའི་ཕུད་ཀྱིས་མཆོད། །རྟ་ཕྱུགས་ལྷས་མལ་འདི་ཉིད་ལ། ཡེ་ཤེས་ཆེན་པོའི་བྱིན་ཆེན་ཕོབ། ༈ །སྦས་གནས་ཨ་ཏ་རོང་གི་གཞི་བདག་རྣམས་ཀྱི་བསང་མཆོད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། ཇི་སྐད་དུ། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། སྙན་པར་སྨྲ་བས་ཡིད་དྲངས་ནས། དོན་སྤྱོད་པ་ཡིས་བག་ཕབ་སྟེ། དོན་མཐུན་གྲོས་ཆེན་གདབ་པར་བྱ། ཞེས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སྣོད་བཅུད་ཀྱི་ཕན་བདེའི་འབྱོར་པ་རྒྱས་པར་སྤེལ་བ་མཆོད་སྦྱིན་སྒོ་དུ་མ་ལས་ཁྱད་པར་དུ་གྱུར་པ་བཀྲ་ཤིས་བསངས་ཀྱི་ཆོ་ག་ལ་བརྟེན་ནས་ཡུལ་ལྷ་གཞི་བདག་རྣམས་དགྱེས་པ་བསྐྱེད་ཅིང་ཐར་བདེའི་ས་བོན་སྤེལ་བ་ལ་བཞི། དང་པོ་སྦྱིན་པའི་སྒོ་འཕར་དབྱེ་བ་ནི། ཇི་ལྟར་འབྱོར་པའི་བསང་རྫས་བཟང་ཤིང་གི་མེ་ལ་བསྲེག་ཅིང་། ཆབ་གཙང་མས་བྲན་ལ། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། །


JKT021_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སྥ་ར་ཎ་ཁཾ་གིས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་རྒྱས་པར་སྤེལ་ལ། བདེན་སྟོབས་ཀྱི་སྒོ་ནས་ཀྱང་བྱིན་གྱིས་བརླབ་ཅིང་འབུལ་བ་ནི། ཨོཾ། སྐྱབས་གནས་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་མཐུ། བསོད་ནམས་ཡེ་ཤེས་ཚོགས་གཉིས་མངའ་ཐང་དཔལ། །ཆོས་དབྱིངས་རང་བཞིན་དག་པའི་བདེན་སྟོབས་:ཀྱིས༈ སྣོད་བཅུད་རྣམ་པར་དག་པའི་ཞིང་ཆེན་པོ། །ཡིད་འཕྲོག་ངོ་མཚར་བཀོད་པ་ཕུན་ཚོགས་དབུས། །འཆི་མེད་བདུད་རྩིའི་ཟིལ་མངར་ཆགས་པའི་ཤིང་། །འབར་བའི་མེར་བསྲེགས་འདོད་ཡོན་མཁོ་དགུ་དང་། ལེགས་པར་སྦྱར་བའི་དུད་པའི་སྤྲིན་ཕུང་ལས། །ཕྱི་ནང་ཉེར་སྤྱོད་རྣམ་པ་ཐམས་ཅད་པ། །ལེགས་པར་སྦྱར་བའི་དུད་པའི་སྤྲིན་ཕུང་ལས། །ཕྱི་ནང་ཉེར་སྤྱོད་རྣམ་པ་ཐམས་ཅད་པ། །ཡུལ་དང་དུས་དང་གནས་སྐབས་མཐའ་དག་ཏུ། །རྒྱུན་མི་འཆད་པ་ཡོངས་སུ་འཆར་བའི་ཕུལ། །ནམ་མཁའི་ཁམས་ཀུན་རྒྱས་པར་གཏམས་པ་འདིས། །གྲུབ་པའི་སློབ་དཔོན་པདྨ་སཾ་བྷཱ་བས། །ཡེ་ཤེས་གཟིགས་པས་བྱིན་གྱིས་བརླབས་པའི་ཡུལ། །སྦས་པའི་གནས་མཆོག་བཀྲ་ཤིས་ཨ་ཏ་རོང་། །ས་གཞི་དགེ་བཅུའི་མཚན་མ་རྫོགས་པའི་དབུས། །ཀུན་བརྟགས་ལྷུན་སྡུག་མི་འགྱུར་


JKT021_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོའི་སུལ། །གཞན་དབང་ཡིད་འཕྲོགས་བཀོད་པའི་ཁང་བཟང་ན། །ཡོངས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱཻ། །རྣམ་པ་མ་འགག་ཅིར་ཡང་འཆར་བ་ལས། །སྲིད་པའི་ལྷ་རབས་ཡུལ་བདག་ཞལ་ད་གཉན། །རབ་དཀར་ཟླ་ཞུན་གསར་པའི་ལང་ཚོ་ལ། །གསེར་སྦྱངས་ཞུན་མའི་འོད་ཟེར་རྣམ་པར་འཕྲོ། །ཕྱག་གཡས་ཕྱོགས་ལས་རྣམ་རྒྱལ་བ་དན་སྒྲེང་། གཡོན་པས་དགོས་འདོད་མཆོག་སྩོལ་གཏེར་བུམ་བསྣམས། ནོར་བུའི་གོ་ཁྲབ་ལྷ་རྫས་ན་བཟའ་གསོལ། ཅང་ཤེས་སྟེང་ན་རོལ་པའི་བརྗིད་བག་ཅན། འཁོར་དུ་ལྷ་ཀླུ་ཡུལ་སྐྱོང་དུ་མས་བསྐོར། །དེ་དང་རྗེས་འབྲེལ་དཔལ་ཆེན་ཧེ་རུ་ཀའི། །བདེ་ཆེན་དགྱེས་པ་ཐུགས་ཀྱི་གཞལ་མེད་ཁང་། །གཡུ་ལུང་གངས་ཀྱི་ར་བ་གཉིས་པ་ཡི། །སྦས་གནས་སྙིང་པོ་བཀྲ་ཤིས་དཔལ་གྱི་ཕུག །རྩ་གསུམ་ཆོས་སྲུང་ནོར་ལྷ་དགྱེས་བཞིན་ཏུ། །རྣམ་པར་རོལ་པའི་སྒྱུ་འཕྲུལ་དྲྭ་བ་ལས། །གང་འདུལ་སྤྲུལ་པའི་གནས་མཆོག་རྣམ་བཞི་དང་། །ཁྱད་པར་རྡོ་རྗེའི་ཕོ་བྲང་རྨུག་སངས་རི། །རྫོང་ཆེན་ཁམས་ཕུག་འོད་གསལ་གྲུབ་པའི་རྩེ། །།རིན་ཆེན་རྣམ་བཀོད་ནེའུ་གསིང་པོ་སྦྲམ་བྲག །པདྨ་འཁྱིལ་བ་གདོང་ཕྲམ་བདེ་ཆེན་རི། །གནོད་སྦྱིན་ནོར་ལྷ་དགྱེས་པའི་བསྟི་གནས་དང་། །གཞན་ཡང་རེ་ཏི་དགྱེས་པར་རོལ་པའི་མཚོ། །འཛུམ་


JKT021_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དགེ་བསྙེན་ཀེ་མྱེ་ཧོ་སེ་གཉན། །ལས་ཀྱི་དྲང་མཁན་བྱ་རྒོད་རྒོད་འབྲང་བྲག །སྒོ་སྲུང་རག་འཛོང་གཉན་པོ་ལ་སོགས་པའི། །རྡོ་རྗེའི་བྲག་རི་མི་འགྱུར་རི་བོའི་སྤོ། །གཡང་ཞག་མཚོ་དང་ལྗོན་ཤིང་སྐྱེད་མོས་ཚལ། །སྤང་ལྗོང་ནེའུ་གསིང་ཀུན་ན་གནས་བཅས་པའི། །ལྷ་ཀླུ་གནོད་སྦྱིན་ཡུལ་བདག་ཕོ་མོ་ནི། །བྲན་དང་བཀའ་ཉན་མངག་གཞུག་བཅས་པ་ཀུན། །དབང་པོའི་ལོངས་སྤྱོད་དགྱེས་དགུར་རོལ་པ་ཡི། །མཛེས་པའི་གཟུགས་དང་དབྱངས་སྙན་འབུམ་སྡེའི་སྒྲ། །ཞིམ་པའི་དྲི་བསུང་ལྷ་ཡི་རོ་བརྒྱའི་ཟས། །འཇམ་འཁྲིལ་རེག་བྱ་བདེ་ཆེན་ཆོས་ཀྱི་སྤྲིན། །མ་ཚང་མེད་པའི་མཐུན་རྫས་རྒྱ་ཆེན་པོས། །བསང་ངོ་མཆོད་དོ་དགྱེས་པའི་ཕུལ་གྱུར་ཏེ། །ཐུགས་དང་འགལ་བའི་ཉམས་ཆགས་སོར་ཆུད་ཅིང་། །གྲིབ་དང་མི་གཙང་མནོལ་བ་ཐམས་ཅད་སངས། །བཀྲ་ཤིས་སྲིད་དང་ཞི་བའི་དགེ་མཚན་གཡང་། །སྣོད་བཅུད་ཀུན་ལ་ཡོངས་སུ་རྫོགས་གྱུར་ཅིག །གཉིས་པ་སྙན་པར་སྨྲ་བའི་བསྟོད་པ་ནི། ཨོཾ། གཟོད་ནས་རྣམ་པར་དག་པའི་ཡེ་ཤེས་ནི། །འཁོར་འདས་ཉམས་བརྒྱར་ཅིར་ཡང་འཆར་བ་ལས། །བརྟན་དང་གཡོ་བའི་ཕུན་སུམ་ཚོགས་པ་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་ནོར་བུའི་དབང་། །སྲིད་ན་ཆེ་བའི་ལྷ་རབས་ཞལ་ད་གཉན། །བཙུན་མོ་སྲས་དང་བློན་འཁོར་


JKT021_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང་། །སྦས་པའི་ཡུལ་སྐྱོང་ཆེན་པོ་འཁོར་ཡུག་ན། །དགྱེས་བཞིན་བཞུགས་པའི་དཀར་ཕྱོགས་སྐྱོང་བའི་ཚོགས། །སོ་སོའི་མངའ་ཐང་འབྱོར་པ་དང་འཚམས་པའི། །ཡིད་ཅན་ཀུན་ལ་ཕན་པའི་དགའ་སྟོན་ནི། །རྒྱུན་དང་དུས་སུ་འབད་པ་མེད་པར་ཡང་། །བུམ་བཟང་དཔག་བསམ་ཤིང་དང་ནོར་བུ་ལྟར། །བསམ་པ་བཞིན་དུ་ལྷུག་པར་སྩོལ་མཛད་པའི། །གསང་བ་གསུམ་གྱི་ངོ་མཚར་རྨད་བྱུང་དང་། །ཡོན་ཏན་ཕྲིན་ལས་ཕ་མཐའ་ཡས་པ་ལ། །གུས་ཤིང་དྭངས་བ་ཆེན་པོས་བསྟོད་པར་བགྱི། །གསུམ་པ་དོན་སྤྱོད་པའི་དམ་བཅའ་བསྐུལ་བ་ནི། །སྲིད་པའི་ལྷ་རབས་ཆེན་པོ་ཁྱེད་རྣམས་ཀྱིས། །རྡོ་རྗེའི་སློབ་དཔོན་པདྨ་འབྱུང་གནས་སོགས། །རིག་འཛིན་རྩལ་འཆང་བརྒྱུད་པར་བཅས་པ་ཡི། །སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པ་དང་། བདག་ཅག་རིག་སྔགས་འཆང་བའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་བླ་མ་དམ་པའི་མདུན་ས་རུ། །བྱང་ཆུབ་སེམས་བསྐྱེད་སྔོན་དུ་འགྲོ་བ་ཡིས། །གསང་ཆེན་སྨིན་གྲོལ་བདུད་རྩི་ནོས་པའི་ཚེ། །མཐའ་ཀླས་མ་གྱུར་སེམས་ཅན་དོན་སླད་དུ། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །འགྲོ་ལ་ཕན་བདེ་བགྱིད་པར་ཁས་བླངས་པའི། གཡར་དམ་ཐ་ཚིག་དུས་ལ་དེང་འདིར་བབ། བཞི་པ་དོན་མཐུན་པའི་ཕྲིན་ལས་གསོལ་བ་


JKT021_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ་ཕྱིར་འགྲོ་ལ་ཕན་བདེ་འབྱུང་བའི་གཞི། །རྒྱལ་བསྟན་དྲི་མེད་ཡུན་རིང་གནས་པ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །བསྟན་པའི་སྦྱིན་བདག་མངའ་ཐང་ཆོས་སྲིད་རྒྱས། །ཁྱད་པར་ཡུལ་འདིར་རིན་ཆེན་རྣམ་གསུམ་གྱི། །ཐུགས་རྗེའི་གདུགས་དཀར་གྲིབ་མར་ངལ་འཚོ་བའི། །ཕྱི་སྣོད་འཇིག་རྟེན་དགེ་བཅུའི་གཡང་ཞག་འཁྱིལ། །ནང་བཅུད་འགྲོ་ཀུན་ཡང་དག་ལྷ་ལ་དད། །ཆར་ཆུ་དུས་བབས་ལོ་ཏོག་རྩི་སྨན་ལེགས། གཞིས་སུ་འདུག་ན་ཚེ་དཔལ་འབྱོར་པ་སྤེལ། །བྱེས་སུ་བགྲོད་ན་མི་མཐུན་ཕྱོགས་ཀུན་སྲུངས། མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། བཀྲ་ཤིས་གང་ཞིག་བླ་མ་མཆོག་གསུམ་གྱི། །བྱིན་རླབས་བདུད་རྩིའི་སྣང་བས་འཇིག་རྟེན་ན། རྒུད་ཅིང་ཕོངས་པའི་མུན་པ་ཀུན་ཞི་ནས། ཕན་བདེའི་དཔལ་གྱིས་རྟག་ཏུ་དགེ་གྱུར་ཅིག །ཅེས་དད་ལྡན་ཀརྨ་ཤཱ་ས་ན་དྷ་རས་ཇི་ལྟར་གསོལ་བ་བཏབ་པའི་ངོར་ནེའུ་གསིང་ཀུན་ཏུ་རྒྱས་པའི་སྨན་ལྗོངས་ཀྱི་སྙིང་པོར་བཀྲ་ཤིས་ཁང་གསར་གྱི་ཉི་འོད་འཁྱིལ་པར་འཇིགས་བྲལ་གྱི་སློབ་དཔོན་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་ཇི་ལྟར་སྨྲས་རིམ་བཞིན་སྡེ་སྣོད་འཛིན་པ་ཀརྨ་མངྒ་ལས་བྲིས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་བྱིན་


