Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

1 occurrence of དཀོན་མཆོག་དཔལ་སྒྲོན་
[Clear Hits]


collapse section
རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ།
  
  
 
  
  
  
  
  
  
  
  


1 occurrence of དཀོན་མཆོག་དཔལ་སྒྲོན་
[Clear Hits]

 
no previousརྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ།no next

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ།

ཤོག་ལྷེབ་ ༡ ནས་ ༡༠༠ བར།


JLD004_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་བཞུགས་སོ། །


JLD004_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མཆོག་ནི་བདེ་ཆེན་གྱིས་འཐོབ་པའི། །ཚུལ་འདི་བསྟན་ཕྱིར་རིག་མའི་མཆོག་དང་ནི། །མཉམ་སྦྱོར་བླ་མ་དང་པོའི་མགོན་པོ་ཡི། །ཞབས་ཀྱི་པདྨར་སྤྱི་བོས་ཕྱག་འཚལ་ཏེ། །གྲུབ་པའི་མཆོག་བརྙེས་བདེ་བ་ཆེན་པོ་ཡིས། །འཇིག་རྟེན་གསུམ་གྱི་རིན་ཆེན་གཅིག་པུ་ཞེས། །གསུངས་པའི་རྒྱུད་རྒྱལ་དཔལ་ལྡན་འདུས་པ་ཡི། །རྒྱ་ཆེར་བཤད་པ་ཟླ་མེད་སྒྲོན་གསལ་གྱི། །ལེའུ་སོ་སོའི་དཀའ་གནས་མཐའ་གཅོད་རྣམས། །ལོགས་སུ་འཆད་ཅིང་རྒྱུད་འགྲེལ་ཚིག་དོན་རྣམས། །ཇི་བཞིན་ཞིབ་ཏུ་བཤད་པའི་མི་སྣང་བས། །ཚིག་དོན་ཇི་བཞིན་མཆན་གྱིས་གསལ་བར་བྱ། །རྒྱ་གར་ན་པྲཱ་ཀྲི་ཏ་ཡུལ་མི་རང་བཞིན་པས་སོ་སོའི་སྐད་དང༌། ཨ་བ་བྷྲཾ་ཤ་ཟུར་ཆག་གི་སྐད་དང༌། པི་ཤཱ་ཙ་ཤ་ཟའི་སྐད་དང༌། སཾ་སྐྲྀ་ཏ་ལེགས་སྦྱར་བ་ལྷའི་སྐད་དེ། སྐད་རིགས་བཞི་ཡོད་པ་ལས། ལེགས་པར་སྦྱར་བའི་སྐད་དུ་འགྲེལ་བའི་མཚན་ལ་པྲ་དཱི་པོ་ཏྱོ་ཏ་ན་ནཱ་མ་ཊཱི་ཀཱ །ཞེས་འབྱུང་ངོ༌། །མཚན་དེ་བོད་ཀྱི་སྐད་དུ་བསྒྱུར་


JLD004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ན། པྲ་དཱི་པ་ནི་སྒྲོན་མ་དང༌། པའི་ན་རོར་འགྲོ་རྒྱུའི་ཨུ་དང༌། ཚེ་དང་ཏན་བཞི་ནི་གསལ་བར་བྱེད་པ་དང་། ནཱ་མ་ནི་ཞེས་བྱ་བ་དང་འི་ཊཱི་ཀཱ་ནི་རྒྱ་ཆེར་བཤད་པ་སྟེ་རྒྱས་འགྲེལ་དང་རྒྱ་ཆེར་འགྲེལ་དུའང་བསྒྱུར་རོ། །རྩ་བའི་རྒྱུད་དུ་དོན་ཟབ་པ་རྣམས་སྦས་པ། མུན་ཁྲོད་དུ་སྒྲོན་མེ་སྦར་བ་ལྟར་གསལ་བར་བྱེད་པས་སྒྲོན་མ་གསལ་བའོ། ༈ རང་དོན་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པས་བྱང་ཆུབ་སེམས་དཔའ་དང༌། གཞན་དོན་མཐར་ཐུག་པ་ལ་དམིགས་པས་སེམས་དཔའ་ཆེན་པོ་གསུང་གི་དབང་ཕྱུག་བརྙེས་པས་གསུང་གི་མངའ་བདག་རྩུབ་རེག་གི་དྲི་མ་སྤངས་ཤིང་སེམས་ཅན་མཐའ་དག་ལ་བྱམས་པས་ཁྱབ་པས་འཇམ་པའི་དཔལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་ལོཙྪ་བའི་འགྱུར་གྱི་ཕྱག་གོ ། ༈ དཔལ་ལྡན་རྒྱུད་རྒྱལ་རྣལ་འབྱོར་རྒྱུད་ཀྱིས་ཤིན་ཏུ་གསལ་


JLD004_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྣམ་ཕྱེ་ལེགས་བཤད་པ། །མཐའ་དྲུག་གི་ནི་འཆིང་བས་བཅིངས་པས་རྒྱལ་སྲས་ཡུལ་གྱུར་རྒྱལ་བའི་འདུས་གང་ཡིན། །སངས་རྒྱ་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་བཏུད་ཏེ་༈ ཟླ་བ་གྲགས་པ་རིམ་བཞིན་བཤད། །ཅེས་པའི་ཚིགས་སུ་བཅད་པ་འདིས་འགྲེལ་པའི་མཆོད་བརྗོད་དང༌། བརྩམ་པར་དམ་བཅའ་བ་གཉིས་བསྟན་པའི་དང་པོ་ནི། ཁྱབ་བདག་ནས་བཏུད་ཅེས་པའི་བར་རོ། །གཉིས་པ་ནི་དེའི་ལྷག་མ་རྣམས་སོ། །དེ་ལ་བཏུད་ཅེས་དྲང་ངོ༌། །གང་ལ་ན་རྡོ་རྗེའི་རིགས་ལ་སོགས་པའི་རིགས་ཀུན་ལ་ཁྱབ་པའི་བདག་པོ་གཉིས་སུ་མེད་པ་ཟུང་འཇུག་གི་ཡེ་ཤེས་ཀྱི་དཔལ་རང་གི་ངོ་བོར་ལྡན་ཞིང༌། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། །སེམས་དཔའ་ཡེ་ཤེས་ཙམ་ཉིད་དེ། །དེ་དག་བདག་ཉིད་གྲུབ་པ་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། རྡོ་རྗེ་སྟོང་པ་ཉིད་མཐར་ཐུག་པ་དང༌། སེམས་དཔའ་ཡེ་ཤེས་གཉིས་རོ་གཅིག་ཏུ་ཞུགས་པ་གྲུབ་པ་ལའོ། །གང་གིས་ན་འགྲེལ་བ་མཛད་པས་སོ། །ཇི་ལྟར་ན། སྒོ་གསུམ་གུས་པས་སོ། །དགོས་པ་ཅིའི་ཕྱིར་དུ་ན། རང་ཉིད་དམ་པར་བསྟན་པ་དང༌། རྩོམ་པའི་བར་ཆད་ཞི་བ་དང༌། གཞན་དང་བ་བསྐྱེད་པའི་ཆེད་དུའོ། །ཏེ་ཞེས་པ་ལྷག་མ་འདྲན་པས་བཏུད་ནས་ཅི་ཞིག་བྱེད་ཅེ་ན། བཤད་ཅེས་དྲང་ངོ༌། །གང་བཤད་ན་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་དཔལ་དང་ལྡན་པ་ནི་བརྗོད་བྱའི་གཙོ་བོའི་མིང་གིས་རྗོད་བྱེད་ལ་བཏགས་པའོ། །རྒྱུད་ནི་འདུས་པ་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བ། །རྣམ་པ་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། ཞེས་


JLD004_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་སྒྲ་དོན་ནི་རྒྱུན་ཆགས་པ་དང༌། དེ་ལ་རང་བཞིན་ཞེས་པ་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་རྒྱུ་རྒྱུད་དང༌། གཞི་ཞེས་པ་རིམ་གཉིས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ཐབས་རྒྱུད་དང༌། མི་གནས་པའི་མྱང་འདས་རྡོ་རྗེ་འཆང་ངམ་ཟུང་འཇུག་གི་སྐུ་གཞན་གྱིས་འཕྲོག་པར་མི་ནུས་པ་འབྲས་བུའི་རྒྱུད་དུ་ནཱ་རོ་པས་བཤད་དེ་དོན་གྱི་རྒྱུད་ལ་གསུམ་དུ་ཕྱེ་བའོ། །ཤཱནྟི་པ་དང་ཨ་བྷྱ་ཀ་རས་རྒྱུ་རྒྱུད་སེམས་ཀྱི་ཆོས་ཉིད་ལ་བཤད་དོ། །དེ་གསུམ་བརྗོད་བྱར་སྟོན་པའི་སྒྲ་ལ་ཡང་རྒྱུད་ཅེས་བྱ་སྟེ་འདིར་ཕྱི་མའོ། །རྒྱལ་པོ་ནི་རྒྱུད་ཀུན་གྱི་གཙོ་བོའི་དོན་ནོ། །རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་འདུས་པ་གང་ཡིན་པ་དེའོ། །དེ་ནི་ཁྱད་པར་གསུམ་དང་ལྡན་པའི་ཁྱད་པར་དང་པོ་ནི། རྣལ་འབྱོར་གྱི་རྒྱུད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་ཟླས་དྲངས་པའི་ཐབས་རྒྱུད་དགོངས་པ་ལུང་སྟོན་སོགས་དྲུག་གིས་རྩ་རྒྱུད་ཀྱི་ཚིག་དོན་ཤིན་ཏུ་གསལ་བར་རྣམ་པར་ཕྱེ་ནས་ལེགས་པར་བཤད་པའོ། །འདིས་ནི་འདུས་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་རང་གི་འགྲེལ་པ་རྣམས་ཀྱིས་ལེགས་པར་བཤད་པར་སྟོན་པས་ཁྱད་པར་དུ་འཕགས་པར་སྟོན་ཏོ། །ཁྱད་པར་གཉིས་པ་ནི་འདུས་པ་མཐའ་དྲུག་གི་འཆིང་བྱེད་ཀྱི་ནི་འཆིང་བས་བཅིངས་པ་སྟེ་རྒྱས་བཏབ་པས་ཇི་ལྟ་བ་བཞིན་དུ་རྒྱལ་སྲས་ས་ཐོབ་པ་དང༌། རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའོ། ཞེས་རྟོགས་དཀའ་བར་སྟོན་ནོ། །འོག་གི་རྒྱས་བཏབ་ཅེས་པ་འདིར་ཡང་འཐོབ་སྟེ། མཐའ་དྲུག་ཚིག་གིས་ངེས་བྱས་པ། །རྒྱས་བཏབ་དོན་ནི་རབ་རྟོགས་བྱ། ཞེས་པ་ལྟར་རོ། །མཐའ་དྲུག་གིས་ཚུལ་བཞི་ཡང་བཟུང་སྟེ། དེ་ནི་དེར་འདུ་བས་སོ། །ཁྱད་པར་གསུམ་པ་ནི། བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ཡིན་ལ་གནས་ཀྱང་ཡིན་པས་དེ་གཉིས་ཀྱིས་འདུས་པའི་དོན་ལ་རྒྱས་བཏབ་པ་སྟེ། ཆིངས་དེ་གཉིས་ལས་མི་འདའ་བར་བྱས་པའོ། །རྒྱས་


JLD004_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་མཁན་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་ཡིན་པས་སངས་རྒྱས་ཀུན་གྱིས་ཏེ། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་སོ། །གང་གིས་བཤད་ན་ཟླ་བ་གྲགས་པས་སོ། །ཇི་ལྟར་བཤད་ན། ཀླུ་སྒྲུབ་ལས་རྙེད་པའི་རིམ་པ་ཇི་བཞིན་ཏེ། དེ་ལས་མི་འདའ་བར་རོ། །དེ་ལས་རྙེད་ཚུལ་ནི། དེ་ནི་ཀླུ་སྒྲུབ་ལས་རྙེད་པ་ཅེས་པའི། དེ་ནི་ཞེས་པས་ཁྱད་པར་གསུམ་སྟོན་པས་རྣམ་པ་གསུམ་དུ་སྦྱར་ཏེ། རྩ་རྒྱུད་ཀྱི་ཚིག་དོན་གང༌། བཤད་རྒྱུད་ཀྱི་གཞུང་གང་གིས་འཆད་པའི་རྩ་བཤད་སྦྱོར་ཚུལ་དང༌། མཐའ་དྲུག་གིས་རྒྱས་བཏབ་པའི་རྒྱ་འགྲོལ་ཚུལ་གཞུང་འདི་དང་འདི་མཐའ་དྲུག་གི་འདིས་བཤད་ཅེས་པ་དང༌། དེ་ལྟར་བཤད་པའི་དོན་རྣམས་ལམ་གྱི་རིམ་པར་སྡུད་པ་ནི། རིམ་གཉིས་ཡན་ལག་དང་བཅས་པར་སྡུད་ཚུལ་མགོན་པོ་ཀླུ་སྒྲུབ་པ་ལས་ཇི་ལྟར་རྙེད་པ་བཞིན་དུ་འཆད་དོ། ༈ །གལ་ཏེ་ཁྱེད་འདུས་པའི་རྒྱུད་འཆད་ན་རྒྱུད་ཀྱི་དོན་རིམ་པ་དུ་ཞིག་ཏུ་བྱེད་ཅེ་ན་རིམ་པ་ལྔར་བྱེད་དོ། ཞེས་སྟོན་པ་ནི། གསང་སྔགས་ཀྱི་སྐུ་ནི་རབ་ཏུ་སྒྲུབ་པར་བྱེད། །པ་ནི་རིམ་ལྔའི་ཁགསང་སྔགས་ཀྱི་སྐུ་དེ་གང་ཡིན་སྙམ་ན་འདི་པའི་ལྕགས་ཀྱི་རིམ་པ་གཉིས་ཀྱི་ལྷའི་སྐུ་ལ་རིམ་པ་བཞིན་དུ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་ཞེས་ཟེར་བས་སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པའི་ལྷའི་སྐུའོ། །ལ་པ་ཚབ་ཀྱིས། བསྐྱེད་པའི་རིམ་པ་གསང་སྔགས་སྐུ། །རབ་ཏུ་སྒྲུབ་བྱེད་དང་པོ་ཡིན། ཞེས་བསྒྱུར་བ་གོ་སླའོ། །དེས་ན་ཁ་ཅིག་སྔགས་ཀྱི་སྐུ་སྒྲུབ་པ་བསྐྱེད་རིམ་དུ་འདོད་པ་བཀག་ནས་རྡོར་བཟླས་ལ་བྱེད་ཅིང༌། །དེ་རྫོགས་རིམ་གྱི་དང་པོའོ། །ཞེས་པ་ནི་དོན་མ་རྟོགས་པའི་བཤད་པའོ། །རིམ་པ་དང་པོ་ཡིན་ནོ། ༈ །རྡོར་བཟླས་མཐར་ཕྱིན་པའི་རྗེས་སུ་དེ་དང་ཕྱག་རྒྱ་ལ་བརྟེན་ནས་དྲངས་པའི་ཡེ་ཤེས་གསུམ་སེམས་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པར་བསྐྱེད་པས་སེམས་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པའི་སྣང་མཆེད་ཐོབ་གསུམ་ཙམ་ཞིག་ནི། །རིམ་ལྔའི་རིམ་པ་


JLD004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཞེས་བརྗོད་དོ། ༈ །སེམས་དབེན་གྱི་རླུང་སེམས་ཙམ་ལས་བསྒྲུབས་པའི་ལྷ་ཡེ་ཤེས་ཀྱི་སྐུ་ཀུན་རྫོབ་བདེན་པ་ཞེས་བསྟན་པ་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་ཁནི། ཡིད་ཀའཕྲོག་པའི་ཡིད་དུ་འོང་བ་རིམ་གལྔའི་རིམ་པ་གསུམ་པའོ། ༈ །ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པ་ལ་ཡང་དང་ཡང་དུ་གོམས་པར་བྱས་པས་མཐར་སྒྱུ་ལུས་རྣམ་པར་དག་ནས་དོན་གྱི་འོད་གསལ་དུ་ཞུགས་པའི་ཡེ་ཤེས་ནི། །རིམ་ལྔའི་རིམ་པ་བཞི་བ་ཞེས་བརྗོད་དོ། །དེ་ཡང་རིམ་པ་དེའི་གཙོ་བོའི་དོན་ཡིན་པས་འོད་གསལ་དུ་འཇུག་པའི་ཐབས་བསམ་གཏན་གཉིས་ལ་སོགས་པ་ཡང་རིམ་པ་དེར་བསྡུའོ། ༈ །རླུང་སེམས་ཙམ་ལས་བསྒྲུབས་པའི་དག་པའི་སྒྱུ་མའི་སྐུ་ཀུན་རྫོབ་ཀྱི་བདེན་པ། དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་དོན་གྱི་འོད་གསལ་ཀྱི་ཡེ་ཤེས་ཀྱི་བདེན་པ་གཉིས་པ་སྔ་མ་སྐུ་དང་ཕྱི་མ་ཐུགས་སུ་ངོ་བོ་གཅིག་ཏུ་སྦྱོར་གང་ཡིན་པ། མཚན་ཟུང་འཇུག་ཅེས་བྱ་བ་ནི་རིམ་ལྔའི་རིམ་པ་ལྔ་པ་འོ་སྟེ་། ༈ དེ་འདྲ་བའི་རིམ་པ་ལྔ་པོ་འདི་ནི་རྡོ་རྗེ་འཆང་སྒྲུབ་པའི་ཡན་ལག་སྟེ་ཐབས་ཀུན་གྱི་ནང་ནས་མཆོག །ཏུ་གྱུར་པས་འདིའི་གོང་ན་གཞན་མེད་པའོ། །འོག་ནས་འདུས་པ་རྒྱུད་སྡེ་ཀུན་གྱི་རྩ་བར་སྟོན་པས་རྒྱུད་ཀུན་ཞེས་པ་རྒྱུད་སྡེ་བཞི་ཀ་ལ་བྱ་ལ། དེ་རྣམས་ཀྱི་གྱི་ནི་དོན་གྱི་གཙོ་བོ་ཀུན་རིམ་པ་ལྔ་པོ་འདིར་བསྡུས་པའོ། ཞེས་


