Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་བརྒྱད་པ། ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ་ཚིག་དོན་གྱི་མདོ་འགག
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་བརྒྱད་པ། ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ་ཚིག་དོན་གྱི་མདོ་འགགnext

གཏམ་ཚོགས་ལེའུ་རེ་བརྒྱད་པ། ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ་ཚིག་དོན་གྱི་མདོ་འགག


JLAZ007_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ། ཚིག་དོན་གྱི་མདོ་འགག་ཅེས་བྱ་བ། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །སྒྲ་ཚིག་རང་ཚན་ལས་འདས་པས། །འཕགས་


JLAZ007_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་གསུང་བ་ལ། །དྲི་ཡི་བཞོན་པ་མི་དམིགས་པ། །གསུང་གི་རྡོ་རྗེའི་བདག་ཉིད་དོ། །དུས་སྦྱོར་བཅུ་གཉིས་ལས་ཀྱི་རླུང༌། །རྟོག་པའི་བཞོན་པར་གྱུར་པ་ལས། །ངག་ཚིག་བརླང་པོའི་ལས་ལམ་བཞིས། །བསྟན་པ་དཀྲུགས་པ་བསྟན་བཅོས་མིན། །གང་ཞིག་མཉམ་པར་མ་གཞག་ཅིང༌། །ཕྲ་མ་སྔ་བཙན་རྗེས་སོན་པའི། །ཚིག་ངན་རྦབ་ཏུ་ལྟུང་བ་དེ། །སླར་ལ་ལོག་བསྐྱོད་གསེར་སོགས་ཀྱི་ཀྱང་རྨ་རྨན་བཞིན། །སྔ་འགྱུར་ཕལ་དང་གསར་མ་ཡང༌། །མང་དག་བོད་ཀྱིས་བྱས་སོ་ཞེས། །སྨྲས་པས་རྨོངས་ལས་རྨོངས་ཆེན་ཀྱང༌། །ཆོས་སྤོང་དམ་ཚིག་བཞིན་དུ་བསྲུང༌། །དེ་ལ་བོད་མར་སྒྲོ་བཏགས་པ། །ཕལ་ཆེར་རྒྱ་གཞུང་ལུང་དང་ནི། །རྒྱ་དཔེས་ཁ་ཚོན་བཅད་པའི་ཚུལ། །གཟུ་བོར་གནས་ལ་ཡོངས་སུ་གྲགས། །ལར་ནི་ཁྱོད་ཀྱིས་འདོད་པའི་ལུགས། །རྒྱ་ནས་བྱུང་ཚད་ངོ་མཚར་ལ། །བོད་དུ་བྱུང་ཚད་ངན་ངོན་ན། །དེང་སང་བཤད་སྒྲུབ་བྱེད་པ་ཀུན། །རྒྱ་གཞུང་ཁུངས་སུ་འདྲེན་པ་ལས། །བོད་ཀྱི་སྟན་བཅོས་འབའ་ཞིག་ཡིན། །རང་གིས་མ་མཐོང་མ་ཐོས་པ། །ཙམ་ཞིག་ཚད་མའི་དཔང་ཡིན་ན། །ལུང་གི་དམ་ཆོས་ཐམས་ཅད་ནི། །འདུས་བྱས་ཉིད་ཕྱིར་རིམ་པས་ནུབ། །ད་ནི་ཀླ་ཀློ་འབའ་ཞིག་གིས། །བཀབ་


JLAZ007_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱ་གར་ཡུལ་ཀུན་ན། །རྒྱལ་བསྟན་གྲགས་པ་མེད་པའི་ཕྱིར། །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཀུན། །སྒྱུར་བྱེད་ལོཙཱ་དེ་དག་གིས། །བརྩམས་ཞེས་རྒོལ་ན་ཅི་ཞིག་སྨྲ། །ཁྱད་པར་རྡོར་སེམས་སྒྱུ་དྲྭ་དང༌། །ཕུར་པ་ཡེ་ཤེས་རྩེ་མོ་སོགས། །རྒྱུད་ཀྱི་དངོས་པོ་བཅུ་ཚང་ཞིང༌། །ཚིག་དོན་ཕུན་སུམ་ཚོགས་པ་རྣམས། །སྒྱུར་བྱེད་ལོ་ཙཱས་བྱས་ཟེར་ན། །བྱས་པ་དེ་ཀས་ཆོས་གོ་ཆོད། །སྤངས་རྟོགས་ཐུགས་རྗེ་རྫུ་འཕྲུལ་ཀུན། །སངས་རྒྱས་ཉིད་ཀྱི་ཕྲིན་ལས་ཕྱིར། །གྲུབ་འབྲས་བསླུ་བ་མེད་པའི་ཚུལ། །སྡུད་པ་ཚིགས་སུ་བཅད་པ་ལས། །རྒྱལ་བའི་ཉན་ཐོས་གང་ཞིག་སོགས། །གསུངས་དང་དེ་བཞིན་རིགས་པ་གཞན། །རྡོ་རྗེ་སྙིང་པོའི་སྤྱི་བོ་རུ། །ཕྱག་བཞག་སྐུས་བྱིན་བརླབས་པ་ལས། །མདོ་སྡེ་ས་བཅུ་པ་བཤད་དང༌། །འཇམ་དཔལ་དབྱངས་ལ་མ་སྐྱེས་དགྲའི། །འགྱོད་བ་སེལ་བར་རྗེས་གནང་དང༌། །སྤྱན་རས་གཟིགས་དང་ཤཱ་རའི་བུར། །ཐུགས་ཀྱིས་བྱིན་བརླབས་བཀའ་བྱུང་སོགས། །བཅོས་མ་ཡིན་པར་སྨྲའམ་ཅི། །དེ་བཞིན་རྨི་ལམ་དག་སྣང་ཡང༌། །མཆོག་གཟིགས་རྣམས་ལ་འགལ་ཟེར་ན། །སྟོན་པ་འདི་ཡིན་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང༌། །པདྨོ་དག་དང་དཔག་བསམ་ཤིང༌། །རྔ་བོ་ཆེ་ལས་བྱུང་བ་ཡང༌། །རྒྱལ་བས་བྱིན་གྱིས་