JKT021_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ལ་བརྟེན་ནས་ཡུལ་ཕྱོགས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ༈ །འཛིང་ཕྱོགས་གཞི་བདག་ཡོངས་ཀྱི་བསང་མཆོད་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ཨོཾ་སྭ་སྟི། འཛིང་ཕྱོགས་གཞི་བདག་ཐམས་ཅད་ལ་བསངས་དང་གསེར་སྐྱེམས་འབུལ་བར་འདོད་པས། མཆོད་རྫས་རྣམས་འདུ་བྱས་ལ་ཆབ་གཙང་མས་བྲན། འདི་ཉིད་ཁོ་ན་སྒེར་དུ་བྱེད་ན་སྐྱབས་སེམས་སྔོན་ཏུ་འགྲོ་བས། རང་ཉིད་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ཀྱི་སྐུར་གྱུར་པར་བསམ། གང་ལྟར་ཡང་། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཀྱཻ། འོད་གསལ་ཤིན་ཏུ་རྣམ་པར་དག་པའི་དབྱིངས། །ཡེ་ཤེས་རིག་པ་རང་སྣང་རྡོ་རྗེའི་སྤྲིན། །འཁོར་འདས་རྣམ་རོལ་ཅི་ཡང་འཆར་བ་ལས། །འཕགས་མཆོག་ཕྱག་ན་པདྨོས་བྱིན་བརླབས་པ། །བོད་ཡུལ་མདོ་ཁམས་ཟལ་མོ་སྒང་གི་ཆ། །ཡོན་ཏན་ཡོངས་རྫོགས་དཔལ་ཆེན་ཕོ་བྲང་གི། །བྱང་ཤར་ལ་བཞིའི་དབུས་སུ་ཆུད་པའི་ཡུལ། །ས་འཛིན་པདྨ་བཀྲམ་པ་ལྟ་བུའི་གནས། །དགེ་བཅུའི་མཚན་མ་རྒྱས་པའི་སྟོད་སྨད་བར། །རི་བྲག་མཚོ་གསུམ་ཉམས་དགའི་བསྟི་གནས་སུ། །ཡིད་ཀྱི་གཟུགས་ཅན་ཐོགས་མེད་རྫུ་འཕྲུལ་བདག །གནོད་སྦྱིན་གཏེར་འཆང་རྣམ་མང་ཐོས་པའི་དབང་། །ཡབ་ཡུམ་སྲས་


JKT021_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྟ་བདག་མཛོད་སྐྱོང་བ། །ཁོལ་རི་ཞེས་གྲགས་སྔགས་ཀྱི་ཕོ་བྲང་དང་། །ཁྱུང་ལུང་དངུལ་མཁར་གཡུང་དྲུང་དཔལ་གྱི་རི། །རིགས་གསུམ་ཚེ་དབང་རིག་འཛིན་སྒྲུབ་པའི་གནས། །སྐྱོང་མཛད་ཁྲ་བོའི་གཞི་བདག་མཆེད་གསུམ་དང་། །གཡུ་ལུང་ཤེལ་གྱི་བྲག་ཕུག་སྒོ་སྲུང་བ། །ཝཾ་ར་ཛཱ་ལ་བདེ་ཆེན་པདྨ་བྲག །ཁ་རག་ཕྱུག་མོ་དཔལ་གྱི་རི་བོ་ཆེ། །སྲུང་མཛད་བསྟན་སྐྱོང་དབང་མོ་འཁོར་བཅས་།དང་། །གྲུབ་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དབང་བསྐུར་དམ་བཞག་གཉན་གྱི་རེ་མ་ཏི། །རྡོ་རྗེ་སྲིན་རྫོང་རྒྱལ་མོ་དཔོན་དང་གཡོག །དཔལ་སྲས་རྔམས་པ་ཁྲོ་བོའི་རྒྱལ་པོའི་གནས། །སྲུང་མཛད་དྲག་ཤུལ་མཐུ་ལྡན་ག་གླང་དམར། །ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས་པ་དང་། །གཞན་ཡང་ཨ་མྱེ་ཀ་འབམ་བྲག་རི་དཀར། །སྤེན་ནེ་རི་བཀྲ་དབྱིས་ཆེན་རབ་རྩོལ་དང་། །སྡང་འཛོང་བྲག་ཅོག་རྒྱ་ཞིང་ཕག་རྒོད་ཆེ། །སྐྱེ་ནེ་སྡང་ཕྲམ་ངོ་ཚོ་རྒྱལ་མོ་སོགས། །ས་འདིར་གནས་པའི་ཡུལ་ལྷ་གཞི་བདག་ཀུན། །རྟེན་ཅིང་འབྲེལ་འབྱུང་ཆུ་ཟླའི་གཟུགས་བརྙན་བཞིན། །འགགས་མེད་སྒྱུ་མའི་རོལ་པས་འདིར་གཤེགས་ལ། །འདོད་འབྱུང་ནོར་བུའི་གཞལ་མེད་ཁང་པར་བཞུགས། །དངོས་སུ་འབྱོར་པའི་བསང་དང་གསེར་སྐྱེམས་ནི། །ཡིད་སྤྲུལ་ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྤྲིན། །རང་


JKT021_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རང་མཐུན་པའི་དམ་རྫས་དགྱེས་དགུར་རོལ། །གྲིབ་དང་མི་གཙང་མནོལ་བ་ཐམས་ཅད་བསང་། དག་བྱེད་བདུད་རྩི་ཚན་གྱིས་དྲི་མ་བཀྲུ། །ཕྱོགས་ལས་རྣམ་པར་རྒྱལ་བར་མངའ་གསོལ་ཞིང་། །དབུ་འཕང་རི་རྒྱལ་ལྷུན་པོ་ལྟ་བུར་བསྟོད། །དགྱེས་པ་ཆེན་པོའི་མཐུན་རྫས་ཡོངས་འབུལ་ན། །བརྟན་གཡོའི་ཕྱ་གཡང་རྫོགས་ལྡན་སྤྲིན་བཞིན་སྡུསོ། །སྲིད་ཞིའི་ལེགས་ཚོགས་དབྱར་གྱི་མཚོ་ལྟར་སྤེལ། །ཆར་ཆུ་དུས་ཕོབ་ལོ་ཕྱུག་རྟག་ཏུ་ལེགས། །མི་ནད་ཕྱུགས་ནད་དགྲ་རྐུན་གཅན་གཟན་ཞི། །གཞིས་སུ་འདུག་ན་མ་གཡེལ་བུ་བཞིན་སྐྱོངས། །བྱེས་སུ་འགྲོ་ན་བསམ་དོན་མཐའ་དག་སྒྲུབས། །ལས་བཞིའི་ཕྲིན་ལས་འདོད་རྒུའི་དགེ་མཚན་གྱི། །བཀྲ་ཤིས་སྣང་བས་རྟག་ཏུ་ཁྱབ་པར་མཛོད། །གནས་དང་གཞི་ཡི་བདག་པོ་ཆེན་པོ་རྣམས། །རང་རང་རྟེན་ལ་རྟག་པར་བཞུགས་སུ་གསོལ། །ནག་ཕྱོགས་ཟིལ་ནོན་དཀར་ཕྱོགས་གཟི་བྱིན་སྐྱེད། །དགེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པའང་ཨ་མཁར་སྔགས་པ་རྟ་མགྲིན་ཚེ་བརྟན་ནས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཨོ་རྒྱན་ཆེན་པོའི་གསུང་འཛིན་མཆོག་གྱུར་བདེ་ཆེན་གླིང་པ་དང་། པདྨ་གར་དབང་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་


JKT021_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་པོ་བཅས་ནས་གང་ཤར་སྤེལ་བ་རྣམ་པ་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག ༈ །ཞི་བརྔན་བསངས་གསུམ་གྱི་དོན་བསྡུས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །རཾ་ཡཾ་ཁཾ། བྷཾ་ལས་རིན་ཆེན་སྣོད་ཡངས་སུ། །འབྲུ་གསུམ་འོད་དུ་ཞུ་བ་ལས། བསང་མཆོད་འདོད་ཡོན་ལྔ་ལྡན་པ། །མི་ཟད་ནམ་མཁའ་མཛོད་དུ་གྱུར། ཨོཾ་ཨཱཿཧཱུྃ། ཀྱཻ། །དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ཀུན། །རང་བཞིན་ཆོས་དབྱིངས་ཀློང་ནས་བཞེངས། །མགོན་པོ་ཡོན་ཏན་མགྲོན་རྣམས་ཀུན། །དམ་ཚིག་ཐུགས་རྗེའི་དབང་གིས་གཤེགས། །བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན། །སོ་སོའི་གནས་ནས་འདིར་འདུས་ཤིག །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀུན། །ཁམས་གསུམ་སྲིད་པའི་ཡུལ་ནས་བྱོན། །བཀྲ་ཤིས་ཡིད་འོང་གནས་འདི་རུ། །རང་རང་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་ལས་བྱུང་བ་ཡི། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་དང་། །བདུད་རྩི་བསངས་ཀྱི་མཆོད་སྦྱིན་བཞེས། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱཻ། །མི་མཐུན་འགལ་རྐྱེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞི་བའི་མཆོད་སྦྱིན་འདི་ཕུལ་བས། །ནད་མུག་འཁྲུགས་རྩོད་ལ་སོགས་པ། །སྣོད་བཅུད་རྒུད་པ་ཞི་བ་དང་། །འབྲུ་ནོར་ལོངས་སྤྱོད་


JKT021_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་མཛད་གསོལ། །མགྲོན་བཞིའི་ཐུགས་དང་མཐུན་པ་ཡི། །འདོད་ཡོན་རྒྱ་མཚོས་བསྐང་ཞིང་བརྔན། །ཟག་མེད་བདེ་བས་རབ་མཉེས་ནས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཉམས་གྲིབ་མི་གཙང་ཞི་བ་དང་། གཞི་བྱེས་ལམ་གསུམ་ཐམས་ཅད་དུ། །ཁ་འཛིན་རྒྱབ་བརྟེན་སྟོངས་གྲོགས་མཛོད། །འཁོར་འདས་ཕྱྭ་གཡང་ལེགས་ཚོགས་བསྡུས། འགོ་ཞིང་སྐྱོབ་པའི་དགྲ་བླ་རྣམས། བསང་ངོ་མཆོད་དོ་དབུ་འཕངས་བསྟོད། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཅེས་པའང་དཔལ་ལྕགས་ཟམ་པའི་གན་མཛོད་འཛིན་པ་གང་། དེའི་ཞལ་ངོར། བོད་ཁམས་བཀྲ་ཤིས་འབྱུང་པའི་གནས་མཆོག་ཆུ་བོ་རིའི་བླ་བྲང་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །གསུར་མཆོད་མདོར་བསྡུས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། ཨོཾ་སྭསྟི། འདིར་མཆོད་སྦྱིན་གསུར་གྱི་ཆོ་ག་ཤིན་ཏུ་བསྡུས་ཏེ་བྱ་བའི་ཚུལ་ལ། གསུར་མཆོད་ཕྱག་ལེན་ལྟར་བཤམ། །ཆབ་གཙང་མས་བྲན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་དང་། གསུར་མཆོད་འདོད་ཡོན་ལྔ་ལྡན་འདིས། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད། །བདག་དང་མཁའ་མཉམ་འགྲོ་ཀུན་ལ། །བྱིན་


JKT021_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རློབས་མཆོག་ཐུན་དངོས་གྲུབ་སྩོལ། །མགོན་པོ་ཡོན་ཏན་མགྲོན་ལ་འབུལ། །རྣམ་བཞིའི་ཕྲིན་ལས་ཀུན་འགྲུབ་མཛོད། །བགེགས་རིགས་ལན་ཆགས་མགྲོན་ལ་སྦྱིན། །གནོད་འཚེ་ཞི་ཞིང་བུ་ལོན་བྱང་། །རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ། །འདོད་རྒུའི་ལོངས་སྤྱོད་ལྷུན་གྲུབ་ཤོག །ཁྱད་པར་བར་དོའི་འགྲོ་བ་སོགས། །དྲི་ཟ་འབྱུང་པོའི་ཚོགས་ལ་སྦྱིན། །སོ་སོའི་སྡུག་བསྔལ་ཀུན་བྲལ་ནས། །ཟག་མེད་བདེ་བས་ཚིམ་གྱུར་ཅིག །ཀུན་ཀྱང་བྱང་ཆུབ་སེམས་འབྱོངས་ནས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་འབུལ་ཞིང་བསྔོས་ལ། །བསྔོ་སྨོན་བཀྲ་ཤིས་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རྒྱུད་སྨད་དགེ་བའི་བཤེས་གཉེན་ཛྙཱ་ནའི་མཚན་ཅན་གྱི་གསུང་ངོར། །མཁྱེན་བརྩེའི་དབང་པོས་ལྷ་ལྡན་དགའ་བཞིའི་འཁྲུལ་སྣང་གི་གནྡྷོ་ལའི་ཉེ་འདབས་སུ་ཤར་མར་བྲིས་པ་དགེ། ༈ །།རྡོ་རྗེ་སྲིན་རྫོང་རྒྱལ་མོའི་བསང་མཆོད་འདོད་དགུའི་ཆར་འབེབས་བཞུགས་སོ། ཨོཾ་སྭསྟི་སིདྡྷཾ། དེ་ལ་གཞི་བདག་ཆེན་མོ་རྡོ་རྗེ་སྲིང་རྫོང་རྒྱལ་མོ་ལ་བསང་མཆོད་འབུལ་བར་འདོད་པས། བསང་རྫས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་དང་། །ཏིང་ངེ་འཛིན་གྱིས་རྣམས་འཕྲུལ་པའི། །བསང་མཆོད་ཟག་མེད་བདུད་རྩིའི་སྤྲིན། །


JKT021_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་རྒྱ་མཚོའི་གཏེར་དུ་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨོཾ་ཨཱཿཧཱུཾ། འཁོར་འདས་ཀུན་ལ་ཁྱབ་པའི་ཡེ་ཤེས་ནི། །སྲིད་ཞིའི་རྣམ་འགྱུར་ཅིར་ཡང་འཆར་བ་ལས། །དེང་འདིར་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཚུལ། །སྔགས་སྲུང་ཆེན་མོ་རྡོ་རྗེ་སྲིང་རྫོང་རྒྱལ། ཕྲིན་ལས་རྣམ་བཞིའི་སྒྱུ་འཕྲུལ་དྲ་བའི་སྤྲིན། འཁོར་བཅས་འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །སྣོད་བཅུད་དག་པའི་ཞིང་གི་བཀོད་པའི་དབུས། དྲི་ཞིམ་ངད་ལྡན་བདུད་རྩི་བསང་མཆོད་སྤྲིན། །གང་བཞེད་ཡིད་བཞིན་འཆར་བའི་འདོད་ཡོན་གཏེར། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་སོགས། །ཕུན་ཚོགས་འདོད་པའི་ཡོན་ཏན་རྣམ་མང་པོས། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ནས། །རྣལ་འབྱོར་བདག་ལ་དགྱེས་པའི་འཛུམ་ཞལ་སྟོན། །རྡོ་རྗེ་འཆང་དབང་པདྨ་ཐོད་ཕྲེང་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་རྗེས་དགོངས་ལ། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་ཚོགས་རྣམས་བསྐལ་བརྒྱར་ཞབས་པད་བརྟེན། །ཆོས་ལྡན་རྒྱལ་པོའི་མངའ་ཐང་རྒྱས་པ་དང་། །འགྲོ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པར་