JLD004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་གསུང་རབ་ཐམས་ཅད་ཀྱི་གནད་མེད་མི་རུང་བ་རྣམས་འདུས་པའི་སྡོམ་དུ་བསྟན་ནོ། ༈ །སྔར་བཤད་པའི་རིམ་ལྔར་རྒྱུད་ཀུན་གྱི་གནད་རྣམས་འདུ་བ་དེ་བས་ན་སྔར་བཤད་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་རིམ་པ་འདི་ལས་བརྩམས་པ་ཡིད་བྱེ་བ་ཡང༌། །བླ་མེད་ཀྱི་རྒྱུད་སོ་སོར་རྒྱ་ཆེར་སྤྲོས་པའི་རིམ་པ ས་རྣམ་པ་མང༌། །པོ་ཡོད་ཀྱང༌། དེ་རྣམས་འདིར་བཤད་པའི་རིམ་ལྔར་ཡང་དག་པར་བསྡུས་པ ར་ནི། །སྒྲུབ་པ་པོ་གང་པ་ཚབ་གྱིས་གང་གིས་ཤེས་པ་དེས་རྒྱུད་རིག་ཅེས་བསྒྱུར་བ་གོ་སླའོ། གིས་ཤེས་པ་ཁ འདུས་པའི་རྒྱུད་རིག་པར་འཇོག་གོ །ཀདེས་ནི།འདིར་རིམ་ལྔར་ལམ་གཞན་རྣམས་འདུ་བར་ཤེས་ཚུལ་དཀའ་བས་དེ་ཇི་ལྟར་ཡིན་སྙམ་ན། མི་སློབ་པའི་ཟུང་འཇུག་གི་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་ནི་སྔར་བཤད་པའི་སློབ་པའི་ཟུང་འཇུག་གི་སྐུ་དང་ཐུགས་ཡིན་ཏེ། ལམ་གྱི་སྐབས་ཀྱི་རྫོགས་རིམ་གྱི་གཙོ་བོ་ལ་དེ་འདྲ་གཅིག་དགོས་པ་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀུན་ལ་འདྲའོ། །ཟུང་འཇུག་དེ་བསྐྱེད་པ་ལ་ཡ་གཉིས་སྔོན་དུ་བསྐྱེད་དགོས་པས་སྔོན་དུ་དེ་གཉིས་ཀྱི་བསྐྱེད་ཚུལ་དགོས་པ་དང༌། གོ་རིམས་ཀྱང་དང་པོར་ཀུན་རྫོབ་སྒྱུ་མ་དང༌། དེ་ནས་འོད་གསལ་གྱི་ཡེ་ཤེས་སྐྱེད་པ་དང༌། དེ་གཉིས་ཀྱི་སྔོན་དུ་སྒྱུ་མ་དང༌། དོན་གྱི་འོད་གསལ་གྱི་ཡེ་ཤེས་གང་ལས་བསྒྲུབ་པའི་གཞི་བསྐྱེད་ཚུལ་དང་དེའི་སྔོན་དུ་དེ་འདྲེན་པའི་ཐབས་ལུས་ལ་གནད་དུ་བསྣུན་ལུགས་རྣམས་དགོས་པར་ཡང་འདྲའོ། །དེ་རྣམས་ལ་ཡང་སྔོན་དུ་དེ་རྣམས་སྐྱེ་བའི་སྨིན་བྱེད་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བ་ལས་བརྩམས་པའི་རགས་པ་དང་ཕྲ་བའི་རིམ་པ་དང་པོ་བསྐྱེད་དགོས་པའི་ཚུལ་རྣམས་ལེགས་པར་ཤེས་པ་ཡིན་གྱི། འདུས་པ་ལྟ་བུ་གཅིག་ནས་བཤད་པ་ཇི་མ་ཇི་བཞིན་ཁོ་ན་རྒྱུད་གཞན་ནས་བཤད་དགོས་པར་སྟོན་པ་མིན་ནོ། །དེས་ན་སྔར་བཤད་པའི་རིམ་པ་དེའི་ཕྱག་


JLD004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྒྱས་བཏབ་པ་ལས་མ་འདས་པར་རྒྱུད་རྣམས་ཀྱི་དོན་གཏན་ལ་འབེབས་ནུས་ན། དེ་ནི་རྒྱུད་འདི་ལྟ་བུ་རྣམས་ལ་མཁས་པར་འཇོག་པའི་དོན་ནོ། ༈ །འདུས་པའི་རྒྱུད་འཆད་ཉན་ལ་འཇུག་རིམ་ཇི་ལྟར་བྱ་ཞེ་ན། སྔོན་དུ་ཡབ་སྲས་ཀྱིས་གསུངས་པའི་རིམ་གཉིས་ཀྱི་གཞུང་ཕྲན་རྣམས་ལས་ཇི་ལྟར་བཤད་པ་ལྟར་གྱི་སྔགས་ཀྱི་སྐུ་བསྐྱེད་པའི་རིམ་པ་དང་སེམས་དབེན་གྱི་རིམ་པ་དང་སྒྱུ་ལུས་ཀྱི་རིམ་པ་དང་ནི། །སྒྱུ་ལུས་རྣམ་པར་དག་པ་འོད་གསལ་གྱི་རིམ་པ་དང་ནི་བདེན་གཉིས་ཟུང་དུ་འཇུག་པ། །རིམ་པ་ལྔ་ཡི་བསྡུས་པའི་དོན། །གྱི་གནད་རྣམས་ལེགས་པར་ཤེས་པར་བྱས་ནས་དེའི་རྗེས་སུ་མཐའ་དྲུག་པ་རྩ་བའི་རྒྱུད་འཆད་པ་དང་ཉན་པ་ལ་འཇུག་པར་བྱ་སྟེ། སྔོན་དུ་རྒྱུད་སོ་སོའི་རིམ་གཉིས་ཀྱི་མན་ངག་ལ་ལེགས་པར་ཁྲིད་དེ་གོ་བ་ཆགས་པར་བྱས་ནས། དེའི་འོག་ཏུ་རྒྱུད་ལ་འཇུག་པའི་རིམ་པ་འདི་ནི་མན་ངག་ཆེན་པོ་བྱིན་པའོ་གོ་། ༈ བཤད་བྱ་རྒྱུད་ཀྱི་ཆེ་བ་ནི་ཇི་སྲིད།་ནི་ཆག་གིས། ཇི་སྙེད་དུ་བསྒྱུར། པ་ཚབ་ཀྱིས་ཡ་ར་ལ་ཝ་ཧ་མཐའི་བར། ཞེས་མཐའི་བར་ཞེས་བསྒྱུར་ཡང༌། དེ་དེའི་ཞེས་གསུངས་པས་གང་གང་གི་དོན་དུ་བྱའོ། །ཡ་ར་ལ་ཝ་ནི་མཐར་གནས་ཀྱི་སྡེ་དང་ཤ་ནས་ཧའི་མཐའི་བར། །ནི་དྲ་བའི་སྡེ་ཚན་ནོ། །ཀ་ཁ་གྷ་ནི་ཀ་སྡེ་ཡིན་ལ་མཐའ་ནི་རྒྱུད་ཀྱི་མཚན་གྱི་མཐར་ཡི་གེ་དེ་རྣམས་ཡོད་པ་སྟེ། དཔེར་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་མཐར་ས་མུད་ཙ་ཡ་ཞེས་ཡ་དང༌། དགོངས་པ་ལུང་སྟོན་གྱི་མཐར་བྱཱ་ཀ་ར་ཎཱ་ཞེས་ཎ་དང༌། རྡོ་རྗེ་ཕྲེང་བའི་མཐར་མཱ་ལ་ཞེས་ལ་འབྱུང་བ་ལྟ་བུའོ། །ཎ་ནི་ཊ་སྡེ་དང་ཛ་ནི་ཙ་སྡེ་སྟེ་དེ་རྣམས་ཀྱི་འི་མཐའ། །ཅན་དང༌། ཏའམ་ད་དྷ་ནི་ཏ་སྡེ་སྟེ་དེ་རྣམས་ཀྱི་འི་མཐའ་དང་མ་ནི་པ་སྡེ་སྟེ་དེ་རྣམས་ཀྱི་མཐར་བཅས། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས།


JLD004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལ་སོགས་པ་རེ་རེའི་མཐའ་ཅན་གྱི་རྒྱུད་ལའང༌། རྒྱུད་སྡེ་སྟོང་ཕྲག་རེ་རེ་བཤད་ཅིང༌། དེ་ཡང་རྒྱུད་སྡེ་བཞི་ཀའི་དབང་དུ་མཛད་ནས་གསུངས་པའི་དོན་ནོ། །་ནི་མཐའ་ཅན་ནོ། །གསལ་བྱེད་ཀྱི་ཡེ་གེའི་མཐའ་ཅན་གྱི་རྒྱུད་སྡེའི་རྩ་བར་གསུངས་པ་ནི་མཚན་པ་ཙམ་ཡིན་པས་དབྱངས་ཀྱི་ཡི་གེ་རྣམས་གྱིའང་མཐའ་ཅན་གྱི་རྒྱུད་སྡེ། དེ་དང་དེའི་རྩ་བ་ནི་ཡི་གེ་གསུམ། །ཞེས་པས་མ་ཛ་སྟེ་འདུས་པའོ། །ནཱ་རོ་པས་འབྲུ་གསུམ་ལ་བཤད་པ་ནི། གསང་པ་འདུས་པའི་འདུ་རྒྱུ་གསང་བ་གསུམ་སྐུ་གསུང་ཐུགས་ལ་རྒྱུད་ཕྱི་མར་བཤད་པས་འདུ་རྒྱུའི་སྒོ་ནས་འདུས་པ་ངོས་བཟུང་བའོ། །རྩ་བའི་དོན་ནི་ཤིང་སྡོང་པོ་ལ་ཡལ་ག་སོགས་དུ་མ་ཡོད་ཀྱང་གང་དུ་འདུ་བའི་གནས་རྩ་བ་ཡིན་པ་ལྟར་རྒྱུད་སྡེ་རྣམས་ལ་དོན་མི་འདྲ་བ་དུ་མ་ཡོད་ཀྱང་དེ་དག་གི་གནད་ཐམས་ཅད་མཐར་གཏུགས་ན་འདུས་པའི་ལམ་དུ་འདུ་བའི་དོན་ནོ། ༈ །ཐུབ་པ་ཆེན་པོས་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་གཉེན་པོར་ཆོས་ཀྱི་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །ཁདཔལ་ལྡན་འདུས་པ་འདི་ཀསྣོད་རིན་པོ་ཆེ་འཇུག་པའི་ཟ་མ་ཏོག་ལྟ་བུ་ནི་ཡིན་གཏེ། །རྒྱུད་རྡོ་རྗེ་འཕྲེང་བ་ལས་ཀྱང༌། དཔལ་ལྡན་འདུས་པར་བརྡ་ཙམ་གང༌། །རྣལ་འབྱོར་བླ་ན་མེད་རྒྱུད་དུ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་དང་ནི་བཞི་སྟོང་ངོ༌། ཞེས་གསུངས་པ་ལྟར་རོ། །རྒྱུད་སྡེ་ཀུན་གྱི་རྩ་བ་དང་མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཡིན་པ། དེ་བས་ན་འདུས་པ་དེ་ནི་རྒྱུད་ཀུན་ཀྱི་རྩེ། །མོ་སྟེ་མཐོ་ཤོས་ཡིན་ནོ། ༈ །ཆེ་བ་གཉིས་དང་ལྡན་པའི་རྒྱུད་དེ་རྒྱན་བདུན་གྱི་སྒོ་ནས་བཤད་དགོས་པར་སྟོན་པ་ནི། རྗོད་བྱེད་ཀྱི་གཞུང་འདུས་པའི་རྒྱུད་ནི་གཞུང་ཉུང་ཞིང༌། དོན་མང་རྟོགས་པར་དཀའ་བ་ལ། །རྣམ་པ་ཀུན་ཏུ་འཁྲུལ་འགྱུར་ཏེ། །རྒྱན་བདུན་རྟོགས་པར་དཀའ་ཕྱིར་རོ། ཞེས་འབྱུང་བ་གསལ་ལོ། །ཉུང་བ་དང་ལ་བརྗོད་བྱའི་དོན་མང་ཞིང་བ་། །འདུས་པའི་རྒྱུད་ནི་བློས་རྙེད་པ་སྟེ་རྟོགས་


JLD004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བ་ལ་ཞིང་། །རྒྱན་བདུན་གྱི་སྒོ་ནས་བཤད་པ་ཤིན་ཏུ་རྟོགས་པར་དཀའ་བས་ན། །ཐམས་ཅད་དུ་ནི་སྟེ་རྣམ་པ་ཀུན་ཏུ་རྣམ་པར་འཁོར། །བ་སྟེ་འཁྲུལ་པར་འགྱུར་རོ། ༈ །རྒྱན་བདུན་གྱི་སྒོ་ནས་མ་བཤད་ན་རྒྱུད་དོན་རྫོགས་པར་མི་རྟོགས་པ་དེ་བས་ན་བླ་མ་འཕགས་པ་ཡབ་སྲས་གཉིས་ལ་སོགས་པའི་བཀའ་དྲིན་གྱིས། །ཏེ་དེ་ལ་བརྟེན་ནས་རྒྱན་བདུན་གྱི་སྒོ་ནས་འཆད་ཚུལ། འབད་དེ་རྣམ་པར་ཤེས་ནས་ནི། །གདུལ་བྱའི་སེམས་ཅན་རྗེས་སུ་གཟུང་བར་འདོད་པ་ཡིས། །རྒྱན་བདུན་པ་དེ་ཡི་རྣམ་པར་དབྱེ་བ་བཤད་པར་བྱའོ། ༈ །རྒྱན་བདུན་དང་དེའི་དབྱེ་བ་ཇི་ལྟར་ཡིན་ཞེ་ན་གླེང་བསླང་བ་ཡི་རྒྱན་གྱི་དབྱེ་བའི་གྲངས་ནི་རྣམ་པ་ལྔ། ། འཚང་རྒྱ་ཚུལ་གྱི་རྒྱན་ལ་ནི་དབྱེ་བ་རྣམ་པ་བཞི་ཡིན་ལ། །གཞུང་འགྲེལ་ཚུལ་ལ་གཉིས་ཡོད་པའི། རྒྱས་པར་ཏེ་གཞུང་སོ་སོའི་དོན་བཤད་པའི་རྒྱན་ལ་ནི་དབྱེ་བ་མཐའ་ནི་རྣམ་པ་དྲུག་གོ །གཞུང་གཅིག་གི་དོན་བཤད་པའི་རྒྱན་ལ་ཡང་ནི་དབྱེ་བ་རྣམ་པ་བཞིའི། །རྒྱན་ལྔ་པ་དོན་གང་སློབ་མ་གང་ལ་འཆད་ཚུལ་གྱི་རྒྱན་ལ་ནི་འི་དབྱེ་བ་རྣམ་པ་གཉིས། སོ །རྒྱན་དྲུག་པ་རྒྱུད་ལ་འཇུག་པའི་གང་ཟག་གི་རྒྱན་ལ་ནི་འི་དབྱེ་བ་རྣམ་པ་ལྔ་དང་ལྡན། ནོ། རྒྱན་བདུན་པ་དགོས་པའི་རྒྱན་ལ་དབྱེ་བ་རྣམ་པ་གཉིས་ཏེ། །དེ་རྣམས་ནི་རྒྱན་རྣམས་མདོ་རུ་བསྡུས་པ་སྟེ་མདོར་བསྟན་པ། ༈ །རྒྱན་ཉེར་བརྒྱད་པོ་རྣམས་ཀྱི་རེ་རེའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྗེས་སུ་འབྲངས་ནས། །རྒྱན་ནི་བདུན་པོ་རྣམས་ཀྱི་ནི། །དབྱེ་བ་རྣམས། མདོར་བསྟན་གྱི་རིམ་པ་བཞིན་དུ་ནི་དབྱེ་བ་རེ་རེ་ཡི། །


JLD004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་འཛིན་བསྟན་པ་དག་ནི་བདག་གིས་བྱ། ༈ །དེ་ལ་ཐོག་མར་གླེང་བསླངས་ལས་བྱེ་བ་ལྔའི་མིང་དང་དོན་འཆད་པ་ལ་བཤད་པར་བྱ་བའི་རྒྱུད་ཀྱི་མཚན་གང་ཡིན་སྙམ་ནས་འདྲི་བ་ནི། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། ཞེས་པའོ། །རྒྱུད་དེ་ཆེད་དུ་བྱ་བའི་གདུལ་བྱ་ཅི་འདྲ་ཞིག་གི་དབང་དུ་མཛད་སྙམ་ནས་འདྲི་བ་ནི། གང་གི་དོན་དུ་འདི་ཉིད་མཛད། །ཅེས་པའོ། །རྒྱུད་འདིའི་མཛད་པ་པོ་གང་སྙམ་ནས་འདྲི་བ་ནི་མཛད་པ་པོ། །སུ་ཞིག་རྒྱུད་འདིའི་བྱེད་པ་པོ་ཡིན་ཞེས་འདྲི་བའོ། །རྒྱུད་འདིའི་ཚིག་དོན་གྱི་ཚད་གང་ཡིན་སྙམ་ནས་འདྲི་བ་ནི་རྒྱུད་འདིའི་ཚད་གང༌། ཞེས་འདྲི་བའོ། །རྒྱུད་ཀྱི་དོན་རྟོགས་པའི་དགོས་པ་གང་ཡིན་སྙམ་ནས་འདྲི་པ་ནི་མིང་ལ་སོགས་པར་མ་ཟད་རྒྱུད་འདི་ཡི་དོན་རྟོགས་པའི་དགོས་པའམ་ཅི་ཞིག་ཡིན། ཞེས་འདྲི་བའོ། ༈ །རྒྱུད་ཀྱི་མིང་དྲིས་པའི་ལན་དུ་རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། ཞེས་པ་འདི་མི་རིགས་ཏེ་དྲི་བ་དང་ལན་ལ་རྟོགས་དཀའ་སླ་མེད་པའི་ཕྱིར་རོ་སྙམ་ན། ཁ་ཅིག་བླ་མ་སོགས་གོང་མའི་མཚན་དངོས་སུ་མི་བརྗོད་པ་དང་འདྲ་བར་མཚན་བརྗོད་དཀའ་བས་རྒྱུད་ཀྱི་རྒྱན་དུ་ཆེའི་ཟེར་མོད་ཀྱང་བཤད་རྒྱུད་ལས་རྩ་རྒྱུད་མང་པོ་ཞིག་གི་དབང་དུ་མཛད་ནས་གསུངས་པས་བྱེ་བྲག་པ་གཅིག་གི་མཚན་མ་སྨོས་པར་སྤྱིར་མཛད་པ་ཡིན་ལ། སྒྲོན་གསལ་གྱིས་ཀྱང་རྒྱུད་ལྟར་སྦྱིར་བཤད་ཀྱང༌། སྐབས་སྟོབས་ཀྱིས་འདུས་པ་ལ་གོ་ནུས་སོ། །དྲི་བ་གཉིས་པའི་ལན་ནི་གདུལ་བྱའི་སྐྱེ་བོ་དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ལམ་དུ་བྱས་ནས་འཚང་རྒྱ་བ་ལ་མོས་པ་ཅན་གྱི་དོན་དུ། །རྒྱུད་འདི་མཛད་དོ། །དེས་ནི་ཆགས་བྲལ་གྱི་སྤྱོད་པ་ཅན་མཚན་ཉིད་ཀྱི་ཐེག་པའི་གདུལ་བྱ་དང་འདོན་ཡོན་ལ་ཆགས་པ་ལམ་བྱེད་ཙམ་ཞིག་ཡོད་ཀྱང་དབང་པོ་གཉིས་སྤྱོར་གྱི་ཆགས་པ་ལམ་དུ་བྱེད་མི་ནུས་པ་རྒྱུད་སྡེ་འོག་མའི་གདུལ་བྱའི་དབང་དུ་བྱས་ནས་རྒྱུད་འོད་གསུངས་པ་མིན་པར་སྟོན་ནོ། །འདུས་པའི་རྒྱུད་འདི་ཡི་བྱེད་


