Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  collapse section
   
   
   
   
   
   
   
   
ཆོས་ཀྱི་བཞུགས་བྱང་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་བརྒྱད་པ།
   
  expand section


 
previousཆོས་ཀྱི་བཞུགས་བྱང་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་བརྒྱད་པ།next

ཆོས་ཀྱི་བཞུགས་བྱང་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་བརྒྱད་པ།


JL02_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ནང་རྒྱུད་རིན་པོ་ཆེར་ཡོ་ག་གསུམ་རྗེས་འབྲངས་བརྟན་སྲུང་དང་བཅས་པའི་ཆོས་ཀྱི་བཞུགས་བྱང་དང་། ལོ་པཎ་སོ་སོའི་འགྱུར་བྱང་། ལོ་གྲངས་སོགས་ཀྱི་རྣམ་གཞག་ཞིབ་མོར་བཤད་པར་བྱ་སྟེ། །ཀ་བ་ལ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་བརྒྱུད་ལེའུ་བཅུ་དྲུག་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་ཞེ་གཉིས་པ། ཤྲཱི་སིངྷ་དང་། བཻ་རོ་ཙ་ནའི་འགྱུར། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་སྐབས་བཅུ་པ། འགྱུར་གོང་འདྲ། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རྒྱུད་དངོས་གྲུབ་རང་བྱུང་དུ་སྤྱོད་པ་དབང་བསྐུར་བ། རྣ་རྒྱུད་ཟམ་པ་ལེ་གྲངས་མེད་པ་སྐལ་ལྡན་གྱི་བཅུད་ཆོས་རྫོགས་སོ་ཞེས་པའི་མཐའ་ཅན། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་པ། བི་མ་ལ་དང་གཡུ་སྒྲའི་འགྱུར། བྱང་ཆུབ་སེམས་ཀྱི་མན་ངག་རིན་ཆེན་ཕྲེང་བའམ་བང་མཛོད་འཕྲུལ་གྱི་ལྡེ་མིག་ལེའུ་གཅིག་པ། མན་ངག་ཐམས་ཅད་ཀྱི་སྡོམ་མམ། མན་ངག་སྤྱིའི་རྒྱ་མདུད་ཅེས་བྱ་བ་ལོ་གྲངས་མེད་པ། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལེའུ་བཅུ་བཞི་པ། བང་མཛོད་འཕྲུལ་གྱི་མེ་ལོང་ལེའུ་བཅུ་བ་གནུབས་ཆེན་གྱི་མན་ངག་གཏེར་རྒྱུད། ཐག་རིང་དུ་འགྲོ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉེར་ལྔ་པ། ལེའུའི་མིང་སྟོན་པ་འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལེའུ་གྲངས་བཞི་པ། ཛྙཱ་ན་གརྦྷ་དང་། བཻ་རོ་ཙ་ནའི་འགྱུར། བྱང་སེམས་རིན་ཆེན་འཁོར་ལོ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་བརྒྱུད་ལེའུ་བཅུ་གཅིག་པ། ཡང་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་མ་རྒྱུད་ལེའུ་བཅུ་གསུམ་པ། བི་མ་ལ་དང་། དཔལ་བརྩེགས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལེའུ་དྲུག་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའམ། ཆོས་ཆེན་པོ་རྨད་དུ་གྱུར་བ་ལེའུ་ཉི་


JL02_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་པ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལེའུ་ལྔ་པ། ཤི་ལེནྡྲ་མི་ཏྲ་དང་། འཇིང་གསལ་འབར་གྱི་འགྱུར། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་བཅུ་གཅིག་པ་ཕྱི་མ་ཏ་མ་ཉིད་དང་གསུམ་བཞུགས་པ་ཟབ་མོ་པོ་རིའི་ལྷ་ཁང་དུ་བུ་གཉིས་ལུས་སོ་ཞེས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བ་སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལེའུ་བཅུ་གཉིས་པ། གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལེའུ་ལྔ་པ། ཤྲཱི་སིངྷ་དང་། རྡོ་རྗེ་ཡང་དབང་གཏར་གྱི་འགྱུར། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ལེའུ་ལྔ་པ། གསང་བ་སྤྱི་རྒྱུད་ལེའུ་ཉེར་ལྔ་པ། དྲི་མེད་བཤེས་གཉེན་དང་། གཉགས་ཛྙཱ་ནའི་འགྱུར། རིན་ཆེན་རྒྱས་པ་ཆེན་པོའི་རྒྱུད་ལེའུ་རེ་གཅིག་པ་རྣམས་སོ། །ཁ་པ་ལ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་ལྟར་མཐའ་དངུས་མེད་པའི་རྒྱུད་ལེའུ་བརྒྱད་ཅུ་རྩ་བཞི་པ། ཤྲཱི་སིངྷཀ་ལ་དང་། བཻ་རོ་ཙ་ནའི་འགྱུར། ཆོས་ཐམས་ཅད་རྫོགས་པ་ཆེན་པོོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལེའུ་བཅུ་གསུམ་པ་མཐའ་ཅན། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལེའུ་དངོས་བསྟན་བདུན་རྫོགས་སོའི་མཐའ་ཅན་འགྱུར་གོང་འདྲ། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལེའུ་དངོས་བསྟན་བཅུ་གཅིག་རྫོགས་སོའི་མཐའ་ཅན། འགྱུར་གོང་འདྲ། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་དངོས་བསྟན་བཅུ་བཞི་རྫོགས་སོའི་མཐའ་ཅན། འགྱུར་གོང་འདྲ། སེམས་སྒོམ་དོན་དྲུག། མན་ངག་རྩལ་ཆེན། བྱང་སེམས་ཁྱུང་ཆེན་རྣམས་དུམ་བུ་རེ། རྡོ་རྗེ་སེམས་


JL02_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ནམ་མཁའ་ཆེ་ལེ་ཡོད་གྲངས་མེད་རྫོགས་སོའི་མཐའ་ཅན། འགྱུར་གོང་འདྲ། འདིར་གསན་ཡིག་སྔ་ཕྱི་དང་གོ་བསྟུན་གྱི་ཡིག་ཆུང་ཞིག་ཡོད། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་སོགས་རྒྱུད་ཐུན་གྱི་འགྱུར་བཅུ་གསུམ། བྱང་ཆུབ་ཀྱི་སེམས་རྩལ་སྤྲུག་ལེའུ་དགུ་པ། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། བྱང་སེམས་ཁྱུང་ཆེན་མགོར་དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཞེས་ཡོད་པ་ལེའུ་བཅུ་པ། འགྱུར་གོང་འདྲ། ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད་ལེའུ་བརྒྱད་པ། བྱང་ཆུབ་སེམས་སྒོམ་རྡོ་ལ་གསེར་ཞུན་ལེ་མེད། ཡང་བྱང་ཆུབ་སེམས་སྒོམ་འཇམ་དཔལ་བཤེས་གཉེན་གྱི་མའི་མན་ངག །རྫོགས་པ་ཆེན་པོ་ཡེ་ཤེས་བདུན་བྱུང་གི་རྒྱུད་ལེའུ་བརྒྱད་པ་མགོར་བཀྲ་ཤིས་དཔལ་ཞེས་ཡོད་པ། རིག་པའི་ཁུ་བྱུག་ལེའུ་བདུན་པ། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། བྱང་སེམས་བཀྲ་ཤིས་མི་འགྱུར་བ་གསལ་བར་གནས་པའི་རྒྱུད་ལེའུ་བཅུ་པ། བི་མ་ལ་དང་། གཡུ་སྒྲའི་འགྱུར། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྩ་བའི་རྒྱུད་ཅེས་བྱ་བ་ལེའུ་སུམ་ཅུ་ཐམ་བ་པ། བཻ་རོའི་འགྱུར། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལེའུ་དགུ་པ། བྱང་སེམས་རྨ་བྱ་འཇིང་བསྣོལ་ལེའུ་དྲུག་པ། ཡང་རྨ་བྱ་འཇིང་བསྣོལ་མཐའི་མུན་སེལ་ཆེན་མོ་ཞེས་བྱ་བ་ལེའུ་ལྡབ། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྩོགས་ལེའུ་ཉི་ཤུ་རྩ་བདུན་པ། ཨ་ཙར་དྲན་པའི་ཡེ་ཤེས་ཀྱིས་བོད་ཡུལ་དུ་བསྣམས་པ། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་གཤམ་ན་ཐེག་པའི་སྙིང་པོ་རྫོགས་སོའི་མཐའ་ཅན་ལེའུ་བཅུ་གཅིག་རྣམས་སོ།། །།ག་པ་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལེའུ་བཞི་བཅུ་རྩ་བདུན་པ། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལེའུ་བཅུ་བདུན། ཤྲཱི་སིངྷྷ་དང་། བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་ཉི་ཤུ་རྩ་བདུན་པ། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། རྡོ་རྗེ་སེམས་


