Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ།
   
  expand section
   
   
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ།next

ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ།


JLAZ008_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ་ཞེས་བྱ་བ་བཞུགས། །


JLAZ008_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ་ཞེས་བྱ་བ།དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །རྒྱལ་རྣམས་སོ་སོར་རྟོག་པའི་ཡེ་ཤེས་མཚོན། །གདེངས་ཀ་འོད་མཚན་སྟོང་དུ་འབར་བ་ཡང༌། །པདྨ་གཞོན་ནུའི་འཁྲི་ཤིང་གཡོ་བ་ཅན། །འཆི་བ་མེད་པའི་བཅུད་ལེན་གྲུབ་དེས་སྲུངས། །ཁྱོད་མཚན་རྣ་ལུང་དཔྱངས་པའང་བདེ་ཆེན་གྱི། །ལང་ཚོ་གསར་བའི་འཇོ་སྒེག་ཆུ་སྐྱེས་ཞལ། །སྙན་པ་བདུད་སྡེའི་སྙིང་ལ་གཟོན་པའི་གཏམ། །སྲིད་པ་གསུམ་གྱི་ཁོང་ན་གཡོ་ཞིང་འདར། །པཎ་གྲུབ་བཞེད་གཞུང་མགྲིན་པའི་དོ་ཤལ་དུ། །བཟུང་ལ་སྙེམས་པའི་བ་དན་


JLAZ008_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྙེལ་ནས། །གེ་སར་བརྒྱ་པའི་རིང་ལུགས་ཨུ་དུམ་ཝཱར། །ཤནྟ་པུ་རིའི་གྲོང་ཁྱེར་མཛེས་པའི་རྒྱན། །དེ་ལ་བདག་ཅག་གི་གདོད་ནས་གྲུབ་པའི་རིགས་ཀྱི་ཅོད་པན་རྒྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་པ། སྤངས་པ་དང་རྟོགས་པའི་ཡོན་ཏན་ཟད་མི་ཤེས་པ་ཁོ་ནའི་ཆ་ནས་ཀུན་མཁྱེན་ཤནྟ་པུ་རི་བ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ས་མཐོར་གཤེགས་པའི་དངོས་གྲུབ་ཀྱི་ཕམ་ཕབས་ཆེན་པོ་ཆོས་ཀྱི་གཏེར་ལ་མངའ་དབང་བསྒྱུར་བ་པདྨའི་ཞལ་གདམས་གྲོལ་ཐིག་དགོག་པ་རང་གྲོལ་གྱི་སྡེ་ཚན་ལས། ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་ཆེན་པོར་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་


JLAZ008_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བར་བྱེད་ནས་བསླང་བ་ནས་བཟུང་བྱ་བའི་ལས་རིམ་རིག་འཛིན་གྱི་རྩ་དབང་ཆེན་མོའི་ཡི་གེ་ཁོ་བོས་བྱས་པ་ལས་ཤེས་པར་བྱ་ཞིང༌། ཉིན་ཆོག་འཇུག་བདེར། སྟེགས་བུའི་ཁང་རས་བྲིས་ཀྱི་དཀྱིལ་འཁོར་ལྟེ་བ་དམར་ཟླུམ། ཚོགས་བརྒྱད་གནས་སུ་དག་པའི་པད་འདབ་བརྒྱད་མཛེས་ཚོན། ཁྱམས་བཞི་ཕྱོགས་མདོག་སྒོ་སྣམ་ཅན་སྤྱི་དང་མཐུན་པའི་ཕྱི་རོལ་ལ་ཁྱད་པར་གྱི་ཆོས་དང་ལྡན་པས་བཏིང༌། དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དང་ལྡན་པ། མདུན་དུ་ཚེ་གཏོར་རམ་ཚེ་བུམ།གཡས་སུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ། གཡོན་དུ་བདེ་སྐྱོང་མ་དཱ་ན་དང་ཨ་མྲྀ་ཏའི་བཅུད་ལྡན་དར་དམར་བརྒྱད་ལྟེབ་ཀྱི་ཁེབས་དང་བཅས་པའི་སྟེང་དུ་གསུམ་པའི་དབང་རྟེན་རིག་ཙཀ་ཅི་རིགས་པར་ལས་ཐམས་ཅད་པའི་བུམ་པ། མདུན་དུ་སྨན་རཀ་གཏོར་གསུམ་ཉེར་སྤྱོད་དང་བཅས་པར་བཀོད་ལེགས་པར་བཤམ་མོ། །གཉིས་པ་དངོས་གཞི་ལ་གཉིས།དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌།བདག་ཉིད་འཇུག་ཅིང་དབང་བླང་བའོ། །དང་པོ་ལའང་ཉི་ཤུ་རྩ་བརྒྱད་ལས། དང་པོ་ནི། ནམ་མཁའ་ཀློངས་ཡངས་ཀྱི་རྒྱུད་ལས། བླ་མ་བསྒོམས་ན་


JLAZ008_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་བསྒོམས། །ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། །བསོད་ནམས་དེ་ཡིས་ཆར་མི་ཕོད། །དེ་ཕྱིར་དཀར་པོའི་ཆོས་སྤྱོད་རྣམས། །ཉན་བཤད་སྒོམ་དང་འཛིན་པ་དང༌། །མཆོད་གཏོར་ལ་སོགས་གང་བྱེད་ཀྱང༌། །སྔོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། །ཞེས་གསུངས་པས་སྔོན་འགྲོས་ཀྱང་སྔོན་འགྲོར་བླ་མའི་རྣལ་འབྱོར་བྱ་སྟེ། སྣོད་བཅུད་སྟོང་གསལ་རྡོ་རྗེའི་གུར་ནང་དུ༔ སོགས་ནས། དབང་བསྐུར་བྱིན་རླབས་མཆོག་གི་དངོས་གྲུབ་སྩོལ༔ གཉིས་པ་སྐྱབས་སུ་འགྲོ་བ་ནི། ན་མོ་ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག༔ ལོངས་སྐུ་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ འགྲོ་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་གདོད་མའི་ལྷ་ལ་སྐྱབས་སུ་མཆི༔ གསུམ་པ་སེམས་བསྐྱེད་པ་ནི། བདག་གིས་མཁའ་མཉམ་འགྲོ་བའི་དོན་སླད་དུ༔ སྐུ་གསུམ་གདོད་མའི་ལྷ་ཚོགས་བསྒྲུབས་ནས་ནི༔ འགྲོ་ཀུན་འཆི་བའི་འཇིགས་པ་ལས་བསྒྲལ་ཏེ༔ སྙིང་པོ་བླ་མེད་ས་ལ་འགོད་པར་བགྱི༔ བཞི་པ་ཡན་ལག་བདུན་པ་ནི། སྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔ རབ་གུས་དུང་བའི་གནས་འདིར་སྤྱན་འདྲེན་གཤེགས༔ རིན་ཆེན་གཞལ་ཡས་མཛེས་པའི་གདན་ལ་བཞུགས༔ བདག་སོགས་སྒོ་གསུམ་གུས་པས་


JLAZ008_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་མཆོད་སྤྲིན་རྒྱ་མཚོས་མཆོད༔ དམ་ཚིག་ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ དུས་གསུམ་རྒྱལ་བའི་སྤྱོད་ལ་རྗེས་ཡི་རང་༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་འགྲོ་བའི་དོན་ཕྱིར་བཞུགས༔ འཁོར་འདས་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ འགྲོ་ཀུན་སྐུ་དང་ཡེ་ཤེས་ཡོངས་འགྲུབ་ཤོག༔ ཅེས་པ་རྣམས་ལན་གསུམ་རེ་བྱའོ། །ལྔ་པ་ཚོགས་ཞིང་ལ་ཐུགས་རྒྱུད་བསྐུལ་བ་ནི། རྗེ་བཙུན་བླ་མ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དབང་བཞི་རྫོགས་པའི་དངོས་གྲུབ་སྩོལ༔ སྒྲིབ་གཉིས་བྱང་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གསོལ་འདེབས་ཀྱི་བསྙེན་པ་བརྒྱ་སྟོང་ཅི་ནུས་ཀྱི་ངང་ནས་དབང་བཞི་བླང་བར་བྱ་ཞིང༌། ཐུན་མཐར། གསོལ་གདབ་བསྙེན་པས་མདུན་གྱི་ལྷ་ཚོགས་ལས༔ དཀར་དམར་མཐིང་ཚོགས་བསམ་ཡས་འོད་ཟེར་གྱིས༔ གནས་གསུམ་གང་བས་སྒོ་གསུམ་རིམ་པར་སྦྱངས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང་༔ འོད་ཟེར་ཕར་འཕྲོས་སྐུ་གསུང་ཐུགས་ལ་ཐིམ༔ ཕྱི་ནང་གསང་བའི་མཆོད་པས་མཉེས་པ་དང་༔ བར་དུ་འོད་ཟེར་སྣོད་བཅུད་ཐམས་ཅད་གང་༔ བླ་མ་ཡི་དམ་མཁའ་འགྲོར་


JLAZ008_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ངང་༔ ཚོགས་ཞིང་འོད་ཞུ་རང་དང་གཉིས་སུ་མེད༔ མ་བཅོས་ཁྱབ་གདལ་ཟུང་འཇུག་ངང་ལ་གཞག༔ ཅེས་པས་བླ་མ་ཆོས་སྐུའི་རང་ཞལ་ལྟ་བའི་དགོངས་ཉམས་བསྐྱང་ངོ༌། །དྲུག་པ་ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་བསྐྲད་པ་ནི། སྔོན་གཏོར་ལ་ཆབ་ཀྱིས་བྲན་ཏེ་ཨ་ཀཱ་རོས་བསྔོས་ལ། ཧཱུྃ། ས་ཕྱོགས་འདིར་གནས་ལྷ་ཀླུ་འབྱུང་པོའི་ཚོགས༔ དངོས་སུ་བཤམ་པའི་མཆོད་སྦྱིན་བདུད་རྩིའི་རྒྱུན༔ འབད་པ་མེད་པར་བྱིན་གྱིས་བརླབས་ནས་འབུལ༔ འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་༔ ས་ཕྱོགས་དགེ་ཞིང་བར་ཆད་མེད་པ་དང་༔ ཇི་སྲིད་བསྙེན་སྒྲུབ་འབྲས་བུ་མ་ཐོབ་བར༔ ཁྱེད་རྣམས་ས་ཕྱོགས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་འདིར་གནས་བསམ་སྦྱོར་ངན་པ་ཡིཿ ལས་ལ་མི་མཐུན་འབྲས་བུ་འབྱིན་འགྱུར་ན༔ བདག་ཉིད་དབང་ཆེན་དཔལ་གྱི་མཐུ་སྟོབས་ཀྱིས༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་བྱེད༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྷྲྀ་ཧྞ་གྷྲྀ་ཧྞ་ཧཱུྃ༔ གྷྲྀ་ཧྞ་པ་ཡ་གྷྲྀ་ཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བཛྲ་བི་དྱཱ་རཱ་ཛ་ཡ་ཧཱུྃ་ཕཊ༔ བདུན་པ་མཚམས་བཅད་པ་ནི། ཧཱུྃ། བདག་ཉིད་ཁྲོ་རྒྱལ་རྟ་མགྲིན་ཁྲོས་པ་ཡི༔ ཐུགས་ལས་སྤྲོས་པའི་མཚོན་ཆ་རྡོ་རྗེ་མེས༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན་ཏུ་གཏམས༔ བསྐལ་པའི་ལས་ཀྱི་


JLAZ008_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཡང་ལྡང་མི་འགྱུར༔ ཨོཾ་ཧྱ་གྷྲི་ཝ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ བརྒྱད་པ་བྱིན་དབབ་པ་ནི། སྤོས་རོལ་གདུང་བའི་དབྱངས་དང་བཅས། ཧཱུྃ། བདེ་ཆེན་པདྨོ་བཀོད་པའི་ཞིང༌། །འོད་མཚན་སྟོང་འབར་ལྷ་ཡི་ལྷ། །ཚེ་ལྷ་རྒྱལ་བ་རྒྱ་མཚོར་བཅས། །འདིར་སྤྱོན་བྱིན་རློབས་དབང་བསྐུར་སྩོལ། །སྲིད་ཞིར་མི་གནས་པདྨ་སྐྱེས། །ལྷ་ལྕམ་མེ་ཏོག་མནྡཱ་ར། །བཅུ་དྲུག་དགའ་སྟེང་པདྨ་ལྕམ། །འདིར་སྤྱོན་བྱིན་རློབས་དབང་བསྐུར་སྩོལ། །སྒྲ་བསྒྱུར་ལོ་ཆེན་རྣམ་སྣང་མཛད། །ཀུན་གཟིགས་གཏེར་མཛོད་པྲཛྙཱ་ཞབས། །ཟུང་འཇུག་སྤྲུལ་པའི་རྒྱལ་སྲས་གཉིས། །འདིར་སྤྱོན་བྱིན་རློབས་དབང་བསྐུར་སྩོལ། །མ་རིག་དྲ་བ་གཅོད་པའི་དཔལ། །ཟུར་གྱི་གདུང་འཚོབ་པདྨ་དབང༌། །ཀུན་མཁྱེན་རྡོ་རྗེ་ཐོགས་མེད་རྩལ། །འདིར་སྤྱོན་བྱིན་རློབས་དབང་བསྐུར་སྩོལ། །བཛྲ་ཀྵ་ར་གསང་ཆེན་མཛོད། །ངག་ལ་དབང་ཐོབ་ས་ནནྟ། །དོན་ཀུན་གྲུབ་པ་འཇིགས་མེད་གླིང༌། །འདིར་སྤྱོན་བྱིན་རློབས་དབང་བསྐུར་སྩོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དག་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱཀྐི་ནི་ཛྙཱ་ན་བཛྲ་སརྦ་ས་མ་ཡ་ཨེ་ཨ་ར་ལི་ཕཻཾ་ཕཻཾ་ཨཱ་བེ་ཤ་ཡ་ཨ་ཨཱཿ