JLD004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་མཛད་པ་པོ་ནི་ཆགས་བྲལ་གྱི་ཆ་ལུགས་དོར་ནས་བཙུན་མོ་དང་མཉམ་པར་སྦྱོར་བའི་ཆགས་ཅན་གྱི་རྣམ་པ་ཅན་དུ་མཛད་པའི་རྡོ་རྗེ་སེམས། །དཔས་གསུངས་ཏེ། རྡོ་རྗེ་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱིས་རང་གི་རིག་མ་ཕྱུང་སྟེ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། བདག་ཉིད་ཀྱི་འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ནས་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་གཟུགས་བླངས་ནས་རང་གི་རིག་མ་ལ་འཁྱུད་ནས་ཞེས་དེ་འདྲ་བའི་རྣམ་པར་མཛད་ནས་རྒྱུད་གསུངས་པར་བཤད་པ་བཞིན་དུ། རྩ་རྒྱུད་གསུང་བ་ན་ཡང་དེ་ལྟར་མཛད་དོ། །མིང་ལ་སོགས་པ་དྲིས་པའི་ལན་བཤད་པར་མ་ཟད། རྒྱུད་ཀྱི་ཚད་དག་དྲིས་པའི་ལན་ཀྱང་ནི་བཤད་པར་བྱ་སྟེ། །ལེའུ་དང་དེ་བཞིན་དུ་ཆོ་ག་དང་། །དུམ་བུ་དང་དེ་བཞིན་དུ་རིམ་པར་བྱ། །བ་བཞི་ཡོད་པས་རྒྱུད་ཀྱི་དོན་གྱི་གྲངས་ཚད། དེ་ནི་རྣམ་པ་བཞིར་འགྱུར་ཏེ། །དོན་གྱི་གྲངས་ཚད་བཞིར་འགྱུར་བར་མ་ཟད་གཞུང་ཉིད་ཀྱི་ནི་གྲངས་ཚད་ཀྱང་བཞིར་འགྱུར་རོ་ངོ༌་། །དེ་ཡང་འདུས་པ་ལྟ་བུ་གཅིག་ལ་མཚོན་ན། གཞུང་གི་གྲངས་ཚད་ནི་ལེའུ་བཅུ་བདུན། ཆོ་གའི་སྐད་དོད། ཀལྤ་ཞེས་པ་རྟོག་པ་ལ་ཡང་འགྲོ་བས། རྟོག་པ་བཅུ་བདུན། དུམ་བུ་བཅུ་བདུན། རིམ་པར་ཕྱེ་བ་བཅུ་བདུན་ཏེ་མདོར་ན་གཞུང་ལ་ལེའུ་དུ་ཡོད་པའི་ཚད་དེ། །དོན་གྱི་ཚད་ནི་དོན་གྱི་ལེའུ་སོགས་ཡིན་ལ་དེ་ཡང་པ་རིཙྪེཿ ད་ཡོངས་སུ་གཅོད་པ་སྟེ་དོན་གྱི་ཁྱད་པར་འདིས་མི་མཐུན་ཕྱོགས་འདི་དང་འདི་གཅོད་ཅེས་པའོ། །རྟོགས་པར་བྱེད་པས་ན་རྟོག་པ་སྟེ། ཞི་སོགས་ཀྱི་ལས་ཚོགས་ཐབས་འདིས་སྒྲུབ་པར་བྱེད་པའི་རྟོག་པའམ་ཆོ་ག་ཞིབ་མོའོ། །དུམ་བུ་བྱེད་པས་ན། །བཎྜ་སྟེ་དུམ་བུ་ཡིན་ལ། དེ་ཡང་རིམ་པ་ལྔ་དང་ཡན་ལག་དྲུག་ལ་སོགས་པ་ལམ་གྱི་རིམ་པ་ཚན་ཚན་དུ་བྱས་པའོ། །རིམ་པར་བྱེ་བ་ནི་བསྐྱེད་པར་རྫོགས་པའི་རིམ་པར་བྱས་


JLD004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའོ། །དྲིས་ལན་སྔ་མ་རྣམས་སུ་མ་ཟད་རྒྱུད་དོན་རྟོགས་པའི་དགོས་པ་ཡང་ནི་བཤད་པར་བྱ་སྟེ། །དངོས་གྲུབ་ཐ་མ་ཞི་བ་དང་སོགས་པས་རྒྱས་པ་དང་དབང་དང་དྲག་པོའི་བྱ་བའི་ཆོ་གས། ནད༣་ཞི་བ་དང་ཚེ་རྒྱས་པ་སོགས་དང༌། །དེ་བཞིན་དུ་དངོས་གྲུབ་འབྲིང་ལྷ་མོ་བཞིས་ཞུས་ལས། རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། །རིལ་བུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །ནམ་མཁར་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། ཞེས་གསུངས་པ་ལྟར། གྲུབ་པ་བརྒྱད་དེ་དེ་གཉིས་དང་ནི། །ཐུན་མོང་གི་དངོས་གྲུབ་བོ། །དེ་གཉིས་སུ་མ་ཟད། ཁསངས་རྒྱས་ཀྱང་ནི་ཀམཆོག་གི་དངོས་གྲུབ། ཉིད་གདགོས་ཡིན་ནོ། །དེ་རྣམས་ནི་དགོས་པའི་དགོས་པར་བྱ་ཞིང་དགོས་པ་གསུམ་ཡང་ཚེ་འདི་ཉིད་ལ་འགྲུབ་པའི་དབང་དུ་བྱས་པའོ། དེ་ལྟར་ན་མཐའ་དྲུག་དང་ཚུལ་བཞིའི་བཤད་པ་རྫོགས་པར་འཇུག་པའི་བཤད་གཞི་ནི། མིང་འདི་ཞེས་བྱ་བའི་མཚན་ཅན་གདུལ་བྱའི་གཙོ་བོ་དབང་པ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་རུས་པའི་དོན་དུ། བཙུན་མོ་དང་མཉམ་པར་སྦྱོར་བའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔས་གསུང་ལ། དོན་དང་གཞུང་གི་ཚད་འདི་ལྟ་བུ་དང་ལྡན་ཞིང༌། ཚེ་འདི་ལ་དངོས་གྲུབ་གསུམ་སྟེར་ནུས་པ་སྟེ་ཁྱད་པར་ལྔ་དང་ལྡན་པ་ཞིག་གོ །ཞེས་བཤད་གཞི་ངོས་འཛིན་པའོ། ༈ །གླེང་བསླང་བའི་རྒྱན་ནི་འདས་པ་སྟེ་བཤད་ཟིན་ཏེ། །དེར་མ་ཟད་རྒྱན་གཉིས་པ་ཡང་ནི་བཤད་པར་བྱའོ། །སྔར་རྒྱན་གཉིས་པ་ལ་བཞིར་ཕྱེ་བ་དེ་གང་ཡིན་སྙམ་ན། རྒྱུད་དག་ཅེས་པ་འགྱུར་གསར་གཉིས་ཀ་ལ་མེད་ལ་དགོས་པ་ཡང་མིན་ནོ། །དག་དང་ནི་གླེང་གཞི་དང༌། །ངེས་པའི་ཚིག་དང་རྒྱུ་ཞེས་བྱ་བ་བཞི་ཡིན་ནོ། ༈ །ཚུལ་བཞི་འདི་ལ་གཉིས་ཡོད་པའི་ཆགས་བྲལ་གྱི་ཚུལ་བཞི་ནི། དང་པོར་འཛམ་བུ་གླིང་བའོ་མི་ཡི་སྐྱེ་བར་འཁྲུངས་


JLD004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད་དོ། །དེ་ནས་བཙུན་མོའི་འཁོར་གྱི་ནང་ནས་བྱུང་ནས་ནི། །ངེས་པར་འབྱུང་བ་སྟེ་རབ་ཏུ་བྱུང་བ་ནི་དང་པོའི་བཅའ་གཞི་ཡིན་པས་གླེང་གཞི་ཡིན་ནོ། །དེ་ནས་འདུལ་བ་ལས་སྡོམ་པ་བསྲུངས་ཐབས་ཇི་ལྟར་བསྟན་པ་དེ་ལྟར་བསྲུང་བ་ནི། །གདོན་མི་ཟ་བར་བསྟེན་དགོས་པས་ངེས་པ ཞེས་བྱ་ལ་དེ་ལྟར་བྱེད་པའི་གནས་ཡིན་པས་ཚིག་ཅེས་བཤད་པ་ཡིན། །ཏེ་ཚིག་གི་སྐད་དོད་པཱ་དཱ་ནི་གནས་ལའང་འཇུག་པའི་ཕྱིར་རོ། །དེ་ནས་འབྲས་བུ་བྱང་ཆུབ་འདོད་པས་དཀའ་བའི་ཆོས་སྤྱོད་པ། །འམ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་པ། དེ་ནི་ཉེ་བའི་རྒྱུ་ཞེས་བརྗོད་པར་བྱ་སྟེ། །འདི་ནི་འདོད་ཆགས་དང་བྲལ་བའི་སྤྱོད་པ་ཅན་གྱི་ཆོས་ཀྱི། །འཚང་རྒྱ་བའི་ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཆགས་བྲལ་གྱི་ཚུལ་བཞིན། སྡོམ་འབྱུང་དང༌། ཐམས་ཅད་གསང་བའི་རྒྱུད་ལས་གསུངས་པ་ལྟར། །རྣམ་གཞིག་རིམ་པར་ཡང་བཤད་དེ། དེ་འདིར་འཆད་པ་སྐབས་ལ་མ་བབས་པའི་ཕྱིར་མ་རིགས་སོ་ཞེ་ན། འདི་ལ་ཁ་ཅིག་ཆགས་ཅན་གྱི་ལམ་གྱིས་འཚང་རྒྱ་ཚུལ་མ་ནོར་བར་ཤེས་པའི་གོལ་ས་ཤེས་པར་བྱ་བའི་ཕྱིར་རམ། ཡང་ན་ལམ་སྲིད་ཆད་ཀྱི་དབང་དུ་བྱས་ནས་ཚུལ་བཞི་པོ་དེ་བཤད་པ་ཡིན་ཟེར་བ་མི་འཐད་དེ། ལམ་འདིས་ཚེ་གཅིག་ལ་འཚང་རྒྱ་བ་ལ་ཡང་མིའི་སྐྱེ་བ་དགོས་ཤིང༌། དགེ་སློང་རྡོ་རྗེ་འཛིན་པ་ནི་སྔགས་བསྒྲུབ་པའི་རྟེན་མཆོག་ཏུ་གསུངས་པས་དེ་གསུམ་གོལ་ས་མིན་ལ། རྒྱུ་མཚན་གཉིས་པ་ཡང་བརྒལ་བ་ཉིད་ལན་དུ་སོང་བའི་ཕྱིར་རོ། །དེ་ལྟར་ན་མཚན་ཉིད་ཀྱི་ཐེག་པ་ཆེ་ཆུང་གཉིས་ཐུན་མོང་བའི་རྣམ་གཞག་གི་འདོད་པའི་རྟེན་ལ་འཚང་རྒྱ་ཚུལ་རྒྱ་ཆེར་རོལ་བ་དང༌། ཉན་ས་དང༌། མཛོད་ལས་འབྱུང་བ་ལྟར་བསྐལ་པ་གྲངས་མེད་མང་པོར་སྔོན་དུ་ཚོགས་


JLD004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་སོ་སྐྱེ་སྲིད་པ་ཐ་མ་པ་ཞིག་གིས་འཚང་རྒྱ་བའི་ཚུལ་དེ། འདིར་རིན་པོ་ཆེ་ལྟ་བུའི་གང་ཟག་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་སོ་སྐྱེ་འདོད་པའི་རྟེན་ཅན་པ་གཅིག་གིས། ཚེ་དེ་ཉིད་ལ་འཚང་རྒྱ་བའི་དཔེར་བླངས་པའི་ཕྱིར་དུ་བཤད་པ་ཡིན་ཏེ། དེ་ལྟར་བཤད་པས་འཆད་པ་ལྟར་རང་གི་ལམ་ལ་ངེས་པ་ཁྱད་པར་ཅན་སྟེར་བའི་ཕྱིར་རོ། ༈ །འདོད་ཆགས་ཀྱི་ཆོས་ཀྱི་ཚུལ་གྱིས་འཚང་རྒྱ་ཚུལ་ནི། །དོན་གསལ་པོར་རྟོགས་པར་བྱ་བའི་ཕྱིར་བཤད་པར་བྱ། ། ཐེག་པ་གཞན་གྱི་ལུགས་ཀྱིས་འདོད་པར་འཚོང་རྒྱ་བ་ལ་མིར་སྐྱེ་བ་ཞིག་དགོས་པ་བཞིན་དུ་འདིར་ཡང་དགོས་ཤིང༌། ཐ་མལ་བའི་ཕུང་སོགས་ཀྱི་སྣང་ཞེན་དོར་ནས་རིགས་ལྔ་དང་འབྲེལ་བ འི་སངས་རྒྱས་སུ་བདག་ཉིད་བསྐྱེད་དེ་སྐྱེ་བ་བླངས་པ་འདྲ་བ་ཞིག་དགོས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །དོ་དེས་ནི་བསྐྱེད་རིམ་ཐམས་ཅད་སྟོན་ནོ། །ཐེག་པ་གཞན་ལ་མིར་སྐྱེས་པ་དེ་རབ་བྱུང་མཛད་དགོས་པ་བཞིན་དུ་འདིར་ཡང་སྐྱེད་རིམ་ལ་ལོབས་པའི་འོག་ཏུ་སླར་ཡང་རིགས་གཅིག་ཏུ་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན་ནོ། །རིགས་གཅིག་ཏུ་གྱུར་པ་ལ། དེ་ལ་ན་ལུས་དབེན་རང་སྒྱུ་ལུས་དང་ཟུང་འཇུག་གི་གསང་ཆེན་རིགས་གཅིག་པ་གསུམ་ཡོད་དོ། གཉིས་ལས་དང་པོ་ནི། རིགས་ལྔ་དང་འབྲེལ་བའི་ལྷའི་སྐུ་རྣམས་མཐར་གཏུགས་ན་གསང་ཆེན་རྡོ་རྗེ་འཆང་གི་རིགས་ཅིག་ཏུ་འགྱུར་ལ། གཉིས་པ་ནི་འཁོར་འདས་ཀྱི་ཆོས་སྣ་ཚོགས་པ་ཐམས་ཅད་དེ་ཁོ་ན་ཉིད་དུ་རོ་གཅིག་བའི་འོད་གསལ་ལྷན་ཅིག་སྐྱེས་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་གཉིས་ནི་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་རྫོགས་རིམ་རིམ་གཉིས་ཡིན་ནོ། །དེ་གཉིས་ནི་ལྷའི་འཁོར་ལོ་སོགས་ཆེས་མི་འདྲ་བའི་སྤྲོས་པ་དུ་མའི་གཞི་དང་རྩ་བ་ཡིན་པས་གླེང་གཞིའོ། །ཐེག་པ་གཞན་གྱི་ལྟར་ན་རབ་ཏུ་


JLD004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དེས་འདུལ་བའི་ཀུན་སྤྱོད་ལ་ངེས་པར་གནས་དགོས་པ་བཞིན་དུ། འདིར་ཡང་རྡོ་རྗེའི་རིགས་སོགས་ཀྱི་ཆུ་དབང་སོགས་བསྐུར་བ་དང༌། རྡོ་རྗེ འི་རིགས་ལ་སོགས་པའི་དམ་ཚིག་ཚང་བར་གཟུང་བ་དགོས་ལ་དེ་ཉིད། །ནི་གདོན་མི་ཟ་བར་བསྟེན་པའི་གནས་ཡིན་པས་ངེས་པའི་ཚིག་ནི་ཡིན་པར་བཤད་དོ། ། ཐེག་པ་གཞན་གྱི་ལྟར་ན་འབྲས་བུ་འདོད་པས་དཀའ་སྤྱད་སྤྱད་དགོས་པ་བཞིན་དུ་འདིར་ཡང། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་སྤྱོད་པ་གསུམ་གང་རུང་དགོས་པ་ནི། །འབྲས་བུའི་ཉེ་བའི་རྒྱུ་ཞེས་བྱ་བ་ཡིན་པར་བཤད་དོ། །དེ་ལྟར་དཔེ་དོན་དུ་སྦྱར་བས་ནི་ཐེག་པ་འདིའི་དང་པོའི་གདུལ་བྱའི་གཙོ་བོ་དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ཅན་ཡིན་པས་འདོད་པའི་རྟེན་ཁྱད་པར་བ་ལ་འཚང་རྒྱ་དགོས་པ་དང་། དེ་ལ་གནས་ལུས་ལོངས་སྤྱོད་ཐ་མལ་པའི་སྣང་ཞེན་ལོག་ནས་གཞལ་ཡས་ཁང་དང་ལྷ་ལ་སོགས་པའི་མཆོག་གི་སྣང་ཞེན་ཁྱད་པར་ཅན་སྐྱེ་བ་བླངས་པ་དང་འདྲ་བའི་བསྐྱེད་རིམ་ཞིག་ངེས་པར་གཞི་རྟེན་དུ་དགོས་པ་དང༌། རབ་ཏུ་མ་བྱུང་བའི་ཚེ་རྟགས་ཆ་ལུགས་སྣ་ཚོགས་སུ་ཡོད་ཀྱང་རབ་ཏུ་བྱུང་བ་ན་རབ་བྱུང་གི་རྟགས་ཅན་དུ་ཁྱད་པར་མེད་པ་བཞིན་དུ། ཆོས་མི་འདྲ་བ་སྣ་ཚོགས་པ་རྣམས་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་སྦྱོར་བའི་ཟབ་མོའི་རྫོགས་རིམ་དང༌། ལྷ་མི་འདྲ་བ་དུ་མ་རྣམས་རྡོ་རྗེ་འཆང་དུ་བསྡུས་པའི་རྒྱ་ཆེ་བའི་རྫོགས་རིམ་གཉིས་དགོས་པ་དང༌། དེ་གཉིས་ཀྱི་སྣོད་རུང་དུ་འགྱུར་བ་ལ་དབང་རྣམ་དག་རྫོགས་པར་ཐོབ་པ་དང༌། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ངེས་པར་བསྟེན་དགོས་པ་དང༌། ལམ་གཉིས་ལ་བོགས་འབྱིན་པའི་ཐབས་ཁྱད་པར་བ་ནི་ཉེ་བའི་རྒྱུ་སྤྱོད་པ་བྱེད་པ་ཡིན་ཞེས་ངེས་པ་ཆེན་པོ་སྟེར་རོ། ༈ །རྒྱས་བཤད་ཀྱི་རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །ཐབས་ཤེས་དབྱེར་མེད་


