Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ཉེར་བདུན་པ། ཨར་ཇག་ལ་སྤྲིང་བའི་གཏམ་དཀོན་མཆོག་གསུམ་གྱི་གྲིབ་བསིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ཉེར་བདུན་པ། ཨར་ཇག་ལ་སྤྲིང་བའི་གཏམ་དཀོན་མཆོག་གསུམ་གྱི་གྲིབ་བསིལ།next

གཏམ་ཚོགས་ལེའུ་ཉེར་བདུན་པ། ཨར་ཇག་ལ་སྤྲིང་བའི་གཏམ་དཀོན་མཆོག་གསུམ་གྱི་གྲིབ་བསིལ།


JLAZ007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་ཇག་ལ་སྤྲིང་བའི་གཏམ། དཀོན་མཆོག་གསུམ་གྱི་གྲིབ་བསིལ་ཞེས་བྱ་བ། སྐྱོབ་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །རི་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་རིགས་གསུམ་རྣམ་འཕྲུལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཐུགས་བསྐྱེད་ལས་བོད་དང་བོད་


JLAZ007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རྒྱལ་ཁམས་ཀྱི་སྐྱེ་བོ་མཐའ་དག་དཀོན་མཆོག་གསུམ་ལ་བླ་མར་མི་བྱེད་པ་འགའ་ཡང་མེད་པས། ལ་ཆུ་ཕྲང་གསུམ་གྱི་བཀག་པོ་དང༌། འབྲོག་གནས་བྱང་སྟོངས་ལ་འཁྱམས་ཏེ། ཞོ་ཤའི་སྟོབས་ཀྱིས་རྙེད་པ་འཚོལ་ཞིང་ཕ་རོལ་གནོན་པ་རྣམས་ཀྱིས་ཀྱང་བདེན་པའི་ཚིག་ལ་དགོངས་ཤིག །སྤྱིར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་ཅིང༌། དཀར་ནག་གི་ལས་དང་ལས་ཀྱི་འབྲས་བུ་འདི་ཡང་རང་གི་ཕྱི་བཞིན་དུ་འབྲང་བ་ལ་བསམས་ན། ཕ་མའི་རང་བཞིན་སེམས་ཅན་གྱི་སྲོག་ལ་གནོད་པ་བྱས་ན་རང་ཉིད་སྐྱེ་བ་ཕྱི་མ་ངན་སོང་གསུམ་ལས་འགྲོ་ས་མེད་པ་ལ་བསམ་ཞིང༌། ཁྱད་པར་བོད་ལྗོངས་སུ་ཇོ་བོ་ཤཱཀྱ་མུ་ནེའི་ཞལ་བལྟ་ཞིང༌། ཕྱག་སྐོར་སྒྲིབ་སྦྱོང་དང༌། ས་གསུམ་མཁྱེན་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་སློབ་མར་གྱུར་པ་རྫོགས་ཆེན་པ་འཇིགས་མེད་གླིང་པའི་དྲུང་དུ། འཆི་བ་ལ་འཇིགས་ནས་དམ་ཆོས་ཉན་པ་ལ་འོངས་པ་འདི་དག་ལ་འཕྲོག་བཅོམ། ངན་སྐྱེལ། བསམ་ངན་སྦྱོར་རྩུབ་ཀྱི་རིགས་མེད་པར་བདེ་འཇམ་མགོ་ཐོན་དུ་འགྲོ་འཇུག་པར་གསོལ་བའི་ལག་རྟགས་འདི་བཞིན་བསྐུར་བ་ལ་གནོད་འགལ་མེད་པར་མཛད་ན། ཁྱེད་རྣམས་ཀྱི་ལས་ངན་ཟད་ནས། བདེ་འགྲོ་མཐོ་རིས་སུ་འགྲོ་བའི་སྨོན་ལམ་ཡང་དག་བྱེད་པ་ཡིན་པས། བསམ་བཟང་པོ་ལ་སྦྱོར་འཚལ། ཞེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་ཉེར་བདུན་པའོ།། །།


previousགཏམ་ཚོགས་ལེའུ་ཉེར་བདུན་པ། ཨར་ཇག་ལ་སྤྲིང་བའི་གཏམ་དཀོན་མཆོག་གསུམ་གྱི་གྲིབ་བསིལ།next