JL02_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ནམ་མཁའ་ཆེ་ཀུན་ཏུ་བཟང་པོ་གསང་བའི་སྙིང་པོའི་རྒྱུད་ཀྱི་མདོ་ལེའུ་ཉི་ཤུ་རྩ་དྲུག་པ། འགྱུར་གོང་འདྲ། ཡེ་ཤེས་གསང་བ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལེའུ་བཅུ་པ། འགྱུར་གོང་འདྲ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལེའུ་ལྔ་པ། བི་མ་ལ་དང་། གཡུ་སྒྲའི་འགྱུར། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོ་བའི་རྒྱུད་དམ། བྱང་སེམས་རྗེ་བཙུན་དམ་པའང་ཟེར་བ་ལེའུ་བཅུ་གཉིས། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་པ། འགྱུར་གོང་འདྲ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ། འགྱུར་གོང་འདྲ། འདིའི་ལེའུ་ཡར་འགྲོ་མར་འགྲོ་བྱས་པ་བརྟག་དཔྱད་ཀྱིས་མཆན་བུ་བཀོད་ཡོད་ད་དུང་བརྟག། གོང་གི་ལེའུ་གྲངས་ཉི་ཤུ་རྩ་བདུན་པའི་མུ་ནས་འཐུད་པ་ལེའུ་དྲུག་ཅུ་རྩ་བཞི་པ། གཞུང་ཚད་བམ་པོ་བཅུ་གཅིག་གིས་ངེས་པ་ཅན་འགྱུར་གོང་འདྲ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལེའུ་བཞི་པ། དེའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཁོར་ལོ་ཞེས་བྱ་བའི་རྒྱུད་ལེའུ་བརྒྱད་པ། ཡེ་ཤེས་གསང་བ་སྒྲོན་མའི་རིན་པོ་ཆེ་མན་ངག་གི་རྒྱུད་ལེའུ་བཅུ་དྲུག་པ། ཤྲཱི་སིངྷ་དང་། བཻ་རོའི་འགྱུར་རོ། །ང་པ་ལ། རིན་པོ་ཆེ་སྲིད་པ་བར་དོ་སྐང་བའི་རྒྱུད་ལེའུ་བཅུ་དྲུག་པ། འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལེའུ་དགུ་པ། བི་མ་ལ་དང་། གཉགས་ཀྱི་འགྱུར། འཇམ་དཔལ་དགོངས་པ་འདུས་པ་ལེའུ་དྲུག་པ་མཐའ་ཅན། སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲོད་པའི་རྒྱུད་ལེའུ་བདུན་པ། དུར་ཁྲོད་ཕུང་པོ་འབར་བ་ལེའུ་བཅུ་གཅིག་པ། རྡོ་རྗེ་ཡང་རྩེའི་རྒྱུད་ལེའུ་ཉེར་གཅིག་པ། རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལེའུ་བཅོ་ལྔ་པ། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལེའུ་ཉེར་གསུམ་པ། དམ་ཚིག་བཀོད་པས་གཞིའི་རྒྱུད་ལེའུ་གྲངས་གསུམ་པ། འབྱུང་པོ་ཀུན་འདུས་རྒྱུད་ལེའུ་སོ་གཉིས་པ། རྡོ་རྗེ་གསང་བ་རིན་པོ་ཆེ་དབྱིག་གི་སྒྲོལ་མ་ཤེས་རབ་ཆེན་པོའི་མདོ་ཞེས་བྱ་བ་རྒྱུད་སྐད་འགྱུར་བཞི་པ། ལྷ་མ་ཡིན་གཡུལ་ངོ་བཟློག་པའི་


JL02_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལེའུ་སུམ་ཅུ་ཐམ་པ། རོ་སྲེག་ཐལ་བ་ནག་པོའི་རྒྱུད་ལེའུ་དྲུག་པ། ཡང་འཇིག་རྟེན་གྱི་ཕྲིན་ལས་སྤྲོད་པ་བསོད་ནམས་ཆེན་པོ་རྫོགས་པ་ཤེས་རབ་ཆེན་པོའི་རྒྱུད་དམ། ཐལ་བ་ནག་པོའི་རྒྱུད་ལེའུ་བཅུ་དྲུག་པ། ལྷ་རྒྱུད་རིན་ཆེན་སྤུངས་པ་ལེའུ་སོ་གསུམ་པ། ལྷ་རྒྱུད་རིན་ཆེན་དབང་གི་འཁོར་ལོ་ཞེས་བྱ་བ་ལེའུ་བཅུ་གསུམ་པ། ཐིག་ལེ་ཀུན་གསལ་ཆེན་པོ་ལེའུ་དགུ་བཅུ་རྩ་བདུན་པ། དཔལ་ལྡན་སེང་གེའི་འོད་ཅན་དང་། བཻ་རོ་ཙ་ནའི་འགྱུར། ཡེ་ཤེས་མར་མེའི་རྒྱུད་ལེའུ་གསུམ་པ། རྡོ་རྗེ་སེམས་དཔའ་དགོངས་པ་ཚིག་གསུམ་གྱི་རྒྱུད་ལེའུ་གསུམ་པ། མན་ངག་སྙིང་དགོངས་ལེའུ་བཅུ་བཞི་པ། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལེའུ་བཅུ་གཉིས་པ། །སྐྱའི་རྒྱུད་པདྨ་འཁྱིལ་བ་ལེའུ་ཉི་ཤུ་རྩ་གཅིག་པ། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ལེའུ་བཅུ་ཐམ་པ། བི་མ་ལ་དང་། སྐ་ཅོག་གསུམ་ཀའི་འགྱུར། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལེའུ་བདུན་པ་མཐའ་ཅན། །བྱང་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལེའུ་ལྔ་པ། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེ་མཆུ་ཅན་གྱི་རྒྱུད་དམ། འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལེའུ་བདུན་པ། རྫོགས་ཆེན་ཐིག་ལེ་གསར་བའི་ངེས་རྒྱུད་ལེ་མེད། ཐིག་ལེ་གསུང་བའི་བརྡ་རྒྱུད་ལེའུ་བཅུ་དགུ་པ་རྣམས་སོ། །ཅ་པ་ལ། རྫོགས་པ་རང་བྱུང་ལེའུ་ཉི་ཤུ་རྩ་བཞི་པ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལེའུ་བརྒྱད་ཅུ་གྱ་དྲུག་པ། སྒྲ་ཐལ་འགྱུར་ལེའུ་ལྔ་པ་རྗེས་འབྲེང་བཅས། །རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལེའུ་བཅུ་ཐམ་པ། བཀྲ་ཤིས་མཛེས་ལྡན་རྒྱུད་ལེའུ་ལྔ་པ་རྣམས་སོ།། །།ཆ་པ་ལ། སེང་གེ་རྩལ་རྫོགས་རྒྱུད་ལེའུ་བཅུ་གསུམ་པ། བི་མ་ལའི་རང་འགྱུར། ནོར་བུ་འཕྲ་བཀོད་པའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི་པ། །མུ་ཏིག་ཕྲེང་བ་ལེའུ་བརྒྱད་པ། ཡི་གེ་མེད་པ་གསང་བའི་རྒྱུད་ལེའུ་དག་པ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལེའུ་བརྒྱད་པ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བཞི་པ། ཉི་ཟླ་ལ་སྦྱོར་རྒྱུད་ལེའུ་བཞི་པ། ངོ་སྤྲོ་སྤྲས་པའི་རྒྱུད་ལེའུ་གསུམ་པ་ནི། བི་མ་ལ་དང་། སྐ་བ་དཔལ་བརྩེགས་ཀྱི་འགྱུར། སྐུ་གདུང་འབར་བ་ལེའུ་


JL02_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། འགྱུར་གོང་འདྲ། རིན་པོ་ཆེ་སྤུངས་པ་ལེའུ་ལྔ་པ། འགྱུར་གོང་འདྲ། སྒྲོན་མ་འབར་བ་ལེའུ་བཞི་པ། ཀློང་དྲུག་པ་ལེའུ་དྲུག། ཀློང་གསལ་འབར་མ་ཉི་མའི་རྒྱུད་ལེའུ་བརྒྱ་དང་བཅུ་གསུམ། མཁའ་འགྲོ་ཀུན་གྱི་སྙིང་ཐིག་ཀློང་གསལ་ལེའུ་ཞེས་བྱ་བ་ཕྱི་མའི་རྒྱུད་འཐུད་པའི་ལེའུ་གྲངས་བརྒྱ་དང་བཞི་བཅུ་ཞེ་གཉིས་རྣམས་སོ། །ཇ་བ་ལ། སྣང་སྲིད་ཁ་སྦྱོར་བདུད་རྩིའི་ཐིགས་པ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལེའུ་བརྒྱ་དང་བཅུ་ཐམ་པ། སློབ་དཔོན་ཆེན་པོ་དང་། སྐ་བ་དཔལ་བརྩེགས་འགྱུར། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་ཐོག་མཐའ་དྲས་ཐག་གཅོད་པའི་རྒྱུད་ལེའུ་བཅུ་ཐམ་པ་མཐའ་ཅན། ཡང་སྤྲོས་པ་གཅོད་པ་སྡེ་ལྔའི་རྒྱུད་ལེའུ་བཅུ་བཞི་པ། པདྨ་ས་མ་བྷ་ཝ་དང་། སྐ་བ་དཔལ་བརྩེགས་ཀྱི་འགྱུར། རིན་པོ་ཆེ་བདུད་རྩི་བདུད་ཐིགས་རྒྱུད་ལེའུ་བ་ཅོ་ལྔ་པ། འགྱུར་གོང་འདྲ། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་སུམ་ཅུ་སོ་ལྔ། འགྱུར་གོང་འདྲ། རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་གསལ་རྒྱུད་ལེའུ་དགུ་པ། གཏེར་སྙིང་རིན་ཆེན་སྤུངས་པའི་རྒྱུད་ལེའུ་དགུ་པ། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་གྱི་རྒྱུད་ལེའུ་བཅུ་བདུན། འགྱུར་གོང་འདྲ། བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས། འགྱུར་གོང་འདྲ། སྙིང་པོའི་ཅུད་སྤུངས་ནམ་མཁའ་ཀློང་ཡངས་ལེའུ་ཉི་མ་ཐམ་པ། འགྱུར་གོང་འདྲ། ཐུགས་ཀྱི་ཡང་སྙིང་དགོངས་བཅུད་འདུས་པ་ཉི་ཟླ་འབར་བའི་རྒྱུད་ལེའུ་བཅུ་གསུམ། འགྱུར་གོང་འདྲ། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད་ལེའུ་ཉི་ཤུ་རྩ་གཅིག། དྲི་མེད་ཀ་དག་གི་རྒྱུད་རིན་ཆེན་གསལ་བ་ཆེན་པོ་ཞེས་བྱ་བ་ལེའུ་བཅུ་ཐམ་པ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩི་རྒྱ་མཚོར་འཁྱིལ་བའི་རྒྱུད་ལེའུ་བརྒྱད་ཅུ་གྱ་གཅིག། འགྱུར་གོང་འདྲ། སྐྱེ་མེད་ཀ་དག་ཟང་ཀ་ལེའུ་བཅུ་ཐམ་པ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལེའུ་བརྒྱ་དང་ཉི་ཤུ་རྩ་གསུམ། རྒྱུད་ཐམས་


