Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་གསན་ཡིག
   
   
   
   
   
   
   


 
previousརྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་གསན་ཡིགnext

རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་གསན་ཡིག


JLD001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་གསན་ཡིག་བཞུགས་སོ། །


JLD001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། གསང་འདུས་ཀྱི་ཆོས་འབྱུང༌། ཊཱིཀ །སྒྲོན་གསལ་རྒྱུད་དང་བཅས་པ་དང༌། རིམ་ལྔ་སྒྲུབ་ཐབས་མདོར་བྱས་ཤྲངྔྷ་དང༌། ལོ་ཆེན་གྱི་འགྱུར། མདོ་སྲེ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཆེན་གྱི་འགྱུར། ཆོ་ག་ཉི་ཤུ་པ་སུ་བྷ་ཥི་ཏ་དང༌། ལོ་ཆེན་གྱི་འགྱུར། བྱང་ཆུབ་སེམས་འགྲེལ་ཚིགས་བཅད་མ་གུ་ན་ཨ་ཀ་ར་དང་རབ་ཞི་བཤེས་གཉེན་གྱི་འགྱུར་ལ་ཀ་ན་ཀ་ཝ་ར་མ་དང་པ་ཚབ་ཀྱིས་བཅོས་པ་རྣམས་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། སྤྱོད་བསྡུས། བདག་བྱིན་རླབས། མངོན་པར་བྱང་ཆུབ་པའི་རིམ་པ། རོ་སྲེག་གི་ཆོ་ག་རྣམས་ཤྲངྔྷ་དང་ལོ་ཆེན་གྱི་འགྱུར། སེམས་ཀྱི་སྒྲིབ་སྦྱོང་ཛྙཱ་ནཱ་ཀ་ར་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར། ཡ་ར་ལ་ཝ་སོགས་ཚུལ་བཞིར་


JLD001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་འགྱུར་བྱང་མེད་པ་རྣམས་ཨཱརྱ་དེ་བས་མཛད་པ་དང༌། རྣམ་གཞག་རིམ་པ་འགྱུར་བྱང་མེད་པ་དང༌། ཆོ་ག་ཉི་ཤུ་པ་ཏི་ལ་ཀ་ཀ་ལ་ཤ་དང༌། པ་ཚབ་ཀྱི་འགྱུར། འདི་གཉིས་ཀླུ་བྱང་གིས་མཛད་པ་དང༌། རྡོར་སེམས་ཀྱི་སྒྲུབ་ཐབས་ཟླ་གྲགས་ཀྱིས་མཛད་པ། ཏ་ཐཱ་ག་ཏ་རཀྵི་ཏ་དང༌། ཀློག་སྐྱ་གཞོན་ནུ་འབུམ་གྱིས་བསྒྱུར་པ་ལ། དཱི་པཾ་ཀ་ར་རཀྵི་ཏ་དང་བ་རི་ལོཙྪས་བཅོས་པ་དང༌། གསང་འདུས་དཀྱིལ་ཆོག་ཟུང་འཇུག་གསལ་བ་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པ། ཁ་ཆེ་པཎ་ཆེན་དང༌། ཆོས་རྗེ་ས་སྐྱ་པའི་འགྱུར། གསང་འདུས་ཀྱི་དཀྱིལ་ཆོག །རྡོ་རྗེ་སེམས་དཔའི་མཆོད་ཆོག །རབ་གནས་ཀྱི་ཆོ་ག་གསུམ་ནག་པོ་པ་དང་འགོས་འགྱུར། གཏོར་ཆོག་འགྱུར་


JLD001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་མེད་པ་རྣམས་ནག་པོ་པས་མཛད་པ་དང༌། གསང་འདུས་རྒྱུད་ཕྱི་མ་གསང་བ་ཐམས་ཅད་སྟོན་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་གསང་བའི་སྒྲོན་མ་ཞེས་བྱ་བ་སྙན་གྲགས་བཟང་པོས་མཛད་པ་སྨྲ །འདིའི་མཇུག་རྫོགས་རྟིང༌། ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། སྙན་གྲགས་བཟང་པོ། ནཱ་རོ་པ། ཡེ་ཤེས་དངོས་གྲུབ། རྩ་བཤད་པ་རྣམས་མཚན་གྱི་རྣམ་གྲངས་ཡིན་བྱ་བ་སྣང་ངོ༌། །དེ་ལྟར་འཕགས་སྐོར་ཕྲན་དང་བཅས་པ་ལ། མར་འགོས་གཉིས་ལས། དང་པོ་ནི། རྡོ་རྗེ་འཆང༌། བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ། གསང་བའི་མཚན་མ་ཏཾ་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་ལོ། མཚུར་དབང་རྡོར། འཁོན་གད་པ་ཀཱིརྟི། བྱ་སྒང་པ་བསོད་རིན། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། ཐང་སྤེ་བ་འཕགས་པ་སྐྱབས། གསེར་སྡིངས་པ་གཞོན་ནུ་འོད། དགེ་སྡིངས་པ་ཆོས་འོད། ཇོ་མཚོ་བ་འཕགས་པ་འོད་དེ། འདི་དབང་དང་གདམས་ངག་དང་རྒྱུད་རྐྱང་གི་བཤད་བརྒྱུད་དུ་མངོན་ནོ། །ཡང་། མར་ལུགས་ལ། རྒྱུད་རྐྱང་ལ་སྒྲོ་འདོགས་ནང་ནས་གཅོད་པ་གྲུབ་ཐོབ་ཉམས་བརྒྱུད་ནི། རྡོ་རྗེ་འཆང༌། ཨིནྡྲ་བོངྷི། ཌཱ་ཀི་བདེ་བའི་ཞབས། ཌ໋་བི་ཧེ་རུ་ཀ །རྡོ་རྗེ་དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། ཀམྤ་ལ་པ། ནག་པོ་སྤྱོད་པ་བ། ཏཻ་ལོ་པ། ནཱ་རོ་པ། མར་པའོ། །འདི་འཕགས་ལུགས་སུ་མི་སྣང༌། མཁས་པ་པཎྜི་ཏའི་བརྒྱུད་པ་ནི། རྩ་རྒྱུད། བཤད་རྒྱུད་བཞི། རྒྱུད་ཕྱི་མ་རྣམས་ལ་


JLD001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ལུགས་གཉིས་ཏེ། ཀླུ་སྒྲུབ། མ་ཏཾ་གི །ཏཻ་ལོ་པ། ནཱ་རོ་པ། མར་པའོ། །ཡང་མ་ཏཾ་གི །ཟླ་གྲགས། རིག་པའི་ཁུ་བྱུག །ཨ་བ་ངྷཱུ་ཏཱི་པ། ནག་པོ་ཞབས། དྲི་མེད་བློ་གྲོས། ཡེ་ཤེས་སྙིང་པོས་མར་པ་ལ་གདམས་སོ། །དེ་ལ་མ་ཏཾ་གི་ནི། ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི། ཉེ་སྲས་གསུམ་སྟེ་བདུན་གྱི་ནང་ནས་ཐུགས་སྲས་གཅིག་གོ །ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མ་ཞལ་མཐོང་ནཱ་ག་བྷོ་ངྷི། ས་བརྒྱད་ནོན་པ་ཨཱརྱ་དེ་བ། སྤྱན་རས་གཟིགས་ཞལ་མཐོང་བ་མ་ཏཾ་གི་པའོ། །ཉེ་བ་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོའོ། །སྤྱིར་མར་བ་ལ། འཕགས་སྐོར་རྒྱུད། འགྲེལ་པ་དང༌། རྒྱུད་རྐྱང༌། བཤད་རྒྱུད་ལྔ། ཕྲན་དང་བཅས་པ་དང༌། ཡེ་ཤེས་ཞབས་ལུགས་སོགས་དང་བཅས་པ་ལ་རྒྱ་གར་ན་འགྲེལ་བ་ཉེར་གསུམ། ཇོ་བོ་ཉེར་ལྔ་ཙམ་གསུང་སྐད། བོད་ན་བདུན་ཙམ་ཟེར་ཡང་མང་དུ་སྣང༌། མར་པ་ལ། ཛ་ཡ་ན། ཐ་ག་ན། སྙིམ་ཏོག་གསུམ་ཡོད། སྤྱིར་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་སྟེ་བདུན། ཤར་ནུབ། ལྷོ་བྱང༌། ཁ་ཆེ། བལ་པོའི་མཎྜི་ཏ་དང༌། ཀུ་ས་ལིར། གྲགས་ཚད་ལ་བརྒྱ་རྩ་བརྒྱད། བརྒྱུད་པ་འཛིན་ངེས་ང་བརྒྱད། སྣང་བ་འགྱུར་ངེས་བཅུ་གསུམ། འདུས་པ་མཁས་པའི་བླ་མ་བདུན་གྱི་ནང་ནས་ནུབ་ཏུ་ལཀྵེ་ཏྲའི་


JLD001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་ན་གནས་པ་དཔལ་ཡེ་ཤེས་སྙིང་པོ་ལ། འདུས་པའི་དབང་བརྒྱུད། གདམས་པའི་བཀའ་བབས། ཁྱད་པར་དུ་མར་པའི་བུ་བཞིའི་ནང་ནས་མཚུར་དབང་རྡོར་ལ། རྗེ་ནཱ་རོ་པའི་དབང་དང་རྒྱུད་རྐྱང་གདམས་པར་བཅས་པ་གདམས། དེས་གད་པ་ཀཱིརྟི། དེ་ལ་མི་ཉག་ཐུ་ལ་པ། དབུས་པ་འགར་སྒེ། གྲུབ་ཐོབ་ཞང་ཞུང་པ་སྟེ་ཐུགས་སྲས་གསུམ་ལ། གངས་བར་གསེར་ཁའི་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས། རྒྱ་རྣལ་འབྱོར་པ་བ་ལུང་པ། དགེ་སློང་ཆོས་གྲགས་བཟང་པོ། ཤྲཱ་ཀ་གཞོན། བློ་ལྡན་སེང་གེ །འཕགས་འོད། དེ་ལ་རིན་ཆེན་པས་མར་ལུགས་ཀྱི་དབང་གདམས་པ་རྣམས་གསན་ནོ། །འགོས་ལུགས་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ཨིནྡྲ་བོ་ངྷི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་ཆེན་པོ་ས་ར་ཧ། ནཱ་གཱརྫུ་ན། དེ་ལ་ཨཱརྱ་དེ་བ། ཤཱཀྱ་བཤེས་གཉེན། ཀླུ་བྱང༌། ཟླ་གྲགས་དང་བཞིས་ཞུས། དེས་སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ་བ། ས་འདྲས་པ། དེས་མར་མེ་མཛད། དེ་བ་ཨ་ཀཱ་ར། བཱིརྱ་བྷ་དྲ་དང་གསུམ་ལ། གསུམ་གྱིས་རྗེ་འགོས་ལ། གཞན་ཡང་ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། བལ་ཡུལ་རྫོང་གི་ནཱ་ག་ཀོ་ཊི། བི་ཀྲ་མ་ཤི་ལའི་ཐམས་ཅད་མཁྱེན་པར་གྲགས་པ་དཱི་པཾ་ཀ་ར། རྡོ་རྗེ་གདན་གྱི་མཁན་པོ་ཆེན་པོ་ནག་པོ་པ། ཀོང་ཀ་ལའི་མཁས་པ་ཆེན་པོ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན། རྒྱལ་ཁབ་ཀྱི་མཁས་པ་ཆེན་པོ་ཛ་ཧུ་ཞེས་བྱ་བ་ཞི་བ་


JLD001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མཟང་པོ། ཁ་ཆེ་གྲིབ་བརྟན་གྱི་མཁས་པ་ཆེན་པོ་ཙནྡྲ་ཧི་རི་ལ་སོགས་པ་པཎྜི་ཏ་བདུན་ཅུ། མཁའ་འགྲོའི་བླ་མ་གཉིས་དང་བཅས་པ་ལ་རྗེ་འགོས་ཀྱིས་གསན། དེ་ནས་འཇད་པོ་དོང་གི་མང་ར་བ་སེང་གེ་རྒྱལ་མཚན། འཇད་བྲག་ལྟག་གི་སྔོག་ཡེ་ཤེས་སེང་གེ །དེའི་དབོན་པོ་སྔོག་མུ་ནེ་རབ་ཏུ་བྱུང་བའི་མཚན་ཉི་མ་སེང་གེ །གྲེས་ཆུ་བར་གྱི་གླན་རྩ་ཚ་ཉི་མ་ལྕམ། དེ་གཉིས་ཀྱིས་མུ་ནེའི་སྲས་ཨཱརྱ་དེ་བ། དེས་ཞར་ཆོས་པ་སྐྱིད་མཁར་འཇུག་གྲེས་ཁ་དབེན་ཚའི་རྟག་པ་རིན་ཆེན་གྲགས། དེ་ལ་ཆོས་འོད། ཡང་སྡོག་ཆེན་པོ་དང་གླན་གཉིས་ལ། སྙེ་མོའི་ཕུག་ཀ་བ་འབུམ་སྐྱབས། རོང་ལྷ་སྟེངས་ཀྱི་རྩང་སྨྲ་སེང༌། ལྕེ་མདོ་སེང༌། ཡང་བྲག་ལྟག་པ་ཆེན་པོ་ལ་ཆ་གར་མོན་མོ་བྲག་གི་མི་ཉག་རྡོ་རྗེ་གྲགས། ལྕེ་མདོ་སེང༌། ཆོས་འོད། ཡང་གླན་ལ་ཐང་སྤེ་བ། དེ་ལ་གསེར་སྡིངས་པ། དེ་ལ་ཆོས་འོད། དེས་འཕགས་འོད་དོ། །ཡང་ཆོས་འོད་ལ་བློ་སེང༌། དེ་ལ་འཕགས་འོད། དེ་ལ་རིན་པོ་ཆེ་བས་སྔོག་ལུགས་ཀྱི་དབང་བཤད་པ་གདམས་པ་རྣམས་དང༌། སྔར་སྨོས་པའི་རིམ་ལྔ་སོགས་དང༌། ནཱ་རོ་པའི་འགྲེལ་པ་ཟུང་འཇུག་གསལ་བ། སྒྲ་དབྱངས་བཅུ་གཅིག་པས་མཛད་པ། ཡ་ར་སོགས་ཚུལ་བཞིར་བཤད་པ་རྣམས་བརྒྱུད་པ་དེ་ལ་མི་སྣང༌། གཞན་རྣམས་གསན་ནོ། །མར་ལུགས་ཀྱི་བརྒྱུད་པ་ཐ་མར་བསྟན་པ་ལས་རྒྱུད་ནས་མདོར་བྱས། མདོ་སྲེ། རྣམ་གཞག་རིམ་པ། བདག་བྱིན་བརླབས།


JLD001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྒྲིབ་སྦྱོང༌། མངོན་པར་བྱང་ཆུབ་པའི་རིམ་པ། རིམ་ལྔ། སྤྱོད་བསྡུས། བྱང་ཆུབ་སེམས་འགྲེལ། ནཱ་རོ་པས་མཛད་པའི་རྒྱུད་ཕྱི་མའི་འགྲེལ་པ་གསན་བྱ་བ་སྣང་སྟེ། བརྒྱུད་པ་དེ་ལ། ཨཱརྱ་དེ་བ། ཀླུ་བྱང༌། ནཱ་རོ་པ་གསུམ་མི་སྣང་བས། དེ་གསུམ་གྱིས་མཛད་པའི་ལུང་གི་བརྒྱུད་པ་མ་དག་གམ་སྙམ་མོ། །ཇོ་བོ་ནཱ་རོ་པ། དྲན་པ་ཡེ་ཤེས། ལོ་གཞོན་ཚུལ། ཇོ་གདན་སྐྲངས་དཔེ་པ། ཆོས་འོད། འཕགས་འོད། ད་ལ་རིན་པོ་ཆེ་པས་རྒྱུད་ཕྱི་མའི་འགྲེལ་པ་ནཱ་རོ་བས་མཛད་པ་གསན། རྡོ་རྗེ་འཆང༌། ཕྱག་རྡོར། ཀླུ་སྒྲུབ། ཨཱརྱ་དེ་བ། ཤཱཀ་བཤེས། ཟླ་གྲགས། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཁྱཱ་ཏ་དེ་བ། ཁ་ཆེ་ཤཱཀ་ཤྲཱི། ཆོས་རྗེ་ས་སྐྱ་པ། འོད་ཟེར་ཤཱཀྱ། ཁའུ་དར་ཤེ། སེ་མོ་རེ་པ་རིན་ཆེན་དཔལ། ར་གཉིས་པ་རྒྱལ་རིན། ནགས་ཕུག་པ་ཀུན་སྨོན། གྲགས་ཆེན་པ། འཕགས་འོད། དེ་ལ་རིན་པོ་ཆེ་པས་གསང་འདུས་ཀྱི་དབང་བཀའ་ས་ལུགས་ཐོབ་ཅིང༌། དཀྱིལ་ཆོག་ཟུང་འཇུག་གསལ་བ་ཐོས་གསུང་འདུག་པ་ལ། བརྒྱུད་པ་དེ་ན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་མི་སྣང་བས་མ་དག་ཅིང༌། འོན་ཀྱང་ཤཱཀྱ་ཤྲཱི་དང༌། ཆོས་རྗེ་བས་བསྒྱུར་བ་ཡིན་པས་དེ་མན་ཆད་དག་ཀྱང་ཡན་ཆད་ལ་ཐེ་ཚོམ་ཟའོ། །འཁོན་གད་པ་བ་ནས་འགར་སྟོན་ཤེས་རབ་རྒྱལ་པོ། གྲངས་སོ་ཁྲོ་བོ་ལ་རྩར། ཨང་ཕུག་པ་རིན་ཆེན་སེང་གེ །རོང་པ་ཤེར་སེང༌། སྟོན་མོ་ལུང་པ་ཡེ་ཤེས་མཁར།


JLD001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འོད། འཕགས་འོད་ལ་རིན་པོ་ཆེ་པས་གསང་འདུས་མར་ལུགས་ཀྱི་དབང་བཤད་ཀྱི་མན་ངག་གསན་ཅིང༌། ཡང་ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ། རྡོ་རྗེ་འཆང་གི་ལམ་གྱི་ངོ་བོ་ཉིད་ཀྱི་བཤད་པ་གསན་བྱ་བ་སྣང༌། འདིའི་དང་པོ་མར་ལུགས་ལ་བརྒྱུད་ན་ཨཱརྱ་དེ་བ་མི་སྣང༌། གཉིས་པ་ཏཻ་ལོ་པ་ཡན་ནི་རུང་ཙམ། སྒྲ་དབྱངས་བཅུ་གཅིག་པར་བྱས་ན། དེ་དང་མར་ལུགས་ཀྱི་བརྒྱུད་པ་དང་པོར་བསྟན་པའི་མཐར་སྒྲ་དབྱངས་བཅུ་གཅིག་པས་མཛད་པ་གསན་བྱ་བ་སྣང་སྟེ། བརྒྱུད་པ་ལ་མི་སྣང་པས་བརྟག་གོ །དེ་ལྟར་ན། འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་ཁྱུང་པོ་བ་ནི་འཕགས་ལུགས་ཀྱི་དབང་དང༌། རིམ་ལྔའི་དམར་ཁྲིད་ཀྱི་བརྒྱུད་པ་ཡིན་ཞིང༌། བླ་མ་པ་ལ་བསྒུབ་དཀྱིལ་རིན་པོ་ཆེ་བས་མཛད་པའང་ཐོས་སོ། །ཡང་བུ་སྟོན། བླ་མ་ཆོས་ཀྱི་དཔལ་ནི། སྒྲོན་གསལ་རྒྱུད་དང་བཅས་པ་དང༌། བུ་སྟོན་པས་མཛད་པའི་ཆོས་འབྱུང༌། ཊཱི་ཀ་དང་བཅས་པའི་བཤད་རྒྱུད་དོ། །ཡང་། བུ་སྟོན་པ། རིན་རྣམ་པ། བླ་མ་ཆོས་ཀྱི་དཔལ་བ་ནི་རྒྱ་གཞུང་ཕྲན་རྣམས་དང་ནཱ་རོ་པའི་འགྲེལ་པའི་བརྒྱུད་པའོ། །བུ་སྟོན། ཆོས་རྗེ་བསོད་རྒྱལ། ལོཙྪ་བ་ནམ་བཟང༌། སློབ་དཔོན་གཞོན་བློ་བ་ལ་གསང་འདུས་རྒྱུད་འགྲེལ། སྤྱོད་བསྡུས། མདོར་བྱས་རྣམས་ཀྱི་བཤད་པ་ཐོས་ཤིང༌། མདོར་བྱས་ཀྱི་ཊཱི་ཀ་བུ་སྟོན་པས་མཛད་པའི་བརྒྱུད་པ་ནི། བུ་སྟོན། རིན་རྣམ་པ། སྐྱབས་མཆོག་དཔལ། སློབ་དཔོན་གཞོན་བློ་བའོ། །


