Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
སྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་ཟབ་གསང་སྙིང་ཏིག
   
   
   
   
   
   
   


 
previousསྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་ཟབ་གསང་སྙིང་ཏིགnext

སྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་ཟབ་གསང་སྙིང་ཏིག


JKT021_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་ཟབ་གསང་སྙིང་ཏིག་ཅེས་བྱ་བ་བཞུགས་སོ། །


JKT021_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། འདིར་དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་དངོས་ཅག་ཁ་བ་ཅན་པའི། སྙིགས་དུས་ཀྱི་འགྲོ་བ་རྣམས་ལ། །ཐུགས་ལྷག་པར་བརྩེ་བས་ཟབ་གཏེར་གྲངས་མེད་པ་ཞིག་སྤེལ་བར་མཛད་པ་ལས། སྤྲུལ་པའི་གཏེར་སྟོན་རྡོར་འབུམ་ཆོས་ཀྱི་གྲགས་པའི་གཏེར་བྱོན་གསོ་དཔྱད་བདུད་རྩི་བུམ་པའི་ཆོས་སྡེ། ནད་གདོན་བགེགས་དང་དུས་མིན་འཆི་བ་སོགས་མི་མཐུན་པའི་རིགས་སྤྱི་དང་། ཁྱད་པར་དུས་མཐའི་གཉན་ནད་པརྱ་ཏས་མཚོན་ཡམས་ཐབས་སུ་འགོ་བའི་ནད་ཀྱི་རིགས་མཐའ་དག་སྲུང་བར་བྱེད་པ་རྨད་དུ་བྱུང་བའི་སྙིང་པོ་གྱད་བཞི་ཞེས་གྲགས་པའི་ནང་ཚན། འཁོར་ལོའི་གྱད་ནི་ལུས་ལ་


JKT021_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་ཅེས་གསུངས་བའི་སྲུང་འཁོར་རྡོ་རྗེ་ཁྲབ་རིང་རྒྱས་པའི་ཕྱག་ལེན་སྤར་བཅངས་སུ་བསྟན་པ་ལ་གནད་བཅུ་གསུམ་གྱེས་ཏེ། དང་པོ་འབྲི་ཡུལ་གཞི་ཡི་གནད་ནི། དར་རས་གྲོ་ག་ཤོག་བུ་མཐིང་དཀར་སོགས་གང་ཡང་རུང་བའོ། །གཉིས་པ་འབྲི་བའི་རྒྱུ་སྣག་ཚའི་གནད་ནི། རབ་གསེར། འབྲིང་དངུལ། ཐ་མ་མཚལ་སྣག་སོགས་ཅི་འབྱོར་པའོ། །གསུམ་པ་འབྲི་མཁན་མཆོད་གནས་ཀྱི་གནད་ནི། སྣོད་རུང་གི་དབང་བཞི་རྫོགས་པར་ཐོབ་ཅིང་སྡོམ་གསུམ་དང་ལྡན་པ་དབང་པོ་གསལ་ཞིང་འབྱོར་པ་དང་ལྡན་པས་སོ། །བཞི་པ་འབྲི་བྱ་འཁོར་ལོའི་གནད་ནི། སྤྲུལ་པའི་ཁྱུང་ཞལ་གསུམ་པ་གཡས་གཡོན་དབུས་སུ་བལྟ་ལ། དེའི་ལྟོ་བར་ཡབ་


JKT021_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཡས་དང་། ཡུམ་འཁོར་གཡོན་དུ་མུ་ཁྱུད་དྲུག་ལྟེ་བ་དང་བཅས་པ་བྲི། དེའི་དབུས་སུ་ཡི་དམ་གྱི་སྙིང་པོ། །ཨོཾ་ཐིམ་ཐར་ཏིས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཞེས་དང་། ནད་བདག་གི་སྲོག་སྔགས་རྒྱུ་གཟེར་བསྲུངས་ན། ཨོཾ་ཀུན་ཛྷེ་ཀུན་དྷེ་ཀུན་བྷ་ལམ་བྷྱོ་ཤལ་ཤལ་སྭཱ་ཧཱ། འབྲུམ་པ་བསྲུངས་ན། ཧཱ་ར་བ་ལ་མཱ་ར་ཡ་ཙ་ཏུར་ཕཊ་རྦད་རཾ་ཤི་ཁས་བ་ཡ་ཀརྨ་ཛ་ཏི་སུ་ཐ་རྦད་ཕཊ། །མིག་སེར་བསྲུངས་ན། ཨོཾ་ཚལ་དུ་ཚལ་དུ་བ་ཏ་ནཱ་ཤ་ཡ་ནཱ་ཤ་ཡ་ཏྲི་ཛ་དྲི་ཛ་ཝཎ་ཡ་ཕཊ་སྭཱ་ཧཱ། ཚ་རིམས་ཆོམ་པ་བསྲུངས་ན། ཏདྱ་ཐཱ། ཨོཾ་ཨ་ལི་མ་ཏི་ལི་མེ་ཧ་ནི། ཨུ་ཏན་ཧེ་ཨརྨན་ཛྷ་རླན་བྷ་ཏ་མི། ཨོཾ་ཀ་ཧི་. ཀན། ཙ་ཐ་ཀུ་ནི་རཱ་ཛ་ར་ན་ཧཱུྃ་ཕཊ་སྭཱ་ཧཱ། གཉེན་ལྷོག་བསྲུངས་ན། ཨོཾ་ར་ཏ་ཤི་བེ་ཏུ་རུ་ཏྲི་སཾ་རྦད། ཏྲི་ཆད་ནི་ཤེ། དུ་ཡཾ་ཏྲི་ཆད་གག་པ་བསྲུངས་ན། ནཱ་ག་པ་རུ་པ་ཙ་ལ་ཧ་ལེ་ཕིས་སོང་གྷ་ལ་ཧུར་ཁུང་རྦད། ཅེས་ཤམ་བུ་གང་དགོས་སྦྲེལ་ནས་བྲིས་པའི་ཤམ་དུ། འཆང་བ་པོ་ལ་གཉན་ནད་ཐམས་ཅད་སྲུངས་ཤིག་རཀྵ ཅེས་པ་བྲི། དེའི་ཕྱི་རིམ་མུ་ཁྱུད་དང་པོ་ལ་གཟུངས་སྔགས་འདི་བྲིའོ། །ཏདྱ་ཐཱ། ཨ་ལི་མ་ཏ་ལི་ཧ་ལ་ཧ་ལ། འཆང་བ་ཆེ་གེ་མོ་ཛ་རན་ཙན་ལཱི། ཨ་ཀ་ཧ་ནི་ཀན་ཏེ་ཧོ། ཀ་ན་ཙ་ཙ་རུ་ཀ །ཐ་མུ་ནི་ཨཱརྨ་སྭཱ་ཧཱ། དེའི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ། །འཁོར་ལོ་