JL02_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད་ལེའུ་སུམ་ཅུ་སོ་དགུ་པ་ཤྲཱི་རཏྣུ་བཛྲ་དང་། ཧེ་རུ་ཀའི་འགྱུར། རྒྱུད་ཐམས་ཅད་ཀྱི་སྤྱིར་ལུད་ཉི་ཟླ་བཀོད་པའི་རྒྱུད་ལེའུ་བཅོ་ལྔ་པ། སློབ་དཔོན་པདྨ་དང་། དཔལ་བརྩེགས་ཀྱི་འགྱུར། །ནམ་མཁའ་འབྲུག་སྒྲོགས་ཐོག་བབ་ཀློང་འདུས་སྤྱི་རྒྱལ་རྒྱ་མདུག་ཀྱི་རྒྱུད་ལེའུ་བཅུ་ཐམ་པ། ལྟ་བ་ལ་ཤན་ཆེན་པོ་རིན་པོ་ཆེ་སྒྲོན་མའི་རྩ་བའི་རྒྱུད་ལེའུ་བཅུ་བཞི། གཉིས་ཀ་འགྱུར་གོང་འདྲ། རྩ་རླུང་ཐིག་ལེའུ་རྒྱུད་ལེའུ་བདུན་པ། །ལྟ་བ་ལ་ཐལ་ཆེན་པོའི་རྒྱུད། སྣང་བྱེད་སྤུ་གྲིའི་རྒྱུད། འབྲས་བུ་ཡེ་གྲོལ་ཆེན་པའི་རྒྱུད། །སྲོག་གི་འཁོར་ལོའི་རྒྱུད་བཅས་སོ་སོར་རྫོགས་མཐའ་ཡོད་པ། རྒྱུད་ཀྱི་རྩེ་རྒྱལ་ཉིས་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལེའུ་ཉི་ཤུ་རྩ་བཞིའི་མཐའ་ཅན། འགྱུར་གོང་འདྲ། ཉ་པ་ལ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལེའུ་བརྒྱད་ཅུ་གྱ་གཅིག། བི་མ་ལ་དང་། ཨཱ་ཙཱརྱ་དྲན་པ་ཡེ་ཤེས་ཀྱི་འགྱུར། རྫོགས་ཆེན་རིན་པོ་ཆེ་འཁོར་བརྩད་གཅོད་ཀྱི་རྒྱུད་ལེའུ་ཉི་ཤུ་རྩ་བཞི། རྫོགས་པ་ཆེན་པོ་ལྟ་བའི་རང་སྙིང་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ལྔ་བཅུ་ང་གསུམ། འགྱུར་གོང་འདྲ་རྫོགས་པ་ཆེན་པོ་དགོངས་པ་བཀའ་བགྲོས་ཀྱི་རྒྱུད་ལེའུ་དྲུག་ཅུ་རེ་ལྔ། འགྱུར་གོང་འདྲ་བོ་ཏེ་སེ་རུ་མཐིང་ཤོག་ཅན་མེར། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བ་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལེའུ་དྲུག་པ་རེ་དྲུག་ཅུ་མཐའ་ཅན་གསེར་གྱི་སྒྲིལ་ཤིང་ཅན་ཟེར། །འགྱུར་གོང་འདྲ། རྫོགས་པ་ཆེན་པོ་ངེས་དོན་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལེའུ་སུམ་དུ་སོ་བདུན། འགྱུར་གོང་འདྲ། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན། བི་མ་ལ་དང་། གཉགས་ཀྱི་འགྱུར། རྫོགས་པ་ཆེན་པོ་ངེས་དོན་རིག་པའི་གསུང་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལེའུ་སུམ་ཅུ་སོ་གསུམ། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་


JL02_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ཉེར་བརྒྱད། འགྱུར་གོང་འདྲ་བུ་ཚལ་དུ་བསྒྱུར་བ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལེའུ་བཅུ་གཉིས་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལེའུ་བཞི་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལེའུ་བཞི་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་ཕྱི་མ་གསང་བའི་རྒྱུད་ལེའུ་བཞི་པ། ཤྲཱི་སིངྷ་དང་། རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། ཡེ་ཤེས་འཁོར་ལོའི་རྒྱུད་ལེའུ་བདུན། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལེའུ་བཅུ་དགུ། འཇམ་དཔལ་འདུས་པའི་རྒྱུད་ལེའུ་བཅུ་དྲུག། སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ལེའུ་བཅུ་གསུམ། རྫོགས་པ་ཆེན་པོ་མ་རིག་མུན་པ་སེལ་བར་བྱེད་པ་ལྟ་བ་ཡེ་ཤེས་གཉིད་རྫོགས་རྒྱུད་ལེའུ་བཞི་བཅུ་ཞེ་གཅིག། བི་མ་ལ་དང་། ཨཱ་ཙཱ་རྱ་དྲན་པ་ཡེ་ཤེས་ཀྱི་འགྱུར་དངུལ་གྱི་སྒྲིལ་ཤིང་ཅན་རྣམས་སོ།། །།ཏ་པ་ལ། ཆོས་ཐམས་ཅད་ཀྱི་དོན་བསྟན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག་ཡེ་ནས་བྱ་རྩོལ་བྲལ་བའམ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལེའུ་ལྔ་བཅུར་གསུམ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉིས་བརྒྱ་དང་བཅུ་གཉིས། བྱང་ཆུབ་ཀྱི་སེམས་ལུང་རྣལ་འབྱོར་ཆེན་པོའི་རྒྱུད་དམ། སེམས་ལུང་ཆེན་པོའི་མདོ་ལེའུ་བཞི་བཅུ་ཐམ་པ། །ཐ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོའམ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལེའུ་བདུན་ཅུ་དོན་ལྔ། རྒྱ་གར་གྱི་མཁན་པོ་དྷརྨ་བྷོ་དྷི་དང་། རིང་ལུགས་པ་ཆེན་པོ། དཱ་ན་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བ་ཙན་སྐྱེས་ཀྱིས་ཐ་ཤའི་ཡུལ་དུ་ཁྲོམ་བསྒྱུར་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་ལེའུ་སུམ་


JL02_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་སོ་དྲུག། པདྨ་ས་མ་བྷ་ཝ་དང་། བཻ་རོའི་འགྱུར། དུར་ཁྲོད་བུ་བྱུག་རོལ་པ་ལེའུ་བཅུ་བཞི་རྣམས་སོ། །དཔལ། ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལེའུ་སུམ་ཅུ་སོ་གཅིག། དབང་བསྐུར་རྒྱལ་པོའི་རྒྱུད་ལེའུ་བཅུ་ཐམ་པ་རྒྱུད་ཀྱི་རྒྱལ་པོ་ཏིང་འཛིན་མཆོག་གི་རྒྱུད་ལེའུ་བཅུ་གཅིག། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལེའུ་བདུན་མཐའ་ཅན། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལེའུ་དྲུག། དམ་ཚིག་གོད་པའི་རྒྱུད་ལེའུ་སུམ་ཅུ་སོ་བཞི། ཞི་བ་ལྷ་རྒྱུད་ཆེན་པོ་ལེའུ་དགུ་པ། རྒྱ་གར་གྱི་མཁན་པོ་བྲས་ཏྭ་དང་། ལོ་ཙཱ་པདྨ་རུ་རྩེའི་འགྱུར། ཆོས་ཉིད་ཞི་བའི་ལྷ་རྒྱུད་ལེ་མེད། བི་མ་ལ་དང་། གཉགས་ཀྱི་འགྱུར། ཁྲོ་བོ་ལྷ་རྒྱུད་ལེའུ་བདུན་པ་པྲ་ས་ཏྭ་དང་། པདྨ་རུ་རྩེའི་འགྱུར། ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་ལེ་མེད། ཐུགས་རྗེ་ཆེན་པོའི་གཏོར་མའམ་གཏོར་རྒྱུད་ཆེན་མོ་ལེའུ་བཞི་བཅུ་ཞེ་བཞི། པདྨ་ས་མ་བྷ་དང་། བི་མ་ལ། ནམ་སྙིང་གསུམ་གྱི་འགྱུར། ཕྱིས་བ་སུ་དྷ་ར་དང་། གནུབས་ཆེན་གྱིས་ཀྱང་ཞུ་གཏུགས་བྱས་པ། རྣལ་འབྱོར་ནམ་མཁའི་ཚོགས་རྒྱུད་ཆེན་མོ་ལེའུ་བརྒྱད་པ་དང་། ཕྱི་མའི་རྒྱུད་མུ་འབྲེལ་གྱི་ལེའུ་བཅོ་ལྔ། གནུབས་ཀྱིས་སྐད་གསར་བཅད་ཀྱིས་བཅོས་ཟེར་བ་ཡོད། དཔལ་འབར་ཁྲོ་མོའི་རྒྱུད་ལེའུ་མེད་པ། རཀྟ་དམར་གྱི་རྒྱུད་ལེའུ་བཅོ་ལྔ། གྲོ་ལོད་རྩལ་གྱི་འགྱུར། རྡོ་རྗེ་དུར་མོི་ཏནྟྲ་ཞེས་བྱ་བ་ལེའུ་ལྔ་པ། སྦྱིན་སྲེག་གི་ལེའུ་དང་པོ་དང་ཐ་མ། ཁྲོ་བོའི་སྦྱིན་སྲེག་གི་ལེའུ་དང་པོ་དང་ཐ་མ། མཆོད་འབུལ་གྱི་ལེའུ་དང་པོ། བསྟོད་པའི་ལེའུ་གཉིས་པ། འགྲུགས་འདྲེན་གྱི་ལེའུ་དང་པོ། ཕུར་བུའི་ལེའུ་གཉིས་པ། གཏོར་མའི་ལེའུ་གསུམ་པ། བཤིག་བྲལ་གཏོར་མའི་ལེའུ་བཞི་པ། གཏུབ་པའི་ལེའུ་ལྔ་པ་ནས་ལེའུ་དགུ། ཡང་ཧོམ་རྒྱུད་ལེའུ་གཉིས་པའི་མཐར་རྡོ་རྗེ་སེམས་དཔའི་ཞལ་གདངས་ཀྱི་མ་རྒྱུད་རྫོགས་སོའི་མཐའ་ཅན། སྐུ་གདུང་འབར་བ་ཚ་ཚ་དང་མཆོད་རྟེན་གྱི་རྒྱུད་ལེའུ་དགུ་པ། ཧཱུྃ་མཛད་ཆེན་པོའི་རྒྱུད་ལེའུ་བཅུ་གཅིག། རྡོ་རྗེ་གྲོ་ལོད་དང་། ལོ་ཙཱ་ཞང་དྲུང་གི་འགྱུར། ཟླ་གསང་ཆེན་པོའི་རྒྱུད་ལེའུ་ཉི་


