Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ལྟ་བའི་ཞལ་ཤེས་ཡིག་ཆུང་།


 
previousལྟ་བའི་ཞལ་ཤེས་ཡིག་ཆུང་། no next

ལྟ་བའི་ཞལ་ཤེས་ཡིག་ཆུང་།


JLD001_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་ཞལ་ཤེས་ཡིག་ཆུང་བཞུགས་སོ།


JLD001_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མནྩུ་གྷོ་ཥཱ་ལ། དེ་ལ་ཞི་ལྷག་གི་མཚན་ཉིད་དང་རྒྱུ་ཚོགས་བསྟན་པའི་རིམ་པ་རྣམས་མཐའ་དག་པ་བྱང་ཆུབ་ལམ་གྱི་རིམ་པ་ལ་ཤེས་པར་བྱ་ལ། འདིར་དེ་དག་གི་སྐབས་སུ་མེད་རི་རུང་གི་ཞལ་ཤེས་དག་བྲིས་པར་བྱའོ། དེ་ཡང་ཞི་ལྷག་གི་སྐབས་སུ་བྱིད་རྒོད། ཚོད་པ་ཤིན་ཏུ་གལ་ཆེ་བས། བྱིད་རྒོད་བཙན་ཐབས་སུ་སེལ་ཚུལ་ནི། བྱིད་རྒོད་ཤས་ཆུང་ཞིང་ལན་རེ་ཙམ་ལས་མི་འབྱུང་ན། །སྐབས་གཞན་ནས་འབྱུང་བ་ལྟར་དྲན་ཤེས་བསྟན་པས་སེལ་ལ། བྱིད་རྒོད་ཤས་ཆུ་བཞིང་ཡང་ཡང་བྱུང་བ་ལ་ནི། འདི་ལྟར་བྱིང་རླུང་ཡང་ཡང་བྱུང་དུས་སུ་རང་གི་སེམས་དང་ནམ་མཁའ་གསལ་སྟོང་གཉིས་དབྱེར་མེད་དུ་བསྲེས་ནས་བཟུང་པས་སེམས་གསལ་མ་དྭངས་ཤིང་


JLD001_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལ་འདོད་བཞིན་དུ་གནས་པ་ཡིན། རྒོད་པ་ལ་ནི་རླུང་སྦྱོར་བྱ་སྟེ། ནང་དུ་རླུང་བཟུང་བས་སེམས་ཀྱང་གནས། ཤིང་རིག་པ་དྭངས་སྙིགས་ལེགས་པར་ཕྱེ་འོང་བ་ཡིན། བྱིང་རྒོད་མཙན་ཐབས་སུ་གཅོད་པའི་ཞལ་ཤེས་སོ། གང་ལ་འཇོགས་པའི་དམིགས་པ་དང་། ཇི་ལྟར་འཇོག་པའི་དམིགས་ཚུལ་དང་། དམིགས་པ་བསྒོམས་པས་མྱོང་བ་སྐྱེ་ཚུལ་དང་། བྱིང་རྒོད་ཕ་རགས་ཀྱི་དབྱེ་བ་དང་ཁྱད་པར་རྣམས་ཤེས་པར་བྱའོ། ལྷག་མཐོང་ལ་ཐོག་མར་དག་བྱའི་ཚད་འཆར་ཚུལ་ནི། ཐོག་མར་བློ་ལྷན་སྐྱེས་ལང་ཙམ་དེ་ཇི་ལྟར་འཆར་པ་ལྟ། དེ་ངེས་ནས་བཙམ་དེང་པོ་སྙམ་པའི་བློ་ལ་ཇི་ལྟར་སྣང་བ་ལྟ། སྣང་ཚུལ་ངེས་ནས་ངའོ་སྙམ་པའི་བློ་དེས་ང་ཇི་ལྟར་བཟུང་ངེས་པ་བྱེད་