JLD001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྟོན། ལོཙྪ་བ་བྱང་རྩེ། གྲགས་རྒྱལ། སློབ་དཔོན་གཞོན་བློ་བ་ལ་རིམ་ལྔའི་དམར་ཁྲིད་ཐོབ། རིམ་ལྔ་དོན་ལྔ་མ། དོན་བཞི་མ། རིམ་ལྔ་འཁོར་ལོ་ཅན། འཁོར་ལོ་མེད་པ། གསང་བ་ཐུགས་རྒྱུད་ཀྱི་མན་ངག །རིམ་ལྔ་སེམས་དཔའ་གསུམ་བརྩེགས། སྒྱུ་མ་གསུམ་རྒྱུད་ཀྱི་མན་ངག །འོག་སྒོ་ལ་བརྟེན་ནས་བདེ་བ་ལམ་དུ་བླང་བའི་མན་ངག །སྐུ་གསུམ་གྱི་འཕོ་བ། བཙན་ཐབས་ཀྱི་འཕོ་བ། རྣམ་ཤེས་གྲོང་འཇུག་གི་མན་ངག །མགྲིན་པར་རྨི་ལམ་ལ་བརྟེན་ནས་སྒྱུ་མ་བཙན་ཐབས་ཀྱི་མན་ངག །སྙིང་ཁར་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་འོད་གསལ་གྱི་མན་ངག །རིམ་ལྔ་ཅིག་ཅར་བའི་མན་ངག །འཁོར་བ་འཇུག་ལྡོག་ལ་བརྟེན་ནས་མ་རིག་པ་རྩད་ནས་བཅད་པའི་མན་ངག །ཕ་རྒྱུད་ཡང་སྙིང༌། རྡོ་རྗེ་སེམས་དཔའི་གསེབ་ལམ་ངོ་སྤྲོད་ཡུ་མོ་ཁུག་རྣམས་ཀྱི་བརྒྱུད་པ་ནི། བུ་སྟོན་པ། ཆོས་རྗེ་བསོད་རྒྱལ། མཁན་ཆེན་གྲགས་པ་བཤེས་གཉེན་པའོ། །སྒྲུབ་ཐབས་ཀུན་ཏུ་བཟང་པོ་དང༌། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པའི་བརྒྱུད་པ་ནི། འཇམ་རྡོར། ཡེ་ཤེས་ཞབས། མར་མེ་མཛད། དཔལ་སྡེ་པ། དྲི་མེད་སྤས་པ། བྷ་ལི་ཨཱ་ཙརྱ། གཉོས་ལོཙྪ། གཉོས་དཔལ་ལ། གཉོས་གྲགས་པ་དཔལ། གཉོས་གཟི་བརྗིད་དཔལ། སྟོན་མོ་ལུང་པ་ཡེ་ཤེས་མཁར། ཆོས་འོད། འཕགས་འོད། བུ་སྟོན། ཁྱུང་ཆེན་པ་ལ་རིན་པོ་ཆེ་པས་མཛད་པའི་སྒྲུབ་ཐབས་ཀྱང་ཐོས་སོ། །གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་དབང་གི་བརྒྱུད་པ་ནི། འཇམ་དབྱངས་དང་


JLD001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ཨ་ཝ་ངྷཱུ་ཏཱི་པ། ཡེ་ཤེས་ཞབས། མར་མེ་མཛད། ཀུན་དགའ་སྙིང་པོ། ཐ་ག་ན། ཤཱནྟི་པ། ཤྲ་ནྟི་པ། ཤྲངྔྷ་ཀ་ར། པདྨ་ཀ་ར། དེ་གཉིས་ཀ་ལ་ལོ་ཆེན་རིན་བཟང་གིས། དེ་ནས་རྐྱང་པོ་ཆོས་བློ། དགེ་བཤེས་སྐྱབས་སེ། རྡོ་རྗེ་སྲ་བརྟན། དཀོན་མཆོག་འབར། དགེ་བཤེས་དབང་རིན། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག །དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན་པའོ། །གསང་འདུས་སྤྱན་རས་གཟིགས་ཀྱི་དབང༌། ཇོ་བོས་མཛད་པའི་སྒྲུབ་ཐབས་རྣམས་ཀྱི་བརྒྱུད་པ་ནི། ཇོ་བོ། ལྷ་བཙུན་བྱང་ཆུབ་འོད། འོལ་པ་བྱང་ཆུབ་རྡོ་རྗེ། རྒྱ་ལྕགས་རི་གོང་ཁ་པ། རྫིང་བུ་ཁ་པ། ཐང་སྟོད་པ་ཆོས་འོད། ཞང་ཡེ། གཟེ་བ་དོན་གྲུབ་མགོན། པར་ཐང་པ་ཡབ་སྲས། དར་མ་ཤཱཀྱ། བསོད་ནམས་དབང་ཕྱུག །ལོ་མཆོག །ཀུ་མཱ་ར་པྲ་བྷ་ཝ། ཀཱིརྟི་ཤྲཱི་བྷ་དྲ། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །ཤཱནྟི་པ་ཡན་ཆང་ཡེ་ཤེས་ཞབས་ལུགས་དང་འདྲའམ་ཞེས་བླ་མས་གསུང་ངོ་། །གཤེད་དམར་ལྷ་ལྔ་ཆག་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བིརྺ་པ། ཌ໋་བྷི་པ། བི་ར་ཊི་པ། མ་ཏི་པ། ནིསྐ་ལཾ་ཀ །རེ་བེནྟྲ། ཆག་ལོ། གཡུང་ཕུག་པ། ཤོང་བློ་བརྟན། མཆོག་ལྡན། དཔལ་ལྡན་པ། བུ་སྟོན། མཁན་ཆེན་རིན་རྣམ་པའོ། །དྷ་ན་ཤཱི་ལའི་འབིར་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བིརྺ་པ། ནག་པོ་པ། ས་ལི་པ། ཤཱི་ལ་ཙནྡྲ། དྷ་ན་ཤཱི་ལ། འཇམ་གསར། རྒ་ལོ་རོང་


JLD001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སེང༌། དཔལ་ལྡན་པ་མན་ཆད་འདྲ། གཤེད་དམར་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། དཔལ་འཛིན། བི་ར་ཊི་པ། མ་ཏི་པ། ནིསྐ་ལཾ་ཀ །རེ་བེནྟྲ། ཆག་ཆོས་རྗེ་དཔལ། གཡུང་ཕུག་པ། ཤོང་བློ་བརྟན། ལོ་མཆོག །དཔལ་ལྡན་པ། རིན་པོ་ཆེ་པ། ཆོས་རྗེ་བསོད་རྒྱལ་པ། མཁན་ཆེན་གྲགས་ཤེ་བ། དེས་བདག་ལའོ། །ཡང་ལུགས་གཅིག་ལ། གཤིན་རྗེ་གཤེད། དཔལ་འཛིན། དཔེ་མེད། རིནཆེན་འབྱུང་གནས་ཞི་བ། ཆོས་ཀྱི་འབྱུང་གནས་ཞི་བ། འདྲེན་མཛད་ཞབས། རྣམ་པར་གྲགས་པའི་ལྷ། ཁ་ཆེ་པཎ་ཆེན། དྷ་ན་ཤཱི་ལ། གཡག་སྡེ་ལོཙྪ་བ། མངའ་རིས་པ། གཡག་སྡེ་ཟེ་དམར་བ། སངས་རྒྱས་ཡེ་ཤེས། བུ་སྟོན་རིན་པོ་ཆེ་མན་འདྲ། གཤེད་དམར་གྱི་རྣལ་འབྱོར་བཞིའི་བྱིན་རླབས། རྣལ་འབྱོར་བཞིའི་མན་ངག །འོད་འཛིན་མའི་བྱིན་རླབས། འོད་འཛིན་མའི་སྒྲུབ་ཐབས། རང་གི་སེམས་གོང་དུ་འཕོ་བའི་མན་ངག །འཕོ་བའི་བྱིན་རླབས། མེ་ལྷ་མཆོད་པ། འཁྲུལ་འཁོར་གྱི་རིམ་པའི་བྱིན་རླབས། ཕྱིར་བཟློག་གི་མན་ངག་འདི་རྣམས་དཔལ་འཛིན་གྱིས་མཛད་པ་སྟེ། འདི་དག་གི་ལུང་གི་བརྒྱུད་པ་ནི། གཤིན་རྗེ་གཤེད། དཔལ་འཛིན། བི་ར་ཊི་པ། མ་ཏི་པ། ཛ་མ་རི། དཪྤན་ཨཱ་ཙརྱ། གློ་བོ་ལོཙྪ་བ། བླ་མ་ས་པ། ལོ་མཆོག །དཔལ་ལྡན་པ། བུ་སྟོན་པ། ཆོས་རྗེ་བསོད་རྒྱལ་བ། མཁན་ཆེན་གྲགས་ཤེ་བ། ཡང་དཔལ་འཛིན་གྱིས་མཛད་པའི་གཤེད་དམར་གྱི་ཏིང་ངེ་འཛིན་གྱི་ཆོ་ག་ཆེ་ཆུང་གཉིས་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ།


JLD001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཌ໋་བྷི་ཧེ་རུ་ཀ །བི་ར་ཊི་པ། མ་ཏི་གརྦྷ། གམྦྷཱི་ར་མ་ཏི། ནིསྐ་ལཾ་ཀ །དཱ་ན་ཤཱི་ལ། འཇམ་གསར། རྒ་ལོ། ཤེར་སེང༌། འཕགས་འོད། བུ་སྟོན་པ་མན་འདྲའོ། །རྡོ་རྗེ་ཙར་ཙི་ཀ །ཕག་མོ། དབྱངས་ཅན་མ་དཀར་མོ་རྣམས་ཀྱི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་གསུམ་མཁན་ཆེན་གྲགས་ཤེ་བ་ལ་ཐོས། ཁོང་པས་ཆོས་རྗེ་བསོད་རྒྱལ་པ་ལ། དེས་བུ་སྟོན་པ་ལ་གསན་གསུངས་ཏེ་ཁོང་པའི་གསན་ཡིག་ན་མི་སྣང་བས་བརྟག་གོ །ཤིན་ཏུ་སྤྲོས་མེད་དང་འོད་གསལ་འཆར་བའི་རིམ་པ། བིརྺ་པ། བི་རཱུ་པས་མཛད་པའི་ལུང་གི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ། ཌ໋་བྷི་བ། བྲམ་ཟེ་དཔལ་འཛིན། མ་ཏི་བ། དཪྤན་ཨཱ་ཙརྱ། གློ་བོ་ལོཙྪ་བ། ཤེས་རབ་རིན་ཆེན། བླ་མ་ས་པ། ལོ་མཆོག །དཔལ་ལྡན་པ། བུ་སྟོན་པ། ཆོས་རྗེ་བསོད་རྒྱལ་བ། མཁན་ཆེན་གྲགས་ཤེ་བ། དེས་བདག་ལའོ། །བི་རཱུ་པས་མཛད་པའི་བདུད་རྩི་ལྔའི་བྱིན་རླབས་ཀྱི་ལུང་གི་བརྒྱུད་པ་ནི། བི་རཱུ་པ། མ་ཏཾ་གི་པ། དཔལ་འཛིན། ལ་ལི་ཏ་བཛྲ། ཤཱནྟི་རཀྵི་ཏ། དྷརྨ་བཛྲ། རཏྣ་བཛྲ། དཪྤན་ཨཱཙརྱ། གློ་བོ་ལོཙྪ་བ། བླ་མ་ས་པ། ལོ་མཆོག །དཔལ་ལྡན་པ། བུ་སྟོན་པ་མན་འདྲའོ། །ལྷ་ལྔ་དང༌། ལྷ་བཅུ་གསུམ་མའི་སྒྲུབ་ཐབས། ལས་བཞིའི་སྦྱིན་སྲེག །མཎྜལ་དུ་མཆོད་པའི་ཆོ་ག །གཏོར་ཆོག །འོད་གསལ་འཆར་བའི་འགྲེལ་པ་རྣམས། རིན་པོ་ཆེ་པས་མཛད་པ། ཁོང་ལ་ཆོས་རྗེ་བསོད་རྒྱལ་བ། དེས་མཁན་ཆེན་གྲགས་


JLD001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་བ། དེ་ལ་བདག་གིས་ཐོས་སོ། ། ༈ དཔལ་དུས་ཀྱི་འཁོར་ལོའི་དབང་མན་ངག་བཤད་པ་རྣམས་ཡོངས་སུ་རྫོགས་པར་དཔལ་ལྡན་བླ་མ་ཆོས་ཀྱི་དཔལ་བ་ལས་བཀའ་དྲིན་མནོས་པའི་བརྒྱུད་པ་དང་པོ་ལ་ར་འབྲོ་གཉིས་ལས། དང་པོ་ནི། སངས་རྒྱས། ཟླ་བཟང༌། ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ། པད་དཀར། འཇམ་དབྱངས་སྤྲུལ་པ། ཙི་ལུ་ཨཱ་ཙརྱ། པིཎྜ་ཨཱ་ཙརྱ། དུས་ཞབས་པ་ཆེ་ཆུང༌། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། རྒ་ལོ། ཤེར་སང༌། དཔལ་ལྡན་སེང་གེ །ཡང་ཤེར་སེང་ལ་འཕགས་འོད། གཉིས་པ་ནི། པད་དཀར་ཡན་ཆད་འདྲ་བ་ལ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང༌། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང༌། དཔལ་སྐྱོང༌། དུས་ཞབས་པ་ཆེ་ཆུང༌། ཁ་ཆེ་ཟླ་མགོན། ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུངས། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ། དྷ་རྨེ་ཤྭ་ར། གྲུབ་ཐོབ་ནམ་མཁའ་འོད། སེ་མོ་ཆེ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། དེ་ནས་རྒྭ་ལོ་མན་ཆད་འདྲ་བ་དང༌། སེ་མོ་ཆེ་ལ་བོ་དོང་རིན་རྩེ། སྟག་སྡེ་པ་སེང་གེ་རྒྱལ་མཚན། ཤོང་བློ་བརྟན། ལོཙྪ་བ་མཆོག་ལྡན། དཔལ་ལྡན་པ། ཡང་འཇམ་གསར་ལ་ཆོས་འོད།


JLD001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་འོད། དཔལ་ལྡན་པ་དང༌། འཕགས་འོད་ཀྱིས། བུ་སྟོན་ལ། དེས་བླ་མ་ཆོས་ཀྱི་དཔལ་བ་ལ། དེས་བདག་ལའོ། །གཉིས་པ་ལ་གཉིས་ལས། ཐར་ལོ་ནས་བརྒྱུད་པ་ནི། རྡོ་རྗེ་འཆང༌། དཔེ་མེད་འཚོ། དཔལ་འཛིན། འོད་བྱེད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། ཉི་མ། དཔལ་ཡེ་ཤེས། རིན་ཆེན་མཚོ། བི་བྷུ་ཏི། ཡང་ན། རྡོ་རྗེ་འཆང༌། ཤ་བ་རི། བི་བྷཱུ་ཏི། ཀོ་བྲག་པ་བསོད་ནམས་རྒྱལ་མཚན། གོ་ལུང་པ་གཞོན་ནུ་དཔལ་ཏེ་ཉེ་བརྒྱུད་དོ། །རིང་བརྒྱུད་ནི། སངས་རྒྱས། རྒྱལ་པོ་དཔལ་སྐྱོང༌། སེང་གེ་རྣམ་གྲོལ། དུས་ཞབས་པ་ཆེ་ཆུང༌། ཁ་ཆེ་ཟླ་མགོན། འབྲོ་ལོ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུངས་ནས་འཇམ་གསར་གྱི་བར་སྔར་དང་འདྲ་བ་ལ། ཉེག་པོ་ཆོས་ལྡན། གོ་ལུང་པ་ཐར་ལོ། དེ་ལ་རིན་པོ་ཆེ་པས་དཔེ་མེད་འཚོ་དང༌། ཤ་བ་རི་དང༌། འབྲོ་པའི་སྦྱོར་དྲུག་གསན། གཉིས་པ་འཕགས་འོད་ནས་བརྒྱུད་པ་ནི། ཤེར་སེང་གི་བར་སྔར་དང་འདྲ་པ་ལ། འཕགས་འོད། འཇམ་གསར་ནས། ཆོས་འོད། འཕགས་འོད་དམ། ཀུན་སྤངས་པས་ཆོས་འོད་ལ་གསན། དེ་ལ་འཕགས་འོད་དམ། བྱང་སེམས་རྒྱལ་ཡེས་ཀུན་སྤངས་པ་ལ་གསན། དེ་ལ་འཕགས་འོད། དེ་ལ་རིན་པོ་ཆེ་པས། རྭ་འབྲོའི་དང༌། མན་ལུང་པའི་དང༌། ཨ་མོ་གྷ་བཛྲས་མཛད་པའི་དང༌། རྩ་མིའི་དང༌། པཎ་ཆེན་ཤཱཀ་ཤྲཱིའི་དང༌། རྒ་ལོ། ཞང་མཚལ་པ། གྱི་ཅོ། སྲེག་པ་ལུང་པ། ཕ་རྒྱུད་གསང་འདུས་དང༌། མ་རྒྱུད་ཀྱཻ་རྡོར་ལ་སོགས་


JLD001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦྱོར་དྲུག་རྣམས་གསན་ནས། དེ་རྣམས་ཀྱི་དོན་དྲིལ་བའི་ཁྲིད་ཡིག་དང༌། ངོ་སྤྲོད་མཛད་པའི་སྟེང་ནས་བླ་མ་ཆོས་ཀྱི་དཔལ་བ་ལ་གནང་ཞིང༌། དེས་བདག་ལའོ། །གསུམ་པ་ལ་རྭ་འབྲོའི་བཤད་བཀའ་གཉིས་ཡོད་པ་ལ་སྔར་དང་འདྲ་བ་ལ། ཁྱད་པར་ནི། བླ་མ་ཤེས་རབ་སེང་གེ །རྡོ་རྗེ་རྒྱལ་མཚན་པ། བུ་སྟོན་པ། བླ་མ་ཆོས་ཀྱི་དཔལ་བ་སྟེ། དེས་ཆོས་འབྱུང་མདོར་བསྡུས་དང་དེའི་ཊཱི་ཀ་ས་བཅད་མཆན་རྣམས་རིན་པོ་ཆེ་པས་མཛད་པའི་སྟེང་ནས་བཤད་པ་རྒྱས་པར་མཛད་ནས་བདག་ལ་གནང་ངོ༌། །གཞན་ཡང་ངེས་དོན་སྙེ་མ། སྒྲུབ་ཐབས་གསུམ། དཀྱིལ་ཆོག །སྦྱིན་སྲེག་གཉིས། རབ་གནས། གཤིན་ཆོག །རྣལ་འབྱོར་མ་མཆོད་པ། མཆོད་ཕྲེང་སོགས་རིན་པོ་ཆེ་པས་མཛད་པ་རྣམས་གནང་ངོ༌། །ཡང་དབང་མདོར་བསྟན། དེའི་ཊཱི་ཀ་མཁན་ཆེན་པས་མཛད་པ་ཡང་ཐོས་ཏེ། བརྒྱུད་པ་ནི། ཤེར་སེང༌། འཕགས་འོད་དེ་ཡན་ཆད་རྭ་ལུགས་ཀྱི་བཤད་རྒྱུད་དང་འདྲའོ། །ཡང་། བདེ་མཆོག་སྟོད་འགྲེལ་དང་རྡོ་རྗེ་སྙིང་འགྲེལ་རྒྱུད་རྫོགས་པ་ལ་འགྲེལ་པ་འདུག་པ་ཐོས་ཏེ། བླ་མ་པས། བླ་མ་འཇམ་རིན་ལ་གསན། ཁོང་བས་བླ་མ་རྒྱལ་པོ་དཔལ་ལ་གསན་འདུག་དེ་ཡན་མ་ངེས་འདུག་གསུང་ངོ༌། །རྡོ་རྗེ་ཕྲེང་བའི་དང་ཞེ་གཉིས་མ། བྱ་རྒྱུད་གསུམ། ཡོ་ག་གསུམ་སྟེ་ཕྱིའི་དྲུག་ལ་རང་རང་གི་རྒྱུད་ནས་བཤད་པའི་དབང་དང༌། གཞན་རྣམས་བླ་མེད་དུ་མཛད་ནས་དབང་དང་ཕྲེང་བ་བསྐོར་གསུམ་གྱི་ལུང༌། ཁྱད་པར། རྡོ་རྗེ་འཕྲེང་བའི་དཀའ་གནས་ཐམས་ཅད་ལ་བཤད་པ་གནང་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌།


JLD001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མ། ཨ་བྷྱཱ་ཀ་ར་གུཔྟ། ནཱ་ཡ་ཀ་པ། ད་ཤ་པཱ་ལ་ཤྲཱི། བི་ཁྱཱ་ཏ་དེ་བ། ཁ་ཆེ་པཎ་ཆེན། བྷུ་མི་ཤྲཱི། དེའི་སྲས་བི་མ་ལ་ཤྲཱི། ལོཙྪ་བ་གྲགས་རྒྱལ། བླ་མ་ཤེར་སེང༌། བླ་མ་འཇམ་དབྱངས་ཆོས་ཀྱི་བརྩོན་འགྲུས། བླ་མ་ཆོས་ཀྱི་དཔལ་བ། དེས་བདག་ལའོ། །བླ་མ་པའི་གསན་ཡིག་ན། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཨ་བྷ་ཡ་ཀ་ར། བི་ཁྱུ་ཏ་དེ་བ། ད་ཤ་པཱ་ལ་ཤྲཱི། ཤཱཀ་ཤྲཱི། ཞེས་པ་སྣང་ཞིང་མན་ཆད་འདྲ། འདིར་རིན་པོ་ཆེ་བའི་གསན་ཡིག་ལྟར་བྲིས་སོ། །ཀུན་སྤྱོད་ཀྱི་རྒྱུད་རིན་པོ་ཆེ་པས་མཛད་པའི་ཊཱི་ཀ་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན། ཀརྞ་པ། གུཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་བློ་གྲོས་གྲགས་པ། ས་ཆེན། རྗེ་བཙུན་སྐུ་མཆེད། ཆོས་རྗེ་པཎ་ཆེན། བོ་དོང་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ །བུ་སྟོན་པ། བླ་མ་ཆོས་ཀྱི་དཔལ་བ། དེས་བདག་ལའོ། ། ༈ འཁོར་ཆེན་དམར་ལུགས་ཀྱི་དབང་དང་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། རིན་པོ་ཆེ་པའི་ལ་འདི་མེད། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ས་བ་རི་པ། ཛ་བ་རི་པ། པཎྜི་ཏ་དེ་བ་པུཎྱ་མ་ཏི། མགར་ཆོས་ཀྱི་བཟང་པོ། གཤེས་སྟོན་རིན་ཆེན་དངོས་གྲུབ། དམར་སྒང་བུ་པ་ཆོས་ཀྱི་རྒྱལ་མཚན། སྒང་འོར་ཁའི་པྲཛྙཱ་གུ་


