Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
ལྷག་པའི་ལྷ་ཀུན་ལ་འཇུག་པའི་བསྲེག་བླུགས་ཀྱི་ཆོ་ག་ཕྲིན་ལས་དཔལ་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷག་པའི་ལྷ་ཀུན་ལ་འཇུག་པའི་བསྲེག་བླུགས་ཀྱི་ཆོ་ག་ཕྲིན་ལས་དཔལ་སྟེར།next

ལྷག་པའི་ལྷ་ཀུན་ལ་འཇུག་པའི་བསྲེག་བླུགས་ཀྱི་ཆོ་ག་ཕྲིན་ལས་དཔལ་སྟེར།


JKT021_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ལྷག་པའི་ལྷ་ཀུན་ལ་འཇུག་པའི་བསྲེག་བླུགས་ཀྱི་ཆོ་ག་ཕྲིན་ལས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།། །།


JKT021_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གདོད་ནས་འགྱུར་མེད་རྣམ་ཀུན་མཆོག་ལྡན་དབྱིངས། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱ་ཅན། །ལྷག་པའི་ལྷ་དང་དབྱེར་མེད་བླ་མ་ལ། །བཏུད་ནས་ཕྲིན་ལས་དཔལ་སྟེར་ཆོ་ག་བཤད། །དེ་ལ་འདིར་བླ་མེད་ཀྱི་དཀྱིལ་འཁོར་ཟབ་མོའི་བསྙེན་པར་ཞུགས་པའི་ཁ་སྐོང་ངམ། །གཞན་དུ་དམ་ཚིག་ཉམས་ཆག་ཞི་བ་སོགས་ཕྲིན་ལས་མྱུར་དུ་འགྲུབ་པར་འདོད་པས་རྩོམ་པར་བྱ་བའི་ཡན་ལག་སྟེ། དཔལ་གསང་བ་སྙིང་པོར། །དབྱིབ་དང་ཁ་དོག་ཚད་ལྡན་པར། །ཞལ་དུ་གྱུར་པའི་མེ་བུས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ལྟར་གྱི་དགོངས་དོན་དང་འབྲེལ་བར་བསྲེག་བླུག་གི་ཆོ་གའི་རིམ་པ་ཟབ་ཅིང་རྒྱ་ཆེ་བའི་ཚོགས་རྣམས་གཞན་དུ་ཤེས་ལ། འདིར་སྤྲོས་པ་ཉེ་བར་བསྡུས་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གཞི་མ་དུལ་


JKT021_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ན་ཨ་ཀཱ་རོས་བཞི་བདག་ལ་གཏོར་མ་བསྔོ་ཞིང་ཕྲིན་ལས་བཅོལ། ཧེ་རུ་ཀའི་སྔགས་ཀྱིས་ཀུན་རྫོབ་ཙམ་དུ་སྦྱངས་རྗེས་རང་བཞིན་མེད་པའི་ཆོས་ཉིད་དྲན་པར་བྱ་བ་ནི་དོན་དམ་པའི་སྦྱང་བ་ཏེ་ཤུ་རྩྭ་ཏའི་སྔགས་དང་བཅས་པ་བརྗོད། ཁྱད་པར་རྫས་གསོགས་ནི། དམིགས་བསལ་རྒྱུད་ལུང་མན་ངག་རང་རང་གི་གཞུང་ལས་བྱུང་བའི་རྗེས་སུ་མཐུན་པར་བྱ་ལ། སྤྱི་ཙམ་དུ་ཞི་བ་ལ་བཀྲ་ཤིས་པའི་ས་ལ་ཐབ་ཁུང་ཟླུམ་པོ་རྡོ་རྗེས་མཚན་པ། རྒྱས་པ་ལ་རྒྱལ་པོའི་བང་མཛོད་ཀྱིས་ལ་ཐབ་ཁུང་གྲུ་བཞི་རིན་པོ་ཆེས་མཚན་པ། དབང་ལ་ཚོང་དུས་དང་སྨད་འཚོང་མ་གནས་པའི་ས་ལ་ཟླ་གམ་པདྨ་ལྕགས་ཀྱུས་མཚན་པ། དྲག་པོ་ལ་ཕུང་ཤུལ་དང་དུར་ཁྲོད་ཀྱི་ས་ལ་གྲུ་གསུམ་རྡོ་རྗེ་སྔོན་པོ་རྭ་གདེང་པས་མཚན་པ་སྟེ། མཆོག་གི་ལས་ལ་ཞི་བ་ལྟར་རོ། །དེ་ཡང་ཤུལ་ས་དེ་རྣམས་ཀྱིས་སྟེགས་དང་། །དེ་སྟེང་རྡུལ་ཚོན་གྱིས་དབྱིབས་དང་མཚན་མ་བྲི་བ་སྟེ། །ཕྱི་རོལ་གྱི་ཟུང་བཞི་