JLAZ008_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་མཆོད་རྫས་བྱིན་བརླབ་ནི། འཆི་མེད་རིག་འཛིན་དཀྱིལ་འཁོར་བསྒྲུབ་པའི་རྫས། །ཕྱི་ནང་གསང་བའི་རང་བྱུང་མཆོད་པ་རྣམས། །མ་དག་ལོག་འཁྲུལ་ཉེས་པའི་ཚོགས་རྣམས་ཀུན། །ཡེ་ཤེས་འབྲུ་གསུམ་སྦྱང་ཞིང་བྱིན་གྱིས་རློབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་བདུན་བརྗོད། བཅུ་པ་བསྐྱེད་རིམ་གསལ་གདབ་པ་ནི། གཏེར་གཞུང་རྩ་བར་དངོས་བསྟན་མ་ཧཱའི་ཨ་ནུ་དང་མཐུན་པའི་སྒོམ་རིམ་གསལ་བས། ཏིང་འཛིན་གསུམ་གྱིས་ཁམས་གསུམ་པའི་བག་ཆགས་སྦྱོང་བ་དང༌། སྐུ་གསུམ་གྱི་དབྱིངས་ལ་སྦྱོར་བའི་དགོས་པ་ཁྱད་པར་ཅན་ཡོད་ཕྱིར་དེ་ཁོ་ན་རྩ་བར་བཟུང༌། ཚེ་ལྷའི་ཐུགས་ཀར་སློབ་དཔོན་ཡབ་ཡུམ་བསྐྱེད་པ་དབང་གཞུང་གི་དགོངས་པ་ཐུན་མོང་མ་ཡིན་དུ་གྲུབ་ཅིང་དངོས་གྲུབ་བླང་བའི་ཆོ་གས་ཀྱང་ཤེས་ལ། ཁྱད་པར་བྱང་པའི་འཆི་མེད་སྐུ་གསུམ་མའི་ལྷན་ཐམས་ལ་རྟེན་དང་བརྟེན་བཤད་མི་འགལ་བ་སོགས་དགོས་པ་སྤྱི་དང་བྱེ་བྲག་པས་ཟུར་བརྒྱན། སྣོད་བཅུད་དུ་སྣང་བའི་རྟོག་ཚོགས་དཀྱིལ་འཁོར་གྱི་རོལ་པ་ཅིག་ཅར་དུ་འཆར་བ་དོན་དུ་གཉེར་བྱ་ཡིན་ན། ཆོས་ཉིད་ལ་མྱོང་བ་མི་བརྟན་པས་བདག་མདུན་གྱི་རྟེན་གྲལ་སྒྲུག་པའང་ཐ་མལ་གྱི་སྣང་བ་རང་ཚན་པ་སྟེ། འདིར་སྔོན་གྱི་མཆོག་གཟིགས་རྣམས་ལ་


JLAZ008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་གཏམ་བདག་མདུན་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་པས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ལས་མི་འདའ་བའི་སྟོང་པ་ཉིད་ཀྱི་ངོ་བོ་དྲན་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་སྐུའི་བཞུགས་ཚུལ་ཆེན་པོའོ། །དེ་ཉིད་མ་རྟོགས་པའི་སེམས་ཅན་རྣམས་གདངས་འགག་པ་མེད་པ་ལོངས་སྐུའི་རྩལ་སྣང་སྙིང་རྗེ་ཆེན་པོའི་དབང་གིས་རེ་ཞིག་མིག་འཕྲུལ་ལྟ་བུར་འཆི་མེད་སྐུ་གསུམ་འདུས་པའི་སྐུར་ལྡང་བར་བྱའོ་སྙམ་པའི་ངང་ལས། སྤྲུལ་པ་རྒྱུའི་ཡི་གེ་ཧྲཱིཿདམར་པོ་གསལ་ཞིང་འབར་བ་ལས་འོད་ཟེར་འཕྲོས། མ་དག་བའི་སྣོད་བཅུ་རང་བཞིན་སྤྲུལ་པའི་སྐུའི་རྟེན་དང་བརྟེན་པའི་རོལ་མོར་རྫོགས་པར་བྱེད་པའི་ཡི་གེ་བྷཱུྃ་ཁ་དོག་ལྔ་ལྡན་ཞིག་ཆད་པ་འོད་དུ་ཞུ་བ་ལས་པདྨ་རཱ་གའི་ས་གཞི་ལག་མཐིལ་ལྟར་ཁོད་སྙོམས་པའི་གཞི་ལ། བདེ་ཆེན་པདྨོ་བརྩེགས་པའི་གཞལ་མེད་ཁང༌། གྲུ་བཞི་བ་ལང་མིག་བཞི་ནས་ཉི་མའི་འོད་དང་ལྡན་པ། སྒོ་བཞི་ན་རིན་པོ་ཆེའི་རྟ་བབས་བརྒྱད། རྒྱན་དང་རི་དྭགས་འཁོར་ལོར་བཅས་ཤིང༌། ཕོ་བྲང་གི་ཟུར་བཞི་ལ་མུ་ཏིག་གི་མཆོད་རྟེན་བཀོད་ལེགས་བཞི་གནས་པ་དྲིལ་བུ་དང་གཡེར་ཁ་ལུ་གུ་རྒྱུད་དུ་དཔྱངས་པའི་གསེར་གྱི་ཐ་གུས་སྦྲེལ་བའོ། །ཕྱོགས་བཞི་ན་དར་སྣ་ཚོགས་པའི་བ་དན་བཞི་


JLAZ008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་བསྐྱོད་པ་ལས་ཞིང་ཁམས་ཀུན་ཏུ་ཁྱབ་པའི་འཕགས་པའི་ཚུལ་ཁྲིམས་དྲི་བསུང་འཕྲོ་བ། ཕྱི་རིམ་ན་ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ཏཱ་ལའི་ལྗོན་པ་དང་བཅས་པ་བརྒྱད་ལ། ནེ་ཙོ་མི་སྐད་སྨྲ་བ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། མཐིང་རིལ་དང༌། ཀ་ཏ་རི་དང༌། རྨ་བྱ་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་པ། དུང་ལྟར་དཀར་བ་དང༌། བྱུ་རུ་ལྟར་དམར་བ་དང། གཡུ་ལྟར་སྔོ་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་མ་འདྲེས་སོ་སོར་སྣང་བའི་བྱ་རིགས་མཛེས་ཤིང་ཡིད་དུ་འོང་བ་རྣམས་བརྩེ་ཞིང་སྐད་སྙན་སྒྲོག་པ། བར་བར་དུ་ལྷ་དང༌། ལྷ་མོ་དང༌། དྲང་སྲོང་གྲུབ་པ་ཅན་ལ་སོགས་པ་དེ་དག་ཀྱང་སེམས་རྣམ་པ་གསུམ་དང༌། ཡིད་དྲུག་དང༌། ཉོན་མོངས་པ་དྲུག་དང་མ་རིག་པའི་རྐྱེན་བཞི་དང་བཅས་པ། དེ་དང་མཚུངས་པར་ལྡན་པའི་ཡིད་སྤངས་པ་ཤ་སྟག་སྟེ། ཡེ་ཤེས་སྒྱུ་མའི་རང་བཞིན་རྒྱ་ཁྱོན་དང་ངོ་མཚར་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐའ་སྐོར་རིན་པོ་ཆེ་སྣ་བདུན་གྱི་ཕ་གུས་ཡོངས་སུ་བསྐོར་བའོ། །ཕོ་བྲང་ཆེན་པོའི་ལྟེ་བ་ལ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས་རབ་ཏུ་མཐོ་བ་རྨ་བྱ་གཞོན་ནུའི་གར་གྱིས་རྩེན་པའི་སྟེང་དུ། པདྨ་ཉི་ཟླའི་གདན་ཡངས་


JLAZ008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་སྟོན་བར་བྱེད་པའི་ཡི་གེ་ཧྲཱིཿལས་ཚེ་དཔག་མེད་སྐུ་མདོག་དམར་པོ་འོད་དང་ལྡན་པ༔ ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་ཆུ་ཤེལ་ལྟར་དཀར་ལ་མཚེར་བ༔ གཡོན་ཞལ་རིན་པོ་ཆེ་མརྒད་ལྟར་ལྗང་ཞིང་འོད་འཕྲོ་བས་མཛེས་པ༔ དབུས་ཞལ་པདྨ་རཱ་ག་ལྟར་དམར་གསལ་འཛུམ་ཞིང་བཞད་པས་འོད་ཟེར་ལྔ་འཕྲོ་བ༔ ཕྱག་གཡས་དང་པོ་ཐུགས་ཀར་པདྨའི་ཕྲེང་བ་འདྲེན་ཐབས་སུ་འཛིན་པ༔ གཡོན་གྱི་དང་པོ་མཉམ་གཞག་གི་སྟེང་ན་ཚེ་ཡི་བདུད་རྩིས་གང་བའི་བུམ་པ་འཛིན་ཅིང་ཡུམ་ལ་འཁྱུད་པ༔ གཡས་ཀྱི་ལྷག་མ་གཉིས་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་འབར་བ་འཛིན་པ༔ གཡོན་གྱི་ལྷག་མ་གཉིས་འཁོར་ལོ་དང་རྒྱ་གྲམ་འཛིན་པ༔ དེའི་པང་དུ་གསང་བ་ཡེ་ཤེས་ཀྱི་ཌཱཀྐི་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པདྨ་དང་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་དབུ་རྒྱན༔ སྙན་རྒྱན༔ མགུལ་རྒྱན༔ དོ་ཤལ༔ ཚངས་སྐུད་ལ་སོགས་པ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི༔ ལོངས་སྤྱོད་རྫོགས་པའི་སྐུའི་རྒྱན་ཅན༔ ཞབས་གཉིས་སྐྱིལ་ཀྲུང་གིས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས་ན་སྣང་ལ་རང་བཞིན་མེད་པར་བཞུགས་


JLAZ008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བ་སྤུའི་བུ་ག་ཐམས་ཅད་ནས་རྟ་མགྲིན་གྱི་སྐུ་ཕྱེད་ཕྱེེད་འཐོན་པས་སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ་པའོ༔ ཆེ་དཔག་མེད་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀའི་ཁྱམས་ལ་པདྨའི་སྡོང་པོའི་སྟེང་དུ་ཡེ་ཤེས་སེམས་དཔའ་གུ་རུ་རིན་པོ་ཆེ་པདྨ་སམྦྷ་ཝའི་ཆ་ལུགས་སྐུ་མདོག་དཀར་དམར་གཞོན་ཤ་ཆགས་པའི་ཉམས་ཅན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདེངས་པའི་ཚུལ་དང་༔ གཡོན་པདྨ་ར་གའི་བུམ་ཐོད་བདུད་རྩིས་གང་བ་བསྣམས་ནས་ཡུམ་ལ་འཁྱུད་པ༔ ཞབས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པའི་པང་ན༔ ཡུམ་ཡེ་ཤེས་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད་ཅིང་༔ ཞབས་པད་སྐྱིལ་གྱིས་འཁྲིལ་བ༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་ངོ་བོར་གྱུར་པའོ༔ མཐའ་སྐོར་གྱི་པད་འདབས་ལ་མགྲོན་ཐབས་ཀྱི་ལྷ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། ཡི་དམ་ཞི་ཁྲོ་རབ་འབྱམས། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པར་བཞུགས་པའོ། །དེ་ནས་དབང་བསྐུར་བ་ནི། རང་གི་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་བཞུགས་པ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བསྐུལ་བས་རྗེས་ཆགས་ཞུ་བདེའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔའི་དྲི་མ་


JLAZ008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། བྱིན་གྱིས་བརླབ་པ་ནི། སླར་ཡང་རང་གི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསྒོམས་པས་ཐ་མལ་གྱི་སྒོ་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་རྣམ་པ་ཉི་ཤུས་བྱང་ཆུབ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་དང༌། སྐུ་གསུམ་བདེ་བ་ཆེན་པོའི་ཞིང་ཁམས། འོག་མིན་པདྨོ་བཀོད་ལ་སོགས་པ་ནས་ཚེ་ལྷར་རབ་འབྱམས་རྒྱ་མཚོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས། ཡི་དམ་དཔའ་བོ་མཁའ་འགྲོ། འདུན་པ་སེམས་པ་དང༌། རིགས་ཆེན་འབྱེད་པ་དང༌། དབུགས་ཆེན་འབྱིན་པ་དང༌། ལུང་ཆེན་ཐོབ་པ་དང༌། རྩལ་ཆེན་རྫོགས་པ་ལ་སོགས་པའི་དུས་གསུམ་གྱི་རིག་འཛིན་བླ་མའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿཞེས་སྤོས་རོལ་དང་བཅས། མཁའ་ཁྱབ་ཏུ་སད་པར་བྱས་ལ། བཅུ་གཅིག་པ་སྤྱན་འདྲེན་པ་ནི། གདུང་བའི་དབྱངས་དང་བཅས། ཧྲཱིཿསྔོན་ཚེ་བདེ་བ་ཅན་གྱི་ཞིང་ཁམས་ནས༔ འོད་ཟེར་ལྔ་ལྡན་རྒྱ་མཚོའི་