JKT021_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བརྒྱད་འབར་བ་ཞིག་གི་ཕྱོགས་བཞིར་གསོད་པའི་ཕོ་སྔགས། ཨོཾ་ཧུར་ཁྱུང་ཧུར་ཁྱུང་སོད། ཨོཾ་སྤྲུལ་ཁྱུང་སྤྲུལ་ཁྱུང་སོད། ཨོཾ་ནཱ་ག་ནཱ་ག་སོད། ཨོཾ་དེ་བ་དེ་བ་སོད། མཚམས་བཞིར་སྲུང་བའི་མོ་སྔགས། ཨོཾ་ཧུར་ཁྱུང་ཧུར་ཁྱུང་སྲུང་། ཨོཾ་སྤྲུལ་ཁྱུང་སྤྲུལ་ཁྱུང་སྲུང་། ཨོཾ་ནཱ་གཱ་ནཱ་ག་སྲུང་། ཨོཾ་དེ་བ་དེ་བ་སྲུང་། ཅེས་སྔགས་ཚན་རེ་རེ་དང་། རྩིབས་མཆན་རྣམས་ལ་རྡོ་རྗེའི་རྭ་བ་བྲིའོ། །དེའི་ཕྱི་རིམ་མུ་ཁྱུད་གསུམ་པར་གུ་རུའི་ཐུགས་སྔགས། མ་ཧཱ་གུ་རུ། ཨུ་ཧཱ་གུ་རུ། ཤྲཱི་གུ་རུ། ནི་ནཱ་ག་ཤད། རཾ་རཾ་ཐུལ་རུམ། ནཱ་ག་ཙིཏྟ་ཕོ། ནཱ་ག་རྡུད་ལིང་ཐུམ་མྱོག་སོད། ཅེས་བྲི། །དེའི་ཕྱི་རིམ་མུ་ཁྱུ་བཞི་པར། གཉེན་ནད་ལྷོ་སྦྱོར་སྦྲགས་མ། ཨོཾ་སེ་སུ་རྨ་སེ་སུ་ཎ་བཛྲ་ཙིག་ཙིག་གོ་བྷྱོ་ནན་བྱ་སུ་ར་ནན། ཁྱུང་སུ་ར་ནན། ཨོཾ་ག་རུ་ཌ་ག་རུ་ཌ་སྭཱ་ཧཱ། ཧྲཱིཿ་ཏྲི་བ་ཏི་ནན། ནད་དུ་གྱུར་ཏོ་ཅོག་ལ་སྭཱ་ཧཱ། ནད་ཐམས་ཅད་ལ་བྷྱོཿ གདོན་ཐམས་ཅད་ལ་བྷྱོཿ འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ། ཅེས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལྔ་ལ་འཁོར་ལོ་རྩིབས་བཅུ་པར་ཁྲོ་བོ་བཅུའི་སྙིང་པོ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་ག་རྫ་ག་རྫ་ཧཱུྃ་ཕཊ། ཁྲོ་བོ་རཱ་ཛས་ནད་ཁ་ཁོག །རིམས་ཁ་ཆིངས་སྭཱ་ཧཱ། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་འདྲ་བས། ཧཱུྃ་ཀ་རའི་གནས་སུ། བི་ཛ་ཡ། ནི་ལ་དཎྜ། ཡ་མནྟ་ཀ།


JKT021_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརྱ་ཨ་ཙ་ལ། ཧ་ཡ་གྲྭ་བ། ཨ་པ་ར་ཙིཏྟ། ཨ་མྲྀ་ཏ་ཀུཎྜ་ལཱི། ཏྲི་ལོ་ཀྱ་བི་ཛ་ཡ། མ་ཧཱ་བཱ་ལ། ཞེས་དང་། གརྫ་གརྫའི་གནས་སུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཧུ་ལུ་aཧུ་ལུ། ཏིཥྛ་ཏིཥྛ། ཚིནྡྷ་ཚིནྡ། བྷིནྡྷ་བིན། སྤོ་ཊ་སྤོ་ཊ། ཞེས་བཅུག་པ་བྲི། རྩིབས་མཚམས་རྣམས་སུ་གསང་བདག་གི་ཕྱག་མཚན་རྡོ་རྗེ་རེ་རེ་བཀོད། དེའི་ཕྱི་རིམ་དང་མུ་ཁྱུད་དྲུག་པ་ལ། རྟེན་འབྲེལ་སྙིང་པོ་ཚར་གསུམ་གྱིས་བསྐོར་བ་བྲིའོ། །གཞན་ཡང་ཁྱུང་གི་མཆུ་ལ། ༀ་ཧུར་ཁྱུང་ཧུར་ཁྱུང་ནད་ཐམས་ཅད་ལ་བྷྱོཿ སྤྲུལ་ཁྱུང་སྤྲུལ་ཁྱུང་ནད་ཐམས་ཅད་ལ་བྷྱོཿ ནཱ་ག་ནཱ་ག་ནད་ཐམས་ཅད་ལ་བྷྱོཿ དེ་བ་དེ་བ་ནད་ཐམས་ཅད་ལ་བྷྱོཿ ཞེས་བྲི། མགྲིན་པར་སྐུ་གསུང་ཐུགས་ཀྱི་སྔགས། ཨོཾ་ཨཱཿཧཱུྃ༔ ཞེས་བཀོད། ཕྱག་ལ་གཏུམ་པའི་སྔགས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པ་བྲི། གཤོག་པ་གཡས་ལ་ཕོ་སྔགས། ཨོཾ་སིས་ཁྲི་ལི་མི་ལི་ཧ་ལ་སྭཱ་ཧཱ། ཅེས་དང་། གཡོན་པར་མོ་སྔགས། ཨོཾ་སིབ་ཁྲི་ལི་མི་ལི་ཧ་ལ་ཡ་ཡ་སྐད་ཅིག ཅེས་པ་བྲི། ཕྱག་གཡས་གསུམ། ཟླ་འཁོར་རྩིབས་བརྒྱད་པའི་ལྟེ་བར་ཨས་མཚན་པ། སྔགས་མགོ་ཕྱིར་བསྟན་ལ། ནི། ལམ། ཛ། རཾ། ཧཱུྃ། ས། ཀྲྀ རྦད་ཅེས་པ་ཚར་གསུམ་དགོད། གཡོན་གསུམ་གྱི་ཕྱག་མཐིལ་དུ་ཉི་མའི་