JLD004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦྱོར་བའི་རྣལ་འབྱོར་གྱི་རྒྱུད་ཁརྩ་རྒྱུད་འཆད་ཚུལ་ཀལས་བཤད་པའི། གམཐའ་དྲུག་གི་ཚིག་གི་དོན་བཤད་པའི་སྒོ་ནས་ངེས་པར་བྱ་དགོས་པ། །རྩ་རྒྱུད་ལ་རྒྱས་བཏབ་པའི་དོན་ནི་རབ་ཏུ་རྟོགས་པ་སྟེ་བཤད་པར་བྱ། ༈ །དྲུག་པོ་དེ་གང་ཞེ་ན་དྲང་བ འི་དོན་དང་ནི་ངེས་པའི་དོན་གཉིས་དོན་མཐའ་ལ་བརྟེན་པ་དང་བཅས། །ཞེས་པ་འགྱུར་གསར་གཉིས་ལས་དབྱེ་བར་བྱས་སོ། །དགོངས་པས་བཤད་པ་དང་དགོངས་པ་མིན་པས་བཤད་པ་གཉིས་སྒྲ་མཐའ་ལ་བརྟེན་པ་དང༌། །ཁཇི་བཞིན་པ་ཀསྒྲ་གདང་སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས་སྒྲ་དོན་གཉིས་ཀའི་མཐའ་བརྟེན་པ་ཏེ། །མཐའ་ནི་རྣམ་པ་དྲུག་ཏུ་ཤེས་པར་བྱ། །མཐའི་སྐད་དོན་ཀོ་ཊི་ནི་རྩེ་མོ་དང་སྒོ་ལའང་འཇུག་པས་སོ་སོར་བཤད་པའི་སྒོ་དྲུག་གོ ། ༈ དེ་ལྟར་མིང་གི་དབྱེ་བ་བསྟན་ནས་སོ་སོའི་ངོས་འཛིན་སྟོན་པ་ལ་དྲང་ངེས་གཉིས་ནི་གཞན་ནས་གཞུང་སོ་སོས་བདེན་གཉིས་སོ་སོར་སྟོན་པ་ལ་བཤད་པ་ལྟར་མིན་གྱི། འདིར་གཞུང་གཅིག་གི་དོན་ལ་སུ་འབྱེད་པ་ཡིན་ནོ། །དེ་ཡང་སྐལ་ངན་ཏེ་དབང་པོ་དམན་པ་ཙན་དན་ལྟ་བུ་ལ་སོགས་པ་རྣམས་ལ་གསང་བར་བྱ་བའི་ངེས་དོན་ཚིག་དེའི་དོན་ལ་ཡོད་ཀྱང་རྒྱལ་བ་ཡིས། །དངོས་སུ་མི་སྟོན་པར་སྦས་ཏེ་བཤད་པ་ནི་ད་དུང་དངོས་ཟིན་དེ་མོན་པའི་དོན་གཉིས་པ་ཞིག་དྲང་དུ་ཡོད་པས་དྲང་དོན་ནོ། །དེས་ནི་སྦས་རྒྱུད་སྐལ་ངན་ལ་སྦས་པར་སྟོན་གྱི་སྦས་པའི་གཞུང་དེ་སྐལ་ངན་ཁོ་ནའི་དབང་དུ་བྱས་པར་སྟོན་པ་མིན་ཏེ། ཡིན་ན་ནི་སྐལ་བཟང་ལ་མི་སྦེད་པར་སྟོན་དགོས་པར་འགྱུར་ལ། དེ་ལྟར་ན་འདུས་པའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན་པས་ཤིན་ཏུ་གསལ་བར་སྟོན་དགོས་པར་འགྱུར་རོ། །དེ་ལྟར་ཡིན་ན་བཤད་རྒྱུད་མང་པ་རྣམས་དོན་མེད་པར་འགྱུར་རོ། །དེས་ན་རྩ་རྒྱུད་དུ། རྒྱས་བཏབ་ནས་མི་གསལ་བར་སྟོན་ཞིང་། དེ་བཤད་རྒྱུད་ལ་རག་


JLD004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པ་དང༌། དེ་ཡང་རྩ་བཤད་ཕྱིན་ཅི་མ་ལོག་པར་སྦྱར་ནས་སྟོན་ཤེས་པའི་བླ་མ་ལ་རག་ལས་བར་མཛད་པའི་ཆེད་དུ་ཡིན་ཞིང་། དེ་ལྟར་མཛད་པ་ཡང༌། སློབ་དཔོན་ལེགས་པར་བསྙེན་བཀུར་བ་མེད་པར་རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར་ཡིན་ཏེ། བླ་མ་ཡུན་རིང་པོར་སྒོ་ཐམས་ཅད་ནས་མཉེས་པར་བྱེད་པ་ནི། ཐེག་པ་འདི་ལ་དངོས་གྲུབ་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །སྒྲས་ཟིན་གྱི་དོན་ལས་དོན་གཉིས་པ་ལ་ཡང་ཙན་དན་ལྟ་བུ་ལ་སོགས་པ་ལ་སྦེད་པས་མ་ཁྱབ་ཏ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། ག་བུར་དང་ཁྲག་དང་རྡོ་རྗེ་དང་པདྨའི་དོན་གཉིས་པ་ངེས་དོན་དུ་བཤད་པ་བཞིན་ནོ། །དེས་ན་གཙོ་ཆེ་བས་དེ་ལྟར་གསུངས་སོ། །དྲང་དོན་གསུངས་པར་མ་ཟད་ངེས་པའི་དོན་གསུངས་པ་ཡིན་ནོ། ༈ །མཆོག་གི་དངོས་གྲུབ་འདོད་པའི་སེམས་ཅན་དབང་པོ་རྣོན་པོ་རྣམས་ཀྱི་ཕྱིར་དུ། །ཆོས་ཀྱི་དེ་ཉིད་འོད་ཟུང་ལྟ་བུ་རབ་ཏུ་སྟོན་པ་ན། དོན་དེ་ལ་སྒྲ་འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་ཡིན་པ་ནི་དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བཤད་པའི་ཕྱིར། དགོངས་པས་བཤད་པའོ་དེ་། །གསང་ཆེན་གྱི་སྣོད་དུ་རུང་བའི་དབང་པོ་དམན་པའི་སེམས་ཅན་རྣམས། །ཀྱིས་རྟོགས་པའི་ཕྱིར་དུ་སྒྲ་དྲང་པོར་མཆོག་ཏུ་སྟེ་ཤིན་ཏུ་གསལ་བ་ཡིས། །འོད་ཟུང་ལྟ་བུའི་དེ་ཉིད་ངེས་པར་སྟོན་པ་ནི། །དོན་གཞན་ལ་དགོངས་ནས་སྒྲ་འགལ་བས་མི་སྟོན་པར་དྲང་པོར་སྟོན་པའི་ཕྱིར། དགོངས་པ་མིན་པས་བཤད་པའོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། དེ་ལྟར་གསུངས་པ་ཡང་གཙོ་ཆེ་བ་ལ་དགོངས་ཀྱི། ངེས་པ་ནི་མ་


JLD004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། འདུས་པའི་དོན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མི་ཤེས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་ཅི་སྨོས་ཞེས་གསུངས་པའི་སྔ་མ་རིན་པོ་ཆེ་ལྟ་བུའི་གང་ཟག་དང་ཕྱི་མ་ཙན་དན་ལྟ་བུ་ལ་སོགས་པ་ལ་བཤད་པ་དགོངས་བཤད་དུ་གསུངས་པ་བཞིན་ནོ། ༈ །ཁདཀྱིལ་འཁོར་ཐིག་ཚོན་གྱིས་བྲི་བ་དང༌། སོགས་པས་ལྷ་ཉེར་སྤྱོད་ཀྱིས་མཆོད་པ་སོགས་ཀྱི་མཆོད་སྦྱིན་དང༌། གཏོར་མའི་ཆོ་ག་དང་སྨན་གྱི་སྦྱོར་བ་དང་ཞི་སོགས་ཀྱི་ལས་ཚོགས་དང་དངོས་གྲུབ་བརྒྱད་བསྒྲུབ་པའི་དང་ཀཆོག་ཞིབ་ཀལྦ་ཞེས་པ་ནི་རྟོག་པ་དང་ཆོ་ག་ཞིབ་མོ་གཉིས་ཀ་ལ་འཇུག་པ་ཡིན་ཀྱང༌། འདིར་ནི་དཀྱིལ་འཁོར་སོགས་གང་དུ་གསུངས་པའི་རྒྱུད་ལ་བྱ་དགོས་པས། ཆག་གིས། དཀྱིལ་འཁོར་ལ་སོགས་རྟོག་པ་རུ། །སྤྱོད་པའང་ཇི་ལྟ་ཇི་ལྟར་གསུངས། ཞེས་བསྒྱུར་བ་ལྟར་རྟོག་པ་ལ་བྱ་དགོས་ཏེ། འདི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་རྒྱུད་སྡེ་འོག་མ་གསུམ་དུ་དཀྱིལ་འཁོར་སོགས་གསུངས་པ་སྒྲ་ཇི་བཞིན་པར་བཤད་པ་དེ་བསྡུས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་དང༌། པ་ཚབ་ཀྱིས་བསྒྱུར་བ་ལས། དཀྱིལ་འཁོར་སོགས་དང་ཞེས་ཕྲལ་བ་ནི་འགྱུར་སྐྱོན་ནོ། །ལ། །སྟེ་རྒྱུད་སྡེ་འོག་མ་གསུམ་གྱི་རྟོག་པ་རུ་སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །པ་དོན་རྒྱས་པ་སྟེ་གསལ་བར་པ་ཚབ་ཆག་བཤད་པ་གང་ཡིན་པ། །དེ་དང་དེ་ནི་ཇི་བཞིན་པའི་སྒྲར་གསུངས་པའོ། །དེར་མ་ཟད་བླ་མེད་ཀྱི་རྟོག་པ་རྣམས་སུ་ཡང་ལས་ཚོགས་ལ་སོགས་པ་སྒྲ་ཇི་བཞིན་པ་མང་ངོ༌། །སྒྲ་ཇི་བཞིན་པ་ནི་ཤས་ཆེར་དོན་གཉིས་པ་མེད་པ་ལ་བྱ་དགོས་ཏེ། དེར་ངེས་པ་ནི་མ་ཡིན་ནོ། །ཀོ་ཊཱ་ཁྱ་དང་ལ་སོགས་པ ས་ཀོཊཱ་ཝ། ཀོ་ཊཱ། ཀོཊཱ་ཝ་ཥྩ། ཀོ་ཊཱ་རག །ཀོ་ལ་ཁྱ། ཀེ་ལ་ཝ། ཀོ་ལ། ཀོ་ལ་ཝཥྩ། ཀེ་ལ་སྟ་ཐ་ཞེས་པ་དེ་ལྟ་བུ་ལ་སོགས་པའི་སྒྲ། །འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ལ་མིང་དེ་དོན་དེའི་དངོས་ཀྱི་མིང་དུ་འཇུག་པ་མེད་ཅིང༌། །


JLD004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་དེ་ལྟར་འི་བརྡ་མཛད་ར་འགྱུར་པ། །དེ་ནི་སྒྲ་ཇི་བཞིན་པ་མིན་པར་བསྒྲགས་སོ། །ཀོ་ཊཱ་ཁྱ་ལ་སོགས་པ་བཅུས་དབང་པོ་ལྔ་དང་ཡུལ་ལྔ་བསྟན་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་བཤད་སངས་རྒྱས་མཉམ་སྦྱོར་ལས་རླུང་བཅུ་ལ་བཤད་དོ། ༈ །མཐའ་དྲུག་ཏུ་དབྱེ་བ འི་ངོས་འཛིན་བསྟན་ནས་ནི། །ཚུལ་བཞིའི་བཤད་པའི་དབྱེ་བ འི་ངོས་འཛིན་བརྗོད་པར་བྱའོ། ༈ །དབྱེ་བ་བཞི་ནི་ཚིག་གི་དོན་ནམ་ཡི་གེའི་དོན་དང་སྤྱི་ཡི་དོན་དང་། །སྤས་པའི་དོན་དང་དེ་བཞིན་མཐར་ཐུག་པའི་དོན་ནོ་ཞེས་མིང་གི་དབྱེ་བ་བསྟན་ནོ་འོ་། །པ་ཚབ་ཀྱིས། སྤྱི་དོན་ཐམས་ཅད་བསྡུས་པའི་ཡན་ལག་དང༌།སྦས་དོན་ཐམས་ཅད་སྙིང་པོ་ཅན་དུ་བསྒྱུར་བ་ནི་སྐད་དོད་ཀྱི་ཕྱོགས་གཅིག་ལ་རུང་བ་ཙམ་ཡོད་ཀྱང༌། །འགྱུར་རྙིང་དང་ཆག་གིས་སྔར་བཞིན་བསྒྱུར་བ་ལེགས་སོ། །དང་པོ་ཡིག་དོན་ལ་ནི་དབྱེ་བ་མེད་པས་གཅིག་པུ་ཁོ་ན་ཉིད། །ཅེས་གསུངས་སོ། །སྤྱི་ཡི་དོན་གྱི་དབྱེ་བ་ནི་རྣམ་པ་གཉིས། །སུ་ཡོད་དོ། །སྦས་པའི་དོན་ལ་ནི་དབྱེ་བ་རྣམ་པ་གསུམ་དུ་བཤད་དོ། །མཐར་ཐུག་པའི་དོན་ནི་དབྱེ་བ་རྣམ་པ་གཉིས་སོ། ། ༈ ཡིག་དོན་ཞེས་པའི་ཡི་གེ་ནི་མིང་ཚིག་ཡི་གེ་གསུམ་དུ་བྱས་པའི་ཡི་གེ་མིན་གྱི་ཡི་གེ་དུ་མ་འདུས་པའི་ངག་ཚིག་ཡིན་པས། ཁསྒྲའི་གཞུང་ཙམ་ཙམ་གྱི་སྒྲས་ནི་ནང་གི་བསྟན་བཅོས་རྒྱུད་སྡེ་ནས་དོན་དེའི་མིང་དུ་བྱས་པ་ཐུན་མོང་མིན་པ་རྣམས་གཅད་དོ། །ལ་ནི་རབ་ཏུ་གཞོལ་བའི། །སྒོ་ནས།ཀནང་རིག་པའི་སྡེ་སྣོད་ལས། ཕྱི་རོལ་དུ་གྱུར་པ་སྒྲའི་བསྟན་བཅོས་ལ་མཁས་པ་ཡིས། །ཁསྒྲ་དེ་ཡི་བཀོད་པས་ཏེ་དོན་འདི་ལ་སྒྲ་འདི་འཇུག་ཅེས་པའི་སྒོ་ནས་རབ་ཏུ་བསྟན་པ་ནི ། །ཡི་གེའི་དོན་


JLD004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡིན་པར་བཤད་དོ། །དེས་ན་སྒྲའི་བསྟན་བཅོས་ལ་བརྟེན་པའི་སྒྲ་བའི་ཐོབ་ཚོད་ཀྱི་བཤད་པ་ཡིན་པའི་ཆ་ནས་ཡིག་དོན་དུ་བཞག་པ་དེ་ཉིད་སྒྲ་ཇི་བཞིན་པར་གསུངས་པ་ཡང་ཡོད་ལ། འཆད་པ་ལྟར་གཉིས་ཀྱི་ཐུན་མོང་བ་ཡིན་པས་སྤྱི་དོན་དུ་བཞག་དགོས་པ་ཡང་མང་དུ་ཡོད་དོ། ༈ །མཚན་ཉིད་ཀྱི་ཐེག་པའི་མདོ་སྡེ་དང་སོགས་པ་འདུལ་བ་དང་མངོན་པའི་སྡེ་སྣོད་ལ་ནི་རབ་ཏུ་ཞུགས་པའི། །གང་ཟག་གིས་ཐེག་པ་འདིར་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་བྱ་བ་ལ་སོགས་པ་ཐོས་ན་རང་གི་ཁས་བླངས་པའི་གསུང་རབ་དེ་དང་རྣམ་པ་ཐམས་ཅད་དུ་མི་མཐུན་པའོ། །སྙམ་དུ་བཟུང་ནས་སྨོད་པ་དང༌། འགྱོད་པ་སྟེ་ཐེ་ཚོམ་ཟ་བ་ཟློག་པར་བྱེད་པའི་དོན་དུ་ཐེག་པ་གཞན་དང་ཐུན་མོང་བ་མང་དུ་བཤད་པ་དང༌། །བསྐྱེད་པའི་རིམ་པའི་རྣལ་འབྱོར་དང་ལྡན་པ་དག་ནི། །སྤྱི་ཡི་དོན་ནི་ཡིན་པར་གསུངས་ཏེ། །ཐེག་པ་གཅིག་ཡིན་ཀྱང་རྒྱུད་སྡེ་འོག་མ་གསུམ་གྱི་གདུལ་བྱས་འདི་ལ་སྨོད་པ་དང་ཐེ་ཚོམ་བཟློག་པའི་ཕྱིར་དུ་དེ་དག་དང་མཐུན་པར་བཤད་པ་རྣམས་ཡང་སྤྱི་དོན་ཡིན་པས། མཚན་ཉིད་ཀྱི་ཐེག་པ་བ་དང་ཐུན་མོང་བ་དང༌། རྒྱུད་སྡེ་འོག་མ་བ་དང་ཐུན་མོང་བ་ཡིན་པས་སྤྱི་དོན་དུ་བྱས་པ་དང༌། བསྐྱེད་རིམ་ལྟ་བུ་དངོས་གྲུབ་གཉིས་བསྒྲུབ་པའི་གང་ཟག་གཉིས་དང་ཐུན་མོང་པས་སྤྱི་དོན་དུ་བཞག་པ་ཡང་ཡོད་དོ། །སྨོད་པ་དང་ཐེ་ཚོམ་ཟ་བ་བཟློག་པའི་ཕྱིར་དུ་བཤད་པ་ནི་དགོས་པ་དེ་ཙམ་གྱི་ཕྱིར་མིན་གྱི་རང་གི་ལམ་རྒྱུད་ལ་བསྐྱེད་པ་ལ་ཡང་དགོངས་ནས་དེ་ལྟར་བཤད་དོ། ༈ །རིག་མ་དང་མཉམ་པར་སྦྱོར་བའི་འདོད་ཆགས་ཀྱི་ཆོས་ནི་རབ་ཏུ་སྟོན་པའི་འདོད་ཆགས་ཆོས་ཀྱི་སྦས་པ་དང༌། །ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་རྟོགས་པ་སྟེ་:ཆག:བསྟན་པའི་ཀུན་རྫོབ་སྒྱུ་མའི་སྤས་པ་དང༌། །སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་པོ་རྣམ་པར་བརྟགས་པ་སྟེ་སྒོམ་པའི། །