JLAZ008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དུ་འཕྲོས༔ ཆོས་སྐུའི་དབང་བསྐུར་འཆི་མེད་དངོས་གྲུབ་བརྙེས༔ མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ༔ འཆི་མེད་ཚེ་ཡི་ལྷ་མོ་ཙཎྜ་ལི༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ བཀྲ་ཤིས་ཟླ་གམ་འོད་ཀྱི་བྲག་ཕུག་ཏུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པའི་ཚེ༔ བྷནྡྷ་ཁ་སྦྱོར་ལོངས་སྐུའི་རྩལ་དབང་རྫོགས༔ པདྨ་འབྱུང་གནས་འགྱུར་མེད་རྡོ་རྗེའི་སྐུ༔ གཉིས་མེད་སྦྱོར་བའི་ཡུམ་ཆེན་མནྡཱ་ར༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ སྤྲུལ་སྐུའི་ཞིང་ཁམས་བྲག་དམར་གཡའ་མ་ལུང་༔ འཆི་མེད་བདུད་རྩིའི་སྙིང་པོ་བསྒྲུབས་པའི་ཚེ༔ ཚེ་ཡི་ལྷ་ཚོགས་མཁའ་ལ་ཆར་བཞིན་བབས༔ ལྷ་དང་དབྱེར་མེད་པདྨ་ཚེ་དབང་རྩལ༔ གསང་བའི་ཡུམ་གཅིག་ཡེ་ཤེས་མཚོ་རྒྱལ་མ༔ འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཛཿཧཱུྃ་བྃ་ཧོཿས་དགུག་བཅིང་བསྡམས་ལ་དགྱེས་པ་བསྐྱེད་པའི་ལས་བཞི་


JLAZ008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་དམ་ཚིག་གི་འཁོར་ལོ་དང་འདྲེས་པར་བལྟའོ། །བཅུ་གཉིས་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལས༔ བློ་སྤྱང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཆུ་གཞག་སྒྱུ་མ་ཇི་བཞིན་དུཿ དུ་མར་སྣང་ཡང་རོག་གཅིག་བརྟན་པར་བྱ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཏིཥྛ་བཛྲ་ལྷན༔ བཅུ་གསུམ་པ་བྱིན་དབང་བསྐུར་བ་ནི། ཧྲཱིཿ ཐམས་ཅད་སྐུ་གསུང་ཐུགས་དང་ཡེ་ཤེས་ལྡན༔ དབང་ཆེན་དབང་བསྐུར་མཐུ་རྩལ་བྱིན་གྱིས་རློབས༔ ཕྱག་རྒྱ་བཞི་ལྡན་ཡེ་ནས་གྲུབ་པའི་ངང་༔ ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ་ཨ་བྷི་ཥིཉྩ་ཧཱུྃཿ བཅུ་བཞི་པ་རྡོ་རྗེའི་ཡན་ལག་མཛེས་པ་ནམ་མཁའི་རྡུལ་སྙེད་དུ་སྤྲུལ་པས་ལྷ་ཆེན་འཕྲུལ་དགའ་ལྟ་བུའི་ཕྱག་བྱ་བ་ནི། ཧྲཱིཿ སྐུ་གསུམ་ཡོངས་འདུས་འཆི་མེད་ལྷ་ཡི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ བཅོ་ལྔ་པ་རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས་མཆོད་པ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རོལ་བ་ཟད་མི་ཤེས་པས་གཞོན་ནུ་མའི་སྒྱུ་རྩལ་བརྒྱད་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་ནས་གོམས་པའི་ལྷ་མོ་རི་དྭགས་མིག་ཅན་ཡིད་དུ་འོང་ཞིང་ལྟ་


JLAZ008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡུག་པ་དེ་ཉིད་རྣམ་པ་བཅུ་དྲུག་གི་གྲངས་སུ་ཤར་བས་དཀྱིལ་འཁོར་གྱི་འཁོར་ལོའི་ཐུགས་བདེ་སྟོང་ཡེ་ཤེས་ཆེན་པའི་ངང་དུ་དགྱེས་པ་བསྐྱེད་པར་བལྟས་ལ། དབྱངས་ཀྱི་ངེས་པ་དྲུག་གམ་བདུན་དང་ལྡན་པའི་སྙན་འགྱུར་དང་བཅས་ཤིང༌། དངོས་སུའང༌། ཏམྦུ་ར་དང༌། གོལ་པོ་དང༌། གླིང་བུ་དང༌། ཟུར་ལ་འབུད་པ་དང༌། རྫ་རྔ་དང༌། རྫ་རྔ་ཁ་གཅིག་པ་དང༌། ལྕགས་དང་འཁར་བའི་སིལ་ཁྲོལ་དང༌། རྔ་མུ་ཀུནྡ་དང༌། པི་ཝང་རྒྱུད་གཅིག་པ་དང༌། རྔ་ཆེན་དང༌། རྔ་ཕྲན་དང༌། རྒྱུད་མངས་དང༌། རྔ་མྲྀ་ཏི་གི་དང༌། པ་ཊ་ཧ་ལ་སོགས་པ་འབུད་འཁྲོལ་བརྡུང་བའི་རོལ་མོའི་བྱེ་བྲག་གིས་སྐབས་ཕྱེད་པར་མཆོད་ཅིང༌། ཕྱག་རྒྱ་དངོས་ལ། ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཞེས་འབྲས་བུ་དེའི་རྒྱུ་སྔོན་དུ་སོང་ནས། བཅའ་བ་ཕྱག་རྒྱ། དགྲོལ་བ་དམ་རྒྱ། ས་བོན་ཆོས་རྒྱ། ལྷར་སྣང་ཕྱག་རྒྱ་ཆེན་པོར་ངེས་པ་སོགས་སྔ་འགྱུར་རྒྱུད་སྡེ་ཆེན་པོའི་གཞུང་ལུགས་ལ་གནས་པ་ཉིད་དེ། འདིར། ཆོས་ཀུན་མཉམ་པའི་ངང་རྟོགས་ན། །སྒུལ་ཞིང་གསིགས་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་པར་དཔའ་བོས་བཤད། །ཅེས་ལྷུན་མཉམ་རྫོགས་པ་ཆེན་པོ་ལ་རྣལ་དུ་འབྱོར་པས་སྣང་སྲིད་ཡེ་ཤེས་ཀྱི་མཆོད་པའི་ཕྱག་རྒྱར་རྫོགས་


JLAZ008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ནས་འདོད་པའི་ཡོན་ཏན་གྱི་ངོ་བོ་གང་ཡིན་པ་དེ་དང་དེའི་ཕྱག་རྒྱ་མ་འཁྲུལ་པ་དོན་དུ་གཉེར་བའོ། །པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །རེག་ན་བདེ་བའི་མཆོད་སྟེར་ཨུཏྤལ་མིག །གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ལ་སྱེ་ཧཱུྃ་པྲ་ཏཱིཙྪ་ཧོཿཀུན་ལ་པད་སྐོར་སྔོན་དུ་འགྲོ་བས་ཁུ་ཚུལ་གཉིས་དཀུར་བརྟེན་ནས་ཅུང་ཟད་འགྱིང་ཞིང་སེ་གོལ་ཕྱི་ནང་གཉིས་སུ་གཏོགས་པའོ། །སྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང༌། །བཛྲ་མཱ་ལེ་ཏྲཱཾ་སོགས་རྡོ་རྗེ་ཐལ་མོ་གཉིས་ནང་ནས་ཐུར་ལྡོག་གཡོ་བས་ཕྲེང་བ་འདོགས་པའི་ཚུལ་ལོ། །འཇམ་མཉེན་པུནྜ་རི་ཀའི་ལང་ཚོ་ལ། །བཛྲ་གིརྟི་ཧྲཱིཿ། ཁུ་ཚུར་གཉིས་ཀྱིས་མགྲིན་པ་ནས་སྒྲ་འབྱིན་པའི་ཚུལ་ལོ། །བུང་བ་པདྨའི་ཚལ་ན་གཡོ་བ་བཞིན། །བཛྲ་ནིརྟི་ཨ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྤྱི་བོར་གར་བྱེད་པའི་ཚུལ་ལོ། །བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས། །བཛྲ་དྷཱུ་པེ་ཧཱུྃ། ཐལ་སྦྱར་ཚིགས་པ་བཅག་པ་བདུག་སྤོས་ཀྱི་ཁང་པ་ལྟར་རོ། །ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང༌། །བཛྲ་པུཥྤེ་ཏྲཱཾ། རྡོ་རྗེ་ཁུ་ཚུར་གཉིས་ཀ་བཀན་ལ་མེ་ཏོག་འཐོར་བའི་ཚུལ་ལོ། །ཡིད་འོང་ལྟ་ན་སྡུག་པའི་མཁུར་ཚོས་ལ། །བཛྲ་ཨཱ་ལོ་ཀེ་ཧྲཱིཿ། རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་གཉིས་མར་མེ་ལྟར་


JLAZ008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེང་བའོ། །འཆི་མེད་བུ་མོའི་དཔལ་འཛིན་སྨིན་ལེགས་གཟུགས། །བཛྲ་གྷནྡྷེ་ཨ། གཡོན་པའི་མཐེབ་མཛུབ་སྦྱར། གཞན་རྣམས་བརྐྱང་པ་ཁ་བཀན་ཏེ་དུང་ཆོས་བྱས་པའི་སྙིམ་པ་ནས་གཡས་པའི་མཐེ་མཛུབ་ཀྱིས་དྲིའི་བྱུག་པ་འགྱེད་པའི་ཚུལ་ལོ། །ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང༌། །བཛྲ་རཱུ་པ་ཨོཾ། གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཐལ་མོ་སྙིང་ག་ནས་ཕྱིར་བསྟན་ཏེ་མེ་ལོང་ལྟར་བྱའོ། །ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། །བཛྲ་མྲྀ་ཏཾ་གེ་ཧྲཱིཿ། རྔ་ཟླུམ་བརྡུང་བ་ལྟར་གཡོན་པའི་སོར་མོ་གྱེན་ལ་ཕྱོགས། གཡས་པའི་སོར་མོ་རྣམས་སྦུབ་ནས་གཡོབ་བའོ། །རཏྣའི་སོར་གདུབ་འཁྲོལ་བའི་ཁུ་ཚུར་གྱིས། །བཛྲ་ཝི་ནི་ཧཱུྃ། གཡོན་གྱེན་དུ་སྒྲེང་བའི་མཐེ་བོས་གུང་སྲིན་མནན་ཏེ་མཛུབ་མོ་མཐེའུ་ཆུང་བརྐྱང་པས་པི་ཝང་བཟུང་བའི་ཚུལ་དང༌། གཡས་པའི་གྲུ་མོ་དཀུར་བརྟེན་ཏེ་སྒྲེང་བའི་ཚུལ་ལོ། །དགའ་བ་བཅུ་དྲུག་རླུང་གི་རྟར་བསྐྱོན་ནས། །བཛྲ་ཝཾ་སེ་ཏྲཱཾ། གླིང་བུ་འབུད་པའི་ཕྱག་རྒྱ་ཉིད་ཁའི་མདུན་ཧ་ཅང་ཕྲལ་བ་མ་ཡིན་བར་བྱེད་པའོ། །ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ། །བཛྲ་མུ་རཉྫེ་ཨཱ། ལག་གཉིས་སྙིང་གའི་ཐད་ནས་ཁ་ཕྱིར་བསྟན་ལ་སོར་མོ་རྣམས་གཡོས་པས་རྫ་རྔ་བརྡུང་བའི་ཚུལ་ལོ། །སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །བཛྲ་པརྴེ་ཏྲཱཾ།


JLAZ008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཉིས་སོ་སོའི་མཐིབ་མཛུབ་གུང་སྲིན་རྣམས་རྩེ་སྤྲད། མཐེའུ་ཆུང་སྒྲེང་བ་གོས་དབུལ་བའི་ཚུལ་ལོ། །ཆགས་པ་ཆེན་པོའི་ཟུར་མིག་གིས། །བཛྲ་རཱ་ས་ཧྲཱིཿ། ཐལ་མོ་ཁ་སྦུབ་ཅིང་བརྐྱངས་པ་གྱེན་དུ་ལྡོག་པས་བཤོས་འདེགས་པའི་ཚུལ་ལོ། །བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། །བཛྲ་དྷརྨ་དྷརྟུ་ཨ། སོར་མོ་ཕན་ཚུན་གྱི་གུ་སྲིན་བཞི་གཤིབས་ཏེ་སྦྱར། གཞན་དྲུག་བོ་བརྐྱངས་ཏེ་རང་རང་རྩེ་སྤྲད་པས་ཆོས་འབྱུང་གསུམ་འབྱུང་བ་མཁའ་དབྱིངས་ཀྱི་རྒྱའོ། །བཅུ་དྲུག་པ་གསང་མཆོད་ནི། དེ་མ་ཐག་པའི་ལྷ་མོ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་དབང་པོ་སོ་སོའི་གནས་སུ་ཐིམ་པར་གྱུར་པའི་རྐྱེན་ལས་རང་རང་གི་རིགས་ཀྱི་ཡུམ་དང་རྗེས་ཆགས་ལྷག་པར་རྒྱས། བདེ་བ་ཆེན་པོའི་རྩལ་སྣང་མུ་མཐའ་མེད་པའི་གཟུགས། ཆོས་ཉིད་ཀྱི་གླུ་སིད་དང་ཧལ་སོགས་པའི་སྒྲ། ཡུམ་གྱི་ལང་ཚོ་ལས་སྐྱེས་པའི་བསུང་ཞིམ་དངར་པོའི་དྲི། དགའ་བ་བཞིའི་ཡེ་ཤེས་ལ་རྣམ་པ་ཀུན་ནས་ཉམས་བརྟས་པའི་འོ། །འཕོ་མེད་ཀྱི་བྱང་སེམས་ཀུན་ལ་ཁྱབ་བའི་རེག་བྱ་སྟེ། ཁྱད་པར་ནང་གི་འདོད་ཡོན་ཆེན་པོས་མཉེས་པར་དམིགས་ལ། ཧྲཱིཿ གསང་བ་ཡུམ་གྱི་བདེ་བ་དམ་པ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ༔ འདོད་ཡོན་མ་འགགས་རང་བྱུང་ལྷ་མོའི་ཚོགས༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་