JKT021_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །གཞི་བྱེས་ཀུན་ཏུ་སྲུང་ཞིང་སྐྱབས་པ་དང་། གནས་སྐབས་མཐར་ཐུག་ཕུན་སུམ་ཚོགས་པའི་དཔལ། །ཕན་བདེའི་དགའ་སྟོན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་བརྗོད་ཅིང་བསང་གཞུང་དང་མ་འབྲེལ་ན། ནོང་བཤགས་དང་གཤེགས་གསོལ་བཀྲ་ཤིས་སོགས་བྱའོ། །ཅེས་པའང་སྤམ་འཛོང་དགོན་པའི་བླ་གྲྭ་རྣམས་ཀྱི་ཐུགས་བཞེད་བཞིན་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་སྤེལ་བ་ཛ་ཡན་ཏུ། དགེའོ།། །།རྩ་གསུམ་ཆོས་སྲུང་རྒྱ་མཚོའི་གཏོར་བསྔོ་དང་སྐོང་བཤགས་ཀྱི་ཆོ་ག་ཉེ་བར་བསྡུས་པ་ཕྲིན་ལས་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལཱ་ཡ། །འདིར་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་གཏོར་བསྔོ་དང་སྐོང་བཤགས་མདོར་བསྡུས་ཏེ་བྱ་བར་འདོད་པས། རང་ཉིད་གཉུག་མའི་ལྷར་གསལ་བཞིན་པའི་ངང་། མཆོད་གཏོར་རྣམས། རཾ་ཡཾ་ཁཾ། གིས་བསངས་སྦྱངས། སྟོང་པའི་ངང་ལས་གནས་ཡུལ་ཀུན། །དུར་ཁྲོད་དྲག་པོའི་གཞལ་ཡས་དབུས། །ཕྱི་ནང་གསང་བའི་མཆོད་རྫས་རྣམས། །མི་ཟད་ནམ་མཁའི་མཛོད་དུ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། །


JKT021_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཧཱུྃ་ཧྲཱིཿ ཕྱོགས་དུས་ཞིང་ཁམས་རབ་འབྱམས་ནས། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སེམས་དང་སེམས་བྱུང་རྟོག་ཚོགས་ཀུན། །འོད་གསལ་དབུ་མར་ཐིམ་པའི་སྩལ། །དབྱིངས་ལས་ཡེ་ཤེས་རང་ཤར་བའི། །སྔགས་ཀྱི་སྲུང་མ་ཨེ་ཀ་ཛ། །དཔལ་ལྡན་མགོན་པོ་མ་ནིང་ནག །ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །གནོད་སྦྱིན་ནོར་ལྷ་གཏེར་བདག་སོགས། །རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་ཀུན། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །དུར་ཁྲོད་དྲག་པོའི་གནས་འདིར་གཤེགས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཤྲཱི་བཛྲ་དྷརྨ་པཱ་ལ་བ་སུ་དེ་བ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ དོན་དམ་འགྲོ་འོང་མ་དམིགས་ཀྱང་། །ཀུན་རྫོབ་སྒྱུ་མའི་སྣང་ཆ་རུ། །དམ་ཚིག་ཡེ་ཤེས་དབྱེར་མེད་པར། །དགྱེས་བཞིན་བྱིན་གྱིས་རློབ་ཕྱིར་བཞུགས། །ཛཿཧཱུྃ་བཾ་ཧོ་ས་མ་ཡ་ཏིཥྛན། །བྱིན་རླབས་ཆར་འབེབས་དངོས་གྲུབ་མཛོད། །ཕྲིན་ལས་ཐོགས་མེད་བསྟན་པ་སྲུང་། །རྩ་གསུམ་ཆོས་སྲུང་རྒྱ་མཚོ་ལ། །གུས་པའི་ཡིད་ཀྱི་


JKT021_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏིཙྪ་ཧོ། ཨོཾ་ཨཱཿཧཱུཾ། ཉེར་སྤྱོད་འདོད་པའི་ཡོན་ཏན་དང་། །སྨན་རཀ་གཏོར་ཚོགས་གསང་བའི་རྫས། །གུས་པའི་བློ་ཡིས་འབུལ་ལགས་ན། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཤྲཱི་བཛྲ་དྷརྨ་པཱ་ལ་བ་སུ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། །གོང་གི་སྔགས་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་གཏོར་མ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་པས་སྨན་རག་རྣམས་ཕུལ། སྐོང་བཤགས་ནི། ཧཱུྃ་ཧཱུྃ༔ དངོས་བཤམས་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བའི་མཆོད་རྫས་དང་། །རྟེན་རྫ་ས་སྐོང་རྫས་སྒྲུབ་རྫས་སོགས། །རང་རང་མཐུན་པའི་དམ་རྫས་ཀྱིས། །བྱིན་རླབས་ཆར་འབེབས་དཀྱིལ་འཁོར་གཙོ། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །དངོས་གྲུབ་ཡིད་བཞིན་སྩོལ་མཛད་པ། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་པའི། །དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཡུམ། །ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང་། །སྣང་སྲིད་དྲེགས་པའི་འཁོར་ལོས་སྒྱུར། །མ་ནིང་ནག་པོའི་ཐུགས་དམ་བསྐང་། །མཐུ་སྟོབས་དྲག་པོས་བསྟན་པ་སྲུང་། །ཁྱབ་མཇུག་ཆེན་པོའི་ཐུགས་དམ་


JKT021_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །སྡེ་བརྒྱད་ཡོངས་ཀྱི་དེད་དཔོན་ཆེ། །རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །དགོས་འདོད་ཆར་འབེབས་གཏེར་གྱི་བདག །གནོད་སྦྱིན་ནོར་ལྷའི་ཐུགས་དམ་བསྐང་། །མདོར་ན་ཡེ་ཤེས་འཇིག་རྟེན་གྱི། །རྒྱུད་གསུམ་དྲེགས་པའི་ཐུགས་དམ་བསྐང་། །མི་ཤེས་ཉོན་མོངས་བག་མེད་པས། །མ་གུས་འཁྲུལ་པའི་གཞན་དབང་གིས། །ཐུགས་དང་འགལ་པའི་ནོངས་པ་ཀུན། །སྙིང་ནས་བཤགས་སོ་ཚངས་པར་སྩོལ། །བདག་ཅག་བྱང་ཆུབ་མ་ཐོབ་བར། །བྱིན་རླབས་དངོས་གྲུབ་སྩོལ་བ་དང་། །རྣམ་བཞིའི་ཕྲིན་ལས་རབ་འབྱམས་ཀྱིས། །ཕན་བདེའི་འདོད་རྒུ་རྫོགས་པར་མཛོད། །བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས། །རབ་འབྱམས་མཆོད་འོས་རྒྱ་མཚོ་ལ། །གུས་པའི་བློ་ཡིས་བསྟོད་པར་བགྱི། །བྱིན་རླབས་བདུད་རྩིས་དབང་བསྐུར་ཞིང་། །དངོས་གྲུབ་རྣམ་གཉིས་དགའ་སྟོན་གྱིས། །ཕྲིན་ལས་ཐོག་མེད་འགྲུབ་པ་དང་། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་སྩོལ། །ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་རྡོ་རྗེ་སེམས། །འཆི་མེད་པདྨ་ཐོད་ཕྲེང་སོགས། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡིས། །དམ་ལ་བཏགས་པའི་ཆོས་སྲུང་ཚོགས། །ཇི་ལྟར་ཞལ་བཞེས་དམ་བཅས་བཞིན། །མཆོད་གཏོར་


JKT021_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལྡན་འདི་བཞེས་ལ། །འགྲོ་ལ་ཕན་བདེ་འབྱུང་བའི་གཞི། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་སྤེལ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་དང་། །མཛད་ཕྲིན་སྲིད་མཐར་རྒྱས་པར་མཛོད། །སྣོད་བཅུད་རྒུད་པ་ཀུན་ཞི་ཞིང་། །འཇིག་རྟེན་བདེ་བའི་དཔལ་ལ་སྦྱོར། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱཻ། །ནད་གདོན་འཇིགས་བརྒྱད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤོར། །ཁམས་གསུམ་འགྲོ་ཀུན་དབང་དུ་སྡུས། །མི་མཐུན་དགྲ་བགེགས་རྡུལ་དུ་རློག །མདོར་ན་མཆོག་དང་ཐུན་མོང་གི །ཕྲིན་ལས་རབ་འབྱམས་འགྲུབ་པར་མཛོད། །ཅེས་བརྗོད་ཕུད་དང་གཏོར་མ་གཙང་སར་གཤེགས། ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཏོར་མགྲོན་རྣམས་གཤེགས། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཤིས་པ་བརྗོད་པས་མེ་ཏོག་གི་ཆར་སིལ་མ་དགྲམ་པར་བྱའོ། །ཞེས་པའང་བསམ་འགྲུབ་ཤེལ་གྱི་བྲག་ཕུག་གི་མདུན་རོལ་གྲུབ་པས་བསྟེན་པའི་བྲག་སྐྱིབས་སུ་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །མངྒ་ལཾ། ༈ །ཨ་ཕྱི་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་བཞུགས་སོ། །ཨོཾ་ཨཱཿཧཱུཾ། མཆོད་གཏོར་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་


JKT021_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་འཕྲོ་བར་གྱུར། ཀྱཻ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། སངས་རྒྱས་བསྟན་སྐྱོང་དངོས་གྲུབ་མཆོག་སྩོལ་ཕྱིར། །དབྱིངས་ཕྱུག་ཡུམ་ལྔའི་སྒྱུ་འཕྲུལ་དྲྭ་བའི་གར། །ཨ་ཕྱི་མཆེད་ལྔ་འཁོར་བཅས་འདིར་གཤེགས་ཤིག །ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་དང་། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་ལྟར། །སངས་རྒྱས་བསྟན་སྲུངས་བསྟན་འཛིན་སྐུ་ཚེ་སྲིངས། །བསྟན་པའི་སྦྱིན་བདག་མངའ་ཐང་ཕྱོགས་བཅུར་སྤེལ། །ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་པ་སོལ། །སྣོད་བཅུད་ཀུན་ཏུ་ཕན་བདེའི་དགེ་མཚན་སྐྱིད། །རྣམ་བཞིའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའང་དཔལ་ལྷུན་གྲུབ་སྟེང་གི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྐུ་བཅར་གྲྭ་ཚང་རྣམས་ཀྱི་ཐུགས་བཞེད་ལྟར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།རྩ་གསུམ་གཏོར་བསྔོ་ཉེར་བསྡུས་ཕྲིན་ལས་མཆོག་སྦྱིན་བཞུགས། རང་ཉིད་སྐད་ཅིག་གིས་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་ཐོད་ཕྲེང་གི་སྐུར་གསལ་བར་གྱུར། རཾ་ཡཾ་ཁཾ། མཆོད་གཏོར་མི་དམིགས་སྟོང་པའི་ངང་། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །འབྲུ་གསུམ་འོད་དུ་ཞུ་བ་ལས། །འདོད་


JKT021_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ནམ་མཁའི་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃ་ཧྲཱིཿ རྩ་གསུམ་ཆོས་སྲུང་ནོར་ལྷའི་ཚོགས། །ཐུགས་རྗེས་དབང་གིས་འདིར་གཤེགས་ལ། །དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་རྫས་སྐོང་རྫས་སྒྲུབ་རྫས་དང་། །རྟེན་རྫས་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་༧ བཤགས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་བ་སུ་དེ་ཝ་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བ་སུ་དེ་ཝ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ་ཧཱུྃ༔ བྱིན་རླབས་ཆར་འབེབས་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ། །ལས་བཞི་ཕྲིན་ལས་ཐོགས་མེད་པའི། །མཁའ་འགྲོ་ཆོས་སྲུང་རྒྱ་མཚོར་བསྟོད། །རྩ་གསུམ་ཆོས་སྲུང་ནོར་ལྷའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནས་སྐབས་རྣམ་བཞིའི་ཕྲིན་ལས་དང་། །མཐར་ཐུག་མཆོག་གི་དངོས་གྲུབ་སྩོལ། །བསམ་དོན་ཡིད་བཞིན་འགྲུབ་པར་


JKT021_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ཞིང་ནོངས་པ་བཤགས། །རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། བཛྲ་མུས་གཤེགས་སུ་གསོལ། ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བའོ། །ཤུ་བྷཾ།། ༈ །།དམ་ཅན་སྐྱེས་བུ་ཆེན་པོ་ལ་མཆོད་གཏོར་འབུལ་ཚུལ་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་བཞུགས། ན་མོ་བཛྲ་དྷ་ར་ཡ། །ཅི་འབྱོར་པའི་ཕུད་དང་གཏོར་མ་བཤམས་ལ། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་མཆེད་འཁོར་སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས་པ་སྤྱན་དྲངས་པར་གྱུར། ཏྲི་བཛྲ་སཱདྷུ་ས་མ་ཡ་ཛ་ཛ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ། །འོད་གསལ་སྟོང་ཉིད་ཀློང་ལས་རང་ཤར་བའི། །ཟུང་འཇུག་རྡོ་རྗེ་སྲིན་པོ་ཐིག་ལེ་སྩལ། །སྡེ་བརྒྱད་དྲེགས་ཚོགས་ཡོངས་ཀྱི་འཁོར་ལོས་སྒྱུར། །མཆེད་འཁོར་སྤྲུལ་པར་བཅས་པ་ད་ཚུར་བྱོན། །གསེར་སྐྱེམ་གཙང་མ་ཕུད་ཀྱི་རྒྱ་མཚོ་དང་། །དངོས་བཤམས་ཡིད་སྤྲུལ་མཆོད་གཏོར་འདི་བཞེས་ལ། །སྔོན་ཚེ་པདྨ་ཁྲག་འཐུང་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་གཡར་དམ་བཅས་པ་བཞིན། །སངས་རྒྱས་བསྟན་སྲུང་བསྟན་འཛིན་འདུས་པ་སྤེལ། །མི་མཐུན་ཀུན་ཞི་མཐུན་རྐྱེན་


JKT021_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་སྒྲིགས། །ཁམས་གསུམ་དབང་བསྡུས་གནོད་བྱེད་དགྲ་བགེགས་སྒྲོལ། །གཞི་བྱེས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་མཛོད། །ཚར་གྲངས་གསོག་ན་འདི་ཡན་ཆད་ཇི་ལྟར་རིགས་པའི་མཐར། །སེམས་ཉིད་འོད་གསལ་སྟོང་པའི་མཁའ་དབྱིངས་ལས། །སེམས་བྱུང་སྒྱུ་མའི་རྣམ་པར་ཤར་བའི་མགྲོན། །སྐྱེ་འགགས་གནས་གསུམ་མཐའ་བྲལ་གཉུག་མའི་བཤིས། །བློ་འདས་རིག་སྟོང་རྗེན་པའི་ངང་དུ་ཨཱཿ ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོའི་བློ་མཚོ་ལས་བྱུང་བའོ། །མངྒ་ལཾ། ༈ །གཉན་ཆེན་ཐང་ལྷའི་གསོལ་མཆོད་ཀུན་ཕན་ལྷའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་རཱ་ཡ། །འདིར་བོད་ཁམས་རུ་བཞིའི་ཡུལ་ལྷའི་གཙོ་བོ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་ཐུགས་དམ་དགྱེས་རྒུར་བསྐང་བར་འདོད་པས། བསང་བསུར་དང་མཆོད་གཏོར་སྐྱེམས་ཕུད་སོགས་ཇི་ལྟར་འབྱོར་པའི་ཚོགས་གཙང་ཞིང་བཀོད་པས་མཛེས་པ་བཤམས་ལ་ཆབ་ཀྱིས་བྲན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ་ལ། སྲིད་པའི་ལྷ་རབས་འཁོར་དང་བཅས་


