Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ལྟུང་བཤགས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པའི་སྡིག་ལྟུང་གཞོམ་པའི་ཐོ་བ།


 
previousལྟུང་བཤགས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པའི་སྡིག་ལྟུང་གཞོམ་པའི་ཐོ་བ།no next

ལྟུང་བཤགས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པའི་སྡིག་ལྟུང་གཞོམ་པའི་ཐོ་བ།


JKT024_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ལྟུང་བཤགས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པའི་སྡིག་ལྟུང་གཞོམ་པའི་ཐོ་བ་བཞུགས་སོ།།


JKT024_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །སྒྲུབ་པོ་གང་ཞིག་སྡིག་ལྟུང་གི་ཚོགས་བཤགས་པར་བྱ་བ་ལ་མདོ་སྡེ་རྣམས་ནས་བཤད་པའི་བདེ་གཤེགས་སུམ་ཅུ་རྩ་ལྔའི་སྒྲུབ་ཐབས་བྲི་བར་བྱ་སྟེ། གནས་གཙང་མར་སངས་རྒྱས་སོ་ལྔའི་བྲིས་འབུར་གྱི་སྐུ་རིགས་གཙོར་གྱུར་རྟེན་གསུམ་ཇི་ལྟར་རིག་པའི་མདུན། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། ཁྱད་པར་སྤོས། མར་མེ། ཞལ་ཟས་གང་འབྱོར་བཤམས། སྟན་བདེ་བ་ལ་འདུག་སྟེ། དཀོན་མཆོག་བདེན་དང་སྲས་བཅས་རྒྱལ་བའི་བྱིན། །ཚོགས་གཉིས་མངའ་ཐོང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཆེན་ཞིང་གི་བཀོད་པ་དང་། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མཛྷ་ནེ། ཏ་ཐཱ་གཱ་ཏ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ།


JKT024_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཏདྱ་ཐཱ། ཨོཾ་བཛྲ་བཛྲ་མ་ཧཱ་བཛྲ། མ་ཧཱ་ཏེ་ཛོ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མནོ་པ་ས་ཀྲ་མ་ཎ་བཛེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་གནས་ཡོ་བྱིན་གྱིས་རླབས། མདུན་མཁར་སྐྱབས་ཡུལ་མངོན་སུམ་བཞུགས་པའི་མདུན། །བདག་དང་འགྲོ་ཀུན་གུས་པས་འཁོད་པར་གྱུར། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་སེམས་དང་། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་


JKT024_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུགས་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་པ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་


JKT024_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། །། ཡན་ལག་བདུན་པ་བྱ། སྐྱབས་ཡུལ་འོད་ཞུ་རང་ལ་གཉིས་མེད་ཐིམ། །སྒྲིབ་དག་དྲི་མ་མེད་པའི་ལུས་སུ་གྱུར། བྷོ་ལས་མདུན་གྱི་ནམ་མཁར་གཞལ་མེད་ཁང་། །རིན་ཆེན་སྣ་ཚོགས་ལས་གྲུབ་གསལ་དངས་པ། །གྲུ་བཞི་སྒོ་བཞི་རྟ་བབ་བཅས་པའི་དབུས། །པད་འདབ་སུམ་ཅུ་རྩ་བཞིའི་ལྟེ་བ་རུ། །ཉི་ཟླའི་གདན་བཅས་དབུས་སུ་བཅོམ་ལྡན་འདས། །ཤཱཀྱའི་རྒྱལ་པོ་གསེར་མདོག་ཆོས་འཆད་ཅན། །དབུ་གཙུག་རྣམ་ཀུན་གཟིགས་