JLD001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རུ། སྒང་སྟོན་ཤེས་རབ་གྲུབ། རིན་པོ་ཆེ་པའི་གསན་ཡིག་ན་ཤེས་རབ་འབུམ་སྣང༌། གྲུ་སྟོན་ཤེས་རབ་གྲུབ། གྲུ་རྡོ་རྗེ་སེང་གེ །རོང་པོ་ཆོས་མགོན། མངའ་རིས་པ་སངས་རྒྱས་ཡེ་ཤེས། འཇམ་དབྱངས་ཆོས་བརྩོན། བླ་མཆོས་ཀྱི་དཔལ་བ་ལ། བདག་གིས་སོ། །ཡང་། ཆོས་སྐོར་རྣམས་དང་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ས་བ་རི་པ། ཛ་བ་རི་པ། དེ་བ་པུཎྱ་མ་ཏི། ལོཙྪ་བ་ཆོས་བཟང༌། གཤེས་སྟོན་རིན་ཆེན་དངོས་གྲུབ། དམར་ཆོས་རྒྱལ། མངའ་རིས་པ་སྐྱི་སྟོན། ཐུར་ལ་པ། ཐང་སྤེ་བ། གསེར་སྡིངས་པ། དགེ་སྡིངས་པ། བློ་ལྡན་སེང་གེ །སྲས་རྗེ་བཙུན་བསོད་ནམས་དཔལ། བླ་མ་ཆོས་ཀྱི་དཔལ་བ། དེས་བདག་ལའོ། །བརྒྱུད་པ་སྔ་མ་དབང་ཁོ་ནའིའོ། །ཆོས་སྐོར་ལ་རྩ་རྒྱུད་དྲག་པོ་གསུམ་འདུལ། དེའི་འགྲེལ་པ་ཛ་བ་རི་པས། ས་བ་རི་པ་ལ་མན་ངག་ཏུ་ཞུས་པ་བདུད་རྩི་མྱུ་གུ་སྒྲུབ་ཐབས་འཁོར་ཆེན། ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ། ཕྱག་རྡོར་གྱི་སྒྲུབ་ཐབས་མདོར་བསྡུས་ཏེ། འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ། ཀླུ་རིགས་བཞི་དང༌། གནོད་སྦྱིན་དང༌། ཡི་དྭགས། ཤ་ཟ། གྲུལ་བུམ། སྲུལ་པོ་རྣམས་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས་ཏེ། འཇིག་རྟེན་པའི་སྒྲུབ་ཐབས་གསུམ། ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས་ཀྱི་གཏོར་ཆོག །རིམ་པ་དྲུག་པ་ཞེས་བྱ་བ་རྟགས་གསལ་བར་བྱེད་པ་དང༌། ཕྱག་རྡོར་གྱི་སྦྱིན་སྲེག་གཉིས་དང༌། དཀྱིལ་ཆོག །ཀླུ་ཁྲོ་


JLD001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བོས་བསད་པ་དང༌། ཀླུ་རིགས་བཞི་མནན་པའི་ཆོ་ག །མཛེ་ནད་ཀྱི་མཚན་ཉིད། འཁོར་ཆེན་གྱི་བསྟོད་པ་རྣམས་ཛ་བ་རི་པས་མཛད་པ་ལ། དེ་བ་པུཎྱ་མ་ཏི་དང་མགར་ཆོས་བཟང་གི་འགྱུར། རྟེན་འབྲེལ་གྱི་བསྲུང་བ་ཛ་བ་རི་པས་མཛད་པ། པཎྜི་ཏ་སྔར་ལྟར་དང༌། ལོཙྪ་བ་ཤེའུ་བཛྲ་དེ་བའི་འགྱུར། བསད་པ་གསོ་བའི་ཆོ་ག་དང༌། བདུད་རྩི་འོ་མའི་མཆོད་པ་མཛད་བྱང་མེད་པ་གཉིས་འགྱུར་དང་པོ་ལྟར་རོ། །དམར་པོའི་སྒྲུབ་དཀྱིལ་ཡང་ཐོབ། འདི་གཉིས་ཀྱང་ཛ་བ་རི་པས་མཛད་པར་རིན་པོ་ཆེའི་གསན་ཡིག་ན་སྣང༌། ༈ སྒྲོན་མ་ལྷ་བཅུ་བདུན་པའི་དབང་གི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཀླུ་སྒྲུབ། ཁ་ཆེ་ཉི་མ་སྦས་པ། དྷ་ན་ཤྲཱི། མཉྫུ་ཤྲཱི། མལ་གྱོ་བློ་གྲོས་གྲགས། ས་ཆེན་པ། མཆིམས་བརྩོན་འགྲུས་སེང་གེ །ལྕེ་མདོ་སེང༌། རོང་པ་རྒ་ལོ། སྲས་ཤེར་སེང༌། བླ་མ་ཆོས་བརྩོན། བླ་མ་ཆོས་ཀྱི་དཔལ་བ་ལ། འགྲོ་མགོན་ཆོས་རྒྱལ་གྱི་ཡིག་ཆ་ཡང་ཐོས་སོ། །འདི་ལ་ཆོས་རྒྱལ་འཕགས་པའི་བརྒྱུད་ཡིག་ན། ཀླུ་སྒྲུབ་མེད། ཉི་སྦས་ནས་ཙནྡྲ་གརྦ། དགྲ་ལས་རྒྱལ་བ། ངག་དབང་གྲགས་པ། དང་བྱེད་གོ་ཆ། དེ་པའི་བསྲུང་བ། དྷ་ན་ཤྲཱི་ཞེས་པ་སྣང་བས་བརྟག་གོ །སྒྲོལ་མ་བཙོན་འདོན་གྱི་བརྒྱུད་པ་ནི། སྒྲོལ་མ། ཀླུ་སྒྲུབ། ཉི་སྦས། ཙནྡྲ་གརྦ། ཛེ་ཏ་རི། ངག་གི་དབང་ཕྱུག །ཤྲངྔྷ་ཀཱ་ར། ཏ་ཐཱ་ག་ཏ་རཀྵི་ཏ། མཉྫུ་ཤྲཱི། མལ་གྱོ། སུ་ཅེར་ལོཙྪ་བ། ལ་སྟོད་པ་དབང་རིན། མཆིམས་ཆོས་སེང༌། འབྲེ་སྒོམ་ཡེ་ཤེས་སེང་གེ །གྲུབ་ཐོབ་ཧཱུཾ་


JLD001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འབར། བླ་མ་དགེ་སློང༌། བླ་མ་བཞད་པའི་རྡོ་རྗེ། ཡང་རྩེ་བ། བུ་སྟོན་པ། བླ་མ་ཆོས་ཀྱི་དཔལ་བ་ལ་རིན་པོ་ཆེ་པའི་ཡིག་ཆའི་སྟེང་ནས་ཐོས་སོ། །ཚེ་དཔག་མེད་ལྷ་དགུའི་བསྟོད་པ། སྒྲུབ་ཐབས། དཀྱིལ་ཆོག་གསུམ་ཛེ་ཏ་རི་པས་མཛད་པའི་བརྒྱུད་པ་ནི། ཛེ་ཏ་རི། བོ་ངྷི་བྷ་དྲ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོཙྪ་བ། མཆིམས་བརྩོན་སེང༌། རྒྱ་ཞང་ཕུག་པ། འཇད་པ་རིན་ཤེ། ཨེ་པ་འཁོན་སྟོན། ཏི་ཤྲཱི་ཀུན་བློ། ཤང་ཏོ་སྡེ་དཔོན་པ། བླ་མ་ཆོས་ཀྱི་དཔལ་བ། དེས་བདག་ལའོ། ། ༈ གྲུབ་རྒྱལ་མས་རས་ཆུང་བ་ལ་གནང་བའི་མན་ངག་རྒྱུན་ཁྱེར་བྱ་བ་ལོངས་སྤྲུལ་གཉིས་ཀྱི་ཚེ་སྒྲུབ་ཀྱི་བརྒྱུད་པ་ནི། གྲུབ་པའི་རྒྱལ་མོ། རས་ཆུང་པ། འགོས་རི་ཁྲོད་དབང་ཕྱུག །གཉན་སྒོམ་རྒྱལ་སེང༌། སློབ་དཔོན་དགེའུ་བ། མངོན་པ་བ། རོང་པ་ཆོས་མགོན། མངའ་རིས་པ་སངས་རྒྱས་ཡེ་ཤེས། ཤང་ཏོ་སྡེ་དཔོན། བླ་མ་ཆོས་ཀྱི་དཔལ་བ། དེས་བདག་ལའོ། ། ༈ ལཱུ་ཨི་པའི་དབང་དང་རྩ་རྒྱུད་ཀྱི་བཤད་པའི་བརྒྱུད་པ་ལ་ལུགས་ལྔ་ལས། དང་པོ་ས་ལུགས་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི་པ། ལཱུ་ཨི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལན་དྷ་ར་བ། ནག་པོ་སྤྱོད་པ་བ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་ལོཙྪ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་བ། བསོད་ནམས་སེང་གེ །སངས་འབུམ། ལེགས་པའི་


JLD001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས། དཔལ་ལྡན་པ། བུ་སྟོན་པའོ། །གཉིས་པ། ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ལཱུ་ཨི་པ། དཱ་རི་ཀ་པ། ཏཻ་ལོ་པ། ནཱ་རོ་པ། །ཤཱནྟི་པ། ངོ་བོ། རོང་པ་མགར་དགེ །ལྷ་རྗེ་སྟོད་པ། སྟེང་ཤོད་ཞལ་གཉིས། སྟེང་ཟླ་གསལ། ཤོད་ཉི་མ་ཁ་གྲ། རྗེ་ཆེ་བ། རྗེ་ཆུང་བ། ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ། ཆོས་འོད། ཞིང་ཆེན་གྲགས་པ་དཔལ། བདེར་གཤེགས་དཔལ། བླ་མ་སྒོམ་པ། བླ་མ་གྲགས་ཆེན། འཕགས་འོད། བུ་སྟོན་ནོ། གསུམ་པ་ལོ་ཆུང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ལཱུ་ཨི་པ། ཌ້་ཀི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཛ་ལན་དྷ་རི་པ། ནག་པོ་སྤྱོད་པ་བ། དག་པའི་མགོན་པོ། རུས་སྦལ་ཞབས། བྷུ་བ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། པྲཛྙཱ་རཀྵི་ཏ། ཕམ་མཐིང་པ་གསུམ། མ་ན་ཀ་ཤྲཱི། པྲཛྙཱ་རཀྵི་ཏ་གཉིས་ཀྱིས། ཀ་ན་ཀ་ཤྲཱི། དེ་དང་ཕམ་མཐིང་པ་གཉིས་ཀ་ལ། བྷ་ཏན་ཏས། དེ་ལ་ལོ་ཆུང་གྲགས་མཆོག །དམར་ཆོས་རྒྱལ། མངའ་རིས་སྐྱི་སྟོན། ཐུར་ལ་བ། ཐང་སྤེ་བ། གསེར་སྡིངས་པ། ཆོས་འོད། འཕགས་འོད། བུ་སྟོན་ནོ། །ཡང་། དམར་ཆོས་རྒྱལ་ནས། མེ་ཉག་ཆོས་རྒྱལ། མེ་ཉག་རྡོ་རྗེ་གྲགས། ལྕེ་མདོ་སེང༌། བླ་མ་སྟོན་ཤག །བླ་སང༌། འཕགས་འོད། བུ་སྟོན་ནོ། །ཡང་། ལྕེ་མདོ་སེང༌། ཆོས་འོད། འཕགས་འོད། བུ་སྟོན་ནོ། བཞི་པ། གཉོས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ།


JLD001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། རཀྵི་ཏ། ནག་པོ་ལྷ་ལ་དད་པ། ཕམ་མཐིང་པ་གསུམ་གྱིས་ཞུས། ཕམ་མཐིང་པའི་སློབ་མ་བྷ་ཏན་ཏ་དང། ནག་པོ་ལྷ་ལ་དད་པ་ལ། གཉོས་ལོཙྪ། གཉོས་བླ་མ། གཉོས་དཔལ་ལེ། ཕུག་ཁ་བ་ཇོ་འབུམ། གཙང་ལྷ་སྟེང་བ། ལྕེ་ཇོ་མདོ། བླ་མ་སྟོན་ཤག །བླ་མ་བློ་སེང༌། འཕགས་འོད། བུ་སྟོན་ནོ། །ལྔ་པ། མར་དོ་ལུགས་ཀྱི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁ་འགྲོ་མ། ལཱུ་ཨི་པ། ཌ້་ཀི་པ། ལྭ་བ་པ། ཨིནྡྲ་བྷཱུ་ཏི། ཀ་ཙ་པ། དྲིལ་བུ་པ། ཛ་ལན་དྷ་རི་པ། ནག་པོ་པ། ཀུ་ཤ་ལ་ན། ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་དན་ཏ། མར་བ་དོ་པ། གཟེ་བ་བློ་ལྡན། གཟེ་བ་ཇོ་བདེ། སློབ་དཔོན་ཁུ་པ། ལྷོ་ཚད་པ། ལོ་མཆོག །དཔལ་ལྡན་པ། བུ་སྟོན་པའོ། །བུ་སྟོན་པ་ནས་བླ་མ་ཁྱུང་ཆེན་པ་ནི་དབང་གི་བརྒྱུད་པ་ཡིན། ཡང༌། བུ་སྟོན་པ་ནས་བླ་མ ཆོས་ཀྱི་དཔལ་བ་ནི། རྩ་རྒྱུད་དང༌། རིན་པོ་ཆེ་པས་མཛད་པའི་ཊཱི་ཀའི་བཤད་རྒྱུད་དོ། ནག་པོ་བའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི་པ། ལཱུ་ཨི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལན་དྷ་རི་པ། ནག་པོ་སྤྱོད་པ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོཙྪ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པ། ཆོས་རྒྱལ་འཕགས་པ། དགའ་


JLD001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། བཀྲ་ཤིས་དཔལ་ཡིན་པ་འདྲ། ཞང་དཀོན་མཆོག་དཔལ། ཡང་དགོན་ཆོས་རྗེ་བསོད་ནམས་འབུམ། བླ་མ་བག་སྟོན་གཞོན་ཚུལ། ཁྱུང་པོ་ལྷས་པ་སྔ་མ་དུས་འཁོར་བ། བླ་མ་ཁྱུང་ཆེན་པ། དེས་བདག་ལའོ། ཡང༌། ཆོས་རྗེ་བ། རྒ་ལོ། ཤེར་སེང༌། བག་སྟོན། ཁྱུང་པོ་བ་རྣམ་པ་གཉིས་སོ། ། ༈ དྲིལ་བུ་པའི་ལུས་དཀྱིལ་གྱི་དབང་གི་བརྒྱུད་པ་ལ་གཉིས་ལས། དང་པོ་ས་ལུགས་ནི། གཞན་འདྲ་བ་ལ། ཆོས་རྗེ་ས་སྐྱ་པ་ནས། བོ་དོང་རིན་པོ་ཆེ་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་རིན་པོ་ཆེ། བུ་སྟོན། ཆོས་རྗེ་བསོད་རྒྱལ། དེས་བདག་ལའོ། །བོ་དོང་རིན་པོ་ཆེའི་གནས་སུ། འགྲོ་མགོན་ཆོས་རྒྱལ་བཅུག་པས་ཀྱང་ཆོག་ཅིང༌། ཡང་རྩེ་བས་རིན་པོ་ཆེ་ཁྲོ་ཕུ་བ་ལ་ཐོབ། ཡང་རྩེ་བ་ལ་རིན་པོ་ཆེ་པས་མང་དུ་གསན་གདའོ། །གཉིས་པ། ཁ་ཆེ་ལུགས་ལ་རིང་བརྒྱུད་ནི། རྡོ་རྗེ་འཆང༌། ཕག་མོ། དྲིལ་བུ་པ། དཱ་རི་ཀ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷ་ཡ། དེ་བ་པུརྣ། ཤཱཀ་ཤྲཱི། སྤྱི་ལྷས་པ་སེང་གེ་དཔལ། ཞང་ཆ་རུ་པ། བྱང་སེམས་འབྲི་ལུང་པ། རིན་པོ་ཆེ་ཁྲོ་ཕུ་བ། ཡང་རྩེ་བའོ། །གཉིས་པ། ཐུང་བརྒྱུད་ནི། དྲིལ་བུ་པ། དེ་བ་པུཎྱ། ཤཱཀྱ་ཤྲཱི་མན་སྔར་བཞིན་ལས། ཡང་རྩེ་བ། བུ་སྟོན། ཆོས་རྗེ་བླ་མ། དེ་ལ་བདག་གིས་སོ། །བརྒྱུད་པ་འདི་ལ་ཡང་ཀུན་སྤྱོད་ཀྱི་བརྒྱུད་པ་ཡོད་དོ། །དྲིལ་བུ་ལྷ་ལྔའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། དྲིལ་བུ་པ། ལང་ཀ་ལིང་པ། ནག་པོ་སྤྱོད་པ་བ། དགེ་བའི་མགོན་པོ། ཏཻ་ལོ་པ།


JLD001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་པ། མ་ན་ཀ་ཤྲཱི། ཀ་ན་ཀ་ཤྲཱི། ཕམ་མཐིང་པ། འཇིགས་མེད་གྲགས་པ། སུ་མ་ཏི་ཀཱིརྟི། མར་པ་དོ་པ། གཟེ་བ་བློ་ལྡན་སེང་གེ །གཟེ་བ་ཇོ་བདེ། ཤག་རྡོར། རོང་པ་ཆོས་མགོན། ལོ་མཆོག །དཔལ་ལྡན་པ། བུ་སྟོན། རིན་རྣམ་པ། ཁྱུང་ཆེན་པ། དེས་བདག་ལའོ། །དེ་ལ་རྒྱ་གཞུང་གི་མངོན་རྟོགས་ཀྱང་ཐོས་ཏེ། རིན་པོ་ཆེ་པ་ལ་བླ་མ་པས་གསན་ནོ། །འདི་སྔ་མ་རྣམས་ལྭ་བ་པའི་བཅུ་གསུམ་མའི་དཀྱིལ་མཆོག་ལ་བརྟེན་ཅིང་བླ་མ་ནི་དྲིལ་བུ་པའི་དབང་བཅུའི་སྟེང་ནས་མཛད་པར་གདའོ། ། ༈ བདེ་མཆོག་སྡོམ་འབྱུང་གི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ལཱུ་ཨི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལན་དྷ་རི་པ། དཔེ་མེད་དཔལ། རིན་ཆེན་འབྱུང་གནས་སྦས་པ། ཨ་བྷ་ཡ། དགེ་བའི་འབྱུང་གནས། ལེགས་སྤྱོད་ཞབས། རཏྣ་རཀྵི་ཏ། ཆག་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ། ཤོང་བློ་བརྟན། ལོ་མཆོག །དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །བདེ་མཆོག་སྡོམ་འབྱུང་གི་དབང་བརྒྱུད། འགྲེལ་པ་པདྨ་ཅན་གྱི་བཤད་རྒྱུད་ནི། རྡོ་རྗེ་འཆང༌། རིན་ཆེན་མཚོ། ཆོས་རྗེ་དཔལ། མདོ་སྡེ་འབར། གཡུང་ཕུག་པ། བློ་གྲོས་བརྟན་པ། ཐར་ལོ། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེ་ལ་བདག་གིས་སོ། །ཡང་། རྡོ་རྗེ་འཆང༌། ལཱུ་ཨི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལན་དྷ་ར་པ། དཔེ་མེད་དཔལ། རིན་ཆེན་འབྱུང་གནས་སྦས་པ། ཨ་བྷ་ཡ། དགེ་བའི་འབྱུང་


