Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
བསུན་ཟློག་ཁྱེར་བདེ་རིག་འཛིན་དགྱེས་པའི་དགའ་སྟོན།
   
   
   
   
   
   
   
   
   
   


 
previousབསུན་ཟློག་ཁྱེར་བདེ་རིག་འཛིན་དགྱེས་པའི་དགའ་སྟོན།next

བསུན་ཟློག་ཁྱེར་བདེ་རིག་འཛིན་དགྱེས་པའི་དགའ་སྟོན།


JKT021_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བསུན་ཟློག་ཁྱེར་བདེ་རིག་འཛིན་དགྱེས་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ཡེ། བསུན་ཟློག་ཁྱེར་བདེ་མདོར་བསྡུས་པ་བྱ་བར་འདོད་ན། མཁའ་འགྲོའི་དཔལ་གཏོར་པད་འདབ་བཞི་པ་ཐེབ་ཀྱུ་ཅི་མང་གིས་བསྐོར་བ་ལ་ཤ་ཁྲག་འབྲུ་སྨན་ཟས་སྣའི་ཕུད་ཀྱིས་བརྒྱན་པ་དང་། གསེར་སྐྱེམས་བཅས་བཤམ། རྩ་གསུམ་གྱི་ལས་གཞུང་གང་རུང་བསྲང་ཞིང་ཚོགས་མཆོད་བཅས་བྱ་བའམ། རང་ཉིད་གཉུག་མའི་ལྷར་གསལ་བའི་ངང་། མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། །ཨོཾ་ཨཱཿཧཱུྃ་ཧོས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱས་པར་སྤེལ་ལ། མགྲོན་སྤྱན་དྲང་བ་ནི། ཧཱུཾ་ཧྲཱིཿ འོད་གསལ་འདུས་མ་བྱས་པའི་དབྱིངས་ཉིད་ལས། །ཁྱབ་བརྡལ་ཡེ་ཤེས་བཀོད་པ་རང་སྣང་བའི། །དཔའ་བོ་མཁའ་འགྲོའི་ཚོགས་ཁང་ཆེན་པོ་འདིར། །རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་དང་། །ཡེ་ཤེས་ལས་དང་འཇིག་རྟེན་སྐྱོང་བའི་ཚོགས། །གདུང་བས་འབོད་ལ་བརྩེ་བའི་གཡར་དམ་གྱིས། །རྫུ་འཕྲུལ་གློག་ལྟར་མྱུར་བའི་ཤུགས་སྐྱེད་ལ། །ཚུར་གཤེགས་མཆོད་སྤྲིན་རྒྱ་མཚོ་དགྱེས་པར་རོལ། །ཨོཾ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔ མཆོད་གཏོར་ཡེ་ཤེས་བདུད་རྩིའི་རང་བཞིན། འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་དགྱེས་བཞིན་ཏུ་རོལ་།


JKT021_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཛྙཱ་ན་ཀརྨ་ལོ་ཀ་དྷཱ་ཀ་དྷཱ་ཀི་ནཱི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིདྡྷེ་དཾ་བ་ལྕ་དི་སྭཱ་ཧཱ༔ ལན་གསུམ། ཨོཾ་བཛྲ་ཨརྒྷཾ་པཱ་ཏྱཾ་པུཉྫུ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་ཏྱཱ་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ་ས་མཆོད། ཧཱུྃ་ཧཱུྃ༔ བླ་མ་མཆོག་གསུམ་ཡི་དམ་ཞི་ཁྲོའི་ཚོགས། །ཏིང་འཛིན་དགྱེས་རྒུའི་འདོད་ཡོན་འདི་བཞེས་ཨིལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱཻ། །སྔོན་ལས་འཕྲལ་རྐྱེན་སུན་མ་ཟློག་ཏུ་གསོལ། །དབྱིངས་ཀྱི་ཡུམ་ཆེན་ལྷན་སྐྱེས་དྷ་ཀིའི་ཚོགས། །འོད་གསལ་རྒྱན་གྱི་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱཻ། །ཡེ་ཤེས་མཁའ་འགྲོའི་སུན་མ་ཟློག་ཏུ་གསོལ། །གང་འདུལ་དེར་སྣང་ཞིང་སྐྱེས་ཕོ་ཉའི་ཚོགས། །བདེ་སྟོང་རོལ་པའི་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱཻ། །ལས་ཀྱི་མཁའ་འགྲོའི་སུན་མ་ཟློག་ཏུ་གསོལ། །ལེགས་ཉེས་སྟངས་འཛིན་ཕྲ་མེན་གནས་ལ་ཚོགས། །ལོངས་སྤྱོད་ཆར་འབེབས་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱཻ། །འཇིག་རྟེན་མཁའ་འགྲོའི་སུན་མ་ཟློག་ཏུ་གསོལ། །རྡོ་རྗེའི་ཆོས་སྲུང་སྡེ་བརྒྱད་དྲེགས་པའི་ཚོགས། །


JKT021_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཤ་ཁྲག་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱཻ། །ས་གསུམ་འབྱུང་པོའི་སུན་མ་ཟློག་ཏུ་གསོལ། །དབྱིངས་ལས་རང་ཤར་ཡེ་ཤེས་འཇིག་རྟེན་མགྲོན། །མཐུན་རྫས་འདོད་ཡོན་རྒྱ་མཚོའི་ཚོགས་ལ་རོལ། །དགྱེས་པའི་དཔལ་སྐྱེད་ཐུགས་རྗེའི་ཤུགས་ཕྱུང་ལ། །ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཅེས་ཕྲིན་ལས་གསོལ། ཚར་གྲངས་བྱེད་ན། མཆོད་གཏོར་ཁ་གསོ་ཞིང་བརླབ། གཏོར་འབུལ་དང་། མཆོད་པ། ཕྲིན་ལས་གསོལ་བ་བཅས་ལ་གྲངས་གཟུང་། མཐར་ཕུད་དང་གཏོར་མ་གཤེགས་ལ། ཧཱུཾ་ཧྲཱིཿ རྩ་གསུམ་ཆོས་སྲུང་རྒྱ་མཚོ་འཁོར་བཅས་ཕྱིན ཀྱིས། །བདག་ཅག་ཡོན་མཆོད་ཕྱི་ནང་གསང་བ་ཡི། །བར་ཆད་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །བཛྲ་མུ༔ སརྦ་ཀརྨ་ལོ་ཀ་དྷ་ཀི་ནི་ས་པ་རི་ཝཱ་ར་གཙྪས་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམས་ལ་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་ཚིག་གི་ཕྲེང་བ་ཉུང་ངུ་ལ། དོན་གྱི་གནད་གསང་གྲུབ་པ་མཆོག་གི་ཞལ་ལུང་ལ་སྦྱར་ཏེ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་དཱ་སུ་ཐེ་ཡོ་བི་ཛ་ཡནྟུ།། །།


JKT021_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousབསུན་ཟློག་ཁྱེར་བདེ་རིག་འཛིན་དགྱེས་པའི་དགའ་སྟོན།next