JKT021_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་མས་མཚན་པ། སྔགས་མགོ་ནང་བསྟན་གོང་བཞིན་བྲི། མཇུག་མ་ལ། ཨོཾ་ཨ་ཀ་སེ་བི་ཀ་སེ། མ་ཧཱ་པ་སེ་ཧུ་ལུ་ཀ་སེ་སྭཱ་ཧཱ། ཅེས་པ་དགོད། རྐང་པ་རྣམས་ལ། ཨོཾ་ཁྲག་ཉག་རཾ་སྭཱ་ཧཱ། ཅེས་བྲི། རྐང་མཐིལ་སྡེར་མོའི་ཁོངས་སུ་ནད་བདག་འདུས་པའི་སྲོག་སྔགས། ཨོཾ་ཚི་བརྟུལ་བརྟུལ། རྨུག་ཤི་ཤི་ཧྲཱིཿ་ཏྲི་ཙ་ཏྲི་སོད་ཆད། ཧ་ལ་བི་སརྦ་མཱ་ར་ཡ་རྦད། ཅེས་བྲི། ཡབ་ཡུམ་འཁོར་ལོ་གཉིས་ཀྱི་རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་ཚར་གཅིག་བྲི། ལྔ་པ་བྱུག་པ་རྫས་ཀྱི་གནད་ནི། རྩ་བའི་ཡེ་ཤེས་ཀྱི་ཁྱུང་སྨན་དྲི་བཟང་པོ་རོ་ཞིམ་པ་ནུས་པ་ཆེ་བས་བྱུག །གཤོག་པར་བོང་ང་དཀར་སེར། མགྲིན་པར་གི་ཝང་དང་དཔའ་སེར། རྐང་པར་སེར་པོ་ཁྲག་རྐང་དང་དཔའ་སེར། མཇུག་མར་དཔའ་བོ་དཀར་པོ་བོང་ང་དཀར་སེར། མཆུ་སྔགས་ལ་མུ་ཟི་ཤུ་དག་ཙནྡན། ཡི་དམ་གྱི་སྙིང་པོ། །གུ་རུའི་ཐུགས་སྔགས། ཁྲོ་བཅུ། རྟེན་འབྲེལ་སྙིང་པོ་རྣམས་དྲི་བཟང་། སྔགས་གཞན་རྣམས་གླ་རྩི་ཤུ་དག་ནག་པོ་བོང་ང་ནག་པོ་གསུམ་གྱིས་བྱུག །དབུས་ཀྱི་གཙོ་བོ་ཁྱུང་སྔོན་པོར་བྱ། །གཡས་ཀྱི་ཡབ་འཁོར་གི་ཝང་གིས་དབུ་ཞབས་ཐམས་ཅད་སེར་པོ། །གཡོན་གྱི་ཡུམ་འཁོར་གུར་གུམ་དང་ཚོས་ཁུ་དམར་པོར་བྱུགས་ཏེ་རིགས་གསུམ་མགོན་པོའི་མཚོན་བྱེད་


JKT021_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ཡང་བྱུགས་རྫས་རྣམས་ཞིབ་བཏགས་ལ་ཆུར་སླ་མོ་སྦྱར་ཏེ་ཡིག་འབྲུ་རྣམས་མ་ཟུབ་པར་བྱུགས་པ་གནད་དུ་ཆེའོ། །དྲུག་པ་དུས་ཚོད་གཟའ་སྐར་གྱི་གནད། ཟླ་ནག་དང་ཟླ་ཞབས་མ་ཡིན་པ། །རང་ཉིད་བླ་གཟའ་དང་བླ་སྐར་དར་བའི་སྔ་དྲོའི་དུས་སུའོ། །བདུན་པ་རབ་གནས་བཀྲ་ཤིས་ཀྱི་གནད་ནི། དགེ་སློང་གཙང་མ་ནུས་ལྡན་དང་། འབྲི་མཁན་སྟན་ལས་མ་ལོངས་པར། སྐྱབས་སེམས་སྔོན་དུ་འགྲོ་བས། རང་བཞིན་མི་དམིགས་སྟོང་པའི་ངང་ཉིད་ལས། ཞེས་སོགས་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་རང་ཉིད་ནུས་ལྡན་དུ་བྱས། དེ་ནས་འཁོར་ལོ་མདུན་དུ་བཞག །བགེགས་བསྐྲད། གུ་གུལ་གྱིས་བདུག །སྲུང་བའི་འཁོར་ལོ་བསྒོམས་པའི་རྗེས། སྟེགས་ཀྱི་ཁར་རས་དཀར་རམ་སྣམ་བུ་དཀར་པོ་གཙང་བའི་སྟེང་དུ་སྤྱན་དྲངས་ཏེ་བཞག །མཐའ་མཆོད་པ་རྣམས་ལྔས་བསྐོར། གཞན་ཡང་སྨན་རག་དང་ཚོགས་གཏོར་གྱི་ཡོ་བྱད་ཇི་ལྟར་རིགས་པ་འདུ་བྱས་ལ། ཤུ་ནྱ་ཏས་མཚན་རྟོག་བསལ། འཁོར་ལོ་མི་དམིགས་སྟོང་པའི་ངང་། །གསང་བདག་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་སྡིགས་མཛུབ་རྒྱན་ཆ་ལུགས། །ཡོངས་སུ་རྫོགས་པའི་ལྟེ་བ་རུ། །མུ་ཁྱུད་གཉིས་ལྡན་དེ་ཡི་དབུས། །གུ་རུ་སྨན་བླའི་ཕྱག་མཚན་ཅན། །ལྟེ་བ་དང་བཅས་གསང་བདག་