JLAZ008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབུལ༔ པཉྩ་ཀརྨ་གུ་ཎ་པཱུ་ཛ༔ ཧོཿབཅུ་བདུན་པ་སྨན་མཆོད་ནི། ཧྲཱིཿརང་བྱུང་གདོད་ནས་དག་པ་རྫས་ཀྱི་མཆོག༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ དག་མཉམ་རྟོགས་པས་རང་བྱུང་རང་ལ་མཆོད༔ སྐུ་གསུང་ཐུགས་ཀྱི་སིདྡྷི་སྩལ་དུ་གསོལ༔ སརྦ་པཉྩ་ཨམྲྀ་ཏ་ཁ་རཾ་ཁཱ་ཧིཿ ཞེས་སྤྱིར་མཆོད་ནསཿ ལག་མཆོད་དུ་རྣམ་གསུམ་ཡོ་གའི་བླ་མ་རྣམས་ཚོགས་གསོག་གི་ཞིང་བརྒྱུད་པའི་ཆུ་མགོར་བྱས་ནས་འབུལ་བའི་ཚུལ། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་མཆོག །དགའ་རབ་ལ་སོགས་བརྡ་བརྒྱུད་རིག་འཛིན་རྣམས། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨམྲྀ་ཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་ལུང་བསྟན་རྡོ་རྗེ་དང༌། །ཨུ་པ་རཱ་ཛ་འབྱོར་པའི་དབང་པོ་སོགས། །རོ་ལངས་བདེ་བ་རྡོ་རྗེ་བཞད་རྩལ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དམ་པའི་རིགས་ཅན་ལྔ་དང་རྒྱལ་པོ་ཛཿ། །ཀུ་ཀུ་རཱ་ཛ་ཨིནྡྲ་བོ་དྷི་སོགས། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལར། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྣམ་གསུམ་ཡོ་གའི་བདག་པོ་ཨོ་རྒྱན་རྗེ། །རྒྱལ་ཡུམ་མཚོ་རྒྱལ་ལོ་ཆེན་བཻ་རོའི་ཞབས། །གཏེར་མཆེ་བླ་མ་


JLAZ008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་རྣམ་གཉིས་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཆོས་དབྱིངས་རང་གྲོལ་ཟ་ཧོར་སྔགས་མྱོན་མཆོག །བཛྲ་ཀྵར་ཀུན་བཟང་པདྨ་དབང༌། །གུ་རུ་འོད་ཟེར་ནམ་མཁའི་རྣལ་འབྱོར་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། བདག་ཉིད་ཆེན་པོ་ཚེ་ལྷ་ཡབ་ཡུམ་དང༌། །རྩ་གསུམ་འདུས་པ་རབ་འབྱམས་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་ཞིང་སྐྱོང་གཞི་བདག་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་ལོངས་སྤྱོད་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། བདུད་རྩིར་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམས་པ་ཅན། །དམ་ཚིགས་ཕྱག་རྒྱ་གཉེན་པོས་བླང༌། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུྃ། ཞེས་མཐེབ་སྲིན་ཉི་ཟླའི་གའུས་བླང་ཞིང་གནས་གསུམ་དུ་གཏུགས་ལ་མྱང་ངོ༌། །བཅོ་བརྒྱད་པ་གཏོར་མའི་མཆོད་པ་ནི། ཧྲཱིཿ ཁྱད་པར་རྨད་བྱུང་དམ་རྫས་འདོད་ཡོན་ལྔ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག་གི་རྟེན༔ ཟག་མེད་བདུད་རྩིའི་གཏོར་མ་ལོངས་སྤྱོད་རྒྱནཿ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པར་འབུལ༔ མ་ཧཱ་བ་ལིདྷ་ཁཱ་ཧིཿ བཅུ་དགུ་པ་རཀྟའི་མཆོད་པ་ནི། ཧྲཱིཿ བདེ་ཆེན་ཡེ་ཤེས་འབྱུང་བའི་གནས་གཅིག་


JLAZ008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པུ༔ པདྨ་རཀྟ་ཆགས་པ་ཆེན་པོའི་མཆོག༔ མ་ལུས་གཅིག་བསྡུས་འཁོར་སྐྱོན་དག་པའི་རྫས༔ སྐུ་གསུམ་ཚེ་ཡི་ལྷ་ལ་མཆོད་པ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཉི་ཤུ་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། ཀུན་ཏུ་བཟང་པོའི་བློ་མཆོག་གི་ཁྱད་པར་དམན་ཡང་འབྱོར་བའི་དཔལ་གྱིས་བརྒྱན་པ་རྣམས་ལ་རང་གི་ཡུལ་འཁོར་ལོངས་སྤྱོད་དང་བཅས་པའང་བསམ་པའི་བྱེ་བྲག་ལས་རང་བཞིན་གྱི་མཆོད་པའི་སྤྲིན་དུ་འགྱུར་བའི་ཕྱིར་འདི་ལྟར། ཨོཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱིས་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །མཉེན་འཇམ་རེག་ན་བདེ་བ་དང༌། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ལ་རྒྱས་པོར་དབུལ། །སྐལ་ལྡན་


JLAZ008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང༌། །མཆོད་པའི་ཕྱག་ རྒྱ་ཆེན་པོར་བསྒོམ། །ཨ་ལ་ལ་ཧོཿ ཉེར་གཅིག་པ་བསྟོད་པ་ནི། གསང་བ་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས། ཧྲཱིཿ ཆོས་སྐུ་སྤྲོས་དང་བྲལ་བའི་ཕོ་བྲང་ནས༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་ཚེ་དཔག་མེད༔ སངས་རྒྱས་ཀུན་འདུས་འོད་ཟེར་སྣ་ཚོགས་འཕྲོས། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཁྱོད་ནི་སངས་རྒྱས་ཀུན་ལས་ལྷག༔ གསལ་འཚེར་ལྷུན་སྟུག་ལོངས་སྐུའི་རྒྱན་གྱིས་སྤྲས༔ ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་ལ་འཚེར༔ ཡབ་ཡུམ་གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ གསང་བ་ཡེ་ཤེས་ཡུམ་མཆོག་གོས་དཀར་མོ༔ ཚེ་ལྷ་རྒྱལ་བ་ཡབ་ཡུམ་གཙོ་འཁོར་བཅས་༔ བདུད་བཞིའི་གཡུལ་ལས་རྒྱལ་ལ་ཕྱག་འཚལ་བསྟོད༔ ཉེར་གཉིས་པ་རྒྱུད་དག་པར་བྱས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བའི་སླད་དུ་བཤགས་པ་བྱ་ཞིང་འདོད་དོན་གསོལ་བ་ནི། ཧོཿ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་རིགས་ཐམས་ཅད་པའི་དབང་ཕྱུག་བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་


JLAZ008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མ་ནོར་བར་མནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་པ། སྤྱོར་བ་མང་པོས་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླར་འདས་པ། དམ་རྫས་ལག་ལེན་རྔོ་མ་ཐོགས་པ། ཛབ་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང༌། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང༌། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་མངོན་དུ་མནོས་པ་ནས། ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་གཤགས་པར་མཆིས་ན། ཐུགས་ཞི་བ་ཆེན་པོའི་དབྱིངས་སུ་ཚངས་པར་སྩལ་བ་དང་དུ་བཞེས་སུ་གསོལ། བཞེས་ནས་ཀྱང་བདག་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་ཏེ་དངོས་གྲུབ་ཀྱི་སྣོད་དུ་གྱུར་ནས་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཅིག །ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་འཁོར་བ་ཀ་


JLAZ008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དག་པར་གྱུར་ཅིག །གནས་སྐབས་སུའང་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བླ་མན་ཆད་ནས། དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྔང་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ། སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དབལ། སྦྱོར་བའི་དུག །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་ལྟས་ངན་པ། མི་ཤིས་པའི་རྐྱེན་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཡང་མི་གྲག་པར་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་དག །དབང་དུ་བསྡུ་པ་དང༌། གཟིར་ཞིང་མནན་པ་དང༌། བསྒྲལ་ཞིང་སྤར་བ་ལ་སོགས་ཏེ་དྲག་ཤུལ་གྱི་ལས་ཅན་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་མིང་ཡང་མི་གྲག་པར་མཛད་དུ་གསོལ། ཉེར་གསུམ་པ་དམ་བཅའ་བ་ནི། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་འགྱུར་ཤོག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་


JLAZ008_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །དཔའ་བོ་རྡོ་རྗེས་བྱིན་རློབས་མཛོད། །ཉེར་བཞི་པ་ཛབ་ཁང་དབྱེ་བ་ནི། དབྱེ་བའི་གཞི་དཀྱིལ་འཁོར་གྱི་སྣང་ཆ་ལེགས་པར་གསལ་ནས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿཞེས་བརྗོད་པས། རོལ་པ་གཅིག་པའི་དཀྱིལ་འཁོར་ལས་རྣམ་ཆ་གཉིས་པ་ཞིག་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁའ་མེ་རི་འདབས་འབྱོར་དུ་བཞུགས་པར་གསལ་ལོ། །ཉེར་ལྔ་པ་ཛཔ྄་དགོངས་ནི། བདག་མདུན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་ལ་གནས་པའི་ཉི་ཟླའི་སྟེང་དྭངས་མའི་ཐུགས་སྲོག་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་འཕྲོས། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་པས་མཉེས། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མ་ལུས་པ་རང་ལ་བསྟིམ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སོ་སོར་ཀུན་ཏུ་སྣང་བར་བྱས། འོད་ཟེར་གྱིས་རེག་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་དང་རྣམ་པར་སྨིན་པའི་སྡུག་བསྔལ་སྦྱངས། རང་འདྲའི་གོ་འཕང་ལ་བཀོད་པ་ནི་དམ་ཚིག་གི་བཟླས་པ་དང༌། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་བྱུང་བ་ལྕེ་པདྨ་འདབ་མ་གསུམ་པའི་རྣམ་པར་གནས་པའི་ཟེའུ་འབྲུའི་སྦུབས་ནས་ཕྱིར་བྱུང༌། མདུན་


JLAZ008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཀྱི་ཞལ་ནས་ཞུགས། སྦྱོར་བའི་ལམ་གཉིས་ནས་འཁོར་བར་དམིགས་ཤིང༌། རྣམ་པར་རྟོག་པ་དང་བཟླས་པའི་སྐྱོན་སྤངས་ནས་ལྷའི་གསལ་སྣང་ལ་སློབ་པ་ནི་དོ་ལིའི་བཟླས་པའོ། །གང་གི་ཚེ་རྒོད་པར་གྱུར་ན་མངོན་དུ་གྱུར་པའི་ཚིག་སྤངས་ཏེ་ཡིད་ཀྱིས་བཟླས་པ་རླུང་འབྱུང་འཇུག་གནས་གསུམ་ལ་བརྟེན་པ་ནི་རྡོ་རྗེའི་བཟླས་པའོ། །དེ་ལྟར་གཞུང་རྩ་བའི་དགོངས་པ་ལུགས་གསུམ་པོ་ལ་རིམ་གྱིས་སློབ་ཅིང༌། ཁྱད་པར་རྟོག་པ་འཇོམས་པའི་གཉེན་པོར་གང་ཆེ་ཆེད་དུ་གཉེར་ཞིང་གསལ་བ་གསུམ་གྱི་ཏིང་འཛིན་དང་ལྡན་པས། ཨོཾ་ཨཱ་ཧཱུྃཿ ཨོཾ་ཧཱུྃ་ཏྲཱཾཿཧྲཱིཿཨཱཿཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷཱུཾ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ ཞེས་ཅི་ནུས་བཟླའོ། །ཉེར་དྲུག་པ་ཛབ་མཇུག་བསྡུ་བ་ནི། སྤྲོ་ཞིང་ནུས་ན་ལྷ་མོ་བཅུ་དྲུག་གིས་མཆོད། བསྡུ་ན་ཨརྒྷཾ་ནས་ཤཔྟའི་པར་བརྗོད། བསྟོད་པ་ནི། ཧྲཱིཿ མཉམ་ཉིད་དག་པ་རྒྱལ་བའི་ཡེ་ཤེས་སྐུཿ རྩོལ་མེད་རང་བྱུང་ཨཱ་ལི་ཀཱ་ལིའི་སྒྲཿ རྟོག་མེད་སྤྲོས་བྲལ་འོད་གསལ་ཐིག་ལེའི་ཐུགསཿ རྩོལ་བ་བྲལ་བ་ལྷུན་གྲུབ་ཡོན་ཏན་གཏེརཿ རང་བཞིན་མ་ངེས་ཕྲིན་ལས་ལྷུན་གྱིས་གྲུབཿ བླ་མ་ཡི་དམ་ཌཱཀྐིའི་ཚོགས་ལ་བསྟོདཿ ཅེས་པའི་མཐར་ཡི་གེ་བརྒྱ་བ་ལན་གསུམ་གྱིས་བཤགས་པར་བྱའོ། །ཉེར་བདུན་པ་ལས་བུམ་བསྒྲུབ་པ་ནི། ལས་ཐམས་ཅད་པའི་བུམ་པའི་ནང་དུ་རྟ་མགྲིན་དམར་པོ་


