Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
དམ་ཅན་རྒྱ་མཚོའི་སྐོང་བཤགས།
   
   
   
  expand section


 
previousདམ་ཅན་རྒྱ་མཚོའི་སྐོང་བཤགས།next

དམ་ཅན་རྒྱ་མཚོའི་སྐོང་བཤགས།


JLAZ008_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་རྒྱ་མཚོའི་སྐོང་བཤགས་བཞུགས། །ཨོཾ་ཡེ་ཤེས་ལས་གྲུབ་མངོན་ཤེས་མཐུ་རྩལ་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༌། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་སྔགས་འཆང་སྒྲུབ་པ་པོས། །གསང་སྔགས་རྡོ་རྗེ་མཆོག་ཏུ་དམ་བླངས་ཏེ། །སྐུ་གསུང་ཐུགས་སུ་བསྒྲུབ་པར་དམ་བཅས་ཀྱང༌། །མ་རིག་དབང་གི་དེ་ལྟར་རྔོ་མ་ཐོགས། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །ལུས་དང་ངག་ཡིད་ཉོན་མོངས་དབང་གྱུར་པས། །མི་དགེ་སྡིག་རྣམས་བགྱིས་དང་བགྱིད་སྩལ་བ། །གཞན་གྱིས་བགྱིས་ལ་རྗེས་སུ་ཡི་རང་བ། །ཐམས་ཅད་མ་ལུས་དུས་འདིར་མཐོལ་ལོ་བཤགས། །ཆོས་སྐུ་མཁའ་མཉམ་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་མཚན་མས་ང་རང་བདག་ཏུ་བཟུང༌། །ལྟ་སྒོམ་མ་གསལ་ཏིང་འཛིན་དོན་ལ་གཡེལ། །ཆོས་ཉིད་དོན་དང་འགལ་བ་མཐོལ་ལོ་བཤགས། །ཉིན་མཚན་ཀུན་ཏུ་བསྒྲུབ་པར་དམ་བཅས་ཀྱང༌། །སྒོམ་པ་ཡུན་ཐུང་བཟླས་གྲངས་ཉུང་བ་དང༌། །བསྙེན་སྒྲུབ་གཡེལ་ཞིང་ཆོ་ག་ལྷག་ཆད་གྱུར། །མཆོད་གཏོར་བཤམས་ཉེས་སྦྱོར་སྒྲོལ་ལས་མཐའ་ལོག །གསང་སྒོ་འཆོལ་ཞིང་བཀའ་ལས་འདས་པའི་སྐྱོན། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་


JLAZ008_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །ཉམས་དང་འགྲོགས་ཤིང་ཉམས་པ་བསྐངས་པ་དང༌། །ཉམས་ལ་ཆོས་བཤད་ཉམས་དང་ཚོགས་འདྲེས་དང༌། །ཉམས་ལ་མི་འཛེམ་ཉམས་ཆག་ཞིག་རལ་གྱུར། །ཉམས་སྒྲིབ་སྐྱོན་རྣམས་ཐམས་ཅད་མཐོལ་ལོ་བཤགས། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དམ་ཅན་སྲུང་མའི་ཐུགས་དང་འགལ་གྱུར་པ། །དུས་སུ་མ་མཆོད་བསྙེན་སྒྲུབ་མ་ཚང་དང༌། །ལས་མཐའ་མ་ལོངས་མངོན་སྤྱོད་ལས་ལ་བསྐུལ། །གཙང་སྦྲ་ཉམས་ཤིང་ལྟ་སྒོམ་མ་དག་དང༌། །བརྩེ་གདུང་རྒྱུན་ཆད་མཆོད་པས་མ་བསྐངས་དང༌། །སྐོང་བ་མ་རྫོགས་ཆོ་ག་ལྷག་ཆད་གྱུར། །ཉམས་ཆག་ཉེས་ལྟུང་བག་མེད་འགལ་འཁྲུལ་ཀུན། །མཐོལ་ལོ་བཤགས་སོ་བྱང་ཞིང་དག་པར་མཛོད། །ལྷ་མཆོག་རྣམས་དང་ཇི་སྲིད་གནས་ཀྱི་བར། །བདག་དང་མི་འབྲལ་སེམས་ཀྱིས་བསྒོམ་པར་མཛོད། །ཐུགས་རྗེས་དགོངས་ལ་དཀྱིལ་འཁོར་གཉན་པོ་བཟུང༌། །བདག་ལ་བྱིན་རླབས་དབང་དང་དངོས་སྒྲུབ་སྩོལ། །ཡེ་ཤེས་མཐོང་བྱེད་མ་རིག་མུན་པ་སེལ། །མཉམ་ཉིད་རྫོགས་པའི་དོན་རྣམས་སོ་སོར་ཕྱེད། །ཡོན་ཏན་ལྷུན་གྲུབ་དབྱིངས་སུ་བདག་བཀོད་ལ། །མཁའ་བཞིན་མི་རྟོག་ཆོས་སྐུར་གྲུབ་པ་དང༌། །ཉི་བཞིན་འོད་གསལ་ལོངས་སྤྱོད་རྫོགས་པའི་གཙོ། །ཟེར་བཞིན་སྤྲུལ་པས་འགྲོ་དོན་ལྷུན་གྲུབ་ཅིང༌། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །ཕྲིན་ལས་རྣམ་བཞི་དབྱིངས་སུ་གྲོལ་བར་ཤོག །ཅེས་ཡི་གེ་བརྒྱ་པ་བརྗོད་དོ།། །།


previousདམ་ཅན་རྒྱ་མཚོའི་སྐོང་བཤགས།next