JKT021_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གི །སྤྱི་བོར་བྱ་ཁྱུང་སྦྲུལ་ཟ་བ། །དཔུང་སྟེང་བྱ་ཁྱུང་བྱ་ནག་ལྡིང་། །གཡས་གཡོན་དུག་སྦྲུལ་སྨན་སྦྲུལ་འཁྱུགས། །ལྕགས་ཀྱི་ཕག་རྒོད་མགོ་དགུ་དང་། །གཡུང་ཕག་ནག་པོ་མདུན་ནས་རོལ། །སྤྱི་བོར་ཁྱུང་དང་རྒོད་གཡུང་ཕག །ལྟོ་བསྡེབས་མུ་ཁྱུད་རེ་རེས་བསྐོར། །ཀུན་ཀྱང་ཡེ་ཤེས་མེ་དཔུང་གི །འབར་བའི་དབུས་ན་བཞུགས་པ་ཡི། །སོ་སོའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱདམར་ཐུགས་ཀ་རུ། །ཧཱུཾ་ཡིག་སྔོན་པོས་མཚན་པར་གྱུར། །ཅེས་གསལ་བཏབ། སླར་ཡང་བདག་ཉིད་གསང་བདག་ཡི་དམ་ལྷར། །གསལ་བའི་ཐུགས་ཀ་གུ་རུའི་གནས་གསུམ་ནས། །དཀར་དམར་མཐིང་བའི་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་རབ་འཕྲོས་ནས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་དང་ནི། །མ་ལ་ཡ་དང་པདྨ་འོད་ལ་སོགས། །དག་པའི་ཞིང་ཁམས་རྣམས་ནས་བླ་མ་དང་། །དཀོན་མཆོག་རིན་ཆེན་ཞི་བ་བྱང་སེམས་དང་། །ཁྲག་འཐུང་ཁྲོ་བོ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་རྒྱལ་པོ་སྡེ་བཞི་གཏེར་གྱི་བདག །བོད་སྐྱོང་བརྟན་མ་བཅུ་གཉིས་ལ་སོགས་པ། །ཡེ་ཤེས་ལས་གྲུབ་དཔག་ཏུ་མེད་པའི་ཚོགས། །འཁོར་བཅས་གནས་འདིར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། མདུན་གྱི་ནམ་མཁའི་གནས་སྤྱོན་རྡོ་རྗེའི་གདན། དྲི་མེད་


JKT021_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉི་ཟླ་བརྩེགས་པ་ལ། །དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས། །ཕྱག་འཚལ་མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། ཞེས་པས་བཞུགས་སུ་གསོལ། བདག་གི་ཐུགས་ཀར་གུ་རུ་ཡེ་ཤེས་སེམས། །སྐུ་གསུང་ཐུགས་ཀྱི་གནས་ནས་ཡིག་འབྲུ་གསུམ། །ཨོྃ་འཕྲོས་གཏོར་མའི་མ་དག་ཉེས་ཀུན་སྦྱངས། །ཨཱའཕྲོས་འདོད་ཡོན་དྲུག་གི་མཆོད་པར་གྱུར། །ཧཱུྃ་འཕྲོས་སྤེལ་བས་ནམ་མཁའི་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུཾ། ཞེས་ལན་གསུམ་གྱིས་མཆོད་གཏོར་བརླབས། །གཏོར་མའི་དངོས་པོ་ཀུན་བཟང་མཆོད་པའི་སྤྲིན། །བྱེ་བྲག་ཕྱི་ནང་གསང་བ་དེ་ཁོ་ན། །ཚོགས་ཀྱི་འཁོར་ལོ་འཆི་མེད་བདུད་རྩིའི་སྨན། །ཆགས་མེད་རཀྟའི་ཨགྷོ་རྒྱ་མཚོར་འཁྱིལ། །མཆོད་པའི་ལྷ་མོ་རིག་མ་བཅུ་དྲུག་སོགས། །དཔག་ཏུ་མེད་པའི་མཆོད་པ་དམ་པ་འདི། །རྩ་བརྒྱུད་བླ་མ་སངས་རྒྱས་ཆོས་དགེ་འདུན་། །ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ལ། །གུས་པས་འབུལ་ལོ་བཞེས་ཤིག་ཐུགས་དམ་བསྐང་། །ཉམས་པ་སོར་ཆུད་དབང་དང་དངོས་གྲུབ་སྩོལ། །ༀ་གུ་རུ་དེ་ཝ་ཌཱ་ཀི་ནི་བུདྡྷ་དྷརྨ་སཾ་གྷ་ས་པ་རི་ཝཱ་ར་ཨབྷཾ་ནས་ཤཔྟའི་བར་དང་། སྔགས་མཐར། མ་ཧཱ་པཉྩ་དང་། རཀྟ་བཏགས་པས་སྤྱིར་མཆོད། གུ་རུ་ཨོཾ་ཨཱཿཧཱུཾ། བ་ལིཾ་ཏ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བུདྡྷ་དྷརྨ་སངྒ་དེ་བ་ཌཱཀྐི་ནཱི་


JKT021_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་པས་བྱེ་བྲག་ཚོགས་གཏོར་འབུལ། ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། ཞེས་སོགས་ཀྱིས་བསྟོད། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་མཐའ་ཡས་འགྲོ་བ་ཀུན། །ཀུན་མཁྱེན་ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཨོཾ་ཙཀླུ་ཙཀྵ་ས་མནྟ་ཙཀྵ་བི་ཤོ་དྷ་ན་ཡ་སྭཱ་ཧཱ། །ཞེས་ལན་གསུམ་གྱིས་སྤྱན་དབྱེ། གོང་དུ་བཤད་པའི་འཁོར་ལོའི་སྔགས་རྣམས་ཅི་ནུས་དབྱངས་གསལ་དང་སྦྲེལ་བ་ཉེར་གཅིག་ཙམ་དང་། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་ཤིང་མེ་ཏོག་ལ་སྔགས་མཐར་ཐལ་མོ་སྦྱར་ཏེ། ཡི་དམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།། །།ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྔར་བཞིན་མཆོད་ཅིང་བསྟོད། འདི་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱི་མཐར། རྟེན་འབྲེལ་སྙིང་པོ་བཟླ་བཞིན་པས་སྔགས་ཀྱི་མེ་ཏོག་འཐོར་