JLD004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སེམས་ཀྱི་སྦས་པ་གསུམ་སྙིང་པོར་ཡོད་པས་སྦས་པའོ། །གང་ལ་སྦས་པ་ནི་ཐ་མ་གཉིས་དང་དང་པོའི་ཆ་གཅིག་བསྐྱེད་རིམ་པ་དང༌། གསུམ་ག་རྒྱུད་སྡེ་འོག་མ་བ་སོགས་ལ་སྦས་པ་ཡིན་ལ། སྦས་ཚུལ་ནི་ཕྱི་ནས་མི་མངོན་པར་ནང་ན་སྙིང་པོར་ཡོད་པའི་ཚུལ་གྱིས་སྦས་སོ། ༈ །རིམ་བཞི་པའི་འོད་གསལ་བ་ནི་རབ་ཏུ་སྟོན་པ་དང༌། །ཟུང་དུ་འཇུག་པའི་རིམ་པ་རྟོགས་པ་སྟེ། །དེ་ལྟར་རྣམ་པ་གཉིས་སུ་མཐར་ཐུག་པ་འ་བཤད་དེ། །མཐར་ཐུག་པ་འ་ནི་མུར་ཐུག་པ་ཡི་ཚིག་གི་དོན་འདིར་གང་གིས་མཐར་ཐུག་པ་ནི་གཉིས་ཏེ། དོན་དམ་པའི་བདེན་པ་དང༌། དག་པའི་སྒྱུ་མའི་སྐུའོ། །གང་མཐར་ཐུག་པ་ཡང་གཉིས་ཏེ། སེམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་སྐྱེས་པ་དང༌། གཉུག་མའི་ལུས་ཤིན་ཏུ་ཕྲ་བའི་རླུང་དང་དེའི་བཞོན་པ་ཅན་གྱི་སེམས་ཏེ་རླུང་སེམས་ཀྱི་ལུས་སོ། མཐར་ཇི་ལྟར་ཐུག་པ་ནི། དང་པོ་ནི་ཤེས་བྱ་དོན་དམ་པ་མངོན་སུམ་དུ་རྟོགས་ཏེ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའོ། །གཉིས་པ་ནི། གཉུག་མའི་ལུས་རླུང་སེམས་གཉིས་རྡོ་རྗེའི་སྐུར་དངོས་སུ་སྐྱེས་པའོ། །ནོ། ༈ །རྒྱུད་འཆད་པ་པོས་རྒྱུད་ཉན་པར་འདོད་པ་ལ། །གང་ཟག་གང་ལ་དོན་གང་འཆད་པའི་དབྱེ་བ་ཡང་ནི་གཉིས་སུ་ཡོད་དེ། །ཚོགས་པ་ལ་བཤད་པར་བསྟན་པ་དང༌། །གཉིས་པ་སློབ་མ་ལ་བཤད་པའོ། ༈ །བཤད་པ་གཉིས་པོ་དེ་གང་ཡིན་སྙམ་ན། མཐར་དྲུག་གི་ནང་ནས་ཇི་ཁབཞིན་པ་སྒྲ་ཀདང་གདགོངས་པ་མིན་དང་དེར་མ་ཟད་དྲང་བའི་དོན་དུའང་གང་གྱུར་ཏེ་གསུམ་དང༌། །ཚུལ་བཞིའི་ནང་ནས་ཡི་གེའི་དོན་དང་སྤྱི་ཡི་དོན་ནི ། །ཚོགས་པ་ལ་བཤད་པར་བྱ་བ་ཡིན་པར་བརྗོད་དོ། །མཐའ་དྲུག་གི་ནང་ནས་ཇི་བཞིན་པ་མིན་པ་དང་སྒྲ་ངེས་པའི་དོན་དང༌། །དེ་བཞིན་དུ་


JLD004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཏེ་བཤད་པ་གསུམ་དང༌། །ཚུལ་བཞིའི་ནང་ནས་སྦས་པའི་དོན་དང་མཐར་ཐུག་པའི་དོན་རྣམས་ནི། །སློབ་མ་ལ་ནི་བཤད་པར་བྱ་བ་ཡིན་པར་འདོད་དོ། ༈ །འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སོགས་ཀྱི་རྗེས་སུ་འབྲངས་ནས། །ཏེ་དེ་དང་མཐུན་པར་བདེ་བར་གཤེགས་པ་རྣམས་ཀྱིས་༼ཁ༽གདུལ་བྱ་རྣམས་ལ། །རིམ་༼ཀ༽པ་དང་པོ་དང༌། གཉིས་པ་ལ་བརྟེན་ནས་ནི། །རིམ་པ་བཞིན་དུ་ཚོགས་༼ག༽དང་སློབ་མ་ལ་བཤད་པའི་དབྱེ་བ་གཉིས་གསུངས་པ་ཡིན། དེ་ལྟར་ན་གདུལ་བྱ་ལ་འཆད་ཚུལ་གྱི་དབྱེ་བ་གཉིས་ནི། གདུལ་བྱ་འདི་ལ་ལམ་འདི་འཆད་ཅེས་པའི་དབྱེ་བ་ཡིན་པས། རྒྱུད་མཐའ་དྲུག་དང་ཚུལ་བཞིས་འཆད་པའི་འཆད་ཚུལ་དང་མི་འདྲ་བ་ཕྱེད་པར་བྱའོ། །གལ་ཏེ་མཐའ་དྲུག་དང་ཚུལ་བཞིའི་ལྔ་ཚན་རེ་རེ་ཚོགས་པར་སློབ་མ་ལ་སོ་སོར་བཤད་དགོས་ན་རིན་པོ་ཆེ་ལྟ་བུ་ལ་བསྐྱེད་རིམ་མི་འཆད་པར་འགྱུར་ལ། དེ་ལྟ་ན་དེའི་ལམ་ལ་རིམ་པ་གཉིས་མེད་པར་འགྱུར་རོ། །ཚོགས་བཤད་ཀྱི་གང་ཟག་ལ་དགོངས་བཤད་སོགས་ལྔ་མི་འཆད་ན་དེ་དག་ལ་རྒྱུད་འཆད་པའི་ཚེ་གཞུང་མང་པོ་ཞིག་བཞག་དགོས་པས། རྒྱུད་གཞུང་མ་ལུས་པ་བཤད་དུ་མི་རུང་བར་འགྱུར་ན། དེ་ནི་མི་རིགས་ཏེ་ལེའུ་བཅུ་བདུན་པའི་འགྲེལ་བ་ལས། གསང་བ་འདུས་པ་འདི་ལ་རེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱིས་མཐོང་བའི་ཆོས་ཉིད་ལ། ཚེ་འདི་ཉིད་དུ་སངས་རྒྱས་ཉིད་འཐོབ་པ་ཐོས་ཤིང༌། རྒྱུད་ཀྱི་གཞུང་མ་ལུས་པ་ཐོས་ཀྱང༌། མཐའ་དྲུག་གིས་དབྱེ་བས་རྒྱུད་ཀྱི་དོན་ལ་རྨོངས་པ་དང་མ་བྲལ་བ་ཙན་དན་ལྟ་བུའི་གང་ཟག་ལ་སོགས་པའི་ཉན་པ་པོ་རྣམས་ཞེས་གང་ཟག་བཞི་པོས་ཀྱང་རྒྱུད་གཞུང་ཀུན་གྱི་བཤད་པ་ཐོས་པར་གསུངས་པའི་ཕྱིར་རོ་ཞེ་ན། ཇི་སྐད་དུ་བཤད་པའི་སྐྱོན་ཡོད་པའི་ཕྱིར་བཤད་པ་གཉིས་ཀྱི་གང་ཟག་རེ་རེ་ལ་རྒྱུད་ཀུན་མི་འཆད་པ་མིན་ནོ། །དེ་ལྟ་ནའང་བཤད་པ་གཉིས་སོ་སོར་མཛད་པ་ནི།


JLD004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་དང་སྣོད་མིན་ཡོངས་བརྟགས་ནས། ཞེས་པ་དང༌། རིན་པོ་ཆེ་ལྟ་བུ་ལ། རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང༌། ཞེས་གསུངས་པས། བཤད་བྱའི་ལམ་རིམ་གཉིས་ཀྱི་སྐལ་བ་དང་ལྡན་མི་ལྡན་དང་སྣོད་དུ་གྱུར་མ་གྱུར་གཉིས་ཡིན་ལ། དེ་ལ་ཡང་ལམ་དེ་སྐྱ་བའི་སྣོད་ཡིན་མིན་དང༌། ཉན་པའི་སྣོད་ཡིན་མིན་གཉིས་ཡོད་པ་ལས། དབང་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ཡིན་ན་རིམ་གཉིས་རགས་པ་ཀུན་ཉན་པའི་སྣོད་དུ་རུང་ཡང༌། ཙན་དན་ལྟ་བུ་ལ་སོགས་པ་བཞི་ལ་དབང་པོ་སྦྱངས་པ་དང་མ་སྦྱངས་པའི་དུས་སུ་རྫོགས་རིམ་རྫོགས་པར་སྟོན་མི་སྟོན་གྱི་ཁྱད་པར་ཡང་ཡོད་པས་དོ་ལ་ལྟོས་ནས་ཀྱང་བཤད་པའི་དབྱེ་བ་ཡོད་དོ། །གཙོ་བོར་ནི་གང་ཟག་གཞན་བཞི་ལ་ནི་ཚེ་དེ་ལ་རིམ་པ་དང་བོ་སྐྱེ་སླ་བ་དང༌། རྫོགས་པར་སྐྱེ་སྲིད་ཀྱང༌། རིམ་པ་གཉིས་པ་སྐྱེ་དཀའ་ཞིང་རྫོགས་པར་སྐྱེ་མི་སྲིད། རིན་པོ་ཆེ་ལྟ་བུ་ལ་ནི་ཚེ་དེ་ལ་རིམ་པ་གཉིས་པ་ཡང་སྐྱེ་སླ་ཞིང་རྫོགས་པར་སྐྱེ་ན་རིམ་པ་དང་པོ་ལྟ་ཅི་སྨོས། དེས་ན་རིམ་པ་གཉིས་སྐྱེ་བའི་སྣོད་ལ་ལྟོས་ནས་བཤད་པའི་དབྱེ་བ་གཉིས་གསུངས་ཀྱི། ལྔ་ཚན་གཉིས་པོ་གཅིག་གང་ལ་བཤད་པ་ལ་ཅིག་ཤོས་མི་འཆད་པ་མིན་པས་སྐྱོན་མེད་དོ། །་ནོ། ༈ །འཆད་པའི་ཚེ་རྣམ་པ་ཀུན་ཏུ་ཉན་པར་འདོད་པའི། །བླའི་རིགས་འཇིག་རྟེན་ན་སོ་སོར་ངེས་པར་གྱུར་པ་ནི། །བློ་ཡི་རིགས་ཀྱི་རྣམ་པ་དཔག་ཏུ་མེད་པ་ཡོད་པ་ལས། །དེའི་ནང་ནས་འདིར་བསྡུ་ན་གང་ཟག་རྣམ་པ་ལྔར་འདོད་དོ། །དེ་དག་ཀྱང་གང་ཞེ་ན། ཨུཏྤ་ལ་དང་པད་དཀར་དང༌། །པདྨ་དང་ཙན་དན་དང་རིན་པོ་ཆེ། །ལྟ་བུའི་གང་ཟག་རང་བཞིན་ཏེ་བློའི་རིགས་ཐ་དད་པའི་མིང་གིས་དེ། །རྣམས་ཐམས་ཅད་མཁྱེན་པས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་པ་ཡིན་ནོ། ༈ །གཞལ་:པ་ཚབ:བྱའི་དངོས་པོ་


JLD004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མ༢ལུས་པ་བླ་མ་ལས་ཐོས་པར་གྱུར་ལ། །ཐོས་ནས་ཀྱང་ཚིག་དོན་འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་ཏེ་རིང་པོར་མི་ཐོགས་པར་བརྗེད་པར་འགྱུར་བ་སྟེ། །དེ་ནི་ཨུ་ཏ་པ་ལ་ཆུ་ནང་ན་གནས་པའི་ཚེ་དྲི་ཞིམ་པོ་མང་པོ་འཛིན་ཞིང་རྙིང་པ་མེད་ལ། ཆུ་ནས་བཏོན་མ་ཐག་རྙིང་ཞིང་དྲི་ཡལ་བ་དང་འདྲ་བས་ཨུཏྤལ་ལྟ་བུ་ཞེས་བྱ་བ འི་གང་ཟག་གོ ། ༈ གཟུང་བྱ འི་ཆོས་ཀྱི་ཚིག་དོན་གྲོགས་ལས་ལྷག་པར་མང་དུ་ཐོས་ནས་འཛིན་ནུས་པར་གྱུར་ཀྱང༌། །གཞན་ལ་སྟོན་པ་ཡི་ནི་ནུས་པ་མེད་པ། སྟེ །དེ་ནི་བུམ་པའི་ནང་དུ་རས་བལ་གྱི་ས་བོན་གྱིས་བཀང་བ་འཕེལ་ནས་སླར་མི་ཐོན་པ་དང༌། པད་དཀར་རང་གི་དྲི་ལྟེ་བའི་སྤུབས་སུ་འཁོར་ནས་གཞན་དུ་འཕྲོ་བ་མེད་པར་འདྲ་བས། །པད་དཀར་ལྟ་བུ་ཞེས་བྱ་བ འི་གང་ཟག་གོ ༈ དཀར་ཆོས་ཀྱི་རྩ་བ་དང་བ་དང་ལྡན་ཞིང་སྙིང་རྗེ་ཆེ་བ་ཤེས། །རབ་དང་ལྡན་པ། ཆོས་ཐོས་ན་བློ་ཡི་ཁ་འབྱེ་བ་སྟེ་ཤེས་རབ་འཕེལ། ལ། ཚིགས་མེད་པའི་འོད་མ འི་ཕྱོགས་གཅིག་ནས་ཆུ་བླུགས་པ ཁ་བཞིན་དུ་ཐོས་པའི་དོན་ཤེས་པ་རིང་དུ་མི་གནས་པ་སྟེ་ཀའཛག་པ། །དེ་གནི་པདྨ་དྲི་ཞིམ་པ་དགའ་བསྐྱེད་པའི་ཡོན་ཏན་དང་ལྡན་པ་ཉི་མས་ཁ་འབྱེ་བ། པདྨའི་ལྟེ་བར་ཆགས་པའི་ཟིལ་པ་རྣམས་ཉི་མ་ཤར་བ་དང་མེད་པར་འགྱུར་བ་དང་འདྲ་བས་པདྨ་ལྟ་བུ་ཞེས་བྱ་བ འི་གང་ཟག་གོ ༈ ཐོས་པ་ཉུང་བ་སྟེ་ཆུང་ཞིང་ཐོས་པ་ལ་བསྐུལ་ན་ངེས་ཤེས་སོ་ཞེས་ང་རྒྱལ་དང་ལྡན་པ། །ལུང་རིགས་ཀྱི་དོན་ལེགས་པར་མ་ངེས་པར་རྩ་བ་མེད་པར་རྩོད་པ་ན་མང་དུ་སྨྲ་བ། །སྐྱོན་དེ་རྣམས་བསལ་ནས་རྗེས་སུ་གཟུང་བར་མི་ནུས་པ། །སྟེ་གཟུང་དཀའ་བ། །དེ་ནི་ཙན་དན་འབྲས་བུ་མེད་པ་དྲི་ཆུང་བ་ཆེར་མ་མང་བ་སྦྲུལ་གདུག་པས་དཀྲིས་པས་དྲུང་དུ་ཉེར་མི་རུང་བ་དང་འདྲ་