JKT024_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིན་ཆེན་གདུགས། །གཡས་ན་ཕྱག་རྡོར་མཐིང་མདོག་གཡོན་ཕྱོགས་ན། །འཇམ་དབྱངས་དམར་སེར་གཉིས་ཀ་རྔ་ཡབ་གཡོབ། །འདབ་མ་སུམ་ཅུ་རྩ་བཞིའི་གཡས་ཕྱོགས་ནས། །མདུན་ནས་རིམ་བཞིན་ཊྛ བདེ་གཤེགས་སུམ་བཅུ་ལྔ། །དཀར་སྔོ་སེར་དམར་ལྗང་གུ་སྤེལ་མ་རུ། །ཆོས་འཆད་བདུད་འདུལ་མཆོག་སྦྱིན་མཉམ་གཞག་དང་། །སྐྱབས་སྦྱིན་དང་བཅས་གཙོ་ལ་ཞལ་གཟིགས་པ། །ཀུན་ཀྱང་མཚན་རྫོགས་རྡོལ་སྐྱིལ་ངུར་སྨྲིག་འཆང་། །ཕྱི་ནས་རིམ་བཞིན་བྱང་སེམས་ཉན་རང་དང་། །མཆོད་ལྷ་དང་བཅས་མ་ཡེངས་ཡིད་ཡུལ་གསལ། །གནས་གསུམ་ཟླ་བ་འབྲུ་གསུམ་ལས་འོད་འཕྲོས། །རྒྱལ་བ་ཉི་ཟེར་རྡུལ་ལྟར་སྤྱན་དྲངས་ཐིམ། །སྤོས་དང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པའམ་ཚང་མར་བརྗོད། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་རྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །


JKT024_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་གནས་འདིར་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་ཨེ་ཧེ་ཧི། ཞེས་པས་སྤྱན་དྲངས་ནམ་མཁར་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་


JKT024_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། གིས་སྐུ་ཁྲུས་གསོལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་ཊྛ བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། བདག་དང་འགྲོ་ལ་ཐུགས་རྗེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་ཧཱུཾ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་རྣམས་ཀུན་ན་གང་ཡོད་པ། །ཚིམ་བྱེད་ཡིད་འོང་ལྡན་པ་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་གནྡྷེ་ཧཱུྃ། ཞིང་འདིའམ་རྒྱ་ཆེན་ཞིང་གཞན་ན། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་པུཋེ་ཧཱུྃ། ཕྱོགས་བཅུ་ཀུན་ནས་བདུག་སྤོས་འདི། །ལྷ་རྫས་སྤོས་ཀྱི་


JKT024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོ་བཛྲ་དྷཔྤེ་ཧཱུཾ། འཇིག་རྟེན་འདིའམ་ཕྱོགས་རྣམས་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡིན་དེ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་ནི་ཝེ་ཏེ་ཧཱུཾ། འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་ཆེན་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་པ། །ཐུབ་དབང་ལ་ནི་དབུལ་བར་བགྱི། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ལིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ན་ཀ་རོ་མི། ཞེས་པས་ཕྱག་བྱས་པར་མོས་ལ། མདུན་རྟེན་དང་དབྱེར་མེད་དུ་དགྱེས་བཞིན་བཞུགས་པར་བསམ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་གཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་བདག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་


JKT024_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་སྒྲ་ཀུན་གྱིས། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པས་ཕྱག་བྱ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་ཊྛ པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། ། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེསདང་། ཕྱོགས་དུས་རྒྱལ་བ་སྲས་བཅས་མ་ལུས་པར། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ། །མཆོད་པར་འོས་པའི་བྱེ་བྲག་ཇི་སྙེད་པ། །འཕགས་མཆོག་ཀུན་བཟང་སྨོན་ལམ་ལས་གྲུབ་ལྟར། །ནམ་མཁའ་རབ་འབྱམས་ཁམས་ཀུན་བཀང་སྟེ་འབུལ། །ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པུཝེ དྷ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་ཏེ། ཤབྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཀྱིས་མཆོད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མཛྷ་ནེ། ཏ་ཐཱ་


JKT024_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བདྲེ་བཛྲ་མ་ཧཱ་བཛྲ། མ་ཧཱ་ཏེ་ཛོ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མཎྜོ་པ་ས་ཀྲ་མ་ཎ་བཛེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ལན་གཅིག །མཎྜལ་རྒྱས་བསྡུས་ཅི་རིགས་དབུལ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་ལྷག་མ་