JKT021_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བས། ལྷ་ཚོགས་རྣམས་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པར་གྱུར་ནས་ནད་གདོན་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བའི་ནུས་པ་དང་ལྡན་པ་གྱུར་པར་བསམ། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར། །ལྷ་དང་དྲང་སྲོང་གིས་བྱས་པའི། །རིག་སྔགས་བསླུ་བར་མི་འགྱུར་ན། །འདོད་ཆགས་བྲལ་བས་བྱས་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བདེན་པའི་སྟོབས་བརྗོད་པ་དང་། །ཕུན་སུམ་ཚོགས་པ་མངའ་བ་སོགས། ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་གི་ཆར་དབབ། དེ་ནས་བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་སྡང་ལ་བསྔོ་སྨོན་གྱིས་རྒྱས་གདབ་པ་སོགས་དཀྱུས་བཞིན་ཏུ་བྱའོ། །བརྒྱད་པ་ལྟེབས་པ་ལྕོག་གི་གནད་ནི། ཡུམ་གྱི་འཁོར་ལོ་དང་། ཕྱག་མཐིལ་གཡས་གཡོན་གྱི་ཉི་ཟླའི་འཁོར་ལོ་རྣམས་ཞལ་སྤྲོད། དབུ་གྱེན་དུ་བསྟན། འཁོར་ལོའི་ལྟེ་བ་མ་ཉམས་པར་བལྟེབས་སོ། །དགུ་པ་ན་བཟའ་དཀྲི་ཤུབས་ཀྱི་གནད་ནི། དར་ཚོན་སྣ་ལྔའི་སྐུད་པས་དཀྲིས་ལ་དར་ཟབ་སྣ་ཚོགས་ཀྱིས་དྲིལ་ལ་གང་སྲུང་པའི་མགུལ་དུ་སྐབས་སུ་བབ་ན་སྣོད་རུང་གི་དབང་བསྐུར་དང་བཅས་པའི་སྒོ་ནས་གདགས་ཤིང་། གལ་ཏེ་དེ་ཙམ་མ་བྱུང་ཡང་གཟའ་སྐར་ཤིས་པ་


JKT021_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་ལ་གཞན་གྱིས་མ་རེག་པར་སྒྲུབ་པ་པོ་རང་ཉིད་ཀྱིས་གདགས་སོ། །བཅུ་པ་ཚོགས་གསོག་མཆོད་སྦྱིན་གནད་ནི། །དེ་ལྟར་གྲུབ་ན་རིགས་གསུམ་གུ་རུ་ཡི་དམ་མཁའ་འགྲོ་ཆོས་སྲུང་གཏེར་བདག་གི་ཚོགས་ལ་གཏོང་རག་གི་མཆོད་གཏོར་འབུལ་ཞིང་ཕྲིན་ལས་བཅོལ། རབ་གནས་མཁན་དང་འབྲི་མཁན་ཡོན་གྱིས་མཉེས་པ་སོགས་མཐའ་རྒྱས་སུ་བྱའོ། །བཅུ་གཅིག་པ་དམ་ཚིག་བསྲུང་བའི་གནད་ནི། སྲུང་བ་ཡོད་ཅེས་མི་ལ་མི་སྨྲ། གཞན་གྱི་ལག་ཏུ་མི་གཏད། འཁོར་ལོ་དེ་ལ་མ་ཕྱི་བྱས་ནས་ཞལ་མི་བཤུ། ཟླ་རེ་སོང་བ་དང་རབ་གནས་རྒྱས་བསྡུས་ཇི་ལྟར་རིགས་པ་རེ་འཁོར་ལོ་ལྐོག་ཅན་དེ་ལ་བསྐྱར། རབ་གནས་ཀྱི་བར་མ་གཏོགས་ལུས་དྲོད་དང་མ་བྲལ་བར་བྱའོ། །བཅུ་གཉིས་པ་རྒྱབ་ཆོས་བསྐྱེད་རིམ་གྱི་གནད་ནི། ཐབས་དང་འདྲ་བའི་འཁོར་ལོ་ལུས་ལ་བཏགས་ནས། ཤེས་རབ་དང་འདྲ་བའི་བསྐྱེད་རིམ་གསལ་ཞིང་སྔགས་བཟླས་པ་རྣམས་རྒྱུན་ཁྱེར་མ་ཆགས་པར་ཉམས་སུ་བླང་ངོ་། །བཅུ་གསུམ་པ་དེ་ལྟ་བུའི་གནད་རྣམས་ལེགས་པར་ཚང་བའི་འཁོར་ལོའི་ཡོན་ཏན་ནི། གཞུང་རྩ་བར། ཉོན་ཅིག་ཇོ་མོ་མཁར་ཆེན་བཟའ༔ སྲུང་བ་རྡོ་རྗེའི་ཁྲབ་རིང་འདི༔ ལུས་ཀྱི་ནང་ནས་མགོ་དང་འདྲ༔ སྐུ་གསུམ་ལྷུན་གྲུབ་སྲུང་བ་འདི༔ མགོ་བོའི་ནང་ནས་མིག་དང་། །