JLD001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གནས། ལེགས་སྤྱོད་པ། རཏྣ་རཀྵི་ཏ། ཆག་ཆོས་རྗེ་དཔལ། གོའུ་ལུང་པ། མདོ་སྡེ་དཔལ། ཤོང་བློ་བརྟན། ལོ་མཆོག །དཔལ་ལྡན་པ། བུ་སྟོན་པ། སློབ་དཔོན་རྒྱལ་མཚན་གྲགས། བུ་སྟོན་པས་མཛད་པའི་བདེ་མཆོག་གི་ཆོས་འབྱུང་ཡང་ཐོས་སོ། །མི་ཏྲ་ལུགས་ཀྱི་བདེ་མཆོག་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྱང་སེམས། བློ་གྲོས་རིན་ཆེན། བྲམ་ཟེ་ས་ར་ཧ། མཻ་ཏྲི་པ། རོལ་པའི་རྡོ་རྗེ། མི་ཏྲ་ཛོ་ཀི། ཁྲོ་ཕུལ་ལོཙྪ་བ། བསོད་ནམས་དབང་ཕྱུག །ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ། བུ་སྟོན་པ། རིན་རྣམ་པ། དེས་བདག་ལའོ། །འདི་ལ་མཻ་ཏྲི་བཅུ་གསུམ་མའི་བཀའ་ཡང་འདུས་ཡོད་གསུང་བྱ་བ་སྣང་ངོ་། །ཕྱི་མའི་དབང་གི་བརྒྱུད་པ་སྔ་མ་ལ་སོགས་པ་མི་སྣང་ངོ༌། ། ༈ པདྨ་དྲ་བའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎྞི་ཏ་བི་མ་ཤྲཱི། བི་བྷ་བ་བི་མ་ཤྲཱི། སུ་མ་ན་ཤྲཱི། རཏྣ་ཀ་ར། ཤྲཱི་ཨ་མ་ལ་བྷ་དྲ། ཕ་ལ་ཤྲཱི། སུ་མ་ན་ཤྲཱི། ལོཙྪ་བ་བུ་སྟོན། སྒྲ་ཚད་པ་རིན་རྣམ། དེས་བདག་ལའོ། །གདན་བཞིའི་དབང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། ཨཱརྱ་དེ་བ། ཤེས་རབ་བཟང་པོ། པུ་ལ་ཧ་རི་པ། མར་པ་ལོཙྪ། དམྱལ་བ་སྲེག །མདོ་སྡེ། ཇོ་ཚུལ། ཀུན་དགའ། རྔོག་གཟི་བརྗིད། ཁམས་པ། ལོ་མཆོག །དཔལ་ལྡན་པ། བུ་སྟོན། ཡང༌། རྡོ་རྗེ་འཆང་། ཕྱག་རྡོར། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། ཨཱ་རྱ་དེ་བ། ཏཻ་ལོ་པ། ནཱ་རོ་པ། མར་པ། རྔོག་ཆོས་རྡོར། སྲས་ཞེ་སྡང་


JLD001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། དེའི་སྲས་ཐོགས་མེད་གྲགས་པ། དེའི་སྲས་རྒྱལ་ཚ་རྡོར་སེང༌། རྒྱ་ཕོ་བ་ལུང་པ་ཡོན་ཏན་གྲགས། པར་ཐང་པ་ཆོས་གྲགས། བླ་མ་ཤཱཀ་གཞོན། བླ་མ་བློ་ལྡན། འཕགས་འོད། བུ་སྟོན། བླ་མ་ཁྱུང་པོ་བ། དེས་བདག་ལའོ། །གདན་བཞིའི་ཡབ་ཀྱི་སྒྲུབ་ཐབས་དང༌། དེའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། ཨཱརྱ་དེ་བས་མཛད་པ་སྔ་མ། ཀ་མ་ལ་གུཔྟ་དང༌། ལོ་ཆེན་གྱི་འགྱུར། ཕྱི་མ་ག་ཡ་དྷ་ར་དང༌། འགོས་ཀྱི་འགྱུར། གདན་བཞིའི་ལྷ་བཅུ་གསུམ་ཡུམ་གཙོ་བོར་གྱུར་པའི་སྒྲུབ་ཐབས། སློབ་དཔོན་བྷ་བ་བྷ་དྲས་མཛད་པ། ག་ཡ་དྷ་ར་དང་འགོས་ཀྱི་འགྱུར། ཤིང་གཅིག་མ་དང༌། ཆུ་ཤིང་བུམ་པའི་རྒྱ་གཞུང་དང༌། བ་ལང་རྨིག་པ་དང༌། བའི་ནུ་མ་སོགས་ཀྱི། འཁྲིད་ཀྱི་བརྒྱུད་པ་ནི། བླ་མ་བློ་ལྡན་པ་ཡན་གོང་བཞིན་ལ། ཁྱུང་ཆེན་པོ། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །གདན་བཞི་རྩ་བའི་རྒྱུད་དང༌། བཤད་རྒྱུད་ཐམས་ཅད་གསང་བ་དང༌། སྔགས་ཀྱི་ཆའི་རྒྱུད་ཀྱི་བརྒྱུད་པ་ནི། ཀུན་ཏུ་གཟིགས་ཤུ་རཾ་ག་བཛྲ། དེས་བདག་ལའོ། །སཾ་བྷུ་ཊི་ལ་བརྒྱུད་ལུགས་གསུམ་ལས། དཔྱལ་ལུགས་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་སྐལ་བཟང༌། གུ་རུ་ཙརྱ། ཏཻ་ལོ་པ། ནཱ་རོ་པ། འཇིགས་མེད་གྲགས་པ། དཔྱལ་བསོད་རྒྱལ། ཀུན་དགའ་རྡོ་རྗེ། ལྷ་ལུང་པ། ཆོས་བཟང༌། ཨ་མོ་གྷ། ཆོས་འོད། འཕགས་འོད། བུ་སྟོན། མཁན་ཆེན་དྷརྨ་ཤྲཱི། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །གཉིས་པ་རྭ་ལུགས་ནི། ཡེ་ཤེས་ཀྱི་


JLD001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་མ། ནག་པོ་པ། བྷ་དེ་བ། དྷ་མ་པ། དེ་བ་པ། ཛེ་ཏ་རི། ཡན་ལག་མེད་པའི་རྡོ་རྗེའི། དྷརྨ་ཀ་ར་མ་ཏི། ཐུགས་རྗེ་ཆེན་པོ། རྭ་རྡོ་རྗེ་གྲགས། རྔོག་མདོ་སྡེ། རྔོག་ཐོགས་མེད་གྲགས་པ། གཙང་སྨྲ་སེང༌། ལྕེ་མདོ་སེང༌། ཆོས་འོད། འཕགས་འོད། བུ་སྟོན། མཁན་ཆེན་དྷ་ར་ཤྲཱི། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །གསུམ་པ་ཇོ་བོ་ལུགས་ནི། ཀྱཻ་རྡོར། པདྨ་བཛྲ། སློབ་དཔོན་པདྨ། ཨིནྡྲ་བྷོ་ངྷི། ལེགས་སྨིན་ཀ་ར། ཛྙཱ་ན་བོ་ངྷི། ཙ་ཨི་བྷ་དྲ། འཇམ་དཔལ་བཟང་པོ། བྱང་ཆུབ་བཟང་པོ། ཤཱནྟི་པ། ཇོ་བོ་རྗེ། རོང་པ་མགར་དགེ་བ། ཚུལ་ཁྲིམས་ཤེས་རབ། མཐའ་བཞི་དར་གྲགས། སྟེང་པ་ཟླ་གསལ། ཤོང་པ་ཉི་མ་ཁ་དྲོ། གཙང་པ་རྒྱལ་སྲས། ཧཱུཾ་ཀ་རྡོ་རྗེ། ཤེས་རབ་རྒྱལ་པོ། ཤེས་རབ་གཙུག་ཏོར། དྷརྨཱ་ཙཀྲ། དྷརྨཱ་པྲ་བྷ་ཝ། མཁན་ཆེན་གྲགས་པ་དཔལ་བཟང་པོ། ཞིང་མོ་ཆེ་པ་བསོད་ནམས་རྒྱལ་མཚན། བླ་མ་བདེ་བ་ཆེན་པོའི་རྡོ་རྗེ། བླ་མ་གྲགས་པ་དཔལ་བཟང༌། འཕགས་འོད། བུ་སྟོན། མཁན་ཆེན་དྷརྨཱ་ཤྲཱི། སློབ་དཔོན་རྒྱལ་མཚན་གྲགས། དེ་ལ་སཾ་བྷུ་ཊའི་ཊཱི་ཀ་བུ་སྟོན་པས་མཛད་པའང་ཐོས། ནག་པོ་བའི་དབང་གི་བརྒྱུད་པ་ལ་གཉིས་ལས། རྭ་ལུགས་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ནག་པོ་སྤྱོད་པ་བ། རྗེ་བྷནངྷེ། རྗེ་དྷརྨ། རྗེ་བྷུ་བ་པ། རྗེ་ཛེ་ཏ་རི། ཨ་ནམ་མཁའ་བཛྲ། དྷརྨ་ཀ་ར་མ་ཏི། བལ་པོ་ཐུགས་རྗེ་ཆེན་པོ། རྭ་རྡོ་རྗེ་གྲགས།


JLD001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། རྒ་ལོ། ཤེར་སེང༌། རྡོ་རྗེ་རྒྱལ་མཚན། བུ་སྟོན། མཁན་ཆེན་དྷརྨ་ཤྲཱི། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །གཉིས་པ་ས་ལུགས་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དྲིལ་བུ་པ། དེས་གཞུང་གསུམ་མཛད། དེའི་སློབ་མ་རུས་སྦལ་ཞབས། དེ་ལ་ཤྲཱི་ཛ་ལན་དྷ་རི་བ། དེས་སྤྱོད་པའི་རྡོ་རྗེ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ། ས་ཆེན། རྩེ་མོ། གྲགས་རྒྱལ། ས་པཎ། རིན་པོ་ཆེ་ཚོགས་སྒོམ། འུ་ཡུག་པ་དཔལ། རྒྱལ་གྲགས་ཆེན་པ། འཕགས་འོད། བུ་སྟོན། དྷ་ར་ཤྲཱི། རྒྱལ་མཚན་གྲགས། དེ་ལ་ནག་པོ་བས་མཛད་པའི་མངོན་རྟོགས་ཀྱི་ཊཱི་ཀ་བུ་སྟོན་པས་མཛད་པ་ཐོས། བུ་སྟོན་པས་མཛད་པའི་ཆོས་འབྱུང་ཆེན་མོ། རྒྱུད་སྡེ་སྤྱིའི་རྣམ་གཞག །རྣམ་མཁྱེན་བགྲོད་པའི་བདེ་ལམ་རྣམས་ནི་བུ་སྟོན་པ། སློབ་དཔོན་རྒྱལ་མཚན་གྲགས་པ། དེས་བདག་ལའོ། །སངས་རྒྱས་ཐོད་པ་ལྷ་དགུ་མ་དང༌། ལྷ་ཉི་ཤུ་རྩ་ལྔ་མའི་བརྒྱུད་པ་ནི། ཆོས་རྗེ་བསོད་རྒྱལ། སློབ་དཔོན་རྒྱལ་མཚན་གྲགས་སོ། །ལྷ་དགུ་མ་ནི། སློང་དཔོན་རྒྱལ་མཚན་གྲགས་ཀྱིས་ཁྱུང་ཆེན་པ་ལ་གསན་ཅིང་དེ་ཡན་མ་ངེས་འདུག་གསུང༌། མ་ཧཱ་མ་ཡའི་དབང་གི་བརྒྱུད་པ་ནི། བླ་མ་ཚུལ་རྒྱལ་བ། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། དེ་ཡན་མ་ངེས་འདུག་གསུང༌། རྡོ་རྗེ་དབྱིངས་ཀྱི་དབང་བཀའ་དང༌། རྡོ་རྗེ་འབྱུང་བའི་བཤད་བཀའ་ལ་བརྒྱུད་པ་གསུམ་


JLD001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྔ་མ་ཁ་ཆེ་ལུགས་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། དཔའ་བོ་རྟ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིངྔྷི་དང་བཞིས་ཀུན་སྙིང་ལ། པྲཛྙཱ་ཝཱ་ལི་ཏ། པྲཛྙཱ་བོ་ངྷི། མུཀྟི་ཀོ་ཥ། ཤྲངྔྷ་ཀ་ར། ལོ་ཆེན། རྐྱང་པོ་ཆོས་བློ། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྤྲུལ་སྟོན་འབར་ཐོག །གཙང་ཡང་དག་རྡོ་རྗེ། གཙང་སྨྲ་སེང༌། ལྕེ་མདོ་སེང༌། བླ་མ་ཆོས་འོད། འཕགས་འོད། བར་པ་ཡུལ་དབུས་ནས་བརྒྱུད་པ་ནི། མུཀྟི་ཀོ་ཥའི་བར་སྔར་དང་འདྲ་བ་ལས། སངས་རྒྱས་ཞི་བ། ལོ་ཆེན། ལོ་ཆུང༌། དེ་གཉིས་ཀ་ལ་རྐྱང་པོ་ཆོས་བློ། དེ་མན་ཆད་སྡར་དང་འདྲའོ། །གསུམ་པ་ཟངས་དཀར་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ཨིནྡྲ་བྷུ་ཏི་ཆེ་བ། བར་པ། ཆུང་བ། ཀླུ་སྒྲུབ། ཀླུ་བྱང༌། ཡེ་ཤེས་རྡོ་རྗེ། ཨོ་ཊི་ཡ་ནའི་སྨྲ་བའི་གཙུག་གི་ནོར་བུ། ཀུན་སྙིང༌། རབ་དབྱིངས་བཤེས་གཉེན། དེ་ལ་ཤྲངྔྷ་ཀ་ར། པདྨ་ཀར། དྷརྨ་ཀ་ར་གསུམ་གྱིས། དེ་གསུམ་གྱི་བར་པ་ལ་ལོ་ཆེན། དེ་ནས་ལོང་ཆུང༌། ཟངས་དཀར་ཀློག་སྐྱ་པ་སེང་རྒྱལ་ལ། སྤྱང་ཚང་པ་སྟོན་ཚེ་དང༌། ཇོ་ཤེ་གཉིས་ཀས་གསན། དེ་གཉིས་ལ་གཙང་ལྷ་སྟེང་པས། དེ་ནས་གཙང་སྨྲ་སེང༌། ལྕེ་མདོ་སེང༌། ཆོས་འོད། ལྕེ་བློ་ལྡན་སེང་གེ །འཕགས་འོད། བུ་སྟོན། ཁྱུང་ཆེན་པ་ནི་དབང་གི་བརྒྱུད་པའོ། །བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས་ནི་ཡོ་གའི་ཆོས་འབྱུང་དང༌། རྡོ་རྗེ་འབྱུང་བའི་ཊཱི་ཀ་བུ་སྟོན་པས་མཛད་པ་དང་བཅས་པའི་བཤད་པའི་བརྒྱུད་པ་ཡིན་ཞིང༌། བརྒྱུད་པ་བར་པ་བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས་ནི་དེ་ཉིད་སྣང་བའི་བསྟོད་འགྲེལ་གྱི་བརྒྱུད་པ་ཡང་ཡིན་ནོ། །དེ་ཉིད་སྣང་བའི་བར་འགྲེལ་མན་ཆད་ཀྱི་བརྒྱུད་པ་ནི། པཎྜི་ཏ་


JLD001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ། ཟངས་དཀར་ལོཙྪ་བ། གནུར་ཆེན་པོ། བཛྲ་སིང་ཧ། གླན་ཆོས་འབྱུང༌། རྩ་སྐྱ་ཡོན་ཏན་འབུམ། ཁྲི་བརྟན། ཡེ་རྒྱལ། ཆོས་རྒྱལ། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །ཀོ་ས་ལའི་རྒྱན་གྱི་བརྒྱུད་པ་ནི། རྣམ་སྣང༌། ཕྱག་རྡོར། བུངྔྷ་གུཔྟ། ཡན་ལག་མེད་པའི་རྡོ་རྗེ། འཇམ་པའི་ང་རོ། །དཔེ་མེད་རྡོ་རྗེ། སེང་གེ་རྡོ་རྗེ། །པདྨའི་རྡོ་རྗེ་མྱུ་གུ་ཞབས། ཨིནྡྲ་བྷུ་ཏི་ཕྱི་མ། རྒྱལ་པོ་ལ་གྲི་མོ། སྣང་བའི་རྡོ་རྗེ། །ཡུལ་དབུས་ཀྱི་བུ་མོ་གསང་བའི་རྡོ་རྗེ། ཨོ་དེ་ཤའི་རྒྱལ་པོ་བི་སུ་ཀལྤ། ཡུལ་དབུས་ཀྱི་རྒྱལ་རིགས་ས་ར་ཧ། དྲི་མེད་སྙིང་པོ། གྲུབ་པའི་ཡེ་ཤེས་ཞབས། སངས་རྒྱས་ཡེ་ཤེས་ཞབས། ཤཱཀྱ་བཤེས་གཉེན། དེ་ལ་དབུ་རྒྱན་གྱི་དགེ་སློང་ཡོན་ཏན་འབྱུང་གནས་ཀྱིས་ཞུས་ནས། ཀོ་ས་ལའི་རྒྱན་མཛད། ཤྲདྡྷ་མན་ཆང་འདྲའམ་དཔྱད་པར་བྱའོ། །ཞེས་བླ་མ་འཕགས་འོད་གསུང་ཟེར། ཡང་ཀོ་ས་ལའི་བརྒྱུད་ལུགས་གཅིག་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། རབ་འབྱོར་བསྐྱངས༌། ཀུན་སྙིང༌། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། ཤྲངྔྷ་ཀ་ར། བུངྔྷ་ཤྲི། ཤཱནྟི། ལོ་ཆེན། ལོ་ཆུང༌། གཉལ་བ་ཉི་མ་ཤེས་རབ། གནུར་ཆེན་པོ་ཉི་མ་འོད་ཟེར། གནུར་བཛྲ་སིང་ཧ། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། ཁྲི་བརྟན། གནུར་ཡེ་རྒྱལ། གནུར་ཆོས་རྒྱལ། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །འདིའི་བརྒྱུད་པ་ནི། གནུར་བའི་བརྒྱུད་ཡིག་འགའ་རེ་ཚུལ་མི་གཅིག་པར་


JLD001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་བརྟག་པར་བྱའོ། །ཞེས་ཟེར། འདི་ལ་ཀུན་སྙིང་དོར་ཏེ་ཤཱཀྱ་བཤེས་གཉེན་འཇུག་པ་ཡིན་ཞེས་རྩ་སྐྱ་བ་གསུང་ཟེར། ས་ཆེན། གཤེན་རྡོར་སེང༌། དབུས་པ་དབང་ཕྱུག་གྲགས། ལྷོང་སྟོན་ཤེས་རབ་དཔལ། དཔལ་འབྱོར་བཟང་པོ། ཁྲི་བརྟན། ཡེ་རྒྱལ། ཆོས་རྒྱལ། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས་ནི་ཡོ་ག་འཇམ་དཔལ་གོ་ཆས་བསྒྱུར། ཨ་བ་ཏ་རའི་བརྒྱུད་པའོ། །འདི་ལ་རྒྱ་ཆེར་འགྲེལ་གཅིག་རྒྱ་གར་ཤར་ཕྱོགས་ན་ཡོད་ཅེས་གྲགས་སྐད། ས་ཆེན་ཡན་ཆད་ཀྱི་བརྒྱུད་པ་གསན་ཡིག་ན་མི་སྣང༌། རྡོ་རྗེ་རྩེ་མོའི་རྒྱུད་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། དེ་ལ་སློབ་མའི་མཆོག་བཞི་སྟེ། པད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ་སྟེ་བཞིས་རྒྱལ་རིགས་ས་ར་ཧ་པ་ལ། དེ་ནས་ཀུན་སྙིང༌། ཐ་ག་ན་པ། ངག་དབང་གྲགས་པ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤྲཱི། ཟངས་དཀར་ལོ་ཙྪ་བ། གཉན་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། དགེ་བཤེས་ཇོ་ཐུར། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། བློ་ལྡན་སེང་གེ །འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །ཡང་བརྒྱུད་ལུགས་གཅིག་ལ། ཕྱག་རྡོར། རྡོ་རྗེ་ཆོས། ཨིནྡྲ་བྷུ་ཏི་དང་པོ། རྟ་མཆོག་བྷི་ན་ཤྲཱི། ཨིནྡྲ་བྷུ་ཏི་བར་པ། ཨིནྡྲ་བྷུ་ཏི་ཆུང་བ། ལྕམ་ལཀྵ່་ཀར། རྒྱལ་བུ་སྒྲ་ཅན་འཛིན་བཟང་པོ། ལེགས་པའི་སྒྲོལ་མ། ཀླུ་སྒྲུབ། ཨཱརྱ་དེ་བ། ཀླུའི་བྱང་ཆུབ། ཆོས་ཀྱི་རྡོ་རྗེ། པདྨ་རྡོ་རྗེ། ཡེ་ཤེས་རྡོ་རྗེ།


