Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
གཏམ་ཚོགས་ལེའུ་གཉིས་པ། ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་གཉིས་པ། ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན།next

གཏམ་ཚོགས་ལེའུ་གཉིས་པ། ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན།


JLAZ007_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན་ཅེས་བྱ་བ། ན་མ་ཤྲཱི་ཀཱ་ལ་ཙཀྲ་ཡ། དྲང་སྲོང་ཐུབ་པ་ཉིན་བྱེད་ནི། །བསྟན་པ་ཀུན་གྱི་ངོ་བོ་ཉིད། །དཔལ་ལྡན་ཆ་བསགས་གྲོང་ཁྱེར་ན། །དམ་པ་དང་པོའི་སངས་རྒྱས་ཞེས། །ཟླ་བཟང་ལ་སོགས་ཆོས་རྒྱལ་བདུན། །རིགས་ལྡན་ཉེར་པཞི་ཕྱི་མའི་སྲས། །དྲག་པོ་འཁོར་ལོ་ཀླ་ཀློའི་གཤེད། །རྒྱལ་དང་དེ་སྲས་རྣམ་པར་འདུད། །ཕྱི་ནང་གཞན་གསུམ་རྣམ་གཞག་པ། །དཔལ་ལྡན་དུས་ཀྱི་འཁོར་ལོ་སྟེ། །ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་དང། །བླ་འོག་ལྟར་གྱུར་གོ་ལ་ནི། །བརྟན་གཡོའི་རླུང་འདུས་འཁོར་ལོའི་དབྱིབས། །སྟེང་ནས་སྟེང་བརྩེགས་རྨོག་བརྩེགས་མ། །ཕྱིར་བསྐྱེད་སྟེང་བསྐྱེད་ལྕགས་སྒྲོག་མ། །གྲུ་ཆགས་མ་ཞེས་ཁྱིམ་དང་ནི། །ཁྱིམ་ཅན་ཞེས་གྲགས་ཐ་སྙད་གཉིས། །རི་རབ་བླ་ལ་གདུགས་ལྟར་ཕུབ། །དབུས་མཐོ་ལྷུན་པོ་ལ་ཉེ་ཞིང༌། །མཐའ་གཞོལ་མེ་ལ་ཉེ་བར་དམའ། །སྒང་གཤོངས་ཚུལ་གྱིས་གཡས་སྐོར་འགྲོ། །གཉའ་ཤིང་འཛིན་


JLAZ007_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བླ་གབ་ལ། །དབང་བྱེད་གཟའ་དང་རྒྱུ་སྐར་གྱི། །གནས་དང་ལོངས་སྤྱོད་ལི་ཁ་ནིས། །རྗེས་དཔག་ཞེས་བྱའི་ཡན་ལག་ལ། །སྐར་མའི་རྩིས་ཞེས་ཡོངས་སུ་གྲགས། །དེ་ལ་བཤད་གཞི་ཁྱིམ་ཡིན་ཏེ། །ལུག་གླང་འཁྲིག་པ་ཀརྐ་ཊ། སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་ཀྱི། །ཁྱིམ་རེར་རྒྱུ་སྐར་རྐང་པ་དགུ། །རྒྱུ་སྐར་རེ་ལ་རྐང་པ་བཞི། །རྐང་རེར་ཆུ་ཚོད་བཅོ་ལྔ་རེས། །ཕྱེ་ནས་འདི་ལྟར་གཞལ་བྱ་སྟེ། །ཐ་སྐར་བྲ་ཉེའི་རྐང་བརྒྱད་དང༌། །སྨིན་དྲུག་བཞི་ཆ་ལུག་ཁྱིམ་མཐོ། །སྨིན་དྲུག་རྐང་གསུམ་སྣར་མ་དང། །མགོ་ཡི་ཕྱེད་ཆ་གླང་གི་ཁྱིམ། །མགོ་ཕྱེད་ལག་པ་རིལ་པོ་དང༌། ནབས་སོའི་རྐང་གསུམ་འཁྲིག་པའི་ཁྱིམ། །ནབས་སོའི་རྐང་གཅིག་རྒྱལ་དང་སྐག །གཉིས་བསྡོམས་ཀརྚའི་ཁྱིམ་སྟེ་དམའ། །མཆུ་གྲེ་གཉིས་དང་དབོའི་རྐང་གཅིག །སེང་གེའི་ཁྱིམ་མོ་དབོའི་གསུམ་དང༌། །མེ་བཞི་རིལ་པོ་ནག་པའི་ཕྱེད། །བུ་མོའི་ཁྱིམ་དུ་ཤེས་པར་བྱ། །ནག་པའི་ཕྱེད་དང་ས་རི་ཡོངས། །ས་གའི་རྐང་གསུམ་སྲང་ཁྱིམ་མཐོ། །ས་གའི་རྐང་གཅིག་ལྷ་མཚམས་སྣྲོན། །གཉིས་རྫོགས་སྡིག་པའི་ཁྱིམ་དུ་གྲགས། །སྣྲུབས་དང་ཆུ་སྟོད་གཉིས་བསྡོམས་བརྒྱད། །ཆུ་སྨད་རྐང་གཅིག་གཞུ་ཡི་ཁྱིམ། །ཆུ་སྨད་རྐང་གསུམ་གྲོ་བཞིན་ཡོངས། །མོན་གྲེའི་རྐང་གཉིས་ཆུ་སྲིན་དམའ། །


JLAZ007_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མོན་གྲེའི་ཕྱེད་དང་མོན་གྲུ་རིལ། །ཁྲུམས་སྟོད་རྐང་གསུམ་བུམ་པའི་ཁྱིམ། །ཁྲུམས་སྟོད་རྐང་གཅིག་ཁྲུམས་སྨད་དང༌། །ནམ་གྲུ་གཉིས་རྫོགས་ཉའི་ཁྱིམ་མོ། །གཟའ་རྣམས་སོ་སོའི་སྐྱེས་ཁྱིམ་ནི། །ཉི་མ་ཀརྐ་ཊ་ཡི་ཁྱིམ། །ནབས་སོའི་རྐང་པ་བཞི་བར་སྐྱེས། །ཟླ་བ་ལུག་ཁྱིམ་ཐ་སྐར་ཐོག །མིག་དམར་སེང་ཁྱིམ་མཆུ་ཕྱེད་སྐྱེས། །ལྷག་པ་སྡིག་ཁྱིམ་ལྷ་མཚམས་དབུས། །ཕུར་བུ་བུ་མོའི་མེ་བཞིའི་ཐོག །པ་སངས་འཁྲིག་ཁྱིམ་ནབས་སོའི་ཐོག །སྤེན་པ་གཞུ་ཁྱིམ་སྣྲུབས་ཐོགས་མ། །སྒྲ་གཅན་གདོང་པ་སྲང་ཁྱིམ་གྱི། །ནག་པའི་ཕྱེད་དང་མཇུག་མ་ནི། །ཉ་ཁྱིམ་ནམ་གྲུའི་མཐའ་ལ་སྐྱེས། །མཇུག་རིང་གཞུ་ཁྱིམ་ཆུ་སྨད་མཐའ། །བུམ་པར་དམའ་ཤོས་རྀ་ཥི་དང༌། །གླང་ལ་མཐོ་ཤོས་བརྟན་པར་སྐྱེས། །དེ་བཞིན་ཁྱིམ་གྱི་མཐོ་ཤོས་ནི། །སྨེ་བདུན་དམའ་བར་སྤེན་པ་གནས། །ཟླ་ལྷག་པ་སངས་མཇུག་རིང་བཞི། །དམར་ཕུར་སྤེན་པ་སྒྲ་གཅན་དྲག །ཞི་བ་དྲག་ཕྲད་གཡོན་ནས་འགྲོ། །ཅིག་ཤོས་དེ་ལས་ལྡོག་པ་སྟེ། །རང་རང་ནང་ཕྲད་ངེས་པ་མེད། །ཀུན་ལ་ཤར་ནུབ་ལྷོ་བྱང་གི །འགྲོས་བཞིའི་ཐ་སྙད་གྲགས་ན་ཡང༌། །ཉི་ཟླའི་རང་འགྲོས་ནུབ་མི་མངོན། །དེ་བཞིན་དུས་བཞི་གཡོན་སྐོར་དུ། །འཁོར་བར་འདོད་ལ་དགག་བསྒྲུབ་དང༌། །དབྱར་དགུན་སྟོན་དཔྱིད་དུས་ཚིགས་


JLAZ007_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི། །སྔ་དྲོ་ཉིན་གུང་ཕྱི་དྲོ་ལ། །ཉི་མ་རིང་ཐུང་ཡོད་པ་སོགས། །མངོན་སུམ་ཉིད་དེ་ཞལ་ལུང་དཔྱད། །དེ་ལ་ལོ་ཡི་དབྱེ་བ་ནི། །ནད་མེད་སྐྱེས་བུ་དར་མ་ཡི། །འབྱུང་འཇུག་གནས་པའི་དབུགས་གཅིག་ལ། །ཁུག་པ་ཞེས་གྲགས་དྲུག་ལ་སྲང༌། །ཆུ་སྲང་དྲུག་ཅུར་ཆུ་ཚོད་དེ། །ཆུ་ཚོད་དྲུག་ཅུར་ཉིན་ཞག་གཅིག །ཞག་རེར་དབུགས་གྲངས་ཉི་ཁྲི་དང༌། །ཆིག་སྟོང་དྲུག་བརྒྱ་འགྱུ་བ་ཡིན། །དེ་ལྟའི་ཞག་ནི་སུམ་ཅུར་ཟླ། །ཟླ་བ་བཅུ་གཉིས་ལོར་བཤད་པ། །རགས་པའི་རྣམ་གཞག་ཡོངས་གྲགས་ཏེ། །ཞིབ་པར་རྒྱུ་སྐར་ཆུ་ཚོད་ནི། །སྟོང་དང་དྲུག་བརྒྱ་ཉི་ཤུའི་གྲངས། །ཉི་མས་ཡོངས་སུ་འཁོར་བ་ནི། །ལོ་གཅིག་ཡིན་ཏེ་ཆོས་ཞག་གིས། །གཞལ་ན་ཞག་གྲངས་སུམ་བརྒྱ་དང༌། །དོན་གཅིག་ཆུ་ཚོད་རིག་བྱེད་དེ། །ཆུ་སྲང་དུས་མེ་དབུགས་མདའ་དང༌། །འདོད་ཆ་ཐུབ་པས་འཁོར་བ་ཡིན། །དེ་ཡང་ཉིན་ཞག་གིས་གཞལ་ན། །ཞག་གྲངས་སུམ་བརྒྱ་རེ་ལྔ་དང༌། །ཆུ་ཚོད་མི་བདག་ཆུ་སྲང་ཡིད། །དབུགས་གཟུགས་འདོད་ཆ་ཉི་མ་དང༌། །རི་མཁའ་རི་ཆ་གཟུགས་ཉི་མས། །ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་འཁོར། །དེ་ནས་ལོ་འགོ་འཛིན་ཚུལ་ནི། །མདོ་རྒྱུད་མངོན་པ་ནག་རྩིས་སོགས། །བཞེད་ཚུལ་མང་ཡང་སྐབས་འདིར་ནི། །དཔལ་ལྡན་འབྲས་སྤུངས་


JLAZ007_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ཆེར། །ནག་ཉར་དུས་འཁོར་གསུངས་པ་དང༌། །གོ་ལ་གཡས་སྐོར་ལྷོ་གླིང་འདིར། །ཐ་སྐར་ཐོག་མར་འཆར་བའི་ཕྱིར། །ཁྱིམ་ལ་ལྟོས་ནའང་ལུག་གི་ཁྱིམ། །ནག་པ་ནས་བཟུང་ལོ་འགོ་འཛིན། །དུས་བཞི་ཆེན་པོ་རྫོགས་པའི་ཚེ། །ཟད་པ་མེ་སྟག་དབོ་ཟླའི་མཐར། །སྟོང་པར་ཞུགས་པ་ལ་ལྟོས་ནས། །ལོ་ཡི་ཐོག་མར་རབ་བྱུང་བཞག །སྟོང་འགྲེལ་ལས་ཀྱང་དེ་སྐད་དུ། །རབ་བྱུང་རྣམ་བྱུང་དཀར་པོ་དང༌། །རབ་མྱོས་སྐྱེས་བདག་ཨངྒི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང༌། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང༌། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང༌། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང༌། །ཀུན་ལྡན་འཕར་བ་དགེ་བྱེད་དང༌། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང༌། །ཞི་བ་ཐུན་མོང་འགལ་བྱེད་དང༌། །ཡོངས་འཛིན་བག་ཡོད་ཀུན་དགའ་དང༌། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་པའོ། །རྒྱ་ནག་ལུགས་ལ་བྱི་བ་ནས། །ཕོ་ལོ་དྲུག་དང་མོ་ལོ་དྲུག །བསྣོལ་མར་སྤེལ་བའི་


JLAZ007_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཅུ་གཉིས། །འབྱུང་བའི་ཁམས་ལྔས་ཕྱེ་བ་ལས། །དྲུག་ཅུ་སྐོར་ཞེས་གྲགས་པ་ཡི། །ལོ་འགོར་དཔྱིད་ར་སྟག་མཐུན་ཀྱང༌། །སྟག་གི་ངོས་འཛིན་མི་མཐུན་ཏེ། །གསོ་དཔྱད་ལུགས་ལ་མཆུ་ཟླ་དང༌། །ཧོར་གྱིས་རྒྱལ་ཟླར་ངོས་འཛིན་ཡང༌། །ད་ལྟ་ཡོངས་སུ་གྲགས་པ་ལ། །སྨལ་པོའི་ཟླ་བ་བཅུ་གཅིག་པ། །དཔྱིད་ར་སྟག་གི་ཚེས་གཅིག་སྟག །ནམ་ལངས་ཡོས་ནས་ལོ་འགོ་བཟུང༌། །ས་བདག་ཐམས་ཅད་དེ་ཡིས་བརྟག །གཞན་དུ་དོན་ལ་འགལ་མི་འགྱུར། །ལོ་ཡི་མིང་གི་ཐ་སྙད་ལ། །བགྲང་བྱ་འདོར་བྱེད་དུས་ཚིགས་དང༌། །འགྲོ་འོང་ཟླ་བའི་ཕྲེང་བ་དང༌། །ཟླ་བའི་ཕུང་པོ་དུས་ཀྱི་ཆ། །ཞེས་དང་ཟླ་བའི་ཐ་སྙད་ལ། །ལོ་ཡི་ཡན་ལག་ལོ་ཡི་མཛོད། །དབུགས་སྐྱེས་ཞག་གི་ཕུང་པོར་གྲགས། །ལོ་ཚོགས་བསགས་པ་བསྐལ་པ་སྟེ། །རྫོགས་ལྡན་སུམ་ལྡན་ཉིས་ལྡན་དང༌། །རྩོད་ལྡན་ཞེས་གྲགས་རིམ་པས་དམན། །དེ་བཞིན་ལོ་ཟླའི་ལེགས་སྦྱར་དང༌། །རྒྱ་སྐད་དགའ་བཟང་རྒྱལ་སྟོང་རྫོགས། །དབྱངས་དང་གསལ་བྱེད་ཚེས་ཀྱི་ལྷ། །བྱིས་གཞོན་རྒན་པོ་ལང་ཚོ་སྨིན། །འབྱུང་བ་ལྔ་དང་འདོད་ཡོན་ལྔ། །རྟེན་འབྲེལ་བཅུ་གཉིས་འབྱུང་ལྡོག་སོགས། །བཻཌཱུརྻ་ལ་ཁ་དོག་གིས། །ཁྱད་པར་བྱས་པའི་དཔེས་མཚོན་པའི། །གཏན་ལིས་


JLAZ007_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་འདིར་ཡང་དྲན། །རེས་ཀྱི་གཟའ་ནི་རྣམ་པ་བདུན། །ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །དེ་དག་མིང་གི་ཐ་སྙད་ནི། །མང་དུ་མཆིས་ཀྱང་མདོར་བསྡུ་ན། །ནམ་མཁའི་ནོར་བུ་ཉིན་མོར་བྱེད། །པདྨའི་གཉེན་དང་ཀུནྡའི་དགྲ། །སྣ་ཚོགས་ཤིང་རྟ་ཚ་ཟེར་ཅན། །མུན་པའི་དགྲ་བོ་མེ་སྦྱིན་སྐྱེས། །བདུན་གྱི་བདུན་པ་ཉི་མའི་མིང༌། །དྲག་པོའི་གཙུག་རྒྱན་རྒྱ་མཚོ་སྐྱེས། །རྡུལ་གྱི་ཐིག་ལེར་རི་དྭགས་ཅན། །རྒྱུ་སྐར་མུ་ཁྱུད་ཁ་བའི་འོད། །ཆགས་བྱེད་འོད་དཀར་ག་པུར་འཛིན། །ཤར་གྱི་ཐིག་ལེ་ཟླ་བའི་མིང༌། །བཀྲ་ཤིས་ས་སྐྱེས་ཡན་ལག་དམར། །འོད་ཟེར་དགུ་པ་པ་སངས་བུ། །རོལ་མཚོ་རྩིབས་ལྡན་དམག་དཔོན་མིང༌། །ཟླ་སྐྱེས་རྒྱལ་བུ་གསལ་ལྡན་དང༌། །སྔོ་སངས་མཁས་པ་ཚིམ་བྱེད་སྐྱེས། །མཛའ་ལྷའི་གྲོགས་པོ་ལུས་གཅིག་པ། །ལྷ་མཚམས་སྐྱེས་རྣམས་ལྷག་པའི་མིང༌། །བློ་ལྡན་སྒྲ་མཁས་དཔྱོད་ལྡན་དང༌། །འཚོ་བྱེད་འབར་ལྡན་མཐོ་རིས་ཐོབ། །རིག་བྱེད་བདག་པོ་མེ་བཞི་སྐྱེས། །ལྷ་ཡི་བླ་མ་ཕུར་བུའི་མིང༌། །ངན་ལས་རྒྱལ་དང་ལྷ་མིན་བདག །བཅུ་དྲུག་འོད་ལྡན་དཀར་པོ་དང༌། །ལྷ་མིན་བླ་མ་སྙན་ངག་མཁན། །ཁུ་བ་སྦྱིན་བྱེད་མཆུ་ལས་སྐྱེས། །དཀར་པོ་མཆུ་སྐྱེས་པ་སངས་མིང༌། །དལ་བར་འགྲོ་དང་ཉི་མའི་བུ། །གཤིན་


JLAZ007_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་བདག་པོ་མི་བཟད་མིག །འཁྱོག་འགྲོ་གོས་སྔོན་འོད་ཟེར་བདུན། །ཚངས་སྐྱེས་རྗེས་སྐྱེས་སྤེན་པའི་མིང༌། །དེ་བཞིན་སྒྲ་གཅན་གདོང་པ་ལ། །མཐོ་རིས་སྣང་བྱེད་བསོད་ནམས་ལྡན། །མུན་པ་ཅན་དང་ཟླ་བའི་དགྲ། །མགོ་ཟླུམ་སེང་གེ་མོ་ཡི་བུ། །ལམ་ནག་གཟའ་ཡི་རྣ་བ་དང༌། །ཤ་ཟ་འཕར་འགྲོ་སྤྲིན་ལས་རྒྱལ། །སྲིད་གསུམ་རྣམ་རྒྱལ་བྲ་ཉེ་སྐྱེས། །མཇུག་མར་དུས་མེ་སྤྱང་ཀི་དང༌། །སྣ་ཚོགས་མདོག་ཅན་ཉི་ཟླ་ཟ། །མེ་དང་མིག་སྨན་མདོག་ཏུ་གྲགས། །ཀེ་ཏུ་ཕོད་ཅན་གཙུག་ཕུད་ཅན། །སྐག་སྐྱེས་སྦྲུལ་ཅན་སྐྲ་གཉིས་པ། །དུ་བ་མཇུག་རིང་མིང་དུ་གྲགས། །སྒྲོལ་བྱེད་འཕུར་བྱེད་སྐར་མའི་མིང༌། །ཕལ་པའི་སྐར་མ་དུང་ཕྱུར་གཉིས། །བྱེ་བ་བརྒྱད་དང་ས་ཡ་ལྔ། །ཡོད་ཀྱང་ལོངས་སྤྱོད་གཏན་ཕེབས་པ། །རྒྱུ་བའི་སྐར་མ་ཉི་ཤུ་བརྒྱད། །ཐ་སྐར་བྲ་ཉེ་སྨིན་དྲུག་སྣར། །མགོ་ལག་ནབས་སོ་རྒྱལ་དང་སྐག །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་ས་ག་ལྷ་མཚམས་སྣྲོན། །སྣུབས་དང་ཆུ་སྟོད་ཆུ་སྨད་དང༌། །གྲོ་བཞིན་བྱི་བཞིན་སྐར་ཁོངས་གཅིག །མོན་གྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཀུན་ལ་སྐར་ཆུང་རེ། །རང་རང་མིང་གི་རྣམ་གྲངས་དང༌། །དབྱིབས་དང་རྟག་པའི་ལོངས་སྤྱོད་ཟས། །རྒྱུད་གྲངས་


JLAZ007_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ལྷ་དང་དྲུག །གརྒའི་མདོ་སོགས་བརྟག་པར་བྱ། །གཟའ་སྐར་ཕྲད་པའི་འཕྲོད་ཆེན་ནི། །ཀུན་དགའ་དུས་ཀྱི་དབྱིག་པ་དང༌། །དུལ་བ་སྐྱེ་དགུ་གཞོན་བྱ་རོག །རྒྱལ་མཚན་དཔལ་བེའུ་རྡོ་རྗེ་ཐོ། །གདུགས་གྲོགས་ཡིད་འདོད་མགལ་མེ་དང༌། །རྩ་བཏོན་འཆི་བདག་མདའ་གྲུབ་པ། །མདུང་དང་བདུད་རྩི་གཏུན་ཤིང་དང༌། །གླང་པོ་རྟག་མྱོས་ཟད་གཡོ་བརྟན། །འཕེལ་བ་རྣམས་སོ་སྦྱོར་བའི་མིང༌། །སེལ་བ་མཛའ་བོ་ཚེ་ལྡན་དང༌། །བསྐལ་བཟང་བཟང་པོ་ཤིན་ཏུ་སྐྲངས། །ལས་བཟང་འཛིན་པ་གཟེར་འབྲས་འཕེལ། །ངེས་པ་ཀུན་འཇོམས་དགའ་བ་དང༌། །རྡོ་རྗེ་དངོས་གྲུབ་ཀུན་ཏུ་བརྡུང༌། །དཔའ་བོ་ཡོངས་བསྣུན་ཞི་གྲུབ་པ། །བསྒྲུབ་བྱ་དགེ་བ་དཀར་པོ་དང༌། །ཚངས་པ་དབང་པོ་འཁོན་འཛིན་ནོ། །བྱེད་པ་བཅུ་གཅིག་ཞེས་གྲགས་པ། །གདབ་པ་བྱིས་པ་རིག་པ་ཅན། །ཏིལ་བརྡུང་ཁྱིམ་སྐྱེས་ཚོང་བིཥྚི། །ཚེས་གཅིག་ཕྱི་དྲོའི་ཆ་ནས་བཟུང༌། །ཉེར་དགུའི་སྔ་ཆར་འཁོར་བའོ། །ཤངྐུ་དང་ནི་རྐང་བཞི་ཀླུ། །མི་སྡུག་བཞི་པོ་ཉེར་དགུ་ཡི། །ཕྱི་ཆ་ནས་བཟུང་ཚེས་གཅིག་བར། །ཚེས་གྲངས་ཕྱེད་ལ་བདག་པའོ། །གྲངས་ཀྱི་ཐ་སྙད་འདི་ལྟ་སྟེ། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །


JLAZ007_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་པའི་གྲངས་ཡིན་ཐེར་འབུམ་སོགས། །གྲངས་མེད་མཐས་ཐུག་གཞན་ལས་ཤེས། །འདིར་ནི་རི་མོའི་སྦྱོར་བ་ལ། །མཁོ་བའི་གྲངས་ཀྱི་མངོན་བརྗོད་བཤད། །གཟུགས་དང་ཟླ་བ་འོད་དཀར་ཅན། །བསེ་རུ་རི་བོང་གཅིག་གི་མིང༌། །ཐབས་ཤེས་མཚེ་མ་འཁྲིག་བགྲོད་དང༌། །ལག་མིག་ཟུང་རྣམས་གཉིས་ཀྱི་མིང༌། །འཇིག་རྟེན་རྩེ་མོ་ཚ་བ་མེ། །སྲིད་པ་ཡོན་ཏན་གསུམ་གྱི་མིང༌། །ཆུ་བོ་རིག་བྱེད་རྒྱ་མཚོ་དང༌། །སྡེ་པ་ཆུ་གཏེར་བདུད་རྣམས་བཞི། །དབང་པོ་ཉེར་སྤྱོད་འདོད་ཡོན་དང༌། །འབྱུང་བ་མདའ་རྣམས་ལྔ་ཡི་མིང༌། །དུས་མཚམས་རོ་དང་བྲོ་བ་དང༌། །རྒྱན་དང་བཟང་པོ་དྲུག་གི་མིང༌། །ཐུབ་པ་རིན་ཆེན་ས་འཛིན་དང༌། །རྟ་བདུན་རི་བོ་དྲང་སྲོང་བདུན། །ལྷ་ཀླུ་བཀྲ་ཤིས་གདེངས་ཅན་ནོར། །ལྟོ་འགྲོ་སྲིད་པ་བརྒྱད་ཀྱི་མིང༌། །སྲིན་པོ་བུ་ག་རྩ་གཏེར་དགུ། །སྟོབས་དང་འབྱོར་པ་ཕྱོགས་འཇུག་པ། །ཁྲོ་བོ་སོར་མོ་རྣམས་ནི་བཅུ། །དྲག་པོ་དབང་ཕྱུག་བདེ་བྱེད་དང༌། །བདེ་འབྱུང་བྱེད་པ་བཅུ་གཅིག་མིང༌། །རྟེན་འབྲེལ་ཉི་མ་ཁྱིམ་བཅུ་གཉིས། །ལུས་མེད་མྱོས་བྱེད་འདོད་པ་དང༌། །སྣ་ཚོགས་གདུགས་རིམ་བཅུ་གསུམ་མོ། །ཤེད་བུ་མ་ནུ་སྲིད་པ་དང༌། །ཡིད་རྣམས་བཅུ་བཞིའི་མིང་དུ་གྲགས། །ཚེས་དང་ཉིན་ཞག་བཅོ་ལྔའི་མིང༌། །