JKT021_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ༔ མང་དུ་མ་སྤེལ་སྙིང་ལ་ཆོངས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ ཞེས་དང་། འགོ་བའི་ནད་རིགས་གང་བྱུང་ཐུབ༔ ཁྱད་པར་ནག་པོ་རྒྱུག་འགྱེལ་ཐུབ༔ གག་པ་ལྷོག་པ་མཆོག་ཏུ་ཐུབ་མཆོག་ཏུ་རྒྱུ་གཟེར་དམར་བཤལ་ཐུབ༔ མཛེ་དང་སྲིའུ་སྨྱོན་པ་ཐུབ༔ གཟའ་དང་གནམ་ལྕགས་སེར་བ་ཐུབ༔ རྦོད་གཏོང་དམག་དང་ཆུང་སྲི་ཐུབ༔ ལོ་ཀག་ཟླ་ཀག་ཕྱོགས་ངན་ཐུབ༔ འཁོར་ལོ་འདི་བཏགས་ངན་དགུ་ཐུབ༔ ནོར་ལ་བཏགས་བཞག་རེག་མི་ནུསཿ རྟ་ལ་བཏགས་ན་བྱ་དང་མཉམ༔ ཁྱི་ལ་བཏགས་ན་རྡོ་མི་ཕོག༔ ཕོ་ལ་བཏགས་ན་དཔའ་ལ་མཛངསཿ མོ་ལ་བཏགས་ན་གཤིན་ལ་མཛངས༔ དཔལ་དང་བསོད་ནམས་ཕུན་ཚོགས་བསྐྱེད༔ ཅི་བསམ་འགྲུབ་པར་ཐེ་ཚོམ་མེད༔ ཡིད་བཞིན་ནོར་བུ་བསམ་འཕེལ་བཞིན༔ གནམ་ལྕགས་རྡོ་རྗེའི་སྲུང་བ་འདིས༔ འགོས་པའི་ནད་ཀུན་སྨོས་ཅི་དགོས༔ འཆི་བདག་བདུད་ཀྱང་བཟློག་པར་འགྱུར༔ དེ་ཕྱིར་ཀུན་ཐུབ་རྡོ་རྗེ་ཡིན༔ ཞེས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེ་ལྟར་སྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦྱར་བཅངས་སུ་བསྟན་པ་འདི་ཡང་། གཏེར་གཞུང་རྩ་བའི་དགོངས་དོན་དང་། །བྲང་ཏི་མཁས་པའི་ཕྱག་བཞེས་ལྟར་སྙིང་པོར་དྲིལ་ཏེ་དཔལ་ཨེ་ཝཾ་ཐར་པ་རྩེར་ཤཱཀྱའི་དགེ་སློང་མཉྫུགྷོ་ཥས་བྲིས་པའི་དགེ་


JKT021_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བས་འགྲོ་ཀུན་དུས་མིན་འཆི་བའི་འཇིགས་པ་ཐམས་ཅད་ལས་གྲོལ་བའི་རྒྱུར་གྱུར་ཅིག། ༈ །།བླ་མ་དགོངས་པ་འདུས་པའི་སྲུང་འབུམ་རྡོ་རྗེའི་ཕྲེང་བའི་ཙཀྲ་རབ་གནས་བྱ་ཚུལ་ཉུང་གསལ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱ༔ འདིར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་དགོངས་པ་འདུས་པའི་གསེར་ཆོས་ལས་བྱུང་བའི་ལས་ཚོགས་སྲུང་འབུམ་རྡོ་རྗེའི་ཕྲེང་བ་ནས་ཇི་སྐད་གསུངས་པའི་ཙཀྲ་རྣམས་རབ་ཏུ་གནས་པར་བྱ་བའི་ཚུལ་ནི། སྲུང་འཁོར་བྲི་བ་དང་། རྫས་བྱུགས་པ་སོགས་ལེགས་པར་གྲུབ་ནས་སྟེགས་བུ་གཙང་མའི་སྟེང་འབྲུ་དཀར་བཀྲམ་པའི་ཁར་དགྲམ། འབྱོར་ན་མདུན་དུ་སྨན་རག་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམས། ཚོགས་ཞིང་གསལ་བཏབ། ཀྱེ་ཀྱཻ། ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ། །ཉམས་ཆགས་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རངས༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་


JKT021_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་ཆད་རྒྱལ་བའི་མཛད་པ་རྨད་བྱུང་ལྟརཿ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག ཅེས་པས་རྒྱུད་སྦྱངས་ཏེ་ཚོགས་ཞིང་རྣམས་རང་ལ་བསྟིམ། དངོས་སུ་བཤམས་པའི་མཆོད་པ་ཡོད་ན་བསང་སྦྱངས། ཨོཾ་སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱརྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ་གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོ༔ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་བྱིན་བརླབ། བདག་བསྐྱེད་ནི། ཧཱུྃ་ཧཱུྃ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ་རང་བཞིན༔ ཟུང་འཇུག་ཧྲཱིཿཙྩལས་རྒྱུ་ཡི་ཧེ་རུ་ཀ༔ མ་འགགས་རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང་༔ དྭང་གསལ་འོད་དཔུང་འཁྲིགས་ཀྵཔའི་ཀློང་ཡོངས་སུ༔ རིག་འཛིན་པདྨ་བཛྲ་དམར་གསལ་མདངས༔ དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས རྡོར་དྲིལ་རལ་གྲི་བྷཉྫུ་བུམ་པ་དང་། །ཁ་ཊཾ་ག་འཛིན་ལྷ་ལྕམ་གསང་བའི་ཡུམ༔ དམར་པོ་ཌཱ་རུ་དུང་དམར་འཛིན་དང་སྦྱོར། །གར་དགུའི་ཉམས་ལྡན་འབར་བའི་ཆས་ཀྱིས་བརྗིད༔ བུདྡྷ་ཐོད་ཕྲེང་མི་བསྐྱོད་རྡོ་རྗེ་རྩལ། པདྨ་དབང་ཆེན་རིག་འཛིན་ཐོད་པ་རྩལ༔ མདོག་