JLD004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཙན་དན་ལྟ་བུ་ཞེས་བྱ་བ འི་གང་ཟག་གོ །དེ་བཞི་དགེ་རྩ་མ་སྨིན་པ་དམན་པ་ལ་མོས་པར་སྒྲོན་གསལ་ལས་བཤད་དོ། ༈ །ཁས་བླངས་པའི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཐོས་པའི་ཕ་རོལ་ཏུ་སོན་པས་མཁས་ལ་དགེ་བ་ལ་མཁས་ཤིང་སྤྲོ་བའི་སྒྲིན། །པ་དང༌། མགོ་སྨེས་པས་གོ་བའི་ཤེས་རབ་དང་ལྡན་ཞིང་བླ་ན་མེད་པའི་ཐེག་པར་རིགས་ངེས་ནཤིང་སད་པས་རྒྱུད་གཅིག་པ། །སྟེ་མི་འགྱུར་བ་དང༌། རང་གི་ཆོས་ཐོས་ནས་ཐོས་པའི་དོན་གཞན་ལ་ལེགས་པར་ཏེ་ཡང་དག་པར་སྟོན ནུས་པ་སྟེ་དེ་ནི། །རྙེད་པར་དཀའ་ཞིང་འདོད་པའི་འབྲས་བུ་འབྱིན་པས་རིན་པོ་ཆེ་དང་འདྲ་བས་རིན་ཆེན་ལྟ་བུ་ཞེས་བྱ་བ འི་གང་ཟག་གོ །འདི་ལ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཐོས་པའི་ཕ་རོལ་ཏུ་སོན་པ་སངས་རྒྱས་ཉིད་མངོན་པར་འདོད་ཅིང་རིགས་ངེས་པའོ། ཞེས་ཀྱང་སྒྲོན་གསལ་ལས་གསུངས་སོ། ༈ །ཨུཏྤལ་དེ་བཞིན་པད་དཀར་དང༌། །པདྨ་ཙནྡན་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་པ་ལ་སྟེ་ཐུན་མོང་དུ་བཤད་པར་བྱ་བའི་བསྐྱེད་རིམ་གྱི་སྣོད་དུ་གྱུར་པའི་གང་ཟག་གོ །རྫོགས་པའི་རིམ་པ་སྐྱེ་སླ་བ་དང་རྫོགས་པར་སྐྱེ་བའི་གྱི་སྐལ་བ་དང་ལྡན་ཞིང༌། །རྟག་ཏུ་:པ་ཚབ་ཆག:དམ་པའི་སྤྱོད་པས་རྣམ་པར་བརྒྱན་པ། །འདི་ནི་རིན་ཆེན་ལྟ་བུ་ཞེས་བྱ་བའི་གང་ཟག་སྟེ། །སློབ་མ འི་གཙོ་བོ་ལ་བཤད་པར་བྱ་བའི་ལམ་རྫོགས་རིམ་གྱི་སྣོད་ཡིན་ནོ། ༈ །གང་ཟག་གི་རིགས་ཀྱི་ཁཤེས་པའི་ཀདབྱེ་བ་ཡིས། །རྫོགས་རིམ་གྱི་སྣོད་དང་སྣོད་མིན་ཡོངས་སུ་བརྟགས་ནས། །རྡོ་རྗེ་སློབ་དཔོན་མཁས་པས་ནི། །ཚོགས་དང་སློབ་མ་ལ་བཤད་པ་རྣམ་པ་གཉིས་བྱའོ། ༈ །སྔར་བཤད་པའི་རྒྱན་ནི་


JLD004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པོ་དེ་རྣམས་ཀྱིས། །ཞེས་པ་ནི་བཤད་གཞིའི་རྒྱུད་འདིའི་དགོངས་པ་འགྲེལ་བའི་སྒོ་གཉིས་ཀྱིས་བཀྲལ་བའི་ལམ་གྱི་རིམ་པ་བཞི། བཤད་པའི་དབྱེ་བ་རྣམ་པ་གཉིས་ཀྱིས་གང་ཟག་ལྔ་ལ་བཤད་པས་ཀུན་རྫོབ་བདེན་པ་སྒྱུ་མའི་སྐུ་དང་དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་ཀྱི་བདེན་པ་གཉིས་རྣམ་པར་ངེས་པར་བྱས་པ། །འི་གོ་བ་སྐྱེས་པ་དེ་ནི་རྒྱན་དུ་གྱུར་པ་བདུན་པ་དགོས་པ་བདེན་གཉིས་ངེས་པ་སྟེ། །དེ་ནི་རྫོགས་པའི་རིམ་པའི་གཙོ་བོ་ཟུང་འཇུག་སྒྲུབ་པ་ལ་མེད་མི་རུང་བ། །འདིས་ནི་རྒྱན་དྲུག་གི་སྒོ་ནས་བཤད་པས་འདུས་པ་ལ་རྣམ་པར་དག་པའི་གོ་བ་ཆགས་པ་དེ་རྒྱན་བདུན་པར་བཤད་ལ། གོ་བ་ཡང་རྒྱུད་ཀྱི་དོན་གོ་བཟང་ཡིན་ཀུན་ལ་མི་བྱེད་ཀྱི་གོ་བའི་གཙོ་བོ་བདེན་གཉིས་དབྱེར་མེད་རུང་འཇུག་ལེགས་པར་གོ་ཞིང་དེའི་ཡན་ལག་ཏུ་འོད་གསལ་དང་སྒྱུ་ལུས་དང་ལུས་ངག་སེམས་གསུམ་གྱི་དབེན་པ་གསུམ་དང༌། བསྐྱེད་རིམ་དབང་དང་བཅས་པ་དགོས་ཚུལ་ལེགས་པར་ངེས་པ་ཞིག་གལ་ཆེ་སྟེ་མཐའ་གཅོད་དུ་འཆད་པར་འགྱུར་རོ། ༈ །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལསོགས་པའི་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། །འདུས་པའི་རྩ་རྒྱུད་ཀྱི་བཤད་པ་སྨྲ་བ་དང་ཕྲད་པ་ཤིན་ཏུ་རྙེད་པར་དཀའ། །འོ། བཤད་པ་སྨྲ་བ་ཇི་ལྟ་བུ་ཞེ་ན། འདི་ལྟར་བཤད་རྒྱུད་ལས་དྲངས་ཏེ་རྒྱན་བདུན་གྱི་སྒོ་ནས་བཤད་པ་འདི་ནི། །རྒྱན་བདུན་གྱི་བཤད་པ་དེ་ཡང་རྣལ་འབྱོར་གྱི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་གཞན་རྣལ་འབྱོར་མའི་རྒྱུད་ན་ས་དེ་ལྟར་བཤད་པ་མིན། །པས་ཕ་རྒྱུད་ནས་དེ་རྣམས་ཤེས་དགོས་སོ་ཞེས་པ་ནི་འབྱུང་འདི་ལ་བརྟེན་ནས་བཤད་པའོ། །ཡང་ན་པ་ཚབ་ཀྱིས། འདི་ཉིད་ཀྱིས་ནི་རྣལ་འབྱོར་རྒྱུད། བཤད་ཀྱིས་རྣམ་པ་གཞན་དུ་


JLD004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མིན། ཞེས་བསྒྱུར་ལ། ཆགས་ཀྱང་དེ་དང་མཐུན་ནོ། །དེའི་ལྟར་ན་ཤིན་ཏུ་མི་གསལ་བའི་རྣལ་འབྱོར་བླ་མེད་ཀྱི་རྩ་བའི་རྒྱུད་རྣམས་རྒྱན་བདུན་གྱི་བཤད་པ་འདི་ཁོ་ན་ཉིད་ཀྱིས་བཤད་པའི་རྒྱན་བདུན་གྱི་བཤད་པ་ལས་རྣམ་པ་གཞན་དུ་བཤད་པར་བྱ་བ་མ་ཡིན་ནོ་ཞེས་པའོ། ༈ །བཤད་པའི་རྒྱུད་རང་སྦྱར་ཏེ་བཤད་དགོས་པ་དེ་དེ་ཕྱིར་བླ་མ་རྡོ་རྗེ་ནི། །གླིང་བཞི་རིམ་པ་སྦྱོར་ཉིད་ཀྱིས། བཤད་པའི་རྒྱུད་ལ་མཁས་པ་ལས། །འབད་དེ་རྣལ་འབྱོར་རྒྱུད་རྣམས་གཟུང༌། ཞེས་:པ་ཚབ:བསྒྱུར་ལ་ཐུགས་རྗེ་ཞབས་དང་སྐལ་ལྡན་གྲགས་པས་ཀྱང་མཁས་པ་ལས་ཞེས་པའི་དོན་དུ་བཤད་དོ། །བས་ན་རྡོ་རྗེ་སློབ་དཔོན་གྱིས། །ནི། རྒྱུད་ཀྱིས་གླེང་གཞི་ནས་བཟུང་སྟེ་རིམ་པ་བཞིན་དུ་རྩ་རྒྱུད་དང་བཤད་རྒྱུད་འི་སྦྱོར་བ་ཉིད་ཀྱི་ར་བཅས། །༢བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང་རྡོ་རྗེ་ཕྲེང་བ་སོགས་ལ་མཁས་པ་ལ་བརྟན་ནས་ཡིས་། །འབད་པ་ཆེན་པོ་བསྐྱེད་དེ་འདུས་པ་སོགས་ཀྱི་རྣལ་འབྱོར་གྱི་རྒྱུད་རྣམས་གཟུང་བར་བྱའོ་ངོ་༌། ༈ །རྒྱན་རྣམ་པ་བདུན་བཤད་པའི་རིགས་པའི་དོན་སྐལ་ལྡན་གྲགས་པས་རྫོགས་པ་ལ་བཤད། ཐུགས་རྗེ་ཞབས་ཀྱིས་རིམ་པ་ལ་བཤད་ཀྱང༌། རིགས་པའི་སྐད་དོད་ཚུལ་ལ་ཡང་འཇུག་པས། པ་ཚབ་ཀྱིས་ཚུལ་དུ་བསྒྱུར་བ་བདེ། ༈ །དེ་ལྟར་རྒྱུད་སྤྱིའི་དོན་དུ་ཞིག་ཏུ་འདུ་བ་དང་རྒྱུད་ཀྱི་ཆེ་བ་དང་རྒྱུད་བཤད་ཐབས་ཀྱི་མན་ངག་བསྟན་ནས་ད་ནི་རྩ་རྒྱུད་ལེའུ་བཅུ་བདུན་གྱི་ལེའུ་རེ་རེས་དོན་འདི་སྟོན་ཞེས་པའི་ལེའུ་རྣམས་ཀྱི་བསྡུས་པའི་དོན་བཤད་པར་བྱ་སྟེ། །རྒྱུད་ཕྱི་མ་དང་དགོངས་པ་ལུང་སྟོན་གྱིས་ལེའུ་འདིས་དོན་འདི་སྟོན་ཞེས་པའི་བསྡུས་དོན་མི་འདྲ་བ་གཉིས་བསྟན་པ་ལ། འདིར་གསུངས་པ་ནི་ཕྱི་མ་ལ་བརྟེན་པའོ། ༈ །ལེའུ་རེ་རེའི་བསྡུས་དོན་སྟོན་པ་


JLD004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཏེ་དེའི་ནང་ནས་ལེའུ་དང་པོ་ལས་ནི་སྔོནཅ་བྱུང་ལ་ཀྱཻ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པོ་ང་། ཞེས་གསུངས་པ་ལྟར། བརྗོད་པ ར་བྱེད་པའི་ཆོས་དང་བརྗོད་པར་བྱ་བའི་དོན་དཀྱིལ་འཁོར་གཉིས་ལ་སོགས་པ་སྟོན་པའི་བདག་ཉིད་ཡིན་པ་ལྟར་རྗེས་འཇུག་གིས་ཀྱང་དེ་ལྟར་མོས་དགོས་པའི་ཕྱིར་རོ། །དྲིལ་བུ་ཞབས་ཀྱིས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། རྡོ་རྗེ་འཆང་གིས་གསུངས་པ་སྟེ། ཅེས་གསུངས་པ་ལྟར། དབང་ལ་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་པས། དཀྱིལ་འཁོར་ཇི་ལྟ་བུ་ཞིག་ཏུ་དབང་བསྐུར་སྙམ་ན་དྲུག་པ་རྡོ་རྗེ་འཆང་རྡོ་རྗེ་འཆང་ཆེན་པོས་སྤྲུལ་ཞེས་འགྱུར་གསར་གཉིས་ལས་འབྱུང་ཡང་ཆེན་པོའི་སྤྲུལ་པ་ཞེས་པ་ལེགས་སོ། །ཆེན་པོའི་སྐུའི་ཆ་ཤས་རྣམས་རྟེན་བརྟེན་པར་དངོས་སུ་སྤྲུལ་པ འམ། དེར་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་དུ། ། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི། གང་གལ་བསྟན་ན་རེམ་པ་དེ་གཉིས་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་འོ་ཉན་པའི་སྐལ་བ་དང་ལྡན་པར་ཐབས་གང་གིས་བྱེད་ན་རིག་པའི་དབང་བསྐུར་བ་བྱིན་ནས་སྐལ་བ་དང་ལྡན་པར་བྱེད་ཆུ་དབང་ལ་སོགས་པ་ལྔ་ལ་ནི་རིག་པ་ཡེ་ཤེས་ལྔ་བསྐྱེད་པའི་ནུས་པ་འཇོག་པ་དང༌། སྤྱན་ལ་སོགས་པའི་རིག་པའམ་རིག་མས་ཐོགས་པའི་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བར་མོས་དགོས་པས་རིག་པའི་དབང་ངོ༌། །རྡོ་རྗེ་སློབ་དཔོན་གྱི་དབང་དངོས་ཀྱང་རིག་མ་དང་འཁྱུད་པ་ལས་འཐོབ་ཅིང་གསང་དབང་ཡང་སློབ་དཔོན་དང་རིག་མ་སྦྱར་བའི་རྫས་མྱངས་པས་འཐོབ་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་རང་དང་རིག་མ་སྙོམས་པར་ཞུགས་པ་ལས་འཐོབ་པ་དང༌། དབང་བཞི་པ་ཡང་དེ་ཉིད་དཔེར་བྱས་ནས་བསྟན་པ་ལས་འཐོབ་པས་རིག་པའམ་རིག་མའི་དབང་ཞེས་བྱའོ། །དོ། །དྲང་ཁབའི་


JLD004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱིས་དབྱེ་བས་དང༌་། ངེས་པའི་དོན་གྱི་བྱེ་བྲག་གིས་བློས་གསར་དུ་བརྟགས་པ་བཅོས་མའི་རིམ་པ་དང༌། བློས་གསར་དུ་མ་བརྟགས་ཕ་མ་བཅོས་པའི་རྫོགས་པའི་རིམ་པའི་བསྒྲུབ་པའི་ཐབས་གཉིས་ས་སོ་ཀསོར་སྟོན་ནོ། ཞེས་སྤྲེལ་ལོ། །གང་ན་ཞིང་། འོག་ཆནས་བཤད་པའི་ལེའུ་གཉིས་པ་ནས་བཅུ་བདུན་པའི་བར་ལེའུ་བཅུ་དྲུག་པོའི་དོན་རྣམས་ཀྱང༌། ༼ཁ༽དེ་ལྟར་གསུངས་པའི་དོན་གཞན་དག་ཀྱང་རིམ་གཉིས་ཡན་ལག་དང་བཅས་པ་འདི་ཉིད་ལ་བརྟེན་ནས་རྙེད་པ་ཡིན་པ ས་རིམ་གཉིས་སུ་མི་འདུ་བའི་སྐྱོན་མེད་དོ། །རིམ་༼ཀ༽གཉིས་ཀྱི་ལྷའི་རྣལ་འབྱོར་གཉིས་པ་ཉིད་ལ་འཇུག་ཅིང་གནས་པས་ལེའུ་དག་པོའི་དོན་རིམ་གཉིས་དེ་ཉིད་རྒྱས་པར་འཆད་པའོ། །འོ་ན་རིམ་གཉིས་དངོས་མིན་པའི་དོན་གཞན་མང་པོ་ཞིག་དེ་དག་གིས་བཤད་སྣང་བ་ཇི་ལྟར་ཡིན་སྙམ་ན་སྟེ་༼ག༽དགོངས་པ་ལུང་སྟོན་ལས། དེ་ཚེ་ཕྱུང་བ་གསོལ་བ་ཡིས། གསང་སྔགས་གསུངས་པ་དང་པོ་ཉིད། ཅེས་ལེའུ་དང་པོས་འདུས་པ་ཉན་པའི་འཁོར་འདུས་པའི་ཚེ་རྒྱུད་སྟོན་པར་གསོལ་བ་བཏབ་པའི་དོན་དུ། དབང་བསྐུར་བའི་དཀྱིལ་འཁོར་གྱི་ལྷ་བཅུ་གསུམ་ཕྱུང་བའི་འབྱིན་པའི་གསང་སྔགས་གསུངས་པར་བཤད་དེ། དཀྱིལ་འཁོར་དུ་ཞེས་པའི་དོན་ཕྱོགས་གཅིག་གསུངས་པའོ། །རྒྱུད་ཀྱི་བརྗོད་བྱ་རིམ་གཉིས་སུ་འདུ་བའི་དོན་འདི་ཉིད་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བཙུན་མོ་དང་མཉམ་པར་སྦྱོར་བའི་རྣམ་པ་ཅན་གྱི་རྡོར་སེམས་ནི་སངས་རྒྱས་ཀུན་གྱི་བདག་ཉིད་ཡིན་པས། སངས་རྒྱས་རྣམས་ཀྱིས་ཞེས་མང་ཚིག་སྨོས་སོ། །སྟོན་པ་དེས། ཆོས་བསྟན་པའི། རྒྱུད་ཀྱི་བརྗོད་བྱ་ནི། རིམ་པ་གཉིས་ལ་ཡང་དག་པར་གནས། །པ་སྟེ་གཉིས་སུ་འདུའོ། །དེ་གང་ན། བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་