JKT021_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནང་གི་ལྟེ་བར་ཡང་སོ་སོའི་མཚན་མ་དང་ཐུགས་སྲོག་སོགས་བྲི་བར་བྱ་ཞིང་ཁ་དོག་ཀྱང་སོ་སོར་བསྒྱུར། །རྩིག་པའི་ཤིང་ནི། །ཞི་བ་ལ་པལ་བུ་དང་ལྟུང་མ་སོགས་འོ་མ་ཅན་དང་རུང་མཐུན། །རྒྱས་པ་ལ་འབྲས་བུ་ཅན། དབང་ལ་ཙནྡ་དམར་པོ་དང་མཛོ་མོ་ཤིང་སོགས་རོ་སྐྱུར་ལ་མདོག་དམར་བ། །དྲག་པོ་ལ་ཚེར་མ་ཅན་གྱི་དུག་ཤིང་དུག་ཁྲག་གིས་སྦགས་པ་དང་། །གཞན་རྣམས་མར་ཁུས་ཉུག་པར་བྱ་ལ་དབྱིབས་ཀྱང་སོ་སོར་བརྩིག །དེ་བཞིན་ཡམ་ཤིང་ཀྱང་རྒྱུ་བུད་ཤིང་དང་འདྲ་བ་ལ་ཚད་མཐོ་གང་པ་རེ་བྱ་ཞིང་། །ཁྱད་པར་བསྲེག་རྫས་གཡས་དང་། །མཆོད་རྫས་གཡོན་དུ་བཤམ་པའི་དང་པོ་ནི། །ཞི་བ་ལ། །ཏིལ་དཀར། འབྲས་སོགས་ཁ་ཟས་དཀར་པོ་དང་། །ཙནྡ་དཀར་པོ་སོགས་དྲི་དཀར་པོའི་རིགས། །ཙམ་པ་ཀ་སོགས་མེ་ཏོག་དཀར་པོ་རྣམས་གཙོ་བོར་གྱུར་པ་དང་། །རྒྱས་པ་ལ་སྟར་ག་སོགས་འབྲུ། །གུར་གུམ་སོགས་མེ་ཏོག །དུརྦ་དང་རིན་པོ་ཆེ་དར་ཟབ་སོགས་འདུ་བྱ། །དབང་ལ་ཙནྡ་དམར་པོ། །གླང་སྣ་སོགས་ཁ་དོག་དམར་ཞིང་།. །རོ་སྐྱུར་བ་དང་སྣུམ་པའི་བཟའ་བཅའ། །དྲག་པོ་ལ་ཡུངས་དཀར། །གུ་གུལ། །ལྕགས་ཕྱེ་ཤ་ཆེན་དུག་སྣའི་རིགས་རྣམས་འདུ་བྱ་ལ་གཙོ་བོར་མན་ངག་གི་རྫས་གཅིག་པུ་བརྟེན་ཀྱང་རུང་ངོ་། སྤྱིར་ཡང་དཀར་གསུམ་མངར་གསུམ་དྲི་བཟང་གིས་སྦག་པའི་ཞོ་ཟན་དང་། །འབྲུ་དང་རིན་པོ་ཆེ་དར་ཟབ་སྣ་ཚོགས་པ། །མར་ཁུ། གོས་ཟུང་། སོ་རྩེ་སོགས་དང་། ལས་མཐུན་གྱི་མེ་དར་རྣམས་འདུ་བྱ་ལ། དེ་ཡང་བསྲེག་རྫས་སྔ་མ་རྣམས་འཇིག་འདས་ཀྱི་ཕྱིར་དུ་ཚར་གཉིས་སུ་བཤམ་མོ། །མཆོད་རྫས་ལ། །འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ་དབྱིབས་དང་ཁ་དོག་སོགས་སོ་སོར་བྱ་ལ། །དེ་བཞིན་ལས་བུམ།