JLAZ007_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་མི་བདག་བཅུ་དྲུག་གོ །སྐྱོན་དང་ཉེས་པ་ཁམས་བཅོ་བརྒྱད། །ཡུལ་དང་རྒྱལ་བ་ཉེར་བཞིའོ། །དེ་ཉིད་ཅེས་པ་ཉི་ཤུ་ལྔ། །འཁོར་ལོ་སྐར་མ་ཉེར་བདུན་མིང༌། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །དབྱུ་གུ་ཞེས་བྱུང་དྲུག་ཅུ་ཐམ། །སྟོང་པ་ནམ་མཁའ་ཐིག་ལེའོ། །རྣམ་དག་གྲུབ་པའི་གཞུང་ལུགས་ལ། །ཇི་ལྟ་བ་ནི་སྟོང་པ་ཉིད། །ཐིག་ལེར་མཚོན་པས་གྲངས་ངེས་ཀྱི། །གྲལ་འགོར་ཐིག་ལེ་འབྱུང་མི་སྲིད། །ཇི་སྙེད་རིག་པས་གཞལ་ནུས་པས། །གྲངས་མཐའ་ཐིག་ལེར་སྟོང་པ་ནི། །འཁྲུལ་པ་མེད་པའི་རྟགས་སུ་གཟུང༌། །ཤེས་བྱར་སྲིད་དོ་ཅོག་གཞལ་ཡང༌། །དགུ་མཐའི་ནང་དུ་མ་འདུས་མེད། །དེ་ཕྱིར་ཐོག་མར་འདི་ཟུང་ཞིག །དགུ་གཅིག་གཅིག་དགུ་དགུ་ཉིད་དེ། །གཅིག་བསྒྱུར་འཕེལ་འགྲིབ་མེད་པའི་ཕྱིར། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དུག་བདུད་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་རྩ་གཅིག་གོ །ཚིག་དོན་དེ་ཡིས་འགྲེ་བྱས་ནས། །ཨ་ངྐིའི་གྲངས་ལ་འདི་ལྟར་བརྟག །བརྒྱད། ༨༡༡༨༨ ༨༢༢༨༡༦ ༨༣༣༨༢༤ ༨༤༤༨༣༢ ༨༥༥༨༤༠ ༨༦༦༨༤༨ ༨༧༧༨༥༦


JLAZ007_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༨༨༦༤ བདུན། ༧༡༡༧༧ ༧༢༢༧༡༤ ༧༣༣༧༢༡ ༧༤༤༧༢༨ ༧༥༥༧༣༥ ༧༦༦༧༤༢ ༧༧༤༩ དྲུག ༦༡༡༦༦ ༦༢༢༦༡༢ ༦༣༣༦༡༨ ༦༤༤༦༢༤ ༦༥༥༦༣༠ ༦༦༣༦ ལྔ། ༥༡༡༥༥ ༥༢༢༥༡༠ ༥༣༣༥༡༥ ༥༤༤༥༢༠ ༥༥༢༥ བཞི། ༤༡༡༤༤ ༤༢༢༤༨ ༤༣༣༤༡༢ ༤༤༡༦ གསུམ། ༣༡༡༣༣ ༣༢༢༣༦ ༣༣༩ གཉིས། ༢༡༡༢༢ ༢༢༤ གཅིག ༡༡༡ འབྲི་དང་བགྲང་བ་གཡས་ནས་རིམ། །བསྒྱུར་དང་བགོད་པ་གཡོན་ནས་བརྩམ། །བསྒྱུར་བའི་མངོན་བརྗོད་བསྣུན་དང་སྤེལ། །བསྒྲེས་དང་གསིལ་བ་ཞེས་ཀྱང་གྲགས། །བགོད་ལ་ཕྱེ་དང་བསལ་བ་དང༌། །བཅང་པ་ཞེས་གྲགས་དོན་གཅིག་གོ །སྒྱུར་བྱེད་གྲངས་མཐར་ཐིག་ཡོད་ན། །བསྒྱུར་བྱའི་གྲལ་གྱི་མཐའ་ལ་བཀོད། །བསྒྱུར་བྱ་སྒྱུར་བྱེད་གང་སྟོངས་ཀྱང༌། །འདྲ་སྟེ་ཆོ་གའི་རི་མོ་དབྱི། །འོན་ཀྱང་བགོད་བྱེད་དབུས་མཐའི་ཐིག །རང་གནས་འཛིན་པའི་དགོས་དབང་ཅན། །བགོད་ལ་རྐྱང་བགོད་སྦྲག་བགོད་གཉིས། །རྐྱང་བགོད་ཇི་ལྟར་ཐོབ་པ་དང༌། །སྦྲག་བགོད་འོག་མར་འདེངས་ཚོད་ཁྱེར། །གང་ཐོབ་དེ་ནི་ནོར་ཡིན་ཏེ། །རྙེད་དང་ཐོབ་པ་ཞེས་སུའང་གྲགས། །མ་ཐོབ་ནོར་སྐལ་ཐིག་ལེ་བྲི། །བགོད་དུས་རང་རང་མགོ་ཐོག་ནས། །མ་ལྡང་གོང་ནས་འབབ་དགོས་ན། །རིམ་ཕབ་རང་ཐོབ་གང་ཡིན་


JLAZ007_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །འཕྲོ་རྣམས་རང་གནས་མ་འཆོལ་གཅེས། །གཞན་ཡང་ཆོ་གའི་གནས་སྐབས་སུ། །བསྣོན་འབྲི་བྱེད་པའི་ཐ་སྙད་ལ། །བསྲེ་བ་སྟེར་བ་སྦྱིན་བསྣན་དང༌། །འབུལ་དང་མཁན་པ་བསྣོན་པའི་དོན། །འཕྲོག་དང་དབྲི་དང་འབྲིད་དང་དོར། །ཞུ་དང་ཕྲལ་དམན་སྦྱང་བའི་དོན། །དེ་བཞིན་དབྱི་དང་ཕྱིས་པ་བསུབས། །དོར་བའང་མཐུན་ཏེ་ཕྱི་མ་འདིར། །འཁྲུལ་པ་བསྐྱེད་པའི་གནས་ཡོད་སྲིད། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། སྤྱི་ཆིངས་བཤད་པའི་སརྒ་སྟེ་དང་པོའོ།། །།བསྐལ་པ་གང་ཞིག་སྒྲོན་མེ་རུ། །འགྱུར་བའི་ཁྱད་པར་སྟོན་པ་དང༌། །བསྟན་པ་བྱོན་ལ་རག་ལུས་ཕྱིར། །བསྟན་རྩིས་རྣམ་གཞག་མདོ་ཙམ་བསྟན། །སྤྱིར་ནི་མདོ་དང་རྒྱུད་ལུགས་གཉིས། །དང་པོའི་ཕྱོགས་ལ་བསྐལ་བཟང་དང༌། །འདུལ་ལུང་ཕྲན་ཚེགས་ལོ་སྟོང་གནས། །སྙིང་རྗེ་པདྨ་དཀར་པོ་དང༌། །ཟླ་བའི་སྙིང་པོས་ཞུས་པའི་མདོར། །ཉིས་སྟོང་རྡོ་རྗེ་གཅོད་པའི་འགྲེལ། །ལྔ་བརྒྱ་ཕྲག་ལྔར་བཤད་པ་དང༌། །འབུམ་ཊཱིཀ་ལས་ནི་ལྔ་སྟོང་གསུངས། །དེ་ལ་དང་པོའི་དགོས་པ་ནི། །གྲོལ་བ་ཐོབ་པ་ཤས་ཆེར་དགོངས། །གཉིས་པ་འབྲས་བུ་ལ་ཞུགས་དང༌། །ལུང་ལ་སློབ་པའི་དབང་དུ་མཛད། །གསུམ་པ་ཕལ་ཆེར་ལྟ་བ་དང༌། །


JLAZ007_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་མཐུན་དགོངས་བླ་མ་བཞེད། །འདིར་ནི་འབུམ་ཊཱིཀ་དབྱིག་གཉེན་ཞབས། །མཐུན་པའི་ལྔ་སྟོང་ཕྱེད་ཕྱེད་དུ། །བཅད་པའི་ལྔ་བརྒྱ་ཕྲག་བཅུ་ལས། །སྐྱེ་དགུའི་བདག་མོ་ལ་སོགས་པའི། །བུད་མེད་རབ་ཏུ་བྱུང་བ་ཡིས། །ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན། །དེ་ལ་དང་པོ་འབྲས་བུའི་དུས། །ལྔ་བརྒྱ་ཕྲག་གསུམ་དང་པོ་ལ། །དགྲ་བཅོམ་པ་དང་ཕྱིར་མི་འོང༌། །མང་ལ་ཕྱིར་འོང་དག་ཀྱང་ཡོད། །གཉིས་པ་ཕྱིར་མི་འོང་མང་ཞིང༌། །ཕྱིར་འོང་དག་ཀྱང་ཡོད་པའོ། །གསུམ་པ་རྒྱུན་ཞུགས་མང་གཞན་ཉུང༌། །ལུང་གི་དུས་གསུམ་དང་པོ་ལ། །མངོན་པ་གཉིས་པར་མདོ་སྡེ་དང༌། །གསུམ་པར་འདུལ་བ་འཛིན་པ་མང༌། །སྒྲུབ་པའི་གསུམ་ནི་དང་པོ་ལ། །ཚུལ་ཁྲིམས་གཉིས་པར་སེམས་དང་ནི། །གསུམ་པར་ཤེས་རབ་གཙོ་བོར་བསྒྲུབ། །གཞན་དུ་ལུང་དང་སྒྲུབ་པ་གཉིས། །སྔ་ཕྱི་བརྗེ་བ་གྲགས་ཆེ་ཡང༌། །སྒྲུབ་དུས་སྐྱོ་ཤས་ཆེ་ལྡན་ཞིང༌། །ཐར་པར་འདུན་པ་ཙམ་མང་བས། །ལུགས་འདི་འཐད་པར་ཀུན་མཁྱེན་བཞེད། །དེ་ཡང་སྟོན་པ་ལྷུམས་ཞུགས་ལོ། །མེ་མོ་ཡོས་ལ་ངོས་བཟུང་ནས། །མེ་མོ་ཕག་ལ་མྱང་འདས་ཚུལ། །མངའ་རིས་རྒྱལ་པོ་ཡོན་མཆོད་ཀྱི། །འདུན་སར་བཤེས་གཉེན་ཀུན་འཛོམ་ནས། །བརྩིས་པའི་རྣམ་གཞག་གཞན་


JLAZ007_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། །བྷཾ་ག་ལ་ཡི་པཎྜི་ཏས། །བྱི་ལོ་དབྱར་འབྲིང་ལྷུམས་ཞུགས་ནས། །སྤྲེའུ་ལོ་སྟོན་འབྲིང་ཚེས་བཅོ་ལྔར། །མྱང་འདས་བཤད་པའི་ལུགས་ལ་སོགས། །རྣམ་གྲངས་ཤིན་ཏུ་མི་མཐུན་ཏེ། །ལུགས་འདིར་རྟོག་དཔྱོད་ཞུགས་པ་ཡི། །དཔྱོད་ལྡན་མང་པོས་དུས་གཟེར་གྱི། །གནས་དང་གསུང་རབ་མདོ་བསྟུན་པ། །གང་འདི་ཡིན་ནོ་གྲགས་པའི་ཕྱིར། །ཆུ་མཚོ་འཁོར་ལོའི་ལོ་ཚོགས་ལ༣༧༤༤། །རབ་འདོད་ནང་གི་མཛེས་བྱེད་སོགས། །འདུས་ལོ་བསྲེས་པའི་གྲངས་ངེས་དེ། །དོན་གྲུབ་ས་ལུགས་ཆུ་སྟོད་ཟླའི། །བཅོ་ལྔ་ལྷུམས་ཞུགས་ཕྱིན་གྱི་ལོ། །དེ་ལ་གཟུགས་ཕྲི་ལྕགས་སྤྲེའུ་ལ། །ལུམྦིའི་ཚལ་དུ་བདག་ཅག་གི །སྟོན་པ་མཆོག་གི་སྤྲུལ་སྐུར་༣༧༤༣བཞེངས། །ཀླུ་ལག་གིས་དམན་ས་བྱི་ལ། །རབ་བྱུང་དྲང་སྲོང་རྒྱལ་མཚན་བཟུང་༣༧༡༥། །དུས་ཕྲི་རྒྱལ་བ་ཤིང་ཕོ་རྟར། །རྡོ་རྗེའི་གདན་དུ་མངོན་བྱང་ཆུབ༣༧༠༩། །སྒྲ་གཅན་ཟིན་དང་ཀུན་དགའ་བོའང་བཙས། །གོང་ནས་བདུན་ཕྲག་བདུན་གྱི་མཐའ། །ཆུ་སྟོང་ཟླ་བའི་ཚེས་བཞི་ལ། །ཝཱ་རཱ་ཎ་སཱིར་ལྔ་སྡེ་ལ། །བདེན་བཞིའི་ཆོས་འཁོར་བསྐོར་བའི་ལོ༣༧༠༩། །གཟུགས་མིག་ཕྲི་བའི་ཤིང་ཡོས་ལ། །མུ་སྟེགས་བྱེད་ཀྱི་སྟོན་པ་དྲུག །ཆོ་འཕྲུལ་ཆེན་པོའི་མཛད་པས་༢༦༨༨བཏུལ། །དེ་ལ་དེ་ཉིད་ཕྲི་བ་ཡི། །དཔའ་བོ་ལྕགས་འབྲུག་ནག་པའི་ཉར། །དཔལ་


JLAZ007_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འབྲས་སྤུངས་མཆོད་རྟེན་ཆེར། །དུས་འཁོར་གསུངས་དང་ལོ་དེ་ཡི། །ས་གའི་ཉ་ཡི་གུང་ཐུན་ལ། །རྩྭ་མཆོག་གྲོང་དུ་མྱ་ངན་༣༦༦༣འདས། །མཆོག་ཟུང་དགྲ་བཅོམ་མང་པོའང་ཞི། །གནས་ཚད་འདས་ལོའི་ཐོག་མར་བཟུང༌། །གཟུགས་དམན་ཁྱུ་མཆོག་ལྕགས་སྦྲུལ་ལ། །མ་སྐྱེས་དགྲ་ཡིས་ཡོན་སྦྱར་ནས། །བཀའ་བསྡུ་དང་པོར་བྱས་པ་དང༌། །ཆོས་རྒྱལ་ཟླ་བ་བཟང་པོ་ཡིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་བས་བཀྲལ༢༦༦༢། །ཟུང་ཕྲི་ཉི་མ་ཆུ་ལུག་ལ། །ཟླ་བཟང་ལོངས་སྤྱོད་༢༦༦༠རྫོགས་སྐུར་བཞེངས། །གཟུགས་དམན་ཉི་སྒྲོལ་ཞིང་སྤྲེའུ་ལོར། །ཨུ་རྒྱན་སངས་རྒྱས་གཉིས་པ་༢༦༥༩འཁྲུངས། །ལྷ་དབང་ཉིད་ཀྱང་སྟོན་པར་བྱོན། །རྒྱལ་བས་སྦྱངས་པའི་ས་སྤྲེའུ་ལ། །དམ་པའི་རིགས་ཅན་དྲ་མ་ལྔར། །གསང་འཛིན་དཔའ་བོས་ཆོས་འཁོར་བསྐོར། །ཨིནྟྲའི་བོ་དྷི་བར་པ་ལ། །ཏནྡྲའི་གླེགས་བམ་བབས་ནས་ལོ༢༦༣༥། །མི་བདག་གིས་སྦྱངས་ཤིང་བྱི་ལ། །རི་བོ་རྩེ་ལྔར་འཇམ་དཔལ་འཁྲུངས༢༦༡༩། །དབང་འབྱུང་གིས་སྦྱངས་ས་ལུག་ལོར། །བསྡུ་བ་གཉིས་པའི་སྦྱིན་བདག་ནི། །རྒྱལ་པོ་མྱ་ངན་མེད་པ་བྱུང་༢༥༦༤། །དུས་མཚོ་མིག་སྦྱངས་ཤིང་གླང་ལོར། །ཐེག་མཆོག་སྟོན་པ་དགའ་རབ་འཁྲུངས༢༣༡༨། །འདི་དུས་འབྲས་བུའི་བསྟན་པའི་སྒང༌། །བསྡུ་བ་གསུམ་པའི་དུས་ཙམ་ནས། །ཐེག་པ་


JLAZ007_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཆོས་དར་ཡང༌། །རྩོད་པ་ཅན་དུ་བགྱིད་པའི་སྐབས། །གྲུབ་ཆེན་ས་ར་ཧ་པ་བྱོན། །གོང་མར་དབང་འབྱུང་གིས་སྦྱངས་པའི། །དྲག་པོ་ལྕགས་སྤྲེར་ཀླུ་སྒྲུབ་འཁྲུངས༢༣༦༣། །ཆུ་མཁའ་མིག་སྦྱངས་ཤིང་སྤྲེའུ་ལོར། །རིགས་ལྡན་གྲགས་པས་བསྡུས་རྒྱུད་བསྟན༢༠༥༩། །བུ་ག་མཁའ་རོས་ཕྲི་ཆུ་སྦྲུལ་ལོར། །ཕོ་བྲང་ཡུམ་བུ་བླ་སྒང་དུ། །ཐོ་རི་གཉན་བཙན་དོན་དགུའི་སྟེང༌། །གཉེན་པོ་གསང་བ་བབས་པའི་ལོ༡༩༥༠། །ཐོ་རི་གཉན་དང་འཕགས་ཡུལ་གྱི། །སློབ་དཔོན་དབྱིག་གཉེན་ཐོག་མཉམ་པས། །ཀླུ་སྒྲུབ་བྱོན་ནས་དབྱིག་གཉེན་པར། །ལོ་གྲངས་བརྒྱད་བརྒྱ་ཐལ་བའི་ཁོངས། །ཀླུ་སྒྲུབ་སློབ་མ་ཤ་ཝ་རི། །འཕགས་པ་ལྷ་དང་དཔའ་པོའི་ཞབས། །ཐོགས་མེད་རིམ་པར་བྱོན་པ་ཡིན། །རྣལ་འབྱོར་བླ་ན་མེད་པ་ནི། །མངོན་ཚན་ཉིད་དུ་མི་སྤྱོད་ཀྱང༌། །གྲུབ་ཐོབ་གྲགས་པ་ཆེ་བ་རྣམས། །ས་ར་ཧ་པ་བྱོན་པ་ནས། །ཐོགས་མེད་ཡན་ལ་རིམ་པར་བྱོན། །བོད་དུ་དམ་ཆོས་དབུ་བརྙེས་དེའི། །ལོ་ལ་རི་ཀླུང་མིག་སྦྱང་པས། །ལྕགས་འབྲུག་འབྲས་བུའི་དུས་གསུམ་རྫོགས། །


JLAZ007_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་དུས་ཀྱི་ཐོག་མར་སླེབ༡༡༦༣། །མཚོས་སྦྱང་ཤིང་སྤྲེའུ་བདེ་འབྱུང་གི །ཁྲི་ལ་རྒྱ་མཚོས་རྣམ་རྒྱལ་བཞུགས༡༡༥༩། །མ་གར་སྟེགས་བྱེད་པ་ཞུགས། །མེ་མཁའ་རྒྱ་མཚོའི་ཐོག་མ་ཡིན། །འབྱུང་བས་སྦྱངས་པའི་ས་གླང་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་༡༡༥༤འཁྲུངས། །འདི་དང་འཕགས་ཡུལ་སྨྲ་བའི་ཉི། །ཆོས་ཀྱི་གྲགས་པ་ཐོག་མཉམ་པས། །ཐོ་ཐོ་རི་ནས་སྲོང་བཙན་བར། །དབྱིག་གཉེན་སློབ་མ་ཕྱོགས་ཀྱི་གླང༌། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད། །གཉིས་ཀས་དབུ་མ་ངོ་བོ་ཉིད། །མེད་པར་སྨྲ་བའི་གཞུང་བཙུགས་ཤིང༌། །ཤིང་རྟའི་ལམ་སྲོལ་གཉིས་སུ་བྱེད། །དེ་ནས་ཙནྡྲ་གོ་མི་དང༌། །ཟླ་བ་གྲགས་པ་ཞི་བའི་ལྷ། །དཔལ་ལྡན་ཆོས་ཀྱི་གྲགས་པ་ཡན། །རིམ་པར་བྱོན་པའི་རགས་རྩིས་ལ། །བསླུ་བ་མེད་པས་འཕགས་ཡུལ་དུ། །རྒྱན་དྲུག་གམ་ནི་མཆོག་བརྒྱད་པོ། །ཀླུ་སྒྲུབ་མན་ནས་སྲོང་བཙན་ཡན། །བྱོན་པའི་རྣམ་གཞག་ཤེས་པར་བྱ། །སྲོང་བཙན་འཁྲུངས་པའི་ས་གླང་ལ། །རྒྱལ་བས་ཕྲི་བའི་ཆུ་གླང་ལོར། །ལྷ་ལྡན་སྤྲུལ་པའི་གཙུག་ལག་བཏབ༡༡༣༠། །དེ་ལ་ཐུབ་པ་རིས་སྦྱངས་པའི། །ལྕགས་རྟར་ཁྲི་སྲོང་ལྡེའུ་བཙན་བལྟམས། ༡༠༥༣། བུ་ག་གཟུགས་ཀྱིས་དམན་ས་མོ་གླང༌། །དུས་གསུམ་མཁྱེན་པ་པདྨ་


JLAZ007_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང༌། །བོད་དུ་སྤྱན་དྲངས་བྱོན་པའི་༡༠༣༤ལོ། །མིག་དམན་ལྕགས་ཡོས་བསམ་ཡས་༡༠༣༢བཏབ། །རི་མེས་སྦྱངས་པའི་ས་འབྲུག་ལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་གཤེགས༩༩༥། །མི་བདག་གིས་དམན་ཤིང་སྤྲེའུ་ལ། །སློབ་དཔོན་ཆེན་པོ་སྲིན་ཡུལ་གཤེགས༩༧༩། །ལག་པས་སྦྱངས་པའི་མེ་ཁྱི་ལ། །བྱེད་པའི་རྩིས་འགོ་ཐོག་མར་ཟུག ༩༧༧ །མཁའ་རོས་སྦྱངས་པའི་མེ་ཁྱི་ལ། །དབོན་སྲས་རལ་པ་ཅན་དེ་འཁྲུངས། །༩༡༧ འབྱུང་མེས་དམན་པའི་ལྕགས་བྱ་ལ། །དར་མས་བསྟན་པ་བསྣུབས་པའི་ལོ། །༨༨༢ བསེ་རུས་དམན་པའི་ཆུ་ཁྱི་ལ། །དཔལ་གྱི་རྡོ་རྗེས་གླང་དར་བསྒྲལ། ༨༨༡། དུས་རིས་སྦྱངས་པའི་ས་སྟག་དེ། །ཕྱི་དར་ཐོག་མར་བཙན་པའི་ལུགས༨༠༥། །བསྟན་པ་སྔ་དར་ཕྱི་དར་གྱི། །བར་སྐབས་སྨྲྀ་ཏིས་བོད་བྱོན་ཡང༌། །ལོ་ཙཱ་མ་རྙེད་ཁམས་སུ་འཁྱམས། །དེ་མ་ཐག་པའི་སྐྱེ་བ་ནི། །སྔོན་གྱི་ལས་སད་པཎྜི་ཏ། །རོང་པ་ཆོས་ཀྱི་བཟང་པོ་དང༌། །ཇོ་བོ་བྱོན་པ་ཐོག་མཉམ་པས། །དེ་ཡི་སྔ་ཕྱི་ཅི་རིགས་པར། །ལྷ་རྗེ་ཟུར་པོ་ཆེ་ཆུང་དང༌། །དམ་པ་སངས་རྒྱས་མར་མི་འབྲོག །ལ་སོགས་མཁས་དང་གྲུབ་པ་མཆོག །མང་ཞིག་བྱོན་པའི་དུས་ཡིན་ཡང༌། །འདུལ་བའི་བསྟན་པ་སྟང་ཞན་པས། །དཱི་པཾ་ཀ་ར་སྤྱན་དྲངས་ཤིང༌། །ཕྱིས་ནས་ཁ་ཆེའི་བསོད་སྙོམས་པས། །


JLAZ007_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་རྒྱུན་རྣམ་དག་སྤེལ་བའི་དུས། །ལ་སོགས་གཞན་དུ་ཤེས་བྱ་སྟེ། །གཏན་ཚིགས་ཉིད་ནི་གཏན་ཚིགས་དང༌། །བསྟུན་པ་ལས་གཞན་མངོན་ཤེས་ཀྱིས། །དཔྱད་པའི་གནས་སུ་མ་གྱུར་ན། །དེ་དག་ལ་ཡང་ལོ་ཚིགས་དང༌། །ཁམས་ལ་འགལ་བ་སྣ་ཚོགས་འདུ། །དེ་ཕྱིར་གྲགས་པ་བརྟན་པའི་རྗེས། །བསྐྱར་ཟློས་བྱ་བ་འཇིག་རྟེན་ན། །ཡོངས་སུ་གྲགས་པ་ཉིད་དང་བསྟུན། །འོན་ཀྱང་བསྟན་རྩིས་དོན་པོ་ནི། །བསྟན་པའི་གནས་ཚད་བརྟག་པ་ཉིད། །གཙོ་བོར་ངེས་ཕྱིར་ཕྱི་དར་གྱི། །ཐོག་མ་ས་ཕོ་སྟག་གི་ལོར། །ཀླུ་མཚོས་དམན་པའི་མེ་སྟག་ལ། །མེ་མཁའ་རྒྱ་མཚོའི་འདས་ལོ་རྫོགས། ༧༥༧། དེ་ལ་གཟུགས་དམན་མེ་ཡོས་ལ། །དུས་འཁོར་བོད་དུ་གདན་དྲངས་ཤིང༌། །རབ་བྱུང་ཐོག་མའི་བགྲང་གཞི་ཡིན། །མེ་བུག་ཕྲི་བའི་ལྕགས་བྱི་ལ། །མངོན་པའི་དུས་རྫོགས་མདོ་སྡེ་ཡི། །ཐོག་མ་ཉིད་དུ་རིག་པར་བྱ༦༦༣། །དེ་ལ་མཁའ་མཁའ་འབྱུང་བ་ཡིས། །དམན་པ་ལྕགས་སྤྲེའུ་མདོ་སྡེའི་དུས། །རྫོགས་ཤིང་འདུལ་བའི་འགོ་ཚུགས་ནས། །ད་ལྟའི་རབ་འདོད་ཆུ་ཡོས་འདི། །ཡན་ལ་འདུལ་བའི་རང་ཆ་ནས། །བརྒྱ་དང་དྲུག་ཆུ་རེ་གསུམ་འདས། །ལྷག་མ་སུམ་བརྒྱ་སོ་བདུན་པོ། །རབ་བྱུང་བཅུ་དགུ་པའི་ནང་གི །རྣམ་


