Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་དོན་གཅིག་པ། ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ།
   
   


 
previousགཏམ་ཚོགས་ལེའུ་དོན་གཅིག་པ། ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ།next

གཏམ་ཚོགས་ལེའུ་དོན་གཅིག་པ། ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ།


JLAZ007_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ། ཡུམ་ཆེན་མོ་སྤྲོས་པ་དང་བྲལ་བ་ལ་ཕྱག་འཚལ་ལོ། །སྨྲ་བ༵སམ༵་བརྗོད༵་མེད༵་ཤེས༵་ར༵བ་ཕ༵་རོལ༵་ཕྱིན༵། །སྨྲ་བ་ངག་ཡིན་ངག་གི་ངོ་བོ་རླུང༌། །བསམ་པ་སེམས་ཡིན་དེ་


JLAZ007_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བྱེད་པོ་ཡིད། །ཡིད་ནི་ལས་ཀྱི་རླུང་སྟེ་རླུངས་སེམས་ལ། །བརྟེན་ནས་ཚོགས་དྲུག་སྐྱེ་བ་མཁྱེན་པར་མཛོད། །ཡུལ་དྲུག་བེམ་པོ་ཡུལ་ཅན་རིག་པ་སྟེ། །ཡུལ་དང་ཡུལ་ཅན་སྐྱེ་མཆེད་མ་འབྲེལ་ན། །བརྗོད་མེད་བློ་འདས་འཕགས་པའི་དབང་པོ་སྐྱེ། །ཐོས་དང་བསམ་པའི་ཤེས་རབ་རྣམ་གཉིས་ཀྱིས། །ཕ་རོལ་ཕྱིན་པའི་ལམ་བདེན་སྤངས་པའོ། །མ༵་སྐྱེས༵་མི༵་འག༵ག་ནམ༵་མཁའི༵་ངོ༵་བོ༵་ཉིད༵། མ་སྐྱེས་པ་ནི་སྟོང་པའི་ཆོས་ཉིད་དེ། །མོ་གཤམ་བུ་བཞིན་གདོད་ནས་ཡོད་མ་མྱོང༌། །མི་འགག་པ་ནི་སྣང་བའི་མཚན་ཉིད་དེ། །ཡོད་མ་མྱོང་བཞིན་རང་གསལ་འགག་པ་མེད། །སྟོང་པས་རྟག་མཐའ་གསལ་བས་ཆད་མཐའ་སྤངས། །དབུ་མར་མི་གནས་ནམ་མཁའི་ངོ་བོ་ཉིད། །སོ༵་སོར༵་རང༵་རིག༵་ཡེ༵་ཤེས༵་སྤྱོད༵་ཡུ༵ལ་བ༵། སོ་སོ་ཞེས་པ་ཐ་དད་རང་རང་དོན། །འཆིང་གྲོལ་གང་ཡང་གཞན་དང་ལྷན་ཅིག་མིན། །རང་གི་རང་རིག་ལྷན་སྐྱེས་ཡེ་ཤེས་ཀྱིས། །སྤྱོད་ཡུལ་བ་ལས་རྟོག་གེའི་བློ་ཡིས་མིན། །དུ༵ས་གསུ༵མ་རྒྱ༵ལ་བ༵འི་ཡུ༵མ་ལ༵་ཕྱ༵ག་འཚ༵ལ་ལོ༵། །འདས་པའི་དུས་མེད་གང་ནས་ཀྱང་མ་བྱུང༌། །མ་འོངས་དུས་མེད་གང་དུ་ཡང་མི་འགྲོ། །ད་ལྟའི་དུས་མེད་ཕུང་པོ་སྐྱེ་མཆེད་བྲལ། །དུས་གསུམ་དེ་ལྟར་རྟོགས་ན་རྒྱལ་བའི་ཡུམ། །གང་ལ་ལྟ་བ་མཇལ་བའི་ཕྱག་འཚལ་ལོ། །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་དོན་གཅིག་པའོ།། །།


previousགཏམ་ཚོགས་ལེའུ་དོན་གཅིག་པ། ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ།next