JKT021_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་སྤྱོད། །སྤྲོ་ན་ཚོགས་ཀྱི་ཡོ་བྱད་ཀྱང་འདུ་བྱ་ལ། །འདུག་སྟངས་དང་ཆོས་གོས་དུས་སོགས་ཀྱང་སོ་སོར་ངེས་པའོ། །གཉིས་པ་དངོས་གཞི་ལ་གསུམ། །འཇིག་རྟེན་པའི་མེ་ལྷ་མཆོད་པ། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ། །མེ་ལྷར་གཏོང་རག་གོ ། དང་པོ་སྤྱིར་དཀྱིལ་འཁོར་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས་བྱ་བ་རྫོགས་རྗེས་སམ། །རབ་གནས་དང་སྒྲུབ་མཆོད་སོགས་ལ་བདག་བསྐྱེད་ལོགས་སུ་འགྲོ་མི་དགོས་ཤིང་། །རང་བྱུང་དུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ལས་བུམ་སྒྲུབ། ཁྱད་པར་ཉེར་སྤྱད་བྱིན་གྱིས་བརླབ་པ་ནི་རྡོར་དྲིལ་ཨ་མྲ་ས་ཏས་བསང་། སྭ་བྷ་ཝས་སྦྱངས། ཧཱུྃ། ཐབ་ཤེས་ཟུང་འཇུག་ཆོས་ཉིད་མཚོན། །འདས་དུས་འགྲོ་རྣམས་སད་པ་དང་། །འགྲོ་རྣམས་སྨིན་པར་བྱ་བའི་ཕྱིར། །རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། །ཨོཾ་བཛྲ་གྷ་ནེ་ཧཱུྃ་ཨཱཿ ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། ཡོ་བྱད་ཐམས་ཅད་ལ་དམིགས་ནས་བསང་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་དང་བསྲེག་རྫས་ཐམས་ཅད་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་དངོས་པོ་བདུད་རྩིའི་རང་བཞིན་ཅན་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང་། ཨོཾ་ཧཱུྃཧཱུྃ་ཧཱུྃ་ཨཱ༔ མྱི་ལཾ་མཾ་པཾ་ཏཾ༔ སརྦ་ཛྙཱ་ན་པཉྩ་ཨ་མྲྀ་ཏེ་རཀྟ་བྷ་ལིཏྟ་ག་ཎ་ཙ་ཀྲ་བྷྱོ་དྷི་ཙིཏྟ་ཨཱཿཧཱུྃ༔ ཞེས་བརྗོད། དེ་ནས་ཐབ་ཁུང་བསང་སྦྱང་། །ཆོས་རྣམས་སྐྱེ་མེད་རྣམ་ཀུན་མཆོག་ལྡན་དབྱིངས། །སྣ་ཚོགས་སྒྱུ་འཕྲུལ་འགགས་མེད་རྡོ་རྗེའི་སྤྲིན། །ལས་བཞི་རྫོགས་བྱེད་


JKT021_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཐབ་ཀྱི་དབུས། །གོས་དཀར་ཌཀྐིའི་ངོ་བོར་རོ་གཅིག་པའི། །ཆགས་བྲལ་བདེ་བ་ཆེན་པོའི་མེ་དཔུང་འབར། །ཨོཾ་སརྦ་ཛྙཱ་ན་ཛྭ་ལ་རཾ། །ཞེས་ལས་མཐུན་གྱི་མེ་སྦར། ལས་བུམ་གྱི་ཆུས་བསང་ལ། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལ་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་ཐམས་ཅད་ལ། །བགེགས་རྣམས་ཐམས་ཅད་ཞི་བར་མཛོད། །ཅེས་བཀྲམ། དེ་དབུས་རཾ་ལས་ཡོངས་གྱུར་མེ་ལྷ་ནི། །ལས་མཐུན་རྒྱན་རྫོགས་འོད་ཟེར་ཕྲེང་བས་དཀྲིགས། །ཞལ་གཅིག་ཕྱག་གཉིས་བགྲང་ཕྲེང་གུནེ་བསྣམ། །སྐུ་གསུང་ཐུགས་ལས་རྡོ་རྗེ་འབྲུ་གསུམ་མཚན། །དེ་ལས་འོད་འཕྲོས་དམ་ཚིག་སྤྱན་དྲངས་བསྟིམ། །སྤྱན་འདྲེན་པ་ནི། །ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨགི་རཱ་ཛ་རི་ཏི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་ཕུལ། བསྟོད་པ་ནི། ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱ་པོ་ཌཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷ་གདངས་པའི་ལྗགས་རྡོ་རྗེའི་སྦུ་གུས་སྲེག་བླུག་གི་