JLD001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྙིང༌། དེ་ལ་རྒྱ་གར་ཤར་ཕྱོགས་དང། ལྷོ་ཕྱོགས་དང༌། དབུས་འགྱུར་འཆང་གི་སྲོལ་ལུགས་གསུམ་བྱུང༌། དང་པོ་ནི་དགེ་སློང་ཨ་མོ་གྷ་པཱ་ཤ། རྣལ་འབྱོར་མ་ཀ་པཱ་ལ་ཝ་ཏི། ནོར་བུ་གླིང་བ་བདེ་བའི་རྡོ་རྗེ། བྷྲིཀ་མ་ལ་ཝ་ཏི། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱན་ཤྲཱི། ཟངས་དཀར་རོ། །གཉིས་པ། རྡོ་རྗེ་རྩེ་མོ་སྨད་ལུགས་ཀྱི་བརྒྱུད་པ་ནི། ཀུན་སྙིང༌། པྲཛྙཱ་སིདྡྷི། པྲཛྙཱ་ཝ་ལི་ཏ། རབ་འབྱོར་བསྐྱངས། ཤྲདྡྷ་ཀ་ར། པདྨ་ཀ་ར། ཛྙཱ་ན་ཤྲཱི། ཟངས་དཀར། གཡག་སྡེ་ཚུལ་འབར། ཐོད་པ་དབེན་ཆ་གྲགས། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། བློ་ལྡན་སེང་གེ །འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། གསུམ་པ་གསན་ཡིག་ན་མི་སྣང་ངོ༌། །དཔལ་མཆོག་རིགས་བསྡུས་ཀྱི་དབང་གི་བརྒྱུད་པ་ནི། ཕྱག་རྡོར། ཉི་མའི་དཔལ་ཞབས། རྡོ་རྗེ་གོ་ཆ༌། ཀུན་སྙིང༌། འཇམ་དཔལ་དྲི་མེད་གྲགས་པ། རབ་འབྱོར་བསྐྱངས། ཤྲདྡྷ་ཀ་ར། ལོ་ཆེན། ལོ་ཆུང༌། རྐྱང་པོ། སུམ་སྟོན། ལྕེ་ཞར། སྤྲུལ་སྟོན། གཙང་ཡང་དག་རྡོ་རྗེ། གཙང་སྨྲ་སེང༌། ལྕེ་ཇོ་མདོ། ཆོས་འོད། འཕགས་འོད། ཁྱུང་ཆེན་པ། དེས་བདག་ལའོ། །དཔལ་མཆོག་རྡོར་སེམས་ཀྱི་དབང་གི་བརྒྱུད་པ་ནི། འཕགས་འོད། བུ་སྟོན། ཁྱུང་ཆེན་པའོ། །དཔལ་མཆོག་ཤེར་དུམ་གྱི་བརྒྱུད་པ་ནི། ཆོས་འདོ། བློ་ལྡན་སེང་གེ །འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། ཤྲདྡྷའི་ཐིག་རྩ་འགྲེལ་གྱི་བརྒྱུད་པ་ནི། ཤྲདྡྷ། ལོ་ཆེན། ལོ་ཆུང༌། དེ་ལ་སུམ་སྟོན་དང༌། ལྕེ་ཞར་


JLD001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་གསན། དེ་གཉིས་ཀལ་སྤྲུལ་སྟོན་གྱིས། དེ་ནས་གཙང་ཡང་དག་རྡོ་རྗེ། གཙང་འབྱུང་གནས་སེང་གེ །ལྕེ་ཇོ་མདོ། ཆོས་འོད། བློ་ལྡན་སེང་གེ །འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས་པ། དེས་བདག་ལའོ། །ཀུན་སྙིང་གིས་མཛད་པའི་སྤྱན་དབྱེའི་ཆོག་དང༌། རབ་འབྱོར་བསྐྱངས་ཀྱིས་མཛད་པའི་སྦྱིན་སྲེག་གི་ཆོ་གའི་བརྒྱུད་པ་ནི། རྡོར་འབྱུང་སྨད་ལུགས་ཀྱི་བརྒྱུད་པ་ལས། ཆོས་འོད། བློ་སེང༌། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །ཀུན་སྙིང་གི་རབ་གནས་ལ། ཆེ་ཆུང་གི་གསལ་ཁ་མི་སྣང་སྟེ་ཆུང་བར་མངོན་ནོ། །གཙུག་དགུའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། དེའི་སློབ་མའི་མཆོག་བཞི་ནི། པད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ་སྟེ་བཞིས། རྒྱལ་རིགས་ས་ར་ཧ་པ་ལ། དེ་ནས་ཀུན་སྙིང༌། ཐ་ག་ན། ངག་དབང་གྲགས་པ། བྷ་མེནྟ་ཤཱནྟི། མི་བསྐྱོད་རྡོ་རྗེ། །ཤྲདྡྷ། ལོ་ཆེན། ལོ་ཆུང༌། ཤང་ཆབས་ལྷ་ཁང་གི་སུམ་སྟོན་ཡེ་འབར། གཉན་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། དགེ་བཤེས་ཇོ་ཐུར། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། བློ་སེང༌། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །དེ་ཡན་ཆད་ཡོ་ག་སྨད་ལུགས་ཀྱི་སྐོར་རོ། །རྡོ་རྗེ་དབྱིངས་ཀྱི་དབང་བཀའ་དང༌། རྡོ་རྗེ་འབྱུང་བའི་བཤད་བཀའ་


JLD001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མ་སྟོད་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། དཔའ་བོ་རྟ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི་དང་བཞིས། ཀུན་སྙིང་ལ། དེ་ནས་པྲཛྙཱ་ཝ་ལི་ཏ། རབ་འབྱོར་བསྐྱངས། དྷརྨ་པཱ་ལ། ལོ་ཆེན། བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་ཤེ། གནུར་ཉི་འོད། རྩ་སྐྱ་པ་ཡོན་ཏན་གྲགས། སློབ་དཔོན་ཤག་འབུམ། སངས་རྒྱས་འབུམ། ཆོས་འོད། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །དེ་ཉིད་བསྡུས་པའི་རྒྱུད་དང་བསྟོད་འགྲེལ་དང་རྡོར་འབྱུང་དང༌། རྡོ་རྗེ་སེམས་དཔའ་འབྱུང་བ་ཆུང་བ་རྣམས་ཀྱི་བརྒྱུད་པ་ནི། ལོངས་སྐུ་རྣམ་སྣང༌། སྤྲུལ་སྐུ་རྡོར་སེམས། ཕྱག་རྡོར། རབ་གསལ་ཟླ་བ། རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ། ཀུན་སྙིང༌། པྲཛྙཱ་ཝ་ལི་ཏ། དྷརྨ་པཱ་ལ། ལོ་ཆེན། བརྩོན་འགྲུས་རྒྱལ་མཚན། གཉལ་ཉི། གནུར་ཉི། བཛྲ་སི་ཧ། གླན་ཆོས་འབྱུང༌། རྩ་སྐྱ་ཡོན་ཏན་འབུམ། ཁྲི་བརྟན། གནུར་ཡེ་རྒྱལ། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །དཔལ་མཆོག་ཤེར་དུམ་དང༌། དེའི་འགྲེལ་པ་དང༌། ཤེར་དུམ་གྱི་འགྲེལ་ཆུང་རྣམས་ཀྱི་བརྒྱུད་པ་ནི། ལོ་ཆེན་ཡན་སྔ་མ་དང་འདྲ་བ་ལ། རྒྱ་ཡེ་ཚུལ། གཉལ་ཉི། དེ་མན་ཆད་སྔར་བཞིན་ནོ། །དཔལ་མཆོག་སྔགས་དུམ་མན་ཆད་ཀྱི་རྒྱུད་དང་འགྲེལ་པའི་བརྒྱུད་པ་ནི། གཉལ་ཉི་ནས། ཐག་སྟེ་བ། རྣམ་མཁྱེན་པ། སློབ་དཔོན་སྟོན་ཆོས། དབུས་པ་


JLD001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འབུམ། ཁྲི་བརྟན། ཡེ་རྒྱལ། ཆོས་རྒྱལ། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །དཔལ་མཆོག་རིགས་བསྡུས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། རབ་གསལ་ཟླ་བ། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། ཀུན་སྙིང༌། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོདྷི། དྷརྨ་པཱ་ལ། ལོ་ཆེན། རྒྱ་ཡེ་ཚུལ། གཉལ་ཉི། གནུར་ཉི། རྩ་སྐྱ་དཀོན་མཆོག་གྲགས། ཤཱཀྱ་འབུམ། དབུས་པ་སངས་རྒྱས་འབུམ། ཆོས་འོད། འཕགས་འོད། བུ་སྟོན་པ། ཁྱུང་ཆེན་པ། དེས་བདག་ལའོ། །དཔལ་མཆོག་རྡོ་རྗེ་སེམས་དཔའི་དབང་གི་བརྒྱུད་པ་ནི། འཕགས་འོད་ཡན་ཆད་སྔར་བཞིན་ལས། དེས་ཁྱུང་ཆེན་པ། དེས་བདག་ལའོ། །ཀུན་སྙིང་གི་རབ་གནས་ཆེན་མོའི་བརྒྱུད་པ་ནི། གནུར་ཆོས་རྒྱལ། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས་ཏེ། ཡན་ཆད་ལ་གསལ་ཁ་མི་སྣང་ངོ༌། །རྩེ་མོ་རིགས་བསྡུས་ཀྱི་དབང་གི་བརྒྱུད་པ་ནི། ཤཱཀྱ་ཐུབ་པ། གཾ་ག་དྷ་ར། ཛྙཱ་ན་ཤྲཱི། གཉལ་ཉི། གནུར་ཉི། ཤཱཀྱ་འབུམ། ཁྲི་བརྟན། བསོད་ནམས་བཟང་པོ། བླ་མ་གྲགས་ཆེན། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །རྡོ་རྗེ་རྩེ་མོའི་ཊཱི་ཀ་ས་སྐྱ་བས་མཛད་པ་ལས། ལྷ་གནས་གསུམ་གྱི་སྟོན་པ་དང༌། །བྱ་ཆུབ་སེམས་དཔའ་བྱམས་པ་དང༌། །གྷཾ་ག་དྷ་


JLD001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཉིད་དང་ནི། །གྲུབ་པ་ཐོས་པ་ས་མནྟ། །བྷ་དྲ་ཞེས་ནི་གྲགས་པ་དང༌། །ཡང་རྩེ་བཞི་ཡི་མཆོག་གྱུར་པ། །མཁས་པ་ཛྙཱ་ན་ཤྲཱི་དང་ནི། །སྔགས་འཆང་དམ་པ་ཉི་མ་ཡི། །ཤེས་རབ་དང་ནི་འོད་ཟེར་ལ། །ཤིན་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་འབྱུང་བས་དཔྱད་དོ། །གཙུག་དགུའི་དབང་བཀའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། ཀུན་སྙིང༌། པྲཛྙཱ་ཝ་ལི་ཏ། གུ་ལི་ཟེར། གོ་མི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ། གོ་མི་སྒོམ་ཆེན། ཀྱི་ནོར་ཛྙཱ་ན། གཉལ་ཉི། གནུར་ཉི། ལྡུམ་སྟོན་གྲགས་པ། རྩ་སྐྱའི་མཉམ་གད་པ་ཆེན་པོ། ཁྲི་བརྟན། སྲས་བསོད་བཟང༌། དེ་གཉིས་ཀ་ལ་གསལ་བ་བ་བློ་གྲོས་དཔལ། བླ་མ་གྲགས་ཆེན། འཕགས་འོད། ཡང་ན། གནུར་ཉི་ནས། སྟག་ཚལ་གདོང་སྔོན་གྱི་སྤྲུལ་སྟོན་འབར་ཐོག །རོང་སྨད་ལྷ་སྟེངས་ཀྱི་གཙང་ཡང་དག་རྡོ་རྗེ། དེའི་སྲས་འབྱུང་གནས་སེང་གེ །སྨྲ་སེང་ཡང་ཟེར། ལྕེ་མདོ་སེང༌། ཆོས་འོད། བློ་ལྡན་སེང་གེ །འཕགས་འོད། བུ་སྟོན། །ཁྱུང་ཆེན་པ། དེས་བདག་ལའོ། །འདི་ལ་འཛིམས་པ་རིན་ཤེ་ན་རེ། གཙུག་དགུ་ལས་སངས་རྒྱས་ཞི་བ་དང༌། ཇོ་བོ་ནས་བརྒྱུད་པ་གཉིས་ཀ་ཆད་པས། དབང་གི་བརྒྱུད་པ་མེད་པར་འདོད་ཀྱང༌། སྔ་མ་ལ་སངས་རྒྱས་ཞི་བ་དང་ཇོ་བོ་གཉིས་ཀ་མི་སྣང་ངོ༌། སྦྱོང་རྒྱུད་ཀྱི་ཕྱག་རྡོར་འཆི་བདག་འཇོམས་པའི་དབང་གི་བརྒྱུད་པ་ནི། ཀུན་རིག །ཕྱག་རྡོར། རབ་གསལ་ཟླ་


JLD001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏི། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལ། ཇོ་བོ་རྗེ། དོ་བསྒོམ་ཆེན། དོལ་བ་སྒོམ་ཆེན་ཟེར། ཀྱི་ནོར་ཛྙཱ་ན། གཉལ་ཉི། གནུར་ཉི། སྲས་བཛྲ་སིང་ཧ། བྱང་ཆུབ་འོད། གནུར་ཉི་མ་རྒྱལ་མཚན། གནུར་ཡེ་ཤེས་རྒྱལ་མཚན། གནུར་ཆོས་འཕགས་རྒྱལ་མཚན། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །འཇིག་རྟེན་པ་དྲུག་གིས་དབང་གི་གོ་མི་ཆོད་ཅེས་གསུང་ཟེར། བླ་མ་འཕགས་པ་འཇིག་རྟེན་ལས་འདས་པ་དྲུག་གིས་དབང་གི་གོ་མི་ཆོད་ཅེས་གསུང་ཟེར། དེ་ཡན་ཆད་ནི་ཡོ་ག་སྟོད་ལུགས་ཀྱི་སྐོར་རོ། །འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་བརྒྱུད་པ་ནི། ཕྱུག་ཚང་དགེ་སློང༌། འུ་ཡུག་དགེ་སློང༌། འུ་ཡུག་དར་མ་བྱང་ཆུབ། བླ་མ་གཞོན་བྱང༌། ཇོ་གདན་སྐྲངས་དཔེ་བ། ཆོས་འོད། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །རྡོ་རྗེ་སྙིང་པོ་རྒྱན་དང༌། སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་དང༌། གསང་བ་ནོར་བུའི་ཐིག་ལེའི་རྒྱུད་གསུམ་ཆོས་རྗེ་ས་སྐྱ་པས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ཀླུ་སྒྲུབ་ཡབ་སྲས། མ་ཏངྒི་བ། བི་ཁྱཱ་ཏ་དེ་བ། ཁ་ཆེ་ཤཱཀྱ་ཤྲི། ཏ་ཐཱ་ག་ཏ་ཤྲཱི། ས་སྐྱ་པཎྜི་ཏ། སྐྱོབ་པ་དཔལ། སང་འབུམ། ཆོས་འོད། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །ནམ་མཁའ་


JLD001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་ཆུང་བ་རིགས་བསྡུས་ཀྱི་དབང་བཀའ་དང༌། ལུང་སྐོར་གཉིས་ལས། དང་པོའི་བརྒྱུད་པ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན། ལྷ་སངས་རྒྱས་ཡེ་ཤེས་ཞབས། ནཱ་རོ་པ། རྐན་དབང་ཕྱུག་བློ་གྲོས། མགར་སྟོན་རྡོར་སྙིང༌། ཉང་སྟོད་ལྕེ་འབར། ལོ་མཆོག་པ། ཁྲི་སྟོན་ཀུན་དགའ་འོད། མཁན་པོ་ཆོས་རིན། ཆོས་འོད། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །གཉིས་པ་ནི། བུ་སྟོན་པ་ཡན་སྔར་བཞིན་ལས། དེས་སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །ལུང་སྐོར་ནི། མཚན་བརྗོད་འགྲེལ་ཆུང་ཤྲདྡྷ་ལོ་ཆེན་གྱི་འགྱུར། རིགས་བསྡུས་ཀྱི་དཀྱིལ་ཆོག་སུ་བྷ་དྲ་དང༌། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འདི་འོག་གི་རིགས་འགྲོས་དང་བསྟུན་ན་སུ་བཛྲ་ཡིན་པ་འདྲ། རིགས་སོ་སོ་བ་ལ། བྱང་སེམས་རྡོ་རྗེ། རྣམ་སྣང༌། མི་བསྐྱོད་པ༌། སྣང་མཐའ། རིན་འབྱུང༌། དོན་གྲུབ་སྟེ། དེ་དྲུག་གི་དབུགས་དབྱུང་གི་དཀྱིལ་ཆོག་དྲུག །ཕྱི་མ་ལ། སུ་བཛྲ་དང༌། ཆོས་ཀྱི་ཤེས་རབ་ཀྱི་འགྱུར་ཟེར་བ་སྣང༌ཞིང༌། སྔ་མ་ལྔ་ལ་འདིས་བསྒྱུར་མི་སྣང་ཡང་འདྲ་བར་མངོན་ཞིང་འོག་ཏུ་ཡང་འགྱུར་བྱང་མ་བྱུང་བ་རྣམས་དེ་དང་འདྲ་ཞིང་མཛད་བྱང་མེད་པ་རྣམས་ཀྱང་འཇམ་དཔལ་བཤེས་གཉེན་གྱིས་མཛད་པར་བཞེད་པ་སྣང༌། མཚན་བརྗོད་ཀྱི་ཁྲུས་ཆོག །དེའི་ཟས་ཀྱི་རྣལ་འབྱོར། དེའི་གཏོར་ཆོག །དེའི་མཎྜལ་གྱི་ཆོ་གའི་རིམ་པ། དེའི་བསྐོར་བ་བྱ་ཐབས། དེའི་ཡན་


JLD001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདུན་པ། མཚན་བརྗོད་འདོན་པའི་མན་ངག །མཚན་བརྗོད་ཀྱི་དགེ་རྩ་བསྔོ་བ། དེའི་མི་རྟག་པ་བསྒོམ་པ། དེའི་མི་རྟག་པས་འཁོར་བ་ལ་ཡིད་འབྱུང་བ། དེའི་ཤེས་པ་དུག་གསུམ་ལས་བཟློག་པའི་མན་ངག །སྐྱབས་འགྲོའི་ཆོ་ག །སེམས་བསྐྱེད་པའི་ཆོ་ག །བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག །ཚད་མེད་བཞི་བསྒོམ་པའི་མན་ངག །མཚན་བརྗོད་ཀྱི་སྒོ་ནས་དུས་གསུམ་གྱི་སངས་རྒྱས་ལ་བལྟ་བ། དེའི་སྒོ་ནས་དབང་པོ་ཐ་མས་རྗེས་དྲན་དྲུག་བསྒོམ་པའི་མན་ངག །དེའི་སྒོ་ནས་དབང་པོ་འབྲིང་གིས་རྟེན་འབྲེལ་བཅུ་གཉིས་བསྒོམ་པའི་མན་ངག །དེའི་སྒོ་ནས་དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་བསྒོམ་པ། མཚན་བརྗོད་ཀྱི་ཚ་ཚའི་ཆོ་ག །དེའི་སྦྱིན་སྲེག་གི་ཆོ་ག་བསྡུས་པ། མཚན་བརྗོད་ཀྱི་མཉམ་པར་བཞག་པའི་རིམ་པ། དཔའ་བོ་གཅིག་པའི་སྒྲུབ་ཐབས། མཚན་བརྗོད་ཀྱི་ཆོ་ག་མདོ་དང་བསྲེས་པ། དེའི་སྤྱན་དབྱེའི་ཆོ་ག །དེའི་ངན་སྔགས་བྱད་ཀྱི་འཁོར་ལོས་བསད་པ། དེའི་སྡིག་སྦྱོང་གི་དཀྱིལ་འཁོར་གྱི་ཆོ་ག །འཇམ་དཔལ་གྱི་རོ་བསྲེག་གི་ཆོ་ག །ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག་རྣམས་སོ། །དེ་ལྟར་གཞུང་ཚན་པ་སོ་བདུན་གྱི་དགུ་པ་ནས་ཉེར་བདུན་པའི་བར་ལ། མགོ་ན། རྒྱ་གར་གྱི་མཚན་དོན་མི་སྣང་ཞིང༌། དེ་རྣམས་དང༌། ཉེར་བརྒྱད་པ། སོ་གཉིས་པ། སོ་གསུམ་པ། སོ་བཞི་པ། སོ་ལྔ་པ་རྣམས་ལ་


JLD001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པཎ་འདིས་བསྒྱུར་མི་སྣང་ཞིང༌། སུམ་ཅུ་པ། སོ་གཅིག་པ། སོ་དྲུག་པ། སོ་བདུན་པ་རྣམས་ལའང་མགོ་ན་རྒྱ་གར་གྱི་མཚན་དོན་མི་སྣང་ངོ༌། །ཡང་ཉི་ཤུ་པ་དང༌། ཉེར་གསུམ་པ་དང༌། ཉེར་བཞི་པ་ལ་མཛད་བྱང་མི་སྣང་ངོ༌། །གཞན་ཡང་སློབ་དཔོན་འདིས་མཛད་ཟེར་བའི་འཇམ་དཔལ་གྱི་སྒྲུབ་ཐབས་བྱང་ཆུབ་སེམས་ཀྱི་སྒོམ་དོན་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་སྒོམ་པ་ཞེས་པ་ཚིགས་བཅད་གཅིག་མ་དང་གསུམ་གྱི་ལུང་མི་སྣང་ངོ༌། །དབང་གི་བརྒྱུད་པ་ལ་སློབ་དཔོན་ཡན་ཆད་སྨོས་པ་མི་སྣང་ཡང༌། སྐབས་གཞན་དུ་བཤད་པ་ལྟར། འཇམ་དཔལ་ནས། སློབ་དཔོན་ལ་བརྒྱུད་པར་སྣང་ངོ༌། །འཇམ་དཔལ་གསང་ལྡན་གྱི་དབང་དང༌། སྒེག་པའི་རྡོ་རྗེའི་ཆོས་ལྔའི་བརྒྱུད་པ་ལ་གཉིས་ལས། དང་པོ་ནི། འཇམ་དབྱངས། འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། ཉི་མའི་སྙིང་པོ། སཱུརྱ་སིང་ཧ། ཆོས་ཀྱི་རྡོ་རྗེ། མུ་ཏྲ་སིདྡྷི༌། དེ་ཝ་ཤྭ་ར། དེས་ཤཱནྟི་གརྦྷ་དང༌། སྨྲི་ཏི་ཛྙཱ་ན་ཀཱིརྟི་གཉིས་ལ་བཤད། སྨྲི་ཏིས་ཚོང་སྡེ་ངག་གི་དབང་ཕྱུག་ལ། དེས་ཁམས་པ་ཤེས་རབ་རྡོ་རྗེ། ཡང་ན་ཤཱནྟི་གརྦྷ། ཉི་མའི་དངོས་གྲུབ། སྐྱི་བྱེ་མ་ལུང་པ། སྐྱི་དང་ཉི་མ་གཉིས་ཀ་ལ་ཁམས་པ་ཤེས་རབ་རྡོ་རྗེ། རྔོག་ཆོས་རྡོར། སྤ་སྤ་བ་ཅན། རྔོག་མདོ་སྡེ། གཙང་སྨྲ་སེང༌། ལྕེ་མདོ་སེང༌། དེ་ལ་རོང་པ་རྒ་ལོ། ཆོས་འོད། ཤཱཀྱ་གཞོན་ནུ་གསུམ་གྱིས་ཞུས། དེ་གསུམ་ག་