JLAZ008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་ཅིང༌། ཁྲོ་ཚུལ་གར་གྱི་ཉམས་དགུ་དང་ལྡན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་གསལ་བར་གྱུར། ཨོཾ་བཛྲ་ཀྲོཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བཟླས་མཐར་འོད་ཞུ་བྱ་བ་ནི། དུང་ཞལ་གྱི་ཆུ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་དུ་ཕུལ་བའི་རྐྱེན་གྱིས་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བྱེད་ལས་ཐམས་ཅད་གྲུབ་པའི་ནུས་ལྡན་དུ་གྱུར། ཅེས་བརྗོད། ཉེར་བརྒྱད་པ་ཚེ་འགུགས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོའི་འོད་ཟེར་གྱིས་འཁོར་འདས་བརྟན་གཡོའི་ཁམས་ཀྱི་དྭངས་བཅུད་དང༌། རང་གི་རྣམ་སྨིན་གྱི་ཁམས་ནས་བླ་ཚེ་ཡར་ཞིང་འཐོར་འཁྱམས་མ་ལུས་པ་སྦུར་མ་དང་ལེན་པ་པོའི་སྣང་ཚུལ་བཞིན་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་བསྐལ་པར་མི་ཤིགས་པའི་ཚེ་དང༌། བསོད་ནམས་ལ་སོགས་པ་དཔལ་བཅུའི་ཡོན་ཏན་འཐོབ་བར་བསམས་ལ་ཚེ་མདའ་གཡོབ་ཅིང༌། ཨོཾ་ཨཱ་ཧཱུྃ་ཧྲཱིཿ བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་འོད་དཔག་མེད་པ་ཚེ་ཡི་བདགཿ ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནསཿ འགྲོ་མགོན་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེརཿ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ༔ ཚེ་མདའ་འདི་ལ་ལེགས་ཉེས་པྲ་


JLAZ008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སྟོནཿ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱ་ཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སོགས་རྩ་སྔགས་བརྗོད། ལྷོ་ནུབ་སྲིན་ཡུལ་ཟངས་མདོག་དཔལ་རི་ནས༔ འཆི་མེད་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ༔ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱ་ཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སོགས། སིནྡྷུ་རྒྱ་མཚོར་རོལ་པའི་མཚོ་གླིང་ནཿ མཚོ་སྐྱེས་རྡོ་རྗེ་འཆི་མེད་ཚེ་ཡི་ལྷ༔ སྤྱོར་བའི་ཡུམ་ཆེན་ལྷ་མོ་ཙཎྡྲ་ལིཿ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ༔ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོནཿ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱ་ཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སོགས། བྲག་ཕུག་མ་ར་ཏི་ཀའི་གནས་མཆོག་ནསཿ པདྨ་སམྦྷ་འཆི་མེད་ཚེ་ཡི་ལྷཿ གཉིས་མེད་སྦྱོར་བའི་ཕྱག་རྒྱ་མནྡཱརཿ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབཿ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམཿ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱ་ཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སོགས།


JLAZ008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དམར་གཡའ་མ་ལུང་གི་གསང་ཕུག་ཏུ༔ གུ་རུ་པདྨ་འབྱུང་གནས་ཚེ་དབང་རྩལ༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཚོ་རྒྱལ་ཡུམ༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང་༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ཚེ་ཟན་འདི་ལ་སྣོད་བཅུད་ཚེ་བཀྲག་བསྟིམ༔ ཚེ་མདའ་འདི་ལ་ལེགས་ཉེས་པྲ་རྟགས་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱ་ཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ། སོགས། ཀྱེ་ཧོཿདགོངས་དང་སྐུ་གསུམ་ཚེའི་ལྷ་ཚོགས༔ འཆི་མེད་སྒྲུབ་པའི་གནས་ནི་ཉམས་རེ་དགའཿརིག་འཛིན་སྒྲུབ་པ་པོ་ནི་བརྗིད་རེ་ཆེཿ དཀྱིལ་འཁོར་སྒྲུབ་པའི་རྫས་ནི་བྱིན་རེ་ཆགསཿ ཚིལ་ཆེན་དུད་པའི་སྤྲིན་ཕུང་འཁྲིགས་སེ་ཁྲིགཿ ཞུན་ཆེན་གསལ་བའི་མར་མེ་ཡ་ལ་ལ༔ ཚེ་ཟན་འབྲང་རྒྱས་ཉི་ཟླའི་རྒྱན་དང་ལྡནཿ ཕྱི་ལྟར་སྣང་བ་ཚེ་འབྲང་ལུ་གུ་རྒྱུདཿ ནང་ལྟར་སྣང་བ་སྐུ་གསུམ་ཚེ་ཡི་ལྷཿ གསང་བ་འཆི་བ་མེད་པའི་དམ་རྫས་གཏེར༔ ཚེ་མདའ་རྒོད་སྒྲོ་སྐུ་གསུམ་ཚིགས་ཕྲེང་ཅན༔ འཆི་མེད་ཚེ་རྟེན་བླ་གཡུ་དམར་པོ་དངཿ སྣང་སྲིད་གསལ་བའི་མེ་ལོང་དར་སྣས་བརྒྱན༔ ལེ་བརྒན་དར་གྱི་ཅོད་པན་པུ་རུ་རུཿ འདིར་སྤྱོན་འདིར་གཤེགས་སྐུ་གསུམ་ཚེ་ཡི་ལྷ༔ འབྱུང་ཆེན་རིགས་བཞིའི་ཌཱཀྐི་དམ་ཚིག་ཅནཿ ཕྱི་ནང་སྣོད་བཅུད་ཀུན་གྱི་ཚེ་བཀྲག་བསྟིམཿ འདིར་ཁུག་ཉམས་པ་གསོས་པ་གནས་པ་སྤེལཿ འཆི་མེད་


JLAZ008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་དངོས་གྲུབ་སྩལ་དུ་གསོལཿ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལཿ ཚེ་མདའ་གནས་ལྔར་བཞག་སྟེ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ། ཚེ་མདའ་རིན་ཆེན་འབར་བ་ཡིས༔ གནས་ལྔ་དག་ཏུ་བྱིན་བརླབས་པས༔ རྣལ་འབྱོར་ཚེ་ཡི་བར་ཆད་སོལ༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་པཱ་རི་མི་ཏ་ཨཱ་ཡུརྫྙཱ་ན་བེ་ཏུ་བྷྲཱུཾ༔ ཞེས་བྱིན་གྱིས་བརླབ་ཅིང་བརྟན་པར་བྱའོ། །གཉིས་པ་བདག་འཇུག་བླང་པ་ནི། ཆོས་ཉིད་གདོད་ནས་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་རྫོགས་པ་དབང་ལེན་བྱའི་ཡུལ་ལ། རྩལ་སྣང་གློ་བུར་བ་ལམ་དང་འབྲས་བུའི་དབང་གི་ཐོབ་བྱ་དོན་དུ་གཉེར་འདོད་དེ་ཉིད་ལེན་བྱེད་སློབ་མའི་རྣམ་པར་ངེས་པས། ལས་བུམ་གྱི་ཆུས་ཉེ་རེག་བྱ་ཞིང༌། ཇི་ལྟར་བལྟམས་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཕྱི་རོལ་པའི་གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཧཱུྃ་ཡེ་ཤེས་རོལ་པ་དཔལ་གྱི་སྐུར་གསལ་བའི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིསཿ བགེགས་རིགས་མ་ལུས་རྒྱ་མཚོའི་མཐར་བསྐྲད་བགྱིཿ ཧཱུྃ་བཞིའི་སྔགས་དང༌། བཛྲ་རཀྵ་རཀྵཿ ཞེས་སྲུང་འཁོར་སྒོམ་བདེ་ཆེན་པདྨོ་བརྩེགས་པའི་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ། ཨོཾ་བཛྲ་བྷཱུ་མི་ཨཱ་ཧཱུྃ་སོགས་མཎྜལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང༌། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་བཟུང༌། གསོལ་གདབ་ནི།


JLAZ008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན༔ སྲིད་པའི་འཁོར་ལོ་རྣམ་སྦྱོང་བ༔ དེ་རིང་བཤད་པའི་རིན་ཆེན་གཏེར༔ གཙོ་བོས་བདག་ལ་བཀའ་དྲིན་སྩོལ༔ ལན་གསུམ། སྐྱབས་སེམས་དང་བྱང་སྡོམ་བཟུང་བ་ནི་མོས་པ་བརྟན་པོས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་ལན་གསུམ། སྔགས་ཀྱི་རྡོ་རྗེ་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་སྙིང་གར་རྡོ་རྗེ་བཞག་ལ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་ཀུན་ནས་འཕྲོ་བར་འགྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མིཿ རྡོ་རྗེ་ལག་ཏུ་བཟུང་ནས། ཨོཾ་སུ་ར་ཏི་ས་མ་ཡ་སྟྭཾ༔ ཧོ་སིདྡྷི་ཡ་ཐཱ་སུ་ཁཾ༔ དམ་ཚིག་བསྒྲག་པ་ནི་རྡོ་རྗེ་སྤྱི་བོར་བཞག་ལ། ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས༔ ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན༔ བྱིན་པས་དངོས་གྲུབ་ཐོབ་པར་འགྱུར༔ གང་ཞིག་འདི་འདྲ་མ་མཐོང་བའི༔ མདུན་དུ་སྨྲ་བར་མ་བྱེད་ཅིག༔ བག་མེད་སྨྲ་ན་ཉམས་པར་འགྱུར༔ དེ་བས་ང་རྒྱལ་བཅོམ་ནས་ནི༔ བདག་ཉིད་མ་འཁྲུལ་ཤེས་པར་གྱིས༔ དམ་ཆུ་བཏུང་ཞིང༌། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུཿ དམ་ཚིག་འདས་ན་བསྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་༔ སརྦ་པཉྩ་ཨ་མྲྀ་ཏ་ཨུ་ག་ཏ་


JLAZ008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཚོགས་གསོག་ནི། རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགསཿ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་གཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལཿ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་རྡོ་རྗེ་འཆང་ཐོབ་ཤོག༔ རིགས་ལྔའི་སྡོམ་བཟུང་ནི། སངས་རྒྱས་རིགས་ཀྱི་དམ་ཚིགས་ཏུཿ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ དཀོན་མཆོག་གསུམ་གཟུང་མི་གཏང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་སྡོམ་པ་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་དུས་ནི་རྟག་ཏུ་གཏོང་༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤདཿ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ཞེས་བཟུང་ལ་ངེས་ཤེས་བསྐྱེད། ཨོཾ་བཛྲ་ཨུཏྤ་ཏ་ཡ་ས་མ་ཡ་པྲ་བེ་ན་མ་ཧཱུྃ༔ ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་བསམ་ཞིང༌། ཤར་སྒོ་ནས་ཕྱག་བྱས་པའི་མོས་པས་ཐལ་མོ་སྤྱི་མགྲིན་སྙིང་ག་གསུམ་དུ་སྦྱར་ལ། ཨོཾ་ན་མ་ཏེ་ཧཱུྃ༔ ཨོཾ་ན་མ་མེ་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་ཕྱག་བྱ།


JLAZ008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་ལ་འཁོད་པས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧྲཱི༔ ཡིག་དམར་པོར་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་བབས། ཕྱིར་བྱུང་ནས་སྔར་གྱི་གདན་ལ་འཁོར། དེ་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་ཤིང༌། ཡེ་ཤེས་སེམས་དཔའ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་ཡུམ་དང་བཅས་པ་གསལ་བའི་གནས་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཐུགས་ཀའི་ཆ་སྨད་དུ་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང༌། དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་ཚེ་ལྷ་འཁོར་དང་བཅས་པ་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་བཅས་བྱོན་ནས་རང་ཉིད་ལ་ཐིམ་པར་བསམས་ལ། སྤོས་དང་རོལ་མོའི་སྒྲ་སྣ་ཚོགས་པ་སྦྱར་ཞིང༌། ཨོཾ་ཧཱུྃ༔ ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབཿ ཁྱད་པར་བསྟན་པའི་དུས་ལ་བབཿ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ བྱིན་གྱིས་རློབ་པའི་དུས་ལ་