JL02_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་ལྔ། རིན་ཆེན་མེ་ལྷ་ཞི་བར་གྱུར་བ་འབར་བའི་རྒྱུད་ལེའུ་ཉི་ཤུ་རྩ་དྲུག་རྣམས་སོ།། །།ན་པ་ལ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལེའུ་ཉི་ཤུ་རྩ་གཉིས། བི་མ་ལ་དང་། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག་གསུམ་གྱིས་བསྒྱུར་ཅིང་ཞུས། འདི་ལ་སངས་རྒྱས་གསང་བ་དང་། །བཻ་རོའི་སྔ་འགྱུར། པདྨ་དང་། གཉགས་ཀྱི་བར་འགྱུར། བི་མ་ལ་དང་། རྨ་གཉགས་གཉིས་ཀྱི་ཕྱི་འགྱུར་གསུམ་ལས་འདི་ཕྱི་མ་ཡིན། དེ་གསུམ་ཀ་ལོ་པཎ་བསྡེབས་པའི་གཞི་འགྱུར། ཕྱིས་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་དང་། འགོས་ལོའི་འགྱུར་གཉིས་ནི་པཎྜིི་ཏ་མེད་པས་རྩལ་འགྱུར། དེའི་སྟེང་དུ་ལེའུ་ཉེར་གསུམ་དང་། ཉེར་བཞི་ཉིས་བརྒྱ་དཔེ་རྙེད་བལྟར་ཐར་ལོས་འགྱུར་མཛད། སླར་རྒྱ་དཔེ་དང་མཐུན་པ་འགོས་ལོས་ཚོང་དུས་སུ་འགྱུར་བཅོས་མཛད་དོ། །དཔལ་གསང་བའི་སྙིང་པོའི་རྒྱུད་ཕྱི་མཐའ་ལེའུ་ལྔ་པ། ཛྙཱ་ན་གརྦྷ་དང་། བཻ་རོའི་འགྱུར། སྒྱུ་འཕྲུལ་བརྒྱད་ཅུ་ཐམ་པ་རྫོགས་མཐའ་ཅན། །མགོར་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་ལེའུའི་སྟོད་ཆ་རྣམས་མེ་དང་སུམ་ཅུ་སོ་གསུམ་ནས་བགྲངས་པ་ལེའུ་དངོས་སུམ་ཅུ་སོ་དྲུག་སྟོང་ཕྲག་བརྒྱ་པ་རྫོགས་སོ་མཐའ་ཅན་ཕྱི་མའི་ཕྱི་མ་བམ་པོ་ཕྱེད་པ་ཞེས་ཡོད་པ། དྲི་མེད་བཤེས་གཉེན་དང་། མཁན་པོ་ཡེ་ཤེས་གཞོན་ནུའི་འགྱུར། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལེའུ་བཞི་བཅུ་ཞེ་དྲུག། །མགོར་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ཞེས་ཡོད་པ་ལེའུ་སུམ་ཅུ་སོ་གསུམ། ལེ་ལག་ཅེས་བྱ་བ་དམ་ཚིག་ཏུ་སྟོན་པའི་རྒྱུད་རྫོགས་སོའི་མཐའ་ཅན། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་སྒྱུ་འཕྲུལ་བརྒྱད་པ་ལེའུ་བརྒྱད། སྒྱུ་འཕྲུལ་བླ་མ་ལེའུ་འདིའི་ལེའུ་འཁྲུགས་པར་སྣང་བས་སླར་བརྟག། བཅུ་གསུམ། ལྷ་མོ་སྒྱུ་འཕྲུལ་དྲ་བ་ལེའུ་བཅུ་གཉིས་མཐའ་ཅན། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་མཚན་བརྗོད་སྔ་འགྱུར་ལེའུ་བཅུ་བཞི་རྣམས་སོ།། །།པ་བ་ལ། སྒྱུ་འཕྲུལ་དྲྭ་བ་མེ་ལོང་རྩ་བའི་རྒྱུད་ཅེས་བྱ་བ་བཤད་པ་རྟོག་པའི་རྒྱལ་པོ་རྫོགས་སོའི་མཐའ་ཅན་ལེ་མེད་ཀྱིས་མགོ་དྲངས། སྒྱུ་འཕྲུལ་མེ་ལོང་ལེའུ་


JL02_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ། བི་མ་ལ་དང་། ཛྙཱ་ན་གུ་མཱ་རའི་འགྱུར། སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་རྒྱུད་ལེའུ་བཅུ་གསུམ། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལེའུ་ཉི་ཤུ་རྩ་དྲུག། །འགྱུར་གོང་འདྲ། སྒྱུ་འཕྲུལ་རྒྱ་མཚོ་ལེའུ་ཉི་ཤུ་རྩ་གཉིས། །འགྱུར་གོང་འདྲ། རྡོ་རྗེ་གསང་སྙིང་པོ་རྩ་བའི་རྒྱུད་དེ་ཁོ་ན་ཉིད་ངེས་པའམ་ལེའུའི་ངེས་བརྗོད་ལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ལེའུ་སུམ་ཅུ་སོ་གསུམ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལེའུ་བཅུ་གསུམ། བི་མ་ལ་དང་། གཉགས་ཀྱི་འགྱུར། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ཐེག་པ་ཆེན་པོའི་ཡང་ཆེན་པོའི་ཚུལ་ཞེས་བྱ་བ་ལེའུ་བཅུ་ཐམ་པ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཁྲོ་བོ་ཆེན་པོའི་སྟོབས་དུམ་གཅིག། ཡང་ཁྲོ་བོ་ཆེན་པོའི་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་ཞེས་རྫོགས་སོའི་མཐའ་ཅན། བི་མ་ལ་དང་། བཻ་རོའི་འགྱུར། སྒྱུ་འཕྲུལ་དྲྭ་བ་སྙིང་པོ་འགོད་པའི་ལེའུ་བརྒྱད་རྣམས་སོ། །ཕ་པ་ལ། སངས་རྒྱས་མཉམ་སྦྱོར་རམ་སྒྱུ་མ་བདེ་མ་ཏོག་ལེའུ་བཅུ་ཐམ་པ། རྒྱ་གར་གྱི་མཁན་པོ་བཛྲ་ཏ་སྱ་དང་། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་འགྱུར། སངས་རྒྱས་མཉམ་སྦྱོར་ལ་རྟོག་པ་ཉི་ཤུ་རྩ་གཉིས་ཀྱི་འགྱུར་ཡོད་ཅེས་པ་ཕྱོགས་གཅིག་ཏུ་བསྡུས་པ་རྟོག་པ་བཅུ་བའི་རྒྱུད་འདི་ཡིན། རྒྱུད་ཕྱི་མ་རྟོག་པ་བདུན་པ་ཡོད། ཕྱི་མའི་ཕྱི་མ་ཏོག་པ་བསྡུས་པའི་རྒྱུད་ཡོད་པ་དང་། ཆ་མཐུན་གྱི་རྒྱུད་རྡོ་རྗེ་གདན་བཞིའི་རྒྱུད་ཡིན་ནོ། །ཡང་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་སྡུད་པའི་རྒྱུད་དམ་པ། ལེའུ་བཅུ་ཐམ་པ། གུ་ཧྱ་གསང་བ་དང་། ལོ་ཙཱ་བ་འབྲོག་མི་དཔལ་ཡེའི་འགྱུར། ཡང་སངས་རྒྱས་མཉམ་སྦྱོར་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་ཕྱི་མའི་ཡང་ཕྱི་མ་ལེའུ་ཉེར་གཉིས་པར་རྫོགས་མཐའ་དང་། དངོས་བསྟན་ལེའུ་ཉི་ཤུ་རྩ་གསུམ་ཡོད། རྒྱུད་འདིར་སྟོད་ཆའི་ལེའུ་བཅུ་བདུན་ཡན་མེད་པ་བཅོ་བརྒྱད་པ་ནས་བགྲངས་པ་ཞིག་བྱུང་བ་ཕྱི་མོའི་སྐྱོན་ནམ། རྒྱ་དཔེ་མཚར་ཕྱོགས་གཞན་ལ་དཔྱད་པར་བྱའོ། །མགོར་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་དངོས་བསྟན་ཟླ་གསང་ཐིག་ལེ་ཡེ་ཤེས་ཀྱི་དབང་