JLD001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ལྕེ་བློ་ལྡན་སེང་གེ །དེ་ལ་དེའི་སྲས་རྗེ་བཙུན་པས་ཞུས། ཡང་ན་རྔོག་ཆོས་རྡོར། རྒྱ་འམ་ཅན། ཤཱཀྱ་སེང་གེ །ཁྲི་སྟོན་ཀུན་དགའ་འོད། ཆོས་རིན། ཆོས་འོད་མན་ཆད་སྔར་བཞིན་ནོ། །གཉིས་པ་ནི། ཆོས་འོད་མན་ཆད་སྔར་བཞིན་ལས། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །ཆོས་སྐོར་ནི། ཡོན་ཏན་འབྱུང་གནས་ཀྱི་དབང་དང༌། འགྲེལ་པ་སྔགས་དོན་རྣམ་གཟིགས་སྨྲི་ཏིའི་རང་འགྱུར་ལ། རྒྱ་གར་ཕྱག་ན་རྡོ་རྗེ། ཀློག་སྐྱ་ཤེས་རབ་བརྩེགས་གཉིས་ཀྱིས་བཅོས་ཤིང༌། ཕྱིས་གཞན་གྱིས་ཀྱང་བཅོས་པ་དང༌། མཚན་བརྗོད་ཀྱི་གསང་བ་དང་ལྡན་པའི་སྒྲུབ་ཐབས་སྨྲི་ཏིའི་རང་འགྱུར། དཀྱིལ་ཆོག་ཡོན་ཏན་འབྱུང་གནས་སྨྲི་ཏིའི་རང་འགྱུར་ལ་འཕགས་པ་མཆོག་གིས་ཀྱང་ཞུས་ནས་གཏན་ལ་ཕབ་པ་དང༌། རིམ་པ་གཉིས་ཀྱིས་ཕྱེ་བའི་སྦྱིན་སྲེག་གི་ཆོ་ག་རྒྱས་པ་སྨྲི་ཏིའི་རང་འགྱུར་དང༌། མཚན་བརྗོད་བཀླགས་པའི་སྒོམ་ཁོག་མགོ་ན་རྒྱ་གར་གྱི་མཚན་དང༌། མཇུག་ན་འགྱུར་བྱང་མེད་པ་རྣམས་སོ། །སྨྲི་ཏི་མན་ཆད་ནི་གསྔ་ དེ་གཉིས་དེའི་རང་འགྱུར་རོ། །ཆོས་དབྱིངས་གསུང་དབང་གི་དབང་བཀའ་དང༌། འཇམ་དཔལ་གྱི་རྒྱ་ཆེར་འགྲེལ། དཀྱིལ་ཆོག་སྙིང་པོ་རྒྱན་འཇམ་དཔལ་གྲགས་པས་མཛད་པའི་ལུང་གི་བརྒྱུད་པ་ལ་གཉིས་ལས། དང་པོ་ནི། འཇམ་དཔལ། ཛྙཱ་ན་པ།


JLD001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གྲགས་པ། དཔལ་སྦས་བཟང་པོ། བྲམ་ཟེ་ཡེ་ཤེས་རྡོ་རྗེ། ཤེས་རབ་འབྱུང་གནས་སྦས་པའི་དཔལ། བྲམ་ཟེ་བཞད་པའི་རྡོ་རྗེ། པདྨ་ཀ་ར། ཤྲངྔྷ་ཀ་ར་གཉིས་ཀྱིས་ལོ་ཆེན་ལ། དེས་ལོ་ཆུང༌། རྔོག་དགེ་སེར་པ། རྐྱང་པོ་དར་མ་གྲགས། ཁྲི་སྟོན་ཀུན་དགའ་འོད། མཁན་པོ་ཆོས་རིན། ཆོས་འོད། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །གཉིས་པ་ནི། འཕགས་འོད་ཡན་སྔར་བཞིན་ལས། དེས་བུ་སྟོན། དེས་སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །དཀྱིལ་ཆོག་ལ་མགོ་ན་རྒྱ་གར་གྱི་མཚན་དང༌། མཇུག་ན་མཛད་བྱང་དང་འགྱུར་བྱང་མི་སྣང་ལ། མཚན་ནི། རྗེ་བཙུན་འཇམ་དཔལ་གྱི་དོན་ཐམས་ཅད་སྒྲུབ་པ་ནམ་མཁའ་དྲི་མ་མེད་པ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་བྱ་བ་སྣང༌། གཙུག་དགུའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛྙཱ་ན་ཤྲཱི་མི་ཏྲ། ངག་གི་དབང་ཕྱུག་གྲགས་པ། ཨ་བྷ་ཡ་ཀ་ར་གུཔྟ། རྡོ་རྗེ་གདན་པ། བི་ཁྱཱ་ཏ་དེ་བ། ཁ་ཆེ་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། གཡག་སྡེ་ལོཙྪ་བ། ལེགས་པའི་བློ་གྲོས། དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །ཀུན་རིག་གི་དབང་གི་བརྒྱུད་པ་ནི། རྣམ་སྣང། ཛེ་ཏ་རི་པ། ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ན་ཡ་ཀ་པ། མི་ཏྲི་པ། རྡོ་རྗེ་གདན་པ། ནིསྐ་ལཾ་ཀ །རེ་ཝེནྟྲ། ཆག་ཆོས་རྗེ་དཔལ། གཡག་སྡེ་ལོཙྪ་བ། ལོ་མཆོག །དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན།


JLD001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བདག་ལའོ། །ཡང༌། རྡོ་རྗེ་སེམས་དཔའ། དཔེ་མེད་མཚོ། རིན་ཆེན་འབྱུང་གནས་ཞི་བ། བྷ་ས་ཀ་ར་དེ་བ། རྡོ་རྗེ་གདན་པ། བི་ཁྱུ་ཏ་དེ་བ། ཤཱཀྱ་ཤྲཱི། བི་བྷུ་ཏི་ཙནྟྲ། གཡག་སྡེ་ལོཙྪ་བ་མན་ཆད་སྔར་དང་འདྲའོ། །ཡང་ན། གནུར་ཆེན་པོ་ཡན་ཆད་གཙུག་དགུ་དང་འདྲ་བ་ལས། རྩ་སྐྱ་སྟོན་གྲགས། ཤཱཀྱ་འབུམ། འཛིམ་པ། ལོ་མཆོག །དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན། དེས་བདག་ལའོ། །མི་འཁྲུགས་པའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཛེ་ཏ་རི། གསེར་གླིང་པ། ཇོ་བོ་རྗེ། ལོ་ཆེན། རྐྱང་པོ་ཆོས་བློ། རྐྱང་པོ་ཞིང་ཁྲི། གཉལ་བ་སྒོག་སྟོན། འཁྲུན་སྟོན་གཞོན། རོང་པ་དཀོན་མཆོག་འབར། མཁན་པོ་དབང་རིན། ཁམས་པ་ས་ཕུག་པ། དབུས་པ་སངས་འབུམ། ཆོས་འོད། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །རབ་གནས་མདོར་བསྡུས་པའི་རྒྱུད་ཛྙཱ་ན་བཛྲ་དང༌། འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་པའི་བརྒྱུད་པ་ནི། ཀུན་མཁྱེན་འཛིམ་པ། ཡང་རྩེ་བ། རིན་པོ་ཆེ་པ། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །ཡན་ཆད་མི་སྣང་ངོ། །རྣམ་སྣང་མངོན་བྱངགི་དབང་དང་རྒྱུད་ཀྱི་བརྒྱུད་པ་ནི་གཉིས་ལས། དང་པོ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏ་རི། ཨ་ཤྭ་ཀ་ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་རིན་ཆེན་གྲགས། མཆིམས་བརྩོན་སེང༌། མཆིམས་བློ་ལྡན། མཆིམས་དོན་ནེ། མཆིམས་ཆོས་སེང༌། མཆིམས་བློ་བརྟན།


JLD001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། ལོ་མཆོག །དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །གཉིས་པ་ནི་གཞན་སྔར་བཞིན་ལས། བུ་སྟོན་པས་སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །འཆི་མེད་རྔ་སྒྲའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཚེ་དཔག་མེད། སྙིང་པོ་ཞབས། ཛེ་ཏ་རི། བོ་དྷི་བྷ་དྲ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོཙྪ་བ། མཆིམས་བརྩོན་སེང༌། རྒྱ་ཞང་ཕུག་པ། འཇད་པ་ཤེས་རིན། ཨེ་པ་འཁོན་སྟོན། འཇམ་དབྱངས་བཞི་ཐོག་པ། བྱང་སེམས་རྒྱལ་ཡེ། བླ་མ་གྲགས་ཆེན། བླ་མ་ཆོས་རྒྱལ། ཡང་རྩེ་བ། བུ་སྟོན། རིན་རྣམ་པ། དེས་བདག་ལའོ། །རྣམ་འཇོམས་དཀར་པོའི་སྐུའི་རིགས་གཏད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་སེང་གེའི་གདོང་ཅན། ས་པ་རི་པ། ཛ་བ་རི་པ། དེ་བ་པུརྞྱ་མ་ཏི། ལོཙྪ་བ་ཆོས་བཟང༌། རིན་ཆེན་དངོས་གྲུབ། དམར་ཆོས་རྒྱལ། སྒང་སྟོན་ཤེས་རབ་བླ་མ། ཤེས་རབ་འབུམ། གྲགས་པ་རྡོ་རྗེ། དར་མ་བྱང་ཆུབ། ཡང་རྩེ་བ། བུ་སྟོན། ཁྱུང་ཆེན་པ་ལ་རྒྱུད་ཀྱི་དཀྱིལ་ཆོ་ག་ཡང་ཐོས་སོ། །འདི་ལ་བརྟེན་པའི་ས་བ་རི་པའི་ཆོས་ལྔའི་ནང་ནས། གཟུངས་ཀྱི་འགྲེལ་པ་མ་གཏོགས་པའི་གཞན་བཞི་དང་རྣམ་འཇོམས་ཀྱི་གཟུངས་ཀྱི་བརྒྱུད་པ་ནི། བུ་སྟོན་པ་ཡན་འདྲ་ལ། སློབ་དཔོན་རྒྱལ་མཚན་གྲགས་པ། དེས་བདག་


JLD001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །གཟུངས་གྲ་ལྔའི་རིགས་གཏད་ཀྱི་དབང་གི་བརྒྱུད་པ་ནི། ཐར་པ་བའི་སློབ་དཔོན་ཆོས་གྲུབ། ཁྱུང་ཆེན་པ། དེས་བདག །སློབ་དཔོན་ཆོས་གྲུབ་ཡན་མ་ངེས་འདུག་གསུང༌། གདུགས་དཀར་གྱི་དབང་གི་བརྒྱུད་པ་ནི། ཙནྟྲ་གོ་མི། གི་ར་ཝ་ཏི། རྡོ་རྗེ་རྣོན་པོ། པདྨ་ལྕགས་ཀྱུ། བྲམ་ཟེ་རིན་ཆེན་རྡོ་རྗེ། བྲམ་ཟེ་ས་ད་ཛ་ན། མ་ཧཱ་ཛ་ནའང་ཟེར། འདི་སྤུ་ཛ་ནའི་སྲས་ཡིན་ཟེར་བའང་སྣང༌། གཉལ་པ་ལྕགས་སྟོན་དགའ་ལོ། །ལོཙྪ་བ་ཕག་སྟོན་ཟེར། དབུས་པ་སྟོན་པ་ཡེ་དབང༌། གདོང་སྟོན་པ། སྤྲུལ་སྟོན་འབར་ཏོག །གཉོས་སྟོན་འཛིར་བ། གཉོས་ཇོ་བསམ། ཕུག་ཁ་བ་ཇོ་འབུམ། ལྕེ་མདོ་སེང༌། རོང་པ་རྒ་ལོ། ལྕེ་བློ་སེང༌། ཐར་པ་བ་སློབ་དཔོན་ཆོས་གྲུབ། ཁྱུང་ཆེན་པ། དེས་བདག་ལའོ། །གདུགས་དཀར་གྱི་རི་བ་ཏའི་རྗེས་སུ་འབྲང་བ་ལྷ་སོ་གཅིག་གི་རིགས་གཏད་དང་ཆོས་སྐོར་ལ། གདུགས་དཀར་གྱི་སྒྲུབ་ཐབས། སྲུང་འཁོར། འཕྲུལ་འཁོར་བཅིང་ཐབས། བཟློག་པའི་ཐབས། བགེགས་བཟློག་ཅིང་གཟིར་བ། དམག་དཔུང་གཞོམ་པ། དངོས་གྲུབ་སྒྲུབ་ཐབས། འཇིགས་པ་ལས་སྐྱོབ་པ། སེར་བ་བསྲུང་བ། མཛེ་གསོ་བ། གཏོར་མའི་ཆོ་ག་སྟེ་བཅུ་གཅིག་པོ་ཙནྟྲ་གོ་མིས་མཛད་པ། རྡོ་རྗེ་གདན་པས་མཛད་པའི་གདུགས་དཀར་གྱི་ཉེ་བར་བཤད་པ་དང༌། གི་རི་བ་ཏས་མཛད་པའི་སྒྲུབ་ཐབས། གཙུག་ཏོར་ལྷ་ཡུལ་མའི་གཟུངས་རྣམས་ཀྱི་བརྒྱུད་པ་ནི། སངས་རྒྱས། གདུགས་དཀར། ཕྱག་རྡོར། བྲམ་ཟེ་རིན་ཆེན་རྡོ་


JLD001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། བྲམ་ཟེ་ས་ད་ཛ་ན། དེའི་སྲས་མ་ཧཱ་ཛ་ནས་མངའ་རིས་སུ་བྱོན་ནས། གཉལ་པ་ཕྱག་ལོཙྪ་དགའ་བོ་ལ། དེ་ནས་དབུས་པ་སྟོན་པ་ཡེ་དབང༌། སྟག་ཚལ་གདོང་སྔོན་པ་ལྷ་རྗེ་སྤྲུལ་སྟོན་འབར་ཐོག་དང༌། གྲ་པ་ཁ་གཅིག་ལ། སྙོ་འཇིང་ར་བས་གསན་ཟེར་ཏེ། སྤྲུལ་སྟོན་རང་ལ་གསན། དེ་ལ་ཇོ་བསམ། ཇོ་འབུམ། མི་ཉག་རྡོ་རྗེ་གྲགས། ལྕེ་མདོ་སེང༌། རོང་པ་རྒ་ལོ། བློ་ལྡན་སེང་གེ །ཐར་པ་བ་ཆོས་གྲུབ། བླ་མ་ཆོས་ཀྱི་དཔལ་བ། དེས་བདག །འདི་ལ་ཙནྡྲ་གོ་མི་དང༌། རྡོ་རྗེ་རྣོན་པོ་མི་སྣང་བས། དེ་གཉིས་ཀྱིས་མཛད་པ་རྣམས་ཀྱི་བརྒྱུད་པར་མི་རུང༌། དེས་ན། བུ་སྟོན་པའི་གསན་ཡིག་ན། སངས་རྒྱས། ཕྱག་རྡོར། བསམ་གཏན་ས་བཅུ་གཉིས། ཙནྟྲ་གོ་མི། གི་ར་ཝ་ཏི། རྡོ་རྗེ་རྣོན་པོ། པདྨ་ལྕགས་ཀྱུ། བྲམ་ཟེ་རིན་ཆེན་རྡོ་རྗེ། ས་ད་ཛ་ན། མ་ཧཱ་ཛ་ན། གཉལ་པ་ཆག་སྟོན། དགའ་བོ་བྱ་བ་ལུགས་གཞན་གཅིག་དང༌། བློ་ལྡན་པ་ཡན་ཆད་སྔར་ལྟར་ཡང་འབྱུང་བས་ཕྱི་མ་འདི་ལ་དེད་ན་འཐད་དོ། །ཡང་ན། སྤྲུ། ཕོ་རོག་དྷརྨ་མདོ་སྡེ། དགེ་བཤེས་གནུབས། མི་ཉག་ཇོ་མདོ་སོགས་སོ། །སྲེའུ་ཆུང་བའི་བརྒྱུད་ཡིག་ལ། མི་ཉག་པའང་སྣང་སྟེ་མ་དག་པ་འདྲའོ། །རྡོ་རྗེ་གདན་པའི་ཉེར་བཤད་ཀྱི་བརྒྱུད་པ་ལ་ཡང༌། རྡོ་རྗེ་གདན་པ་དགོས་པས། ས་ལུགས་ནས་འོང་བར་སྣང་ངོ༌། །སྲེའུ་ཆུང་བའི་བརྒྱུད་ཡིག་ལ། སྡུད་པ་པོ་ནས་རིམ་པར་བརྒྱུད་པའི་མཐར། བྲམ་ཟེ་རིན་ཆེན་རྡོ་རྗེ་ཟེར་བ་སྣང་བས། ཕྱག་


JLD001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དང་རིན་རྡོར་བར་དུ་ཆོད་མ་ཆོད་གང་འཐད་བརྟག་གོ །སྒྲ་མི་སྙན་པའི་ཚེ་སྒྲུབ་ཀྱི་བརྒྱུད་པ་ནི། དགྲ་བཅོམ་པ་བློ་གྲོས་དཔལ། ཧང་དུ་ཙནྟྲ། སློབ་དཔོན་དར་མ་གྲགས། བླ་མ་མངའ་རིས་པ། ཡེ་ཤེས་རྒྱལ་པོ། ཤེས་རབ་གྲགས། ཛྙཱ་ན་སིངྔྷི། དེའི་གཅུང་པོ་བསོད་ནམས་མགོན། ཡང་རྩེ་བ། བུ་སྟོན་པ། དར་ཡུལ་བ། དེས་བདག་ལའོ། །སློབ་དཔོན་པདྨའི་ཚེ་སྒྲུབ་སྙིང་གཏམ་ཤོག་དྲིལ་མའི་བརྒྱུད་པ་ནི། བླ་མ་བསོད་ནམས་མགོན། ཡང་རྩེ་བ་མན་ཆད་སྔར་བཞིན་ནོ། །སྨན་བླ་སྤྲུལ་སྐུའི་རྗེས་གནང་གི་བརྒྱུད་པ་ནི། ཐུབ་པ། འཇམ་དཔལ། ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། སད་ན་ལེགས། རལ་པ་ཅན། ལྷ་ལུང་དཔལ་གྱི་རྡོ་རྗེ། འོད་སྲུངས། དཔལ་འཁོར་བཙན། ཉི་མ་མགོན། བཀྲ་ཤིས་ལྡེ། བླ་མ་ཡེ་ཤེས་འོད། ལྷ་ལྡེ། འོད་ལྡེ། རྩེ་ལྡེ། མངའ་རིས་པ། ཞུ་ལྡན་པ། ར་ས་པ། དཔལ་ལྡན་གྲོ། སངས་རྒྱས་སྒོམ་པ། གཉགས་སྙིང་པོ་རྒྱལ་མཚན། ཀུན་སྨོན་གྲགས་དཔལ། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་གྲགས་ཤེ་བ། དེས་བདག་ལའོ། །མདོ་ཆོག་དང་མདོ་གཉིས་ཀྱི་ལུང་ཡང་ཐོབ་སྟེ། དེ་གཉིས་ཁོང་པས་རིན་པོ་ཆེ་བསོད་ནམས་གྲགས་པ་ལ་གསན་གདའ་ཞིང༌། ཡན་ཆད་མ་ངེས་གདའོ། །རྣམ་རྒྱལ་ལྷ་དགུ་ས་ལུགས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་གཉིས་


