Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བཅུ་དྲུག་པ། དགའ་ལྡན་བྱང་རྩེ་བ་བཤེས་གཉེན་ཕྲིན་ལས་ཐོགས་མེད་ལ་སྤྲིང་བའི་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་བཅུ་དྲུག་པ། དགའ་ལྡན་བྱང་རྩེ་བ་བཤེས་གཉེན་ཕྲིན་ལས་ཐོགས་མེད་ལ་སྤྲིང་བའི་གཏམ།next

གཏམ་ཚོགས་ལེའུ་བཅུ་དྲུག་པ། དགའ་ལྡན་བྱང་རྩེ་བ་བཤེས་གཉེན་ཕྲིན་ལས་ཐོགས་མེད་ལ་སྤྲིང་བའི་གཏམ།


JLAZ007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་བྱང་རྩེ་བ་བཤེས་གཉེན་ཕྲིན་ལས་ཐོགས་མེད་ལ་སྤྲིང་བའི་གཏམ། རྒྱལ་བ་སྟོན་མཆོག་དེ་ཡི་ཐུགས་གསུང་སྐུའི། །ཕྲིན་ལས་གང་ཆེན་མཚོ་ཡི་དབྱིངས་ཁྱབ་ཀྱང༌། །ལུང་དང་རྟོགས་


JLAZ007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཆོས་འཛམ་བུའི་གླིང༌། །གསལ་མཛད་ཀླུ་སྒྲུབ་ཐོགས་མེད་རིག་གྲོལ་ལྡན། །ཤིང་རྟ་གཉིས་ཀྱི་ལམ་སྲོལ་གངས་ལྡན་རིར། །ཐོས་དང་བསམ་པའི་གྲང་རེག་ལ་གདུང་ཡང༌། །མཐོང་སྤངས་སྲོད་ཀྱིས་མ་སྨིན་སྒོམ་སྤངས་ལམ། །འཕགས་ལམ་ཡན་ལག་བརྒྱད་དུ་བསྲིང་བ་བཞིན། །བདེན་པ་བཞི་ཡི་མུ་ཁྱུད་ལ་བསྐོར་ནས། །དབུ་མའི་གཏན་ཚིགས་ཆེན་པོ་རྣམ་པ་བཞིའི། །དམ་བཅའི་བང་རིམ་རྩེ་ལ་འཛེམས་བྱས་ཀྱང༌། །འོག་མིན་རྣམ་མཛེས་ཆེན་པོའི་གྲོང་ལ་རིང་། །དེ་ཡི་རྒྱུ་ནི་ཀུན་ཏུ་བརྟགས་པ་ཡིས། །རྣམ་པར་རིག་པའི་གཞན་དབང་ལས་གྱུར་ན། །ནགས་ཁྲོད་དབེན་པར་ཞི་བར་གནས་བྱས་ཏེ། །ལྷག་མཐོང་གསལ་བའི་དེ་ཉིད་གཟིགས་པར་མཛོད། །ཚུལ་ཁྲིམས་ལས་ནི་བསམ་གཏན་འདུ་བྱེད་པ། །ཉན་ཐོས་རང་སའི་གྲུབ་མཐའ་ཡིན་མཆི་ལ། །འཁོར་ལོ་གསུམ་ཀའི་སྦས་དོན་མཐར་ཐུག་པ། །སྔགས་ཀྱི་དེ་ཉིད་བླ་མའི་དྲིན་གྱིས་མཐོང༌། །སྲུང་དམ་བཅས་ཕུལ། གཏམ་ཚོགས་ལེའུ་བཅུ་དྲུག་པའོ།། །།


previousགཏམ་ཚོགས་ལེའུ་བཅུ་དྲུག་པ། དགའ་ལྡན་བྱང་རྩེ་བ་བཤེས་གཉེན་ཕྲིན་ལས་ཐོགས་མེད་ལ་སྤྲིང་བའི་གཏམ།next