JL02_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ལེའུ་མེད་ཀྱང་། བར་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་པོ་རྫོགས་སོ་ཞེས་ཡོད་ཅིང་། དེ་ཁའི་འཕྲོ་ནས་ལེ་མེད་ཟླ་གསང་ཐིག་ལེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་གསང་བ་ཡོངས་སུ་རྫོགས་སོ་མཐའ་ཅན། པདྨ་ས་མ་བྷ་ཝ་དང་། བནྡེ་དཔལ་བརྩེགས་ཀྱི་འགྱུར་ལ། ཕྱིས་ཁ་ཆེའི་པཎྜི་ཏ་ཏེ་ཛ་དེ་བ་དང་། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་སྐད་གསར་བཅད་ཀྱིས་བཅོས་པ། དཔལ་གསང་བ་འདུས་པ་ལེའུ་བཅུ་བདུན། བི་མ་ལ་དང་དཔལ་བརྩེགས་ཀྱི་འགྱུར། སླར་ཡང་ཤྲདྡྷ་ཀར་ཝ་རྨ་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་བབ་པ། ཡང་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད། དད་བྱེད་གོ་ཆ་དང་རིན་བཟང་གི་འགྱུར། ཕྱིས་འགོས་ལོ་གཞོན་ནུ་དཔལ་གྱིས་རྒྱ་དཔལ་གཟིགས་ནས་དག་བཅོས་མཛད་པ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀྱི་ཕྲེང་བའམ། ཀརྨ་མཱ་ལེ་ལེའུ་དགུ དྷརྨ་ཤྲཱི་པྲ་གྷ་ཛ་དང་། ཨཱརྱ་བི་མ་ལ་སོགས་པའི་པཎྜི་ཏ་དང་། རཏྣ་ཨ་གྲས་བསྒྱུར་ཅིང་གཏན་ལ་ཕབ་པ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལེའུ་བཅུ་བདུན། དྲི་མེད་བཤེས་གཉེན་དང་། བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། བི་ཤྭ་མི་ཏྲ་དང་། བཻ་རོའི་འགྱུར་བྱང་འཁོད་པ་ཡང་སྣང་ངོ། །བ་པ་ལ། རྟ་མཆོག་རོལ་བ་ལེའུ་སུམ་ཅུ་སོ་གཉིས། དཔལ་སྙིང་རྗེ་རོལ་བའི་རྒྱུད་དམ་ཧེ་རུ་ཀ་རྩ་རོལ་པ་་ལེའུ་བཅུ་ཐམ་པ། བི་དྱ་ཀ་ར་སིངྷ་དང་། བི་ཤྭ་མི་ཏྲ་དང་། ལོ་ཙཱ་ལུ་བྱིན་བཙུན་པའི་འགྱུར། སླར་བལ་པོ་ཤྲི་བྷི་ཏིས་མང་ཡུལ་བྱམས་སྤྲིན་དུ་སྐད་གསར་བས་བཅོས། འདི་ལ་ད་དུང་འགྱུར་བྱང་མང་པོ་ཡོད། བདུད་རྩི་རོལ་བ་རིམ་པར་བྱེ་བ་རྒྱས་པ། བི་མ་ལ་དང་གཉགས་འགྱུར། ཕུར་བ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བའི་མོད་ལེའུ་ཉི་ཤུ་རྩ་བཞི། གླང་པོ་རབ་འབོག་གི་རྒྱུད་ལེའུ་ཉེར་བརྒྱད། བི་ཤྭ་མི་ཏྲ་དང་། འཇིང་གསལ་འབར་འགྱུར། འདི་ལ་རྒྱུད་གསུམ་ཡོད་པས་འདི་བཤད་རྒྱུད་ཡིན། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བའི་དོན་བསྡུས་པ་ཞེས་པའི་རྒྱུད་ལེའུ་ཞི་གཉིས། དྲི་མེད་བཤགས་རྒྱུད་ལེའུ་བཅུ་དྲུག། །བི་མ་ལ་དང་། གཉགས་ཀྱི་འགྱུར།


JL02_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་ལེ་མེད་ཁྲོ་བོ་བཅུའི་སྨོན་ལམ་གྱི་མཐའ་ཅན་རྣམས་སོ།། །།མ་པ་ལ། དཔལ་ཟླ་གསང་ནག་པོའི་རྒྱུད་ལེའུ་བདུན་ཅུ་དོན་ལྔ་པ་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ་མཐའ་ཅན། ལོ་ཙཱ་བ་ཆེན་པོ་གསུམ་གྱིས་ལན་གྲངས་གསུམ་དུ་བཅོས་ཤིང་ལན་གྲངས་གསུམ་དུ་གཏན་ལ་ཕབ་པ། ཡང་ཟླ་གསང་ནག་པོའི་རྩ་རྒྱུད་ལེའུ་བདུན་ཅུ་དོན་བཞི། ངན་སྔགས་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོའི་མཐའ་ཅན། འཇམ་དཔལ་བཤེས་གཉེན་གྱིས་ཚངས་པ་ཀླུ་གནོད་བསེའི་ཀ་པ་ལ་སྲས་པ། ཛྙཱ་ན་གྷནས་རྙེད་ནམ་མཁའ་སྙིང་པོ་ལ་བརྒྱུད་དོ། །ཡང་ཟླ་གསང་ནག་པོའི་རྒྱུད་ལེའུ་ལྔ་བཅུ་ང་བརྒྱད། སློབ་དཔོན་བ་སུ་དྷ་རེ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། ཡང་ཟླ་གསང་དྲག་སྔགས་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལེའུ་དགུ་བཅུ་གོ་བདུན། བལ་པོ་བ་སུ་དྷ་ར་དང་གནུབས་ཆེན་གྱིས་བསྒྱུར་བ། ཡང་དྲག་སྔགས་ཟླ་གསར་ནག་པོའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ། བབ་ལུགས་རིམ་བཞིན་ཡོད་པ་གནུབས་ཆེན་གྱི་མན་ངག། འཇམ་དཔལ་དམར་པོའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་པ། ཤཱནྟི༚ི༚་གརྦྷ་དང་། གནུབས་ཆེན་གྱི་འགྱུར། གནོད་སྦྱིན་མ་རུ་རྩེ་རོ་ལངས་གསང་བའི་རྒྱུད་ལེའུ་བརྒྱད་མཐའ་ཅན་གནུབས་ཀྱི་མན་ངག་དྲག་པོའི་སྔགས་རྒོད་པདྨ་དབང་རྒྱལ་གྱི་བཀའ་ཞེས་པ། འཇམ་དཔལ་མ་རུ་རྩེའི་སྔགས་རྒྱུད་བསྟན་པ་ལེའུ་བཅུ་བདུན། ཡང་དྲེགས་པ་ཕོ་མོ་འདུས་པའི་ལས་རྒྱུད་ལེའུ་བཅུ་བདུན། རྡོ་རྗེ་གཏེར་གཞན་རྩལ་ལ་གཏད་པ། །ཙ་པ་ལ། འཕགས་པ་འཇམ་དཔལ་གྱི་དྲི་མ་མེད་པའི་གསང་རྒྱུད་ལེའུ་ཉེར་དྲུག། འཇམ་དཔལ་གཤིན་རྗེའི་གཤེད་ནག་པོ་ཆེན་པོ་གསང་བའི་རྒྱུད་ལེའུ་སུམ་ཅུ་སོ་གསུམ། སློབ་དཔོན་མ་ཧཱ་ན་བི་ཀུ་ཏ་པ་ཏའི་འགྱུར། །ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ་ལེའུ་ཉེར་གཉིས། དཔལ་ཚེ་བདག་ནག་པོའི་ཕྲིན་ལས་ཀྱི་དགོངས་པ་ཐམས་ཅད་རྫོགས་པའི་རྒྱུད་ཆེན་པོ་ལེའུ་སུམ་བཅུ་ཐམ་པ། ལྷ་ཡུལ་དུ་གྲགས་པ་ཞེས་ཟེར། འཇམ་དཔལ་གཤིན་རྗེ་སྡིག་པ་