JKT021_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མེ་ཕྲེང་སངས་རྒྱས་དཔའ་བོ་དང་༔ རྟ་མགྲིན་ཕྱག་ན་རྡོ་རྗེ་ལ་སོགས་པ༔ རང་རང་ཡུམ་འཁོར་བཀའ་ཉན་སྤྲུལ་པར་བཅས༔ རྣམ་རོལ་མ་འགགས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན༔ གང་འདུལ་མོས་པའི་དཔལ་དུ་ལྷམ་མེར་གསལ༔ ཧཱུྃ་ཧཱུྃ༔ རང་བྱུང་ཐུགས་རྗེས་མ་འགགས་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ རྩལ་སྣང་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿ་མ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཨེ་ཨ་རལླི་ཧྲཱིཿང་ཧྲཱིཿང་༔ ཕོ་ཕོ། ཛཿཧཱུྃ་བཾ་ཧོ༔ ཙིཏྟ་བཛྲ་ཛཱ་ན་པདྨ་ཀ་མ་ལ་ཡ་ཧཱུཾ། ཨོཾ་ཨཱཿཧཱུྃ་ཧཱུྃསྭཱ་ཧཱ༔ ཨ་བྷི་ཥཱིཉྩ་ཏུ་མཾ། ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཧཱུྃ་ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨགྷོ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཨརྒྷཾ་པུ་ཐེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝིདྱ་ཤད་པཱུ་ཛ་ཧོ༔ རཱུ་བ་ཤབྡ་གྷནྡྷེ་རཱ་ས་མྤནྣེ་པཱུ་ཛ་ཧོ༔ མ་ཧཱམཾ་ས་རཀྟ་ཀེ་ནི་རི་ཏི་བྷ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ ཧཱུྃ་ཧྲཱིཿ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་


JKT021_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ བཟླས་དམིགས་ནི། ལྷ་ཚོགས་ཐུགས་ཀར་པད་ཟླ་ཉི་སྟེང་ཧྲཱིཿ སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། ཨོཾ་ཨཱཿཧཱུྃ་ཧཱུྃབཛྲ་གུ་རུ་དྷེ་ཝ་དྷ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ ཞེས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྙིང་པོ་ཅི་ནུས་བཟླས། བར་འདིར་རྒྱས་པར་སྤྲོ་ན་རྒྱབ་ཆོས་སུ་ལྷ་བསངས་དང་གསེར་སྐྱེམས་ལྟ་བུ་གང་ཡང་རུང་བས་རྣམ་བཞིའི་མགྲོན་ལ་མཆོད་ཅིང་ཕྲིན་ལས་བཅོལ། །དེ་ནས་འཁོར་ལོ་ལ་དམིགས་ཏེ་བགེགས་སྦྱོང་བ་དང་། ཁྲུས་གསོལ་རྒྱས་པར་བྱ་བའམ། མ་གྲུབ་ན། རང་གི་ཐུགས་ཀ་ནས་ལས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་བགེགས་རྣམས་རྒྱངས་རིང་དུ་བསྐྲད་པར་བསམས་ལ། སུམྦྷ་བཟླ། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །ཙཀྲ་ཧཱུཾ་ལས་མུ་ཁྱུད་གཞལ་ཡས་ཁང་། །རབ་འབྱམས་རྩ་གསུམ་རྒྱལ་བའི་ཕོ་བྲང་ཆེ། །དྭང་གསལ་འོད་ཕུང་འཁྲིགས་པའི་ཀློང་ཡངས་སུ། །རང་བྱུང་སྔགས་ཀྱི་ཡི་གེའི་ཕྲེང་བ་


JKT021_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཡོངས་གྱུར་པདྨ་བཛྲ་དམར་གསལ་མདངས། སོགས་ནས། དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད། ཅེས་པའི་བར་བདག་བསྐྱེད་ལྟར་བྱ། །བསྒྲུབ་བྱའི་མིང་ཡིག་དམིགས་བསལ་བྲིས་ཡོད་ན་དེ་དང་། གཞན་དུ་འཆང་བ་པོ་ཞེས་པའི་ཡི་གེ་ཉིད་བསྒྲུབ་བྱ་དངོས་སུ་གསལ་བ་དཀྱིལ་འཁོར་གྱི་ཁྱམས་ལ་གུས་པའི་ཚུལ་གྱིས་འཁོད་པར་སྡེ་བརྒྱད་སྤྱི་སྲུང་ལ། བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བསྒྲུབ་བྱ་འདི་ལ་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཞི་ཞིང་སྲུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་ལྟ་བུས་མཚོན་ཏེ་སོ་སོའི་སྤེལ་ཚིག་ལྟར་འདོད་པའི་དོན་ལ་གསོལ་བ་གདབ། ཐུགས་རྒྱུད་བསྐུལ་བར་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ཧཱུྃ༔བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཕྲག་སོགས་ཅི་ནུས་དང་། སྲུང་འཁོར་ལ་བཀོད་པའི་སྔགས་གཞན་རྣམས་ཀྱང་བརྒྱ་རྩ་ནས་བདུན་ཡན་ཆད་ཅི་རིགས་པ་བཟླ། སྐབས་སུ། བདག་མདུན་གྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པས་བསྲུང་བྱ་ལ་གནོད་པའི་གདོན་བགེགས་ཐམས་ཅད་རང་དབང་མེད་པར་བཀུག །བཀའ་བསྒོ་བའི་ཚུལ་གྱིས་སྔགས་བཟླས་པས་བདག་གི་དབང་དུ་འདུས་ཏེ་གང་བཅོལ་བའི་ལས་ཐམས་ཅད་སྒྲུབ་


JKT021_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ་བཟླས་པའང་བྱ། མཐར་མཆོད་ཅིང་བསྟོད་ལ། བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་བསྐྱེད་གཞིའི་རྟེན་འདི་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པ་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་འདི་འཆང་བ་པོ་ལ་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཞི་ཞིང་སྲུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ལྷ་ཚོགས་རྣམས་ཀྱིས་ཀྱང་དེ་དེ་བཞིན་དུ་བགྱིའོ། །ཞེས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བདེ་སྟོང་གི་ངོ་བོར་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བ་འདོད་དོན་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པའི་ནུས་བྱིན་མཆོག་ཏུ་འབར་བ་དང་། བསྒྲུབ་བྱ་ཡང་མིང་ཡིག་སོ་སོའི་རྣམ་པར་གྱུར་བར་བསམ། སླར་ཡང་འཁོར་ལོའི་སྔགས་དང་དབྱངས་གསལ་རྟེན་སྙིང་སྤེལ་ནས་བཟླས་པའི་ནུས་པ་མེ་ཏོག་ལ་བསྟིམས་ཏེ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། སོགས་ཀྱི་མཐར། རྟེན་འབྲེལ་སྙིང་པོ་དང་། སུ་པྲ་ཏིཥྛ་མང་དུ་བརྗོད་ཅིང་མེ་ཏོག་འཐོར། བཀྲ་ཤིས་རྒྱས་པར་བརྗོད། བདག་ཉིད་རྟེན་དང་བརྟེན་པར་བཅས་པ་འོད་གསལ་གྱི་དབྱིངས་སུ་ཐིམ། སླར་ཡང་སྣང་སྟོང་