JKT021_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བི་མ་ལེ་ཨཀྵེ་ཡེ་སྭཱ་ཧཱ། །ཞེས་མར་ཁུ་བླུག་གཟར་བདུན་གྱིས་བཀང་བའི་དགང་བླུག་ལ་སྦྱར་ལ་ཕུལ། །ཨོཾ་ཨགེ་ཡེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན། ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། །བདག་སྒྲུབ་པ་པོའི་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭ་ཧཱ། །གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཞེས་འདོད་གསོལ་སྦྱར་བ་ལན་གསུམ་གྱིས་བྱོན་སྐྱེམ་ཕུལ་རྗེས། ལག་གིས་བཟུང་དུ་བཏུབ་པ་རྣམས་མཐེབ་སྲིན་གྱིས་དབུལ། །དེ་ལས་གཞན་རྣམས་བླུགས་གཟར་གྱིས་སོ་སོར་དབུལ་སྔགས་ནི། །ཡམ་ཤིང་ལ། ཨོཾ་སེ་ཤེ་ཧ་ས་བཛྲ་སྭཱ་ཧཱ། དེ་བཞིན་མར་ཁུ་ལ། ཨོཾ་བི་མ་ཡེ་ཨཀྵེ། ཏིལ། སརྦ་པ་པཾ་ད་ཧ་ན་བཛྲ། ཟས་མཆོག །སརྦ་སཾ་བྷ་དེ། འབྲས་བཛྲ་པུཥྛ་ཡེ། སྲན་མ། མ་ཧཱ་བཱ་ལ་ཡ། གྲོ། བཛྲ་གྷ་སྨ་རི། དུ། བཛྲ་ཨཱ་ཡུ་ཥེ། ཀུ་ཤ །ཨ་པྲ་ཏི་ཧ་ཏ་བཛྲ་ཡེ། །རྫས་གཞན་རྣམས། །ཨ་ཧ་ར་ཨ་ཧ་ར་བུ་ལེ་མ་ཧཱ་ད་ར་ཝེ་ཤ་ཤཱནི་ཀུ་རུ་ཡེ། ཞེས་སོ་སོའི་ཐོག་མ་ལ་ཨོཾ་དང་མཐར་སྭཱ་ཧཱ་སྦྱར་རོ། །བསྡུ་ན་ཐམས་ཅད་བདུད་རྩིའི་།རང་བཞིན་དུ་ཤེས་པས་སྔགས་སྔ་མ་དག་གིས་དབུལ་བས་ཀྱང་འཐུས་ལ། ༈ །དེ་ལྟར་བདུན་ལ་སོགས་པའི་རྗེས་འདོད་གསོལ་སོ་སོར་སྦྱར་བ་ཉེར་གཅིག་ལ་སོགས་ཅི་རིགས་པར་ཕུལ་ནས་ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ཞིང་བསྟོད་པར་བྱ། །ཡིག་བརྒྱས་


JKT021_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ནོངས་པ་བཤགས། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་བསྲེག་བླུག་གི་རྫས་རྣམས་ལྷའི་ཞལ་དུ་དབུལ་བ་དང་། །ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་ཕྲིན་ལས་ཐམས་ཅད་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། །བཛྲ་མུ། །ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས། །དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་བར་བསྒོམ། །གཉིས་པ་ནི། །ཨ་མྲྀ་ཏས་བསང་། །སྭཱ་བྷ་ཝས་སྦྱང་། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་དག་ཆེན་ཡེ་ཤེས་ཀྱི་རོལ་པ་འོག་མིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དབུས་སུ་ཡེ་ཤེས་པའི་ལྷ་ཚོགས་ཐམས་ཅད་སྐད་ཅིག་གིས་གསལ་ལ་མ་འདྲེས་པར་རྫོགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཡི་དམ་ལྷའི་རྣམ་པར་བཛྲ་ས་མཱ་ཛ། །ཞེས་པའམ། །དམིགས་གསལ་སོ་སོའི་སྒྲུབ་དཀྱིལ་མདུན་བསྐྱེད་ལྟར་རམ་བདག་བསྐྱེད་ཉིད་ཁ་བསྒྱུར་བས་འགྲུབ་ལ། །སྤྱན་འདྲེན་ནི། ཧཱུཾ། །དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པ་ལ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་རོལ་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བཛྲ་ས་མཱ་ཡ་ཛཿ བཞུགས་སུ་གསོལ་བ་ནི། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་