JL02_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འཛིངས་ལེའུ་བཅུ་བཞི། བལ་པོ་བ་སུ་དྷ་ར་དང་གནུབས་ཆེན་གྱི་འགྱུར། གཤིན་རྗེ་གཤེད་ཀྱི་གསང་རྒྱུད་ལེའུ་བརྒྱད། གནུབས་པདྨ་དབང་རྒྱལ་གྱི་ཐུགས་དམ། འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལེའུ་ཉེར་གཅིག། བལ་པོ་བ་སུ་དྷ་ར་དང་། རྡོ་རྗེ་ཁྲི་གཙུག་གི་འགྱུར། །འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལེའུ་བཅུ་གསུམ། བསྐྱར་ལེ་གཅིག་བཅས་བཅུ་བཞི་ཡོད། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཁ་ཐུན་ལེའུ་བརྒྱད། རྒྱལ་པོ་ཛ་ལ་བབས་པ་ལས་རིམ་པར་བརྒྱུད་གནུབས་ཆེན་གྱི་མན་ངག། གཤིན་རྗེ་ནག་པོ་ཁ་ཐུན་གསང་བའི་དེ་ཁོ་ན་ཉིད་ཕྱི་མའི་རྒྱུད་ཅེས་བྱ་བ་ལེའུ་ལྔ་པ། བ་སུ་དྷ་ར་དང་། གནུབས་ཆེན་གྱི་མན་ངག། ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉེར་གཅིག། འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་སྐབས་ལྔ་པ། གནུབས་ཆེན་གྱི་འགྱུར། དྲག་པོ་བུང་བྱེད་ཀྱི་རྒྱུད་ལེའུ་ཉེར་གཅིག། སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པའི་ལེའུ་བརྒྱད། ངན་སྔགས་གཙུག་གི་རྒྱུད་ཕྱི་མའི་ཕྱི་མ་རྫོགས་སོའི་མཐའ་ཅན། འཇིག་རྟེན་གསུམ་གྱི་བཤད་པ་དྲེགས་རྒྱུད་ལེའུ་བརྒྱད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལེའུ་དགུ། བལ་པོ་བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། གཤིན་རྗེ་ནག་པོ་ཆུ་ཐིགས་སྔོན་མོའི་རྒྱུད་ལེའུ་བཅོ་བརྒྱད། གཤིན་རྗེ་ནག་པོ་ངན་སྔགས་ཕྱིར་བཟློག་པའི་རྒྱུད་ལེའུ་བདུན་པ་ཆུ་ཐིགས་སྔོན་མོའི་རྒྱུད་ཕྱི་མ་ཡིན། གནུབས་ཆེན་གྱི་འགྱུར། འཕགས་པ་འཇམ་དཔལ་མཆེད་བཞིའི་སྔགས་རྒྱུད་ལེའུ་དགུ་པ་རྩ་བའི་རྒྱུད། འཇམ་དཔལ་མ་རུ་རྩེ་བའི་རྒྱུད་ཕྱི་མ་ལེའུ་བདུན་རྫོགས་མཐའ་ཅན། དཔལ་གཤིན་རྗེ་ནག་པོའི་མེ་རླུང་སྦྱིན་ཐང་འཁྲུགས་པའི་རྒྱུད་ལེའུ་ལྔ་བཅུ་ང་གསུམ་རྣམས་སོ།། །།ཚ་བ་ལ། རྟ་མཆོག་རོལ་པའི་རྒྱུད་ལེའུ་ཉིས་བརྒྱ་དང་བརྒྱད་རཀྴི་སིདྡྷི་དང་། ལྕེ་ཀུ་ཀུ་རཱ་ཛཱི་འགྱུར། དབང་རྒྱས་རྟ་མཆོག་རོལ་པ་ལེའུ་དྲུག་ཅུ་ཐམ་པ། པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་ཡོན་ཏན་གྱི་རྒྱུད་


JL02_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དགུ་པ། པདྨ་སམ་བྷ་ལ་དང་། ཁ་ཆེ་ཨ་ནནྟའི་འགྱུར། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལེའུ་བཅུ་གསུམ། འགྱུར་གོང་འདྲ། པདྨ་དབང་ཆེན་འདུས་པའི་རྒྱུད་ཆེན་པོ་ལེའུ་སུམ་ཅུ་སོ་ལྔ། རྒྱ་གར་བ་རཀྴི་སིདྡྷི་དང་། བོད་ཀུ་ཀུ་རཱ་ཛའི་འགྱུར། ཕྱིས་གནུབས་ཆེན་གྱིས་ཀྱང་ཞུས་པ། དབང་ཆེན་འདུས་པའི་ཏནྟྲ་ལས། མགོན་ན་རྩིས་མགོས་ལེའུ་བཅུ་གཅིག་ལ་བྲོའི་ལེའུ་ནང་གསེས་སུ་ཕྱེ་བ་དྲུག་གཅིག་ཏུ་བྱས་པ་བསྣན་པས་ལེའུ་བཅུ་གཉིས་པར་སོང་བ། ངང་ལེའུ་བརྒྱད་གཅིག་ཏུ་བྱས་པ་བསྣན་པས་ལེའུ་བཅུ་གསུམ་དུ་སོང་། དེ་ནས་མུ་མཐུད་ལེའུ་དྲུག་ཅུ་རེ་གཉིས་རྫོགས་མཐའ་ཅན། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལེའུ་བཅུ་གཉིས་པ། པདྨ་འབྱུང་གནས་དང་། ཁ་ཆེ་ཨ་ནནྟའི་འགྱུར། པདྨ་དབང་ཆེན་དྲེགས་པ་གནང་འབེབས་ཀྱི་རྒྱུད་ལེའུ་བཅུ་གཅིག། འགྱུར་གོང་འདྲ་རྣམས་སོ།། །།ཛ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ་དབང་ཆེན་འདུས་པའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི། པཎྜི་ཏ་པདྨ་འབྱུང་གནས་དང་། ལོ་ཙཱ་སྦ་སང་ཤི་ང་། ངན་ལམ་རྒྱལ་བ་མཆོག་དབྱངས། ཅོག་རོ་རྣམས་ཀྱི་འགྱུར། རྔོག་མ་ལེབ་རྒྱན་གྱི་རྒྱུད་ལེའུ་བཅུ་བདུན། སློབ་དཔོན་ཆེན་པོ་པདྨའི་ཞབས། ཁ་ཆེ་ཨ་ནནྟ་དང་། བཻ་རོའི་འགྱུར། རྟ་མགྲིན་ལས་རྒྱུད་ལེའུ་བཅུ་གཅིག། སློབ་དཔོན་པདྨ་དང་། རྒྱལ་བ་མཆོག་དབྱངས་ཀྱི་འགྱུར། རྟ་མགྲིན་གསང་རྒྱུད་ལེའུ་ཉི་ཤུ་རྩ་ལྔ། པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལེའུ་ཉེར་དགུ། སློབ་དཔོན་ཆེན་པོའི་རང་འགྱུར། པདྨ་དབང་ཆེན་ཡང་གསང་བྲོས་པའི་རྒྱུད་ལེའུ་བཅུ་གསུམ། བཻ་རོ་ཙཱ་ནས་མངའ་བདག་རྒྱལ་པོ་ལ་སྤྲད་པ། དཔལ་རྟ་མགྲིན་གསང་བ་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ་ལེའུ་ཉེར་གཉིས། ཨོ་རྒྱན་སངས་རྒྱས་གཉིས་པས། ཁྲི་སྲོང་ལྡེའུ་བཙན་དང་། རྒྱལ་བ་མཆོག་དབྱངས་ལ་གདམས་པ། ཕྱིར་མི་བཟློག་པ་སྡོམ་ཅན་རྟ་མགྲིན་གྱི་རྒྱུད་ལེའུ་དྲུག། པདྨ་དབང་ཆེན་གྱི་རྒྱུད་རྫོགས་སོའི་མཐའ་ཅན། ཀླུ་འདུལ་བའི་རྒྱུད་ལེའུ་སུམ་ཅུ་སོ་བདུན། རྡོ་རྗེ་སེམས་དཔའི་


JL02_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལེའུ་ཉེར་བརྒྱད། ཨོ་རྒྱན་ཆེན་པོ་དང་། ནམ་མཁའི་སྙིང་པོའི་འགྱུར། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན། བཛྲ་བཱ་ཎིས་བསྡུས་ཏེ་སྤྲུལ་སྐུ་པདྨ་འབྱུང་གནས་ལ་གཏད་པ། པདྨའི་ཞབས་དང་། ནམ་སྙིང་འགྱུར། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་བསྐུར་རྒྱལ་པོའི་རྒྱུད་ལེའུ་ཉེར་གཅིག། ཧེ་རུ་ཀ་གལ་པོ་ལེའུ་འམ་བརྟག་པ་ཉེར་གསུམ། པདྨ་སམ་བྷ་ལས་བལ་པོ་བ་སུ་དྷ་ར་ལ་གནང་། དེས་གནུབས་ཆེན་ལའོ། །ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ལེའུ་དགུ། པདྨ་སམ་བྷ་ཝ་དང་། ནམ་སྙིང་འགྱུར། དཔལ་ཧེ་རུ་ཀ་གལ་པོ་ལེའུ་བཅུ་དྲུག། ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལེའུ་ཉེར་གཉིས། རྡོ་རྗེ་སེམས་དཔས་བསྡུས། སློབ་དཔོན་པདྨས་གཞུང་བསྲངས་པ་རྣམས་སོ། །ཝ་པ་ལ། དཔལ་ཁྲག་འཐུང་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལེའུ་སུམ་ཅུ་སོ་གཉིས་འདི་ལ་ཧེ་རུ་ཀ་གལ་པོ་དུར་ཁྲོད་མངོན་པར་འབྱུང་བའི་རྒྱུད་ཀྱང་ཟེར། པདྨ་སམ་བྷ་ཝ་དང་། བཻ་རོའི་འགྱུར། འཇིག་རྟེན་ལས་འདས་པའི་མདོ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཅིག། པདྨ་སམ་བྷ་ཝ་དང་། ནམ་སྙིང་འགྱུར། དེ་བཞིན་རིགས་ཀྱི་སྒྲུབ་ཐབས་གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་ལེའུ་ཉེར་གཉིས། བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལེའུ་ཉེར་གཉིས་མཐའ་ཅན། བི་མ་ལ་དང་། ཞང་ཛྙཱ་ནས་གཏན་ལ་ཕབ། ཕྱིས་སྐ་བ་དཔལ་བརྩེགས་ཀྱིས་བཅོས། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ལེའུ་ཉེར་བདུན། འོག་མིན་དུ་གྲགས་པ། བི་མ་དང་གཉགས་ཀྱི་འགྱུར། བདུད་རྩི་བམ་བརྒྱད་བམ་པོ་ཆེན་པོ་བརྒྱད་པ་རྫོགས་མཐའ་ཅན། ཐམས་ཅད་བདུད་རྩིའི་རང་བཞིན་བདུད་རྩི་བུམ་པ་དུམ་བུ་གསུམ་པའི་རྒྱུད་བུ་ཆུང་། བདུད་རྩི་འཁོར་ལོ་འབར་བའི་རྒྱུད་ལེའུ་བདུན། བི་མ་ལ་དང་། གཉགས་ཀྱི་འགྱུར། བདུད་རྩི་རིན་པོ་ཆེ་ཕྲེང་བའི་རྒྱུད་ལེའུ་བདུན། འགྱུར་གོང་འདྲ། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལེའུ་བཅུ་ཐམ་པ། འགྱུར་གོང་འདྲ། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལེའུ་བཅོ་ལྔ་པའི་མལ་ནས་བརྒྱུད་པ། བདུད་རྩི་ལས་རྒྱ་མཚོའི་རྒྱུད་ལེའུ་ཉི་ཤུ་