JKT021_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱན་དྲངས་ཤིང་མཆོད་བསྟོད་ཕྲིན་ལས་བཅོལ་བ་ནི། ཧྲཱིཿ །རྩ་གསུམ་ཀུན་འདུས་མཚོ་སྐྱེས་བླ་མ་ཡི། །སྤྱན་སྔར་རྡོ་རྗེའི་ཐ་ཚིག་གཉེར་བླངས་པ། །ཟུར་ཕུད་དཔལ་ལྡན་དྲི་ཟའི་རྒྱལ་པོ་ཆེ། །བཙུན་མོ་སྲས་འཁོར་བཅས་པ་ད་ཚུར་བྱོན། །ཀི་ལའི་སྒྲ་སྒྲོགས་དམ་སྲི་འབྱུང་པོའི་དཔུང་། །ཁུ་འཕང་སེར་བས་ལོ་ཏོག་ལྟར་འཇོམས་པ། །གེ་སར་ལས་འཁྲུངས་པདྨའི་བཀའ་སྡོད་མཆོག །ངོ་མཚར་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །ཅི་སྙེད་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས། །ཆུ་ལས་ཆུ་བུར་བརྡོལ་ལྟར་འདིར་གཤེགས་ལ། །ཇེ་ཞིག་མ་ཡིན་རྟག་པར་རབ་དགྱེས་ཞལ། །ཉོ་ཚོང་ལེགས་པའི་འཛུམ་དཀར་བཞིན་དུ་སྟོན། །ཏི་རིའི་ཕྱུགས་བདག་སྟེ་དབང་ཕྱུག་ཆེན་པོ། བདག་པོའི་བཀོད་པ་འཕྲོག་བྱེད་པའི། །ཐུ་བོ་རྒྱལ་སྲས་འཕགས་པའི་ཞིང་ཁམས་མཆོག །དེ་དེར་འཁྲུལ་པ་བསྐྱེད་པའི་གནས་མཆོག་འདིར། །ནོ་པི་ཀ་ཡི་མཆོག་ཏུ་རྟག་བཞུགས་གསོལ། །པི་ཝཾ་སྙན་པའི་རོལ་མོས་མངའ་གསོལ་ཞིང་། །ཕུ་ཆུ་ལྟར་འབབས་མཆོད་ཅིང་རྒྱ་མཚོས་མཆོད། །བེ་ཤྲ་མ་ཎའི་མཛོད་པའི་ཕུན་ཚོགས་ཀྱང་། །མོ་ཧར་བྱེད་པའི་འདོད་ཡོན་རྒྱ་མཚོས་བསྐང་། །ཙཱི་ནའི་ལྗོངས་ཀྱི་རི་བོ་རྩེ་ལྔ་བཞིན། །ཚུ་རོལ་བོད་ཡུལ་རུ་བཞིའི་ས་འཛིན་ཆེ། །ཛེ་ཏའི་ཚལ་མཚུངས་འདམ་ཤོད་སྣར་མོའི་


JKT021_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། །ཝོ་ཛི་ཧྭས་ཀྱང་བསྔགས་པ་བརྗོད་དཀའ་དེར། །ཞི་རྒྱས་དབང་དྲག་ལས་བཞིའི་འཁོར་ལོས་སྒྱུར། །ཟུ་ལེ་སྨན་སོགས་དཀར་ཕྱོགས་ཡོངས་ཀྱི་གཡོ། །འེ་ཞེས་བོས་པས་ཡིད་སྲུབས་ཚར་གཅོད་པའི། །ཡོ་གའི་དགྲ་ལྷ་ཆེན་པོར་བདག་བསྟོད་དོ། །རི་མོར་གྱིས་ཤིག་བསྟན་དང་དེར་འཛིན་ལ། །ལུ་མའི་ཆུ་རྒྱུན་བཞིན་དུ་བསྙེན་བསྐུར་སྤེལ། །ཤེ་མུན་ཉམས་ངར་འཁྱམས་པའི་བོད་ཁམས་འགྲོ། །སོ་སོར་ཕན་བདེའི་གནས་སུ་དབུགས་འཛིན་མཛོད། །ཧི་ཧྲཱིཿའི་བཞད་སྒྲས་ཁམས་གསུམ་དབང་དུ་སྡུས། །ཨུ་ད་དྷི་ལྟར་ཚེ་བསོད་དཔལ་འབྱོར་སྐྱེད། །ཧེ་རུ་ཀ་བཞིན་ལོག་འདྲེན་སྙིང་ཁྲག་འཐུངས། །ཨོ་རྒྱན་བླ་མའི་ཐ་ཚིག་མ་གཡེལ་སྒྲུབས། །སྨྱོ་བའི་འདྲེ་ཐུལ་སྡང་བའི་དགྲ་སྲོག་ཆོད། །སངས་རྒྱས་བསྟན་སྲུངས་འགྲོ་བའི་བདེ་སྐྱིད་སྤེལ། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་དང་བཅས། །གཞི་བྱེས་ཀུན་ཏུ་བསྲུང་སྐྱོབ་ཕྲིན་ལས་མཛོད། །ཅེས་པའང་ལྷ་ཆེན་པོ་ཉིད་ཀྱིས་གནང་བའི་མཚན་མ་ཐོབ་པ་དང་། དགོས་པ་འགའ་ཞིག་གི་སླད་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གང་ཤར་སྤེལ་བ་སུ་ཤེ་ཡནྟ། ༈ །རྨ་རྒྱལ་སྤོམ་རའི་གསོལ་མཆོད་འདོད་འབྱུང་དཔྱིད་ཀྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་རཱ་ཡཱ། །འདིར་མདོ་


JKT021_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྒང་དྲུག་གཙོ་བོར་གྱུར་པའི་བོད་ཡུལ་གཏེར་བདག་ཀུན་གྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ། རྨ་རྒྱལ་ཡིད་བཞིན་ནོར་བུ་འཁོར་དང་བཅས་པ་ལ་མཆོད་གསོལ་ཕྲིན་ལས་བཅོལ་བར་འདོད་པས་བསང་མཆོད་ཕྱེ་མར་གཏོར་མ་སྐྱེམས་ཕུད་སོགས་ཇི་ལྟར་འབྱོར་པའི་མཆོད་པ་རྣམས་ལ་དམིགས་ཏེ། །ཨོཾ་སརྦ་བིཏཱར་བུར་བུར་སུར་སུར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ༔ བཛྲ་སྥ་ར་ཎ་ཁཾ། །རྨ་གཡང་ལོངས་སྤྱོད་ཀྱི་སྤྲིན་ཕུང་འདོད་རྒུའི་འབྱོར་པ་རྒྱ་མཚོ་ཟད་མི་ཤེས་པ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། །ཅེས་བརྗོད་ཅིང་བསམ་ལ་སྙན་པའི་དབྱངས་དང་རོལ་མོ་དང་བཅས་ཏེ་འདི་སྐད་ཅེས་བསྐུལ་བར་བྱའོ། །ཧྲཱིཿ །རྩ་གསུམ་འདུས་ཞལ་བླ་མའི་བཀའ་སྡོད་ཆེ། །རྣམ་མང་ཐོས་སྲས་སྒྱུ་འཕྲུལ་དྲྭ་བའི་གར། །དབུལ་བའི་གདུང་སེལ་འདོད་འབྱུང་གཏེར་གྱི་བདག །རྨ་གཉན་སྲིད་པའི་ལྷ་ཆེན་དེང་འདིར་དགོངས། །ཀི་ཀིའི་སྒྲ་དང་ལྷ་རྒྱལ་སྙན་པའི་དབྱངས། །ཁུ་བྱུག་འགྲིན་པའི་གླུ་དབྱངས་ལས་ལྷག་པས། །གེ་སར་སྐྱེས་བུའི་སྐུ་ལྷ་དེང་བསྐུལ་ན། །ངོ་མཚར་སྤྲུལ་པའི་གནས་འདིར་གཤེགས་ཤིང་བཞུགས། །ཅི་སྙེད་མཆོད་ཡོན་མེ་ཏོག་བདུག་སྤོས་སྤྲིན། །ཆུ་འཛིན་དང་བྲལ་ཉི་ཟླ་སྒྲོན་མེའི་འོད། །ཇེ་ཞིག་མ་ཡིན་ཉོན་


JKT021_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་གདུང་སེལ་ཆབ། །ཉོ་ཚོང་བཟའ་བཏུང་འབྱོར་པའི་ཕུད་ཀྱི་མཆོད། །ཏི་རའི་ཁྱུ་དང་ཅང་ཤེས་རིན་ཆེན་མཛོད། །ཐུ་བོ་སྲིད་ན་ཆེ་རྒུའི་དཀོར་ཆའི་ཚོགས། །དེ་བཞིན་ཏིང་འཛིན་རོལ་མོས་ཉེར་སྤྲུལ་པའི། །ནོ་བི་ཀ་ཡི་འབྱོར་པས་ཐུགས་དམ་བསྐང་། །པི་ཝཾ་སྙན་པའི་རོལ་མོ་དང་སྦྱར་ཏེ། །ཕུ་ཆུ་ལྟར་འཁྱིལ་ཡོན་ཏན་རྒྱ་མཚོའི་གཏེར། །བེ་ཏ་ལིས་མཚོན་ལོག་འདྲེན་བྱེ་བའི་དཔུང་། །མོ་ཡི། ཧར་ཕམ་མཛད་ལྷ་ཁྱོད་དྭངས་བས་བསྔགས། །ཙཱི་ནའི་ལྗོངས་སོགས་འཛམ་གླིང་གཞི་བདག་དང་། །ཚུ་རོལ་བོད་སྐྱོང་ཡོངས་ཀྱི་གཙོ་བོ་ཆེར། །ཛེ་ཏ་སྲས་དང་བཅས་པས་མངའ་གསོལ་ལྟར། །ལོ་ཛི་ཧྭ་དང་མགྲིན་གཅིག་དབུ་འཕང་བསྟོད། །ཞི་བའི་ཕྲིན་ལས་ནད་མུག་མཚོན་འཁྲུགས་སོལ། །ཟུར་བདུད་སྐྱེས་སོགས་འབྱུང་པོ་ཟིལ་གྱིས་ནོན། །འོ་ཞེས་བསྐུལ་ཚེ་དགྲ་སྡེ་ཆོམས་ལ་ཕོབས། །ཡོ་གའི་འདོད་པའི་རེ་བ་ཡིད་བཞིན་སྒྲུབས། །རི་ཀླུང་རྟ་ཕྱུགས་འབྲུ་ནོར་འབྱོར་པས་བཀང་། །ལུ་མའི་རྫིང་བཞིན་རྨ་གཡང་རྒྱ་མཚོར་བསྐྱིལ། །ཤེ་མུན་ལྟ་བུའི་བརྒྱད་གཉིས་འཇིགས་ལས་སྲུངས། །སོ་སོར་ཕན་བདེའི་དགའ་སྟོན་ཆར་དུ་བསྙིལ། །ཧི་མའི་ཕུང་པོ་ལྟར་དཀར་འཛུམ་ཞལ་ལས། །ཨུ་མའི་བདག་པོའི་རླུང་ཞགས་བཞིན་གཡོ་བའི། །ཧེ་ཞེས་བཞད་སྨྲས་སྲིད་ཞིའི་ཕྱྭ་དང་གཡང་། །ཨོ་


JKT021_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བླ་མའི་བཀའ་བཞིན་གནས་འདིར་ཁུག །འདོད་རྒུའི་དཔལ་སྐྱེད་ཆོས་ནོར་ཕུན་ཚོགས་སྤེལ། །ཐར་ལམ་བྱང་ཆུབ་སྒྲུབ་པའི་བར་ཆད་ཐུལ། །བོད་ཁམས་དུས་ཀྱི་རྒུད་པ་ཞི་བ་དང་། །བསྟན་འགྲོའི་དགེ་མཚན་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པའང་གཞན་ལ་ཕན་པའི་རྟེན་འབྲེལ་གྱིས་སྒོ་འཕར་འདོད་རྒུར་དབྱེ་བའི་སླད་དུ། རྩ་གསུམ་ཀུན་འདུས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གང་ཤར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག ༈ །གེ་སར་སྐྱེས་བུ་ཆེན་པོའི་གསོལ་མཆོད་རྫོགས་ལྡན་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་རཱ་ཡ། །འདིར་ཨོ་རྒྱན་ཆེན་པོའི་བཀའ་ཉན། །བོད་ཡུལ་ཡོངས་ཀྱི་དགྲ་བླ་གེ་སར་སྐྱེས་བུ་ཆེན་པོ་ལ་གསོལ་མཆོད་བྱ་བར་འདོད་ན། གཏོར་མ་སྐྱེམས་ཕུད་བསང་གསུར་སོགས་ཇི་ལྟར་འབྱོར་པའི་ཡོ་བྱད་རྣམས་ལ་དམིགས་ཏེ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྟཾ་ཨུཏྤ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། །ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ་བས། དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོ་ལས་འདོད་རྒུའི་ལོངས་སྤྱོད་ཆར་བཞིན་དུ་འབབ་བར་གྱུར་པའི་མོས་པ་དང་བཅས་སྙན་པའི་དབྱངས་དང་རོལ་མོའི་བྱེ་


JKT021_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དང་ལྷན་ཅིག་ཏུ་འདི་སྐད་ཅེས། ཧྲཱིཿ །རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གིས། སྤྱན་སྔར་རྡོ་རྗེའི་ཐ་ཚིག་ཞལ་བཞེས་པའི། །འཛམ་གླིང་ནོར་བུ་སེང་ཆེན་དགྲ་འདུལ་རྩལ། །འཁོར་བཅས་ཐུགས་དམ་མ་གཡེལ་དབྱིངས་ནས་དགོངས། །ཀི་ཀི་བསྭོ་བསྭོའི་སྒྲ་ཡིས་དེང་འབོད་ན། །ཁྱུ་བྱུག་དཔྱིད་ཀྱི་དཔལ་མོས་བསུས་པ་བཞིན། །གེ་སར་སྐྱེས་བུ་ཆེན་པོ་འཁོར་དང་བཅས། །ངོ་མཚར་ལྷ་ཡི་ཁང་བཟང་འདིར་གཤེགས་ཤིག །ཅི་ནས་རྫུ་འཕྲུལ་བྱེ་བའི་བདག་པོ་ཁྱོད། །ཆུ་འཛིན་ངོས་ལས་གློག་ཕྲེང་གཡོ་བ་ལྟར། ཇེ་ཞིག་མ་ཡིན་ད་ལྟ་འདིར་སྤྱོན་ལ། །ཉོ་ཚོང་ལ་སོགས་དོན་གཉེར་བསམ་པ་སྒྲུབས། །ཏི་མའི་གྲོང་རྒྱ་མཚོ། ཁྱེར་ལྟ་བུར་མཐའ་ཡས་པའི། །ཐུ་བོ་འཕགས་པའི་ཚོགས་ཀྱི་རྣལ་འབྱོར་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་ལས་བྱུང་བའི། །ནོ་བི་ཀ་ཡི་མཆོད་སྤྲིན་དགྱེས་རྒུར་བཞེས། །པི་ཝཾ་སྙན་པས་དྲངས་བའི་རོལ་མོ་དང་། །ཕུ་ཆུ་ལྟར་འཁྱིལ་ཇ་ཆང་སྐྱེམས་ཀྱི་མཚོ། །བེ་ཏའི་ལྗོན་སོགས་ལེགས་བྲིས་དགའ་ཚལ་ཡང་། །མོ་རྨོངས་པ། ཧར་བྱེད་པའི་དཀོར་ཆས་ཐུགས་དམ་བསྐང་། །ཙཱི་ནའི་ལྗོངས་དང་འཕགས་བལ་བོད་ཡུལ་གྱི། །ཚུ་རོལ་མཐོང་བའི་རིགས་ལྡན་བྱེ་སྙེད་ཀུན། །ཛེ་ཏཱའི་ཚལ་བཞིན་འདིར་འདུས་སྙན་གྲགས་གཏམས། ལོ་ཛི་ཆུ་ལྷ།