JKT021_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ལྷ་ཡི་སྐུར་གྱུར་པར་བསམས་ལ་བསྔོ་སྨོན་ཤིས་བརྗོད་བྱའོ། །གལ་ཏེ་བདག་བསྐྱེད་གཞན་དང་སྦྱར་ན། རྟ་མགྲིན་ཕྱག་རྡོར་ཕུར་པ་སོགས་རང་གི་རྒྱུན་གྱི་ཡི་དམ་གང་ཡང་རུང་བའི་སྐྱབས་སེམས་ནས་བཟླས་པའི་བར་སྔོན་དུ་འགྲོ་བས། འཁོར་ལོའི་བགེགས་བསལ་བ་ནས། རང་བྱུང་སྔགས་ཀྱི་ཡི་གེའི་ཕྲེང་བ་རྣམས། ཞེས་པའི་བར་གོང་ལྟར་ལ། ལྷག་པའི་ལྷ་མཆོག་གཙོ་བོར་གྱུར་པ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །རྣམ་རོལ་མ་འགགས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །གང་འདུལ་མོས་པའི་དཔལ་དུ་ལྷམ་མེར་གསལ། ཅེས་སྦྱར། སྤྱན་འདྲེན་ནས་བཟུང་གོང་དུ་བཤད་པ་ལྟར་བྱས་པས་ཀྱང་རུང་ངོ་། །གོང་ལྟར་ཡང་རབ་གནས་ཀྱི་བྱ་བ་ཚར་མ་ཐག་ཙཀྲ་སྒྲུབ་པ་པོ་རང་ཉིད་ཀྱིས་བླངས་ལ་སྲོག་ཡིག་མ་ཉམས་པ་གྲུ་བཞིར་ལྟེབས་བསྒྲུབ་བྱའི་སྲོག་ཁམས་དང་མཐུན་པའི་སྲད་བུས་འབྱུང་བ་མཐུན་བསྡེབས་ཀྱི་མདངས་དང་མཐུན་པར་ལག་ལེན་ལྟར་དཀྲིས། དམིགས་བསལ་བསྒྲིམ་ཚས་བཤད་པ་ཡོད་ན་དེས་ན་པར་ལག་ལེན་ལྟར་དཀྲིས། དམིགས་བསལ་བསྒྲིམ་ཚས་བཤད་པ་ཡོད་ན་དེས་དྲིལ། ཕྱི་ནས་ཀྱང་ཁམས་མཐུན་གྱི་དར་རས་སོགས་ཀྱིས་གཡོག །གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན། གྲུབ་ན་བསྒྲུབ་བྱ་མདུན་དུ་འཁོད་པ་ལ། སྦྱོང་བ་གསུམ་དང་། བཀྲུ་བྱབས་སྔོན་དུ་འགྲོ་བས་ཙཀྲའི་ཡི་གེ་རྣམས་ངོ་བོ་ལྷ་ལ་


JKT021_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཡི་གེའི་གཟུགས་སུ་ཤར་བ། བྱེད་ལས་འཆང་བ་ཙམ་གྱིས་དོན་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་ནུས་པའི་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་མོས་སུ་བཅུག་ལ་གནས་གསུམ་དུ་བཞག་སྟེ། རྩ་གསུམ་གྱི་སྙིང་པོ་བཟླ་ཞིང་། ལྷ་ཉིད་སྔགས་ཀྱི་གཟུགས་འཆང་བ། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །བསྒྲུབ་བྱའི་སྒོ་གསུམ་སྲུང་བ་དང་། །མཆོག་ཐུན་དངོས་གྲུབ་སྩལ་དུ་ཚ གསོལ། །ཨོཾ་ཨཱཿཧཱུྃ་ཧཱུྃ༔བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷི་ཥཱ་ན་ཨ་བྷི་ཥིཉྩ་མི། ཅེས་བྱིན་བརླབས་ལ་མགུལ་དུ་དྲོད་དང་མ་བྲལ་བར་གདགས་སོ། འདོགས་ལུགས་སྲུང་བ་ལ་སྲོག་ཡིག་ཞལ་རང་དང་། ཟློག་པ་ལ་ཕྱིར་བསྟན་པར་གསུངས། མཆན། སླར་ཡང་བསྲུང་བ་བྱ་ཞིང་སྲུང་འཁོར་བསྒོམ། བདེན་ཚིག་དང་། ཤིས་བརྗོད་རྒྱས་པར་བྱ། མ་གྲུབ་ཀྱང་ཙཀྲ་མི་གཞན་གྱི་ལག་མི་དམིགས་གསལ་མ་གཏོགས། བརྒྱུད་པར་བསྒྲུབ་བྱ་རང་ཉིད་ཀྱིས་གདགས་སོ། །དེ་ལྟ་བུའི་རིམ་པ་རྣམས་ཡི་དམ་ལྷ་ཡི་བསྙེན་པ་ལས་སུ་རུང་ཞིང་། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རྣལ་འབྱོར་པས་ཚུལ་བཞིན་དུ་བསྒྲུབས་ན་གཞུང་ནས་བཤད་པའི་ཕན་ཡོན་རྣམས་འབྱུང་བ་ནི་ངེས་པའོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་པ་དང་། རིག་འཛིན་གཏེར་བདག་གླིང་པས་མཛད་པའི་རྒྱུན་ཁྱེར་དང་། འཁོར་ལོའི་རབ་


JKT021_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱ་ཚུལ་སོགས་སྦྱར་ཏེ་ཤིན་ཏུ་གསལ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཁའ་ཁྱབ་ཀྱི་འགྲོ་ཀུན་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


JKT021_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousསྲུང་བ་རྡོ་རྗེའི་ཁྲབ་རིང་གི་ཕྱག་ལེན་སྦར་བཅངས་སུ་བསྟན་པ་ཟབ་གསང་སྙིང་ཏིགnext