Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་དོན་གཉིས་པ། ཡང་དེའི་དོན་བསྡུས་ཀྱི་གཏམ།
   


 
previousགཏམ་ཚོགས་ལེའུ་དོན་གཉིས་པ། ཡང་དེའི་དོན་བསྡུས་ཀྱི་གཏམ།next

གཏམ་ཚོགས་ལེའུ་དོན་གཉིས་པ། ཡང་དེའི་དོན་བསྡུས་ཀྱི་གཏམ།


JLAZ007_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེའི་དོན་བསྡུས་ཀྱི་གཏམ་ནི། སྒྲ་རུ་མི་བཏུབ་བསམ་བརྗོད་མེད། །ཐོས་དང་བསམ་པའི་ཤེས་རབ་ཀྱིས། །ལམ་བདེན་སྤངས་པའི་ཕ་རོལ་ཕྱིན། །སྟོང་པ་ཉིད་ཕྱིར་མ་སྐྱེས་ལ། །རང་གསལ་མི་འགག་ཆོས་ཉིད་དོན། །ཡེ་གྲོལ་ནམ་མཁའི་ངོ་བོ་ཉིད། །དྲན་ཉམས་མི་མངའ་དོན་རབ་འབྱེད། །སོ་སོ་རང་གི་རིག་པ་དེས། །རྣམ་ཤེས་ལས་འདས་ཡེ་ཤེས་ཀྱིས། །སྤྱོད་ཡུལ་རྫོགས་པ་ཆེན་པོའི་ཞལ། །འདི་ནི་དུས་གསུམ་རྒྱལ་བའི་ཡུམ། །ཞེས་པའང་རིག་འཛིན་འཇིགས་བྲལ་གླིང་པས་སོ། །གཏམ་ཚོགས་ལེའུ་དོན་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་དོན་གཉིས་པ། ཡང་དེའི་དོན་བསྡུས་ཀྱི་གཏམ།next