JLAZ007_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་ལྕགས་འབྲུག་ཤར་ཚེ་རྫོགས། །དེ་ནས་བསྒྲུབ་པའི་གསུམ་པོ་ལ། །ལྔ་བརྒྱ་ཕྲག་གསུམ་སྦྱངས་པའི་མཐར། །རྟགས་ཙམ་འཛིན་པའི་ཐོག་མར་སླེབས། །རྟགས་ནི་བསྟན་པར་མི་ཐེའོ། །ཕྱིན་ཆད་བསྟན་པ་རྣལ་མ་ཡི། །ལྷག་མ་ཇི་ཙམ་ཡོད་ཅེ་ན། །རབ་བྱུང་འདོད་པའི་ཆུ་ཡོས་མན། །སྟོང་དང་བརྒྱད་བརྒྱ་སོ་བདུན་ཡོད། །འོན་ཀྱང་བསྟན་པའི་དར་ནུབ་ལ། །གཞིགས་ན་སྔོན་གྱི་མཁན་པོ་ཡིས། །བཤད་པའི་བསྟན་རྩིས་རྣམས་ལ་ཡང༌། །ཀླན་ཀ་རུང་བ་མ་ཡིན་ནོ། །དེ་ཕྱིར་སྐྱེས་བུ་ཤེས་ལྡན་རྣམས། །བསྟན་པ་རིང་པོར་མི་ཐོགས་པར། །ནུབ་པའི་ཚུལ་ལ་ལེགས་བསམས་ནས། །སྐྱོ་ཤས་བསྐྱེད་ལ་དམ་ཆོས་མཛོད། །རྒྱུད་དང་ཟབ་མོའི་མདོ་སྡེ་ལས། །གསུངས་པའི་བསྟན་པའི་གནས་ཚད་ནི། །ངེས་པའི་དོན་ཕྱིར་རབ་བྱུང་གི །རྟགས་དང་ཆོ་གས་མི་མཚོན་པས། །དེ་དག་འདིར་ནི་མ་བརྗོད་དེ། །ཐེག་པ་མཆོག་དང་གྲུབ་པའི་མཐའ། །རིན་ཆེན་མཛོད་དོན་ཁོང་ཆུད་པའི། །སྐྱེས་བུ་དེ་ནི་བློ་གསལ་ཡིན། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། བསྟན་རྩིས་བཤད་པའི་སརྒ་སྟེ་གཉིས་པའོ།། །།ཐབས་ཤེས་གཉིས་སུ་མེད་པའི་རྒྱུད། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡིན། །དེ་ལ་རྩ་རྒྱུད་བསྡུས་རྒྱུད་གཉིས། །དང་


JLAZ007_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྩ་རྒྱུད་རྗེས་འབྲངས་ནས། །གཟའ་དང་རྒྱུ་སྐར་ཆུ་ཚོད་ཀྱི། །ལྐོག་གྱུར་མངོན་སུམ་མི་བསླུ་བ། །དྲང་སྲོང་ཆེན་པོ་རྔ་བོང་བཞིན། །གཎྜ་ཡངས་པའི་སྐྱེད་མོས་ཚལ། །གོ་ལའི་བགྲོད་པ་འཆིང་བ་ལ། །མི་མཇེད་ཞིག་པར་མ་གྱུར་པར། །ཀུན་འབྱུང་རྣམ་རྟོག་གཞན་དབང་གི །ལྷག་མས་ནོངས་པར་མི་འགྱུར་བ། །རྣམ་དག་གྲུབ་པའི་ལྔ་བསྡུས་བཤད། །རབ་བྱུང་འདོད་པའི་མཛེས་བྱེད་སོགས། །འདས་པའི་ལོ་ཚོགས་ཁྱིམ་གྱིས་བསྒྱུར། །འདས་ཟླ་བསྲེས་པ་གནས་གཉིས་གཞག །འོག་མ་ལག་བསྒྲེས་ཆུ་མཚོས་བརྒྱན། །མདའ་རོས་ཐོབ་ནོར་སྟེང་བསྲེས་ལ། །ཟླ་བ་རྣམ་དག་ཅེས་སུ་གྲགས། །ལྷག་མས་ཟླ་བཤོལ་སྒང་དབུགས་དང༌། །ལྡོག་གཉིས་ཕག་ཞག་རྀ་ཥྀ་ཁྱིམ། །དུས་གཟེར་སྟོན་པའི་ས་མཁན་བྱེད། །ཟླ་བ་དག་པ་གནས་ལྔ་བརྩེགས། །སྟེང་ནས་རིམ་པར་ཟླ་བ་དང༌། །གཟུགས་མེ་མཁའ་མདའ་དབུགས་གནས་ཐིག །སྟོང་པ་གདེངས་ཅན་མཚོས་བསྒྱུར་ལ། །སྟེང་རིམ་གཟར་མེ་ཆུ་ཚོད་མཁའ། །ཆུ་སྲང་ཀླུ་མེ་དབུགས་ལ་གཟུགས། །ཆ་གནས་རི་བུག་རྣམས་ཀྱིས་ཕྲི། །འོག་ནས་རིམ་བཞིན་རི་མཁའ་རི། །དུས་དང་མཁའ་རོ་མཁའ་རོ་དང༌། །ཐུབ་པས་དོར་ལྷག་གཟའ་དྷྲཱུའོ། །ཡང་ན་གཟའ་གནས་རྩེ་མོ་དང༌། །ཆུ་ཚོད་གཏེར་དབང་


JLAZ007_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་གཟུགས་མིག །དབུགས་མཚོ་ཆ་གནས་ཕྱོགས་དུས་བྱིན། །འཁོར་ལོ་དྲིལ་ཀྱང་སྔར་བཞིན་འཆར། །ཟླ་དག་གནས་གཉིས་གོང་མ་བགྲོད། །འོག་མ་རི་བོང་ཅན་གྱིས་བསྒྱུར། །སྟེང་མ་དུས་དང་འོག་མ་ནི། །མཁའ་ཆུས་སྦྱངས་ལ་དུས་ཉི་མས། །བགོས་ནོར་སྟེང་བསྲེ་ཀླུ་ལག་གིས། །བསྒྲིལ་བས་རིལ་པོ་ཆ་ཤས་གྲུབ། །ཡངན་རིལ་པོར་གཟུགས་མིག་དང༌། །ཆ་ཤས་དུས་ཀླུས་བརྒྱན་པ་ལ། །དུས་ཉིས་ཐོབ་ནོར་སྟེང་དུ་བསྲེ། །ཀླུ་ལག་གིས་བསྒྲིལ་སྔར་བཞིན་འཆར། །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་དང་ཕྱོགས་དང་ཀླུ་དབང་དང༌། །གཟུགས་དང་རི་ཟླས་སོ་སོར་བསྒྱུར། །སྐར་གནས་གཟུགས་དང་དབྱུག་ཀླུ་ལག །སྲང་གནས་བུག་མེ་དབུགས་མིག་དང༌། །ཆ་ཤས་ཀླུ་ལག་དག་གིས་ཕྲི། །འོག་ནས་རིམ་བཞིན་རི་རོ་དང༌། །དུས་དང་མཁའ་རོ་མཁའ་རོ་དང༌། །སྐར་མས་དོར་ལྷག་ཉི་དྷྲཱུའོ། །ཡང་ན་སྐར་གནས་འབྱུག་མིག་དང༌། །དབྱུ་གུར་གཟུགས་མེ་སྲང་མཁའ་མིག །དབུགས་མེ་ཆ་ཤས་བུག་མེས་བརྒྱན། །རང་འཁོར་དྲིལ་བའང་རྣམ་འགྱུར་ཙམ། །སྟོང་འཇུག་འོག་མའི་ཆུ་གཏེར་སྐྱེས། །ངོ་མཚར་དྷྲཱུ་བ་ཞེས་གྲགས་པ། །ཟླ་དག་མཁའ་སྟོང་འབྱུང་ཀླུས་བརྒྱན། །རི་དབང་དུས་ཀླུས་བསྒྱུར་བ་དེ། །


JLAZ007_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བུག་འབྱུང་རྩ་མེ་ཡིས་དོར། །ལྷག་མ་རིས་བསྒྱར་བགོད་བྱེད་ཀྱིས། །ཐོབ་པ་གཟའ་སྟེ་ཡང་ལྷག་པ། །མཁའ་རོ་མཁའ་རོ་དང་ནི་དུས། །རི་མཁའ་རིས་བསྒྱུར་བགོད་བྱེད་ཀྱིས། །རིམ་ཐོབ་གཟའ་དྷྲཱུ་སྔར་བཞིན་འཆར། །རིལ་ཆའི་དོན་དུ་ཟླ་དག་གང༌། །ཀླུ་ཟུང་ལག་པ་མིག་གིས་བརྒྱན། །འཇིག་རྟེན་དབང་པོ་ཟུང་གིས་བསྒྱུར། །ལྟོ་འགྲོ་ལག་འབྱུང་མེ་ཡིས་དོར། །ལྷག་མ་ཀླུ་ལག་གིས་བསྒྱུར་ལ། །བགོད་བྱེད་ཀྱིས་ཐོབ་རིལ་པོ་དང༌། །ཡང་ལྷག་དུས་གཉིས་བསྒྱུར་བ་དེ། །བགོད་བྱེད་ཀྱིས་ཐོབ་དུས་ཉིའི་ཚེ། །ཟླ་དག་ཟུང་རྩ་དུས་ཀྱིས་བརྒྱན། །འབྱུང་རོས་བསྒྱུར་ལ་ཆུ་མཁའ་ཀླུས། །དོར་ལྷག་སྐར་བསྒྱུར་བགོད་དབྱེད་ཀྱིས། །ཐོབ་པ་སྐར་མའོ་ཡང་ལྷག་པ། །མཁའ་རོ་མཁའ་རོ་དང་ནི་དུས། །རི་རོས་རིམ་བསྒྱུར་བགོད་བྱེད་ཀྱིས། །ཐོབ་པས་ཉི་དྷྲཱུ་སྔར་བཞིན་འཆར། །དེ་ནས་ཉིན་ཞག་གཅིག་པའི་རྩེས། །གཟའ་དྷྲཱུར་ཆུ་ཚོད་རྩ་དབང་དང༌། །སྲང་མེ་དབུགས་མཚོ་ཆ་མི་བདག །ཉི་དྷྲཱུར་དབྱུག་མཚོ་སྲང་གཟུགས་མིག །དབུགས་དབང་ཆ་ཤས་མེ་མཚོ་རྣམས། །ཚེས་བསྒྱུར་སྟེར་རམ་རེའུ་མིག་བྱིན། །གཟའ་ཉི་བར་པ་ཞེས་སུ་གྲགས། །རིལ་པོར་ཚེས་བསྲེ་སྲིད་པས་བགོ །རྙེད་ནོར་མཉམ་དང་མི་མཉམ་བརྟག །མིག་མཚོ་


JLAZ007_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་མཉམ་པ་སྟེ། །གཟུགས་དང་རྩེ་མོ་མི་མཉམ་མོ། །འོག་ནས་འབྱུང་བའི་ཟླ་རྐང་གི །ལོངས་སྤྱོད་དྲང་སྲོང་བར་པ་ལ། །སྣོན་འབྲིའི་མཚན་མ་ཉིད་དུ་གཟུང༌། །ལྷག་མས་ཟླ་རྐང་འཛིན་བྱ་སྟེ། །གཟུང་བྱའི་རྐང་པ་འདི་ལྟར་རོ། །དབང་འབྱུང་འདོད་ཡོན་མཚོ་རྩེ་མོ། །མིག་དང་བསེ་རུ་སྔ་རྐང་བདུན། །ཕྱི་རྐང་དེ་ལྡོག་གནས་བཅུ་བཞི། །རྐང་མཚམས་སླེབས་ཚེ་ཕྱི་རྐང་བྱ། །དེ་ཡང་གཟུགས་དང་འདོད་པར་འབྱུང༌། །ཟུང་དང་ཉི་མར་ཕྱོགས་སྡོམ་ཞིང༌། །མེ་དང་དྲག་པོར་ཚེས་སྡོམ་ལ། །ཆུ་བོ་ཕྱོགས་ལ་བུ་ག་གཟུགས། །འབྱུང་དང་སྲིན་པོར་ལག་མིག་དང༌། །དུས་དང་ཀླུ་ལ་རྒྱལ་བ་སྟེ། །རི་བོ་ལ་ནི་འབྱུང་མིག་སྡོམ། །སྔ་རྐང་ལ་ནི་སྤྱད་ཟིན་དང༌། །ཕྱི་རྐང་ལ་ནི་སྤྱོད་རྒྱུ་སྡོམ། །རྐང་འཛིན་སྟོངས་ན་རྐང་སྡོམ་དབྱི། །རྐང་བཟུང་མདུན་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་ཐོག་མས་ཏེ། །དུས་ཁྱིམ་གྱིས་ཐོབ་ཡང་དག་རྒྱུ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །དུས་ཁྱིམ་གྱིས་ཐོབ་ཆུ་སྲང་སྟེ། །ཡང་ལྷག་རོས་བསྒྱུར་དུས་ཁྱིམ་གྱིས། །ཐོབ་པ་དབུགས་ཏེ་སླར་ལྷག་པ། །རི་མཁའ་རིས་བསྒྱུར་དུས་ཁྱིམ་གྱིས། །ཐོབ་པ་ཆ་སྟེ་ལྷག་མེད་དག །རྐང་འཛིན་སྔ་རྐང་ལ་ཡོད་ན། །ཡང་དག་རྒྱུ་དང་རྐང་སྡོམ་བསྲེ། །ཕྱི་རྐང་ལ་ཡོད་ཡང་དག་རྒྱུས། །


JLAZ007_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་སྡོམ་ལ་ཕྲི་སླར་ཡང་གཅིག །ཕོབ་པའི་མཁའ་རོར་སྲང་གིས་སྦྱང༌། །དེ་བཞིན་སླར་ཡང་རིམ་ཕོབ་ལ། །དབུགས་དང་ཆ་ཤས་དག་གིས་སྦྱང༌། །དེ་ཉིད་གཟའ་བར་ལོངས་སྤྱོད་ལ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །གཟའ་ཕྱེད་དག་པ་ཞེས་སུ་གྲགས། །དེ་ཡི་ཆ་ཤས་རི་རོས་བསྒྱུར། །རི་མཁའ་རིས་བགོས་ནོར་རི་རོའི། །ཆ་ཤས་དང་བཅས་གནས་དྲུག་སྤེལ། །ཉི་བར་གནས་གཉིས་བཀོད་པ་དེར། །གཅིག་ལ་སྐར་མཚམས་ཆུ་ཚོད་ནས། །ཞེས་ལྔས་སྦྱང་ཞིང་མ་ལྡང་ན། །འཁོར་ལོ་བསྣན་པ་ལག་ལེན་ཡིན། །བཅུ་གསུམ་སུམ་ཅུ་ལྷག་ན་དོར། །དོར་དང་མ་དོར་མཚན་མ་བཟུང༌། །ལྷག་མའི་སྐར་གནས་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་འབྱུང་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་འཛིན། །འཛིན་བྱའི་རྐང་པ་འདི་ལྟ་སྟེ། །དུས་མཚོ་ཟླ་བ་སྔ་རྐང་གསུམ། །ཕྱི་རྐང་དེ་ལྡོག་རྐང་གནས་དྲུག །གཟུགས་དང་འབྱུང་བ་དག་ལ་དུས། །མིག་དང་མཚོ་ལ་ཕྱོགས་སྡོམ་ཞིང༌། །མེ་ལ་དྲག་པོ་སྟོང་ལ་སྟོང༌། །སྔ་ཕྱི་སྤྱད་དང་སྤྱོད་རྒྱུ་སྡོམ། །རྐང་འཛིན་མདུན་མས་ལྷག་རྣམས་བསྒྱུར། །རང་རང་འཁོར་ལོ་སྟེང་དུ་དྲིལ། །དེ་ལ་འབྱུང་ཡོན་ཟླ་བ་ཡིས། །ཐོབ་པ་ཡང་དག་རྒྱུ་བའི་དབྱུག །སླར་ལྷག་མཁའ་རོས་བསྒྱུར་བ་དེར། །རང་ཆ་བསྲེས་ལ་


JLAZ007_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཡོན་ཟླས། །ཐོབ་ནོར་སྲང་ལ་ལྷག་མ་དེ། །དུས་ཀྱིས་བསྒྱུར་ལ་དབུགས་གནས་བཅུག །འབྱུང་ཡོན་ཟླས་ཐོབ་དབུགས་ཡིན་ཏེ། །སླར་ལྷག་རི་རོས་བསྒྱུར་བ་ལ། །ཆ་བཅུག་ཐོབ་པ་ཆ་གས་ཏེ། །དེ་ཡང་རྐང་འཛིན་སྔ་རྐང་ལ། །ཡོད་ཚེ་དབྱུ་གུ་གཉིས་བསྲེ་ཞིང༌། །ཕྱི་རྐང་ཚེ་ན་ཡང་དབྱུག་གི །རྐང་སྡོམ་ལ་ཕྲི་སླར་ཡང་ཕོབ། །རིམ་བཞིན་རང་འཁོར་ལ་སྦྱངས་ལྷག །གཟའ་ཕྱེད་ཉི་བར་ལོངས་སྤྱོད་ལ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡི་གཟའ་ཉི་རྣམ་པར་དག །སླར་ཡང་ཉི་དག་གནས་གཉིས་གཞག །གཅིག་ལ་སྐར་ཐིག་དབྱུག་མཚོ་དབང༌། །ཚེས་བསྒྱུར་སྟེར་རམ་རྟག་ལོངས་ཀྱི། །རེའུ་མིག་བྱིན་པས་ཚེས་ལ་ནི། །འཁྱུད་པའི་ཟླ་སྐར་ཞེས་སུ་གྲགས། །དེ་ལ་གཟའ་ལོངས་མན་གྱིས་སྦྱངས། །རེས་འགྲོགས་ཟླ་བའི་སྐར་མ་སྟེ། །ཉི་ཟླ་གཉིས་བསྲེས་སྦྱོར་བ་འགྲུབ། །འདི་ཡང་དུས་ཀྱི་ལྷ་ཡིན་ནོ། །བྱེད་པ་ཚེས་གྲངས་མིག་གིས་བསྒྱུར། །གཟུགས་ཕྲི་ཐུབ་པས་དོར་བའི་ལྷག །ཉེར་དགུ་དང་གནས་སྟོང་ལ་རི་མོ་མེད། ཕྱི་མའི་བྱེད་པ་ཡིན་པ་སྟེ། །སྔ་བྱེད་ཤུགས་ལ་རྟོགས་པར་འགྱུར། །དེ་ཡིས་གྲུབ་འབྲས་འདི་ལྟར་བརྟག །གཟའ་ནི་ཉིན་ཞག་བདག་པོ་ཡིན། །ནམ་ལངས་ནས་ནི་ནམ་ལངས་བར། །དེ་ཡི་ཆུ་ཚོད་ཚེས་བདག་སྟེ། །


JLAZ007_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ལངས་ཡན་ལ་འདས་པའི་ལྷག །ནམ་ལངས་ནས་བཟུང་ཟད་པའི་མཐའ། །དེ་ཉིད་ཚེས་རྫོགས་ཕྱི་མ་འཇུག །ཚེས་ལ་རྒྱུ་བའི་ས་བདག་ཀུན། །དེ་དང་རྗེས་སུ་མཐུན་པར་འཇུག །ཟླ་སྐར་ལོངས་སྤྱོད་དེ་ལས་ལྡོག །ནམ་ལངས་ཡན་ལ་འདས་པའི་ཚད། །དེ་ཡིས་མཁའ་རོ་ལ་སྦྱངས་པས། །ནམ་ལངས་ནས་བཟུང་ལྷག་ལུས་རྟོགས། །ཉི་སྐར་སྦྱོར་བ་དེ་དང་མཚུངས། །གཟའ་གནས་ལན་གཉིས་བལྡབས་པའི་ཚེ། །ཆུ་ཚོད་མང་བས་ཚེས་གྲངས་ཆད། །མཆོངས་ན་ཆུ་ཚོད་ཉུང་བ་ལྷག །དོན་ལ་ལྷག་ཆད་ཡོད་མིན་ཏེ། །རྐང་པའི་ལོངས་སྤྱོད་འཕེལ་འགྲིབ་ལས། །ཆད་དང་ལྷག་པ་ལྟ་བུར་སྣང༌། །ལྷག་པ་སྔ་མ་འཆོས་དགོས་ཏེ། །གཟའ་གནས་རང་གིས་རེས་ཉི་མ་ནས་མིག་དམར་ལ་མཆོངས་ན་ཟླ་བ་ལྟ་བུ་བཞིན་ལ། །དབྱུ་གུར་མཁའ་རོ་བཀོད་པར་བྱ། །མཆོངས་པའི་ཚེས་དེའི་ཉི་སྐར་ལ། །ཚེས་འཁྱུད་བརྟག་པའི་ལོངས་སྤྱོད་ནི། །མཚོ་དབང་ལྷག་ཚེས་དེས་བསྒྱུར་བྱིན། །རེས་གཟའི་ལོངས་སྤྱོད་རྣམས་ཀྱིས་སྦྱང༌། །ཟླ་སྐར་ཡིན་ནོ་ཉི་སྐར་དང༌། །དེ་གཉིས་བསྲེས་པས་སྦྱོར་བ་འགྲུབ། །གཟའ་དང་ཚེས་གྲངས་སྐར་མ་དང༌། །སྦྱོར་བ་བྱེད་པ་ཡན་ལག་ལ། །ཚོགས་པས་ལྔ་བསྡུས་ཞེས་སུ་གྲགས། །སྐར་


JLAZ007_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། གྲུབ་མཐའི་ལྔ་བསྡུས་བཤད་པའི་སརྒ་སྟེ་གསུམ་པའོ།། །།བསྡུས་པའི་རྒྱུད་ལ་གྲགས་པ་ཡི། །ལྷག་བཅས་བྱེད་པའི་ལྔ་བསྡུས་བཤད། །རབ་འདོད་ནང་གི་མཛེས་བྱེད་སོགས། །འདས་ལོ་ཉིས་བསྒྱུར་གནས་གཉིས་གཞག །འོག་མ་མིག་བསྒྱུར་ཀླུ་མཚོས་བརྒྱན། །ཟླ་རོས་ཐོབ་ནོར་སྟེང་བསྲེས་པ། །ཟླ་བ་དག་པ་ཉིད་ཡིན་ནོ། །ལྷག་མ་དུས་གཟེར་བརྟག་གཞིར་གཟུང༌། །ཟླ་དག་གནས་གསུམ་སྟེང་རིམ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདས་བསྒྱུར། །གཟར་མེ་དབྱུ་གུར་མི་བདག་ཕྲི། །འོག་ནས་མཁའ་རོ་མཁའ་རོ་དང༌། །རི་བོས་སྒྲིལ་བ་གཟའ་དྷྲཱུའོ། །ཟླ་དག་གནས་གཉིས་སྟེང་མིག་དང༌། །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །སྟེང་དུས་འོག་མ་བྲོ་ལག་སྦྱང༌། །འོག་ནས་དུས་ཉི་ཀླུ་ལག་གིས། །སྒྲིལ་བས་རིལ་ཆའི་དྷྲཱུ་ཝ་འཆར། །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་ཕྱོགས་ཀླུ་དབང་མིག་ཕྱོགས་བསྒྱུར། །སྐར་མཁའ་དབྱུ་གུར་རི་མཚོ་དང༌། །ཆུ་སྲང་མཁའ་འབྱུང་དབུགས་རིག་བྱེད། །ཆ་གནས་ཀླུ་ཡིས་ཕྲི་བ་ལ། །འོག་ནས་འདོད་པ་དུས་མཁའ་རོ། །མཁའ་རོ་འཁོར་ལོས་དྲིལ་བའི་ལྷག །ཉི་མའི་དྷྲཱུ་ཝ་ཉིད་ཡིན་


JLAZ007_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །བྱེད་པའི་སྐྱོན་གྱི་ཆོམ་རྐུན་ནི། །དྲུག་ཅུ་སྐོར་རེར་མ་དབྱུང་ན། །རི་མོ་བསོགས་པའི་རྒྱ་འབྱམས་ནི། །ཐུག་པ་མེད་པས་འདི་ལོངས་ཤིག །བྱེད་པ་ཉིད་ཀྱི་ལོ་རེ་ཡི། །དྷྲཱུ་ཝ་སྤྱི་མཐུན་དེ་ཉིད་ལ། །གཟའ་དྷྲཱུའི་ལོངས་སྤྱོད་འདོད་པས་བརྒྱན། །ཉི་དྷྲཱུའི་ཆུ་ཚོད་དུས་མེ་ཕྲི། །གཟའ་ཉིའི་ངེས་པ་ཞལ་ལུང་ལུགས། །ཕྱི་དྷྲཱུ་རིམ་གྱིས་འཆར་བའི་ཕྱིར། །སྔ་དྷྲཱུར་རང་རང་སྒྱུར་བྱེད་བྱིན། །བྱེད་པའི་ཉིན་རྩིས་ལ་འཇུག་ཕྱིར། །གཟའ་དྷྲཱུར་ཆུ་ཚོད་རྩ་དབང་དང༌། །སྲང་མེ་དབུགས་གནས་རིག་བྱེད་བྱིན། །ཉི་དྷྲཱུར་དབྱུག་མཚོ་སྲང་གཟུགས་མིག །དབུགས་འབྱུང་ཆ་གནས་བུག་པ་རྣམས། །གང་བརྩིའི་ཚེས་བསྒྱུར་བྱིན་པ་ལ། །གཟའ་ཉི་བར་པ་ཞེས་བྱའོ། །ཟླ་ཉིའི་རྐང་ཆོག་སྦྱོར་བྱེད་སོགས། །གྲུབ་མཐའ་བཞིན་ལས་ལོགས་སུ་མེད། །དེ་ལྟ་ན་ཡང་ཆ་ཤས་ཀྱི། །འཁོར་ལོ་འདོད་པས་བྱ་བ་ཁྱད། ༈ །དེ་ནས་སྒྲ་གཅན་ལ་སོགས་པའི། །རྩིས་ཕྲན་འགའ་ཞིག་བཤད་བྱ་བ། །བྱེད་གྲུབ་གང་འདོད་ཟླ་དག་དེ། །དུས་དང་རིག་བྱེད་ལག་པས་བརྒྱན། །མིག་གིས་བསྒྱུར་ལ་ཉ་ལ་གཟུགས། །སྟོང་ལ་མིག་སྦྱིན་མཁའ་དུས་ཆུས། །ཐོབ་པ་དོར་ལ་ལྷག་མ་དེ། །འཁོར་ལོས་བསྒྱུར་ལ་མཁའ་དུས་ཆུས། །ཐོབ་པ་སྐར་མའོ་ཡང་ལྷག་པ། །མཁའ་རོ་