JKT021_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱས་ཀྱང་སྨྲ་བ་མི་ནུས་མཛོད། །ཞི་དང་སྲིད་པའི་ཕུན་ཚོགས་དབང་དུ་སྡུས། །ཟུ་བརྟན་མའི་གཙོ་བོ། ལེ་སྨན་སོགས་དཀར་ཕྱོགས་དབུ་འཕང་བསྟོད། །འེ་ཞེས་བསྐུལ་བའི་མོད་ནས་ཡིད་སྲུབས་དཔུང་། །ཡོ་གའི་འགལ་རྣལ་འབྱོར། བྱེད་ཐམས་ཅད་ཆོམས་ལ་ཕོབ། །རི་ཀླུངས་ཀུན་ཏུ་སྣོད་བཅུད་འབྱོར་པ་སྤེལ། །ལུ་གུ་རྒྱུད་བཞིན་རྟག་པར་བདག་ཅག་སྐྱངས། །ཤེ་མུན་ལྟ་བུའི་འཇིགས་པའི་གཡང་ལས་བསྲུང་། །སོ་སོར་འདོད་པའི་རེ་བ་ཡིད་བཞིན་སྒྲུབས། །ཧི་ཧིའི་བཞད་སྒྲ་གཡོ་བའི་ཕུ་ནུའི་སྡེ། །ཨུ་ད་དྷི་ལྟར་འཁྲིག་པ་འཁོར་དང་བཅས། །ཧེ་ཞེས་དགྱེས་པ་ཆེན་པོའི་ངང་ཚུལ་གྱིས། །ཨོ་རྒྱན་བླ་མའི་བཀའ་སྩལ་དེང་དགོངས་ལ། །བོད་ཁམས་མཐའ་དམག་གདུག་པའི་རྒྱུ་འཕྲུལ་ཆོད། །དུས་འཁྲུགས་ལོ་ཉེས་སད་སེར་བཙའ་ཐན་བསྲུང་། །རིགས་བརྒྱུད་འབྲུ་ནོར་ལོངས་སྤྱོད་ཕྲུ་གཡང་ཁུག །བསྟན་འགྲོའི་བདེ་སྐྱིད་འཕེལ་བའི་ཕྲིན་ལས་མཛོད། །ཅེས་པའང་གཞན་ལ་ཕན་པའི་སྒོ་ཅུང་ཟད་མཐོང་ལྟར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གང་ཤར་བྲིས་པ་དགེ་ལེགས་ཀྱི་དོན་ཀུན་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག ༈ །སྐུ་ལྷ་གེ་སར་རྒྱལ་པོའི་གསོལ་མཆོད་ཤིན་ཏུ་བསྡུས་པ་བཀྲ་ཤིས་ཀྱི་སྒྲ་དབྱངས་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་རཱ་ཡ། །མཆོད་གཏོར་གསེར་སྐྱེམས་བསང་སོགས་ཇི་ལྟར་འབྱོར་པའི་མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་གིས་བརླབ། ཧཱུྃ༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་རོལ་མོ་ལས། །བྱུང་བའི་འདོད་ཡོན་རྒྱ་མཚོའི་དཀྱིལ་འཁོར་གཡོས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །སྐྱབས་གནས་མཆོད་འོས་རྒྱ་མཚོའི་ཚོགས་རྣམས་དང་། །ཁྱད་པར་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས། །བོད་


JKT021_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདེ་ལ་འགོད་པའི་ཕྲིན་ལས་ཀྱཻ། །སྐུ་ལྷ་གེ་སར་སྐྱེས་བུ་དོན་གྲུབ་སོགས། །མཆེད་འཁོར་སྤྲུལ་དང་ཡང་སྤྲུལ་བཅས་པ་ཀུན། །ཟག་མེད་ཡེ་ཤེས་འདོད་རྒུའི་གཏེར་གྱིས་འབོད། །ཐུགས་དམ་གཉེན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཟོད་པར་བཞེས། །སྲིད་ཞིའི་དཔལ་གྱི་འབྱོར་པས་མངའ་གསོལ་ན། །དགྱེས་པའི་འཛུམ་ཞལ་བདག་ཅག་རྣམས་༧ ལ་སྟོན། །རྔམས་པའི་བརྟུལ་ཞུགས་དགྲ་དང་བགེགས་ལ་བསྐྱེད། །འཁོར་སྲུང་རྐྱེན་ཟློག་མི་མཐུན་བར་ཆད་བསྒྱུར། །གཞི་བྱེས་ཀུན་ཏུ་ཁ་འཛིན་སྟོང་གྲོགས་མཛོད། །ནད་མུག་མཚོན་འཁྲུགས་འཇིགས་པ་ཞི་བར་མཛོད། །ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས་འབྱོར་སྤེལ། །སངས་རྒྱས་བསྟན་དར་བསྟན་འཛིན་སྐུ་ཚེ་བསྲིངས། །ཆར་ཆུ་དུས་འབེབས་བཙའ་སད་སེར་བསྲུངས། །རྟ་


JKT021_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་འབྲུ་ནོར་ཕྱུ་གཡང་ལོངས་སྤྱོད་ཕོབས། །མདོར་ན་ཡིད་ལ་སྨོན་ཅིང་དགེ་བའི་དོན། །འབད་མེད་མྱུར་བ་ཉིད་དུ་འགྲུབ་པ་དང་། །མཐར་ཐུག་བདེ་བ་མཆོག་གི་དངོས་གྲུབ་སྩོལ། །བཀྲ་ཤིས་དཔལ་གྱིས་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་པའང་གླིང་རྗེ་རིན་པོ་ཆེའི་བཀའི་ཕྲིན་ལས་པ་དད་དམ་ལུགས་གཉིས་དཔལ་གྱིས་སྐྱོང་བའི་བཟང་པོ་དཔལ་ལྡན་བཀྲ་ཤིས་པའི་ལྷ་རྫས་དང་བཅས་གསུང་ངོར། །འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དུས་ཚེས་དགེ་བར་འཕྲལ་དུ་བྲིས་པ་མངྒ་ལཾ། ༈ །ཆོས་སྐྱོང་ཆེན་པོ་བཀྲ་ཤིས་འོད་འབར་གྱི་གསོལ་མཆོད་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི་རསྟུ། །དེ་ལ་འདིར་ཆོས་སྐྱོང་ཆེན་པོ་བཀྲ་ཤིས་འོད་འབར་ལ་དམིགས་ཀྱིས་བསལ་བའི་འདོད་དོན་ཞུ་བའི་སླད་གསོལ་མཆོད་ཕྲིན་ལས་བཅོལ་བར་འདོད་ན། སྐོང་རྫས་བྱིན་རླབས་མདོར་བསྡུས་པ་སྔོན་དུ་འགྲོ་བས། ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་འདི། །སྲིད་ཞིའི་རྣམ་རོལ་ཅིར་ཡང་འཆར་བ་ལས། །དེང་འདིར་ཕན་བདེའི་བཀྲ་ཤིས་འོད་འབར་བའི། །ཆོས་སྐྱོང་ཆེན་པོ་འཁོར་བཅས་ད་ཚུར་བྱོན། །ཏིང་འཛིན་རོལ་མོས་བཀོད་པའི་ཁང་བཟང་དུ། །དངོས་འབྱོར་ཡིད་སྤྲུལ་སྤྱན་གཟིགས་མཐའ་ཡས་པའི། །མངའ་ཐང་འབྱོར་པ་ཆེན་པོའི་


JKT021_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ས་འདིར། །དགྱེས་བཞིན་ཕྲིན་ལས་མཛད་ཕྱིར་རྟག་ཏུ་བཞུགས། །མགོན་ཁྱོད་གཟོད་ནས་སྲས་བཅས་རྒྱལ་ཀུན་གྱི། །རིག་དང་བརྩེ་བའི་ངོ་བོར་བྱང་ཆུབ་ཀྱང་། །ཐུགས་རྗེའི་དབང་གིས་བསྟན་པ་སྲུང་མཛད་པར། །མི་ཕྱེད་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཕྱི་མཆོད་རྣམ་མང་འདོད་ཡོན་སྤྲིན་ཕུང་འཕྲོ། །ནང་མཆོད་ཟག་མེད་བདུད་རྩིའི་རྒྱ་མཚོར་བསྐྱིལ། །གསང་བ་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱིས། །རྡོ་རྗེའི་ཆོས་སྲུང་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་མ་རིག་འཁྲུལ་པའི་གཞན་དབང་གིས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་སོགས། །ཐུགས་དང་འགལ་བའི་ལས་ཀུན་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པ་མཆོག་གིས་དངོས་གྲུབ་སྩོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། རྒྱལ་བསྟན་སྤྱི་དང་འཇིགས་བྲལ་ཆེན་པོ་ཡི། །རིང་ལུགས་ཕྱོགས་བརྒྱས་འཕེལ་བ་མཛད་དུ་གསོལ། །ཁྱད་པར་རྡོ་རྗེ་བཙུན་མོའི་ཡེ་ཤེས་སྐུ། །དག་པའི་ཞིང་ཁམས་གང་དུ་བཞུགསཾ་བ་དེར། །གློག་ལྟར་མྱུར་བའི་ཤུགས་ཀྱིས་རབ་བསྐྱོད་ལ། །ཐུགས་དམ་དབྱིངས་ནས་བསྐུལ་བར་མཛད་དུ་གསོལ། །བདག་ཅག་སྙིང་ནས་གདུང་བས་གསོལ་འདེབས་པའི། །སྨྲེ་སྔགས་རྡོ་རྗེའི་སྙན་ཏུ་གསོལ་


JKT021_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། །ངོ་མཚར་མཆོག་གི་སྤྲུལ་སྐུའི་ཉིན་མོར་བྱེད། །འཁྲུལ་མེད་མྱུར་དུ་འཆར་བར་མཛད་དུ་གསོལ། །བསྟན་པའི་གཙུག་རྒྱན་མཆོག་སྤྲུལ་ཞབས་བརྟན་ཅིང་། །བསྟན་འཛིན་མཁས་གྲུབ་འཇིག་རྟེན་ཁམས་ཀུན་ཁྱབ། །བསྟན་པའི་སྦྱིན་བདག་ཆོས་ལྡན་འབྱོར་པ་རྒྱས། །བསྟན་འགྲོའི་ཕན་བདེ་འཕེལ་བའི་ཕྲིན་ལས་མཛད། །ཅེས་པའང་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་བཀའི་ཅོད་པན་སྤྱི་བོའི་རྒྱན་ཏུ་ཕེབས་པ་ལྟར། །ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསམ་གཏན་གྱི་ཁང་བུར་ཤར་མར་སྤེལ་བའི་ཡི་གེ་པ་ནི་གནས་ལྔ་རིག་པ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བགྱིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ༈ །ཨོཾ་ཨཱཿཧཱུཾ། །རྩ་གསུམ་ཆོས་སྲུང་ནོར་ལྷ་གཞི་བདག་ལ། །གསེར་སྐྱེམས་བདུད་རྩི་ཕུད་ཀྱི་མཆོད་པ་འབུལ། །བཞེས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱཻ། །འགལ་རྐྱེན་ཀུན་སེལ་བསམ་དོན་ལྷུན་གྲུབ་མཛོད། །ཅེས་པའང་ཆོས་ལྡན་གྱི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །རྩ་གསུམ་ཚོགས་བསྡུས་གྲངས་གསོག་བྱ་ཚུལ་བཞུགས་སོ། །ན་མསྶཱི་མཱུ་ཡཱ་ཡ། །བླ་མ་གསང་འདུས་ཚོགས་ཁྲི་འབུམ་གྲངས་གསོགས་སྐབས། །ཚོགས་རྫས་བདུད་རྩིས་བྲན། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧྲཱིཿས་


JKT021_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགསཿ དགྲ་བགེགས་བཀུག་བསྒྲལ་ཞལ་དུ་བསྟབཿ གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧྲཱིཿ བཛྲ་ས་མ་ཡ་ཨཱ༔ གུ་རུ་དེ་བ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧྲཱིཿ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཅེས་མཆེད་བཤགས་བསྒྲལ་གསུམ་དུས་གཅིག་ཏུ་ཕུལ། ལྷག་མ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ༔ཧྲཱིཿས་བརླབ། ཧཱུྃ། བཅོམ་ལྡན་པདྨ་ཧེ་རུ་ཀའི༔ བཀའ་ཡི་ལྷག་སྡུད་ཚོགས་རྣམས་ཀུན༔ འདིར་བྱོན་བཀའ་ཡི་ལྷག་གཏོར་བཞེསཿ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་སམ། ཨུཊ་བ་ལིཾ་ཏ་ཁཱ་ཧིས་བསྔོས་ལ་སྨོན་ལམ་ཡང་གདབ་བོ།། ༈ །།ཡི་དམ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ། ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་སྤྱན་འདྲེན་གཤེགས། །འདོད་ཡོན་མཆོད་འབུལ་དམ་བསྐང་དངོས་གྲུབ་སྩོལ། །དགྲ་བགེགས་འགུག་བསྒྲལ་ཤ་ཁྲག་རུས་པའི་ཚོགས། །ཟག་མེད་བདུད་རྩི་དགྱེས་པ་ཆེན་པོར་བཞེས། །ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏིཙྪ་སྭཱ་ཧཱ། །བཛྲ་ས་མ་ཡ་ཨཱ༔ སརྦ་ཤ་དྲུན་བིགྷན་ཛཿཧཱུྃ་བཾ་ཧོམཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ ཞེས་མཆོད་ཅིང་བསྒྲལ་བསྟབ་བྱ།