JLAZ008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བབཿ དབང་མཆོག་བསྐུར་བའི་དུས་ལ་བབཿ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདསཿ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདསཿ དབང་ཆེན་དབང་བསྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུ། ཏིཥྛ་བཛྲ་ས་མ་ཡ་ཧཱུྃ། ཞེས་སྤྱི་བོར་རྡོ་རྗེ་དང་བཅས་བརྟན་པར་བྱ། སངས་རྒྱས་དངོས་གྲུབ་འཐོབ་བྱའི་ཕྱིརཿ འགྲོ་ལ་ཕན་པའི་གཙོ་ཆེན་གྱིསཿ སྨིན་པར་དགོངས་ཏེ་བཞེས་སུ་གསོལཿ པྲ་ཏཱིཙྪ་བཛྲ་ཧོཿ ཞེས་རིག་པའི་མེ་ཏོག་དོར། ཡེ་ཤེས་ཀྱི་ལྷས་དབང་རྟགས་སྦྱི་བོར་བཅིངས་པར་མོས་ལ། པྲ་ཏི་གྷྲི་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལཿ ཞེས་རིགས་ངེས་པའི་གསང་མཚན་དྲན་པས་མེ་ཏོག་སྤྱི་བོར་གཞག༔ གསེར་གྱི་ཐུར་མས་མིག་ཕྱེ་ཚུལ་བྱ་ཞིང་༔ ཧོཿ བུ་ཁྱོད་བླ་མ་ཚེ་དཔག་མེདཿ རིག་འཛོན་ང་དང་དབྱེར་མེད་འགྱུརཿ རིག་པ་ཡེ་ཤེས་མིག་ཕྱེ་བསཿ རང་བྱུང་ཡེ་ཤེས་ངོ་ལ་ལྟོསཿ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཧོཿ ལྟོས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྟོས༔ བལྟས་པས་མཐོང་བ་བདེ་བ་ཆེ༔ རང་བཞིན་མེད་པས་ཆོས་ཀྱི་དབྱིངས༔ འདུ་འབྲལ་མེད་པར་རྟག་ཏུ་


JLAZ008_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་༔ ཞེས་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བལྟས་པས་མཚོན་བྱ་དོན་གྱི་ཆོས་ཉིད་མཐོང་བར་བསམ། དེ་ནས་དབང་དོན་དངོས་གཞིའི་སླད་དུ་གསོལ་བ་གདབ་པ་ནི། ཁྱོད་ཞབས་པདྨོ་སྤངས་ནས་ནིཿ གཙོ་བོ་གཞན་ན་མ་མཆིས་པས༔ དཔའ་བོ་རྡོ་རྗེ་སློབ་དཔོན་གྱིས༔ བློ་མཆོག་ཏིང་འཛིན་བསྐྱེད་དུ་གསོལཿ ལན་གསུམ་གྱི་རྗེས། གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའི་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་པའི་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། བུམ་འཛིན་གྱི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཤིང་རྒྱལ་ཚབ་ཀྱི་ས་ལ་མངོན་པར་དབང་བསྐུར་བར་གྱུར། རྣམ་བུམ་བཏེག་ལ། ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་བུམ་པའི་དབང་༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཀུན་ནི་རབ་བསྒྲུབ་ཕྱིར༔ བུམ་པའི་དབང་ནི་ཁྱོད་ལ་བསྐུརཿ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱི༔ ཨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བས་སྐུ་གང༌། དག་བྱ་མ་ལུས་པ་སྦྱངས། ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་བདག་འོད་དཔག་མེད་དང་རིགས་ལྔས་དབུ་བརྒྱན་པར་གྱུར། སླར་ཡང་བླ་མ་དང་མདུན་


JLAZ008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཐ་མི་དད་པའི་གནས་གསུམ་ལས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་པར་སྒོམ། ཡང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཀྱི་འཁོར་ལོ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཞལ་ལས་འཐོན། རང་ཉིད་ཀྱི་ཞལ་དུ་ཞུགས། སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་མོས་ལ། བགྲང་ཕྲེང་དང་བཅས་རྩ་སྔགས་ལན་གསུམ་བརྗོད། བཅོམ་ལྡན་འདས་ཀྱིས་གཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། ཞེས་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་པར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །གསུང་བར་མོས་ཏེ་བརྗོད། དག་པ་བརྗོད་པ་ནི། བུམ་དབང་དང་འབྲེལ་བར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མངོན་དུ་ཐོབ་པས་གཙོ་བོར་ལུས་རགས་པ་རིལ་པོར་འཛིན་པ་དང༌། ཕྲ་བ་ལུས་གནས་ཀྱི་རྩ་རྣམས་སྦྱངས། ལམ་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་ནས་འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །བདེ་སྐྱོང་གི་སྣོད་ནས་མཚོན་པ་བྱང་ཆུབ་


JLAZ008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་མྱངས་པས་ཡི་གེའི་སྤྲིན་གྱིས་རྩ་གནས་རྣམས་གང་ཞིང་རྩ་མདུད་གྲོལ་ནས་དེ་ལས་བྱུང་བའི་ཡོན་ཏན་ཁྱད་པར་བསྐྱེས་པར་བསམས་ལ། ཧོ༔ གསང་སྔགས་ཐེག་པ་མཆོག་གི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང་༔ གཙང་དམེ་ཚུལ་འཆོས་ཐམས་ཅད་སྤངས༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ ཨོཾ་ཨ་པཱ་ར་མི་ཏ་ཨཱ་ཡུ་ཛྙཱན་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ དེ་ལྟར་ཐོད་པའི་རྫས་གསང་དབང་བསྐུར་བ་ལ་བརྟེན་ནས། ཞུ་བདེ་མགྲིན་པ་ནས་བརྒྱུད། ཕྲ་བ་རླུང་དང་རགས་པ་ངག་གི་སྒྲིབ་པ་སྦྱངས། ཤ་ལྔ་བདུད་རྩི་ལྔ་བསྟེན་ཞིང་ལམ་རླུང་སྔགས་སྒོམ་པ་ལ་དབང༌། མཆོག་དགའི་ཡེ་ཤེས་ལ་བརྟེན་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོག་པ་བསྐྱེད། བདེ་བའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་སྟེར་བའི་བྱེད་པ་མོ་གཡོན་མིག་མའི་དགའ་སྟོན་ལ་ཐབས་ཀྱིས་ཟིན་པའི་སྤྱོད་པ་སྒྱུ་མ་ལྟ་བུར་སྤྲོ་བས་རིག་ཙམ་བཟུང་ལ། ལྷ་མོ་དགའ་སྟེར་གནས་སྟེར་མཿ སྣ་ཚོགས་གཟུགས་ཅན་ཡིད་འོང་མཿ འདི་ཉིད་ཀྱིས་ནི་པདྨ་ལཿ རྟག་ཏུ་ཁྱོད་ཀྱིས་ལོངས་སྤྱོད་མཛོདཿ ཨ་ཧོ་མ་ཧཱ་སུ་ཁཿ དེ་ལྟར་རིག་མ་ལས་རྙེད་པའི་ཤེར་དབང་གི་ཁྱད་པར་གྱི་དགའ་བ་དངཿ ལྷན་སྐྱེས་ཡེ་ཤེས་ཀྱི་དགའ་བས། རགས་པ་ཚོགས་


JLAZ008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་བག་ཆགས་དང༌། ཕྲ་བ་ཡིད་ཀྱི་དྲི་མ་སྤྱངས། དེ་ཉིད་རྣམ་པ་བཅུ་དྲུག་ལ་བརྟེན་ནས་དོན་གྱི་འོད་གསལ་ལ་གོམས་པས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ། །གཏེར་གཞུང་རྩ་བ་དབང་བཞི་པ་དངོས་བསྟན་ནི་མ་བྱུང་མོད། འོན་ཀྱང་མཆོག་དབང་གསུམ་གྱི་བརྡ་དོན་ངོ་སྤྲད་པ། ཞེས་ས་བཅད་ཀྱི་རྩིས་མགོ་བསྡུས་པས། འདིར་མན་ངག་གི་ངེས་པ་ཕྱེ་བ་ནི། ཡེ་ཤེས་སེམས་དཔའི་ཙཀླི་དང་ཤེལ་རྡོ་བཟུང་ལ། བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས། ངོ་བོའི་སྐུ་ཆུང་ལ་ཡན་ལག་རགས་པ་མཐེ་བོང་ཙམ་ཞིག་རྒྱངས་སེ་ཐོན། རང་ཉིད་ཀྱི་ཚངས་བུག་ཏུ་ཞུགས། སྙིང་གི་དབུས་སུ་གནས་པར་བསམས་ལ། དབང་གི་ལྷ་རྣམས་སློབ་མའི་ལུས་ལ་ཞུགས༔ སྙིངས་དབུས་འཁོར་ལོར་བརྟན་པར་བྱས༔ སྐུ་དང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨ་པཱ་ར་མི་ཏ་ཨཱ་ཡུརྫྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བྱིན་རླབས་འཕོ་བའི་ཚུལ་དུ་གཏུག་ཅིང༌། རང་བཞིན་མེད་པའི་ཆོས་ཉིད་ཀྱི་དགོངས་ཉམས་བསྐྱང༌། དེ་ལྟར་བརྡའི་དབང་བཞི་བསྐུར་བས། ལམ་ཟུང་འཇུག་ལ་བརྟེན་ནས་ཤིན་ཏུ་ཕྲ་བའི་ལུས་ངག་ཡིད་གསུམ་སྐྱེད་བྱེད་ཀྱི་རྩ་ཐིག་རླུང་ཕྲ་བ་དྲི་བཅས་དང༌། ཀུན་གཞི་ཤེས་བྱའི་དྲི་མ་དང་བཅས་པ་སྦྱངས། སངས་རྒྱས་ཐམས་


JLAZ008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྐུ་གསུང་ཐུགས་དང༌། བདག་ལུས་རྡུལ་དང་བྲལ་བའི་དྭངས་མ་གསུམ་ལྡན་གཅིག་ཏུ་འདྲེས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པའོ། །མཐའ་བརྟན་ཚེ་མདས་རྒྱས་གདབ་པ་ནི། འཆི་མེད་སྐུ་གསུམ་འདུལ་པ་ཡིཿ བུམ་པ་བདུད་རྩིས་བཀང་ནས་ཀྱངཿ འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི༔ དབང་བསྐུར་ཐམས་ཅད་འདིར་སྩལ་བསཿ ཚེ་ལ་རྒྱས་བཏབ་རྒྱ་མ་ཉམསཿ སྲོག་ལ་མདུད་བཏབ་མདུད་མ་གྲོལཿ ཚེ་འདི་བཅོལ་ལོ་སྲོག་ནི་བརྟནཿ ཚེ་མདའ་འབར་བས་རྒྱས་གདབ་པོཿ ཨོཾ་ཨཱ་ཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསོགས་རྩ་སྔགས་བརྗོད། དེ་ནས་བགེགས་བསྲུང་ཞིང་རྡོ་རྗེའི་སྲོག་བསྒྲུབ་པ་ནི། སླར་ཡང་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ཀུན་ནས་འཕྲོ་བཿ དེའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ པད་ཉིའི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས་པའི་སྣར་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པཿ གཡས་དབྱུག་ཏོ་དང་གཡོན་མེའི་ཞགས་པ་འཛིན་པ་དཔག་ཏུ་མེད་པ་འཕྲོས་པས༔ ཉོན་མོངས་པ་འཆི་བདག་གི་བདུད་ལ་སོགས་པ་ཚར་བཅད༔ ཚུར་འདུ་ཧྲཱིཿལ་ཐིམ་པས་འཆི་བ་མེད་པའི་ཚེ་དངཿ རྡོ་རྗེ་ལྟ་བུའི་སྲོག་


JLAZ008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་གྱུརཿ མེ་ཏོག་འཐོར་ཞིང༌། བརྟན་པ་མི་གཡོ་ཚེ་ཡི་རང་བཞིན་ཏེ༔ སྤྲོས་པས་ཁམས་གསུམ་ཐམས་ཅད་བཀྲག་དང་ལྡན༔ བསྡུས་པས་སྲིད་པ་གསུམ་གྱི་གཟི་མདངས་འཕྲོག༔ བཅིངས་བས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་ཤོག༔ ཡེ་དྷརྨཱ་སོགས་བརྗོད་ཅིང་རོལ་མོའི་སྒྲས་ཤིས་པར་བྱ། བླ་མ་ཚེ་དཔག་མེད་པའི་སྐུ༔ ཁྱོད་ཞབས་པདྨོ་ལས་བྱུང་བའི༔ ཡང་དག་དམ་ཚིག་སྣང་བ་གང་༔ བསྲུང་བྱ་སྲུང་བྱེད་ལས་འདས་པ༔ ཡོངས་གྲུབ་ཆེན་པོའི་བར་དུ་བསྲུང༔ ཉེས་ལྟུང་དྲི་མས་གོས་གྱུར་ན༔ ཆ་ཡི་ཀྱང་ནི་སྤྱད་དུ་གསོལ༔ ཞེས་དམ་ཚིག་ཁས་ལེན་དང༌། སྐུ་དྲིན་གཏང་རག་གི་སླད་དུ་ཞེས་མཚམས་སྦྱར་ནས་མཎྜལ་དབུལ་ནས་གྲོལ་ལོ། །བར་འདིར་ཆོས་སྲུང་སྤྱི་དང་བྱེ་བྲག་ཏུ་བཀའ་སྲུང་མཆེད་བཞི་དང༌། གཏེར་སྲུང་གཤོག་རྒོད་མའི་མཆོད་ཕྲིན་སྐོང་བའང་རྒྱས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་དྲུག་ལས། དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། ནང་མཆོད་འཐོར་ཞིང༌། ཧཱུྃ༔ རུས་སྦལ་ཁོག་པའི་སྣོད་ཡངས་སུཿ ཤ་ལྔ་བདུད་རྩི་རྣམ་ལྔ་དང་༔ དབང་པོ་ལྔ་དང་གོ་རོ་ཙ༔ བ་སུ་ཏ་དང་ནང་ཁྲོལ་ལྔཿ བཟའ་དང་བཏུང་བ་འབྲས་བུར་བཅསཿ ཚོགས་རྫས་ཡུལ་གྱི་འདོད་