JLD004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཉིད་དོ། ཞེས་གསུངས་སོ། །འདུས་པའི་རྒྱུད་ལ་ལེའུ་བཅོ་བརྒྱད་ཡོད་པའི་དང་པོས་རིམ་གཉིས་ཀྱི་བསྙེན་བསྒྲུབ་བཞི་མདོར་བསྟན། དེ་ནས་བཅུ་དྲུག་གིས་བསྙེན་བསྒྲུབ་པ་བཞི་པོ་དེ་རྒྱས་པར་བཤད། བཅོ་བརྒྱད་པས་དེ་ཐམས་ཅད་ཀྱི་གསང་བའི་མན་ངག་སྟོན་ནོ། ཞེས་ནཱ་རོ་པས་བཤད་དོ། །འདིར་ལེའུ་དང་པོས་འདི་སྟོན་ནི་དོན་སྣ་ཚང་བར་བསྟན་ནོ། ༈ །ལེའུ་དང་པོའི་དོན་ལེའུ་བཅུ་དྲུག་གིས་སྟོན་པ་དེ་ལ་ལེའུ་གཉིས་པ་ལས་ནི་ལེའུ་དང་པོར་བཤད་པའི་རིམ་པ་ཐ་མ་གསུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་ཏེ།འབའ་ཞིག་གིས་ནི་ལེའུ་དེར་རྫོགས་རིམ་མིན་པ་བསྟན་པ་གཅོད་པ་མིན་ཏེ། སེམས་ལུས་ལྟ་བུ་དང་ཞེས་སོགས་ཀྱི་དྲང་དོན་གྱི་བཤད་པས་བསྐྱེད་རིམ་བསྟན་ཞིང༌། རྡོ་རྗེ་འཆང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཡིག་སྤྱི་གཉིས་བསྐྱེད་རིམ་པ་དང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེས་ན་རྫོགས་རིམ་ཉིད་གཙོ་བོར་སྟོན་པའི་དོན་དུ་བྱའོ། །ལུང་སྟོན་ལས་ཀྱང༌། ཐུབ་ཆེན་བྱང་ཆུབ་སེམས་ཚུལ་དུ། །མཛད་པ་གཉིས་པ་ཡིན་པར་བཤད། ཅེས་ལེའུ་གཉིས་པས་ཐུབ་པ་ཆེན་པོ་དྲུག་གི་རིམ་པ་ཐ་མ་གསུམ་གྱི་བྱང་ཆུབ་ཀྱི་སེམས་འཆད་ཚུལ་དྲུག་གི་ཚུལ་དུ་བཤད་པར་མཛད་པར་གསུངས་ཏེ། དེ་ལ་ཆེ་བརྗོད་མཛད་པས་ཀྱང་འོད་ཟུང་གི་དོན་ཉིད་བསྟན་ནོ། ༈ །ལེའུ་གསུམ་པ་ལས་ནི་ཡོངས་སུ་དག་པའི་རྫོགས་རིམ་པའི་ལྷའི་རྣལ་འབྱོར་ཡེ་ཤེས་ཀྱི་སྐུ་གསལ་བར་བྱེད་དོ། །ཞེས་པ་ནི་ལེའུ་འདིའི་དོན་གྱི་ཕྱོག་གཅིག་སྨོས་པ་ཡིན་གྱི། སྔགས་དང་ཡེ་ཤེས་ཀྱི་སྐུ་གཉིས་ཀ་དག་པའི་སྒྲས་འཛིན་པར་འདོད་པ་ལྟར་མིན་ནོ། །དེ་ལ་ལེའུ་དང་པོར་བསྡུས་དོན་དོན་སྣ་ཚང་བ་གཅིག་བསྟན་པ་ནི་ལེའུ་གཞན་ལའང་མཚུངས་པས་དེ་ལྟར་བཤད་ན། ལེའུ་དང་པོའི་དོན་བཤད་པར་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་བསྟན་ཀྱང༌། གཙོ་བོ་དྲུག་འཕོ་ཚུལ་དང་རིམ་


JLD004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པོའི་ཕྲ་མོ་སྒོམ་པ་མ་བསྟན་ཅིང༌། རྡོར་བཟླས་ཀྱང་གཞི་བཏིང་བ་ཙམ་ལས་མེད་པས། འདིར་གཙོ་བོ་དྲུག་གི་འཕོ་ཚུལ་དང༌། རིགས་ལྔ་མངོན་བྱང་རྣམས་ལས་བསྐྱེད་ཚུལ་དང༌། རིམ་པ་དང་པོའི་སྟེང་འོག་གི་ཕྲ་མོ་གཉིས་བསྒོམ་པ་བཤད་ལ། ཡང་དེ་རྣམས་སྟོན་པའི་གཞུང་ངེས་དོན་དང༌། ཕྲ་མོའི་དོན་མཐར་ཐུག་གི་དོན་དུ་བཤད་པས། སྒྱུ་ལུས་འོད་གསལ་དུ་འཇུག་ཚུལ་དང༌། དེ་ལས་ཟུང་འཇུག་ལོངས་སྤྲུལ་དུ་ལྡང་ཚུལ་སྔར་ལེའུ་དང་པོར་བཤད་པ་གསལ་བར་བྱས་ཤིང༌། རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་རྡོར་བཟླས་ཤིན་ཏུ་གསལ་བར་བསྟན་ནོ། །དེས་ན་ལུང་སྟོན་ལས་ཀྱང༌། རྣམ་ལྔ་མངོན་པར་བྱང་ཆུབ་པའི། །ཕྲ་མོའི་རྣལ་འབྱོར་གསུམ་པ་ཡིན། ཞེས་ལེའུ་གསུམ་པས་མངོན་བྱང་ལྔ་ལས་ལྷའི་སྐུ་བསྐྱེད་པ་དང༌། ཕྲ་མོའི་རྣལ་འབྱོར་སྟོན་པར་གསུངས་ཏེ། དོན་ཚན་དེ་གཉིས་ལ་རིམ་གཉིས་ཀྱི་ཆ་ནས་བཤད་ན་སྔར་ལྟར་འགྱུར་རོ། ༈ །ལེའུ་བཞི་པ་ལས་ནི་ལེའུ་དང་པོར་དབང་བསྐུར་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟན་པ་བཤད་པའི་ཕྱིར་དུ་དབང་བསྐུར་པའི་དཀྱིལ་འཁོར་སྟོན་ཏེ།ལུང་སྟོན་ལས་ཀྱང༌། དབང་བསྐུར་བ་ནི་རྣམ་པ་བཞི། །གཟུངས་ཀྱི་དཀྱིལ་འཁོར་ཉིད་བཞི་པ། ཞེས་ལེའུ་བཞི་པས་གང་ལ་བརྟེན་ནས་དབང་བཞི་བསྐུར་པའི་གཟུངས་དཀྱིལ་བསྟན་པར་གསུངས་སོ། །གཟུངས་དཀྱིལ་ནི་ལེའུ་འདིར་ཕྱག་མཚན་བཅུ་གསུམ་བཀོད་པའི་དཀྱིལ་འཁོར་བསྟན་པ་ལ་བྱ་སྟེ། དེ་ཉིད་བསྡུས་པ་ལས། གཟུངས་ཀྱི་དཀྱིལ་འཁོར་ཕྱག་མཚན་གྱི་དཀྱིལ་འཁོར་ལ་བཤད་པ་བཞིན་ནོ། །དཀྱིལ་འཁོར་བྲིས་ཏེ་ཕྱག་མཚན་དགོད་པ་དང༌། དཀྱིལ་འཁོར་མཆོད་པ་གཉིས་ལ་དྲང་ངེས་ཀྱི་བཤད་པ་གཉིས་ཀྱིས་བཤད་དོ། ༈ །ལེའུ་ལྔ་པ་ལས་ནི་གླེང་གཞི་སྦས་བཤད་ཀྱི་སྐབས་


JLD004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྤྱོད་པ་གསུངས་པ་གསལ་བར་བྱ་བའི་ཕྱིར་དུ་རྣལ་འབྱོར་ལ་བོགས་འབྱིན་པའི་གྱི་སྤྱོད་པ་གསུངས་ཏེ་དེར་མ་ཟད་རྒྱུད་ཀྱི་ཆེ་བ་དང་སྲོག་གཅོད་སོགས་ཀྱི་དགོངས་པའི་དོན་གྱི་བསླབ་པའི་གཞི་རྣམས་དང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དྲང་ངེས་གཉིས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ཚུལ་དང༌། སྲོག་གཅོད་སོགས་ཀྱི་དགོངས་གསུངས་ལ་དོགས་པ་བསལ་བ་དང༌། རྡོ་རྗེ་འཆང་ལ་རིགས་ལྔའི་སྒོ་ནས་བསྟོད་པ་རྣམས་གསུངས་སོ། །ལུང་སྟོན་ལས་ཀྱང༌། བསྲུང་བའི་བསླབ་གཞི་རྣམ་བཞི་དང༌། །སྤྱོད་པའང་འདིར་ནི་ལྔ་པ་སྟེ། ཞེས་ལེའུ་ལྔ་པས་དགོངས་གསུངས་ཀྱི་བསླབ་གཞི་བཞི་དང་ལས་དང་ཡེ་རྒྱ་ལ་བརྟེན་པའི་སྤྱོད་པ་བསྟན་པར་གསུངས་སོ། ༈ །ལེའུ་དྲུག་པ་ལས་ནི་རིམ་པ་གཉིས་ཀྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་གསུངས་ཏེ་གཞན་ཡང་མཆོད་པའི་ཆོ་ག་དང༌། རྫོགས་རིམ་གྱི་ལམ་རིམ་པ་དྲུག་དང༌། རིམ་གཉིས་ཀྱི་ཕྲ་མོའི་རྣལ་འབྱོར་དང་སྤྱོད་པའི་ཆོ་ག་རྣམས་བསྟན་ནོ། །ལུང་སྟོན་ལས་ཀྱང༌། དྲུག་པ་རང་སངས་རྒྱས་ཉིད་ཀྱི། ཏིང་འཛིན་ཕྲ་མོའི་རྣལ་འབྱོར་རོ། ཞེས་ལེའུ་དྲུག་པས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་དང་ཕྲ་མོའི་རྣལ་འབྱོར་སྟོན་པར་གསུངས་སོ། ༈ །ལེའུ་བདུན་པ་ལས་ནི་ལེའུ་ལྔ་པ་དང་དྲུག་པ་ལས་བཤད་པའི་སྤྱོད་པ་སྤྲོས་ནས་ཏེ་རྒྱས་པར་བསྟན་ཏེ་གཞན་ཡང་སྤྱོད་པའི་སྐབས་སུ་འདོད་ཡོན་ལ་ཇི་ལྟར་འདོད་པར་བསྟེན་པ་ཕན་ཡོན་དང་བཅས་པ་དང༌། སྤྱོད་པ་གསུམ་གྱི་སྐབས་ཀྱི་བསྒོམ་བསམ་གསུམ་དང༌། ལུས་དབེན་སོགས་ཀྱི་རྗེས་སུ་དྲན་པ་དྲུག་དང༌། རིམ་གཉིས་ཐུན་མོང་གི་ཕྱག་རྒྱ་དང༌། སྙིམས་པར་འཇུག་པའི་ཆོ་ག་དང༌། རྗེས་དྲན་བཅུ་དྲུག་དང་དེའི་ཕནཡོན་རྣམས་བསྟན་ནོ། །ལུང་སྟོན་ལས་ཀྱང༌། བདུན་པ་དེ་ཉིད་མཆོད་པར་བཤད། །སོ་སོའི་དབང་དུ་གཙོ་བོས་


JLD004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཅེས་ལེའུ་བདུན་པས་སྤྱོད་པ་གསུམ་སོ་སོའི་དབང་དུ་མཛད་ནས་འདོད་ཡོན་ལ་སྤྱད་པས་དེ་ཁོ་ན་ཉིད་ཀྱི་མཆད་པ་བྱེད་པ་སྟོན་པར་གསུངས་སོ་ཏོ་། ༈ །ལེའུ་བརྒྱད་པ་ལས་ནི་གསང་བའི་དབང་བསྐུར་བ་གསུངས་པའི་རིམ་པ་ནི་རྫོགས་རིམ་པའི་མཆོད་པ་དང༌། བསྐྱེད་རིམ་པའི་མཆོད་པ་དང༌། དེ་གཉིས་ཀའི་ཐུན་མོང་གི་མཆོད་པ་དང༌། དེ་ནས་བླ་མའི་བྱ་བ་གསང་དབང་བསྐུར་བའི་དཀྱིལ་འཁོར་གཉིས་བྱ་བ་དང༌། སློབ་མའི་བྱ་བ་ལྷ་དང་བླ་མ་ལ་མཆོད་པ་དང༌། གསང་དབང་བསྐུར་བ་དངོས་ཕན་ཡོན་དང་བཅས་པ་བསྟན་ནོ། །ལུང་སྟོན་ལས་ཀྱང༌། ཕྱག་རྒྱས་དབང་བསྐུར་བརྒྱད་པར་བསྟན། ཞེས་བརྒྱད་པས་ཕྱག་རྒྱ་དང༌། སྙོམས་པར་ཞུགས་པ་ལ་བརྟེན་ནས་བསང་བའི་རྫས་ཀྱི་དབང་བསྐུར་བ་བསྟན་པར་གསུངས་སོ། ༈ །ལེའུ་དགུ་པ་ལས་ནི་སྲོག་གཅོད་སོགས་བྱས་པ་ལས་བྱང་ཆུབ་ཐོབ་པ། རྨད་དུ་བྱུང་བའི་དེ་ན་ལུང་བསྟན་པ་སྟེ་བརྡ་སྤྲོད་པ་ལ་དྲང་ངེས་གཉིས་གསུངས་སོ། །དེ་ནས་དོན་དེ་ལ་མ་འོངས་པའི་གདུལ་བྱ་དབང་པོ་དམན་པ་ལ་ལྟོས་པའི་དོགས་པ་བསལ་བ་དང༌། །དེ་ནས་སྔགས་ཀྱི་སྤྱོད་པ་བདེན་གཉིས་ཀྱི་སྒོ་ནས་མཆོག་ཏུ་སྒྲུབ་པ་དང༌། དེ་ནས་ངོ་མཚར་བའི་བསྟོད་པ་གསུངས་སོ། །ལུང་སྟོན་ལས་ཀྱང༌། དམ་ཚིག་བཞི་པོ་དགུ་པ་ཡིན། ཞེས་དགུ་པས་སྲོག་གཅོད་དང༌། མ་བྱིནལེན་དང། འདོད་པ་ལ་སྤྱོད་པ་དང༌། རྫུན་དུ་སྨྲ་བ་བཞིའི་དམ་ཚིག་སྟོན་པར་གསུངས་ཏེ། ངག་རྩུབ་མོ་སྨྲ་བ་ཡང་ཡོད་དོ། ༈ །ལེའུ་བཅུ་པ་ལས་ནི་སྔགས་ལ་གཞོལ་བ་དང་རྫོགས་རིམ་པ་གཉིས་ཀྱི་མ་བྱིན་པར་འདོད་པའི་དངོས་གྲུབ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་མངོན་དུ་བྱ་བའི་ཕྱིར་དུ །ཕྱི


JLD004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འི་བདག་ཉིད་ཅན་བསྐྱེད་རིམ་པ་དང་ནང་གི་བདག་ཉིད་ཅན་གྱི་རྫོགས་རིམ་པའི་ལྷའི་སྙིང་པོ་གཉིས་བསྐུལ་བ་གསུངས་སོ། །ལུང་སྟོན་ལས་ཀྱང༌། རྣམ་པ་བཅུར་ཕྱེ་ཡང་དག་རྟོག །བཟླས་པའི་སྔགས་ཀྱང་གསུངས་པ་ཡིན། ཞེས་བཅུ་པས་སྤྱོད་པ་ལ་བརྟེན་ནས། ཡང་དག་པ་འོད་གསལ་ལ་རྟོག་པ་སྟེ་དེར་འཇུག་པར་བྱེད་པ་དང༌། ཡི་གེ་གསུམ་གྱི་བཟླས་པའོ་སྔགས་ཀྱང་གསུངས་པར་བཤད་དེ། དང་པོ་ནི། རྫོགས་རིམ་པའི་དང༌། གཉིས་པ་ནི། བསྐྱེད་རིམ་པའི་སྙིང་པོ་བསྐུལ་ཐབས་སོ། ༈ །ལེའུ་བཅུ་གཅིག་པ་ལས་ནི་རིགས་དྲུག་གིས་སྔགས་ཀྱི་སྐུ་བསྐྱེད་པའི་དྲན་པ་གཅིག་པ་དྲུག་དང་འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་དང་རིམ་གཉིས་སོ་སོ་ལ་བརྟན་པའི་མངོན་ཤེས་ལྔ་བསྒྲུབ་པ་དང༌། རིགས་གསུམ་གྱི་སེམས་དཔའ་གསུམ་བརྩེགས་བསྒོམ་ནས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པ་སྟོན་ཏོ། །ལུང་སྟོན་ལས་ཀྱང༌། བཅུ་གཅིག་མིང་དུ་བྱུང་བ་ནི། ཕྱག་རྒྱ་གཅིག་པར་བཤད་དཀྱིལ་འཁོར། ཞེས་བཅུ་གཅིག་པས་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བཤད་ཅེས་གསུངས་ཏེ། དང་པོ་སྦྱོར་བའི་སྐབས་སུ་མངོན་བྱང་ལྔ་ལས། གཞལ་ཡས་ཁང་གི་དབུས་སུ་རིགས་དྲུག་བསྐྱེད་པར་གསུངས་པ་ལ། སྔོན་དུ་ལྷག་མོས་བསྒོམ་པ་ཡོད་ཀྱང་གཞལ་ཡས་ཁང་ལ་བཞུགས་པའི་ལྷ་གཅིག་ལས་མེད་པས། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་གསུངས་སོ། ༈ །ལེའུ་བཅུ་གཉིས་པ་ལས་ནི་སྒྱུ་མའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་ཐིམ་པ་དང་བསྐྱེད་རིམ་པས་ཕྱི་རོལ་གྱི་རྫས་ཀྱི་འཁོར་ལོ་སོགས་ཀྱི་ཕྱག་མཚན་ལ་བརྟེན་ནས་དང༌། སྔགས་ཀྱི་རི་ལུ་ལ་བརྟེན་ནས་དང༌། ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་རིག་འཛིན་སྒྲུབ་པ་དང༌། སྐྱེ་བོ་སྐལ་ལྡན་སོགས་དགུག་པ་དང༌། ལས་ཀྱི་དབྱེ་བས་ཤ་ལྔ་