JLD001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པ། བ་རི་ལོཙྪ་བ། ས་ཆེན། རྩེ་མོ། རྗེ་བཙུན་པ། ཆོས་རྗེ་བ། སེ་ལུང་པ། དགའ་ལྡན་པ། ཁམས་པ་རྒན་མོ་ལྷས་པ། སློབ་དཔོན་སྟོན་པ། བསོད་དབང༌། མཆོག་ལྡན། དཔལ་ལྡན་པ། བུ་སྟོན་པ། མཁན་ཆེན་གྲགས་ཤེ་བ། དེས་བདག་ལའོ། །བོ་དྷི་ས་ཏྭས་མཛད་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་ལ་སོགས་པ་གདབ་པའི་རྗེས་གནང་དང་ལུང་གི་བརྒྱུད་པ་ནི། ལ་སྟོད་པད་རིན། མཁན་པོ་མཆིམས། མཁན་ཟི། གྲགས་ཆེན། འཕགས་འོད། བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །བུ་སྟོན། དྷརྨ་ཤྲཱི་ནི་དྲི་མེད་ཀྱི་གཟུངས་ཀྱི་བརྒྱུད་པའོ། །ཡང་ན་སྨན་བླའི་བརྒྱུད་པ་དང་འདྲ་ཞེས་མཁན་ཟི་གསུང་སྟེ། དེ་ནི་ཐུབ་པ། འཇམ་དབྱངས། ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། མུ་ཁྲི་བཙན་པོ། སད་ན་ལེགས། གཙང་མ། འོད་སྲུངས། དཔལ་འཁོར་བཙན། སྐྱིད་ལྡེ། ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ཡེ་ཤེས་འོད། བྱང་ཆུབ་འོད། ཞི་བ་འོད། འོད་ལྡེ། རྩེ་ལྡེ། མངའ་རིས་དགྲ་བཅོམ། ཞུ་ལྡན། ར་ས་ཆུ་ལྷད་པ། གྲོ་མོ་ཆེ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས་མན་ཆད་འདྲ། ཡང་གཙུག་ཏོར་དྲི་མེད་ཀྱི་གཟུངས་ཀྱི་བརྒྱུད་ལུགས་གཅིག་ལ། ཇོ་བོ་རྗེ། ནག་ཚོ་ལོཙྪ་བ། རོང་པ་ཕྱག་སོར་བ། འཕན་ཡུལ་གྱི་བུ་ཁ་བ། ཤངས་ཀྱི་རྒྱ་ཕུག་པ་ཅན། གཡག་སྡེའི་ཞང་ཡེ་ཤེས་རྒྱལ་མཚན། དབང་རིན། སང་འབུམ། ཆོས་འོད། འཕགས་འོད་མན་ཆད་སྔར་


JLD001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །རི་ཁྲོད་ལོ་མ་ཅན་སེར་མོའི་སྒྲུབ་ཐབས་དང་བུམ་ཆོག་འཕགས་པས་མཛད་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏ་རི་བ། དཔའ་བོའི་རྡོ་རྗེ། ཁ་ཆེའི་པཎྜི་ཏ་རཀྵི་ཏ། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོཙྪ་བ། ས་ཆེན། རྩེ་མོ། རྗེ་བཙུན་པ། ཆོས་རྗེ་བ། འགྲོ་མགོན་ཆོས་རྒྱལ། སྟོན་པ་ཀུན་དགའ་རྒྱལ་པོ། མཁན་ཆེན་དཀའ་བཞི་པ་གྲགས་གཞོན། མཁན་ཆེན་བསོད་གྲགས་པ། མཁན་ཆེན་གྲགས་ཤེ་བ། དེས་བདག་ལའོ། །རྣམ་སྲས་ཞི་དྲག་གཉིས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། རྡོ་རྗེ་འཆང་ཆེན་པོ། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ཀུན་ཏུ་བཟང་པོ། སློབ་དཔོན་བློ་བཟང་སྙིང་པོ། པཎྜི་ཏ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། བླ་མ་ཟངས་དཀར་ལོཙྪ། གཡོར་བོ་ཇོ་སྟོན། འབྱིད་པུ་བ་པདྨ་བཀྲ་ཤིས། རྟག་པ་ཇོ་བཟངས། ལོཙྪ་བ་བྱམས་པའི་དཔལ། བླ་མ་བསོད་ནམས་དབང་ཕྱུག །རིན་པོ་ཆེ་ཁྲོ་ཕུ་བ་བསོད་ནམས་སེང་གེ །བླ་མ་ཡང་རྩེ་བ་རིན་ཆེན་སེང་གེ །བུ་སྟོན་པ། སློབ་དཔོན་རྒྱལ་མཚན་གྲགས་སོ། །བུ་སྟོན་པས་མཛད་པའི་འདིའི་མངོན་རྟོགས་དང་བསྟོད་པ་རྒྱས་པ་གཉིས་ནི་བུ་སྟོན་པ། སློབ་དཔོན་རྒྱལ་མཚན་གྲགས་སོ། །མཁན་ཆེན་རིན་རྣམ་པས་མཛད་པའི་འདིའི་ལས་ཚོགས་ནི། མཁན་ཆེན་རིན་རྣམ་པ། སློབ་དཔོན་རྒྱལ་མཚན་གྲགས། དེས་བདག་ལའོ། །བློ་སྦྱོང་དོན་བདུན་མའི་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་པ། བྱམས་པ།


JLD001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། གུ་ན་མི་ཏྲ། སེང་བཟང༌། གང་བ་སྤེལ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ། ཨ་ཏི་ཤ། འབྲོམ་སྟོན། པོ་ཏོ་བ། ཤ་ར་བ། འཆད་ཀ་བ༌། སེ་སྤྱིལ་ཕུ་བ། རོང་ལྷ་རིངས་པ་ཁུ་དབོན་གཉིས། སློབ་དཔོན་ཡོན་ཏན། མཁན་ཆེན་བདེ་བ་དཔལ། མཁན་ཆེན་དཀའ་བཞི་པ། རིན་པོ་ཆེ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། སློབ་དཔོན་གཞོན་བློ་བ། ཡང་ན། རྒྱལ་སྲས་ཐོགས་མེད། བླ་མ་འཇམ་རིན། དེས་བདག་ལའོ། །འཇུག་པ་སེམས་བསྐྱེད་ཀྱི་བརྒྱུད་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། གྲོལ་སྡེ་གཉིས། མཆོག་སྡེ། དུལ་པའི་སྡེ། སེང་བཟང༌། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན། སྤྱན་མངའ་བ། བྱ་ཡུལ་བ། གཞོན་ནུ་འོད། མུ་སྨན་པ་ཆར་ཆེན་པོ། དཔལ་ལྡན་གྲོ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སློབ་དཔོན་བསོད་ཡེ། མཁན་ཆེན་བསོད་ནམས་གྲགས། རྒྱལ་སྲས་ཐོགས་མེད། ལོཙྪ་བ་བྱང་རྩེ། སྤྱན་མངའ་གྲགས་པ་བྱང་ཆུབ། དེས་བདག་ལའོ། །ༀ་སྭ་སྟི། བླ་མའི་ཞབས་ལ་སྤྱི་བོས་གུས་པས་འདུད། བྱང་ཆུབ་ཆེན་པོའི་སྒྲུབ་ཐབས་བརྟན་པའི་འཁོར་ལོ། བརྟན་པའི་འཁོར་ལོའི་རྩ་བའི་གཞུང༌། ཚིག་ལྷུག་པ་བརྟན་པའི་འཁོར་ལོ། ཚིག་ལྷུག་པའི་ཨ་ར་པ་ཙ་ན། ཨ་ར་པ་ཙ་ན་རྩ་བ། རྣམ་དག་འཇམ་དཔལ་དུ། འཇམ་པའི་རྡོ་རྗེ། ངག་གི་རྒྱལ་པོའི། རྒྱལ་པོ་


JLD001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི། རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པ། ཡང་དེ་ཉིད་རྒྱས་པ། ཤེས་རབ་ཀྱི་སྦྱོར་བ་ཞེས་བྱ་བ། ཡན་ལག་མེད་པའི་རྡོ་རྗེའི། མཚན་བརྗོད་ཀྱི། ཆོས་དབྱིངས་ངག་དབང་གི །འཇམ་པའི་རྡོ་རྗེ་དཔའ་པོ་གཅིག་པའི་ཤེས་རབ་འཁོར་ལོའི། འཕྲལ་དུ་མྱོང་བའི་འཇམ་དཔལ། གཤིན་རྗེ་གཤེད་ནག་ཞལ་དྲུག་པའི། གཤིན་རྗེ་གཤེད་ཞལ་གསུམ་པའི། ཞལ་དྲུག་ཞལ་གསུམ་གཉིས་ཀའི། རྡོ་རྗེ་ཆོས་ཀྱི། སེང་གེ་སྒྲའི། ཧ་ལ་ཧ་ལའི། ཁ་སར་པ་ཎིའི། ཡི་གེ་དྲུག་པའི། ཧ་རི་ཧ་རི་ཧཱ་རི་ལ་ཞོན་པའི། ཧ་ལ་ཧ་ལ་ཆུང་ངུའི། པདྨ་གར་གྱི་དབང་ཕྱུག་གི །སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་ཀྱི། སྒྲོལ་མའི། སྒྲོལ་མ་དཀར་མོའི། སེང་ལྡེང་ནགས་སྒྲོལ་མའི། ཡང་སྒྲོལ་མ་དཀར་མོའི། ཨྱོན་གྱི་འོད་ཟེར་ཅན་གྱི། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི། རྟོག་པ་ལས་གསུངས་པའི་འོང་ཟེར་ཅན་དཀར་མོའི། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི། ཨྱོན་གྱི་འོད་ཟེར་ཅན་གྱི། ཡང་ཨྱོན་གྱི་འོད་ཟེར་ཅན་གྱི། ཙུན་དའི་གནོད་གནས་ཀྱི་ཨུ་ཚུསྨ་ཛམྦྷ་ལའི། ནོར་རྒྱུན་མའི། ཁྲོ་གཉེར་ཅན་གྱི། བྱམས་པའི། ཤེས་རབ་ཕ་རོལ་ཕྱིན་མའི། ཡང་ཤེས་རབ་ཕ་རོལ་ཕྱིན་མའི། ཡང་ཕ་རོལ་ཕྱིན་མ། ཡང་ཕ་རོལ་ཕྱིན་མའི། མི་གཡོ་བའི། དེའི་ཡན་ལག །རྡོ་རྗེ་གཏུམ་པོའི། གཏུམ་པོ་ཆེན་པོའི། རྡོ་རྗེ་ཧཱུཾ་མཛད་ཀྱི། རི་ཁྲོད་ལོ་མ་ཅན་གྱི། རྡོ་རྗེ་དབྱངས་ཅན་


JLD001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མའི། བགེགས་དགྲའི། རལ་པ་གཅིག་མའི། འཕགས་མ་དུག་སེལ་གྱི། ཀུ་རུ་ཀུལླེའི། རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེའི། ཡང་ཀུ་རུ་ཀུལླེའི། ཨྱོན་གྱི་ཀུ་རུ་ཀུལླེའི། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ཀྱི། གནོད་གནས་ཀྱི། རྒྱ་ནག་པོའི་རིམ་པའི་སྒྲོལ་མའི། རྡོ་རྗེ་སྒྲོལ་མའི། གཤིན་རྗེ་གཤེད་དམར་པོའི། སོ་སོར་འབྲང་མའི། རྣམ་རྒྱལ་གྱི། རྨ་བྱ་ཆེན་མོའི། སྟོང་ཆེན་རབ་འཇོམས་ཀྱི། གསང་སྔགས་རྗེས་འཛིན་གྱི། བསིལ་བའི་ཚལ་གྱི། ཕྱིར་བཟློག་པ་ཆེན་མོ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི། རྣམ་པར་རྒྱལ་བ་ཅན་གྱི། རྡོ་རྗེ་གན་དྷ་རིའི། མཧཱ་ཀཱ་ལའི། རྡོ་རྗེ་ལྕགས་སྒྲོག་གི །སྟོབས་པོ་ཆེའི། གདུགས་དཀར་གྱི། རྟ་མགྲིན་གྱི། ཧེ་རུ་ཀའི། བདག་མེད་མའི། ཡང་བདག་མེད་མའི། གསེར་མདོག་ཤེས་རབ་ཕ་རོལ་ཕྱིན་པའི། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི། རྡོ་རྗེ་ཕག་མོའི། ཀུ་རུ་ཀུལླེའི། སྒྲོལ་མ་དཀར་མོའི། སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི། ཞལ་བཅུ་གཅིག་པའི་སྒྲུབ་ཐབས་ཏེ་གོ་བཞི་བཞུགས་སོ། །བླ་མའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཐོག་མར་དཔལ་ལྡན་བྱང་ཆུབ་ཆེན་པོ་ལ་གཅིག །འཇམ་དཔལ་གྱི་ནི་སྒྲུབ་ཐམས་བཅོ་བརྒྱད་ཡོད། །སྤྱན་རས་གཟིགས་ལ་སྒྲུབ་ཐབས་བཅུ་གཉིས་ཡོད། །སྒྲོལ་མ་འོད་ཟེར་ཅན་གཉིས་བདུན་བདུན་བཞུགས། །ཕ་རོལ་ཕྱིན་མ་དྲུག་དང་ཀུ་རུ་ཀུལླེ་ལྔ། །གཤིན་རྗེ་གཤེད་པོ་


JLD001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་གཉིས་ལ་བཞི། །མི་གཡོ་བ་ཡི་བཞི་དང་གནོད་གནས་ལ་ནི་གསུམ། །བདག་མེད་མ་ལ་རྣམ་པ་གཉིས་ཡོད་དོ། །བྱམས་པ་ཧཱུཾ་མཛད་བགེགས་དགྲ་རྟ་མགྲིན་སྟོབས་པོ་ཆེ། །ཧེ་རུ་ཀ་དང་མགོན་ནག་ཙུན་ད་ནོར་རྒྱུན་ཁྲོ་གཉེར་ཅན། །རི་ཁྲོད་ལོ་མ་དབྱངས་ཅན་རལ་གཅིག་མ། །དུག་སེལ་རྣམ་རྒྱལ་གཞན་གྱིས་མི་ཐུབ་རྡོ་རྗེ་གན་དྷ་རི། །རྡོ་རྗེ་ལྕགས་སྒྲོག་རྡོ་རྗེ་ཕག་མོ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང༌། །བསིལ་བའི་ནགས་ཚལ་གསང་སྔགས་རྗེས་འཛིན་རྨ་བྱ་ཆེན་མོ་དང༌། །སོ་སོར་འབྲངས་མ་སྟོང་ཆེན་རབ་འཇོམས་ཕྱིར་བཟློག་ཆེན་མོ་གདུགས་དཀར་མོ་སྟེ་ཉི་ཤུ་བདུན། །སྒྲུབ་ཐབས་རེ་རེ་ཡོད་དེ་དེ་ལྟར་དགུ་བཅུ་དྲུག །སྒྲུབ་ཐབས་བསྡོམས་པའི་སྡོམ་ཚིག་རྫོགས་སོ། །འཁོར་ཆེན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ་སེང་གདོང་ཅན། ཤ་བ་རི་པ། ཛ་བ་རི་པ། བལ་པོ་དེ་བ་བུདྡྷ་མ་ཏི། འགར་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་པོ། གངས་སྟོན་ཤེས་རབ་བླ་མ། གངས་སྟོན་ཤེས་རབ་འབུམ། གྲུབ་སྟོན་ཤེས་རབ་གྲུབ། གྲུབ་རྡོ་རྗེ་ཡེ་ཤེས། རོང་པ་ཆོས་མགོན། མཁས་པ་ཡོན་ཏན་རྒྱ་མཚོ། བླ་མ་རྩ་རི་བ། ཡང་རོང་པ་ཆོས་མགོན་ནས་བླ་མ་མཆོག་ལྡན། བླ་མ་གཞོན་སེང༌། དེ་གཉིས་ཀ་ལ་ཆོས་རྗེ་དོན་རིན་པས་སོ། །ཚེ་དཔག་མེད་ལྷ་དགུའི་བརྒྱུད་པ་ནི། འོད་དཔག་མེད། སྙིང་པོ་ཞབས། ཛེ་ཏ་རི།


JLD001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོཙྪ་བ། འཆིམས་བརྩོན་སེང༌། འུ་ཡུག་པ་ཐམས་ཅད་མཁྱེན་པ། དབང་ཕྱུག་མགོན། སངས་རྒྱས་འབུམ། མཆོག་ལྡན། ཡེ་ཤེས་དཔལ། ཆོས་རྗེ་དོན་རིན་པ། དེས་བདག་ལའོ། །ཀྱཻ་རྡོ་རྗེའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་བ་ངྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ལོཙྪ། སེ་མཁར་ཆུང་བ། ཞང་དགོན་པ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། བླ་མ་ཆོས་རྗེ། བླ་མ་འཕགས་པ། མཆོག་ལྡན། དཔལ་ལྡན་པ། གྲགས་པ་རྒྱལ་མཚན། དཀོན་མཆོག་རིན་ཆེན། ཆོས་རྗེ་དོན་རིན་པའོ། །བདེ་མཆོག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས་ཅན། ཛ་ལན་དྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས་ཅན། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། མལ་ལོཙྪ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། བླ་མ་འཕགས་པ། མཁན་ཆེན་ཁྲོ་ཕུ་བ། བླ་མ་ཙ་རི་པ། ཆོས་རྗེ་དོན་རིན་ནོ། །ཡང་གཅིག་ལ། བླ་མ་འཕགས་པ་འོད། དོན་རིན་པ། དེས་བདག་ལའོ། །མ་ཧཱ་མཱ་ཡའི་དབང་གི་བརྒྱུད་པ་ནི། ཧེ་རུ་ཀ །རྡོ་རྗེ་མཁའ་འགྲོ་མ། ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌ໋་བྷི་པ། ཏེ་ལོ་པ། ནཱ་རོ་པ། ཞི་བ་བཟང་པོ། མར་པ་ཆོས་ཀྱི་བློ་གྲོས། ཞེ་སྡང་རྡོ་རྗེ། རྔོག་མདོ་སྡེ། རྔོག་ཆོས་སྐུ། རྔོག་ཚ་དཀོན་མཆོག་


JLD001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འབར། དབུས་པ་དབང་ཕྱུག་གྲགས། སྟག་སྡེ་ཤེར་དཔལ། བླ་མ་འཕགས་པ། དགའ་ལྡན་པ་ཀུན་བསོད། བག་སྟོན་གཞོན་ཚུལ། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཡང་ལུགས་གཅིག་ལ། འཕགས་པ་ལ་ལོཙྪ་བ་གྲགས་པ་རྒྱལ་མཚན། རོང་པ་ཤེར་སེང༌། བག་སྟོན། བླ་མ་ཚུལ་ཁྲིམས་རྒྱལ་མཚན། རྒྱལ་མཚན་གྲགས། དེས་བདག་ལའོ། །གུར་མགོན་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཤྲངྔྷ་ཀ་ར་ཝ་ར་མ། ཇོ་བོ་རིན་ཆེན་བཟང་པོ། བླ་མ་བྲག་སྟེངས་པ། མལ་ལོཙྪ། ས་སྐྱ་པ་ཡབ་སྲས། ཆོས་རྗེ། བླ་མ་འཕགས་པ། མཁན་ཆེན་ཁྲོ་ཕུ་བ། བླ་མ་ཙ་རི་པ། དོན་རིན་པ། ཡང་གཅིག་ལ། བླ་མ་འཕགས་པ་འོད། བླ་མ་འོད། དོན་རིན་ནོ། །རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ལཱ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵཾ་ཏ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། རྗེ་བཙུན་རྒ་ལོ། རོང་པ་ཤེར་སེང༌། བླ་མ་ཡེ་ཤེས་དཔལ། ཆོས་རྗེ་དོན་རིན་པ། དེས་བདག་ལའོ། །ཀྱཻ་རྡོ་རྗེའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་བ། ཌཱ་མ་རུ་པ། ཨ་ཝ་ངྷཱུ་ཏཱི་པ། ག་ཡ་དྷ་ར། རྗེ་འབྲོག་མི་ཤཱཀྱ་ཡེ་ཤེས།


JLD001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སེ་མཁར་ཆུང་བ། ཞང་དགོན་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། བླ་མ་ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བསོད་ནམས་དཔལ། བླ་མ་དམ་པ། བླ་མ་འཇམ་རིན་པ། དེས་བདག་ལའོ། །ནག་པོ་བས་མཛད་པའི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ། རིམ་པ་བཞི་པ། གསང་བའི་དེ་ཁོན་ཉིད་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ཕྱག་ན་རྡོ་རྗེ། ས་ར་ཧ། འཕགས་པ་ཀླུ་སྒྲུབ། ཤ་བ་རི། ལཱུ་ཨི་པ། དྷ་རི་ཀ་པ། དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལན་དྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་བ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་བློ་གྲོས་གྲགས། ས་ཆེན་པ། རྗེ་བཙུན་བསོད་རྩེ། རྗེ་བཙུན་གྲགས་རྒྱལ། ས་པཎ། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་ལ་དུ་བ། བླ་མ་དབང་རྒྱལ། ཆོས་རྗེ་སྤང་ཁང་བ་གྲགས་པ་དཔལ། ཆོས་རྗེ་ས་བཟངས་པཎ་ཆེན། བླ་མ་རྟོགས་ལྡན་པ། དེས་བདག་ལའོ། །དྲིལ་བུ་པའི་རིམ་ལྔའི་བརྒྱུད་པ་ཡང་དེའོ། །འདུལ་བའི་བཤད་བརྒྱུད་ནི། བཅོམ་ལྡན་འདས། ཉེ་བར་འཁོར། དེས་ཀུན་དགའ་བོ། ཉེར་སྦས། དྷི་དྷི་ཀ །དགྲ་བཅོམ་ནག་པོ། ལེགས་མཐོང༌། ཕྱིར་མི་འོང་བློ་མི་འབེབས། འདུས་བཟང༌། དབྱིག་གཉེན། སློབ་དཔོན་ཡོན་ཏན་འོད། ཤཱཀྱ་འོད། སེང་གེའི་གདོང་པ་ཅན། དེས་དཱ་ན་ཤཱི་ལ་དང༌། ཛི་ན་མི་ཏྲ་གཉིས་ལ། དེས་ཤཱཀྱ་


