Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
ལྐོག་གྱུར་མཚོན་པར་བྱེད་པ་མ་འོངས་ལུང་དུ་བསྟན་པའི་གླུ་མིའམ་ཅིའི་གླིང་བུ།
   
   
   
   
   
   
   
   
   
   


 
previousལྐོག་གྱུར་མཚོན་པར་བྱེད་པ་མ་འོངས་ལུང་དུ་བསྟན་པའི་གླུ་མིའམ་ཅིའི་གླིང་བུ།next

ལྐོག་གྱུར་མཚོན་པར་བྱེད་པ་མ་འོངས་ལུང་དུ་བསྟན་པའི་གླུ་མིའམ་ཅིའི་གླིང་བུ།


JKT024_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ལྐོག་གྱུར་མཚོན་པར་བྱེད་པ་མ་འོངས་ལུང་དུ་བསྟན་པའི་གླུ་མིའམ་ཅིའི་གླིང་བུ་ཞེས་བྱ་བ། ཨ་ཧོ། མཆོད་བརྗོད་ལྔ་ལྡན་འཇའ་ཟེར་འཁྲུགས་པའི་ཡེ་ཤེས་ཀྱི་འོད་ཀློང་། །འོག་མིན་པདྨ་དྲྭ་བའི་དགའ་ཚལ་གྱི་དབུས་ན། །ང་ཡི་བླ་མ་མཚོ་སྐྱེས་རྡོ་རྗེ་དེ་བཞུགས་ཡོད། །བྱིན་རླབས་ཆར་ཆེན་ཕོབ་ཅིག་ཨོ་རྒྱན་གྱི་ཆོས་རྗེ། །ཤར་ལུས་མདོར་བསྟན་ཕྱོགས་ཊཱ་ཀི་འདུ་བའི་པི་ཝང་གི་སྙན་ཀྲེ་ཤོད་པདྨ་བརྩེགས་པའི་ཡུལ་འགྱུར། །ལྷོ་མོན་སྨྱུག་མའི་ཚལ་གྱི་ཁུ་བྱུག་ཁུ་བྱུག་དང་ཆོས་མཚུང་གི་སྐྱེས་བུ་གིས་བླངས་ཏེ། །དབྱར་སྐྱེས་མྱུ་གུ་ཚེ་ཡི་བར་ཆད་སེལ་ཞིང་འཆི་མེད་ཀྱི་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་དང་། །ཉམས་དགའི་བསྟན་འགྲོའི་པད་ཚལ་རྒྱས་པ་པདྨོ་རྒྱས་པའི་ངོ་མཚར་ཞིག་ཡོད་དོ། །མཁའ་དབྱིངས་དྭངས་པར་ཤར་བའི་དབང་པོ་ཡི་ཚེ་འདིར་སྣང་གི་བྱ་བཞག་གཞུ་རིས། །སྐེད་པར་ལན་བདུན་མདུད་པའི་བཀྲག་མདངས་ཀྱི་མཚར་སྡུག །རི་བྲག་ཚང་ཚིང་ཅན་ལུས་ངག་ཡིད་གསུམ་ཆོས་བརྒྱད་ལ་གཡེང་བ་། གྱི་མགུལ་པ་རུ་འཁྱུད་ན། །བྱིས་པའི་མིག་སྔར་བཀྲ་པའི་ལྟད་ཚེ་འདིར་བདེ་བ་ལྟར་སྣང་མོ་ཞིག་ཡོད་དོ། །དུར་ཁྲོད་འཇིགས་སུ་རུང་དཀོར་ནག་ཟ་གདུལ་བྱ་གྲོང་ཆོག་འགྲིམ་པ་ནི་བའི་ནགས་ཚལ་གྱི་དོར་ར། །ཅིར་ཡང་རྒྱུ་ཞིང་སྤྱོད་པའི་མི་སྲུན་གྱི་ཅེ་སྤྱང་། །ཚིམ་མེད་རོ་ལ་ཞེན་པའི་སྣང་ཚུལ་འདིར་ལྟོས་དང་། །སྐྱོ་ཤས་གཏིང་