JLAZ007_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རོ་དུས་དང་ནི། །རྩེ་མོ་ལག་པས་རིམ་བསྒྱུར་ལ། །མཁའ་དུས་ཆུ་བོས་ཐོབ་པའི་ནོར། །དབྱུག་སྲང་དབུགས་དང་མེ་ལག་ཆའི། །གནས་དེ་སྒྲ་གཅན་རྩ་བའོ། །དེ་ཡིས་རང་རང་འཁོར་ལོ་ལ། །རིམ་སྦྱངས་གདོང་གི་སྐར་ལོངས་ཏེ། །གདོང་ལ་འཁོར་ཕྱེད་བསྲེས་པ་འམ། །ཕྲི་བ་དུས་མེའི་སྐར་ལོངས་སོ། །དེ་བཞིན་ཚེས་ཞག་རེ་རེ་ཡི། །སྒྲ་གཅན་བརྟག་ན་ཟླ་དག་དེ། །དུས་དང་རིག་བྱེད་མིག་གིས་བརྒྱན། །མཁའ་མེས་བསྒྱུར་ལ་གང་འདོད་དེའི། །ཚེས་བསྲེ་མཁའ་མཁའ་རྩ་རོས་དོར། །ལྷག་མ་འཁོར་ལོས་བསྒྱུར་བ་ལ། །མཁའ་སྟོང་རྩ་རོས་ཐོབ་པ་སྐར། །ལྷག་མ་མཁའ་རོ་མཁའ་རོ་དང༌། །དུས་དང་མེ་མིག་གིས་བསྒྱུར་ལ། །མཁའ་མཁའ་རྩ་རོས་རིམ་ཐོབ་ནོར། །རྩ་བ་ཡིན་ནོ་གདོང་མཇུག་གི །ཆོ་ག་སྔར་བཞིན་བགྱིས་པ་ཡིས། །ཚེས་ལ་འཕོ་བའི་སྒྲ་གཅན་རྟོགས། །ཟླ་རེའི་སྒྲ་གཅན་རྟོགས་པའི་ཆེད། །ཟླ་དག་དུས་དང་རྒྱལ་བ་ཡིས། །བརྒྱན་ཏེ་མཁའ་མེ་ལག་པས་དོར། །ལྷག་མ་སྐར་མས་བསྒྱུར་བ་སོགས། །རྩ་གདོང་མཇུག་གི་ཆོ་ག་རྣམས། །སྔར་བཞིན་བྱས་པས་ཟླ་བ་རེའི། །སྒྲ་གཅན་བདེ་བླག་རྟོགས་པར་འགྱུར། ༈ །བྱེད་པ་ལོ་ཡི་བདག་པོ་ནི། །ཆོ་གའི་རྣམ་འགྱུར་གསར་པས་སྟོན། །མཛེས་བྱེད་འདས་ལོ་ཡིད་གཟུགས་


JLAZ007_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། །ཆུ་མེ་མཚམས་ཀྱིས་དོར་བའི་ལྷག །རིས་བསྒྱུར་རིག་བྱེད་མེ་མཚམས་ཀྱིས། །ཐོབ་ནོར་གཟའ་གནས་ལྷག་མ་ནི། །མཁའ་རོ་མཁའ་རོ་དུས་དང་ནི། །རི་གཟུགས་རྩེ་མོས་རིམ་བསྒྱུར་ལ། །ཆུ་མེ་མཚམས་ཀྱི་སོ་སོར་བགོས། །ནོར་དེ་དབྱུག་སྲང་དབུགས་དང་ནི། །ཆར་བཅས་ལྷག་མེད་དག་འགྱུར་བའི། །གཟར་མེ་དབྱུ་གུར་མིག་མཚོ་དང༌། །སྲང་སྐྱོན་དབུགས་གཟུགས་ཆ་རི་ཡིས། །ཕྲི་བ་བྱེད་པའི་ལོ་བདག་གོ །དེ་ལས་ཕྱི་ལོ་རྟོགས་འདོད་ན། །གཟར་འབྱུང་དབྱུ་གུར་ཆུ་མཚོ་དང༌། །ཆུ་སྲང་ཀླུ་ལག་དབུགས་རིག་བྱེད། །ཆ་ཤས་དུས་རྩ་གཟུགས་ཀྱིས་ཕྲི། །ཕྱི་མ་ཕྱི་མའི་ལོ་བདག་འཆར། །དེ་ཡང་ལོ་འཕོ་སྐྱོན་བྲལ་ནི། །མཛེས་བྱེད་འདས་ལོ་གནས་བདུན་བཀོད། །སྟེང་ནས་གཟུགས་དང་མི་བདག་ཡིད། །བསེ་རུ་དུས་བུག་མིག་དང་ཕྱོགས། །རྩ་རི་ཟླ་བས་བསྒྱུར་བ་ལ། །གཟར་གཟུགས་དབྱུ་གུར་བུག་མེ་དང༌། །ཆུ་སྲང་མཁའ་མེ་དབུགས་ཟླ་བ། །ཆ་གོང་སྟོང་པ་དེ་ཉིད་དང༌། །འདོད་ཆར་བུག་པ་རི་མཁའ་རིའི། །ཆ་གནས་མཁའ་མིག་མཚོས་ཕྲི་ལ། །འོག་ནས་རི་མཁའ་རི་འདོད་དང༌། །རིག་གཟུགས་མེ་དང་དུས་མཁའ་རོ། །མཁའ་རོ་ཐུབ་པས་དྲིལ་བའི་ལྷག །སྐྱོན་བྲལ་ལོ་འཕོར་ངེས་པར་བྱ། །དེ་


JLAZ007_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔ་ལོའི་བདག་པོ་ལ། །སྒྱུར་བྱེད་བྱིན་པས་ཕྱི་མ་འཆར། །ཁྱིམ་གཟའ་བཅུ་གཉིས་བསྒྲུབ་པའི་ཕྱིར། །བྱེད་པ་ལོ་འཕོ་རགས་ཞིབ་གཉིས། །གང་འདོད་གཟའ་དང་དབྱུ་གུའི་གནས། །ཚར་ནི་བཅུ་གཉིས་བཀོད་པ་ལ། །སོ་སོར་ཁྱིམ་རེའི་ཁ་བྱང་གདགས། །ལུག་ཁྱིམ་འབྱུང་བ་རྩེ་མོས་ཕྲི། །གླང་ལ་མིག་དང་རི་ཡིས་སྦྱང༌། །འཁྲིག་པར་འབྱུང་བ་མེ་མཚོས་དམན། །ཀརྜར་མིག་དང་ཐུབ་པས་འཕྲོག །སེང་གེར་དབང་པོ་ཀླུ་མེས་དབྲི། །བུ་མོར་མིག་དང་དུས་མེས་ཞུས། །སྲང་ལ་སྟོང་པ་སྲིན་པོས་དོར། །སྡིག་པར་ཕུང་པོ་རྩེ་ཟླས་འབྲིད། །གཞུ་ལ་ཡོན་ཏན་ཆུ་མཚོས་དམན། །ཆུ་སྲིན་ལག་པ་མེ་མིག་སྤྱང༌། །བུམ་པར་སྟོང་པ་དུས་འབྱུང་དམན། །ཉ་ལ་དུས་དང་ཀླུ་ཡིས་འཕྲོག །ལྷག་རྣམས་བྱེད་པའི་ཟླ་འདི་རྣམས་སྦྱོང་བར་མ་མདངས་ན་འཁོར་ལོ་ཕབ་བདག་གོ །༈ །རྒྱལ་བློན་ཆེད་དུ་འདས་ལོ་དེ། །རྩེ་མོས་བསྒྱུར་ལ་གནས་གཉིས་གཞག །སྟེང་མ་མེས་ཕྲི་གཉིས་ཀ་ཡང༌། །རི་ཡིས་ཐ་དད་དོར་བའི་ལྷག །སྟེང་རྒྱལ་འོག་མ་བློན་པོར་བོས། །ཆུ་ཡིས་ཕྲིའམ་མེས་བརྒྱན་ན། །ཕྱི་ལོའི་རྒྱལ་བློན་བདེ་བླག་རྟོགས། ༈ །ཀ་ར་མྱང་རྩིས་ཞེས་གྲགས་པ། །ནཻ་པ་ལ་ཡི་རྩིས་ཕྲན་ནི། །འབྱུང་མཁའ་རི་གཟུགས་ལོ་ཚོགས་ལ། །མཛེས་བྱེད་འདས་ལོ་བྱིན་པ་དེར། །


JLAZ007_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཀའི་ལོ་ཞེས་གྲགས་པ་གང༌། །མེས་བསྒྱུར་རིས་ཐོབ་ལྷག་མ་ནི། །ལག་བསྒྲེས་འབྱུང་བ་བརྒྱན་པ་དེས། །ཆར་པ་ཆེ་ཆུང་ལུང་དུ་སྟོན། །སྔོན་ཆད་རི་བོས་ཐོབ་ནོར་དེ། །མེས་བསྒྱུར་རིས་བགོས་ལ་སོགས་པ། །སྔ་མ་བཞིན་དུ་ལན་བརྒྱད་བགྱིད། །འབྲུ་རྩྭ་བསིལ་དྲོད་རླུང་འཕེལ་ཟད། །འཁྲུག་པ་རྣམས་ནི་ཉུང་ཚད་ལྔ། །མང་མཐའ་བཅུ་བདུན་འབྲིང་བཅུ་གཉིས། །ཉིད་ལ་བརྟགས་ནས་ལུང་དུ་སྟོན། །ཤ་ཀའི་ལོ་ནས་དྲག་པོས་སྦྱང༌། །ཆུས་ཐོབ་ལྷག་མར་གཟུགས་ཤར་ན། །རྫིང་བུར་འཇུག་ཅེས་ཆར་པ་ཉུང༌། །ཟུང་ཤར་ཡན་ལག་འཇུག་ཅེས་པ། །ཆར་པ་ཕྱོགས་ལྷུང་ཅན་དུ་འབབ། །མེ་ཤར་ཀུན་འཇུག་ཅེས་བྱ་སྟེ། །ཆར་པ་སྙོམས་པར་འོང་ཞེས་འདོད། །ཐིག་ཤར་ཞོད་ཅེས་ཆར་ཆུ་རྒྱས། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། བྱེད་པ་ལྔ་བསྡུས་དང༌། རྩིས་ཕྲན་རྣམས་བཤད་པའི་སརྒ་སྟེ་བཞི་པའོ།། །།དེ་ནས་ལེགས་ལྡན་གཟའ་ལྔ་པོ། །ཉིན་ཞག་དག་ལ་སྤྱོད་པ་བཤད། །གྲུབ་མཐའི་ཟླ་དག་མཁའ་མེས་བསྒྱུར། །གང་འདོད་ཚེས་བསྲེ་གནས་གསུམ་གཞག །འོག་མ་མཁའ་ནོར་ཆུ་ཡིས་བརྒྱན། །རི་མཁའ་རིས་ཐོབ་བར་པར་བྱིན། །བར་མ་ཆུ་རོས་ཕྱེ་བ་ཡི། །ནོར་གྱིས་སྟེང་སྦྱང་སྤྱི་ཞག་གོ །མི་གསལ་ཞག་ལས་


JLAZ007_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་གྱུར་པའི། །གསལ་ཞག་བལྟ་ན་སྤྱི་ཞག་དེ། །གནས་གཉིས་གཅིག་ལ་རྩེ་མོ་བྱིན། །རི་ཡིས་བགོས་ལྷག་རེས་གཟའ་དང༌། །མཐུན་ནམ་བརྟགས་ལ་མི་མཐུན་ན། །མང་ན་ཅིག་ཤོས་སྟེང་ནས་འཕྲོག །ཉུང་ན་ཕྲི་བ་གསལ་ཞག་སྟེ། །ཤིན་ཏུ་ཕྲ་བའི་སྒོས་ཆོས་དག །སྟོན་པའི་ཆོ་ག་ཉིད་ཡིན་ཡང༌། །འདིར་ནི་སྤྱི་དང་མཐུན་པར་བརྗོད། །སྤྱི་ཞག་ཚར་ལྔ་བཀོད་པ་ལ། །རང་རང་རྩིས་འཕྲོའི་ངེས་པ་ནི། །མིག་དམར་མིག་དང་དུས་མཚོ་བྱིན། །ཕུར་བུ་མཚོ་འབྱུང་མེ་རྩེས་བརྒྱན། །སྤེན་པ་ལག་མིག་འབྱུང་རི་བསྣན། །ལྷག་པ་མཁའ་མཁའ་གཟུགས་ཀྱིས་བསྒྱུར། །དབང་པོ་རིག་བྱེད་ཀླུ་དབང་བསྲེ། །པ་སངས་ཕྱོགས་བསྒྱུར་སྲིན་ཚེས་བརྒྱན། །དྲག་གསུམ་རྐང་འཛིན་ཞི་གཉིས་ཀྱི། །དལ་བ་བར་པའི་ཆེད་དུ་ནི། །ཉིན་ཞག་ཉི་དྷྲཱུ་འཚོལ་དགོས་ཕྱིར༌། །སྤྱི་ཞག་མིག་ཀླུ་མེ་སྐྱོན་གྱིས། །བསྒྱུར་ལ་དབང་པོ་ཡིད་རི་དང༌། །ཆུ་མེ་བྲོ་བ་བསྲེས་པའམ། །ཡང་ན་མིག་དམར་དེ་ཉིད་ཟུང༌། །ཕུར་བུ་ཀླུ་རི་གཏེར་གྱིས་འཕྲོག །སྤེན་པ་མཚོ་རྒྱལ་རྩེ་མོས་དམན། །ལྷག་པ་མིག་དབང་གཏེར་ལག་ཕྲི། །པ་སངས་ཀླུ་ནོར་མཁའ་མིག་སྦྱང༌། །ཉི་མར་ནམ་མཁའ་དུས་མིག་དང༌། །རི་རོ་མེས་ཕྲི་རང་རང་གི །ཉིན་ཞག་དཀྱིལ་འཁོར་འདི་ལྟ་སྟེ། །མིག་དམར་གྱི་ནི་རི་ཀླུ་རོ། །


JLAZ007_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུའི་སོ་མེ་རིག་བྱེད་དང༌། །སྤེན་པའི་རོ་དུས་ཐུབ་པ་ཕྱོགས། །ལྷག་པའི་རི་བུག་རི་བོ་ཀླུ། །པ་སངས་དྲང་སྲོང་རྒྱལ་བ་མིག །ཉི་མའི་འབྱུང་མཁའ་མཚོ་ཡིད་རི། །མཚམས་ཀྱིས་བགོས་པའི་ལྷག་མ་རྣམས། །རང་རང་སྒོས་ཀྱི་ཉིན་ཞག་གོ །སོ་སོའི་སྒོས་ཀྱི་ཞག་པོ་དེ། །སྐར་མས་བསྒྱུར་ལ་རང་རང་གི །དཀྱིལ་འཁོར་གྱིས་ཐོབ་སྐར་མ་སྟེ། །ལྷག་མ་མཁའ་རོ་མཁའ་རོ་དང༌། །དུས་དང་སོ་སོའི་ཆ་ཤས་ནི། །མིག་དམར་སུམ་ཆ་བུག་མིག་ལག །ཕུར་བུའི་ཉི་ཆ་གཟུགས་དུས་མེ། །སྤེན་པའི་གཉིས་ཆ་མེ་ཀླུ་དང༌། །འཇིག་རྟེན་དབང་པོར་ཤེས་པར་བྱ། །ལྷག་པའི་རི་བུག་རི་ཀླུ་སྟེ། །པ་སངས་གསུམ་ཆ་བུག་མཚོ་རི། །ཉི་མའི་བཞི་བཅུ་ཞེ་ལྔའི་ཆ། །བུག་མཁའ་མིག་བུག་ཡིད་རྣམས་ཀྱིས། །རིམ་བསིལ་སྔར་བཤད་དཀྱིལ་འཁོར་གྱི། །ཐོབ་ནོར་དབྱུག་སྲང་དབུགས་ཆར་བརྩེགས། །དེ་ཡིས་དལ་བར་རྐང་འཛིན་འགྲུབ། །ཁྱད་པར་དབུགས་གནས་བཏོན་པའི་ལྷག །སྔར་སྨོས་ཆ་ཤས་ཉུང་བ་དེས། །བགོ་བ་མྱུར་རྩིས་མན་ངག་ཡིན། །གཞན་ཡང་སྒོས་ཞག་སྤངས་པ་ཡི། །ཁྱད་ཆོས་ས་རའི་འོ་མཚོ་ལས། །ལུང་འདི་རྩ་བསྒྲུབ་ལ་བདེ་བ། །བསྒྲུབ་ན་སྤྱི་ཞག་གནས་ལྔ་པ། །ཚར་དྲུག་བཀོད་ལ་དང་པོ་དེ། །སྐར་མཁའ་དབྱུག་མཚོ་སྲང་དུས་མིག །དབུགས་ཐིག་ཆ་ཤས་


JLAZ007_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་ཚེས། །མེ་བུག་གིས་བསྒྱུར་སྟེང་ནས་རིམ། །སྐར་གཟུགས་དབྱུ་གུར་ཀླུ་ལག་དང༌། །ཆུ་སྲང་དུས་མེ་དབུགས་རྩེ་མོ། །ཆར་བུག་མཁའ་རི་གཟུགས་ཐུབ་ཕྲི། །འོག་རིམ་བུག་མཁའ་མིག་བུག་ཡིད། །མཚམས་དང་མཁའ་རོ་མཁའ་རོ་དང༌། །སྐར་མས་དྲིལ་བ་དྲག་གསུམ་གྱི། །རྐང་འཛིན་ཞི་གཉིས་དལ་བར་རོ། །གཉིས་པ་སྐར་གནས་སྟོང་པ་དང༌། །དབྱུག་མིག་ཆུ་སྲང་གཟུགས་མིག་དང༌། །དབུགས་ཟུང་ཆ་ཤས་གདེངས་ཅན་མཁའ། །མིག་གིས་བསྒྱུར་ལ་སྟེང་ནས་རིམ། །སྐར་ཀླུ་དབྱུ་གུར་མཁའ་དབང་དང༌། །ཆུ་སྲང་མཚོ་མེ་དབུགས་སྟོང་པ། །ཆ་ཤས་མཚོ་ཀླུས་དམན་པ་དེ། །བུག་མིག་ལག་དང་དུས་མཁའ་རོ། །མཁའ་རོ་འཁོར་ལོས་དྲིལ་བའི་ལྷག །མིག་དམར་དལ་བ་བར་པ་ཡིན། །གསུམ་པ་སྐར་སྟོང་དབྱུག་སྐྱོན་དང༌། །སྲང་རྒྱལ་དབུགས་དབང་ཆ་ཤས་གནས། །རི་ཀླུ་དུས་མཚོས་བསྒྱུར་བ་དེར། །སྐར་བུག་དབྱུག་མེ་སྲང་རི་རྩེ། །དབུགས་གཟུགས་ཆར་བུག་ཕྱོགས་རིས་དམན། །རི་བུག་རི་ཀླུ་དུས་མཁའ་རོ། །མཁའ་རོ་སྐར་མས་དྲིལ་བའི་ལྷག །ལྷག་པའི་རྐང་འཛིན་ཉིད་དུ་བཟུང༌། །བཞི་པ་སྐར་དབྱུག་སྟོང་པ་དང༌། །ཆུ་སྲང་ལག་མིག་དབུགས་ཟུང་དང༌། །ཆ་ཤས་དུས་མིག་ལག་གིས་བསྒྱུར། །སྐར་མཚམས་དབྱུག་དབང་སྲང་ཆུ་མཚོ། །དབུགས་


JLAZ007_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཆ་ཤས་དུས་བུ་གས། །སྦྱངས་ལ་གཟུགས་དུས་མེ་དང་རོ། །མཁའ་རོ་མཁའ་རོ་སྐར་མས་དྲིལ། །ལྷག་མ་ཕུར་བུའི་དལ་བར་རོ། །ལྔ་པ་སྐར་མཁའ་དབྱུག་རི་དང༌། །སྲང་ཉི་དབུགས་རྩེ་ཆ་ཤས་གནས། །དབང་པོ་རིག་བྱེད་རྩེ་མོས་བསྒྱུར། །སྐར་གནས་དེ་ཉིད་དབྱུག་འབྱུང་བ། །ཆུ་སྲང་ལག་མིག་དབུགས་ནམ་མཁའ། །ཆ་ཤས་མིག་དང་འདོད་པས་འཕྲོག །བུག་མཚོ་རི་དང་དུས་མཁའ་རོ། །མཁའ་རོ་འཁོར་ལོས་དྲིལ་བའི་ལྷག །པ་ཝ་སངས་ཀྱི་རྐང་འཛིན་ནོ། །དྲུག་པ་སྐར་དབྱུག་སྟོང་པ་དང༌། །སྲང་བུག་དབུགས་སྟོང་ཆ་ཤས་གནས། །སྐྱོན་རྩས་བསྒྱུར་ལ་སྐར་ཀླུ་དང༌། །དབྱུག་ནོར་སྲང་སྤྲུལ་དབུགས་ཟླ་བ། །ཆ་གནས་མེ་བུག་དྲག་པོས་པྲི། །མེ་ཀླུ་མེ་འབྱུང་དུས་ཐིག་མཚམས། །མཁའ་དུས་སྐར་མས་དྲིལ་བ་ཡི། །ལྷག་མ་སྤེན་པའི་དལ་བར་རོ། །སྔར་བཤད་རྩིས་འཕྲོའི་ངེས་པ་རྣམས། །གལ་ཏེ་སྦྱངས་པར་མ་ལྡང་ན། །སྟེང་ནས་རང་འཁོར་ཕབ་ལ་སྦྱང༌། །གཞན་ཡང་རི་མོས་རྣམ་གྲངས་ནི། །རང་རང་སྒོས་ཞག་གནས་ལྔར་བརྩེགས། །དྲག་གསུམ་སྔར་བཤད་སྒྱུར་བྱེད་དང༌། །ལྷག་པ་ཐིག་སྟོང་དབང་ཕྱུག་མཁའ། །ཀླུ་བུག་འབྱུང་བ་མིག་གིས་བསྒྱུར། །པ་སངས་མཁའ་སྟོང་མེ་མཚོ་གཟུགས། །བུག་མཁའ་རིག་བྱེད་རྣམས་ཀྱིས་བསྒྱུར། །


JLAZ007_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་འཁོར་ལོས་དྲིལ་བ་ཡི། །རྐང་འཛིན་དལ་བར་སྔར་བཞིན་འཆར། །དེ་བཞིན་ཚེས་གྲངས་མ་བསྲེས་པའི། །སྤྱི་སྒོས་ཞག་ལ་ཉི་དྷྲཱུ་ནི། །བསྒྲུབ་ན་མཁའ་མཚོ་དུས་མིག་སྟོང༌། །ཆ་ཤས་མཚམས་ཚེས་མེ་བུག་རྣམས། །གང་བརྩིའི་ཚེས་བསྒྱུར་སྟེར་བ་ཁྱད། །དེ་ནས་དལ་དག་བསྒྲུབ་པའི་སླད། །རང་རང་དལ་བར་ཚར་གཉིས་བཀོད། །སོ་སོའི་སྐྱེས་ཁྱིམ་འདོར་དགོས་པས། །མིག་དམར་སྲིན་པོ་མཁའ་མེ་དང༌། །ལྷག་པ་མི་བདག་སུམ་ཅུའོ། །ཕུར་བུ་ཁྱིམ་དང་པ་སངས་དུས། །སྤེན་པ་གདེངས་ཅན་ཟླ་བས་སྦྱང༌། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ནའང་དོར། །ལྷག་མའི་སྐར་གནས་མཁའ་རོས་བསྒྱུར། །ཆུ་ཚོད་བསྲེས་ལ་འབྱུང་ཡོན་ཟླས། །བགོས་ཐོབ་ནོར་གྱིས་དལ་རྐང་འཛིན། །གཟུང་བྱའི་རྐང་པ་འདི་ལྟ་སྟེ། །མིག་དམར་འབྱུང་མིག་སྐྱོན་དང་རི། །ལྷག་པའི་ཕྱོགས་དང་རི་བོ་མེ། །ཕུར་བུའི་དབང་ཕྱུག་བུ་ག་རྩེ། །པ་སངས་དབང་པོ་རིག་བྱེད་གཟུགས། །སྤེན་པའི་ལག་མིག་ཚེས་དང་མཚམས། །སོ་སོའི་སྔ་རྐང་ཉིད་དུ་བརྟག །ཕྱི་རྐང་དེ་ལས་ལྡོག་པ་སྟེ། །སྔ་ཕྱི་སྤྱད་དང་སྤྱོད་རྒྱུ་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་ཏེ། །རང་རང་འཁོར་ལོས་སྟེང་དུ་དྲིལ། །སྟེང་མ་འབྱུང་ཡོན་ཟླས་ཐོབ་པ། །