JLAZ008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་རྣམས༔ འབྲུ་གསུམ་འོད་ཀྱིས་བྱིན་བརླབས་ཤིངཿ མི་གཙང་རྟོག་སྒྲིབ་སྦྱང་སྤེལ་ནསཿ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿསཿ བྱིན་བརླབས་བདུད་རྩིའི་རྒྱ་མཚོར་གྱུརཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནིཿ ཧཱུྃཿ བླ་མ་ཡི་དམ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོའི་ཚོགས་བཅས་རྣམས༔ ཚོགས་གཏོར་མགྲོན་དུ་སྦྱན་འདྲེན་ནོ༔ གནས་མཆོག་དམ་པ་ཉམས་རེ་དགའཿ བདེ་ལྡན་པདྨ་འོད་ཀྱི་ཞིངཿ ཚོགས་དང་གཏོར་མ་མདངས་དང་ལྡནཿ དཔལ་ལྡན་མཛེས་པའི་ཕོ་བྲང་ཡིནཿ འདིར་ཚོགས་རྣལ་འབྱོར་དམ་རེ་གཙང་༔ འདོད་ཡོན་རེ་སྐོང་ལྷུན་གྱིས་གྲུབཿ འོག་མིན་གནས་དང་པདྨ་བརྩེགས༔ དུར་ཁྲོད་བརྒྱད་དང་གནས་ཡུལ་དང༔ ཨོ་རྒྱན་གནས་ནས་གཤེགས་སུ་གསོལཿ གུ་རུ་དེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་གསོལ་ནི། ཧཱུྃཿ ཕོ་བྲང་ཡིད་འོང་མཛེས་པ་འདིརཿ བླ་མ་ཡི་དམ་མཁའ་འགྲོ་རྣམསཿ བདག་དང་འགྲོ་ལ་ཞལ་བསྟན་ཕྱིརཿ པདྨ་ཉི་ཟླའི་གདན་ལ་བཞུགས༔ པདྨ་ཙནྡྲ་སུརྱ་སྟྭཾཿ སྐབས་འདིར་རྩ་མདོའི་བརྗོད་མེད་དོན་བཤགས་ཀྱི་ཚིག་དོན་ལ་དྲན་པ་མངོན་དུ་གཞག་ནས། ཨོཾ། ཡེ་ཤེལ་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ནས། ནོངས་པ་མཆིས་ན་རབ་གནོང་བཟོད་པར་


JLAZ008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཞེས་བརྗོད། བཞི་པ་ཚོགས་ཕུད་དང་པོ་ནི། ཧཱུྃཿ སྣོད་ཀྱི་འཇིག་རྟེན་ཡངས་པ་རུཿ བཅུད་སོགས་འདོད་ཡོན་དྲུག་ལྡན་འདིཿ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པསཿ ཚོགས་མཆོད་གཏོར་མས་ཐུགས་དམ་སྐོང་༔ དཔག་བསམ་ཤིང་ཆེན་རེ་སྐོང་ཞིང་༔ ཡིད་བཞིན་ནོ་བུ་དགོས་འདོད་ཆརཿ ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་ཀྱིཿ རིགས་ཀྱི་བླ་མ་འགྲོ་བའི་མགོན༔ ཁྱབ་བདག་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་གཉེར་གཏད་དམ་ཅན་རྣམས༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ ལྔ་པ་བར་པ་བཤགས་པ་ནི། ཧོཿ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཚོགསཿ ཡུད་ཙམ་བདག་ལ་ཉེར་དགོངས་ལཿ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱདཿ ཁ་ནས་མ་ཐོ་སྡིག་པའི་ལསཿ གནོད་འགྱོད་དབང་གིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པ་བརྗོད། དྲུག་པ་ཚོགས་ཐ་མ་ལ། སྣང་སྲིད་ཡེ་སྒྲོལ་གྱི་དགོངས་པས་བསྒྲལ་བ་ནི། ཧཱུྃཿ སྣང་སྲིད་ཡེ་ནས་དག་པ་ལཿ ཡེ་ཤེས་རྩལ་ལ་དགྲར་འཛིན་མཁནཿ རང་རང་ལས་ལ་གཞན་དུ་སྣང་༔ ཐམས་ཅད་རོ་མཉམ་མཚོན་ཆས་སྒྲོལཿ མ་ར་ཡ་རྦདཿ བསྒྲལ་མཐའ་ཡེ་སྦྱོར་གྱི་དགོངས་པས་བསྟབ་པ་ནི། བདག་ཏུ་འཛིན་པ་རང་གི་


JLAZ008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སེམས༔ སྣང་བ་ཡེ་ཤེས་ཀློང་དུ་བསྟབ༔ འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་རྣམས༔ སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས༔ བསྟབ་པོ་ཀུན་བཟང་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀེཾ་ནི་རི་ཏི༔ ག་ན་ཙཀྲ་ལ་ཁཱའ་ཧིཿ བདུན་པ་ཚོགས་ལ་རོལ་བ་ནི། གཟུངས་མའམ། ལས་ཀྱི་རྡོ་རྗེས་འཁོར་ལོ་འདུས་པའི་གཙོ་བོ་ལ་ཕྱག་བྱས་ནས་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་ཅིངཿ ཧོ༔ ཀུན་བཟང་བླ་མ་ཐོད་ཕྲེང་དགོངས་སུ་གསོལ༔ སྣང་སྟོང་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་འདི༔ བདེ་སྟོང་དབྱེར་མེད་ཚུལ་གྱིས་བཞེས་སུ་གསོལ༔ སློབ་དཔོན་གྱིས་པད་སྐོར་གྱིས་བླང་ཞིང་ལན་དུ། ཀྱེ་ཧོ༔ སྣང་སྲིད་དག་པ་ཞི་ཁྲོའི་ལྷ་ཚོགས་དགོངས༔ ཡེ་ནས་མཉམ་ཉིད་ཚོགས་ཀྱི་ལོངས་སྤྱོད་འདི༔ རྟོགས་པའི་བློ་ལ་དག་སྣང་གིས་འབུལ་ན༔ འཁྲུལ་མེད་དག་པའི་ངང་ནས་བཞེས་ཤིང་རོལ༔ དེ་ནས་མཆེད་ལྕམ་རྣམས་ལ་སྟོབ་པ་ནི། ཀྱཻ༔ རྡོ་རྗེའི་མཆེད་ལྕམ་རིག་རྩལ་དགོངས་སུ་གསོལ༔ དགའ་མགུ་རངས་པའི་ཚོགས་ཀྱི་ལོངས་སྤྱོད་ནི༔ སོ་སོར་མ་མཆིས་གཡར་དམ་ཚུལ་དུ་འབུལ༔ འཁོན་འཛིན་མེད་པའི་ཚུལ་གྱིས་བཞེས་སུ་གསོལ༔ དེ་དག་གིས་ཀྱང་དངོས་གྲུབ་ཆེན་པོའི་ཕམ་ཕབས་སུ་ཤེས་པས་བླངས་ཏེ། ལན་དུ། ཨེ་མ་ཧོཿ སྐུ་གསུམ་དག་པའི་ཞིང་ཁམས་གཅིག་ཏུ་མཐོང་༔ བླང་དོར་


JLAZ008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚལ་ཡི་རང་དགའ་བས་རོལ༔ ཨ་ལ་ལ་ཧོཿ ཞེས་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ཤེས་པས་བཟའ་བའི་དམ་ཚིག་ནང་གི་བསྲེག་བླུགས་ཀྱི་ཆོ་གར་བསྟར་ནས་ཚིམ་པ་དྲུག་ལྡན་དུ་རོལ། བརྒྱད་པ་ལྷག་མའི་ཆོ་ག་ནི། ཚོགས་ལྷག་རྣམས་གསོག་འཇོག་མེད་པར་བསྡུས། ཤིས་པར་བྱ་བའི་ཕྱིར་གཙང་ལྷག་སྟེང་དུ་བསྣན། རྟོག་པ་དག་པའི་རྣལ་འབྱོར་པ་ཡིན་ན་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་བདུད་རྩིའི་ཁ་ཕྲུ་དང་རོ་གཅིག་པ་ཧེ་རུ་ཀའི་དམ་རྒྱས་དབབ་པའམ། གོ་འཕང་དམན་ན་གཡོན་པའི་མཐེབ་སྲིན་སྤྱར་བ་རེག་ཅིང་ནང་མཆོད་བྲན་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿཧཱུྃ༔ ཡེ་ཤེས་རོལ་པ་ལྷ་ཡི་ཚོགས་རྣམས་དང་༔ ལས་ལ་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང་༔ མ་བདུན་སྲིང་བཞི་འདིར་གཤེགས་མཆོད་པ་བཞེསཿ འབར་མ་དང་ནི་སྦོར་མ་ཕོ་ཉའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས༔ མ་ལུས་འདིར་སྤྱོན་ཟག་མེད་བདུད་རྩི་ལཿ རྔམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་ཏུ་གསོལ༔ མ་མ་ཤ་ཏྲུཾ་ཨ་མུ་ཀཾ༔ ཁྲོཾ་ཡཀྵ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་རོལ་གོམ་པ་བདུན་ཅུའི་ས་སྲིན་མོའི་ཟ་ལམ་དུ་དོར། དགུ་པ་ཆད་ཐོ་བྱ་བ་ནི། གཏོར་སྣོད་བསྒུལ་ཏེ་སྨན་རག་བྲན་ལ། ཧྲཱི༔ སྔོན་ཚེ་བྲག་ཕུག་


JLAZ008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་ཏི་ཀ་རུ༔ རིག་འཛིན་ཆེན་པོ་པདྨ་སཾ་བྷ་ཝཿ གྲུབ་པའི་རྒྱལ་མོ་མནྡཱ་ར་བར་བཅསཿ ཉེ་རྒྱུའི་སྤྱོད་པས་འཆི་མེད་བསྒྲུབས་པའི་ཚེ༔ ཕུང་ཁམས་སྐྱེ་མཆེད་དྭངས་མའི་འཁོར་དུ་འདུས༔ སྐྱེ་འཆི་མེད་པ་རྡོ་རྗེའི་གཟུགས་བསྟན་ནས༔ རླུང་སེམས་དྷཱུ་ཏིར་དག་པ་མ་ཆད་དམ༔ འཆི་བདག་བདུད་དཔུང་བཟློག་པར་མ་ཆད་དམ༔ འབར་འཛག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ འཇའ་ལུས་འོད་སྐུར་དྭངས་པའི་ཕྲིན་ལས་མཛོད༔ དེ་རྗེས་དཔལ་གྱི་བསམ་ཡས་འོམ་བུའི་ཚལ༔ བྲག་དམར་གཡའ་མ་ལུང་གི་ཀེ་ཚང་དུཿ རྐྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེ་དང་༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཚེ་ལྷ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ ནམ་མཁའ་མ་ལུས་འཇའ་དང་འོད་ཀྱིས་ཁེངསཿ བཀྲ་ཤིས་བུམ་པ་ཁོལ་ཞིང་ཚེ་ཆུ་ལུད༔ ཞིང་སྐྱོང་མཁའ་འགྲོས་རང་གཟུགས་བསྟན་ནས་ཀྱང་༔ མ་འོངས་བརྒྱུད་འཛིན་སྐྱོང་བར་མ་ཆད་དམ༔ དམ་ཚིག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བཅུ་བ་བརྟན་མ་བསྐྱང་བ་ནི། བཤལ་ཆུས་བྲན་ལ༔ ཧྲཱིཿ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དངཿ སྨན་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དངཿ ཕྱོགས་མཚམས་སྟེང་འོག་གང་ན་གནས་པ་ཡིཿ བོད་ཁམས་སྐྱོང་


JLAZ008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་ཕོ་བྲང་གནས་ནས་འདིར་བྱོན་ལ༔ ཕུད་ལྷག་བཤལ་བའི་གཏོར་མ་འདི་བཞེས་ནས༔ བཅོལ་བའི་ཕྲིན་ལས་མ་ལུས་བསྒྲུབ་བར་མཛོད༔ ཅེས་གཏོར་མ་གཉིས་མཁར་གྱི་ཡང་སྟེངས་སུ་ཞལ་ནང་བསྟན་གྱིས་འབུལ། བཅུ་གཅིག་པ་རྟ་བྲོ་ནི། སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་བགེགས་རྣམས་ཚུད་པའི་རི་རབ་གྱིས་གནན་པར་དམིགས་ལ། ཧྲཱི༔ དབང་ཆེན་དྲེགས་འདུལ་དཀྱིལ་འཁོར་འདིར༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམས་པའི་སྒྲ་སྒྲོག་ཅིང་༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཀྲོ་ཏ་ཧཱུྃ༔ ཨོཾ་ཧྱ་གྷྲྀ་ཝ་ཧཱུྃ༔ ཨོཾ་པདྨ་ཏ་ཀྲི་ད་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱིཿཧཱུྃཧཱུྃཧཱུྃ༔ ཕཊ་ཕཊ་ཕཊ༔ གནོད་པར་བྱེད་པ་སྟྭཾ་བྷ་ཡ་ནན༔ དྲག་ཤུལ་གྱི་ལས་མཐའ་ཤིས་པས་བསྡུ་པའི་ཕྱིར་གཏོར་གཞོང་བསྒྱེལ་བ་སྨན་འབྲུས་བཀང་ལ༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་དཔལ་འབྱོར་བ་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྟིཾ་ཀུ་རུ་སྭཱ་ཧཱ༔ བཅུ་གཉིས་པ་དངོས་གྲུབ་བླང་བ་ནི། ཡར་མར་གྱི་ཚེས་བཅུ་སོགས་སྤྲོས་བཅས་དང་འབྲེལ་བའི་ཚེ། ཟླ་ཕྲོམ། ཟླ་རྒྱས་ལ་སོགས་