JKT024_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚང་བར་བྱ། དེ་ནས་ལྟུང་བཤགས་ཚར་གྲངས་གང་ནུས་ཕྱག་འཚལ་རྣམས་ལ་ཕྱག་འཚལ་བ་དང་སྦྲགས་ནས་སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུང་པ་ལྟ་བུའི་འགྱོད་སེམས་ཁ་ཞེ་མེད་པར་བྱས་རྗེས། ལྷ་ཚོགས་གནས་བ་གིས་མཚན། །དེ་ལས་འོད་ཟེར་བདུད་རྩིའི་རྒྱུན་བཅས་བྱུང་། །རང་གཞན་སེམས་ཅན་རྣམས་ཀྱི་ལུས་སེམས་ཁྱབ། །སྡིག་ལྟུང་བག་ཆགས་བཅས་ཀུན་བྱང་བར་གྱུར། །ཞེས་བརྗོད་ཅིང་བསམས་ལ་ཨོ་ཨཱཧཱུྃ་ཞེས་བརྒྱ་སྟོང་སོགས་ཅི་ནུས་བཟླ། མཇུག་ཏུ་སླར་ཡང་གཏང་རག་གི་ཚུལ་དུ་ཡན་ལག་བདུན་པ་གོང་ལྟར་བྱ་ཞིང་། སྤྲོ་ན། བྱང་ཆུབ་སྙིང་པོ་མཆིས་ཀྱིས་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱིས་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་བརྗོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིག་འདི་ལ། །སྙོགས་པར་མི་འགྱུར་དེ་ལྟར་བྱ། །


JKT024_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱིས། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡི་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །བྱང་སྡོམ་བླང་ཞིང་སྨོན་ལམ་བྱ། བཟང་པོ་སྤྱོད་པ་སོགས་སྨོན་ལམ་རྒྱས་པར་གདབས། གང་ལྟར་ཡང་མཐར། ཐལ་མོ་སྦྱར་ཏེ། བདེ་གཤེགས་སུམ་ཅུ་རྩ་ལྔ་ལ་སོགས་པའི། །རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་གིས་རྩེ་གཅིག་གུས་པས་ཕྱག་འཚལ་ཞིང་། །སྡིག་རྩྭ། ལྟུང་ཀུན་བཤགས་བསོད་ནམས་ཡོངས་བསྔོས་མཐུས། །ཕ་མས་ཐོག་དྲངས་བདག་གཞན་འགྲོ་ཀུན་གྱི། །སྡིག་སྒྲིབ་བག་ཆགས་བཅས་པ་བྱང་བ་དང་། །བསོད་ནམས་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་


JKT024_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུགཤེགས་གསོལ་བྱ། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབ་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་བརླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ནས། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཕྱི་སྣོད་འཇིག་རྟེན་དཔལ་གྱི་འབྱོར་བས་གང་། །ནད་བཅུད་འགྲོ་ཀུན་བདེ་སྐྱིད་དགེ་བཅུས་འཚོ། །ཀུན་ཀྱང་ཐེག་པ་མཆོག་གི་ལམ་ཞུགས་ཏེ། །མྱུར་དུ་བྱང་ཆུབ་ཐོབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་སྨོན་ལམ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བར་བྱའོ། །ཞེས་སྤྲོས་པ་ཚར་མ་ལྕོགས་པ་རྣམས་ཀྱི་དོན་དུ་རིགས་སྔགས་འཆང་བ་རྡོ་རྗེ་འཛིན་པ་མཆོག་གྲུབ་རྒྱལ་པོས་བྲིས་པ་ལ་མཉྫགྷོ་ཥས་ཅུང་ཟད་སྒྲོས་པ་དགེ། །།སྤར་འདི་བདེ་ཆེན་རི་སུལ་བཞུགས། སརྦ་མངྒ་ལ།། །།


previousལྟུང་བཤགས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པའི་སྡིག་ལྟུང་གཞོམ་པའི་ཐོ་བ།no next