JKT021_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧོ་ཧཱུྃ༔ ཨེ་ཨཱ་རལླི་ཧཱུཾཿཛས་ལྷག་སྡུད་སྤྱན་དྲངས་ལ། ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་སྲིང་འབར་མ་ཕོ་ཉའི་ཚོགས། །དཔལ་གྱི་ཕམ་ཕབ་འདི་ལོང་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལི་ཏ་བྷཀྵ་སྭ་སྭཱ་ཧཱ། །ཞེས་བསྔོ། སྨོན་ལམ་ཡང་གདབ་བོ། ༈ །ཉང་གཏེར་མཁའ་འགྲོ་ཁྲོས་ནག་གི་ཚོགས་གྲངས་གསོག་སྐབས། ཚོགས་རྫས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ༀ་ཨཱཿཧཱུཾ་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ་གིས་བརླབ། ཧཱུཾ། རྡོ་རྗེ་མཁའ་འགྲོ་ཕག་མོ་ཡུམ༔ མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཕོ་ཕོ་ཝེ། ཨོཾ་ཤྲཱི་བཛྲ་བྷེ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ་གིས་ཕུད་དང་། ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ༔ ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙྪིཥྛ་སརྦ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ ཞེས་ལྷག་མ་ཕུལ། སྨོན་ལམ་ཡང་གདབ་བོ། ༈ །ལྷག་པའི་ལྷ་སྤྱི་ལ་འཇུག་པའི་བསྐང་བཤགས་བསྡུས་པ་རྩ་གསུམ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ད་ན་མ་ཤྲཱི་གུ་རུ་བེ། །དེ་ལ་འདིར་རྩ་བ་གསུམ་གྱི་ལྷ་ཚོགས་


JKT021_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐུགས་དམ་བསྐང་བར་འདོད་པས། ཐོག་མར་སྐོང་རྫས་རྣམས། ཨ་མྲྀ་ཏས་བསང་སྭཱ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་ནང་དུ་བསྐང་རྫས་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། །དེ་ནས་བསྐང་བ་དངོས་ལ་འཇུག་པ་ནི། ཧཱུྃ་ཧྲཱིཿ །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཐོག་མའི་མགོན་པོ་འོད་མཐའ་ཡས། །ཡེ་ཤེས་རང་སྣང་འཁོར་གྱིས་བསྐོར། །ཆོས་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་། །ངེས་པ་ལྔ་ལྡན་ཕོ་བྲང་ནས། །བདེ་སྟོང་ཁ་སྦྱོར་རིགས་མཆོག་ལྔ། །ས་བཅུའི་བྱང་སེམས་འཁོར་གྱིས་བསྐོར། ལོངས་སྐུའི་ལྷ་ཚོགས །པདྨ་འོད་ཀྱི་ཕོ་བྲང་ནས། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་གྱིས་བསྐོར། །སྤྲུལ་སྐུའི་ལྷ་ཚོགས །བྱིན་རླབས་རྨད་བྱུང་ཕོ་བྲང་ནས། །རྣམ་བཞིའི་རིག་འཛིན་གྲུབ་པའི་དཔྱིད། །དགོངས་བརྡ་སྙན་ནས་བརྒྱུད་པ་ཡི། །རྩ་བརྒྱུད་བླ་མའི༴ །དངོས་གྲུབ་ཆར་འབེབས་ཕོ་བྲང་ནས། །ཞི་ཆགས་ཁྲོ་བོའི་རྣམ་རོལ་ཅན། །ཕྱི་ནང་རྒྱུད་སྡེ་རྒྱ་མཚོ་ཡི། །ཡི་དམ་ལྷ་ཚོགས༴ །གནས་ཡུལ་དུར་ཁྲོད་ཞིང་རྣམས་ནས། །རྣམ་ཀུན་མཆོག་ལྡན་སྒྱུ་མའི་


JKT021_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གར། །ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི། །དཔའ་བོ་མཁའ་འགྲོའི༴ །སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནས། །སངས་རྒྱས་བསྟན་པ་སྲུང་བ་དང་། །རྣམ་བཞིའི་ཕྲིན་ལས་སྒྲུབ་མཛད་པ། །ཆོས་སྲུང་ནོར་ལྷའི་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ །ཐུགས་དམ་བསྐང་བའི་དམ་རྫས་ནི། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས་བསྐང་། །ཚོགས་དྲུག་དབུ་མར་ཐིམ་པ་ལས། །བྱུང་བའི་ཡེ་ཤེས་བླ་མེད་པ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །རང་བྱུང་ནང་གི་མཆོད་པས་བསྐང་། །བདུད་རྩི་སྨན་དང་བ་ལི་ཏ། །དམར་ཆེན་རཀྟ་ལ་སོགས་པ། །སྦྱོར་སྒྲོལ་བརྟུལ་ཞུགས་གྲུབ་པའི་དཔྱིད། །ལྷན་སྐྱེས་གསང་བའི་མཆོད་པས་བསྐང་། །ཀ་དག་རིག་སྟོང་གཉུག་མའི་ཀློང་། །ལྷུན་གྲུབ་འོད་གསལ་སྣང་བཞིའི་སྤྲིན། །ཟུང་འཇུག་འཁོར་གསུམ་ལས་འདས་པའི། །བླ་མེད་མཆོག་གི་མཆོད་པས་བསྐང་། །སོ་ཐར་བྱང་སེམས་གསང་སྔགས་ཀྱཻ། །སྡོམ་དང་དམ་ཚིག་ཉམས་པ་སོགས། །རང་བཞིན་བཅས་པའི་ཉེས་ལྟུང་ཀུན། །རྩ་གསུམ་ལྷ་ཚོགས་སྤྱན་སྔར་བཤགས། །དེ་ལྟར་བསྐང་ཞིང་བཤགས་པའི་མཐུས། །གནས་སྐབས་རྣམ་བཞིའི་ཕྲིན་ལས་དང་། །གྲུབ་ཆེན་བརྒྱད་དང་དབང་བཅུ་སོགས། །ཕན་བདེའི་འདོད་དགུ་


JKT021_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་མཛོད། །མཐར་ཐུག་བདག་གཞན་འགྲོ་བ་ཀུན། །སྐུ་དང་ཡེ་ཤེས་དབྱེར་མེད་པའི། །རྩ་གསུམ་དཀྱིལ་འཁོར་མངོན་གྱུར་ནས། །ཕྲིན་ལས་རྒྱུན་མི་འཆད་པར་ཤོག །ཞེས་པའང་རིག་པ་འཛིན་པ་འཇིགས་པ་མེད་པའི་སྡེས་སྦྱར་བའོ། ༈ །རྩ་གསུམ་སྐོང་བཤགས་ཉེར་བསྡུས་ཀུན་བཟང་མཆོད་སྤྲིན་བཞུགས། །སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧཱུཾ་ཧྲཱིཿ སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་ཆེར། །དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བ་བླ་མེད་དེ་ཁོ་ནའི། །ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་རྒྱ་མཚོ་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་བསྐང་། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐང་། །སྣང་སྲིད་དག་པ་རབ་འབྱམས་ཆེན་པོར་བསྐང་། །ཐུགས་དམ་བསྐང་ཞིང་ཉམས་ཆགས་མཐོལ་བཤགས་ནི། །སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་ནས་ཀྱང་། །མཆོག་ཐུན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་མཚོ་ལས་ཕྱུང་བའོ། ༈ །རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྐོང་གསོ་ཉུང་ངུར་བསྡུས་པ་འདོད་རྒུའི་ཆར་འབེབས་ཞེས་བྱ་བ་བཞུགས་


JKT021_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཨོཾ་སྭ་སྟི་སིདྡྷཾ། །བསྟན་པ་སྲུང་བའི་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་སྐོང་བཤགས་ཀྱི་ཆོ་ག་མདོར་བསྡུས་སུ་བྱ་བའི་ཚུལ་ནི། ཡིད་དང་མཐུན་པའི་གནས་སུ་མཆོད་གཏོར་དང་། སྐོང་གཏོར་སོགས་རྒྱས་པར་འདུ་བྱ་བའམ། དེ་ཙམ་མ་ལྕོགས་ན་མཆོད་གཏོར་དམ་ཅན་སྤྱིའི་གཏོར་ཆོག་གི་སྐབས་ལྟར་དང་། དེའི་མདུན་དུ་སྐོང་གཏོར་རིན་ཆེན་འབར་བ་སྨན་རཀ་འབུལ་གཏོར་བཅས་ཕྱག་ལེན་བཞིན་བཤམ། བདག་གི་རྣལ་འབྱོར་གང་རིགས་སྔོན་དུ་འགྲོ་བས་གཏོར་མ་བྱིན་རླབས་ནས་བཟུང་བསྟོད་པའི་བར་དམ་ཅན་སྤྱི་གཏོར་གྱི་ཆོ་ག་ཇི་ལྟ་བ་བཞིན་ལ། རྗེས་འབྲང་བྱེ་བྲག་པ་གཏོང་ན་སྐབས་འདིར་བྱ། དེ་ནས་གཏོར་བདག་དང་། གཞི་བདག་ལ་གཏོར་མ་ཕུལ། བཟླས་པ་བྱེད་ན། མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བ་ལ་བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་འཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ལ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏཱ་ནོ་པ་སོགས་ནས། ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་


JKT021_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། །ཅེས་ཧེ་རུ་ཀའི་ཡིག་བརྒྱ་དང་། བདག་བསྐྱེད་ཀྱི་བསྙེན་པ་ཅི་རིགས་གོང་གནོན་གྱི་ཚུལ་དུ་བཟླས་པ་སྔོན་དུ་འགྲོ་བས། ཨོཾ་བྷ་རུ་ཀུ་རུ་ཨི་ཙི་ཀི་བི་ཨུ་ཙུཥྛ་ཀྲོ་དྷ་ཧཱུྃ་ཕཊ། །ཅེས་སོགས་སོ་སོའི་སྔགས་གཏོར་གྱི་སྐབས་ནས་འབྱུང་བ་བཞིན་དང་ཐུན་མོང་དུ་ཤཱ་ས་ན་ཅི་ནུས་བཟླ། སྤྲོ་ན་མཆོད་བསྟོད་ཀྱང་བྱ། ཚོགས་ཡོད་ན་སྐབས་འདིར་ཡི་དམ་གྱི་ལས་གཞུང་ལྟར་བྱིན་རླབས་ནས་བསྒྲལ་བསྟབ་བར་དང་རྩ་གསུམ་སྐོང་གསོ་སོགས་ཀྱང་གཏོང་ན་འདིར་བྱ། དེ་ནས་སྐོང་རྫས་རྣམས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་པ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྤོ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ་ཞེས་པས་བྱིན་གྱིས་བརླབས་ཤིང་ཟད་མི་ཤེས་པར་སྤེལ་ལ། ཧཱུྃ། རྒྱལ་བ་ཡོངས་ཀྱི་བཀའ་སྡོད་དཔའ་བོ་ཆེ། །མ་ལུས་བདུད་སྡེའི་ངོ་


JKT021_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ན་རབ་ཁྲོས་པ། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་དམ་གཉེན་པོ་བསྐང་ཕྱིར་འདིར་གཤེགས་ཤིག །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཡོངས་གང་བའི། །རྣམ་རོལ་འགག་མེད་ཕྱི་ནང་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །བཞེད་རྒུའི་འབྱོར་པ་རྒྱ་མཚོས་ཐུགས་དམ་བསྐང་། ཁྲག་ཞག་ཨགྷི་དབང་པོའི་མེ་ཏོག་བཞད། །གསུར་ཆེན་བདུག་སྤོས་ཞུན་ཆེན་སྣང་གསལ་སྦར། །མཁྲིས་པའི་དྲི་ཆབ་ཤ་སྣའི་ཞལ་ཟས་མཛེས། །སྙན་བརྗིད་རོལ་མོའི་སྒྲ་ཡིས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ། །དགྲ་བགེགས་སྙིང་ཁྲག་ལྷུ་ཕྲེང་རཀྟའི་མཚོ། །འདོད་ཡོན་བཟའ་བཅའ་གཏོར་མ་དམ་རྫས་ཚོགས། །དཔག་ཡས་ནམ་མཁའ་གང་བས་ཐུགས་དམ་བསྐང་། །མིག་སྨན་མདངས་ལྡན་རྟ་མཆོག་སྒ་སྲབ་ཅན། །བརྗིད་པའི་གཡག་རྒོད་ལུག་ནག་རོག་པོའི་ར། །དཔའ་གཏུམ་ཁྱི་སོགས་ཕྱི་ཡི་རྟེན་རྣམས་ཀུན། །སྣ་ཚོགས་རྒྱན་གྱིས་སྤྲས་པས་ཐུགས་དམ་བསྐང་། །རྔམས་བརྗིད་ཐོད་མཁར་དྲག་པོའི་གཞལ་མེད་ཁང་། །འབོད་པའི་གཡབ་དར་དུར་ཁྲོད་དྲག་པོའི་ཆས། །རྣམ་བཀྲའི་དར་སྣས་མཚོན་པའི་བྱ་རྒོད་མདའ། །མཐུན་པའི་དམ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །སྐུ་གཟུགས་གླེགས་


JKT021_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བམ་བེང་སོགས་ཕྱག་མཚན་དང་། །སྣ་ཚོགས་དཀོར་ནོར་གཟུགས་རྟེན་བླ་རྡོའི་ཆས། །རི་རབ་གླིང་བཞི་གླིང་ཕྲན་རྟགས་རྫས་བདུན། །སྲ་བརྟན་དཔའ་བོའི་ཆས་ཀྱིས་ཐུགས་དམ་བསྐང་། སྐུ་ཡི་ཕྱག་རྒྱ་གཡོ་མེད་གསལ་ཞིང་བརྟན། །རླུང་སྔགས་བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཞིང་། །སེམས་ཉིད་རང་ངོ་ཤེས་པའི་རྣལ་འབྱོར་སོགས། །བསྐྱེད་དང་རྫོགས་པའི་ལམ་གྱིས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་གཉེན་པོ་བསྐངས་བའི་མཐུས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་བ་དང་། །ཐུབ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་གྱི། །རིངས་ལུགས་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཅེས་ཐུགས་དམ་བསྐང་། བཤགས་པ་ནི་ཐལ་མོ་སྦྱར་ཏེ། ཧོ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། །ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུགས། །ཐུགས་ཀྱི་ཏིང་འཛིན་བྱིང་རྒོད་རྟོགས་པས་


JKT021_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུང་ཕུད་ཉམས་འབགས་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆགས་པ་དང་། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆག་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང་། ཡི་གེ་བརྒྱ་པ་ལན་གསུམ་སོགས་ཀྱིས་ཐུགས་དམ་མ་བསྐང་པ་རྣམས་བཤགས་པར་བྱའོ། །སྐབས་འདིར་གཞན་ལས་འདོད་པའི་དོན་ལ་ཕྲིན་ལས་གསོལ་བ་གསུངས་ནའང་གོང་དུ་སྐོང་བའི་སྐབས་དོན་གྱིས་ཚང་ཞིང་། གཏོར་མ་སྟོབ་པའང་ཚང་བས། ཚོགས་ཡོད་ན་རོལ་ཞིང་སྨོན་ལམ་གདབ། ལྷག་མ་བཏང་། ཡི་དམ་གྱི་སྐུལ་པ་ཡོད་ནའང་བྱས་ནས་གཏོར་འབུལ་མན་དམ་ཅན་སྤྱི་གཏོར་བཞིན་བགྱིས་པས་དོན་གྲུབ་པ་ཡིན་ནོ། །ཞེས་པ་འདིའང་དད་ལྡན་དཀོན་མཆོག་རྒྱ་མཚོས་བསྐུལ་ངོར་འགྱུར་མེད་རིན་ཆེན་རྣམ་རྒྱལ་གྱིས་བྲིས་པའོ། །སླར་ཡང་གོང་འོག་གི་མཛེས་རྒྱན་དང་བཅས་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་