JLD001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ །རླུང་ལོཙྪ་བ། སྐྱོགས་འདུལ་འཛིན། རྫུས་རྡོ་རྗེ་རྒྱལ་མཚན། རྫུས་ཀྱིས་ཀླུ་མེས་ལའང་གསན་ཏེ། ཡས་དར་མས་དར་གཉིས་སུ་བྱས་པའོ། །དེས་རྒྱལ་གྱི་རླན་ཚུལ་ཁྲིམས་བྱང་ཆུབ་བ། སྦོ་ཆུང་པ་ཡེ་ཤེས་ཤེས་རབ། སྣེལ་པོ་གྲགས་པ་རྒྱལ་མཚན། འཇིམས་ཤེས་རབ་འོད། །དེས་རྫུས་ཀྱི་བུ་བཞི་ལས། དང་པོ་གསུམ་དང༌། རིན་ཆེན་བླ་མ། ཚུལ་ཁྲིམས་བླ་མ། ཡེ་ཤེས་བླ་མ་དྲུག་གིས་རྒྱལ་ལ་གསུངས། དེས་ཚ་རོང་པ་ལ། དེ་གཉིས་ཀྱིས་ཡར་སྟོད་པ་ལ། དེས་ཀ་བ་དར་མ་སེང་གེ་ལ། དེ་གཉིས་ཀྱིས་མཁན་ཆེན་ལ། དེས་དབོན་ལ། དེ་གཉིས་ཀྱིས་མཁན་པོ་ཆོས་ཀྱི་རྗེ་ཞིག་པོ་ཤེས་རབ་སེང་གེ་ལ། དབོན་དང་ཤེར་སེང་གིས་མཁན་པོ་གཞོན་ནུ་བརྩོན་འགྲུས་ལ། དེས་དབང་ཕྱུག་ཤེས་རབ་ལ། དེས་ཤེས་རབ་རྡོ་རྗེ་ལ། དེས་མཁན་པོ་ཀུན་དགའ་འབྱུང་གནས་ལ། དེས་དཀའ་བཞི་པ་བློ་གྲོས་བཟང་པོ་ལ། རྣམ་འགྲེལ་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཆོས་སྐྱོབ། མེ་ཝཾ་ག །དབྱིག་གཉེན། ཕྱོགས་གླང༌། དབང་ཕྱུག་སྡེ། ཆོས་ཀྱི་གྲགས་པ། ལྷ་དབང་བློ། ཤཱཀྱ་བློ། ཤེས་རབ་འབྱུང་གནས། ཆོས་མཆོག །ཇ་མ་རི། དུལ་བའི་ལྷ་དང༌། ཤང་ཀ་ར་ནནྟ། ཝ་གུ་ཤཱཀྱ་ཤྲཱི། ས་སྐྱ་པ། རིགས་སེང༌། བསྙེན་རྫོགས་སྡོམ་པའི་བརྒྱུད་པ་ནི། སངས་རྒྱས། ཤཱ་རིའི་བུ། སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་


JLD001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། ཀླུ་སྒྲུབ། ཡོན་ཏན་བློ་གྲོས་མཆོག །རིན་ཆེན་བཤེས་གཉེན། ཆོས་ཀྱི་བཟང་པོ། ཡོན་ཏན་རྒྱ་མཚོ། ཆོས་ཀྱི་ཕྲེང་བ། འབྱུང་གནས་སྦས་པ། པཎ་ཆེན་ཤཱཀྱ་ཤྲཱི། རྡོ་རྗེ་དཔལ། མཁན་པོ་ཆོས་རྗེ། འོད་ཟེར་དཔལ། བསོད་ནམས་དཔལ། ཤེས་རབ་མགོན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་ཆེན་ཚུལ་ཁྲིམས་རིན་ཆེན་ནི་མཁན་བརྒྱུད་དོ། །ཧེ་རུ་ཀ །དཔལ་རྡོ་རྗེ་མཁའ་འགྲོ་མ། ཀུ་ཀུ་རི་བ། མཆོ་སྐྱེས། ཌ໋་བྷི་པ། ཏཻ་ལོ་པ། ནཱ་རོ་པ། ཞི་བ་བཟང་པོ། མར་བ་ཆོས་བློ། རྔོག་ཆོས་རྡོར། ཞེ་སྡང་རྡོ་རྗེ། མདོ་སྡེ། རྔོག་ཚ་ཆོས་སྐུ། དཀོན་མཆོག་དཔལ། དབུས་པ་དབང་ཕྱུག་གྲགས། སྟག་བདེ་བ་ཤེར་དཔལ། བླ་མ་འཕགས་པ། དགའ་ལྡན་པ་ཀུན་བསོད། བག་སྟོན་བླ་མ། ཡང་འཕགས་པ། ལོཙྪ་བ་གྲགས་རྒྱལ། རོང་པ་ཤེར་སེང་། བག་སྟོན། བླ་མ་ཚུལ་རྒྱལ་ལོ། །ཇོ་བོའི་ཆོས་ཆུང་གི་བརྒྱུད་པ་ནི། ཇོ་བོ་རྗེ། དགེ་བཤེས་སྟོན་པ། པོ་ཏོ་བ། ཤ་ར་བ། སྟབས་ཀ་པ། ཞང་སྟོན་པ། དགོན་ཆེན་པོ་བ། གུར་སྟོན། རྨ་སྟོན། ཤེས་རབ་རྡོ་རྗེ། དཀོན་མཆོག་རྒྱལ་མཚན། བླ་མ་འཇམ་དཔལ་རིན་ཆེན། དེས་བདག་ལའོ། །རྨ་བྱ་དུག་འཇོམས་དང་མཚོན་ཆ་འཁོར་ལོ་གཉིས་ཀྱི་བརྒྱུད་པ་ནི། དྷརྨ་རཀྵི་ཏ། ཇོ་བོ་ཆེན་པོ་ནས་ལྷ་འགྲོ་བའི་མགོན་པོའི་བར་ལམ་རིམ་དང་འདྲ་ཞིང༌། དེ་ནས། སྦས་པ་སྟོན་གཞོན། ལྷ་བློ་གྲོས་འོད། སང་འོད། གཞོན་སང༌། ཡང་


JLD001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྷ་འགྲོ་མགོན། ལྷ་ཟུར་ཁང་པ། སང་འོད། གཞོན་སང༌། མཁན་ཆེན་ཆོས་སྐྱབས་བཟང་པོ། དེས་བདག་ལའོ། །སེམས་པའི་རིམ་པ་དང༌། མཐའ་འཁོབ་འདུལ་བའི་རིམ་པ་ཆོས་བཞིའི་བརྒྱུད་པ་ཡང་རིམ་པ་བཞིན། བྱམས་པའི་རྣལ་འབྱོར་པ། གསེར་གླིང་པ་གཉིས་སོ་སོ་ནས། ཇོ་བོ་ཆེན་པོ། དེ་ནས་སྔར་བཞིན་ནོ། །གཞུང་དེ་བཞི་ནི། རིན་སྒང་པ་རྣམས། འོད་འཇོ་བ་སངས་རྒྱས་དམར་སྟོན་གྱིས་བྱས་ཟེར། གཞན་དག་དེས་ལྷ་འགྲོ་མགོན་ལ་ཞུས་པས་མི་བདེན་ཟེར་རོ། །དགོན་པ་བའི་ལུགས་ཀྱི་ལམ་རིམ་བརྒྱུད་པ་ནི། ཇོ་བོ་རྗེ། དགོན་པ་བ། སྣེའུ་ཟུར་བ། ཐག་མ་དཀའ་ཆེན། ནམ་སེང༌། ནམ་མཁའ་རྒྱལ་པོ། སེང་གེ་བཟང་པོ། མཁན་ཆེན་ནམ་མཁའ་རྒྱལ་མཚན་པ། དེས་བདག་ལའོ། །སྐྱབས་འགྲོ་དང༌། སེམས་བསྐྱེད་གོང་འོག་གི་བརྒྱུད་པའང་དེ་བཞིན་ནོ། །མི་གཡོ་བའི་དམིགས་སྐོར་གསུམ་གྱི་བརྒྱུད་པ་ནི། སྣེའུ་ཟུར་པ་ནས། སྒྱེར་ཆེན་པོ། དབོན་སྟོན། ནམ་མཁའ་རྒྱལ་པོ་སོགས་སྔར་བཞིན་ནོ། །དམ་ཚིག་གསུམ་བཀོད། ལྟུང་བཤགས་སྒྲུབ་པ། ཟླ་བ་རྗེས་དྲན། ཕྱག་སྐོར་བ་ལ་སོགས་པའི་བྱ་ཐབས་ཀྱི་ལག་ལེན། བེའུ་བུམ་རྣམས་ཀྱང་ངོ༌། །ལམ་སྒྲོན་བརྒྱུད་པ་ནི། ཇོ་བོ་རྗེ། སྟོན་པ། པོ་ཏོ་བ། ཤ་ར་བ། བྱ་འཆད་ཁ་བ། ཡེ་ཤེས་རྡོ་རྗེ། སེ་སྤྱིལ་བུ་བ། ཆོས་ཀྱི་རྒྱལ་མཚན། ལྷ་ཆེན་པོ། ལྷ་འགྲོ་མགོན། ཟངས་ཆེན་པ་དར་མ་བསོད་ནམས། མཆོ་སྣ་བ་


JLD001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་བཟང་པོ། སློབ་དཔོན་དགའ་བ་བཟང་པོ། མཁན་ཆེན་ཆོས་སྐྱབས་བཟང་པོ། དེས་བདག་ལའོ། །ལམ་རིམ་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ། ཇོ་བོ་ནས་སྔར་ལྟར་ལ། མཚོ་སྣ་བ་ནས། མོན་གྲབ་པ་ཚུལ་ཁྲིམས་བཀྲ་ཤིས། མཁན་ཆེན་ཆོས་སྐྱབས་བཟང་པོ། དེས་བདག་ལའོ། །སེམས་ཙམ་ལུགས་ཀྱི་སྨོན་པ་སེམས་བསྐྱེད་ཀྱི་ཡང་ངོ༌། །གུར་དང་སཾ་བྷུ་ཊའི་བརྒྱུད་རིམ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌ໋་བྷི་ཧེ་རུ་ཀ །ཨ་མ་ལ་བཛྲ། ནགས་ཁྲོད་པ། གྷ་ར་པ་རི་བ། བསོད་སྙོམས་པ་རྒྱལ་བ་དཔལ་གྱི་ཡེ་ཤེས། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། འབྲོག་མི། བླ་མ་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་པ། ཆོས་རྗེ་པ། འཕགས་པ། འཇམ་དབྱངས་རིན་རྒྱལ། བླ་མ་དཔལ་ལྡན་སེང་གེ །བླ་མ་སེང་གེ་རྒྱལ་མཚན། རྒྱང་རོ་ཤེས་རབ་རིན་ཆེན། ཞང་སྟོན། བླ་མ་རྟོགས་ལྡན་པ། དེས་བདག་ལའོ། །ཕྱག་ཆེན་ཐིག་ལེའི་བརྒྱུད་པ་ནི། ཆོས་རྗེ་ས་པཎ་གྱི་བར་སྔར་བཞིན་ལ། དེ་ནས་ཁང་སྟོན་སངས་རྒྱས་སྲས། བདེ་བ་ཅན་པ་ཡེ་ཤེས་མགོན། སེང་རྒྱལ་བ་དབུ་མ་པ་རྒྱལ་མཚན་དཔལ། བདེ་བ་ཅན་པའི་འོག་ཏུ་བྱུང་བའི་སེང་གེ་རྒྱལ་མཚན་དང་སྔ་མ་གཉིས་མི་འདྲའོ། །རྒྱང་རོ་པ། ཞང་སྟོན་པ། བླ་མ་རྟོགས་ལྡན་པ། དེས་བདག་ལའོ། །དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་རྣམས་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་


JLD001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། ཀླུ་སྒྲུབ། མ་ཏང་གི །ཏཻ་ལོ་པ། ནཱ་རོ་པ། མར་པ། མཚུར་དབང་ངེ་། རྒྱ་ལོང་ཕུག་པ་ཆེ་ཆུང༌། ཡར་ཐང་པ། རྒན་མོ་ལྷས་པ་བྱང་ཆུབ་དཔལ། སྟོད་ལུང་གྲགས་པ་འབུམ། བདེ་བ་ཅན་པ། སེང་རྒྱལ། དབུ་མ་པ། རྒྱང་རོ་པ། ཞང་སྟོན། བླ་མ་རྟོགས་ལྡན་པ། དེས་བདག་ལའོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བའི་བརྒྱུད་རིམ་ནི། བདེ་བ་ཅན་པའི་བར་སྔ་མ་བཞིན་ལ། འབྲི་མཚམས་པ་བཀོན་མཆོག་སེང་གེ །སེང་རྒྱལ། དབུ་མ་པ། རྒྱང་རོ་པ། ཞང་སྟོན། རྟོགས་ལྡན་པ། དེས་བདག་ལའོ། །དགྲ་ནག་གི་བརྒྱུད་རིམ་ནི། སངས་རྒྱས། མཉྫུ་ཤྲཱི། བུངྔྷ་ཤྲཱི་ཛྙཱ་ན། དཱི་པཾ་ཀ་ར་བྷ་དྲ། ནཱི་ལ་བཛྲ། སུ་ཧུ་སུ་ར་པ། ཤེ་ནན། ཨ་བ་ལི་ན་པ། གུ་ན་བྷ་དྲ། ཝཱ་གཱི་ཤྭ་ར་ཀཱིརྟི། དཻ་ཝ་ཨཱ་ཀ་ར་ཙནྟ། ཨ་མོ་གྷ་བཛྲ། ཞང་ཤེས་རབ་བླ་མ། སཾ་གྷ་བྷ་དྲ། གཅེན་རྡོ་རྗེ་རྩེ་མོ། གཅུང་གཙང་འོད་གཡུལ་ལས་རྣམ་རྒྱལ། གཏན་བཟངས་པ། སངས་རྒྱས་འབྱུང་པ། རཏྣ་པྲཛྙཱ། འཇམ་དབྱངས་པ། སེང་རྒྱལ། དབུ་མ་པ། རྒྱང་རོ་པ། ཞང་སྟོན། བླ་མ་རྟོགས་ལྡན་པ། དེས་བདག་ལའོ། །རྟོག་བདུན་དང་རྟོག་པ་གསུམ་པའི་བརྒྱུད་རིམ་ནི། རྡོ་རྗེ་འཆང༌། ཌཱ་ཀི་མ། ལཱ་ལི་ཏ། ཨ་མོ་གྷ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །འབུམ་སེང༌། ཤེར་སེང༌། དཔལ་ལྡན་སེང་གེ །སེང་རྒྱལ། རྒྱང་རོ་པ། ཞང་སྟོན། རྟོགས་ལྡན་པ། དེས་བདག་ལའོ། །རྡོ་རྗེ་


JLD001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་བརྒྱུད་རིམ་ནི། རྡོ་རྗེ་འཆང༌། རྣལ་འབྱོར་མ། ལཱུ་ཨི་པ། ཌེཾ་ཀི་པ། དྷ་རི་ཀ་པ། ཀ་ཙ་ཏ་པ། གྷ་ཏྲ་ཏ་པ། ལ་བ་པ། ཛ་ལནྡྷ་ར། ནག་པོ་པ། དགེ་བའི་མགོན་པོ། ཏཻ་ལོ། ནཱ་རོ། ཕམ་ཏིང་པ་སྐུ་མཆེད། མ་ཎ་ཀ་ཤྲཱི་ཛྙཱ་ན། ཁ་ཆེ་བྱང་བཟངས། དེ་བཞིན་ཀའི་སློབ་མ། མར་པ་ཆོས་དབང༌། གཟི་བ་བློ་ལྡན། དེའི་སྲས་དོན་ཡེ། ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། མཆོག་ལྡན་པ། འཁོན་སྟོན། བདེ་བ་ཅན་པ། སེང་རྒྱལ། དབུ་མ་པ། རྒྱང་རོ་པ། ཞང་སྟོན། རྟོགས་ལྡན་པ། དེས་བདག་ལའོ། །མ་ཧཱ་མ་ཡའི་བརྒྱུད་རིམ་ནི། རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། མཚོ་སྐྱེས། ཌ໋་བྷི་པ། ཏཻ་ལོ་པ། ནཱ་རོ་པ། བལ་པོ་པཎྜི་ཏ། ཞི་བ་བཟང་པོ། མར་བ་ཆོས་བློ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྡོག་ཚ་ཆོས་སྐུ། རྔོག་ཚ་དཀོན་མཆོག །ཀློག་སྐྱ་དབང་ཕྱུག་གྲགས། ལྷོང་ཤེས་རབ་དཔལ། འཕགས་པ། བློ་ཆེན། བདེ་བ་ཅན་པ་ནས་མཁས་བཙུན་པར་སྡར་བཞིན་ལ། རྟོགས་ལྡན་པ། དེས་བདག་ལའོ། །རྣམ་སྣང་མངོན་བྱང་དང་དཔུང་བཟང་གི་བརྒྱུད་རིམ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། མཆིམས་བརྩོན་སེང༌། མཆིམས་དོན་ནེ། ཆོས་སེང༌། བློ་བརྟན། ནམ་མཁའ་གྲགས། འཕགས་པ། ཁང་སྟོན། སངས་རྒྱས་སྲས། བདེ་བ་ཅན་པ་ནས་ཞང་སྟོན་པའི་བར་སྔར་བཞིན་ལ། རྟོགས་ལྡན་པ། དེས་བདག་ལའོ། །གསང་བ་སྤྱི་


JLD001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་བརྒྱུད་རིམ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོཙྪ་བ། ས་ཆེན་པ། བསོད་རྩེ་བ། རྗེ་བཙུན་པ། ས་པཎ། ཞང་སྟོན། ཁང་ཨ་གོ་ཤ་ཀ་ཤྲཱི། སངས་རྒྱས་སྲས། བདེ་བ་ཅན་པ་ནས་ཞང་སྟོན་པའི་བར་སྔ་མ་བཞིན་ལ། རྟོགས་ལྡན་པ། དེས་བདག་ལའོ། །བསམ་གཏན་ཕྱི་མ་དང་ལེགས་གྲུབ་ཀྱི་བརྒྱུད་རིམ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏ་རི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། པ་རི་ལོཙྪ་བ། ས་ཆེན། རྗེ་བཙུན་པ། ཡང་ན་བ་རི་བ་ནས་མཆིམས་པ་བཞི། སངས་རྒྱས་སྲས། མཆོག་ལྡན་པ། བདེ་བ་ཅན་པ་ནས་ཞང་སྟོན་པའི་བར་སྡར་བཞིན་ལ། རྟོགས་ལྡན་པ། དེས་བདག་ལའོ། །དབུ་མ་རིགས་ཚོགས་དང༌། རིན་ཆེན་ཕྲེང་བ་སྟོང་སྐོར་རྣམས་ཀྱི་བརྒྱུད་པ་ནི། ཀླུ་སྒྲུབ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་གྲགས། རིག་པའི་ཁུ་བྱུག །ས་ར་ཧ། ཧ་སུ་མ་ཏི། ཀ་ན་ཀ་ཝརྨ། པ་ཚབ་ལོཙྪ་བ། རྨ་བྱ་བྱང་ཡེ། རྨ་བྱ་བྱང་བརྩོན། རྨ་བྱ་ཤཱཀ་སེང༌། ཀུན་མཁྱེན་མཆིམས། སྐྱོ་སྟོན་པ། རྒྱང་རོ་པཎ་ཆེན། དཔལ་ལྡན་མཆིམས། རིན་པོ་ཆེ་ཀུན་རྒྱལ། དེས་བདག་ལའོ། །རྩ་ཤེ་ཚིག་གསལ་དང་བཅས་པའི་བརྒྱུད་པ་ནི། ཀླུ་སྒྲུབ། ཨཱརྻ་དེ་བ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། དེ་བཞི་ག་ལ་ཟླ་བ་གྲགས་པས་གསན། དེ་ལ་རིག་པའི་ཁུ་བྱུག་གིས། ཁ་ཆེ་གཞོན་ནུ་འབུམ། ཇོ་བོ་ཧ་སུ་


JLD001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏི། ཀ་ན་ཀ་ཝརྨ། དེ་གསུམ་ག་ལ་པ་ཚབ་ཀྱིས་གསན། དེ་ལ་རྨ་བྱ་བྱང་ཡེ། རྨ་བྱ་བྱང་བརྩོན། མཚུར་གཞོན་ནུ་སེང་གེ །རྨ་བྱ་ཤཱཀྱ་སེང་གེ །མཁན་ཆེན་ཞང་པ། མཆིམས་ཐམས་ཅད་མཁྱེན་པ། སྐྱོ་སྟོན་པ། སློབ་དཔོན་དགེ་འབར། དབུ་ཚད་པ་འོད་ཟེར་གྲུབ། མི་གཡོ་བཟང་པོ། རིན་པོ་ཆེ་ཀུན་རྒྱལ། དེ་ལ་བདག་གིས་སོ། །རྗེ་ཐམས་ཅད་མཁྱེན་པའི་གསན་ཡིག་འདི། རྗེ་ཉིད་ཀྱི་ཕྱག་བྲིས་ལ་མ་ཕྱི་བྱས་པ་ལས་བརྒྱུད་ཅིང༌། འདིར་མ་འདུས་པའི་བཀའ་ལུང་གསན་པའི་བརྒྱུད་རིམ་དུ་མ་ཡོད་པར་སྣང་ཡང་མ་རྙེད་དོ།། །།མངྒ་ལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། ཆོས་སྡེ་ཆེ་ནས་ཆོས་སྦྱན་ཆར་འདི་སྤེལ། །


previousརྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་གསན་ཡིགnext