JLAZ007_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་རྒྱུ་འོ་སླར་ལྷག་རྣམས། །རང་ཆར་བཤིགས་ལ་རང་ཆ་བཅུག །དེ་ལ་རིམ་བཞིན་འབྱུང་འདོད་ཀྱིས། །ཐོབ་པ་དལ་བའི་ལོངས་སྤྱོད་དེ། །སྔ་རྐང་དབྱུ་གུར་གཉིས་བསྲེང་ཞིང༌། །ཕྱི་རྐང་ཡང་རྒྱུས་རྐང་སྡོམ་ཕྲི། །དེ་ལས་རིམ་ཕོབ་སྲང་དབུགས་དང༌། །ཆའི་བར་རང་འཁོར་ལ་སྦྱངས་ཏེ། །དལ་བ་བར་པ་ཅིག་ཤོས་ལ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་དལ་བ་རྣམ་དག་འགྲུབ། །དེ་ནས་མྱུར་བ་དག་པའི་ཚད། །རང་རང་རྐང་འཛིན་ཚར་རེ་དང༌། །དལ་དག་ཚར་རེ་བཀོད་བྱས་ལ། །དྲག་གསུམ་རྐང་འཛིན་ཆ་ཤས་དེ། །གང་འདོད་གཟའ་དེའི་ཆ་ཤས་ཀྱིས། འཁོར་ལོས་མིག་དམར་གྱི་བུག་མིག་ལག་ལྟ་བུ་སྒྱུར་ལ་བུག་མཁའ་དང༌། །མིག་བུག་ཡིད་ཀྱིས་བགོས་ཐོབ་ནོར། །དལ་དག་ཆར་འགྱུར་ལྷག་རང་ཆར། །བཞག་པས་གནས་དྲུག་དག་ཏུ་འགྱུར། །དེ་བཞིན་ཞི་གཉིས་དལ་དག་ལ། །རྐང་འཛིན་ཆ་ཤས་སྔར་བཞིན་སྤེལ། །དལ་བ་དག་པས་རྐང་འཛིན་སྦྱང༌། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མས་མྱུར་རྐང་གཟུང༌། །འཁོར་ཕྱེད་དོར་ན་རིམ་མིན་དང༌། །མ་དོར་རིམ་པར་ནས་མར་གཟུང༌། །རིམ་མིན་རྐང་འཛིན་སྟོངས་གྱུར་ན། །ཆུ་ཚོད་མཁའ་མེར་ལོངས་པ་ནས། །གཟུང་སྟེ་རིམ་


JLAZ007_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མིན་མ་རྫོགས་པར། །མཁའ་མེ་བསྣན་ནས་འཛིན་པ་གནད། །གཟུང་བྱའི་མྱུར་རྐང་འདི་ལྟ་སྟེ། །མིག་དམར་རྒྱལ་བ་ཡོན་ཏན་ལག །མེ་མིག་རྩེ་ཟུང་གཟུགས་མིག་དང༌། །གཟུགས་ཟུང་སྐྱོན་དང་ཚེས་དྲག་པོ། །རྩེ་མོ་རྣམས་ནི་རིམ་པའོ། །རིམ་མིན་བདེ་བྱེད་ཀླུ་མེ་དང༌། །སྟོང་པ་གདེངས་ཅན་མེ་དབང་ངོ༌། །ལྷག་པའི་མི་བདག་མི་བདག་ཚེས། །ཡིད་འདོད་བདེ་འབྱུང་རི་དབང་མཁའ། །རིམ་པ་ཉིད་དེ་རིམ་མིན་ནི། །མཚོ་དྲག་མཁའ་མིག་གདེངས་ཅན་ལག །རིག་བྱེད་འཇིག་རྟེན་བཅས་པའོ། །ཕུར་བུར་ཕྱོགས་ཕྱོགས་རྩ་དང་ཀླུ། །དུས་དང་མཚམས་དང་ཟུང་དང་གཟུགས། །རིམ་པ་ཉིད་དེ་རིམ་མིན་ནི། །རྩེ་མོ་རོ་དང་བུག་པ་དྲག །མི་བདག་དྲང་སྲོང་བཅས་པའོ། །པ་སངས་དེ་ཉིད་ལན་གསུམ་དང༌། །རྒྱལ་བ་ལག་མིག་ལག་མིག་དང༌། །སྐྱོན་ཚེས་ཀླུ་རྣམས་རིམ་པའོ། །རིམ་མིན་དུས་དང་མཁའ་མེ་དང༌། །རྩ་དང་བུག་པ་མེ་རིའོ། །སྤེན་པ་དུས་དང་དབང་པོ་འབྱུང༌། །ཆུ་བོ་རིག་བྱེད་ལག་མིག་ཐིག །རིམ་པ་ཉིད་དོ་རིམ་མིན་ནི། །མིག་དང་རིག་བྱེད་དབང་པོ་དང༌། །དུས་དང་གདེངས་ཅན་ཡོན་ཏན་རྣམས། །རིམ་པར་སྤྱད་ཟིན་རིམ་མིན་ལ། །སྤྱོད་བྱ་སྡོམ་ལ་འཛིན་བྱེད་དབྱི། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །རང་རང་འཁོར་ལོས་ཆུ་ཚོད་ཀྱི། །


JLAZ007_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་དྲིལ་བ་མཁའ་རོ་ཡིས། །ཐོབ་ནོར་ཡང་དག་རྒྱུ་བའི་དབྱུག །ཡང་ལྷག་མཁའ་རོས་བསྒྱུར་བ་ལ། །སྲང་བསྲེས་མཁའ་རོས་ཐོབ་ནོར་སྲང༌། །སླར་ལྷག་རོས་བསྒྱུར་དབུགས་བཅུག་པ། །མཁའ་རོས་ཐོབ་པ་དབུགས་ཡིན་ཏེ། །དེ་ལྷག་རང་རང་ཆ་ཤས་ཀྱིས། །བསྒྱུར་ལ་རང་ཆ་བཅུག་པ་དེ། །མཁའ་རོས་ཐོབ་ནོར་རང་ཆ་གོང༌། །དེ་ལྷག་བུག་མཁའ་མིག་བུག་དང༌། །ཡིད་བསྒྱུར་རང་གི་ཆ་བཅུག་ལ། །མཁའ་རོས་བགོས་ཐོབ་ཆ་འོག་མ། །དེ་ཡང་གནད་ཀྱི་ལག་ལེན་ལ། །རིམ་པའི་ཕྱི་རྐང་ཐ་མ་དང༌། །རིམ་མིན་སྔ་རྐང་དང་པོ་ཡི། །ཆུ་ཚོད་སུམ་ཅུ་ཚུན་ཆད་ལ། །རྐང་སྔོན་བབས་ཚེ་མཁའ་མེས་བགོ །ལྷག་སྤེན་གཉིས་ཀྱི་རྐང་པ་ཡིན། །སྟོང་པར་བབས་ན་རྐང་འཛིན་ཕྱི། །ཡང་དག་རྒྱུ་སོགས་རྐང་ལོངས་མེད། །སྤྱི་ལ་ཡང་དག་རྒྱུ་བའི་དབྱུག །སྔ་རྐང་རྐང་སྡོམ་སྟེང་དུ་བསྣན། །ཕྱི་རྐང་རྐང་སྡོམ་ལ་ཕྲི་ཞིང༌། །སླར་ཡང་ཕོབ་ལ་སྲང་དབུགས་དང༌། །ཆ་ཤས་བར་དུ་རང་འཁོར་ལ། །སྦྱངས་དེས་དལ་དག་ཅིག་ཤོས་ལ། །རིམ་པ་བསྣན་ལ་རིམ་མིན་ཕྲི། །དབྲི་བྱ་ཉུང་ན་དེ་ཉིད་ཀྱིས། །དབྲི་བྱེད་ཉིད་ལ་ཕྲི་བ་འམ། །སྐར་མ་བསྣན་ལ་ཕྲི་བ་ཡིས། །ལུགས་འབྱུང་ལུགས་ལྡོག་རི་མོ་འཆར། །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །ཕྱི་རྐང་དལ་འགྲོས་ཉིད་དེ་ལྷོ། །


JLAZ007_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །ཕྱི་རྐང་འབྱུང་འགྲོས་བྱང་དུ་བརྩམ། །དེ་ཡིས་མྱུར་བ་རྣམ་པར་དག །གཟའ་རྣམས་སྐར་མ་འཕོ་མཚམས་ལ། །བརྟགས་ན་སྔོན་མའི་མྱུར་དག་གིས། །ཕྱི་མའི་མྱུར་དག་ཕྲི་བའི་ལྷག །སྐར་མ་ནས་བཟུང་ཆ་ཤས་བར། །བཅོ་ལྔས་ཕྱེ་བའི་རྙེད་པ་རྣམས། །རང་གནས་གཞག་ལ་ཞག་རེ་ལ། །སྤྱོད་པའི་ལོངས་སྤྱོད་རགས་པ་དེ། །འཕོས་པའི་གཟའ་དེའི་མྱུར་དག་ལ། །ཉུང་སྟེང་བསྣན་ནམ་མང་སྟེང་ནས། །ཕྲི་བའི་ལན་རེར་ཉ་སྟོང་ནི། །གང་ཡིན་ནས་བཟུང་ཞག་རེར་བགྲང༌། །འཕོས་པའི་སྐར་མ་དང་འགྲིག་ཚེ། །དེ་ཡི་ཉིན་ཞག་ཡིན་པར་རྟོགས། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། ལེགས་ལྡན་གཟའ་ལྔ་ཉིན་ཞག་ལ་སྤྱོད་པ་བཤད་པའི་སརྒ་སྟེ་ལྔ་པའོ།། །།དེ་ནས་ཚེས་སྤྱོད་གཟའ་ལྔ་བཤད། །གྲུབ་མཐའི་ཟླ་དག་གནས་དྲུག་པ། །གཟའ་རེ་ལ་ནི་ཚར་རེ་བཀོད། །དང་པོ་མིག་དམར་དྷྲཱུ་བའི་ཆེད། །སྐར་གཟུགས་དབྱུག་སྲིན་སྲང་ཀླུ་མེ། །དབུགས་སྟོང་ཆ་གོང་མཚོ་རི་གཟུགས། །འོག་མ་ནོར་དང་དྲང་སྲོང་གིས། །བསྒྱུར་ལ་སྐར་ཀླུ་དབྱུག་མཁའ་དབང༌། །ཆུ་སྲང་འབྱུང་མེ་དབུགས་རྩེ་མོ། །ཆ་གོང་དབང་པོ་ཀླུ་དང་ནི། །འོག་མ་དུས་དང་མི་བདག་ཕྲི། །ལྷག་པ་སྐར་བུག་དབྱུག་མེ་


JLAZ007_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཆུ་སྲང་ཀླུ་མཚོ་དབུགས་འབྱུང་བ། །ཆ་གོང་མིག་དབང་རི་ཀླུ་དང༌། །འོག་མ་སྲིན་པོ་དུས་ཀྱིས་བསྒྱུར། །སྐར་བུག་དབྱུག་མེ་སྲང་སྲིན་མཚོ། །དབུགས་སྟོང་ཆ་གོང་མིག་བུག་དྲག །འོག་མ་ཕྱོགས་དང་རྩེ་མོས་ཕྲི། །ཕུར་བུ་སྐར་ཐིག་ཆུ་ཚོད་དྲག །སྲང་མིག་དབུགས་མེ་ཆ་ཤས་གོང༌། །དབང་ཕྱུག་ལག་པ་འོག་མའི་ཆ། །དུས་མཚོ་རི་ཡིས་བསྒྱུར་བ་ལ། །སྐར་དུས་དབྱུག་དབང་སྲང་ཆུ་མཚོ། །དབུགས་གཟུགས་ཆ་གོང་མཁའ་དབང་མིག །འོག་མ་མཁའ་བུག་ཐུབ་པས་ཕྲི། །པ་སངས་སྐར་རྩེ་དབྱུག་མིག་མེ། །སྲང་ནི་རིག་བྱེད་དབང་པོ་དང༌། །དབུགས་གཟུགས་ཆ་གོང་མཚམས་དབང་མེ། །འོག་མ་རྩེ་མོ་དྲང་སྲོང་གིས། །བསྒྱུར་ལ་སྐར་གནས་འབྱུང་བ་མིག །དབྱུག་དབང་ཆུ་སྲང་དུས་མིག་དང༌། །དབུགས་མེ་ཆ་གོང་གཟུགས་མེ་དབང༌། །འོག་མ་དུས་དང་རྒྱལ་བས་ཕྲི། །སྤེན་པ་སྐར་ཐིག་དབྱུག་མཚོ་དང༌། །ཆུ་སྲང་དུས་མིག་དབུགས་རྩེ་མོ། །ཆ་གོང་ལག་ཐིག་རི་ཡོན་དང༌། །འོག་མ་རི་དྲག་གིས་བསྒྱུར་ལ། །སྐར་ནོར་དབྱུག་ཀླུ་སྲང་སྦྲུལ་དང༌། །དབུགས་གཟུགས་ཆ་གོང་དུས་ཀླུ་མིག །མཚོ་དང་འོག་མའི་ཆ་གནས་དེ། །སྲིན་པོ་རིག་བྱེད་མིག་གིས་སྦྱང༌། །ཡང་ན་མིག་དམར་སྐར་སྐྱོན་དང༌། །དབྱུག་སྲིན་སྲང་རྒྱལ་དབུགས་ལག་པ། །ཆ་


JLAZ007_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མེ་ཡིད་འོག་མ་ནི། །བསྲེ་རུ་རིག་བྱེད་དབང་པོ་སྟེ། །ལྷག་པའི་སྐར་གནས་རི་གཟུགས་དང༌། །དབྱུ་གུར་དུས་འབྱུང་ཆུ་སྲང་ཕྱོགས། །དབུགས་དབང་ཆ་གོང་མཚོ་མཁའ་དུས། །རི་བོའི་འོག་མ་རི་སྲིན་མེ། །བླ་མའི་སྐར་གནས་མཁའ་མིག་དང༌། །དབྱུ་གུར་མཚོ་དབང་ཆུ་སྲང་ཚེས། །དབུགས་མཚོ་ཆ་གོང་ཐིག་ལེ་དྲག །འོག་མ་རིག་བྱེད་མིག་དང་དུས། །པ་སངས་སྐར་གཟུགས་དབྱུག་མཚོ་དབང༌། །སྲང་ལ་མེ་རྩེ་དབུགས་ལ་མིག །ཆ་གོང་རི་གཟུགས་ལག་པ་དང༌། །འོག་མ་གཟུགས་རོ་རིག་བྱེད་དོ། །སྤེན་པའི་སྐར་སྐྱོན་དབྱུག་གཟུགས་འབྱུང༌། །ཆུ་སྲང་གཟུགས་དབང་དབུགས་ཆུ་གཏེར། །ཆ་གོང་དུས་བུག་སྟོང་པ་གཟུགས། །འོག་མར་ཀླུ་དབང་རིག་བྱེད་རྣམས། །བརྒྱན་ལ་འོག་མའི་ཆ་ཤས་ནི། །ཕུར་བུའི་ཁྱད་པར་མ་ནུ་ཡིད། །གཞན་རྣམས་རི་མཁའ་རི་ཆ་ཡིན། །སྟེང་མའི་ཆ་ཤས་ཉིན་ཞག་དང༌། །མཚུངས་ལ་སྐར་མའི་བར་དྲིལ་བའི། །ལྷག་རྣམས་སོ་སོའི་དྷྲཱུ་ཝ་ཀ །དྲག་གསུམ་རྐང་འཛིན་ཞི་གཉིས་ཀྱི། །དལ་བ་བར་པའི་དྷྲཱུ་ཝ་ནི། །གྲུབ་པའི་ལྔ་བསྡུས་ཉི་དྷྲཱུ་ཡིན། །ཡང་ན་ཆོ་གའི་རྣམ་འགྱུར་ཆེད། །གང་བརྩིའི་བཤོལ་འཕྲོ་གནས་ལྔར་བརྩེགས། །མཁའ་མིག་ཐིག་དབང་འབྱུང་མིག་གིས། །བསྒྱུར་ལ་རང་རང་འཁོར་ལོས་དྲིལ། །ལྷག་མས་ཟླ་


JLAZ007_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོ་སོ་ཡིས། །ཁྱིམ་གྱི་སླེབ་ཚད་དག་ལ་ཕྲི། །སླར་ཡང་ཆུ་སྲང་དབུགས་དང་ཆས། །རང་རང་འཁོར་ལོར་སྦྱངས་པའི་ལྷག །དེས་ནི་ཉི་དྷྲཱུ་སྔར་བཞིན་སྟོན། །སྔར་དྷྲཱུ་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་རིམ་བཞིན་འཆར་བར་འགྱུར། །དེ་རྗེས་རང་རང་དྷྲཱུ་ཝ་ལ། །ཆོས་ཞག་བརྟག་པའི་ལོངས་སྤྱོད་ནི། །དམར་པོར་མཁའ་མིག་བུག་གཟུགས་གཟུགས། །སྟེང་མར་མེ་མཚོ་གཟུགས་འོག་ཆར། །རིག་བྱེད་རྒྱ་མཚོ་རི་བོང་ཅན། །ལྷག་པར་ཐིག་སྐྱོན་རི་ཡོན་ཏན། །ཆ་གོང་དུས་མེ་མཁའ་རི་དང༌། །འོག་མའི་ཆ་གནས་མེ་རིའོ། །ཕུར་བུར་མཁའ་སྟོང་ལག་མིག་ཐིག །ཆ་གོང་རི་པོ་གདེངས་ཅན་གཟུགས། །འོག་མ་རྩ་རི་ཐུབ་པའོ། །པ་སངས་ཐིག་རི་དབང་པོ་ཆུ། །ཆ་གོང་བྲོ་བ་རྩེ་མོ་དུས། །འོག་མ་མཚམས་དང་ལག་པའོ། །སྤེན་པར་མཁའ་ཐིག་གདེངས་ཅན་དབང༌། །ཆ་གོང་ཀླུ་མེ་རི་བོ་གཟུགས། །འོག་མ་མི་བདག་བགྲོད་པའོ། །ཉི་དྷྲཱུ་ཐིག་མཚོ་ཟླ་ཟུང་དབང༌། །ཆ་ཤས་རྩེ་མོ་རིག་བྱེད་རྣམས། །གང་རྩིའི་ཆོས་བསྐྱུར་བྱིན་པ་ཡིས། །དལ་བར་རྐང་འཛིན་བཅས་པ་འགྲུབ། །དལ་དག་མྱུར་བའི་ཆོ་ག་རྣམས། །ཉིན་ཞག་བཞིན་ལས་ཁྱད་པར་ནི། །རྐང་འཛིན་དལ་དག་ཆ་ཤས་རྣམས། །ཤེད་སྙོམས་ཕྱིར་དུ་དྲག་


JLAZ007_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི། །དལ་དག་རང་ཆ་རི་རོས་བསྒྱུར། །རང་ཆས་བགོས་ནོར་རྐང་འཛིན་ཆ། །དེ་བཞིན་ཞི་གཉིས་རྐང་འཛིན་ལ། །དལ་དག་ཆ་སྤེལ་གནས་བདུན་འགྱུར། །དེ་ཡིས་ཚེས་ཞག་རྣམ་པར་དག །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། དྲང་སྲོང་གཟའ་ལྔ་ཚེས་ཞག་ལ་སྤྱོད་པ་བཤད་པའི་སརྒ་སྟེ་དྲུག་པའོ།། །།དེ་ནས་ཁྱིམ་ཞག་ལ་སྤྱོད་པའི། །གཟའ་ལྔའི་དལ་མྱུར་བསྒྲུབ་ཚུལ་བཤད། །རབ་འདོད་ནང་གི་མཛེས་བྱེད་སོགས། །འདས་ལོ་གནས་དྲུག་ཚར་ལྔ་བཀོད། །དེ་ལ་རང་རང་སྒྱུར་བྱེད་ནི། །དམར་པོ་སྐར་ཡིད་དབྱུག་གཟུགས་མིག །ཆུ་སྲང་མཁའ་མིག་དབུགས་ཟླ་བ། །ཆུ་གོང་ཆུ་རོ་འོག་མའི་གནས། །རི་གཟུགས་བུག་པ་རྩེ་མོ་དང༌། །ལྷག་པའི་སྐར་མཚོ་དབྱུག་དུས་འབྱུང༌། །སྲང་མེ་དབུགས་རྩེ་ཆ་གོང་མ། །རོ་མཚོ་མེ་དུས་འོག་མ་ནི། །རྩེ་མོ་མཚོ་ཀླུ་ཐུབ་པ་དང༌། །ཕུར་བུའི་སྐར་མིག་དབྱུག་མི་བདག །ཆུ་སྲང་འབྱུང་མེ་དབུགས་རིག་བྱེད། །ཆ་གོང་གདེངས་ཅན་རི་རོ་དང༌། །འོག་མ་མཚོ་དབང་ཕུང་པོ་དུས། །པ་སངས་སྐར་གནས་མི་བདག་དང༌། །དབྱུ་གུ་མེ་དབང་སྲང་རི་མིག །དབུགས་མེ་ཆ་གོང་དུས་མིག་མཚོ། །འོག་མ་དུས་མཁའ་རིག་བྱེད་མིག །སྤེན་པའི་སྐར་སྟོང་དབྱུག་མཚོ་དབང༌། །ཆུ་སྲང་རི་འབྱུང་དབུགས་རྒྱ་མཚོ། །


JLAZ007_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གོང་མིག་ཀླུ་ནོར་རིག་བྱེད། །འོག་མ་མཁའ་ཀླུ་ཉི་མ་ཡིས། །བསྒྱུར་ལ་དེ་སྟེང་རྩིས་འཕྲོ་ནི། །དམར་པོར་སྐར་སྐྱོན་དབྱུག་དུས་འབྱུང༌། །སྲང་སོ་དབུགས་མཚོ་ཆ་གོང་མར། །རི་དབང་འོག་མ་བུ་ག་དང༌། །ལག་པ་བྲོ་བ་མཚེ་མའོ། །ཟླ་སྐྱེར་སྐར་གནས་རྒྱལ་བ་དང༌། །དབྱུ་གུར་རིག་བྱེད་ཆུ་སྲང་སྐྱོན། །དབུགས་གཟུགས་ཆ་གོང་སོ་མཁའ་རི། །འོག་མར་འབྱུང་བ་དུས་མཚོ་རི། །བླ་མར་སྐར་གནས་གཟུགས་ལག་པ། །དབྱུག་གཟུགས་སྲང་ལ་མཚོ་རིག་བྱེད། །དབུགས་གཟུགས་ཆ་གོང་སྟོང་མཚོ་རྩེ། །འོག་མར་མཁའ་གཟུགས་བུ་ག་དབང༌། །པ་སངས་སྐར་གནས་རིག་བྱེད་དང༌། །དབྱུག་སྐྱོན་ཆུ་སྲང་ནམ་མཁའ་མཚོ། །དབྱུགས་མེ་ཆ་གོང་འབྱུང་ཀླུ་མིག །འོག་མ་ཀླུ་མཁའ་སྲིན་པོ་རི། །སྤེན་པར་སྐར་གནས་སྐྱོན་དང་ནི། །དབྱུ་གུར་མཚོ་དབང་སྲང་མིག་འབྱུང༌། །དབུགས་གཟུགས་ཆ་གོང་མིག་རི་རྩེ། །འོག་མ་བུག་མེ་འབྱུང་ཀླུ་རྣམས། །བརྒྱན་ནམ་ཡང་ན་མིག་དམར་ནས། །གདེངས་ཅན་མེ་དང་རི་ལག་གཟུགས། །ཆ་གོང་བསེ་རུ་རི་ཟླ་བ། །འོག་མ་མིག་དུས་དབང་པོ་རོ། །ལྷག་པ་མིག་དང་དབང་འབྱུང་དང༌། །གཟུགས་ཆུ་རིག་བྱེད་ཆ་གོང་ནས། །མཚོ་དུས་རི་གཟུགས་འོག་མ་ནས། །དུས་མིག་ཐུབ་པ་བསི་རུ་དང༌། །


JLAZ007_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འབྱུང་བ་ཀླུ་དབང་དང༌། །ཚེས་མཚོ་ཆ་གོང་གཟུགས་ཀླུ་མེ། །འོག་མ་བསེ་རུ་ཀླུ་ལག་རྩེ། །པ་སངས་ལག་མིག་གཟུགས་ཆུ་དང༌། །བུག་གཟུགས་ལག་པ་ཆ་གོང་ནས། །རི་བོ་བུ་ག་སྟོང་པ་འབྱུང༌། །འོག་མ་མེ་ཀླུ་ལག་པ་གཟུགས། །སྤེན་པ་གདེངས་ཅན་འབྱུང་བ་དང༌། །ཐུབ་པ་རིག་བྱེད་ཆ་གོང་ནས། །ཐིག་གཟུགས་ཐིག་དབང་འོག་མ་ནས། །མཚེ་མ་དབང་དུས་རྣམས་ཕྲི་ལ། །ཀུན་ཀྱང་འོག་མའི་ཆ་ཤས་ནི། །བསེ་རུ་བུག་པ་གཟུགས་སྲིན་པོ། །སྟེང་ཆ་ཕུར་བུའི་ལག་མིག་རི། །གཞན་རྣམས་ཉིན་ཞག་ཇི་བཞིན་པས། །སྒྲིལ་བས་དྲག་གསུམ་དལ་བར་དང༌། །ཞི་གཉིས་རྐང་འཛིན་དྷྲཱུ་ཝ་འགྲུབ། །སྒྱུར་བྱེད་དེ་རྣམས་ལོ་རེ་ཡི། །ཡུལ་གྱི་རྟག་པའི་ལོངས་སྤྱོད་དོ། །དེ་ཡང་དྲག་གསུམ་རྐང་འཛིན་དང༌། །ཞི་གཉིས་དལ་དྷྲཱུ་ཐུན་མོང་ནི། །ཁྱིམ་ཟླ་སྔ་མའི་རྫོགས་ཚད་ཉིད། །ཕྱི་མའི་ཉི་དྷྲཱུའང་དེ་ཉིད་དོ། །འོན་ཀྱང་ཆོ་གའི་རྣམ་འགྱུར་ནི། །ལུག་ཁྱིམ་ལ་སོགས་འདས་པའི་གྲངས། །འབྱུང་ཡོན་གཟུགས་བསྒྱུར་མཁའ་རོས་བགོས། །རྙེད་ནོར་སྐར་གནས་ལྷག་དབྱུག་གོ །དེ་ནས་དྲག་གསུམ་དལ་དྷྲཱུ་དང༌། །ཞི་གཉིས་རྐང་འཛིན་དྷྲུ་ཝ་དེར། །ཁྱིམ་ཟླ་གཅིག་གི་ལོངས་སྤྱོད་ནི། །མིག་དམར་གཟུགས་དྲག་དུས་མཚེ་ཆུ། །རྒྱལ་བ་