JKT021_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བསྡེབས་པ་དགེ་ལེགས་འཕེལ། ༈ །བཟའ་བཏུང་ནང་གི་ཚོགས་མཆོད་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་བྷྱཿ བཟའ་བཏུང་ནང་གི་ཚོགས་མཆོད་ནི། ལོངས་སྤྱོད་ཀྱི་དངོས་པོ་རྣམས་མདུན་དུ་གཙང་ཞིང་མཛེས་པར་བཤམ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ། རིག་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་ལས་སོ། །པ་སྟོང་གསལ་འོད་ཀྱི་གཞལ་ཡས་སུ༔ ཧཱུྃ་ལས་རྡོར་སེམས་སྐུ་མདོག་ཡིག དཀར་ལ་འཚེར༔ ཞལ་གཅིག་འཛུམ་མདངས་རིན་ཆེན་རྒྱན་གྱིས་མཛེས༔ ལྟ་བས་མི་ངོམས་རྡོ་རྗེ་དྲིལ་བུ་བསྣམས༔ ཉི་ཟླ་པད་སྟེང་ཕྱེད་སྐྱིལ་འགྱིང་ཚུལ་བཞུགས༔ སྙིང་ནང་སངས་རྒྱས་སུམ་ཅུ་རྩ་དྲུག་དང་༔ དུང་ཁང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་༔ རྩ་ནང་ཐུབ་དྲུག་དཔའ་བོ་མཁའ་འགྲོས་གང་༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་མཉེན་ལྕུག་འཁྲིལ༔ གནས་གསུམ་ཐིག་ལེ་འབྲུ་གསུམ་དཀར་དམར་མཐིང་༔ སྤྱི་གཙུག་ཨུ་རྒྱན་བེ་རོ་བི་མ་ལར༔ རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟ་བུར་བསྐྱེད༔ གྲོལ་ཐིག་དགོངས་པ་རང་གྲོལ་ལས་སོ། །ཡ་རྐན་རིགས་ལྔ་མ་རྐན་གཤེགས་མ་ལྔ༔ ལག་གཡས་དཔའ་བོ་ལག་གཡོན་དཔའ་མོ་ལྔ༔ ཟས་སྐོམ་ལག་པ་གཡས་པས་བཀབ་པ་ཡིས༔ སྙོམས་འཇུག་ཚུལ་བསམ་སྦྱོར་མཚམས་བྱང་སེམས་བབས་


JKT021_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་བྱིན་རླབས་བདེ་སྟོང་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ལག་གཉིས་སྦྱར་བས་ཚིམ་ཞིང་རབ་ཏུ་མཉེས༔ མགྲིན་པའི་པདྨར་བླ་མ་ཡབ་ཡུམ་ཚོགས༔ ཆོས་འཁོར་དབུས་སུ་ཡི་དམ་ལྷ་ཚོགས་དང་། ལྟེ་བར་གྲུ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཚིགས་ཆེན་རྣམས་སུ་ཁྲོ་ཆེན་འབར་བ་དང་༔ མདོར་ན་རྩ་ཁམས་ཞི་ཁྲོའི་དཀྱིལ་འཁོར་དུ༔ གནས་གྱུར་ལག་གཡས་འདོད་ཡོན་ལྷ་མོ་ལྔསཿ ཟག་མེད་བདུད་རྩིའི་མཆོད་པ་ཕུལ་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ། ཧཱུྃ། བཟའ་བཏུང་ཚོགས་ཀྱི་ལོངས་སྤྱོད་ནི༔ འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས༔ འདོད་ཡོན་ལྷ་མོ་ནམ་མཁའ་གང་༔ ཡེ་ཤེས་ལྷ་ཚོགས་མཆོད་པར་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎ་ཙ་ཀྲ་པཱུ་ཛ་ས་མ་ཡེ་ཧཱུྃ༔ མཉམ་པའི་སྒྲུབ་རྫས་ཆེན་པོ་འདི། །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །ཅེས་དང་། ཧོ༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་


JKT021_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཐ་མལ་རྟོག་པ་སྤངས་ལ་རང་ལུས་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་བདག་ཉིད་དུ་མོས་པ་ལ་མཆོད་པའི་ཚུལ་གྱིས་ཚིམ་པར་རོལ་༧ རྗེས། །རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སོགས་བསྔོ་སྨོན་ཇི་ལྟར་རིགས་པ་བྱའོ། དེའི་ཕན་ཡོན་ཀྱང་ཐུགས་གཏེར་ཆེན་པོ་གྲོལ་བའི་ཐིག་ལེ་ལས། རང་ལུས་ཨ་ནུ་ཡོ་གའི་བསྐྱེད་རིམ་ལས༔ མ་གཡོས་བཞིན་དུ་ཟས་ལ་སྤྱོད་གྱུར་ན༔ དཀོན་མཆོག་གླུད་དང་དགེ་འདུན་དཀོར་ལ་སོགས༔ ལོག་པའི་ཟས་ཀྱི་འཇིགས་པ་ཀུན་ལས་གྲོལ༔ ཅེས་དང་གཞུང་གཞན་ལས་ཀྱང་རྒྱ་ཆེར་འབྱུང་བ་ལྟར་རོ། །ཞེས་པའང་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་གཞེས་ལྟར་མཉྫུགྷོ་ཥས་བྲིས་པ་དགེ། , ༈ །གཏོར་མ་ཆ་གསུམ་གྱི་ཆོ་ག་ཤིན་ཏུ་བསྡུས་པ་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། །འདིར་གཏོར་མ་ཆ་གསུམ་གྱི་ཆོ་ག་ཤིན་ཏུ་མདོར་


JKT021_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་བཏང་བར་སྤྲོ་ན། །དཀྱིལ་འཁོར་དང་འབྲེལ་བའི་ཚེ་སྒོ་ཁང་གི་ནང་ངམ། ཡོལ་བས་ཆོད་པའི་སར་བྱ་བའམ། རྒྱུན་གྱི་ཉམས་ལེན་ལྟ་བུར་གནས་གང་ཡང་རུང་བར་སྟེགས་ཀྱི་ཁར་ཕྱོགས་སྐྱོང་དང་། འབྱུང་པོ་ལ་ལྕོག་ཟླུམ་དཀར་པོ་རེ་རེ། བགེགས་ལ་ཆང་བུའི་གཏོར་མ། ཐུན་མོང་དུ་ཉེར་སྤྱོད་བཅས་ཕྱག་ལེན་བཞིན་ཏུ་བཤམས་ལ། དཀྱིལ་འཁོར་དང་འབྲེལ་བའི་ཚེ་ལྷ་གང་ཡིན་གྱི་ང་རྒྱལ་དང་། རྒྱུན་གྱི་རྣལ་འབྱོར་ལྟ་བུ་ལ་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ། གང་ལྟར་ཡང་གཏོར་མ་ཆ་དང་པོ་ཕྱོགས་སྐྱོང་ལ་འབུལ་བའི་ཕྱིར། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརྨཱསྭ་བྷཱ་བ་ཤུདྡྷོ་ཉཧཾ་ཞེས་ཆོས་ཉིད་རྣམ་དག་གི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱི་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྤ་རཾ་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། །ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ཏེ་རྒྱས་པར་སྤེལ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་སྐྱོང་འཁོར་དང་བཅས་པ་སྤྱན་དྲངས་པར་


JKT021_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པར་བསམས་ལ། ཨོཾ་ཨིནྡྲ་ཡ། ཨག་ཡེ༔ ཡ་མཱ་ཡ༔ ནིརྟ་ཡེ༔ བ་རུ་ཎ་ཡེ༔ ཝཱ་ཡ་བེ༔ ཀུ་བེ་རཱ་ཡ༔ ཨི་ཤྭ་ནཱ་པ་ཨཱ་དི་ཡཏ་ཡེ༔ སཱརྱ་ཙན་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཞེས་པས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་ཧཱུཾ་གྱིས་གདན་འབུལ། ཨོཾ་ཨིནྡྲ་ཡ༔ ཨག་ཡེ༔ ཡ་མཱ་ཡ༔ ནིརྟ་ཡེ༔ བ་རུ་ཎ་ཡེ༔ ཝཱ་ཡ་ཝེ༔ ཀུ་བེ་རཱ་ཡ༔ ཨི་ཤཱ་ནཱ་ཡ་ཨཱ་དི་པ་ཏ་ཡེ༔ སཱརྱ་ཙནྡ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུ་ཏྲ་ཉཏཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་ད་ཤ་དི་ཀྲ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྱུ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། དྷཱི༔ དབང་པོ་དྲང་སྲོང་གཤིན་རྗེ་སྲིན་པོ་སཿ ཆུ་ལྷ་རླུང་བདག་གནོད་སྦྱིན་དབང་ལྡན་དང་༔ ཉི་ཟླ་དབང་ཆེན་བདག་པོ་འཁོར་བཅས་ལ༔ རང་རང་མཐུན་རྫས་གཏོར་མ་འདི་འབུལ་གྱི༔ འདོད་པའི་དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་ཕྲིན་ལས་གསོལ་ལ། ཨོཾ་ད་ཤ་དི་ཀྲ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪས་གཤེགས་སུ་གསོལ། ཆ་གཉིས་པ་གཞི་བདག་དང་འབྱུང་པོ་ལ་སྦྱིན་ཏེ། སྭ་བྷ་ཝས་སྦྱང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ་རྒྱས་པོར་སྤེལ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་


JKT021_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་འབྱུང་པོའི་ཚོགས་རྣམས་སྤྱན་དྲངས་པར་གྱུར། ཨོཾ་ལོ་ཀ་པ་ལ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་ཧཱུཾ་གྱིས་གདན་ཕུལ། ཨོཾ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ལོ་ཀ་པཱ་ལོ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨབྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། ཧྲཱིཿ བཞི་བདག་གནས་བདག་འབྱུང་པོའི་ཚོགས༔ མཆོད་གཏོར་དམ་པ་འདི་བཞེས་ལཿ མི་དགེ་ཕྲག་དོག་མེད་པར་མཛོད༔ ཞི་བདེའི་མཐུན་རྐྱེན་སྒྲུབ་ཏུ་གསོལ༔ ཅེས་ཕྲིན་ལས་གསོལ། ཨོཾ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་གཤེགས། ཆ་གསུམ་པ་བགེགས་ལ་བསྔོ་སྟེ། ཨོཾ་ཧ་ཡ་གྲྭ་བ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་འཇིགས་སུ་རུང་བའི་སྐུར་གྱུར། སྭ་བྷཱ་ཝས་སྦྱར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་སརྦ་ཐཱ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱས་སྤེལ། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བགེགས་ཀྱི་རིགས་རྣམས་མདུན་ཏུ་བཀུག་སྟེ་ཞི་ཞིང་དུལ་བའི་ཚུལ་གྱིས་འཁོད་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཨོཾ་བི་ནཱ་ཡ་ཀེ་ཤྭ་ར་སརྦ་བིགྷཱ་ན་ཨདྨ་ཤ་ཛ་ཛས་མགྲོན་དགུག །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་


JKT021_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བདེ་གཤེགས་བཞིའི་མཚན་བརྗོད་པ་སྔོན་ཏུ་འགྲོ་བས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཞེས་ལན་གསུམ་གྱིས་གཏོར་མ་བསྔོ། ཧྲཱིཿ གང་དག་སྒྲུབ་ལ་མི་དགའ་བ བི་ནཱ་ཡ་ཀ་དགའ་རབ་དབང་༔ བདུད་ཀྱི་ཚོགས་རྣམས་གཏོར་མ་ལོངས༔ ཞི་དང་ཕན་སེམས་ལྡན་པར་མཛོད༔ ཨོཾ་བི་ནཱ་ཡ་ཀེ་ཤྭ་ར་སརྦ་བིགྷཱན་གཙྪས་མགྲོན་རྣམས་རང་གནས་གཤེགས་པར་བསམས་ལ། གང་དག་གདུག་པའི་སེམས་འཆང་བ་དེ་དག་འདིར་མ་གནས་པར་གཞན་ཏུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་། ཨོཾ་ཧ་ཡ་གཱི་བ་ཧཱུྃ་ཕཊ༔ དང་སུམྦྷ་སོགས་བརྗོད་པས་བསྐྲད། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ་ཞེས་སོགས་ཀྱིས་སྨོན་ལམ་གདབ་བོ། །ཞེས་པའང་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་ཆོ་ག་ལས་ཇི་ལྟར་འབྱུང་བ་བཞིན་ངག་འདོན་བཀླག་པས་གྲུབ་པར་མཁྱེན་བརྩེའི་དབང་པོས་


JKT021_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ །གཏོར་མ་ཆ་ལྔ་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭསྟི། །ཕྱོགས་སྐྱོང་། རྒྱལ་ཆེན། འབྱུང་པོ། གཞི་བདག །བགེགས་ཀྱི་གཏོར་མ་རྣམས་རྒྱུད་སྡེ་འོག་མའི་ཆོ་གའི་ཡན་ལག་ལས་འབྱུང་བ་ལྟར་ཤིན་ཏུ་བསྡུས་ཏེ་བྱ་བའི་ཚུལ་ནི། རང་ཉིད་གཉུག་མའི་ལྷ་གང་ཡང་རུང་བའི་ང་རྒྱལ་ལ་གནས་པའམ། བདག་མེད་པ་གཉིས་ཀྱི་དོན་ལ་བློ་བཞག་སྟེ། །མཆོད་གཏོར་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། ཨ་ཀཱ་རོས་བརླབ་པ་སྔོན་དུ་འགྲོ་བས། དང་པོ་ནི། ཨོཾ་ད་ཤ་དི་ཀྲ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧེ་ཧིས་མགྲོན་དགུག །པདྨ་ཀ་མ་ལཱ་ཡ་སྭཱ་གྱིས་གདན་འབུལ། ཨོཾ་ད་ཤ་དི་ཀྲ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲིཉྩེ་དཾ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། ཨོཾ་ད་ཤ་དི་ཀྲ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲིཉྩེ་དཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་སོགས་ལན་གསུམ་གྱིས་གཏོར་མ་འབུལ། འཇིག་རྟེན་སྐྱོང་བ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་སྤྱི་ལྟར་བརྗོད་པས་ཕྲིན་ལས་གསོལ་བར་བྱའོ། །དེས་མཚོན་ཏེ། གཉིས་པ་ནི། ཨོཾ་ཙ་ཏུ་རྨ་ཧཱ་རཱ་ཛ་སེ་ན་ས་པ་རི་ཝཱ་ར་ཨེ་ཧྥེ་ཧི། །པདྨ་ཀ་མ་ལཱ་ཡ་སིཾ། །སྔགས་མཐར་གྲིཉྩེ་དཾ་ཨརྒྷཾ་སོགས་དང་། །གྲིཥེ་དཾ་ན་མཿསརྦ་སོགས་བཏགས་