JLD001_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲེ། དེ་ལ་ཡང་སྔོན་དུ་སྣང་བའི་ཆར་ཚུལ་གཉིས་ལ་རིམ་བཞིན་གཉེན་པོ་བསྟེན་དགོས་སོ། བལྟ་ཚུལ་ལང་འོ་སྙམ་པའི་བློ་མ་ཤོར་བ་བྱས་ནས་བློ་གཞན་ཡིག་གིས་ཟུར་ནས་བསྟན་དགོས་པ་ཡིན་ཏེ། དེ་ལྟར་བལྟས་པ་ན་ཐོག་མར་ཕུང་པོ་འཆར་པ་དང་མི་འཆར་བ་གཉིས། འཆར་བ་ལ་ཡང་ང་དེ་ཕུང་པོའི་དཀྱིལ་ན་གནས་པ་ལྟར་འཆར་བ་དང་། ཕུང་པོ་ལས་གཞན་མི་འཆར་བ་དང་། མི་འཆར་བ་ལ་ཡང་ཅང་མེད་ཀྱི་སྟོང་པ་ལྟ་བུ་རས་ཆར་བ་དང་། ཁ་དོག་དང་གཟུགས་ཀྱི་རྣམ་པར་འཆག་བ་ནི་འཆར་ཚུལ་རྣམ་དག་མ་ཡིན་ནོ། དེས་ན་བློ་ལྷན་སྐྱེས་འདི་ལའང་དེ་ཡུལ་གང་ལ་ཡར་ལྟོས་པ་མེད་འདྲ་བའི་རལ་རང་ངོས་ནས་ལྷང་ངེ་འཆང་བ་ཞིག་འཆར་ལ། དེ་ཉིད་ཐ་སྟད་སྲོང་སྲོང་བ་དང་། ཕོབ་ཕོབ་པ་དང་། ནུས་པ་ལྷད་དེ་བ་དང་། ལམ་མེ་བ་གང་དང་སྦྱར་ཡང་འཆར་བ་འདྲ་བ་ཞིག་འོང་ངོ་། སྣང་བ་དེ་ཡང་ཡུན་ཐུང་བས་ཕྲ་ཙམ་རེ་ལས་མི་འཆར་རོ། དེ་བློ་དེ་དང་སྔོན་ནས་གྲུབ་གྲུབ་ཅིག་དྲན་པ་ལྟར་དུ་འཆར་རོ། འཆར་ཚུལ་དེ་ལ་ཡང་། ཕུང་པོ་དང་ཅིག་དང་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ངོ་། དེ་ཡང་ངན་ཞེས་པ་དང་ངའི་ལག་པ་ན་ཞེས་པ་ལྟ་བུའོ། ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་པ་རང་བྱ་བ་བྱེད་དོ་ཞེས་པ་ལྟ་བུ་ནི་ང་བཞེན་པ་ཡིན་ནོ། ངའོ་སྙམ་པའི་བློ་ནི་ང་འགྲོང་སྔོན་སྙམ་པ་རྣམས་སོ། དེ་ལྟར་འཆར་ཚུལ་ཕེབ་ནས། དེ་ལྟར་གྲུབ་ན་ཕུང་པོ་དང་གཅིག་དང་ཐ་དད་གང་དུ་ལས་མི་འདའ་བའི་ཚུལ་དང་། གཅིག་དང་ཐ་དད་གཉིས་ཀ་ལ་གནོད་པ་ཡོད་པའི་ཚུལ་