JKT024_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློང་བའི་སྐྱུགས་སྨན་ཞིག་ཡོད་དོ། །ཨ་མ་སྙེ་མ་སྨིན་པའི་ཁ་ཟས་ཀྱི་ཡོ་ལོངས། །ཀླད་མེད་ཁ་ཏཱའི་ཚོགས་ཀྱིས་མཆུ་ཐོ་རུ་ཐོགས་བཞིན། །ཡིད་ལ་སྲེད་པས་བཅིང་བའི་ཡི་དྭགས་འདིར་སོམས་དང་། །གད་མོ་ཁོང་ནས་འཁྲུགས་པའི་སྙིང་སྐྲན་ཞིག་ཡོད་དོ། །སྐྱེད་བུ་རང་གི་སྒོ་གསུམ་གདོད་ནས་དག་པ་གསེར་དུ་སོང་བའི་དབུལ་ཕོངས་ཀྱི་བླུན་པོ། །རིན་ཐང་གཞན་ལ་དེ་ངོ་མ་ཤེས་ཏེ་གཞན་ཞིག་ནས་ཟབ་དོན་རྟོགས་པར་འདོད་ན་འཚོལ་བའི་ཆེ་ཐབས་ཀྱི་བྲེལ་བས། །ཚེ་གང་ཤ་ཐང་ལྟར་སྣང་ཆོས་ལ་བསྙད་པའི་བྱ་བ་སོགས་ཆད་པའི་གྱ་གྱུ་འདིར་གཟིགས་དང་། །ཅིས་ཀྱང་དགོས་མེད་སྟོན་པའི་སློབ་དཔོན་ཞིག་ཡོད་དོ། །སྟོན་གནམ་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡང་མ་འགྲུབ་པའི་ཚུལ་དཔེས་བསྟན་པ་སྒྲིབ་མེད་ངོགས་སུ་སྤྲིན་དཀར་གྱི་ཉམས་འགྱུར། །གྲངས་མེད་འཁོར་བའི་རྩེད་འཇོའི་བྱུང་གནས་དང་འགྲོ་གསུམ། །ཅི་བྱས་ལག་རྗེས་མེད་པའི་སྟོང་ཆེན་འདིར་གཟིགས་དང་། །གྲུབ་པའི་དུས་ཚོད་བྲལ་བའི་བརྡ་སྟོན་ཞིག་ཡོད་དོ། །དེ་བས་ན་སྒྲུབ་པ་ཉམས་ལེན་བྱེད་དགོས་པར་གདམ་བྱེ་མའི་ཁང་བཟང་བསྐྲུན་པའི་ཅོལ་ཆུང་གི་བྱིས་པ། །འཐོར་རླུང་དྲག་པོའི་ཤུགས་ཀྱིས་རང་ས་རུ་རྩིབ་ཚེ། །ཤ་ཐང་ཆད་ཆད་གཙེར་བའི་སྨྲེ་སྔགས་བུ་སློབ་འཁོར་གཡོགས་སོགས་ཀྱི་ཆོས་བརྒྱད་ལ་གཡེང་བའི་ངང་ནས་འཆི་བ་ལ་ཕྱོགས་པའི་ཚུལ། འདིར་སོམས་དང་། །དོན་མེད་


JKT024_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁས་མནར་བའི་མཚོན་བྱེད་ཅིག་ཡོད་དོ། །གཏན་ཚིག་འདིས་དངོས་བསྟན། དུ་བདེ་བའི་བྲག་སུལ་མལ་རང་རིག་བདེ་བ་ཆེན་པོ་འོག་ཏུ་བཅུག་ནས། །འཕྲལ་དུ་ཉམས་དགའི་ཐང་གང་ཤར་སྤང་བླང་བྲལ་བའི་སྤྱོད་པ་ལ་བག་ཡངས་སུ་དཀྱུ་བས། །གཞག་ཏུ་མེད་པའི་རང་རིག་ལྷན་སྐྱེས་ཡེ་ཤེས་བསལ་བཞག་བྲལ་བ་དེ་ཉིད་ལས་ཟིན་པའི་སྐྱེས་བུའམ། གཅོང་ནད་ཀྱི་ཐེབས་པ་ལྟར་རང་བཞིན་ལྷུག་པར་བསྐྱངས་བའི་སྐྱེས་བུ་རི་བོང་གི་གཟུགས་སུ་བཀོད་པའོ། །སྦས་དོན་དུ་ཚིག་རྐང་དང་པོས་གྲོལ་ལམ། གཉིས་པ་དང་གསུམ་པས་ཐབས་ལམ་ཉེ་རྒྱུ་བསྟན་པའོ། །གཅོང་ཅན་རི་བོང་འདིར་སོམས་དང་། །ལྐོག་ཏུ་གྱུར་པའི་རྣམ་ཐར་རྗེས་དཔག་ཏུ་ཡོད་དོ། །ཨ་ཀྱང་རྩེད་མོ་ཡིན་མོད་སྟོང་པ་དང་རྟེན་འབྱུང་། །ཟུང་འཇུག་སྟོང་དང་རྟེན་འབྱུང་རྟོགས་པའི་རྣལ་འབྱོར་པ་ཇི་ལྟར་བྱས་ཀྱང་བདེ་བར་བསྟན་སྒྱུ་མའི་སློབ་དཔོན་མངོན་སུམ་གྱི་བཀོད་པ། །ཅི་བྱས་ཉམས་འོག་ཚུད་པའི་བློ་བདེ་འདིར་སོམས་དང་། །འཕྲལ་ཡུན་ཀུན་ཏུ་དགེ་བའི་ས་བོན་བྱང་ཆུབ་སེམས་པའི་སྤྱོད་པ་དོན་ཡོད་པར་བསྟན་པའོ། །ཞིག་ཡོད་དོ། །ཨ་ཧོ་གསལ་ལ་མི་གསལ་དར་དིར་གྱི་གླིང་བུ། །བྱ་བ་བཏང་བཞག་གཉིས་མིན་མཛུབ་མོ་ཡིས་སྦེང་བར། །རང་གི་བྱ་བ་བྱེད་པ་དང་མི་བྱེད་པ་ཐེ་ཚོམ་གྱི་སྐབས་ཞིག་ལ་ལུང་བསྟན་འདིས་དོན་ཤེས་ནས་ཇི་བཞིན་སྤྱོད་དགོས་པར་བསྟན། རྩེ་གཅིག་དཀྱུས་ཐང་མ་ཆོད་རི་དྭགས་ཚོགས་ཉོན་དང་། མཛུམ་མོས་བཙན་པ་


JKT024_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཞེས་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་ཀྱིས་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་ཆོ་འཕྲུལ་ཟླ་བར་བྲིས་པ་དོན་བཞིན་མཁྱེན་པ་ཡོད་ན་སྨྲ་བར་མཛོད་ཅིག། །།


previousལྐོག་གྱུར་མཚོན་པར་བྱེད་པ་མ་འོངས་ལུང་དུ་བསྟན་པའི་གླུ་མིའམ་ཅིའི་གླིང་བུ།next