JKT021_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཆོད་གཏོར་འབུལ། མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །མཆོད་སྦྱིན་གཏོར་མ་སོགས་བརྗོད། གསུམ་པ་ནི། ཨོཾ་སརྦ་ལོ་ཀ་ཀཱ་ར་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། པདྨ་ཀ་མ་ལ་ཡ་ཧཱུཾ། སྔགས་མཐར་ཨརྒྷཾ་སོགས་དང་། ན་མཿསརྦ་སོགས་བཏགས་པས་མཆོད་གཏོར་འབུལ། །འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ནས། །ཞི་ཞིང་༧དུལ་བའི་སེམས་སུ་མཛོད། །བདག་ཅག་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང་། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །བཞི་པ་ནི། ཨོཾ་བྷ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཅུ་ཡ་ཛཿ སྔགས་མཐར་ཨརྒྷཾ་སོགས་དང་། །ན་མཿསརྦ་བཏགས་པས་མཆོད་གཏོར་སྦྱིན། གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་བརྗོད། །ལྔ་པ་ནི། རང་ཉིད་རིགས་ཀྱི་ཁྲོ་བོའི་ང་རྒྱལ་དང་བཅས། བླ་མ་མཆོག་གསུམ་བདེན་པ་དང་། །གསང་སྔགས་རིག་སྔགས་བྱིན་རླབས་ཀྱིས། །བགེགས་ཀྱི་རིགས་རྣམས་གང་ཡིན་ཀུན། །སྐད་ཅིག་གནས་འདིར་མཆིས་གྱུར་ཅིག །ཊཱཀྐི་ཧཱུྃ་ཛཿ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། །ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། །ཨོཾ་གུང་གུང་སྭཱ་ཧཱ་སརྦ་བིགྷན་གྲོསྐྱེ་དཾ་ཨརྒྷཾ་སོགས་དང་།


JKT021_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དེ་མཐར་སརྦ་བིགྷཱན་ན་མཿསརྦ་སོགས་བཏགས་པས་མཆོད་གཏོར་བསྔོ་གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །ཞེས་བསྒོ། ཐུན་མོང་དུ། ཡེ་དྷརྨ་སོགས་དང་། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་བྱ། གཙྪ་གཙྪ་སྭ་བྷ་ཝ་ནཾ་ཞེས་རང་རང་གི་གནས་སུ་གཤེགས། ནག་ཕྱོགས་པ་སྡོད་སྲིད་པས་ཨ་མྲྀ་ཏ་སོགས་དྲག་སྔགས་ཀྱིས་མཚམས་བཅད། ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མཉྫུགྷོ་ཥས་བྲིས། ༈ །ཨོཾ་སྭ་སྟི། །འདིར་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་ཆོ་ག་སྒྲུབ་པར་འདོད་པས། མདུན་དུ་སྤོས་ཕོར་སོགས་སུ་མེ་ཆུ་ཏིལ་དང་བཅས་པ་བཤམས་ལ། །བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡི་གེ་པོ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་


JKT021_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ཏིལ་ལ་ཐིམ་པར་བསམས་ལ། མེ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་ནང་དུ་རཾ་ལས་མེའི་དཀྱིལ་འཁོར་འབར་བའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་བསྣམས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་ཁྲོ་བོའི་མཚན་ཉིད་ཐམས་ཅད་རྫོགས་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། །ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་ཤིང་བསྟིམ། །སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས་དབང་གི་ལྷས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། སླར་ཡང་། ཨོཾ་བཛྲ་ཌཱ་ཀ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་མཁའ་ཆེན་པོ། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གཙོ། །རྡོ་རྗེ་མཁའ་འགྲོ་ཕྱག་


JKT021_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཞེས་པས་བསྟོད་ནས། ཁྲོ་བོ་ཞལ་རབ་ཏུ་གདངས་ནས་བསྲེག་བྱ་ཟ་བའི་ལས་མཛད་པར་བསམ་ལ་ཏིལ་མཐེབ་སྲིན་གྱིས་བཟུང་བ་འབུལ་ཞིང་། ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། །ཞེས་ལན་བདུན་ནམ་གསུམ་དུ་ཕུལ་ལ་མཐར་གཡོན་པའི་ཏིལ་ཆུ་ནང་དུ་དོར། ཁྲོ་བོ་རླུང་རྔུབས་པའི་སྦྱོར་བས་ནང་དུ་བསྡུ་ཞིང་དགེ་བ་བསྔོའོ། །ཚུལ་འདི་ནི་རྡོ་རྗེ་མཁའ་འགྲོ་མས། པཾ་གྱུར་སྡིག་པ་མི་ཟད་པ། །སྣ་ཡི་སྒོ་ནས་ཕྱུངས་ནས་ནི། །མེ་དང་ཆུ་ལ་བླུག་པར་བྱ། །ཞེས་གསུངས་པ་བཞིན་ནོ། །ཅེས་པའང་འགྱུར་མེད་རྡོ་རྗེས་སྤེལ་བའོ། ༈ །རྡོ་རྗེ་ལ། །མཁའ་འགྲོའི་སྦྱིན་སྲེག་ལ་བརྟེན་ནས་གཞན་དོན་བྱ་བའི་ཚུལ་བཞུགས་སོ། །ཨོཾ་སྭསྟི། །འདིར་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་སྒོ་ནས་གཞན་དོན་བྱ་བའི་ཚུལ་ལ་གཉིས། གསོན་པོའི་སྡིག་སྦྱོང་དང་། གཤིན་པོ་ལ་ཕན་གདགས་པའོ། །དང་པོ་ནི། བསྒྲུབ་བྱ་མདུན་དུ་འཁོད་པའི་མདུན་མེ་ཆུ་ཏིལ་བཅས་བཤམ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་དང་། སྤྲོ་ན་བདག་བསྐྱེད་རྒྱས་པའམ། བསྡུ་ན། རང་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམས་ལ་ཡི་གེ་བརྒྱ་པ་བཟླ། དེ་ནས། བསྒྲུབ་བྱའི་ཚེ་འཁོར་བ་སོགས་ནས། ཁྲོ་བོ་རླུང་རྡུབས་པའི་སྦྱོར་བས་རང་


JKT021_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པར་བསམ་པའི་བར་དཀྱུས་ལྟར་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། བསྒྲུབ་བྱ་རང་གནས་སུ་བཏང་ངོ་། །གཉིས་པ་ནི། རང་གི་མདུན་དུ་ཚེ་འདས་ཀྱི་བྱང་བུ་དང་མེ་ཆུ་ཏིལ་བཅས་བཤམ། སྐྱབས་སེམས་བདག་བསྐྱེད་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས། བྱང་བུ། ཨོཾ་སུམྦྷས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམས། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧཱུྃ་གིས་འོད་ཀྱི་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་


JKT021_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀར་ཡ་ཛཿ ཞེས་པས་རྣམ་ཤེས་དང་། སརྦ་པ་པོ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོ༔ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། རང་གི་ཐུགས་ཀ་ནས་ཁྲོ་བོ་བགེགས་མཐར་བྱེད་ཀྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ཚེ་འདས་ཀྱི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་རྒྱངས་རིང་དུ་བསྐྲད་པར་བསམས་ལ། །སུམྦྷ་སོགས་དྲག་སྔགས་བརྗོད། དེ་ནས། ཚེ་ལས་འདས་པའི་ཚེ་འཁོར་བ་སོགས་ནས། ཁྲོ་བོ་རླུང་རྔུབས་པའི་སྦྱོར་བས་རང་ལ་ཐིམ་པར་བསམ་པའི་བར་དཀྱུས་ལྟར་བྱས་མཐར། ཚེ་འདས་ཉིད་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམས་ལ། །ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱཻ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོགས་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིང་བ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་


JKT021_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཅེས་བརྗོད་། ཚེ་ལས་འདས་པ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་བར་བསམ། འདོད་ཡོན་གྱི་དངོས་པོ་བསང་སྦྱང་། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱེད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏཱ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བསྔོ། འཁོར་བ་ལ་མི་ཆགས་པར་གདམས་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །ལམ་བསྟན་པ་ནི། འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །ལམ་སྦྱོང་བ་ནི། །དཀོན་མཆོག་བདེན་པའི་བྱིན་བརླབ་དང་། །ལྷ་དང་སྙིང་པོ་ཕྱག་


JKT021_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས། །རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ། སྙིགས་མའི་ཕུང་ཁམས་ཡེ་ཤེས་ཀྱི་མེས་བསྲེག་པའི་མོས་པས། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །ཅེས་དང་། ཡི་གེ་བརྒྱ་པའི་མཐར། ཨགེ་ཛྭ་ལ་རཾ་གྱིས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར། ཐལ་བ་སཱཙྪ་གདབ། ཚེ་འདས་ཀྱི་ཆེད་དུ་བཟང་པོ་སྤྱོད་པ་སོགས་པའི་བསྔོ་སྨོན་རྒྱས་བསྡུས་གང་རིགས་བྱའོ། །ཞེས་པའང་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པའི་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ལྷན་ཐབས་སུ་བླ་མའི་ཕྱག་བཞེས་ལྟར་མཉྫུགྷོ་ཥས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ །རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭསྟི། སྡིག་ལྟུང་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་ནི། མེ་ཐབ་དངོས་སམ་མ་འབྱོར་ན་


JKT021_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་མས་ཀྱང་རུང་ཞིང་། དེའི་མདུན་དུ་ཏིལ་ཇི་ལྟར་རིགས་པ་བཅས་འདུ་བྱ། སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཞི་བའི་ཐབ། །མཚན་རྫོགས་མེ་ཕུང་འབར་བའི་དབུས། །པད་ཉིའི་སྟེང་དུ་ཧཱུཾ་སྔོན་པོ། །ཡོངས་གྱུར་རྡོ་རྗེ་མཁའ་འགྲོ་མཐིང་། །ཕྱག་གཉིས་མཐེའུ་ཆུང་འཁྱུད་པའི་རྒྱས། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །སྤྱན་གསུམ་ཞལ་གདངས་མཆེ་བ་༧གཙིགས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་དང་། །སྟག་གི་པགས་པའི་ཤམ་ཐབས་འཕྱང་། །ཞབས་གཉིས་གཡོན་བརྐྱང་སྟབས་ཀྱིས་འགྱིང་། །མི་བསྐྱོད་རིགས་ཀྱི་ཅོད་པན་ཅན། །དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །རང་གི་རྐང་མཐིལ་ཡཾ་ལས་རླུང་། །ལྟེ་བར་གཏུམ་མོའི་ཡེ་ཤེས་མེ། །སྙིང་གར་སྡིག་པའི་ས་བོན་བོ། །དེ་ལ་ཚེ་རབས་སྡིག་ལྟུང་འདུས། རླུང་གིས་མེ་བསྐྱོད་སྙིང་གའི་ཐཾ། །སྡིག་པའི་རྣམ་པས་སྣ་ནས་ཐོན། །ཏིལ་ལ་ཐིམ་པས་ཁྲོ་བོའི་ཞལ། །ཕུལ་བས་སྡིག་ལྟུང་ཀུན་སྦྱངས་གྱུར། །ཅེས་གསལ་བཏབ་ལ། ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པ་པོ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། །ཞེས་ཏིལ་རྫོགས་པའི་བར་དུ་ཕུལ་མཐར། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྡིག་སྒྲིབ་ཉེས་ལྟུང་ཚོགས་རྣམས་


JKT021_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཡོངས་སུ་བྱང་ཞིང་དག་མཛད་གསོལ། །ཅེས་གསོལ་ཞིང་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབས་པ་དང་ལྷན་ཅིག་ཁྲོ་བོ་རང་ལ་ཐིམ་པར་བསམས་ལ་བསྔོ་སྨོན་བྱ། ཐལ་བ་གཙང་སར་དོར་རོ། ༈ །འདིའི་སྒོ་ནས་གཞན་དོན་བྱེད་ན། ཚེ་ལྡན་སྡིག་པ་སྦྱོང་བ་ནི། བསྒྲུབ་བྱ་མདུན་དུ་འཁོད་པའི་མདུན་མེ་དང་། ཏིལ་བཤམ། སྐྱབས་སེམས་སྔོན་དུ་འགྲོ་བས། རྣལ་འབྱོར་བླ་མེད་ཀྱི་ལྷ་གང་ཡང་རུང་བའི་བདག་བསྐྱེད་མདོར་བསྡུས་སུ་བྱ་བའམ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་པའི་སྐུར་གྱུར་པར་བསམ། མེ་ཐབ་སྭ་བྷཱ་བས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སོགས་ནས། ཁྲོ་བོ་རང་ལ་ཐིམ་པར་བསམ་པའི་བར་གོང་ལྟར་ལ། རང་གི་རྐང་མཐིལ་ཞེས་པར། བསྒྲུབ་བྱའི་ཞེས་བསྒྱུར་བ་མ་གཏོགས་འདྲ། མཇུག་ཏུ་བསྔོ་སྨོན་དང་མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། བསྒྲུབ་བྱ་རང་གནས་སུ་བཏང་ངོ་། །ཚེ་འདས་རྗེས་སུ་འཛིན་ན། བྱང་བུའི་མདུན་དུ་མེ་དང་། ཏིལ་འདུ་བྱ། སྐྱབས་སེམས་དང་། བདག་གི་རྣལ་འབྱོར་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས། དམིགས་བྱ་བསྐྱེད་བསྟིམ་བྱ། སྦྱོང་བ་རྒྱས་པའམ། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་


JKT021_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱངས་རིང་དུ་བསྐྲད་པར་བསམ་ལ་དྲག་སྔགས་བཟླ། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དེ་ནས་མེ་ཐབ་བསྐྱེད་པ་ནས་བཟུང་། ཁྲོ་བོ་རང་ལ་ཐིམ་པའི་བར་གོང་ལྟར། རང་ཉིད་ཅེས་པར་ཚེ་འདས་ཞེས་བསྒྱུར། གང་སེར་མ་ལྟ་བུའི་ཤིས་བརྗོད་དང་། ཕྱག་འཚལ་སྐྱབས་འགྲོ། ཚེ་འདས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམས་ལ་འདོད་ཡོན་བསྔོ། བྱང་བུ་བསྲེག་པ་ལམ་སྦྱང་བསྟན་སོགས་སྤྱི་ལྟར་སྦྱར་བས་རུང་ངོ་། །ཞེས་པའང་མཉྫུགྷོ་ཥས་བྲིས་པ་དགེ །སརྦ་མངྒ་ལཾ། དགེའོ། དགེའོ། དགེའོ།། །།


no previousསྔ་འགྱུར་རྡོ་རྗེ་ཐེག་པའི་ལྷག་པའི་ལྷ་སྤྱི་ལ་འཇུག་པའི་ཕྲིན་ལས་ཀྱི་ཆོ་ག་རིག་པ་འཛིན་པ་ཀུན་ཏུ་དགའ་བའི་ཟློས་གར།next