JL02_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་པ། བི་མ་ལ་དང་། གཉགས་འགྱུར། བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལེའུ་དྲུག། འགྱུར་གོང་འདྲ། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལེའུ་བཅུ་བཞི། བི་མལ་དང་། ལོ་ཙཱ་འཇིང་མཆིམས་གསལ་འབར་གྱི་འགྱུར། བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལེའུ་ལྔ་བཅུར་དགུ། མངའ་བདག་ཉང་རལ་གྱི་གཏེར་མ་རྣམས་སོ། །ཞ་པ་ལ། ཕུར་བ་རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལེའུ་བཅུ་བདུན། སློབ་དཔོན་ཆེན་པོ་དང་། དམ་འབྲས་ལེས་མཆིམས་ཕུ་དགེ་གོང་དུ་བསྒྱུར་བ། ཕུར་པ་རྩ་དུམ་པདྨ་སམ་བྷ་ཝདང་། ལྕེ་ཀུ་ཀུ་རཱ་ཙ། བྲང་ཏི་ཛ་ཡ་རཀྵི་ཏ་གསུམ་གྱི་འགྱུར། སླར་ཡང་དཔལ་བསམ་ཡས་གཙུག་ལག་ཁང་དུ་རྒྱལ་པོའི་བླ་དཔེ་དང་། མུ་ཏིག་པ་མ་གོང་ནས་བྱོན་པའི་གཏེར་དཔེ་གཉིས་བླ་མ་ཁྱུང་པོ་ཁྲོ་འབར་གྱིས་བསྟུན་པས་འགྱུར་གཅིག་ཏུ་མཐུན་པ། རྡོ་རྗེ་ཁྲོས་པ་ཕུར་བ་རྩ་བའི་རྒྱུད་ཀྱི་བཤད་པ་ལེའུ་བཅུ་གསུམ། རྒྱ་གར་ཁ་ཆེའི་ཡུལ་དུར་ཁྲོད་བྷིས་ཀའི་མཆོད་རྟེན་རྩར། རྗེ་བཙུན་རྡོ་རྗེ་སེམས་མ་དང་། ལོ་ཙཱ་འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སྨད་དུ་རྗེ་བཙུན་མ་དེ་ཉིད་དང་། ལོ་ཙཱ་འབྲོམ་སྟོན་རྒྱལ་བས་བཅོས་ཏེ་གཏན་ལ་ཕབ། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་གི་རྒྱུད་ལེའུ་ཉི་ཤུ་ཐམ་པ། པདྨ་སམ་བྷ་ཝ་དང་། ལོ་ཙཱ་བ་བྲང་ཏི་ཛ་ཡ་རཀྵི་ཏའི་འགྱུར། དེ་བཞིན་གཤེགས་པ་ཆེན་པོ་རྡོ་རྗེ་ཕུར་པའི་རྒྱུད་དམ་བཤད་པའི་རྒྱུད་ལེའུ་བཞི་བཅུ་ཞེ་བཞི། ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་དམ། ཀརྨ་ཀུ་རུའི་རྒྱུད་ལེའུ་བཅོ་ལྔ། བི་མ་ལ་དང་། གཉགས་ཀྱི་འགྱུར། རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏུགས་པ། ཕུར་པ་ལས་ཀྱི་རྒྱུད་དམ་ཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་བཞི། ཨོ་རྒྱན་མཁའ་འགྲོའི་གླིང་ནས་སློབ་དཔོན་པདྨས་བསྣམས་པ་རོང་ཟོམ་གཞོན་བློའི་འགྱུར། རྡོ་རྗེ་ཕུར་བ་ཆེན་པོ་གཏོར་མའི་རྒྱུད་ལེའུ་བརྒྱད། ཕུར་བུ་ཟ་བྱེད་ཡཀྴ་འབར་བའི་རྒྱུད་ལེའུ་བཅུ་གཅིག། རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ལེའུ་ཉེར་བརྒྱད། སློབ་དཔོན་བྷ་ཤི་ཏའི་འགྱུར། སྐུ་དང་ཡེ་


JL02_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད་ལེའུ་བཅོ་ལྔ། ཛྙཱ་ན་གརྦྷ་དང་། བཻ་རོའི་འགྱུར། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུྃ་ཀཱ་རའི་རྒྱུད་ལེའུ་ལྔ། ཁྲོ་བོ་རྣམ་རྒྱལ་རྒྱུད་ལེའུ་བདུན། དབྱུག་སྔོན་རྒྱུད་ལེའུ་ལྔ། གཤིན་རྗེ་གཤེད་རྒྱུད་ལེའུ་བཞི། མི་གཡོ་བའི་རྒྱུད་ལེའུ་ལྔ། ཁྲོ་བོ་རྟ་མགྲིན་རྒྱུད་ལེའུ་དྲུག། ཁྲོ་བོ་གཞན་གྱིས་མི་ཐུབ་རྒྱུད་ལེའུ་ལྔ། བདུད་རྩི་འཁྱིལ་བའི་རྒྱུད་ལེའུ་དྲུག། ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལེའུ་བདུན། སྟོབས་པོ་ཆེའི་རྒྱུད་ལེའུ་ལྔ་རྣམས། དཔལ་རྡོ་རྗེ་ཕུར་བ་མེ་ལོང་གསལ་བའི་སྤུ་གྲི་རེག་གཅོད་འཁོར་ལོའི་རྒྱུད་ལེའུ་བདུན། རྒྱུད་ཀྱི་རྒྱལ་པོ་དཔལ་འཇིག་རྟེན་སྣང་བྱེད་ཅེས་བྱ་བ་ལེའུ་ཉེར་བདུན། ཛྙཱ་ན་གརྦྷ་དང་། བཻ་རོའི་འགྱུར། སླར་སྐ་ཅོག་ཞང་གསུམ་གྱིས་ཀྱང་ཞུས། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལེའུ་བཅུ་དྲུག། ཛྙཱ་ན་གརྦྷ་དང་། བཻ་རོའི་འགྱུར། ཕྱིས་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །ཟ་པ་ལ། ཕུར་བ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལེའུ་བཅོ་ལྔ། རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ནས་བསྒྱུར་བ་ལས། ཡང་པདྨ་ཐོད་ཕྲེང་ལ་དང་། ལོ་ཙཱ་བ་དཔལ་གྱི་ཡེ་ཤེས་ཀྱིས་ཀྱང་བསྒྱུར་བ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་བཅུ་ང་གཉིས། རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་ཀྱི་གསང་བའི་དོན་གྱི་རྒྱུད་ལེའུ་ལྔ། སྦས་པ་ཟབ་མོ་བདུད་རྩིའི་རྒྱུད་ལེའུ་དགུ །ཛྙཱ་ན་གརྦྷ་དང་། བཻ་རོའི་འགྱུར། བསེ་སྒྲོམ་དམར་པོའི་རྒྱུད་ལེའུ་བཞི། ལྷ་སྲས་ལྕམ་སྲིང་ལ་སློབ་དཔོན་ཆེན་པོས་གནང་བ། ཤྭ་ན་དཀར་ནག་གི་རྒྱུད་ལེའུ་བཞི། རྡོ་རྗེ་ཕུར་པ་ཕྲིན་ལས་ཀྱི་འཁོར་ལོ་གབ་པ་གསང་བའི་རྒྱུད་ལེའུ་བཅུ་གཉིས། གུ་རུ་པདྨ་དང་། གཉགས་ཀྱི་འགྱུར། རྡོ་རྗེ་འབར་བ་གསང་བའི་རྒྱུད་ཆུང་། ཛྙཱ་ན་གརྦྷ་དང་། བཻ་རོའི་འགྱུར། ཡང་རྡོ་རྗེ་འབར་བའི་རྒྱུད་ལེའུ་བཅུ་བདུན། བམ་པོ་བཞི་པ་འགྱུར་གོང་འདྲ་ལ་ཕྱིས་སྐད་གསར་བཅད་ཀྱིས་བཅོས། ཕུར་པ་གསང་བའི་དགོངས་རྒྱུད་ཆེན་པོ་ལེའུ་བརྒྱད་ཅུ་གྱ་གཉིས། །སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་། ལོ་ཙཱ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཇོ་