JLD001_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྟེ། ང་སྣང་བ་དེ་ལྟར་དུ་མི་འདུག་པ་ལྟང་གིས་ངེས་ན། ངེས་ཤེས་ལྷང་ལྟང་བ་བར་མ་ཆད་དུ་སྐྱོང་བ་ནི་སྐྱོང་ཚུལ་གྱི་གནད་དམ་པའོ། དེའི་ཚེ་དགག་བྱ་གསར་དུ་གསལ་བཏབ་ནས་དེ་ལྟར་མེད་དོ་སྙམ་དུ་བྱེད་པ་མིན་ཏེ། དང་པོ་དགག་བྱ་གསལ་བཏབ་སྟེ། དེ་ལྟར་དུ་མེད་པར་ངེས་ཤེས་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་རྩེ་གཅིག་ཏུ་མཉམ་པར་ལོག་པ་ཡིན་ནོ། དེ་ལ་གནད་པ་བཞིར་བྱས་ནས། དང་པོ་དགག་བྱད་ས་བའི་གནད། གཉིས་པ་ཁྱབ་པ་ངེས་པའི་གནད། གསུམ་པ་ཕྱོགས་ཆོས་ཀྱི་ཟུར་དང་བོ་ངེས་པ། བཞི་པ་ཕྱོགས་ཆོས་ཀྱི་ཟུར་ཕྱི་མ་ངེས་པ་རྣམས་ཡིན་ལ། ཚད་མ་བཞིར་བྱས་ནས་དགག་བྱའི་འཆར་ཚུལ་ངེས་པའི་ཚོད་མ། གཅིག་དང་ཐ་དད་གང་རུང་དུ་ངེས་པའི་ཚད་མ། གཅིག་ཏུ་མ་གྲུབ་པ་ངེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པ་ངེས་པའི་ཚད་མ་དང་བཞིའོ། དེ་ལ་བོ་ཞས་འདོན་པ་ནི། མཉམ་རྗེས་ཀྱི་སྐྱོང་ཚུལ་གཉིས་ལ་མཁས་པས་བོགས་འདོན་པ་ཡིན་ནོ། གེགས་སེལ་བནི། ཆད་ལྷག་ནད་དང་པོའི་ཚད་མ་ངེས་པའི་ཚད་མ། བདག་ཆད་ཀྱི་དོགས་ཀྱི་འཇིགས་པ་ནི་རྗེས་ཐོབ་ཀྱི། སྣང་བསྐྱོན་མེད་འདི་གསེལ་ནུས་སོ། སྟོང་ཉིད་རྒྱད་ཆད་བསྒོམས་ན་བདེན་གྲུབ་གྱི་རྟག་མཐའ་བསྒོམས་པ་རབ་གྱུར་པས་བློ་དང་བསྲེས་ནས་དབྱེར་མེད་དུ་བསྒོམ་མོ། ངའི་བློ་འཆར་ཚུལ་ནི། ང་ཡི་འོ་སྐམ་པའི་བློ་སྒྱི་ཁ་དིའི་འཆར་ཚུག ང་ཡི་འོ་ལྷམ་བུ་བསམ་པ་ན། བློ་དེ་དང་ལིང་ཆད་དུ་


JLD001_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཆད་པ་འདྲ་བ་ཞིག་འཆར་ལ། དེ་སྙིང་སྣང་བ་ལྟར་གྲུབ་ན་མིག་རྣ་སོགས་དང་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས། གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་ཀྱི་གཅིག་ཏུ་འགྱུར་བས། མིག་ཤེས་ཀྱི་ཀྱང་སྐར་ཐོས། རྣ་བས་ཀྱང་གཟུགས་མཐོང་བར་འགྱུར་རོ། ཐ་དད་དུ་གྲུབ་ན་ང་ཡིའོ་སྙམ་པའི་བློ་དེ་ཉིད་ཀྱིས་འབུལ་ལ་ཡོངས་སྐྱོད་པ་ཡོད་པ་དང་། ངའི་བློ་རྣམས་བདེ་བ་སྒྲུབ་བྱེད་མིན་པ་ར་འགྱུར་བས། དེ་ལྟར་ངེས་པ་དྲངས་ནས་སྐྱོང་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། དེ་ནས་ཤེས་པའི་འཆར་ཚུལ་བལྟ་སྟེ། དེ་ཡང་ཡུལ་རང་དབང་དུ་སྤྱོད་པ་འདྲ་བའི་ཚུགས་ཐུབ་ཏུ་འཆར་རོ། དེ་ངེས་པ་འདྲེན་ཚུལ་དང་སྐྱོང་ཚུལ་མཉམ་རྗེས་ཐམས་ཅད་སྔར་དང་འདྲའོ། དེ་ནས་རང་རྒྱུད་ཀྱི་རྒུད་པོའི་སྟེང་དུ་བརྟན་ལ་ཟབ་ནས་བསྒོམ་མོ། དེ་ནས་གང་ཟག་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟེང་དུ་གཏན་ལ་ཕབ་སྟེ་བསྒོམ། དེ་འཆར་ཚུལ་ནི་ཀ་བ་ལྟ་བུ་སྔར་ནས་གྲུབ་པ་གཏན་ཚུགས་ཐུབ་པའི་རྣམ་པར་འཆར་རོ། ཐ་སྙད་དུ་ཡོད་པར་བཤད་པ་ནི། མིང་ཙམ་ཞིག་ཡོད་པ་ཡིན་ལ། རིག་བས་མེད་པར་གྲུབ་པ་ནི། བློ་མ་རིག་པའི་ཡུལ་རྣམས་རང་དབང་དུ་བཟུང་བ་ལྟར་མེད་པ་གྲུབ་པ་ཡིན་ནོ། ན་མོ་གུ་རུ་ཕྲི། དབུ་མ་རི་ལྟར་པ་བསྔོ་མཚུལ་པ་ལྔ་སྟེ། ཐེག་པས་ནན་གྱི་ཡུལ་ཅན་ཁྱད་པར་ཅན་བསྒོམ་ཚུལ་དང་། དེ་ལོན་གཉིས་མངོན་སུམ་དུ་རྟོགས་ནས་བསྒོམ་པའི་ཚུལ་དང་། ཞི་གནས་དངོས་ལ་བརྟེན་ནས་ལྷམ་མཐོང་དངོས་སུ་བསྒོམ་ཚུལ། ཞི་གནས་རྗེས་མཐུན་པ་ལ་བརྟེན་ནས་ལྷག་མཐོང་