JLAZ007_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚེས་རྒྱ་མཚོའོ། །ལྷག་པའི་བུ་ག་མཁའ་མིག་སོ། །ཕུང་པོ་དུས་ཉི་རི་བོ་དང༌། །དབང་པོ་གཟུགས་མཁའ་བྲོ་བའོ། །ཕུར་བུའི་མཁའ་དྲག་ལག་མིག་དབང༌། །ཀླུ་དབང་རོ་སྦྲུལ་ཐུབ་མཁའ་མིག །པ་སངས་མེ་དང་བུག་ཡོན་ཏན། །འཁོར་ལོ་བསེ་རུ་རི་བུག་དབང༌། །བྲོ་བ་བུ་ག་རི་མཚོའོ། །ཉི་བུའི་ཐིག་མཚོ་རིག་བྱེད་མེ། །ཆུ་བོ་མིག་བུག་ཀླུ་དང་མཚོ། །ཆུ་མེ་ལག་པ་དུས་རྣམས་ནི། །ལུག་ནས་རིམ་བརྩེགས་ཉའི་བར་སྤེལ། །ཡང་ན་འདས་ལོ་ཉི་མས་བསྒྱུར། །འདས་པའི་ཁྱིམ་གྲངས་བསྲེས་པ་དེ། །གནས་དྲུག་ཚན་པ་ལྔར་གཞག་ལ། །སྔར་བཤད་ཟླ་གཅིག་ཡུལ་ལོངས་ཀྱིས། །བསྒྱུར་ལ་སྔར་བཤད་བརྩིས་འཕྲོད་བྲི། །རང་རང་འཁོར་ལོས་དྲིལ་བ་ཡིས། །སོ་སོའི་ཁྱིམ་ཟླའི་དྷྲཱུ་ཝ་འཆར། །དེ་ནས་ཁྱིམ་གྱི་ཟླ་ཞག་ནི། །གང་གནས་བརྟག་ཕྱིར་འདས་ཟླ་ནས། །གཅིག་ཕོབ་འོག་ཏུ་རི་རོ་ཆར། །བྱས་ལ་གང་བརྩིའི་ཟླ་བཤོལ་འཕྲོས། །སྦྱངས་ཏེ་ལྷག་མ་མཁའ་མེ་གྲུབ་པའི་ཉིབ་རལ་བསྒྲུབ་ཀྱང་ཁྱད་པར་མེད་དང༌། །གང་བརྩིའི་ཚེས་གྲངས་དབང་མཚམས་བསྒྱུར། །དེ་གཉིས་བསྲེས་ལ་རི་རོས་བགོ །རྙེད་ནོར་ཞག་ཡིན་ལྷག་མ་དེ། །མཁའ་རོ་མཁའ་རོ་དུས་རི་རོས། །རིམ་བསྒྱུར་རི་རོས་རྙེད་ནོར་བརྩེག །ཞག་


JLAZ007_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཁའ་མེས་ཐོབ་པའི་ནོར། །སྟེང་བསྲེས་དེ་ཡང་ཁྱིམ་གྱིས་དོར། །སྟེང་ནས་རིམ་བཞིན་འདས་ཁྱིམ་དང༌། །འདས་ཞག་དབྱུག་སྲང་དབུགས་ཆར་བཅས། །དེ་ཡི་འདས་ཁྱིམ་འདས་ཞག་དང༌། །བསྟུན་ནས་རྐང་འཛིན་དལ་དྷྲུ་ལ། །བརྩི་བྱའི་རྟག་ལོངས་སྟེར་བྱ་ནི། །མིག་དམར་མཁའ་ཟུང་མེ་མིག་རྩེ། །ཐུབ་རི་ཆུ་རོ་འདོད་པའོ། །ལྷག་པའི་མཁའ་སྐྱོན་གཟུགས་ཆུ་སྟོང༌། །ལག་ཟུང་མཚེ་མ་དབང་པོ་དང༌། །དུས་རྩ་དྲང་སྲོང་ཆུ་གཏེར་རོ། །སྒྲ་མཁན་མཁའ་སྟོང་ལག་མིག་ཆུ། །གཟུགས་རྩེ་མཚོ་དང་མིག་ཀླུ་དུས། །པ་སངས་མཁའ་རི་སྐྱོན་དབང་པོ། །ཆུ་བོ་རིག་བྱེད་ཡོན་ཏན་དང༌། །བུག་མཚོ་ཆུ་བོ་རྒྱ་མཚོའོ། །སྤེན་པ་མཁའ་སྟོང་བུ་ག་མཁའ། །རི་བོ་གདེངས་ཅན་གཟུགས་ཕུང་པོ། །དུས་མཚོ་ནམ་མཁའ་ལག་པ་སྟེ། །ཉི་མར་ཐིག་མཚོ་མཁའ་ཡོན་རྣམས། །སྔར་གྱི་འདས་ཞག་དང་བསྟུན་ནས། །བརྩི་བྱའི་ཚེས་གྲངས་ཀྱིས་བསྒྱུར་བྱིན། །དེ་ནས་དལ་མྱུར་ཆོ་ག་རྣམས། །ཉིན་ཞག་ཇི་བཞིན་བྱས་པས་འགྲུབ། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། ལེགས་ལྡན་གཟའ་ལྔ་ཁྱིམ་ཞག་ལ་སྤྱོད་པ་བཤད་པའི་སརྒ་སྟེ་བདུན་པའོ།། །།དེ་ལྟར་མཐའ་དག་རི་མོའི་ཁུར། །བསྐལ་ལྀའི་ཤིང་རྟས་དབུགས་འབྱིན་ལ། །


JLAZ007_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་རྩིས་བདེ་བླག་གསར་པའི་བཤད། །དུས་གཟེར་རྣ་རྒྱན་གཡོ་བཞིན་འོང༌། །དེ་ལ་གྲུབ་པའི་མགྱོགས་སྟེར་ནི། །བཤོལ་ཡོད་སྔ་ལོའི་དབོ་ཟླའམ། །སྤྱིར་བཏང་ནག་པའི་ཟླ་བཤོལ་འཕྲོ། །མཁའ་མེས་བསྒྱུར་ལ་འབྱུང་རོས་བགོ །ལྷག་ན་ནོར་ལ་ཅིག་བྱིན་པ། །རགས་པ་ཟིན་པའི་ཚེས་གྲངས་ཡིན། །གང་འཛིན་ཉི་མའི་རྟག་ལོངས་དེ། །ཉི་མའི་དྷྲཱུ་ཝ་ལ་བྱིན་པས། །ཞག་གཅིག་རྟག་པའི་ལོངས་སྤྱོད་ལས། །ཉུང་ཤར་ལོ་དོའི་ཉི་རགས་ཡིན། །དེ་མཐུན་གཟར་དྷྲཱུ་ལ་བྱིན་པས། །ལོ་དེའི་གཟའ་ཡི་རགས་པའོ། །སྔ་ལོར་བཤོལ་ཡོད་སྔ་ལོ་ཡི། །དབོ་ཟླའི་གཟའ་ཉིའི་དྷྲུ་ཝར་བསྒྲུབ། །གཟའ་རགས་ཆ་ཤས་རི་བོས་བསྒྱུར། །རི་མཁའ་རིས་བགོས་ནོར་རི་རོའི། །ཆ་དང་ལྷག་མ་བགོད་བྱེད་ཆ། །ཉི་མར་རགས་པ་འབྱུང་ཡོན་མདས། །རིམ་བཞིན་ཆ་ཤས་བར་དུ་བགོ །རྙེད་ནོར་བསེ་རུའི་སྐྱེས་བུ་དེ། །གནས་གསུམ་གཞག་ལ་གཟུགས་མཚོ་རོས། །བསྒྱུར་ལ་རང་རང་འཁོར་ལོས་དྲིལ། །ཉི་མའི་རྐང་འབྲས་གསུམ་པོ་འགྲུབ། །གཟའ་ཉི་རགས་པ་གནས་དྲུག་གཞག །ཁྱིམ་མིང་གཉིས་རེའི་ཁ་བྱང་གདགས། །ལུག་དང་བུ་མོར་གཟུགས་འབྲས་དམན། །ཉ་དང་སྲང་ལ་བྱིན་པར་བྱ། །གླང་དང་སེང་གེར་མཚོ་འབྲས་དབྲི། །


JLAZ007_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་དང་སྡིག་པ་གཉིས་ལ་བརྒྱན། །འཁྲིག་དང་ཀརྚར་དུས་འབྲས་སྦྱང༌། །ཆུ་སྲིན་གཞུ་ལ་བསྲེས་པ་ཡི། །ཁྱིམ་དྲུག་སྤྱི་ནོར་རྣམ་པར་དག །དེ་ནས་རེའུ་མིག་འཛིན་པའི་ཚུལ། །ཉི་དྷྲཱུ་ར་གང་བརྩིའི་ཚེས་དེ་ཡི། །རྟག་ལོངས་བྱིན་ལ་ཉི་རགས་ཀྱིས། །ཕྲི་བ་ལྷག་མས་བསྐལ་ལི་ལི། །ཕྱེད་དག་རེའུ་མིག་དང་མཐུན་གཟུང༌། །གཡས་གཡོན་གཟའ་དང་ཉི་མ་ལ། །ཁྱིམ་མཐུན་སྔར་གྱི་སྤྱི་ནོར་བསྲེ། །འོན་ཀྱང་རགས་པ་རྙེད་པ་ཡི། །ཞག་གྲངས་ཕན་ཆད་སྔ་ལོ་ཡི། །ཆོ་ག་ལ་བརྟེན་སྤྱི་ནོར་སྟེར། །དེ་ཡིས་གཟའ་ཕྱེད་ཉི་མ་དག །རིལ་དྷྲཱུར་གང་བརྩིའི་ཚེས་གྲངས་བསྲེ། །སྲིད་པས་བགོས་ནོར་ལོགས་སུ་གཞག །དེ་ལྷག་ཆ་ཤས་དང་བཅས་པས། །རིལ་ཆའི་རེའུ་མིག་གང་ཟིན་གཟར། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཉིད་རྣམ་པར་དག །ཉི་དག་གནས་གཉིས་གཅིག་ལ་ནི། །སྐར་ཐིག་དབྱུ་གུར་རིག་བྱེད་དབང༌། །ཚེས་བསྒྱུར་སྟེར་རམ་རེའུ་མིག་བྱིན། །དེ་ལ་གཟའ་ལོངས་མན་གྱིས་སྦྱང༌། །རེས་འགྲོགས་ཟླ་བའི་སྐར་མ་སྟེ། །ཉི་ཟླ་གཉིས་བསྲེས་སྦྱོར་བའོ། །བྱེད་པ་ཚེས་ཀྱི་རེའུ་མིག་གཟུང༌། །དེ་ཡིས་གྲུབ་མཐའི་ཡན་ལག་ལྔ། །སྔར་བཤད་བཞིན་དུ་འདིར་ཡང་དྲན། །དེ་ལས་གཞན་པ་བྱེད་པའི་ལུགས། །མགྱོགས་


JLAZ007_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་ཆོ་ག་གྲུབ་མཐའ་དང༌། །མཚུངས་མོད་འོན་ཀྱང་རང་ལུགས་དེའི། །རྟག་ལོངས་དང་ནི་ཆ་ཤས་ཁྱད། །རྣམ་རིག་གསར་པས་འབྱེད་པར་བྱ། །དེ་བཞིན་རགས་པའི་ཐིན་ཚད་ཀྱང༌། །གྲུབ་མཐའ་བཞིན་དུ་ཟླ་བཤོལ་འཕྲོས། །སྟོན་མིན་ཕྱིར་ན་དྷྲཱུ་ཝ་དང༌། །རྟག་ལོངས་ཉེ་ཁྱད་བརྟགས་ལ་སྟེར། །དེ་ཡང་སྔ་ལེའི་བྱེད་གྲུབ་ཀྱི། །རགས་དང་སྤྱི་ནོར་ཡོད་གྱུར་ན། །གྲུབ་མཐའི་ཉི་མ་རགས་པ་ཡི། །ཆུ་སྲང་མཁའ་མིག་ཆར་མཁའ་རོས། །ཕྲི་བ་ཕྱི་མའི་ཉི་རགས་ཏེ། །མ་ལྡང་ཞག་གཅིག་རྟག་ལོངས་གང༌། །བསྣན་ནས་སྦྱང་ངོ་གཟའ་རགས་ལ། །གཟུགས་དྲག་གཟུགས་མཚོ་རིག་བྱེད་དང༌། །དུས་མིག་ཀླུ་རི་རྩེ་མོ་རྣམས། །བྱིན་པས་ཕྱི་ལོའི་རགས་པ་འཆར། །སྤྱི་ནོར་ལ་ནི་སྤྱི་ནོར་གྱི། །རེའུ་མིག་བྱིན་ལས་ཕྱི་ལོ་སྟོན། །བྱེད་པ་ལ་ནི་ཉི་རགས་དེར། །སྲང་ནས་རི་གཟུགས་ཆ་ཤས་ནས། །མིག་ཕྲི་ཕྱི་མའི་རགས་པ་འཆར། །མ་ལྡང་ཞག་གཅིག་རྟག་ལོངས་བསྣན། །གཟའ་ལ་གཟུགས་དྲག་མཁའ་མཚོ་ལག །བྱིན་པ་ཕྱི་མའི་གཟའ་རགས་སོ། །སྔ་ལོའི་ཚེས་ལ་དྲག་པོ་བསྣན། །ཕྱི་མའི་རགས་པ་ཟིན་པ་ཡི། །ཚེས་སྟོན་ཉི་མ་སྟོང་ཞུགས་ལ། །མིག་གཟུགས་སྟེར་བ་ཁྱད་པར་ཡིན། །གྲུབ་མཐའི་རེའུ་མིག་རྒྱས་པ་


JLAZ007_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གང༌། །འཛིན་ན་ཟླ་དག་མཁའ་མེས་བསྒྱུར། །གང་བརྩིའི་ཚེས་བསྲེ་དེ་སྟེང་ནས། །མཁའ་རོ་ཡོན་ཏན་རྩེ་མོས་ཕྲི། །དེ་ལ་ཆུ་མིག་ཀླུ་མཚོ་ཡིས། །ཐོན་ནོར་གནས་དྲུག་བརྩེགས་པ་ལ། །མིག་དང་གཟུགས་མེ་བྲོ་བ་དང༌། །གཟུགས་དང་དྲག་པོ་མཁའ་རྩེ་མེས། །བསྒྱུར་ལ་ཆུ་བོ་མེ་དབང་དང༌། །ཀླུ་མཚོ་བསེ་རུ་གདེངས་ཅན་མཚོ། །རྩེ་མོ་མཁའ་རིས་བརྒྱན་པ་དེ། །རང་འཁོར་དྲིལ་བས་ལོ་ཡི་གྲངས། །མྱོས་བྱེད་བར་རེའི་གཟའ་རགས་འགྲུབ། །ཡང་ན་ཉི་རགས་སྟོང་ཞུགས་ལོའི། །གཟའ་ཡི་རགས་པ་དེ་ཉིད་གཟུང༌། །ཆུ་མིག་ཀླུ་མཚོས་བགོས་ལྷག་དེས། །རེའུ་མིག་བྱ་ར་གཟུང་བྱས་ལ། །གནས་གསུམ་གཡས་པར་གཟའ་རགས་བྱིན། །དབུས་ཁྱིམ་གཡོན་པ་ཉི་དག་གོ །དེ་ནས་རིལ་ཆའི་རེའུ་མིག །འཛིན་སོགས་ཆོ་ག་སྔར་བཞིན་ནོ། །སྒྲ་གཅན་རེའུ་མིག་གཟུང་བའི་ཚུལ། །ཟླ་དག་སོས་བརྒྱན་མིག་གིས་བསྒྱུར། །ཉར་གཟུགས་སྟོང་ལ་ལག་པ་བྱིན། །མཁའ་དུས་ཆུ་བོས་བགོས་ལྷག་ནི། །འབྲིང་པོའི་བྱ་ར་ཡིན་པར་གཟུང༌། །བསྡུས་པ་འཛིན་ན་ཟླ་དག་དེ། །ཐུབ་པ་བསེ་རུས་བརྒྱན་བྱས་ལ། །མཁའ་མེ་ལག་པས་དོར་བའི་ལྷག །གཉིས་ཀའི་སྟེང་ཉ་འོག་མ་སྟོང༌། །བྱེད་པོ་ལོ་འཕོའི་རེའུ་མིག་ནི། །མཛེས་བྱེད་འདས་ལོར་ཆུ་མེ་


JLAZ007_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན། །རི་གཟུགས་མེ་ཡི་དོར་ལྷག་གོ །དེ་ནས་ལེགས་ལྡན་གཟའ་ལྔ་པོ། །ཉིན་ཞག་ལ་སྤྱོད་མགྱོགས་རྩིས་ནི། །ནག་ཉའི་སྤྱི་ཞག་རྩ་སྒྲུབ་དེའི། །ཞག་གནས་ཆུ་རོ་རི་མཁའ་རིའི། །ཆ་བརྩེགས་གསུམ་ཀར་བཅོ་ལྔ་རེ། །བྱིན་པ་ཉ་སྟོང་རེ་མོས་སྤེལ། །རི་མཁའ་རིས་དྲིལ་བར་མེར་བྱིན། །ཆུ་རོས་རྙེད་ནོར་སྟེང་སྦྱོང་ཚེ། །མི་ནོར་མཚན་མ་བཀོད་པར་བྱ། །ནག་པའི་ཉ་ཡི་སྒོས་ཞག་ནི། །རྩ་སྒྲུབ་བཞིན་དུ་དག་པར་བསྒྲུབ། །ཉི་མའི་སྒོས་ཞག་སླར་ཡང་ནི། །མིག་ཀླུ་མེ་སྐྱོན་གྱིས་ཐོབ་པ། །སྒོས་ཞག་གནས་གཞག་ཀུན་ཀྱང་ནི། །དབོ་ཟླའི་སྟོང་བར་བཅོ་ལྔ་རེའམ། །སྤྱི་ཞག་རྟགས་ཅན་ལ་བཅུ་བཞི། །བྱིན་ལ་སྤེལ་ཞིང་ཞི་གཉིས་ལ། །ཚེས་དང་མ་ནུབ་རྒྱ་དང་བཅུས། །བསྒྱུར་ལ་བསྣོན་པ་ཤེས་པར་བྱ། །ཉི་རགས་དོན་དུ་ཉི་མའི་ཞག །མིག་ཀླུ་མེ་སྐྱོན་གྱིས་དོར་ལྷག །སྐར་མ་ནས་བཟུང་ཆ་ཤས་བར། །རིམ་བསིལ་ཉི་མའི་དཀྱིལ་འཁོར་ནི། །མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས། །ཐོབ་དེ་ཉི་རགས་རྣམ་དག་གོ །ཡང་ན་སྔ་ལོའི་རགས་པ་ལ། །དབྱུག་གཟུགས་སྲང་ཁྱིམ་དབུགས་སྟོང་པ། །ཆ་ཤས་ཁྱིམ་དང་ཐུབ་རི་ཟླས། །ཕྲི་ཞིང་མ་ལྡང་རྟག་ལོངས་བསྣན། །ཕྱི་ལོའི་རགས་པ་རྣམ་


JLAZ007_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དག་འཆར། །དེ་ལྟའི་ཉི་རགས་འབྱུང་ཡོན་ཟླས། །ཆ་ཤས་བར་དུ་ཕྱེ་བའི་ནོར། །རིམ་བཞིན་མ་ནོར་བརྩེགས་པ་ནི། །ཞི་གཉིས་དལ་རྐང་གསུམ་པོ་ ལྷག ༡༠༩༣སངས་པ༥༤༡་ཡིས། །བསིལ་བ་རང་རང་རྐང་འབྲས་ཡིན། །ཉི་རགས་གནས་དྲུག་ཚར་གཉིས་གཞག །སོ་སོའི་རྐང་འབྲས་གསུམ་སྔ་མར། །བསྣན་ཞིང་ཕྱི་མར་ཕྲོགས་པ་དེར། །ནོར་དང་བུ་ལོན་མིང་དུ་གདགས། །དེ་ནི་ཞི་གཉིས་སྤྱི་ནོར་ཡིན། །དེ་ནས་མན་ངག་སྒོས་ཞག་དེས། །ཐུན་མོང་བསྐལ་ལྀའི་རེའུ་མིག་གཟུང༌། །སྟེང་མར་ཉི་མ་རགས་པ་བྱིན། །དྲག་གཟའ་གསུམ་གྱི་རྐང་འཛིན་འགྲུབ། །དེ་འོག་གཉིས་ལ་སྤྱི་བོར་དེ། །ནོར་དང་བུ་ལོན་ཁ་བྱང་བཞིན། །བྱིན་པས་ཞི་གཉིས་དལ་དག་འགྲུབ། །དྲག་གསུམ་དལ་བ་དག་པ་ནི། །རྒྱས་པ་རང་རང་སྒོས་ཞག་དང༌། །མཐུན་པར་བཟུང་བས་འགྲུབ་པའོ། །འབྲིང་པོ་རེའུ་མིག་མཐུན་ན་གཟུང༌། །མི་མཐུན་ཅུང་ཟད་ཉུང་བ་ཡི། །བྱ་རས་སྒོས་ཞག་ལ་སྦྱངས་པའི། །ལྷག་མས་ཞག་རྩིས་རེའུ་མིག །སྔོན་གྱི་སྦྱོང་བྱེད་བྱ་ར་དེའི། །རེའུ་མིག་ནང་གི་ཀ་ཐ་དང༌། །མཐུན་པར་བཟུང་ལ་བསྲེས་པས་འགྲུབ། །ལྷག་པའི་སྒོས་ཞག་བརྒྱ་དང་ནི། །པ་སངས་སྒོས་ཞག་ཕྱོགས་ཀྱིས་བགོས། །


JLAZ007_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་གྱིས་རྐང་འཛིན་རེའུ་མིག་དང༌། །ལྷག་མས་སྤྱི་ནོར་རེའུ་མིག །བཟུང་ལ་བསྲེས་པ་རྐང་འཛིན་ནོ། །དེ་ནས་མྱུར་ངག་རེའུ་མིག་ནི། །རང་རང་དལ་བ་དག་པ་དེས། །དྲག་གསུམ་རྐང་འཛིན་ཉི་བར་དང༌། །ཞི་གཉིས་སོ་སོའི་རྐང་འཛིན་ལ། །སྦྱང་ཞིང་མ་ལྡང་འཁོར་ལོ་བསྣན། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ཆུ་སྲང་གནས་སུ་མཁའ་མེ་ལས། །མང་ན་དབྱུ་གུར་ཟླ་བ་བྱིན། །སྦྱངས་ལྷག་སྐར་གནས་མཁའ་རོས་བསྒྱུར། །དབྱུ་གུར་བསྲེས་པའི་གྲངས་དེ་ཡི། །མྱུར་བའི་རྐང་པའི་རེའུ་མིག་ལས། །འཁོར་ཕྱེད་དོར་ན་རིམ་མིན་དང༌། །མ་དོར་རིམ་པ་ལུགས་འབྱུང་དུ། །བཟུང་བ་རང་རང་དལ་དག་ལ། །རིམ་པ་བསྣན་ལ་རིམ་མིན་སྦྱང༌། །དེ་ཡིས་མྱུར་དག་རི་མོ་འགྲུབ། །འགྲོས་བཞི་རྩ་སྒྲུབ་བཞིན་དུ་དྲན། །དེ་ལས་གཞན་པ་ཁྱིམ་ཚེས་ཀྱང༌། །བྲེང་ཆགས་ཉིད་དུ་བསྒྲུབ་པ་ནི། །བརྩོན་འགྲུས་ཉིད་ཀྱིས་སྨ་བབ་པས། །སྐྱེས་བུའི་མདུན་སར་མི་གནས་པ། །མཐོང་ཆོས་ཉིད་ཕྱིར་འདིར་མ་སྨོས། །འདོད་ནའང་གཞན་དུ་གསལ་བས་ཤེས། །སྤྱིར་ན་མཁའ་ལ་ཁྱིམ་དང་ནི། །ས་ལ་དུས་བཞི་འཁོར་བ་ལས། །ཁྱིམ་གྱི་རྟེན་གཞི་གོ་ལ་ནི། །གཡས་སྐོར་ཆུ་ཚོད་རེའི་ཡུན་ལ། །དཔག་ཚད་དྲུག་སྟོང་ཕྱེད་


JLAZ007_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ། །འགྲོ་བས་ཉིན་ཞག་གཅིག་ལ་ནི། དཔག་ཚད་གསུམ་འབུམ་བདུན་ཁྲི་དང༌། །ལྔ་སྟོང་རེ་བགྲོད་གླིང་བཞི་འཁོར། །དེ་བཞིན་ས་ལ་དུས་བཞི་ཡང༌། །ཉི་མས་སྐར་ཁྱིམ་འཁོར་བ་དང༌། །དུས་བཞིའི་ངེས་པ་རྫོགས་པ་ལ། །ལོ་གཅིག་ཅེས་གྲགས་ཚེས་ཞག་གི །ཞག་མི་ཐུབ་བསགས་ཟླ་བཤོལ་བྱུང༌། །ཞིབ་པ་ཡེ་ཤེས་རླུང་ལས་སོ། །གནས་ཚུལ་གཡོན་དུ་བསྐོར་ན་ཡང༌། །འཁོར་ཚུལ་གཡས་སུ་བསྐོར་བ་སྟེ། །དཔྱིད་དང་དབྱར་དང་སྟོན་དང་དགུན། །ར་བ་དང་ནི་འབྲིང་པོ་དང༌། །ཐ་མའི་རིམ་པ་གསུམ་གྱིས་འཕོ། །ལྷོ་གླིང་དཔྱིད་ཟླ་གསུམ་ཡོད་དུས། །དབུས་མའི་དཔྱིད་འབྲིང་ནུབ་ཏུ་འཕོ། །ཤར་གྱི་དཔྱིད་ཐ་དབུས་འཕོ་སོགས། །དུས་བཞི་གཡས་བསྐོར་ངེས་པ་དང༌། །དུམ་བུ་བཅུ་གཉིས་གང་གང་དེར། །བྱང་བགྲོད་མཐའ་རུ་ཐུག་པའི་ཚེ། །དེ་ནས་བགྲངས་པའི་ཚིགས་བདུན་པར། །ལྷོ་བགྲོད་མཐར་ཐུག་ཡོད་པ་སྟེ། །གང་དུ་དཔྱིད་མཉམ་ཡོད་པ་ནས། །བགྲངས་པའི་བདུན་པར་སྟོན་མཉམ་མོ། །དེ་ཕྱིར་ཟླ་བའི་དབུགས་ཐོབ་དང༌། །སྒང་ཚད་ཁྱིམ་སླེབ་ལྡོག་གཉིས་སོགས། །དུས་གཟེར་ངེས་པ་འདི་ལྟར་བརྟག །དབུགས་ཐོབ་ཟླ་བ་སྔོན་མ་དང༌། །སྒང་ཁྱིམ་བརྩི་བྱ་གང་ཡིན་པ། །དབྱར་ཉིར་འདས་ཟླ་གཉིས་དང་ནི། །དགུན་