JLAZ007_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །བཤད་བྱར་ལས་བཤད་ཇི་ལྟར་དགག །ཁྱད་པར་རྡོ་རྗེ་འཆང་ཆེན་དང༌། །རྡོ་རྗེ་རྣལ་འབྱོར་མ་སོགས་ལས། །སྔགས་ཀྱི་རྒྱུད་ཚུལ་འདྲེན་པ་དེ། །བསྟན་པའི་ཆུ་འགོར་བསྙོན་དུ་མེད། །དེ་དག་ད་ལྟའི་བླ་མ་ལྟར། །རྣམ་སྨིན་ལུས་ཅན་ཡིན་ནམ་མིན། །ཡིན་ན་གཤེགས་བཞུགས་བལྟམས་པའི་གནས། །གང་ཡིན་གསལ་བར་སྨྲ་བའི་རིགས། །ཡེ་ཤེས་སྐུ་ཅན་ཡིན་ཟེར་ན། །དེ་ཡིས་སྒྲ་ཚིག་རང་ཚན་པའི། །རྒྱུད་སྡེ་འདི་ཙམ་གསུངས་པའི་གནས། །གང་ཡིན་ཐོས་པའི་དཔང་པོ་སུ། །གལ་ཏེ་གྲུབ་པ་མཆོག་རྣམས་ཀྱི། །རྣམ་པར་རིག་ལས་བྱུང་ཟེར་ན། །དེ་ཡང་དེ་ཡི་རྩོམ་ཆོས་ཕྱིར། །ཐོགས་མེད་ཞབས་ཀྱི་བྱམས་ཆོས་དང༌། །དུས་འཁོར་བསྡུས་རྒྱུད་སོགས་ཀྱང་མཚུངས། །རྒྱུ་མཚན་མེད་པའི་གཏན་ཚིགས་ཕལ། །རྟོག་གེས་དགོངས་བརྡ་སྙན་གསུམ་གྱི། །བརྒྱུད་ཚུལ་དབྱིངས་འཇལ་ལ་རྨོངས་ནས། །བདག་ཅག་གླང་པོ་ཆེ་རྣམས་ནི། །གཉིས་འཐུང་གཉིས་བཟའ་ཡིན་པའི་ཕྱིར། །མི་དང་ལྷ་དང་བྱོལ་སོང་ཡང༌། །སྣ་ཞགས་སྐྱོང་པ་ཅན་ནོ་ཞེས། །སྨྲ་དང་ཁྱད་པར་ཡོད་མ་ཡིན། །སྡེ་སྣོད་གསུམ་དང་དུས་འཁོར་སོགས། །སྟོན་པས་དངོས་སུ་གསུངས་པར་ཡང༌། །རྒྱ་བོད་ཀུན་ཏུ་སྒྲོ་


JLAZ007_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ན། །རྒྱུད་ནི་ཕུན་སུམ་ཚོགས་པ་ལྔའི། །གླེང་བཞིས་སྟོན་པ་ཤས་ཆེ་ཡང༌། །དེ་དག་གྲུབ་པ་མཆོག་རྣམས་ཀྱི། །སྤྱོད་ཡུལ་ཉིད་ལས་ཡོངས་གྲགས་སུ། །མཐོང་ཐོས་ངེས་པ་མེད་པའི་ཕྱིར། །རྒོད་འགྱོད་ཐེ་ཚོམ་ལ་སོགས་པ། །སྒྲིབ་པ་ལྔ་ཡི་རྗེས་འཇུག་ལས། །མཉམ་པར་གཞག་ན་བསོད་ནམས་འཕེལ། །དགེ་བས་ཆོས་སྤོང་ཉེས་པ་ཀུན། །རང་བཞིན་མེད་པར་དག་གྱུར་ཅིག །མ་ཧཱ་སནྡྷི་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་རེ་བརྒྱད་པའོ།། །།


previousགཏམ་ཚོགས་ལེའུ་རེ་བརྒྱད་པ། ཏནྟྲའི་ཕྱོགས་འཛིན་བཟློག་པའི་གཏམ་ཚིག་དོན་གྱི་མདོ་འགགnext