JKT021_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །ཛཿཧཱུྃ་བཾ་ཧོ༔ མ་ཧཱ་སུ་ཁ་ཧོ༔ མཆོད་པ་ནི། ཧཱུྃ །བླ་མེད་མཆོག་གི་མཆོད་པ་ཆེན་པོ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ་། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་སོགས་ནས་སྤརེའི་བར་དང་། སརྦ་པཉྩ་རཀྟ་བ་ལིཾ་ཏ་བྷྱོ་དྷི་ཙིཏྟ་ཧོ༔ བསྟོད་པ་ནི། ཧཱུྃ། །རྡོ་རྗེ་གླུ་མ་ལས་ཀྱི་ཕྱག་རྒྱ་ཡིས། །དབྱངས་ཀྱི་ཡན་ལག་ཆོས་ཀྱི་ཕྱག་རྒྱའི་སྤྲིན། །རིགས་ལྔའི་དམ་ཚིག་ཕྱག་རྒྱ་ལ་སྦྱར་ནས། །ལྷར་སྣང་ཕྱག་རྒྱ་ཆེན་པོར་བསྟོད་པར་བགྱི། །དགང་བླུག་ཁ་སྦྱར་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྤུ་གུ་ཅན་གྱིས་བསྲེག་བླུགས་ཀྱི་བདུད་རྩིས་རྒྱུན་དྲངས་ནས་གསོལ་བར་བསམས་ལ། །སོ་སོའི་རྩ་སྔགས་ལན་བདུན་དང་བཅས་མར་ཁུ་བླུག་གཟར་བདུན་གྱིས་བཀང་བ་ཕུལ་རྗེས། རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་གསོལ་སྦྱར་བ་ལན་གསུམ་གྱིས་བྱོན་སྐྱེམས་ཕུལ། །བསྙེན་སྒྲུབ་ཀྱི་ཁ་སྐོང་ལ་རྩ་སྔགས་འབའ་ཞིག་གིས་དབུལ་བ་དང་། །གཞན་དུ་སྔ་མ་ལྟར་རྫས་སྔགས་སྦྲེལ་པ་ཅི་ནུས་དང་། །གྲང་གསོག་ལ། །རྩ་སྔགས་ཀྱི་རྗེས་སུ། ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ༔ སོགས་སྔགས་ཀྱི་འདོད་གསོལ་སྦྱར་བ་ཁོ་ནས་དབུལ་བ་རྒྱུད་སྡེ་ཆེན་པོའི་དགོངས་པ་ཡིན་