JLAZ008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་གྲུབ་ཀྱི་རྫས་རྣམས་ཀྱང་འདུ་བྱ་ལ། དངོས་གྲུབ་བསྡུ་བའི་གནད་ཀྱང་ཚེ་འགུགས་པ་ཁོ་ན་ལ་འདུ་བས་ཚེ་མདའ་གཡོབ་ཅིང༌། ཨོཾ་ཨཿཧཱུྃ་ཧྲི༔ བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་ནས། སོགས་ཀྱི་མཐར། སྒྲུབ་རྫས་རྣམས་བཏེག་ཅིང༌། ཧྲཱི༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ གསང་བ་ཡེ་ཤེས་ཡུམ་མཆོག་གོས་དཀར་མོ༔ ཚེ་ལྷ་རྒྱལ་བ་ཡབ་ཡུམ་གཙོ་འཁོར་བཅས༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་༔ འཆི་མེད་ཚེ་ཡི་བདུད་རྩིས་རབ་ཏུ་གང་༔ བཀྲག་མདངས་བཅུད་དང་ཚེ་ཡི་འོད་ཟེར་འབར༔ བསྙེན་སྒྲུབ་ལས་སྦྱོར་སྒྲུབ་པ་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་བབ་པས་ན༔ མགོན་པོ་ཁྱེད་ཀྱི་ཚེ་ཞག་དུས་འདི་ལ༔ ཐུགས་ལ་ལེ་སོ་བཏང་སྙོམ་མ་མཛད་པར༔ རྡོ་རྗེའི་ནམ་ལངས་ཉི་ཟླ་ནམ་མཁར་ཤར༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ སྐལ་ལྡན་བདག་ལ་ཚེ་ཡི་དབང་མཆོག་བསྐུར༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ་པར་ཤོག༔ ཅེས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ཅིང༌། བདུད་རྩི་དང་ཚེ་རིལ་རྣམས་མྱོང་ངོ༌། །བཅུ་གསུམ་པ་མཆོད་བསྟོད་ནོངས་བཤགས་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་


JLAZ008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཨོཾ་བཛྲ་ཨརྒྷཾ་སོགས་ཀྱི་མཐར། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས་པ་བྱའོ། །བཅུ་བཞི་པ་ཉེར་བསྡུ་ནི། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟན་བཞུགས་དང༌། སྣང་ཆ་གཟུགས་བརྙན་གྱི་འཁོར་ལོ་རྟག་མཐའ་བསལ་ཕྱིར། ཧཱུྃ། རང་རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ། །སྤྲོ་དང་བསྡུ་པར་བྱ་བ་མི་དམིགས་ཀྱང༌། །མ་རྟོགས་འཁྲུལ་པའི་རྟག་ལྟ་སྦྱང་བྱའི་ཕྱིར། །ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ། ཆད་མཐའ་བསལ་ཕྱིར། ཧཱུྃ༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང་༔ བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ༔ ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར༔ རྫོགས་རིམ་ལྷ་སྐུ་བླ་མ་རྩ་གསུམ་ལྷ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ བཅོ་ལྔ་པ་དགེ་བ་བསྔོ་བ་ནི། ཧཱུྃཿ དུས་གསུམ་མི་དམིགས་སྒྱུ་མར་སྣང་བའི་ཆོས༔ མིག་འཕྲུལ་ཇི་བཞིན་དགེ་ཚོགས་བྱང་ཆུབ་ཏུ༔ ཡོངས་སུ་བསྔོས་བས་རྩ་གསུམ་དཀྱིལ་འཁོར་གྱིཿགོ་འཕང་མཆོག་ལ་འགྲོ་ཀུན་སྤྱོར་གྱུར་ཅིག༔ ཅེས་ལན་གསུམ། བཅུ་དྲུག་པ་སྨོན་ལམ་ཤིས་བརྗོད་ནི། དུས་ཀྱི་རྒུད་པ་ལ་དམིགས་ཀྱིས་བསལ་བ་རྒྱལ་དབང་ལྔ་པའི་གསུང༌། །གདངས་འགྱུར་དང་བཅས་འདུན་པ་རྩེ་


JLAZ008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པས། །རྒྱལ་ཀུན་འདུས་པ་རྔ་ཡབ་གླིང་པ་ཡི། །རྗེས་བཟུང་གན་ཇག་ཐང་ཏ་སྤྲུལ་པའི་གར། །པྲ་ཛྙཱ་ར་སྨིས་སྤྱན་དྲངས་ཟབ་གཏེར་ལས། །པདྨ་རིགས་ཀྱི་དཀྱིལ་འཁོར་བསྒྲུབས་པའི་མཐུས། །སྤྱི་དང་བྱེ་བྲག་ཐུབ་བསྟན་དེ་འཛིན་རྒྱས། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་རིང་བོའི་ཚེ། །ལེགས་བྲིས་དགའ་སྟོན་གནོད་སྦྱིན་ལོངས་སྤྱོད་སོགས། །བདེ་ཞིང་སྐྱིད་པའི་དཔལ་གྱིས་རྟག་འཚོར་ཤོག །ཡང་སྒོས་སཱ་ལའི་ལྗོངས་འདིར་འཐབ་རྩོད་གཡུལ། །ནད་རིམས་དབུལ་ཕོངས་བསྐྱེད་པ་འབྱུང་བོའི་གདོན། །གངས་ཅན་འགྲོ་སྙིང་ཞུགས་པའི་བརླང་སྤྱོད་སོགས། དགྲ་བགེགས་སྡེ་འགྲས་བཅས་པ་ཞི་བར་ཤོག །ཁྱད་པར་ལྔ་བདོའི་མཐུ་ཡིས་སྔོན་དུས་ནས། །སྨོན་ལམ་ལོག་དང་གློ་བུར་དམ་སྲིའི་འཕྲུལ། །འཇིག་རྟེན་ཕུང་བར་བྱེད་པ་མུན་པའི་རུམ། །བྱིན་རླབས་རྟ་བདུན་དབང་པོས་སངས་བར་ཤོག །ལྷོ་བྱང་སྟོད་སྨད་ཕྱོགས་མཚམས་ནས་སློང་སྟེ། །ལུས་ཅན་མནར་ནུས་དམག་དང་རྗེས་འབྲང་འདྲེས། །ཉེར་འཚེའི་ན་བུན་དེངས་པའི་ནམ་མཁའ་ལ། །བདེ་སྐྱིད་ཉི་ཟླ་ཟུང་འབྲེལ་འཆར་བར་ཤོག །ཐེག་མཆོག་དཔལ་གྱི་རི་བོའི་རྩེ་མོ་རུ། །སྒྲུབ་པའི་འདུས་སྡེས་རབ་མཚོན་ཟབ་ཆོས་འདི། །ཉམས་སུ་ལེན་ནོ་ཅོག་གི་བསོད་ནམས་ལ། །སྲིད་ཞི་གདོད་མའི་འབྲས་


JLAZ008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡོངས་སྨིན་ཤོག །དཔལ་ལྡན་རྡོ་རྗེ་གཤོག་རྒོད་མ་ལ་སོགས། །ཟབ་གཏེར་བསྟན་སྐྱོང་ཚོགས་ཀྱིས་སྲུང་སྐྱོབ་ཅིང༌། །རྩ་གསུམ་དྲང་སྲོང་ལྷ་དང་རིགས་འཛིན་གྱི། །བདེན་པས་དུས་ཀུན་དགེ་བའི་བཀྲ་ཤིས་ཤོག །ཅེས་དང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་འཇིག་རྟེན་དགེ་བའི་ཤིས་པས་མཐའ་རྒྱས་སུ་བྱ་ཞིང་མེ་ཏོག་སིལ་མའི་ཆར་དབབ་པར་བྱའོ། །དཔལ་ལྡན་འདྲེན་བྱེད་སྟོང་པའི་གྲོང་ཁྱེར་གང༌། །མཐོ་རིས་དང་བོར་འཕོས་པ་འཇིག་རྟེན་ན། །ཡི་གེའི་གྲགས་པ་གསལ་བའི་ལྷ་ཡི་ཁང༌། །མང་པོས་བཀུར་བའི་རིན་ཆེན་ཟ་མ་ཏོག །གང་ན་གསེར་གྱི་མངལ་ཅན་བློ་གྲོས་ཀྱི། །ལང་ཚོ་མ་རྙིང་སྡེ་བཞིའི་གདོང་བ་དང༌། །གཙུག་ལག་རྣ་བ་བརྒྱད་པའི་བ་དན་ཅན། །ལྷ་སྲས་ཞལ་གྱི་ཆུ་སྐྱེས་གེ་སར་ལས། །རྣམ་དཔྱོད་འདྲེན་བྱེད་སྟོང་གིས་ལེགས་མཐོང་བའི། །ས་འོག་གཏེར་གཅིག་བྱིས་པའི་སྒྱུ་རྩལ་གྱིས། །ཉམས་འོག་འཛུད་གང་འགལ་ཟླའི་གདོངས་ཅན་དེའི། །གཞན་དབང་མ་བཟོད་གཡོན་ཕྱོགས་ལྷ་དང་བསྙེན། །དེ་ཕྱིར་ཀུན་གཟིགས་བླ་མ་པྲ་ཛྙཱའི་ཞབས། །གང་གི་རིང་ལུགས་ནུབ་པ་མེད་པའི་རྒྱན། །མགུལ་པར་མཛེས་པ་ཁྱོད་ཀྱིས་རེ་བའི་དོན། །གྲུབ་པར་མཛོད་ཅེས་རྒྱལ་པོའི་ཁབ་དེར་བསྐུལ། །འདི་ན་སྔོན་ཆད་བརྗོད་པ་བྲལ་བའི་ནགས། །ཁུ་བྱུག་ཅ་ཅོའི་སྒྲ་འབྱིན་མ་ལ་ཡའི། །ནགས་ཀླུང་རང་གི་ངང་ཚུལ་དྲིའི་བཞོན་


JLAZ008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཡིད་ལ་གདུང་བ་བསྐྱེད་པ་དུས་ཀྱི་མཐུ། །གང་དུ་འཇུག་བྱའི་དཀྱིལ་འཁོར་འཕྲུལ་དགའི་གྲོང༌། །གདགས་གཞི་མཚན་ཉིད་མེད་པའི་རྣམ་ཆ་ཡང༌། །གྲོང་ཁྱེར་མེད་ལ་སློང་བ་དོན་གཉེར་བཞིན། །པདྨ་བརྩེགས་པའི་ཕོ་བྲང་དེ་སླད་སྤྱོན། །ལྗོན་པ་ལང་ཚོས་གདུངས་བའི་བརྟུལ་ཞུགས་ནི། །ཡལ་འདབ་ཁུར་དུ་བཟོད་པ་ཙམ་ཞིག་སྟེ། །རྒྱལ་པོའི་སྲིད་པ་འབྲེལ་བའི་ཛམ་བུའི་ཤིང༌། །ཕུན་ཚོགས་འབྲས་བུའི་ཁུར་གྱིས་ལྕིད་པའོ། །ཞེས་བརྗོད་བྱ་དང༌། རྗོད་བྱེད་གཉིས་ཀར་རྟེན་འབྲེལ་གྱི་ཕུན་ཚོགས་མང་པོས་འཁྱུད་པའང་ཟུར་གྱིས་བསྟན་པའི་ཁྲིགས་རིམ་འདི་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གི་ཉེར་འཚོར་བླ་ན་མཚུངས་པ་མེད་པ། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རབས་ཤིང་སཱ་ལ་བ་ཆེན་པོའི་མྱུ་གུ། གསང་ཆེན་རྡོ་རྗེ་སྙིང་པོ་རྒྱུ་སྡེ་ཆེན་པོའི་རིག་པ་མཆོག་གི་དཀྱིལ་འཁོར་དུ་མེ་ཏོག་ཕོག་བའི་རིགས་ཀྱི་ཅོད་པན། ལྷ་འཇིགས་མེད་དཔའ་བོ་འཆི་མེད་བསྟན་པའི་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཡོངས་སུ་དཔྱངས་པ་རྗེ་འབངས་རྣམས་ཀྱི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་རྣལ་འབྱོར་དུ་བཀས་བསྐུལ་བ་བཞིན། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོས་རྗེས་སུ་བཟུང་བའི་རིག་པ་འཛིན་པ་འཇིགས་མེད་གླིང་པའམ། གཞན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་བྱང་ཆུབ་ལྗོན་པའི་ནགས་ཁྲོད་པདྨ་འོད་གླིང་དུ་སྦྱར་བའོ།། །།


previousཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་བ་མེད་པའི་ལྗོན་པ་ཀུན་ཏུ་དགའ་བའི་སྐྱེད་མོས་ཚལ།next