JLAZ007_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཉིར་བརྒྱད་བསྲེས་བཤོལ་འཕྲོ་རྣམས། །མཁའ་མེས་བསྒྱུར་ནས་དབུགས་ཐོབ་ལ། །རི་བོང་ཅན་དང་རིག་བྱེད་ཚེས། །སྒང་ལ་དུས་མེ་དབང་པོ་དང༌། །ལྡོག་གཉིས་ཕུང་པོ་ཡོན་ཏན་མེ། །བསྲེས་ལ་འབྱུང་རོས་ཐོབ་པའི་ནོར། །རང་རང་ཚེས་གྲངས་བྱ་ར་ཡིན། །མཁའ་མེ་ལས་ལྷག་དོར་བྱས་པ། །དེ་ཚེ་ཕྱི་དྷྲཱུ་ལ་བརྟེན་སྒྲུབ། །འབྱུང་རོས་ཐོབ་པའི་ནོར་དེ་ཡིས། །ཚེས་གྲངས་སྟོན་ལ་ལྷག་མ་ཡིས། །རེ་ལྔ་ཆ་ཡི་རེའུ་མིག་གཟུང༌། །ཡང་ན་ལྷག་དེ་འབྱུང་བས་བགོ །ནོར་གྱིས་བཅུ་གསུམ་ཆ་དང་ནི། །ལྷག་མས་ལྔ་ཆའི་རེའུ་མིག་གཟུང༌། །རང་རང་གང་ཟིན་ཚེས་གྲངས་ཀྱི། །རྟག་ལོངས་གཟའ་ཉི་བར་པར་བསྣན། །རང་རང་ཚད་འཆར་མ་མཐུན་ན། །སྔ་མའི་བཤོལ་འཕྲོས་གཟུང་བར་བྱ། །སྦྱར་ན་ཁྱིམ་སླེབ་གྲུབ་མཐའ་ཡི། །ཉེ་དག་གིས་ནི་སྟོན་ཟེར་ཡང༌། །ཚད་ཁྲ་ཇི་བཞིན་འཆར་ཉུང་བས། །གང་ཉེའི་ལོངས་སྤྱོད་མང་བ་ལ། །ཆོ་ག་བྱེད་པའི་ལུགས་ཡོད་མོད། །དེས་ཀྱང་ཇི་བཞིན་མི་སྟོན་ཕྱིར། །ཉི་རྐང་འཕོ་བའི་མཚམས་ཉིད་ནས། །རིག་པས་ཞིབ་མོ་རྣམ་པར་འཐག །རྀ་ཥི་ཁྲུམས་ཟླའི་དབུགས་ཐོབ་ཀྱིས། །སྟོན་མོད་འཆར་བའི་ཚད་མ་ཡིན། །དྲང་སྲོང་དེ་ཡི་གཞལ་མེད་ཁང༌། །ཉི་མས་གདུངས་


JLAZ007_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཟླ་བས་བསིལ། །ཀེ་ཏ་ཀ་ཡིས་རྙོག་མ་བགྲུངས། །དམོད་པའི་མཐུ་ཡིས་ཆུ་ཀླུང་ཀུན། །ཞག་བདུན་ཡན་ལག་བརྒྱད་ལྡན་ཆུར། །འགྱུར་བའི་དུས་ལ་རྣམ་པར་གཞག །ཕག་ཞག་སྣྲོན་ཟླའི་ཟླ་བ་ཤོལ་འཕྲོ། །མཁའ་མེས་བསྒྱུར་ལ་གཏེར་ཡོན་དྲག །བསྲེས་ལ་འབྱུང་རོས་ཐོབ་ནོར་གྱིས། །ཚེས་སྟོན་ཞག་འཁོར་ལོངས་ན་དོར། །དེ་བཞིན་དུམ་བུ་ཅུ་གཉིས་པའི། །ཆ་ལས་རང་གནས་གངས་ཅན་འདིའི། །ལྡོག་གཉིས་འཁྲིག་གཞུའི་ཞག་ལྔ་པས། །རགས་པར་སྟོན་ཞིང་གཞན་ཡང་ནི། །བགྲོད་གཉིས་ཐུར་གྲིབ་ལྷོ་བྱང་དུ། །སོ་སོར་ལོག་པའི་ཤེས་བྱེད་ནི། །བརྒྱུད་འབྲེལ་དང་བསྟུན་དཔྱད་པ་ཡི། །གསལ་སྒྲོན་ལུགས་དང་དུས་འཁོར་ལུགས། །དེང་འདིར་བཤད་ལ་གསང་བ་ཡི། །ཉི་ལྡོག་ཅེས་གྲགས་གང་ཆེ་ཡང༌། །གནད་ཀྱི་ལག་ལེན་ཕྲ་ཞིབ་ནི། །གཟའ་མཐུན་བརྟག་པ་ལ་རྨོངས་ན། །དུས་གཟེར་སྤྱི་དང་ཁྱད་པར་དུ། །བཤོལ་ཟླའི་ལུང་སྟོན་འཛོལ་བ་ཡི། །ཟླ་བའི་ས་བདག་འཆོལ་བས་སྒྲིམས། །བརྩི་བྱའི་གཟའ་ཉིའི་རིལ་ཆའི་དྷྲཱུར། །རྟག་ལོངས་བཅུ་གསུམ་ལྔ་ཆ་བསྣན། །རིལ་བོར་ཚེ་བསྲེས་ཆ་ཤས་ནི། །སྟོང་པ་གདེངས་ཅན་རི་མེས་བགོ །ཡང་དག་རྒྱུའོ་ལྷག་མ་རྣམས། །སྲང་དབུགས་རི་རོ་རི་མཁའ་རིའི། །ཆ་ཤས་བར་


JLAZ007_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བགོས་ཐོབ་པ། །སྔ་རྐང་ལ་བསྣན་ཕྱི་རྐང་ཕྲི། །དེ་ཡིས་གཟའ་བར་ནོར་མཉམ་བསྣན། །མི་མཉམ་ཕྲི་ལ་དེ་བཞིན་དུ། །ཉི་བར་གནས་གཉིས་བཀོད་པ་ཡང༌། །སྐྱེས་ཁྱིམ་སྐར་དྲུག་ཉེ་ལྔས་སྦྱང༌། །རྐང་པའི་ཆོ་ག་ལྔ་བསྡུས་བཞིན། །རྐང་ལོངས་གཟའ་ཉིའི་ལོངས་སྤྱོད་ལ། །འཁོར་བྱེད་དོར་བསྣན་མ་དོར་ཕྲི། །གཟའ་མཐུན་ཚེས་ཁོངས་དེའི་ལོངས་སྤྱོད། །ཟད་ཚེ་དུས་གཟེར་དེ་དང་དེའི། །ངེས་པ་ཞིབ་སྟོན་མན་ངག་ལུགས། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། མགྱོགས་རྩིས་དུས་གཟེར་དང་བཅས་བཤད་པའི་སྐབས་ཏེ་སརྒ་བརྒྱད་པའོ།། །།འདི་ན་ཉིན་ཞག་ཕྲུགས་རེ་བཞིན། །དུས་སྦྱོར་བཅུ་གཉིས་འཆར་བ་བཤད། །དེ་ལ་ཁྱིམ་གྱི་ཉིན་ཚད་ནི། །ཉ་དང་བུ་མོ་མཁའ་མེར་མཉམ། །ལུག་སེང་དབྱུག་གུ་གཟུགས་མེ་དང༌། །ཆུ་སྲང་ཕྱོགས་ཡིན་གླང་ཀརྚ། །མིག་མེའི་དབྱུག་ལ་མཁའ་མིག་སྲང༌། །འཁྲིག་པ་ཕྱེད་བཅས་མེ་རྩེའི་དབྱུག །བུམ་སྲང་ཆུ་ཚོད་གདེང་ཅན་ལག །མཁའ་དབང་ཆུ་སྲང་སྡིག་སྲིན་གཉིས། །འཁོར་ལོའི་དབྱུག་མཁའ་ཆུ་ཡི་སྲང༌། །གཞུ་དབྱུག་དུས་མིག་ཕྱེད་བཅས་སྲང༌། །སོ་སོས་མཁའ་རོ་ལ་སྦྱངས་པས། །ཕྲི་ལྷག་


JLAZ007_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་མཚན་ཚད་ཡིན། །གང་བརྩིའི་ཚེས་དེའི་གྲུབ་རྩིས་ཀྱི། །ཉི་བར་སྐར་གནས་མཁའ་རོས་བསྒྱུར། །འོག་གི་དབྱུག་བཅུག་འབྱུང་ཡོན་ཟླས། །ཐོབ་པ་འདས་པའི་ཁྱིམ་གྱི་གྲངས། །ལྷག་མ་མཁའ་མེས་བསྒྱུར་བ་ལ། །ཆུ་སྲང་མཚེ་མས་བགོས་ནོར་བསྲེ། །འབྱུང་ཡོན་འདས་ཐོབ་འདས་ཞག་གོ །དོན་གྱི་ཁྱིམ་འཕོ་ཡིན་པར་བརྟག །འདས་ཞག་སྟེང་ནས་ཐུབ་པས་སྦྱངས། །མ་ལྡང་ཁྱིམ་ཕོབ་དེ་ཡང་ནི། །འཁོར་ལོ་རྫོགས་ན་བསྣན་པར་བྱ། །ལྷག་མ་འདས་ཁྱིམ་གྲངས་ཡིན་ཡང༌། །ཆོ་ག་སླ་ཕྱིར་ངོ་ཐོག་ཁྱིམ། །རང་ཁྱིམ་ད་ལྟ་བར་འདོགས་སོ། །ཐུབ་པས་དམན་པའི་ཞག་ལྷག་དེ། །གནས་གཉིས་སྟེང་འོག་མིག་གིས་བསིལ། །དུས་དང་མཁའ་རོས་སྟེང་སྒྲིལ་བའི། །དབྱུ་གུ་སྲང་དང་དབུགས་གསུམ་གྱིས། །བྱེད་སླའི་ངོ་ཐོག་ཁྱིམ་དེ་ཡི། །འཁྲིག་སོགས་ལྷོ་བགྲོད་ཉིན་མོར་དབྲི། །གཞུ་སོགས་བྱང་བགྲོད་ཉིན་མོར་བསྣན། །བརྩི་བའི་ཉིན་དེའི་ཉིན་ཚད་ཡིན། །དེ་ཡིས་མཁའ་རོར་སྦྱངས་པ་མཚན། །དེ་ནས་དུས་སྦྱོར་བཅུ་གཉིས་པོའི། །འཆར་ཡུན་སྲང་ཚད་འདི་ལྟ་སྟེ། །འདོད་ཡོན་མཁའ་མེ་ཉ་བུམ་ཚད། །སྟོང་པ་བུག་མིག་ལུག་ཆུ་སྲིན། །མཁའ་སྟོང་ལག་པ་གླང་དང་གཞུ། །སྟོང་པ་འཁོར་ལོ་འཁྲིག་དང་སྡིག །མཁའ་རོ་རྩེ་མོ་ཀརྚ་


JLAZ007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྲང༌། །འབྱུང་རི་ཡོན་ཏན་སེང་གེ་དང༌། །བུ་མོའི་འཆར་ཚད་སྲང་ཉིད་དོ། །ཐུབ་པས་ཕྲི་བའི་ཞག་ལྷག་དེ། །སོ་སོའི་འཆར་ཡུན་སྲང་གིས་བསྒྱུར། །མཁའ་མེས་བགོས་ནོར་འདས་སྲང་སྟེ། །དེ་ཡིས་རང་རང་སྲང་ཚད་ལ། །སྦྱངས་ལྷག་མ་འོངས་ཆུ་སྲང་ཡིན། །ཐུར་མའི་བགོད་གཞི་རགས་པ་ནི། །ཆུ་སྲང་མཁའ་སྟོང་མཁའ་བུག་ལ། །ལུག་སེང་ཕུང་བོ་ཀླུ་དབང་སྦྱང༌། །གླང་ཀར་ནམ་མཁའ་མཚོ་ཁྱིམ་འཕྲོག །འཁྲིག་པར་འབྱུང་དུས་བུག་གཟུགས་དམན། །ཉ་དང་བུ་མོ་རྣལ་མར་གཞག །བུམ་སྲང་ཚེས་དང་འདོད་ཡོན་བྱིན། །ཆུ་སྲིན་སྡིག་པར་མཁའ་རོ་བུག །གཞུ་ལ་འབྱུང་རྩེ་འདོད་པ་བསྣན། །ཐུར་མའི་རང་གྲིབ་བདུན་བཅས་ཀྱིས། །བགོས་ཐོབ་ནོར་ནི་ཆུ་སྲང་ཡིན། །ལྷག་མ་རོས་བསྒྱུར་ཐོབ་པ་དབུགས། །སྲང་ལ་མཁའ་རོས་ཐོབ་པའི་ནོར། །དབྱུ་གུའི་གནས་སུ་གཞག་པ་ཡིས། །སྔ་དྲོ་འདས་དང་ཕྱི་ལུས་རྟོགས། །དེ་དག་རྣམས་ཀྱི་ཉིན་ཚད་ལ། །སྦྱངས་ལྷག་སྔ་ལུས་ཕྱི་འདས་ཀྱི། །ཆུ་ཚོད་ལ་སོགས་འཁྲུལ་མེད་རྟོགས། །དེ་ནས་ཏཱརྐལ་བརྟག་བྱ་སྟེ། །ཐུར་བཙལ་འདས་དབྱུག་མཁའ་རོས་བསྒྱུར། །འོག་གི་སྲང་བསྣན་དེ་ཉིད་ལ། །རང་རང་ཆུ་སྲང་མ་འོངས་པས། །ཐོག་མ་བྱས་


JLAZ007_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིམ་བཞིན་སྦྱང༌། །ཉ་སོགས་དྲུག་ལ་ལུགས་འབྱུང་འཕྲོག །བུ་མོ་སོགས་ལ་ལྡོག་སྟེ་ཕྲི། །གང་དུ་མ་ལྡངས་ཏཱརྐ་ལ། །སྦྱངས་པའི་ལྷག་མ་མཁའ་མེས་བསིལ། །ཏཱརྐ་ལ་གང་ལ་བབས་པ་ཡི། །སྲང་ཚད་ཀྱིས་ཐོབ་ཆ་ཤས་ཏེ། །ལྷག་རྣམས་མཁའ་རོ་མཁའ་རོ་དང༌། །དུས་ཀྱིས་བསྒྱུར་ཐོབ་རིམ་བརྩེགས་ཏེ། །ཏཱརྐ་ལ་བཀོད་རིམ་པ་བཞིན། །ཏཱརྐ་ལ་དང་དེའི་ཆ་ཤས། །ཆུ་ཚོད་ཆུ་སྲང་དབུགས་རྣམས་ཏེ། །དུས་སྦྱོར་ཉིད་ཀྱི་གནས་ལྔའོ། །དབུགས་ནས་ལྷག་སྲིད་དག་འདོད་ན། །རང་སྲང་ལྔ་ཆས་བསྒྱུར་ཐོབ་ཆ། །དེ་ནས་མི་མཉམ་མཉམ་པ་གཉིས། །དང་པོ་མི་མཉམ་དུམ་དྲུག་ལས། །གཅིག་པ་བརྟག་ཕྱིར་གནས་ལྔའི་སྟེང༌། །ཏཱརྐ་ལ་མཁའ་མེས་བསྒྱུར་བ་ལ། །ཆ་བ་ཅུག་མཁའ་རོས་བསིལ་དབྱུག་བཅུག །སྟོང་པ་ཐིག་ཀླུ་གཟུགས་ཀྱིས་བཅད། །ཐོབ་པ་གཅིག་པའི་ཏརྐ་ལ། །ལྷག་མ་གང་བྱུང་ཕྱེད་པ་ནས། །སུམ་ཅུ་ཆའི་བར་བགོད་གཞིའམ། །སྤྱི་དྷྲུ་ཞེས་སུ་འབོད་པ་སྟེ། །དེ་ལ་ཕྱེད་པ་བརྟག་པའི་ཕྱིར། །བགོད་གཞི་མཁའ་སྟོང་སྲིན་པོས་བགོ །རྙེད་པ་ཡོད་མེད་ཇི་ལྟར་ཡང༌། །འདི་ནས་སུམ་ཅུ་ཆའི་བར་དུ། །ལྷག་མ་བྱུང་ཚེ་བསྭེ་རུ་བསྣན། །རྙེད་པ་གཉིས་ལས་མི་སྲིད་པས། །གཅིག་བདག་ཉི་མ་གཉིས་ཟླ་བ། །སུམ་ཆ་བརྟག་ཕྱིར་བགོད་གཞི་དེ། །ཐིག་ལེ་སྟོང་པ་དུས་ཀྱིས་བཅད། །རྙེད་ནོར་


JLAZ007_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་མང་མི་སྲིད། །གཅིག་ནི་ཏཱརྐལ་ཞིང་གི་བདག །གཉིས་ནི་ཏཱརྐལ་ནས་བགྲངས་ལྔ། །གསུམ་ནི་ཏཱརྐལ་ནས་བགྲངས་པའི། །དགུ་བའི་ཞིང་བདག་གཟའ་འབྲས་འབྱུང༌། །དགུ་ཆའི་དུས་སྦྱོར་བགོད་གཞི་ལས། །མཁའ་སྟོང་མིག་ཐོབ་དགུ་ཆ་བརྟག །ཏཱརྐལ་གང་ཡིན་ངེས་པར་བྱ། །ལུག་སེང་གཞུ་རྣམས་ལུག་ནས་བགྲངས། །ཆུ་སྲིན་བུ་མོ་གླང་རྣམས་ནི། །ཆུ་སྲིན་ཉིད་ནས་ཐོག་མར་བགྲང༌། །འཁྲིག་བུམ་སྲང་གསུམ་སྲང་ནས་འདྲེན། །ཀརྐ་ཊ་དང་སྡིག་པ་ཉ། །ཀརྚ་ནས་བཟུང་དགུ་པའི་ཆ། །གང་བབས་ཞིང་བདག་གཟའ་འབྲས་བརྟག །བཅུ་གཉིས་ཆ་ལ་བགོད་གཞི་དེ། །མཁའ་ཚེས་ཀྱིས་ཐོབ་ཏཱརྐལ་ནས། །བགྲངས་པའི་ཞིང་བདག་གཟའ་འབྲས་འབྱུང༌། །སུམ་ཅུ་ཆ་ལ་སྤྱི་དྷྲཱུ་དེ། །མཁའ་རོས་བགོས་ལ་དམར་པོ་དང༌། །སྤེན་པ་ཕུར་བུ་ལྷག་སངས་ལྔ། །དབུས་གཞག་དེ་ཡི་གཡས་དང་གཡོན། །འབྱུང་བ་མངའ་ཀླུ་རི་དབང་བཀོད། །ལུག་སོགས་མི་མཉམ་རིམ་པ་གཡས། །གླང་སོགས་མཉམ་པ་རིམ་མིན་གཡོན། །གྲངས་མཐུན་ཐད་ཀའི་གཟའ་འབྲས་སྟོན། །དེ་ལ་གཟའ་འབྲས་འདི་ཡིན་ཏེ། །ཕྱེད་པ་སྲིད་ཆ་གཙོ་ཆེ་སྟེ། །ཉི་མར་བུ་དང་ཟླ་བར་མོ། །གསུམ་ཆ་དོན་ཆ་བརྟག་པ་སྟེ། །གཅིག་བྱུང་རེ་འབྲས་གཉིས་བྱུང་དོགས། །གསུམ་པས་རེ་དོགས་གང་ཡང་མེད། །དགུ་ཆ་རྐུན་པོ་བརྟག་པ་སྟེ། །


JLAZ007_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་ཁྱད་པར་ཤེས་པ་ཡོད། །བཅུ་གཉིས་ཆ་ཡི་ཚོང་དང་ནད། །དགོས་དོན་ཤེས་འགྱུར་སུམ་ཅུ་ཆས། །དར་གུད་བརྟག་སོགས་གཞན་དུ་ཤེས། །གཉིས་པ་མཉམ་པའི་དུས་སྦྱོར་ནི། །ཉིན་ཞག་གཅིག་ལ་དུས་སྦྱོར་ཡང༌། །ཉིན་དྲུག་མཚན་དྲུག་བཅུ་གཉིས་རྫོགས། །དུམ་བུའི་ལོངས་སྤྱོད་སོ་སོར་བཤད། །ཉིན་ཞག་གཅིག་ལ་དབུགས་ཀྱི་གྲངས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས། །ཉི་མས་ཐོབ་ནོར་གཅིག་པའི་ཚད། །ལག་པ་རྩེ་མོ་སྲིན་པོ་དང༌། །ཁྱིམ་དང་མཁའ་མེས་ཐོབ་པའི་ནོར། །རིམ་བཞིན་ཕྱེད་པ་གསུམ་ཆ་དང༌། །དགུ་ཆ་དང་ནི་བརཅུ་གཉིས་ཆ། །སུམ་ཅུ་ཆ་ཡེ་ལོངས་སྤྱོད་དེ། །དུས་དང་མཁའ་རོས་སྟེང་དུ་དྲིལ། །སོ་སོའི་ཆུ་ཚོད་ལ་སོགས་འཆར། །སྤྱིར་ནི་ལྷོ་གླིང་དབུས་མའི་ཡུལ། །གངས་ལྡན་དང་ནི་ཀེ་ལ་ཤ །རྒྱ་ནག་ལི་ཡུལ་བོད་ཡུལ་དང༌། །འཕགས་པའི་ཡུལ་ཏེ་ཡུལ་དྲུག་པོར། །ཀརྚའི་ཁྱིམ་གྱི་ཐོག་མ་ནས། །གཞུ་ཡི་མཐར་ཐུག་སླེབས་པའི་བར། །ཁྱིམ་ཟླ་དྲུག་ལ་གངས་ལྡན་ནས། །རིམ་པར་ཆུ་ཚོད་ལྔ་དང་བཞི། །ཆུ་སྲང་བཅུ་བདུན་བདུན་ཆ་གཅིག །འཕེལ་བའི་གྲིབ་གཟུགས་ལ་ལྟོས་ནས། །ས་འདིར་འོས་པའི་དུས་སྦྱོར་གྱི། །རི་མོ་དྲི་མེད་འོད་བཞིན་དཔྱད། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། ངོ་མཚར་གྱི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པའི་དུས་སྦྱོར་བཤད་པའི་སརྒ་སྟེ་དགུ་པའོ།། །།


JLAZ007_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཉ ༣༠༥ བུམ་པ། ཉིན་ཚད་ ༣ ༢༡ ༣༠ ༣༢ ༢༠ ༣༣ ༣༠ ༣༡ ༡༠ ༣༠ ༠ ༢༨ ༥༠ ༢༧ ༦༠ ༢༦ ༣༠ ༢༧ ༤༠ ༢༨ ༥༠ ཉ ༡༥༢ ༣ བུམ་པ་ལུག ༢༩༠ ཆུ་སྲིན་ ཁྱིམ་གྲངས་ ༡༡ ༠ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ལུག་ ༡༤༥ ཆུ་སྲིནགླང་ ༢༠༠ གཞུ་ ཁྱིམ་མིང་ཉ་ ལུག གླང་ འཁྲིག་པ་ ཀརྚ སེང་གེ བུ་མོ་ སྲང་ སྡིག་ གཞུ་ ཆུ་སྲིན་ བུམ་པ་ གླང་ ༡༠༠ གཞུ་འཁྲིག ༣༧༠ སྡིག་པ་ བགོད་གཞིར་རགས་པ་ ༩༠༠༠ ༨༤༡༥ ༧༧༦༠ ༧༠༣༥ ༧༧༦༠ ༨༤༡༥ ༩༠༠༠ ༨༧༡༥ ༩༩༦༠ ༡༠༣༣༥ ༩༩༦༠ ༩༥༡༥ འཁྲིག་པ། ༡༣༥ སྡིག་པ་ཀརྚ ༣༦༠ སྲང་ བདག་པོ་ ཕུར་ མིར་ སངས་ ལྷག་ ཟླ་བ་ ཉི་མ་ ལྷག་ སངས་ མིར་ ཕུར་ སྤེན་ སྤེན་ ཀརྚ་ ༡༨༠ སྲང་སེང་གེ ༣༧༥ བུ་མོ་ མཚན་ཚད་ ༣ཿ ༢༨ ༥༠ ༢༧ ༤༠ ༢༦ ༣༠ ༢༧ ༤༠ ༡༨ ༥༠ ༣ ༣༡ ༡༠ ༣༢ ༢༠ ༣༣ ༣༠ ༣༢ ༢༠ ༣༡ ༡༠ སེང་གེ་ ༡༨༧ ༣ བུ་མོ