JKT021_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །རྫས་ཀྱང་ཞི་བ་ལ་ཏིལ། །རྒྱས་པ་ལ་རིན་པོ་ཆེ་དང་དར་ཟབ། །དབང་ལ་མེ་ཏོག་གམ་འབྲུ་དམར་པོ་ཆང་གིས་སྦག་པ། །དྲག་པོ་ལ་ཡུངས་དཀར་དུག་ཁྲག་གིས་སྦག་པ་བུངས་བསྐྱེད་ནས་དབུལ་ལ། །ཁྱད་པར་ཏིང་ངེ་འཛིན་ཁོ་ན་གཙོ་ཆེ་བའི་ཕྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་བསྲེག་བླུག་གི་མཆོད་པ་ཕུལ་བས་ཐུགས་དགྱེས་པ་ཆེན་པོའི་རང་བཞིན་ལས་བྱུང་བའི་འོད་ཟེར་དཀར་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། །སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། །སེམས་ཅན་མ་ལུས་པ་སྒྲིབ་གཉིས་རྒྱུ་དང་བཅས་པ་ཞི་བར་བྱས་པར་བསམ། །དེ་བཞིན་གཞན་བཞི་པོ་ལ་ཡང་དམིགས་པའི་མདེ་ཁ་བསྒྱུར། །ཁྱད་པར་མཆོག་གི་ཕྲིན་ལས་ལ་ཞི་རྒྱས་གཉིས་ཀའི་རྫས་འབུལ་ཞིང་། །ཆང་གི་སྙིང་ཁུ་ལྷག་པར་དབུལ་ལ་འདོད་གསོལ་ནི། སརྦ་ཏ་ཐཱ་ག་ཏ་མ་ཧཱ་མུ་ཏྲ་པུ་ཛ་ཧོ༔ ཞེས་བཏགས། །དེ་ལྟར་ལས་བཞི་གང་ཡང་རུང་བ་ལ་རྫས་རྫོགས་ནས། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་རྫས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། །ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཞེས་སོགས་སོ་སོར་ཁ་བསྒྱུར་བཅས་ལན་གསུམ་དབུལ། གོས་ཟུང་། གང་ལ་རེག་ན་འཇམ་པའི་ལྷ་རྫས་ཀྱང་། །དབང་པོའི་ཚོན་གྱིས་བསྒྱུར་བའི་སྨིག་རྒྱུ་ཡི། །བར་སྣང་ཟ་འོག་བཅལ་དུ་བཀྲམ་པ་ལྟར། །འབར་བས་འགྲོ་ཀུན་བཟོད་པའི་གོས་ཐོབ་ཤོག །ཨོཾ་


JKT021_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཝནྟ་ཡེ་སྭཱ་ཧཱ། །ཞེས་དང་། །ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་པས་རྡོ་ཐལ་མེད་པའི་སོ་རྩི་འཇམ་པོ་དབུལ། རྡོ་རྗེ་ལྷ་མོ་བཅུ་དྲུག་གིས་མཆོད། བསྟོད་པ་གང་འོས་མཐར། སྤྲོས་པ་ལ་དགའ་བས་བཟླས་པ་བྱ་བར་འདོད་ན། ལྷ་ཚོགས་རྣམས་ཐུགས་ཀར་པད་ཉིའི་སྟེང་རང་རང་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོས་སྣོད་བཅུད་ཐམས་ཅད་ཁྱབ་པར་འཕྲོས། །རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། །བདག་གཞན་ཐམས་ཅད་ཀྱི་སྒྲིབ་པ་གཉིས་རྒྱུ་དང་བཅས་བཅོམ་པར་བསམས་ལ། །རྩ་སྔགས་མཐར། སརྦ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཏགས་པ་ཅུང་ཟད་བཟླ། དེ་བཞིན་ལས་བཞི་གཞན་བཞི་པོ་ལའང་འབྱིན་འཇུག་བྱ། །ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་དང་ལྡན་པས་མཆོད། འཇིགས་པ་བརྒྱད་སྐྱོབས་ཞི་བའི་དངོས་གྲུབ་སྩོལ། སོགས་ཀྱིས་བསྐུལ་ལ། རྩ་སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་པས་དངོས་གྲུབ་བླང་རྗེས་བྱོན་སྐྱེམས་དགང་བླུག་གསུམ་ཕུལ། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱི་མཐར་ཡིག་བརྒྱ་དང་བཅས་ནོངས་པ་འཆགས། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད་སོགས་མཐར། བཛྲ་མུས་ཡེ་ཤེས་པ་གཤེགས་སུ་གསོལ། །གསུམ་པ་ནི། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། དམ་ཚིག་མེ་ལྷ་རང་བཞིན་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། །བཛྲ་ས་མཱ་ཡ་ཛཿ ཛཿཧཱུྃ་