JLD001_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཐུན་པ་འཆར་ཚུལ། ལས་དང་པོ་པས་ལྟ་བ་ལ་སྨྱོང་བ་འདོན་པའི་ཚུལ་ལོ།་ལུགས་འདིའི་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་མིན་ལ་ངེས་པའི་ལྟ་བའི་འཛིན་ལྟང་སམ་འཇོ་གཅིག་གཉིས་པའི་ཚེ་དཔྱད་དོན་ངེས་པའི་ཚེ་ཡུལ་ཡུལ་ཅན་གཉིས་པོ་གཅིག་ཏུ་འདྲེས་ཀྱང་ཆོས་ཉིད་ཀྱི་སྣང་ཆ་ངེས་ཡུལ་དུ་མ་བྱེད་ཅིག གསུམ་པའི་ཚེ་དཔྱད་དོམ་ངེས་པ་དང་ལྷན་གཅིག་ཏུ་ཤི་མ་སྦྱངས་གཉིས་ཐོ་བར་དཔྱད་པས་གནས་པ་འདྲེན་ཞིང་གནས་པའི་ངང་ནས་སོ་སོར་དཔྱོད་ནུས་པས་མཉམ་གཞག་ཏུ་གནས་པ་དང་། ཇི་ལྟ་བའི་དོན་སོ་སོར་འབྱེད་ནུས་པའི་ཤེས་རབ་ཟུང་འབྲེལ་ཏུ་འོང་བའི་ཆ་སོ་སོར་ཕྱེད་པས་མཛོད་ཅིག་ཁ་ཞི་བའི་ཚེ་དཔྱད་དོན་ངེས་པ་ན་གནས་ཆ་འདྲེན་པ་ཞི་གནས་གྲུབ་པའི་མཐུ་ཡིན་ཡང་དེ་ཉིད་གཙོ་བོར་མ་འཛིན་པར་ཡང་ཡང་དུ་དཔྱད་ནས་དཔྱད་དོན་ལ་ངེས་པ་ཤེས་དང་དཔྱད་མ་ཐར་འཇོག་པ་གཉིས་མཉམ་པར་བསྒྲུབ་པར་མཛོད་ཅིག་ལྔ་བའི་ཚེ། མྱང་པ་འདོན་པའི་དྲན་སེཧས་ཀྱི་ངེས་དོར་ཡོངས་གཅོད་ཀྱི་ངེས་པ་ལ་གོས་ཁན་གྱིས་ཤིགང་སྒྲུབ་པའི་ཡིག་ཆུང་ངོ་།


previousལྟ་བའི་ཞལ་ཤེས་ཡིག་ཆུང་། no next