JLAZ007_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཉི་ཟླ་སྒྲ་གཅན་དང༌། །ཕྲད་པའི་ངེས་པ་བཤད་པར་བྱ། །དུས་ཚིགས་ཟླ་བ་དྲུག་རེའི་མཚམས། །ནང་ལྟར་འབྱུང་ལྔ་ཡེ་ཤེས་ཁམས། །ཁྱད་པར་དུས་གསུམ་དཀར་ནག་ཚིགས། །དྷཱུ་ཏིར་རླུང་སེམས་དག་པ་མཚོན། །འོན་ཀྱང་གླིང་གཞན་དེ་དང་དེར། །ཉི་ཟླར་སྒྲ་གཅན་ཞུགས་ན་ཡང༌། །བྱིས་པ་རྣམས་ནི་ཡིད་མི་རྟོན། །དེ་ཕྱིར་མཐོང་ཆོས་གཏན་འབེབས་པ། །རི་མོའི་ལག་ལེན་ཡིན་པར་བརྟག །དེ་ལ་དང་པོ་ཟླ་འཛིན་ནི། །བཅོ་ལྔའི་གྲུབ་མཐའི་ཚེས་འཁྱུད་དང༌། །སྒྲ་གཅན་ཆ་ཤས་ཤེད་མཉམ་འཆོས། །དེ་ལྟའི་ཚེས་འཁྱུད་ཟླ་སྐར་དེའི། །སྐར་གནས་དུས་མིག་དབྱུག་ཀླུ་ལག །སྲང་སྐྱོན་དབུགས་གཟུགས་ཤེད་མཉམ་ཆ། །འདོད་པས་སྦྱངས་པ་དེ་དང་ནི། །གདོང་མཇུག་སྐར་གནས་གཅིག་པའམ། །གཅིག་ཁྱད་འདུག་ཀྱང་བརྟག་བྱ་སྟེ། །གང་ཉེ་མང་ལ་ཉུང་གིས་སྦྱངས། །སྐར་གནས་སྟོང་པ་དབྱུ་གུ་རུ། །ཐིག་དབང་ཚུན་ཆད་ཤར་གྱུར་ནས། །སྤྲིན་ལས་རྣམ་རྒྱལ་ཚེས་བདག་དང༌། །ངེས་པར་ཕྲད་པའི་ཚད་ཡིན་སྒྲིབ། །གཉིས་ཀ་སྟོངས་ན་འཛིན་པ་དཀའ། །སྒྲིབ་ཆ་ཆེ་ཆུང་སྦྱངས་ལྷག་གིས། །ཆུ་ཚོད་འབྱུང་བས་བགོས་ཐོབ་ནོར། །སྟོང་པ་ནས་བཟུང་རིག་བྱེད་པར། །ཤར་ན་དཀྱིལ་འཁོར་རིལ་པོར་སྒྲིབ། །འབྱུང་བ་ཤར་ན་དྲུག་ཆ་ལུས། །བྲོ་བར་གསུམ་


JLAZ007_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རི་བོར་ཕྱེད། །གདེངས་ཅན་སུམ་ཆ་དགུར་དྲུག་ཆ། །བཅུ་ཐོབ་བརྒྱད་ཆ་ཙམ་སྒྲིབ་ཀྱང༌། །སྤྱི་མཐུན་ཉིད་དུ་མངོན་པར་དཀའ། །སྒྲིབ་ཡུན་ཟླ་བ་བཅུ་དྲུག་ཆ། །བདུན་གྱིས་ཉ་བའི་བདག་ཉིད་ཅན། །དེ་ཡང་གདོང་འཛིན་མཐོང་མྱུར་བས། །རིལ་འཛིན་ཆུ་ཚོད་མི་བདག་དང༌། །མཇུག་འཛིན་ཟིན་མ་ཐག་མི་མངོན། །ཆུ་ཚོད་བཅོ་ལྔར་རིག་པས་བརྟག །དེ་བཞིན་གདོང་གིས་ཕྱེད་འཛིན་ཀླུ། །མཇུག་འཛིན་དེ་བས་གཅིག་དམན་སོགས། །མཐོང་ཆ་ཉིད་དང་བསྟུན་པར་དཔྱད། །ཟླ་བའི་འགྲོས་བཞིའི་ཁྱད་པར་དང༌། །གཟའ་གཉིས་ཐུག་ཕྲད་གཡོན་བསྐོར་དུ། །རིམ་པར་སྒྲིབ་པའི་ངེས་པ་ནི། ཟླ་བས་གདོང་ངམ་མཇུག་མ་ཡིས། །ཟླ་བར་སྦྱོང་ཚེ་ནམ་ཕྱེད་ལ། །དབང་ལྡན་ནམ་སྟོད་བྱང་ལ་ཉེ། །ནམ་སྨད་བྱང་ཤར་ཤར་ཉེར་འཛིན། །གདོང་གིས་ཟླ་བའམ་དེ་ལྡོག་སྦྱངས། །ནམ་ཕྱེད་ཤར་ལྷོ་སྲོད་ཤར་ཉེ། །ཐོ་རེངས་མེ་ལྷ་དབང་ཉེར་འཛིན། །མཉམ་ན་ནམ་ཕྱེད་དབང་པོ་དང༌། །སྲོད་ལ་དབང་ལྡན་ཐོ་རེངས་ནི། །མེ་ལྷར་ཉེ་བའི་ཤར་ནས་འཛིན། །དུས་ནི་དཀར་ཕྱོགས་ཟད་པ་དང༌། །ནག་ཕྱོགས་ཐོག་མའི་མཚམས་ཉིད་ཕྱིར། །གྲུབ་མཐའི་ཟླ་རྐང་ཞལ་ལུང་བཞིན། །ཞིབ་བརྩིས་གྲུབ་བའི་ཚེས་ལོངས་གྲངས། །


JLAZ007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པའི་དམར་ཕྱོགས་ཐོག་མར་འཇུག །དེ་ཡང་ཉིན་ཞག་ལོངས་སྤྱོད་ནི། །མཁའ་རོར་ཚེས་ལོངས་སྔ་མས་ཕྲི། །ལྟག་དང་ད་ལྟའི་ལོངས་སྤྱོད་བསྲེས། །དབང་པོ་རོར་སྦྱངས་ལྷག་མ་དེས། །སླར་ཡང་དྲག་པོར་སྦྱང་བར་བྱ། །གང་ལྷག་ནམ་མཁའ་མེ་ཡིས་བསྒྱུར། །མཁའ་རོས་ཐོབ་ནོར་དབྱུ་གུ་དང༌། །ལྷག་མ་ཆུ་སྲང་གནས་སུ་བྱིན། །དེ་ཟད་མཚམས་སུ་ངེས་པར་འཛིན། །འོན་ཀྱང་ལྷོ་བགྲོད་འཆར་བ་བུལ། །ནུབ་པ་དེ་ལྡོག་བྱང་བགྲོད་དུས། །འཆར་ནུར་ནུབ་པ་གོ་ལྡོག་གི །ཁྱད་དང་གདགས་སྲིབས་རིའི་མཐོ་དམན། །ཁོང་དུ་མ་ཆུད་སྐྱེས་བུ་ལ། །འཆར་ནུབ་མཚམས་ན་སྐྱེ་བོ་ཡི། །ཡ་ག་ཉོ་བའི་རིན་ཡོད་སྲིད། །ཁ་དོག་རིལ་འཛིན་ཐོག་མཐའ་དུད། །ཆ་རྫོགས་གདོང་འཛིན་དམར་ནག་དང༌། །མཇུག་འཛིན་ཟངས་ཁ་ཕྱེད་འཛིན་སྔོ། །དུམ་འཛིན་མིག་སྨན་མདོག་ཅན་ནོ། །སུམ་གཉིས་ལས་ལྷག་གདོང་འཛིན་ནི། །ལྕགས་བསྲེགས་མདོག་ལ་མཇུག་འཛིན་ཁམ། །མགོ་ལག་སྟེང་བཟུང་སྒྲ་གཅན་གྱི། །རང་མདོག་བཻཌཱུརྱ་ལྟར་སྣང༌། །གཏོང་ལུགས་རིལ་འཛིན་གང་བཟུང་ཕྱོགས། །ཆ་འཛིན་ལྷག་པའི་ཕྱོགས་ནས་ཏེ། །གང་བཟུང་ཕྱོགས་དེའི་གདོང་ཐད་ནས། །སྒྲ་གཅན་གྲིབ་མ་ཟད་པའི་ཕྱིར། །གཡོན་བསྐོར་རིམ་བཞིན་གཏོང་བ་ཡིན།། །།དེ་ནས་ཉི་


JLAZ007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བརྟག་པའི་ཕྱིར། །གྲུབ་མཐའི་གནམ་སྟོང་ཉི་དག་དེའི། །ཆ་ཤས་སྒྲ་གཅན་ཤེད་མཉམ་བཟོ། །སྔར་གྱི་དབྲི་བྱེད་དེས་དམན་པ། །གནས་གཉིས་བཀོད་པའི་ཕྱོགས་གཅིག་དང༌། །སྒྲ་གཅན་རྩ་བའམ་བུལ་བ་བསྲེ། །རྒྱུད་འགྲེལ་ཆོ་ག་མིན་སྲིད་ཀྱང༌། །ཁ་ཆེའི་པཎྜི་ཏ་ཡི་ལུགས། །གཅིག་དང་གདོང་མཇུག་གང་ཉེ་གཉིས། །སྐར་ཁོངས་གཅིག་ཏུ་ཚོགས་པའམ། །གཅིག་ཁྱད་འདུག་ཀྱང་བརྟག་བྱ་སྟེ། །གང་ཉེ་མང་ལ་ཉུང་གིས་སྦྱང༌། །གདོང་གིས་ཉི་མར་ཕྲོགས་པའི་ཚེ། །སྐར་གནས་སྟོང་པ་དབྱུ་གུ་རུ། །མཁའ་དབང་ཚུན་ཆད་ཤར་གྱུར་ན། །ཕྱོགས་གཅིག་ཕྲང་བས་སྒྲིབ་པའི་ཚད། །ཁྱད་པར་དེ་ནི་རང་ཆ་ནས། །འདོད་ཡོན་སྤངས་ན་མན་ངག་ཡིན། །ཉི་མས་གདོང་སྦྱངས་གོ་ལྡོག་ཅེས། །འཛིན་ཚད་ཤར་ཡང་ནེམ་ནུར་ཅན། །ཚད་ནི་ཕུང་པོ་ཚུན་ཆད་དོ། །དུས་མེས་ཉི་མར་སྦྱངས་པའི་ལྷག །སྐར་ཐིག་དབྱུ་གུར་གདེངས་ཅན་ཚུན། །གོ་ལྡོག་ཡིན་ཡང་མཇུག་རིང་པས། །འཛིན་པར་བཤད་མོད་དེ་ལྟ་ནའང༌། །འཇིག་རྟེན་ལས་དམན་བཤུལ་འཛོལ་སྲིད། །ཉི་མས་དུས་མེའི་ཆ་ཕྲོགས་ལྷག །སྐར་ཐིག་དབྱུ་གུར་མཁའ་ཆུ་ཚུན། །འཛིན་པའི་རི་མོ་ཡིན་པ་སྟེ། །ཁྱད་པར་གདོང་འཛིན་སྒྲ་གཅན་ལས། །ཉི་མ་མང་བ་བཙན་པའི་ལུགས། །


JLAZ007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་འཛིན་ལ་ནི་དེ་ལས་ལྡོག །གང་ཚེའང་ཕན་ཚུན་སྦྱངས་ལྷག་དེས། །སྔར་བཤད་ཉི་བུལ་གཉིས་བསྲེས་དེར། །གདོང་འཛིན་ཡིན་ན་དམན་པར་བྱ། །མཇུག་འཛིན་དེ་ལྡོག་རང་འཁོར་དྲིལ། །འཁོར་ཕྱེད་ལྷག་ནའང་ཀུན་འབྱུང་གི །རི་མོ་ཆོས་ཀྱི་དབྱིངས་སུ་སྦྱང༌། །གནས་ཀུན་སྟོང་པ་ཉིད་ཀྱི་ཆོས། །བཟུང་འཛིན་ལས་རླུང་རོ་རྐྱང་གི །རྒྱུ་བ་དབུ་མ་སྒྲ་གཅན་དབྱིངས། །ཡེ་ཤེས་ཆེན་པོར་རོ་གཅིག་པས། །སྣོད་དུ་ཉི་ཟླ་སྒྲ་གཅན་གྱིས། །ཟིན་དང་ལྷན་ཅིག་བཅུད་ཀྱི་མཆོག །སྟོན་པ་མངོན་པར་སངས་རྒྱས་པའི། །རང་བཞིན་ཤེས་པའི་སྐྱེས་བུ་ཡི། །ཕྱི་ནང་གཞན་གསུམ་རྣམ་གཞག་རིག །འོན་ཀྱང་སྐྱེ་བོ་རྨོངས་པ་རྣམས། །དགེ་ལ་སྦྱོར་ཕྱིར་རིགས་བྱེད་དང༌། །གཏམ་རྒྱུད་ལས་བཤད་དྲང་དོན་གྱི། །ཆོ་ག་ཞིབ་མོས་གཞན་སྣང་བསྒྱུར། །དེ་ལ་སྒྲ་གཅན་མཐོ་དམའ་མེད། །རྟ་བདུན་ལ་ནི་འགྲོས་བཞི་དང༌། །ཁྱིམ་གྱི་བྱེ་བྲག་མཐོ་དམན་དང༌། །གཡོ་བ་འཁྲིག་གཞུའི་ཁྱིམ་གནས་དང༌། །ལྷོ་བགྲོད་ཀརྜའི་ཁྱིམ་ནང་དུ། །འཁྱོག་འགྲོས་དང་པོའི་ཉིན་ཞག་དང༌། །ལྡོག་གཉིས་ཕྱོགས་ལ་ཉེ་བ་དང༌། །ཚེས་གྲངས་ལྷག་ཆད་གཏུགས་པ་དང༌། །ཞི་གཟའ་གཉིས་དང་ལྷག་ཅིག་ཚོགས། །ཉི་ཟླའི་རྣ་ཆ་དག་པ་ཞེས། །འཛིན་པ་དཀའ་ལ་ཀརྚ་དང༌། །ཆུ་སྲིན་ཁྱིམ་ལ་བཟུང་ན་ཡང༌། །


JLAZ007_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཆུང་དེ་ཡི་ཏཱརྐལ་དང༌། །འགྲིག་ཀྱང་འཛིན་ཆ་ཆུང་བ་ཉིད། །ཤར་ནུབ་གླིང་གཉིས་ཉིན་མཚན་མཉམ། །དེའི་ཚེ་ལྷོ་གླིང་སྔ་དྲོ་དང༌། །ཕྱི་དྲོའི་ཆ་བཙན་དགུང་གི་དུས། །བགྲོད་གཉིས་སྟབས་ལས་ལམ་འཛོལ་སྲིད། །གླིང་འདིར་སྟོན་དཔྱིད་ཉིན་མཚན་མཉམ། །དགུང་ལ་འཛིན་པའི་རི་མོ་བཙན། །ཤར་ནུབ་གཉིས་ཀྱི་བགྲོད་པ་དང༌། །མཉམ་གཉིས་ལམ་དུ་ཕྲད་པ་ཡིན། །སྔ་དགུང་དེ་ལས་ལྡོག་པའོ། །དེ་བཞིན་ཉི་རྐང་རི་བོང་ཅན། །བདག་གིར་བྱེད་པའི་དུས་མི་བསླུ། །མཚོ་ལ་སྣ་ཚོགས་དུས་ལ་དཀའ། །འཛིན་ཆ་ཆེ་ཆུང་རགས་པ་ནི། །སྦྱངས་ལྷག་གདོང་འཛིན་ཉེར་གཉིས་གསུམ། །མཇུག་འཛིན་བཅུ་དགུ་ཉི་ཤུ་ལ། །རིལ་པོར་སྒྲིབ་ཅེས་གྲགས་པ་སྟེ། །ཞིབ་པར་ཉི་མའི་དཀྱིལ་འཁོར་ནི། །བཅུ་གཉིས་ཆ་སྟེ་རྒྱབ་ཀྱིས་ཉ། །སྦྱངས་ལྷག་དབྱུ་གུར་དྲང་སྲོང་ཚུན། །གདོང་འཛིན་ཕྱོགས་དང་དུས་མེར་ཚེས། །སླན་ནོ་ཐུབ་པ་ལས་ཐལ་ན། །གདོང་འཛིན་ཡོན་ཏན་མཇུག་མར་བགྲོད། །བརྒྱན་དེ་སྐབས་བཙལ་ནུར་བྱིན་རྗེས། །གདོང་མཇུག་གཉིས་པོ་གང་ཡང་རུང༌། །སླན་པའི་ཚོགས་དེས་མཁའ་རོས་སྦྱངས། །ལྷག་མ་ཁྱིམ་བསྒྱུར་མཁའ་རོ་ཡིས། །ཐོབ་པ་སྒྲིབ་ཆའི་བྱ་ར་སྟེ། །འཇིག་རྟེན་ལ་ནི་བཞི་ཆ་སྒྲིབ། །བྲོ་བར་ཕྱེད་འཛིན་སྲིན་པོ་ལ། །


JLAZ007_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཆ་གསུམ་དང་ཁྱིམ་བྱུང་ན། །རིལ་བོར་འཛིན་ཞེས་གྲགས་ན་ཡང༌། །བསླུ་བ་མེད་པའི་ཞིབ་རྩིས་ནི། །མྱོང་བ་ཉིད་ཕྱིར་ངག་ལས་ལོངས། །འཛིན་ཡུན་ཆ་རེར་ཆུ་ཚོད་རེ། །ཕྱོགས་ནི་ཉི་མར་གདོང་མཇུག་སྦྱངས། །ཉི་ཕྱེད་ལྷོ་ནུབ་སྔ་དྲོ་ལྷོར། །ཉེ་དང་ཕྱི་དྲོ་ནུབ་ལ་ཉེ། །ཉི་མས་དུས་མེར་སྦྱངས་པའི་ཚེ། །ཉི་ཕྱེད་ནུབ་བྱང་སྔ་དྲོའི་དུས། །བྱང་ཉེ་ཕྱི་དྲོ་ནུབ་ལ་ཉེ། །མཉམ་ན་ཆུ་ལྷའི་ཕྱོགས་དྲང་པོའོ། །ཁ་དོག་དང་ནི་ལུས་པའི་ཕྱོགས། །གཏོང་ལུགས་ཕལ་ཆེར་ཟླ་བར་མཚུངས། །དུས་ནི་སྤྱི་དང་བྱེ་བྲག་གཉིས། །སྤྱིར་ནི་ཁྱིམ་ཟླ་ལུག་འཁྲིག་སོགས། །མཉམ་པ་མིན་པའི་གནམ་སྟོང་ལ། །སྲེད་དང་སྡང་བ་མུན་པ་ཅན། །ཁམས་རྫོགས་གསུམ་པ་མུན་པའི་དུས། །ཉི་རྐང་རྟེན་འབྲེལ་རེག་པའི་དབུས། །ཞུགས་ལས་འཛིན་དང་ཕྱོགས་གཉིས་ཏེ། །སྔ་ཕྱིའི་ཉ་དེར་དཀར་ཆ་ལའང༌། །སྒྲ་གཅན་འཇུག་པ་ཆོས་ཉིད་དོ། །བྱེ་བྲག་སྟོང་དེའི་འགྲུབ་མཐའ་ཡི། །ཟླ་རྐང་ངེས་པ་ཞལ་ལུང་བཞིན། །ཞིབ་བརྩིས་ཆུ་ཚོད་ཟད་པའི་མཚམས། །དཀར་ཕྱོགས་ཐོག་མ་ཉིད་དུ་འཛིན། །དེ་ཡང་ས་འདིར་མངགས་པ་ཡི། །དུས་སྦྱོར་རྣམ་དག་འཆར་གཞི་ལས། །ཐུར་ཤིང་གིས་བཙལ་ཆུ་ཚོད་ཀྱིས། །གདགས་སྲིབས་རི་བོའི་མཐོ་དམན་དཔྱད། །དེ་བཞིན་ཟླ་གྲིབ་


JLAZ007_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཡང༌། །མྱུར་ཁྱད་རིག་པས་དཔྱད་པ་ཡི། །ཏཱརྐ་ལ་ཡི་མེ་ལོང་ནང༌། །འདས་དང་མ་འོངས་སྲང་གི་བྱད། །ཆོ་ག་ཟབ་མོས་དཔྱད་ཤེས་ན། །དུས་ཀྱི་ངེས་པ་བསླུ་མི་འགྱུར། །བསྡུས་རྒྱུད་བུ་ཡིག་མྱོང་ཤཱཀ་ཤྲཱི། ཤང་དཔང༌། རྩིས། སིདྡྷ་རྦ་ར། ལྷོ་ཕྱག ཀོང་འབུམ། བྷུ་ཏི། འབྲི་དཀོན། གསེར་ཤིང་སོགས་རྩིས་ཀྱིས། །ཁྱད་པར་མང་མོད་འདིར་རེ་ཞིག །བརྗོད་པ་ཉུང་བ་ཉིད་ལ་བསྡུས། །སྐར་རྩིས་ཀྱི་རིག་པ་ལ་འཇུག་པ་གོ་ལའི་རྣ་རྒྱན་ཅེས་བྱ་བ་ལས། ཉི་ཟླར་སྒྲ་གཅན་འཇུག་པ་བཤད་པའི་སྐབས་ཏེ་སརྒ་བཅུ་པ་དོན་དམ་བདེན་པའི་མཚན་ཉིད་ལ་སྦྱར་བས་རེ་ཞིག་རྫོགས་སོ།། །།རི་མོ་སྐྱེ་བའི་ས་བོན་ཏེ། །འདས་ལོ་རྒ་བའི་གཉའ་ཤིང་གིས། །རྩིས་མཁན་ཕྲག་པ་དུབ་བྱས་པ། །དབུགས་འབྱིན་སླད་དུ་དེ་ཙམ་སྨོས། །དེ་ལས་གཞན་པ་ཞག་གསུམ་གྱི། །དཀྱིལ་འཁོར་རྣམ་པར་དབྱེ་བ་ཞེས། །ཉི་མས་དུམ་བུ་བཅུ་གཉིས་པའི། །གླིང་ལ་ཉིན་ནུབ་བྱེད་ཚུལ་གྱི། །ཉིན་ཞག་ཕྲུགས་གཅིག་འཁོར་ལོ་དང༌། །ཟླ་བའི་དཀར་ནག་འཕེལ་འགྲིབ་ནི། །བཅོ་ལྔ་བཅོ་ལྔའི་ཆ་རེ་ཡི། །ཡུན་ལ་བཏགས་པ་ཚེས་ཞག་དང༌། །ཉི་བར་ཁྱིམ་རེ་འཕོ་བའི་ཡུན། །སུམ་ཅུའི་ཆར་བཏགས་ཁྱིམ་ཞག་གསུམ། །རང་རང་རྟག་པའི་ལོངས་


JLAZ007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱིས། །རྣམ་པར་གཞལ་བྱེད་ཉི་མ་ཡིས། །སྐར་ཁྱིམ་འཁོར་བའི་ཡུན་ཚད་ལ། །ཞག་གསུམ་ཚད་དེས་གཞལ་བ་ཡི། །དཀྱིལ་འཁོར་གསུམ་དུ་འགྱུར་བ་དང༌། །དུས་མེ་མ་གཏོགས་གཟའ་ཀུན་གྱི། །རང་འཁོར་ཟད་པ་མེ་སྟག་ལོའི། །དབོ་ཟླའི་སྟོང་གི་ཉ་ཁྱིམ་མཐར། །ལྷན་ཅིག་སྟོང་པར་འཇུག་བྱེད་ཅིང༌། །སོ་སོའི་རྐང་པ་དག་ཚུལ་གྱི། །དཀྱིལ་འཁོར་མཚན་ཉིད་དབྱེ་བ་ལ། །སྟོང་འཇུག་ཅེས་གྲགས་རི་མོ་ཡི། །གོ་བ་མཐའ་དག་སློང་བའི་ཐབས། །དཔལ་ལྡན་རྒྱུད་དང་དེའི་འགྲེལ་ཆེན། །བྷོ་ཊའི་པད་དཀར་ཞལ་ལུང་དང༌། །ལྷན་ཐབས་སྒོ་བརྒྱ་འབྱེད་ལྡེ་དང༌། །ཚིག་དོན་རྟོགས་དཀའི་ཟིན་བྲིས་དང༌། །སྤྱི་ནོར་གསལ་བྱེད་སྒྲོན་མེ་དང༌། །བྱེད་གྲུབ་རྣམ་འབྱེད་མུན་སེལ་སྒྲོན། །དེ་ལ་སོགས་པའི་གནད་བསྡུས་པའི། །རྩིས་གཞུང་དག་ཏུ་གསལ་ཕྱིར་དང༌། །དེ་བཞིན་སྦྱོར་དགྲོལ་འབྲས་རྩིས་སོགས། །ལེགས་འདོམས་ཤོག་ཁྲས་གཏན་ཕེབས་ཕྱིར། །འདིར་མང་སྨོས་པ་དགོས་པ་ཅི། །གང་ཞིག་སྐྱེ་བ་ཡོད་ཕྱིན་ཆད། །རྒ་ན་འཆི་འཕོས་འཇིག་རྟེན་ཀུན། །མ་རུངས་བྱས་པའི་འཁྲུལ་འཁོར་འདིར། །སྐྱོ་ནས་དབེན་པར་བསམ་གཏན་པ། །ལམ་འདིའི་ཀུན་རྟོག་ཉེར་ཞི་ནས། །འདོར་བྱེད་སུམ་ཅུའི་གྲངས་སུ་ཐལ། །


JLAZ007_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ན་ཡང་དེ་རིང་འདིར། །གསར་བུའི་རིག་པ་བློ་གསལ་བ། །དཔོན་པོ་འོད་ཟེར་ཕྲིན་ལས་ཀྱིས། །བསྐུལ་ཞིང་རི་མོའི་གྲོགས་བགྱིས་ནས། །བྱང་ཆུབ་དམ་པའི་ནགས་ཁྲོད་ནི། །དཔལ་ལྡན་པདྨ་འོད་གླིང་དུ། །རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ལྷ། །ཨ་བྷ་ཡ་དྭཱི་པ་དེས་སྦྱར། །ཐ་སྙད་རྟོག་པའི་ས་བོན་ཕྱིར། །གོམས་པ་མ་བརྟས་ནོངས་གྱུར་གང༌། །རྙོག་པའི་ཆ་ཤས་འགྲུངས་བྱེད་པའི། །དྲན་དབང་རྣམས་ལ་གཤུང་བ་མིན། །དགེ་བ་འདི་ཡིས་བདག་དང་འགྲོ། །ཕྱི་ནང་གཉིས་ལས་གཞན་གྱུར་པའི། །ངོ་བོ་ཉིད་མེད་དུས་འཁོར་ལོའི། །གོ་འཕང་ཚེ་འདིར་མངོན་གྱུར་ཤོག །གཏམ་ཚོགས་ལེའུ་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་གཉིས་པ། ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན།next