JKT021_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཐཾ་ཧོ བྱོན་སྐྱེམ་དགང་བླུག་གསུམ་ཕུལ་ཞིང་། ཨོཾ་བི་མ་ལེ་ཨགྷ་ཡེ་སྭཱ་ཧཱ། ལན་གསུམ། གོས་ཟུང་དང་སོ་རྩི་དབུལ། །མེ་བསོས་ཏེ་གཏོང་རག་གི་ཚུལ་དུ་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར། ཨོཾ་ཨག་ཡེ་རི་ཌི་རཱ་ཛཱ་ཡ། །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཀྱི་ཆོ་ག་ལྷག་ཆད་འགལ་འཁྲུལ་ཉམ་ཆག་ཉེས་ལྟུང་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ། སྔ་མ་ལྟར་མཆོད་ཅིང་བསྟོད། ཨ་ཀཱ་རོས་གཏོར་མ་བསྔོ་ལ་ཕྲིན་ལས་བཅོལ། །༧ ནོངས་པ་བཤགས། །གཤེགས་སུ་གསོལ་བ་ནི། དོན་གཉིས་བསྒྲུབས་པའི་མེ་ཡི་ལྷ། །རང་རང་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཕྲིན་ལས་སྒྲུབ་པའི་ཕྱིར། །དུས་སུ་འབྱོན་པར་མཛད་དུ་གསོལ། །བཛྲ་མུ། །ཡེ་ཤེས་པ་གཤེགས། །དམ་ཚིག་པ་ལྟེ་བའི་ཨ་ཐུང་ལ་བསྡུ། རྗེས་ཀྱི་བྱ་བ་ནི། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱ་ཤིང་། །དྲག་པོའི་སྦྱིན་བསྲེག་དུག་ཁྲག་གི་ཆུས་གཞིལ་ལ་གཞན་བཞི་པོ་མེ་རང་ཞིར་འཇོག །ལོང་ཁྱབ་ཀྱིས་མ་ཁོམ་ན། །ཞི་བ་ལ་འོ་མ། །རྒྱས་པ་ལ་དྲི་སེར་པོ། །དབང་ལ་ཙནྡ་དམར་པོའི་ཁུ་བའམ་ཆང་དང་བསྲེས་པའི་ཆུས་བསད། །ཞི་བ་དང་མཆོག་དབང་གི་ལས་གསུམ་པོའི་ཐལ་བ་རི་རྩེ་མཐོན་པོའི་རླུང་ལ་བསྐྱལ། །རྒྱས་པ་མཛོད་དུ་བུམ་གཏེར་རྩལ། །དྲག་པོའི་ཐལ་བ་གཞི་མདོར་མནན། །ལས་རྗེས་མི་མངོན་པར་བསྡུའོ། །དེ་ལྟར་ཕྱི་དོན་དུ་གཙོ་བོར་སྨོས་པའི་སྦྱིན་བསྲེགས་ཀྱི་ཆོ་ག་སྤྲོས་པ་ཉུང་ངུར་བསྡུས་པ་སྟེ། །གཞན་དུ་ན་ཚིམ་པ་དྲུག་ལྡན་པའི་ཚོགས་ཀྱི་འཁོར་ལོའི་མཉེས་པར་


JKT021_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། །རྡོ་རྗེའི་ལུས་ལ་གདོད་ནས་གྲུབ་པའི་ཉེ་བའི་འདུ་བ་ལྷན་སྐྱེས་བདེ་སྟོང་བདུད་རྩིའི་མཆོད་པར་བྱ་བ་དག་ནི་ནང་དང་གསང་བའི་བསྲེག་བླུག་སྟེ་སྐབས་འདིར་སྨོས་པར་བྱ་བའི་ཡུལ་མ་ཡིན་ནོ། །གོས་དཀར་ཌཀྐིས་འཁྱུད་པའི་ལྷའི་ཕྱག་རྒྱར། །མཆོད་པའི་སྤྲིན་གྱིས་མཉེས་པའི་བསོད་ནམས་ཚོགས། །བཟོད་ནས་དག་པའི་ཡེ་ཤེས་ཆེན་པོའི་ངང་། །མཉམ་སྦྱོར་མཆོག་ཐུན་ཕྲིན་ལས་སྦྱིན་གྱུར་ཅིག །ཞེས་ལྷག་པའི་ལྷ་ཀུན་ལ་ཉེ་བར་འཇུག་པའི་བསྲེག་བླུག་གི་ཆོ་ག་འདི་ནི་ཀུན་མཁྱེན་ཆེན་པོའི་མན་ངག་གཙོ་བོར་བཟུང་སྟེ་ཉུང་ངུར་བཀོད་པ་ཀུན་ཏུ་དགེ་བར་གྱུར་ཅིག། །མངྒ་ལཾ། །དགེའོ། །


JKT021_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousལྷག་པའི་ལྷ་ཀུན་ལ་འཇུག་པའི་བསྲེག་བླུགས་ཀྱི་ཆོ་ག་ཕྲིན་ལས་དཔལ་སྟེར།next