JL02_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བྲང་ཏི་ཛ་ཡ་རཀྵི་ཏའི་འགྱུར། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལེའུ་ཉེར་གཉིས། ཕུར་བུ་འབུམ་སྡེའི་ནང་ནས་ཕྱུང་བརྒྱ་གར་གྱི་སློབ་དཔོན་ཀཱ་མ་རུ་པར་འཁྲུ་རས་པའི་ནག་པོའི་ཞབས་དང་། ལོ་ཙཱ་བ་ཤྲཱི་བྷ་ལ་ཀུན་ཏྲ་དྷ་ན་དེ་བས་ལུས་དབུས་འགྱུར་འོད་མའི་ཚལ་ཆུ་སླད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད་ལེའུ་བཅོ་བརྒྱད། ཕུར་པ་བཅུ་གཉིས་འབྱུང་བའི་རྒྱུད་ཆུང་ངུ་བསྟན་པ་ལེའུ་བཅུ་གཉིས། སློབ་དཔོན་བི་མ་ལ་དང་། གཉགས་ཛྙཱ་ན་ཀུ་མཱ་རའི་འགྱུར། རྡོ་རྗེ་ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལེའུ་བཅུ་གཉིས། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལེའུ་བཞི་བཅུ་ཞེ་བཞི། ལྕེ་ཀུ་ཀུ་རཱ་ཛ་དང་། བྲང་ཏི་ཛ་ཡ་རཀྵི་ཏའི་འགྱུར། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་འབྱུང་པོ་ཀུན་འདུལ་ལེའུ་བཅུ་དྲུག། སློབ་དཔོན་ཆེན་པོས་བི་ཏོ་ཏ་མ་ལ་འབུམ་སྡེའི་ཏན་ཏྲ་ལས་ཕྱུང་བ་བདུད་འདུལ་སྔགས་པ་གླིང་དུ་ལྕེ་ཛྙཱ་ན་ཀུ་ཀུ་རཱ་དང་། བྲང་ཏི་ཛ་ཡ་རཀྵིཏས་བསྒྱུར་ཏེ་མཁར་ཆེན་བཟའ་ལ་གཏད་པ། རྡོ་རྗེ་ཕུར་པ་ན་དུང་རྩེ་དམར་པོའི་རྒྱུད་ལེའུ་བཅུ་དགུ་རྣམས་སོ། །འ་པ་ལ། ཡུམ་གཟུངས་མའི་དངོས་གྲུབ་ཆེན་མོའི་རྒྱུད་ལེའུ་ལྔ་བཅུ་ང་གསུམ། མ་མོ་སྲིད་པའི་རྒྱུད་ལུང་གི་རྒྱུད་ཕྱི་མ་རྫོགས་སོའི་མཐའ་ཅན། མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད་ལེའུ་བཅུ་གཉིས། པཎྜི་ཏ་གུ་ཧྱ་གསང་བ་དང་། འབྲོག་མི་དཔལ་ཡེའི་འགྱུར། མ་མོ་ལ་མ་རྒྱུད་ལུང་ལས་ལེའུ་བཅུ་བཞི། འགྱུར་གོང་འདྲ། མ་མོ་ཐམས་ཅད་ཀྱི་ལས་རྒྱུད་ལུང་ཞེས་བྱ་བ་ལེའུ་བཅུ་དྲུག། སྲིད་པ་མཚོ་བཞིའི་རྒྱུད་ལེའུ་ཉེར་གཉིས། མགོར་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཞེས་པ་ལེའུ་བརྒྱད། མ་མོ་འདུས་པའི་ཏནྟྲ་རྫོགས་སོའི་མཐའ་ཅན། མགོར་དཔལ་ཁྲག་འཐུང་གི་རྒྱལ་པོ་དང་། ཡུལ་རིག་པའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ཞེས་པ་ལེའུ་དགུ་པའི་མཐར་སྲིད་པ་རྒྱུད་ལུང་གི་རྒྱུད་ཕྱི་མཁའ་བར་ནག་པོ་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ་རྫོགས་མཐའ་ཅན། ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ཉིས་གསུམ་དུ་


JL02_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ཞེས་བྱའི་རྒྱུད་གླེང་གཞིའི་ལེའུ་དང་། ལས་ཀྱི་མཁའ་འགྲོ་མའི་རྒྱུད་ཆེན་རྫོགས་སོའི་མཐའ་ཅན་རྒྱ་གར་བ་ཤཱནྟི༚ི༚་གརྦྷ་དང་། ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བ། མ་མོ་འབུམ་ཏིག་གི་རྒྱུད་ལེའུ་བཞི་བཅུ་ཞེ་བརྒྱད། རྩ་བའི་རྒྱུད་རྫོགས་སོའི་མཐའ་ཅན། དེ་ནས་མུ་མཐུད་མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད་ལེའུ་བརྒྱ་དང་ཞེ་གཉིས། མགོར་བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀའི་རྒྱལ་བ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན་ཞེས་ཡོད་པ་ལེའུ་སུམ་ཅུ་སོ་གཉིས། གནུབས་ནམ་མཁའི་སྙིང་པོའི་འགྱུར། མགོར་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་ཡོད་པ་ལེའུ་བཅུ་གཉིས། བྱང་སྐོར་གྱི་རྒྱུད་ཕྱི་མ་རྫོགས་སོའི་མཐའ་ཅན། ལྷ་མོ་ནག་མོའི་སྔགས་རྒྱུད་ལེའུ་བཅུ་གཅིག། དེའི་རྒྱུད་ཕྱི་མ་མགོར། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་ཞེས་ཡོད་པ་ལེའུ་བཅུ་གཉིས། དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལེའུ་དགུ། ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི། ཕྲ་མེན་སྤྱང་རྒྱལ་གྱི་རྒྱུད་རྫོགས་མཐའ་ཅན། སྙིང་ཐིག་བསྐོར་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལེའུ་ཉི་ཤུ་ཐམ་པ། མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ལེའུ་ཉེར་གཉིས་པ་སྔ་འགྱུར་ལ་མཁའ་འགྲོ་མ་ཆེན་མོ་སྡོམ་པའི་ཀ་མ་ལའི་ཞལ་སྔ་ནས་དང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་འགྱུར་བ་རྣམས་སོ། །ལ་པ་ལ། དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊཱིའི་རྒྱུད་ལེའུ་དགུ་བཅུ་གོ་དྲུག དྷ་ན་སཾ་སྐྲྀ་ཏ་དང་། འབྲོག་མི་དཔལ་ཡེའི་འགྱུར། ཨེ་ཀ་ཛ་ཊཱི་སྦས་པ་ནག་མོའི་རྒྱུད་ལེའུ་ལྔ། ཨེ་ཀ་ཛ་ཊཱི་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལེའུ་སུམ་ཅུ་སོ་གཉིས། དེ་ཝ་ཙནྡྲ་ལ་བཻ་རོས་ཞུས། འཕགས་པ་ཏེ་སྡུད་འབར་མའི་རྒྱུད་ལེའུ་བཅུ་གཅིག། དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད་ལེའུ་བཅོ་བརྒྱད། བདུད་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་རྒྱུད་ལེའུ་བཅོ་ལྔ། འཕགས་པ་ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་ཅེས་བྱ་བ་སྔགས་ཀྱི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅོ་ལྔ། མགོར་དེ་ནས་བྱང་ཆུབ་


JL02_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་ཡོད་པའི་རྡོ་རྗེ་ནག་མོ་དབང་ཕྱུག་མ་ཕྱི་མའི་རྒྱུད་ལེའུ་བཅུ་གཉིས། ནག་མོ་སྔགས་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལེའུ་བདུན་པ་རྡོ་རྗེ་གདན་ནས་བྱུང་ཟེར་བ་ལྷ་མོ་དཔོན་གཡོག་གཉིས་ཀའི་རྒྱུད་ཡིན། ལྷ་འདྲེ་སྟོང་གི་དྲྭ་བའི་རྒྱུད་ལེའུ་ལྔ་བཅུ་ང་གསུམ། སྲིད་པའི་བེམ་དངོས་བསྟན་ལེའུ་བཞི་བཅུ་ཐམ་པ་དང་། རྗེས་འབྲེལ་སྐབས་ཉི་ཤུ་རྩ་གྲངས་སྐོར་གྱིས་རྫོགས་པ་རྣམས་སོ། །ར་པ་ལ། དཔལ་མགོན་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལེའུ་སུམ་ཅུ་སོ་དྲུག བྲམ་ཞེ་གསལ་བའི་རྒྱན་དང་། བལ་པོའི་རྒྱལ་པོ་བ་སུ་དྷ་རས་བསྒྱུར་བ། དཔལ་མགོན་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད། དཔལ་མགོན་ནག་པོ་གསང་བ་སྙིང་གི་འཁོར་ལོ་རྟོག་པ་བཅོ་ལྔ། གནུབས་ཆེན་གྱིས་བསྒྱུར་བ། དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་བཞི་བཅུ་ཞེ་ལྔ། རྒྱ་མཁན་དྷ་ན་སཾ་སྐྲྀ་དང་། པ་གོར་བཻ་རོའི་འགྱུར། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ་ལེའུ་བཅུ་གཉིས། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་དམ་མ་ཧཱ་ཀ་ལའི་རྒྱུད་ལེའུ་ཉེར་གཅིག། རྗེ་བཙུན་ཤཱནྟི་བྷ་དྲས་ཞུས་པ་ལ། དགེ་སློང་ཚུལ་ཁྲིམས་རྒྱལ་བས་འགྱུར་བ། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ལེའུ་བཅུ་ཐམ་པ། སྣ་ནམ་བླ་མས་བསྒྱུར་ཞུས་གཏན་ལ་ཕབ། ནག་པོ་ཆེན་པོ་ལས་མགོན་བྱ་རོག་གདོང་གི་རྒྱུད་ལེའུ་བཅོ་ལྔ། ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ལེའུ་བཅུ་གཉིས། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལེའུ་བཅུ་བཞི། རལ་གཅིག་མ་ཆོས་ཀྱི་བདག་མོ་སྤུ་གྲི་ཡ་མའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ། རྒྱ་གར་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང་། བོད་ཀྱི་སློབ་དཔོན་དགེ་སློང་ཡང་དབང་གཏེར་གྱིས་ཞུས་ཏེ་གཏན་ལ་ཕབ་པ་སྟེ། སྤྱིར་རྒྱུད་ཀྱི་སྡེ་ཚན་ནམ། ཆོས་ཀྱི་རྣམ་གྲངས་བཞི་བརྒྱར་ལྡང་བའི་བཞུགས་ཚོགས་དང་བཅས་པའི་མཐར། རྒྱུད་འབུམ་རིན་


JL02_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་གྱིས་རྣམ་པར་མཛེས་པའོ། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་བ། རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་བཞུགས་བྱང་སྨོས་པའི་རབ་ཏུ་བྱེད་པ་སྟེ། སྐབས་བརྒྱད་པའོ།། །།


previousཆོས་ཀྱི་བཞུགས་བྱང་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་བརྒྱད་པ།next