JLD004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཤང་གཅི་ལ་ལོངས་སྤྱོད་པའི་ཚུལ་དང། ལྷ་རྣམས་ཚིམ་པར་བྱ་བའི་ཆོ་ག་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་ཚུལ་ཕན་ཡོན་དང་བཅས་པ་དང༌། ཐུན་མོང་གི་བསྙེན་པ་རྡོ་རྗེ་བཞི་དང། མཆོག་གི་བསྙེན་པ་ཡན་ལག་དྲུག་དང༌། བསྙེན་པ་གཉིས་མདོར་བསྡུས་ནས་དངོས་གྲུབ་འགྲུབ་པའི་དུས་ཀྱི་ངེས་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརློབ་པའི་གསོལ་བ་གདབ་པ་རྣམས། གསུངས་སོ། །ལུང་སྟོན་ལས་ཀྱང༌། བཅུ་གཉིས་པར་ནི་བདག་ཉིད་སྐུ། །ཉན་ཐོས་བྱང་ཆུབ་སྟོན་པར་མཛད། །དེ་བཞིན་རིགས་པ་སྤྱོད་གྲུབ་པ། ཞེས་བཅུ་གཉིས་པས་བདག་ཉིད་ཀྱི་སྐུ་ཉན་ཐོས་ཀྱི་བྱང་ཆུབ་དང་འདྲ་བར་ཞི་བའི་དབྱིངས་སུ་འཇུག་པ་སྟོན་པར་མཛད་པ་དང༌། རིག་འཛིན་བསྒྲུབ་པ་དང༌། ལས་སྒྲུབ་དུས་ཁ་ཟས་ལ་སྤྱོད་ཚུལ་དང༌། གྲུབ་པ་མཆོག་བསྒྲུབ་ཚུལ་སྟོན་པར་གསུངས་སོ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ཞེས་འགོས་འགྱུར་འགའ་ཞིག་དང༌། འགྱུར་གསར་གཉིས་དང༌། འགྲེལ་བཤད་གཉིས་ལས་འབྱུང༌། འགོས་འགྱུར་ཁ་ཅིག་ལས་ཡོངས་སུ་ཐིམ་པ་ཞེས་འབྱུང་བ་ནི་ཕྱི་མ་ལེགས་ཏེ། ཉན་ཐོས་བྱང་ཆུབ་སྟོན་པར་མཛད། ཅེས་གསུངས་པ་དང་མཐུན་ཅིང༌། བཅུ་གཉིས་པའི་འཇམ་དཔལ་གྱི་ཏིང་ངེ་འཛིན་གྱི་སྐབས་དང་མཐུན་པའི་ཕྱིར་རོ། ༈ །ལེའུ་བཅུ་གསུམ་པ་ལས་ནི་རྡོ་རྗེ་འཆང་གི་བཟླས་པ་དང་རིམ་གཉིས་ཀྱི་མཆོད་པ་དང༌། སྐུ་གསུང་ཐུགས་དང་རིན་པོ་ཆེ་དང། ཐོགས་མེད་བཟླས་པ་དང༌། ཁྲོ་བོའི་བཟླས་པ་དང༌། གཏི་མུག་སོགས་གསུམ་གྱི་བཟླས་པ་དང༌། མ་ནིང་གི་བཟླས་པ་དང༌། བུད་མེད་ཀྱིས་ཀྱང་ཚེ་གཅིག་གིས་བྱང་ཆུབ་འགྲུབ་པ་སོགས་དང༌། ནང་ལ་གཞོལ་བའི་བསྐྱེད་རིམ་པའི་ལས་ཚོགས་མདོར་བསྟན་པ་དང༌། རྫོགས་རིམ་པའི་ལས་ཚོགས་རྒྱས་པར་བཤད་པ་དང༌། རིམ་པ་གཉིས་ཀྱི་ལྷ་བསྐྱེད་ཚུལ་རྣམས་གསུངས་སོ། །ལུང་སྟོན་ལས། མངོནཤེས་


JLD004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི་བཅུ་གསུམ་པ། ཞེས་གསུངས་པ་ནི། རྒྱ་དཔེ་མ་དག་པར་འཆད་དེ། འདིའི་འགྱུར་ལ། རྒྱ་དཔེ་དག་པ་ལས་བསྒྱུར་བ་མང་དུ་སྣང་ངོ་དང་། ༈ །བཅུ་བཞི་པ་ལས་ནི་སྔགས་ལ་གཞོལ་བས་ཕྲེང་སྔགས་བཅུ་གསུམ་གྱི་སྒོ་ནས་ལས་སྒྲུབ་པ་དང༌། ནང་ལ་གཞོལ་བས་བྱ་བའི་དགུག་པའི་ལས་དྲུག་དང༌། རལ་གཅིག་མས་ཀླུའི་བུ་མོ། །ཁྲོ་གཉེར་ཅན་གྱིས་རིག་འཛིན་གྱི་བུ་མོ་དགུག་པ་དང༌། དྲག་ལས་དང་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཕུར་བུས་གདབ་པའི་ལས་ཀྱི་ཚོགས་རྣམས་གསུངས་སོ། །ལུང་སྟོན་ལས་ཀྱང༌། བཅུ་དང་བཞི་པར་བཞི་པ་དང༌། །ཕྲེང་སྔགས་བླ་མ་སྟོན་པར་མཛད། ཅེས་བཅུ་བཞི་པས་ཕྲེང་སྔགས་བླ་མ་སྟེ། མཆོག་ལ་བསྟན་པ་དང༌། དེ་ལ་མ་བསྟེན་པའི་སྒོ་ནས་ལས་བཞི་སྒྲུབ་པ་སྟོན་པར་གསུངས་སོ། ༈ །ལེའུ་བཅོ་ལྔ་པ་ལས་ནི་བསྐྱེད་རིམ་པའི་སྤྲོས་མེད་ཀྱི་སྤྱོད་པ་རང་གི་རིགས་ངེས་པའི་ཕྱག་རྒྱ་གཅིག་ལ་བརྟེན་པ་དང༌། རྫོགས་རིམ་པས་རིགས་མ་ངེས་པ་ཕྱག་རྒྱ་བཞི་གང་རུང་གཅིག་དང༌། སྤྲོས་མེད་ཀྱི་སྤྱོད་པ་བྱས་པས་མཆོག་བསྒྲུབ་པ་དང༌། བསྐྱེད་རིམ་པའི་ཐུན་མོང་གི་སྒྲུབ་པ་དྲག་པོའི་ལས་དང༌། རྫོགས་རིམ་པའི་སྤྲོས་མེད་འབྲིང་བསྡུས་ཀྱི་སྤྱོད་པ་དང༌། རི་ལུའི་སྦྱོར་བ་བཅུ་དང༌། རྫོགས་རིམ་པས་ལས་བསྒྲུབ་པ་དང༌། རིགས་ཀྱི་དབྱེ་བས་ལྷ་དབང་བསྐུར་བ་དང༌། གནད་ལ་དབབ་པའི་ཆོ་ག་དང༌། གདུག་པ་འདུལ་བའི་དྲག་ལས་དང༌། དུག་དང༌། ནད་གསོ་བ་རྣམས་བསྟན་པའི་འོག་ཏུ་ཁདེ་བཤད་པ་ན་དངོས་གྲུབ་གཉིས་པོ་ཐམས་ཅད་ནི་ཡིན་ལུགས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དུའོ། །ཀསྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསུངས་སོ། །ག ལུང་སྟོན་ལས་ཀྱང༌། ཕྱོགས་དང་སྐྱབས་སེང་ཉིད་གྱུར་པ། །དངོས་གྲུབ་དཀྱིལ་འཁོར་བླ་མེད་པའོ། ཞེས་གསུངས་ཏེ་ཕྱོགས་ནི་བཅུ་འོ། །སྐྱབས་


JLD004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ནི་དེའི་བུ་ལྔ་སྟེ་བཅོ་ལྔ་པས་དངོས་གྲུབ་བསྒྲུབ་པ་དང༌། དཀྱིལ་འཁོར་དང་བླ་ན་མེད་པ་སྟོན་པར་གསུངས་སོ། །དེ་ལ་དངོས་གྲུབ་ནི་ཐུན་མོང་གི་དངོས་གྲུབ་པོ། །དཀྱིལ་འཁོར་ནི་སྤྱོད་པའི་སྐབས་སུ་དཀྱིལ་འཁོར་བྱ་བར་གསུངས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །བླ་ན་མེད་པ་ནི་རྫོགས་རིམ་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། སྤྱོད་པ་ལ་བརྟན་ནས་མཆོག་བསྒྲུབ་པར་གསུངས་སོ། ༈ །ལེའུ་བཅུ་དྲུག་པ་ལས་ནི་སྔར་ལེའུ་བཞི་པ་ལས་དཀྱིལ་འཁོར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་ཞེས་པ་ནི་སྐུ་དང་གསུང་གི་དཀྱིལ་འཁོར་བྲི་ཚུལ་དང༌། ལྷ་ལྷག་མ་རྣམས་གཙོ་བོར་སོང་བའི་དཀྱིལ་འཁོར་དང༌། དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་གྱི་ལས་སུ་བྱ་བ་དང༌། སློབ་མ་གཞག་ཅིང་དབང་བསྐུར་བ་སོགས་ཡིན་ལ། གཞན་ཡང་རི་ལུ་དང༌། མངག་གཞུག་པ་བསྒྲུབ་པ་དང༌། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་དང༌། བསྟན་པ་ལམ་མོས་པའི་གདུག་པ་ཅན་འདུལ་ཐབས་དང༌། བཀྲེས་སྐོམ་སོགས་ཞི་བའི་སྦྱོར་བ་དང༌། དཔའ་བོ་རྡོ་རྗེ་དང༌། སྐུལ་བྱེད་མའི་སྒྲུབ་པ་དང༌། ཛམ་བྷ་ལའི་སྒྲུབ་པ་དང་སྤྱོད་པའི་གྲོགས་ཕྱག་རྒྱ་བཙལ་ནས་སྤྱོད་པ་བྱེད་པ་རྣམས་གསུངས་སོ། །ལུང་སྟོན་པས་ཀྱང༌། སྒྲ་སྒྲོགས་དུས་དང་ཡང་དག་རྫས། །དཀྱིལ་འཁོར་རྡུལ་ཚོན་ལྡན་པའོ། །སློབ་མ་དབང་བསྐུར་ཞེས་གསུངས་ཏེ། སྒྲ་སྒྲོགས་ནི་སྲིན་པོའི་རྒྱལ་པོ་འབོད་སྦྲོགས་མགྲིན་པ་བཅུ་པ་ཞེས་ལང་གཤེགས་ལས་གསུངས་པས་བཅུའི། །དུས་ནི་དགུན་སྟོང་དགུན་སྨད་དཔྱིད་དང་སོ་ཀ་དབྱར་དང་སྟོན་གྱི་དུས་དུག་སྟེ་བཅུ་དྲུག་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། དེར་སློབ་མ་དབང་བསྐུར་བ་བསྟན་པར་གསུངས་སོ། ༈ །ལེའུ་བཅུ་བདུན་པ་ལས་ནི་སྐུ་གསུང་ཐུགས་དང་ཉན་རང་གཉིས་དང༌། འཇིག་རྟེན་པའི་གཙོ་བོ་གསུམ་དང་རྫུ་འཕྲུལ་ཆུང་བ་ལྔའི་དམ་


JLD004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་སྡོམ་པ་དང་ལས་ཀྱི་ལམ་དག་པ་དང༌། ཕྱག་བྱ་བའི་ཚུལ་གཉིས་དང༌། དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང༌། ལུས་བརྟས་པར་བྱ་བ་དང༌། མཚན་མེད་ཀྱི་ཏིང་ངེ་འཛིན་དང༌། སྤྱོད་པ་དང་བླ་མ་ལ་བསྙེན་བཀུར་བའི་ཚུལ་དང༌། བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་དང༌། ཟས་ཀྱི་བྱ་བ་མཆོད་པ་དང་བཅས་པ་དང༌། མཆོད་པའི་དག་བྱེད་དང་རྫོགས་རིམ་པའི་བྱ་བ་ཡིན་མིན་གྱི་ཆ་དང༌། ལས་ཕྲན་ཚོགས་དང༌། ལས་ཀྱི་མཐའ་རྡོ་རྗེ་ཨཉྩ་ན་བསྒྲུབ་པ་དང༌། རྒྱུད་ཀྱི་ཆེ་བ་དང༌། ཐོས་བསམ་གྱི་འབྲས་བུ་དང༌། རྒྱུད་གཏད་པ་དང༌། ཉེ་བར་བསྡུ་བ་རབ་ཏུ་སྟོན་པ་ཡིན་ནོ། །ལུང་སྟོན་པས་ཀྱང༌། ཉེ་ཟླ་དག །ཆགས་བྲལ་སྣ་ཚོགས་ཉིད་གྱུར་བ། སྣ་ཚོགས་ཚིག་གི་དོན་གྱི་བརྡའ་སྣ་ཚོགས་མིང་ཅན་མིང་གཅིག་པུ། ཞེས་སོ། །དེ་ལ་ལེའུ་གཞན་ལ་གྲངས་གསལ་པོ་དང༌། བརྡའ་ཚིག་གིས་བསྟན་པ་ཡོད་ལ་འདི་ལ་གཞན་མེད་པས། ཉི་ཟླ་དག །ཞེས་པ་བཅུ་བདུན་པའི་བརྡ་ཚིག་ཏུ་བྱ་སྟེ། ཕྱག་ཆེན་ཐིག་ལེར་བཤད་པ་ལྟར། ནང་གི་ཟླ་བ་བྱང་སེམས་དཀར་པོ་འབབ་པའི་རིམ་པ་ལས་དགའ་བ་བཅུ་དྲུག་པོ་སོར་བཞག་བྱ། དེར་ཉི་མ་ལ་བཅུ་གཉིས་སུ་བཤད་ཀྱང༌། འདིར་ཉི་མ་གཅིག་ཏུ་བྱས་ཏེ། བཅུ་བདུན་པས་ཆགས་བྲལ་ཉན་རང་གི་དམ་ཚིག་ལ་སོགས་པ་སྣ་ཚོགས་པ་ཉིད་དུ་གྱུར་པ་སྣ་ཚོགས་པའི་ཚིག་གི་བརྡས་བསྟན་པའི་དོན་གྱིས་དམ་ཚིག་དང་སྡོམ་པ་དང༌། སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་ལ་ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཅེས་པའི་སྣ་ཚོགས་པའི་མིང་ཅན་དུ་གསུངས་པ་རྣམས་རྡོ་རྗེ་འཆང་ཞེས་པའི་མིང་གཅིག་པུའི་དོན་ཅན་དུ་གསུངས་པར་བཤད་དོ། །ཡང་དེ་ཉིད་ལས། དེ་ལྟར་རྣམ་པ་སྣ་ཚོགས་པའི། །སོ་སོར་སྡུད་པར་རབ་ཏུ་བསྟན། ཞེས་པས་ནི་གོང་དུ་བསྟན་པ་དེ་ལྟར་རྣམ་པ་སྣ་ཚོགས་པའི་དོན་ཆན་རྣམས།


JLD004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སོ་སོར་སྟེ་རེ་རེའི་དོན་དུ་སྡུད་པའི། ལེའུའི་བསྡུས་དོན་བསྟན་ཞེས་མཇུག་བསྡུས་སོ། ༈ །ལེའུ་རེ་རེས་དོན་འདི་སྟོན་གྱི་བསྡུས་དོན་བསྟན་ནས་ད་ནི་ལེའུ་བཅུ་བདུན་པོ་རྣམས་ཀྱི་མཐའ་དྲུག་ཏུ་ཚིག་རྣམ་པར་དབྱེ་བ་དང༌། བཤད་པའི་ཚུལ་རྣམ་པ་བཞིའི་རྣམ་པར་དབྱེ་བ་བྱ་སྟེ། ཞེས་པ་ནི་ལེའུ་སོ་སོའི་གཞུང་གང་མཐའ་དྲུག་དང་ཚུལ་བཞི་གང་གིས་འཆད་པའི་བསྡུས་དོན་སྟོན་པ་སྟེ། འདི་ནི། དེ་ནི་ཀླུ་སྒྲུབ་ལས་རྙེད་ཅེས་གསུངས་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་མན་ངག་གོ །འོ་ན་ཚིག་དོན་བཤད་པའི་སྐབས་སུ་མཐའ་དྲུག་དང་ཚུལ་བཞི་གང་གིས་འཆད་པ་སྟོན་པས་འདིར་བསྟན་མི་དགོས་སོ་སྙམ་ན། འཕགས་པས་རྩོད་བཟློག་ཏུ་ཕྱོགས་སྔའི་གཞུང་རྣམས་ཕྱོགས་གཅིག་ཏུ་བཤད་ནས། སླར་ཡང་ཕྱོགས་སྔའི་གཞུང་རེ་རེ་ནས་ལན་གྱི་སྐབས་སུ་བཤད་པ་བཞིན་དུ། འོག་ནས་རེ་རེ་ནས་འཆད་ཀྱང༌། དེ་ནི་འཐོར་ནས་ཡོད་ལ། འདིར་རྒྱུན་གཅིག་ཏུ་བཀོད་པ་ནི་ངེས་པར་སླ་བའི་ཕྱིར་དུ་མཛད་དེ། རྩོད་བཟློག་གི་དགོངས་པ་ཡང་དེ་བཞིན་ནོ། ༈ །འདི་སྐད་བདག་གིས་ཞེས་བྱ་བ་ནས། བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་བར་དུ་ནི། བཤད་པའི་ཚུལ་རྣམ་པ་བཞི་དང་ལྡན་པར་བཤད་དོ། །བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བའི་འཁོར་ནས་བརྩམས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ཐུགས་ལ་ཞུགས་སོ་ཞེས་བྱ་བའི་བར་དུ འི་སྒྲས་ནི་གཟུངས་དཀྱིལ་དང་བསྡུས་དཀྱིལ་གྱི་ལྷག་མ་རྣམས་འཛིན་ཏོ། །དྲང་བའི་དོན་དང་ངེས་པའི་དོན་ནོ། །ལེའུ་འདིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དོན་ཚན་རེ་བཤད་པའི་ཏིང་ངེ་འཛིན་ཚུལ་བཞིན་བཤད་དགོས་པ་རྣམས་ཕྱོགས་


JLD004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྐུ་དང་གསུང་དང་ཐུགས་བསླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། རྣམ་པ་བཞིར་བཤད་དོ། །ཡེ་ཤེས་སྒྲོན་མ་དང༌། སླུ་བ་རྡོ་རྗེའི་ཏིང་ངེ་འཛིན་ཚུལ་བཞིར་འཆད་ཀྱང༌། དེ་ལ་སྙོམས་པར་ཞུགས་ནས་གསུངས་པའི་གཞུང་རྣམས་ཚུལ་བཞིར་མི་འཆད་ལ། ཟིལ་གནོན་རྡོ་རྗེ་ལས་ནི་དེ་གཉིས་ཀ་ཚུལ་བཞིར་འཆད་དོ། །འོན་ཀྱང་རྒྱས་བཤད་དུ་ཡིག་དོན་ལོགས་སུ་མ་བཤད་པ་ནི་སྤྱི་དོན་བཤད་པས་ཡིག་དོན་གོ་ནུས་པ་ལ་དགོངས་ཏེ་དེ་འདྲའི་རིགས་གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ཏེ་གཟུངས་དཀྱིལ་ནས་དོན་གྲུབ་འབྱིན་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་དྲང་ངེས་གཉིས་ཀྱི་བཤད་དགོས་པ་རྣམས་ཕྱོགས་གཅིག་ཏུ་སྟོན་པ་ནི་གཟུངས་དཀྱིལ་འཆད་པར་བཞེད་པའི་ཏིང་ངེ་འཛིན་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌།འདི་སྔར་བརྗོད་ཀྱིས་མི་ལང་བ་ནས་བརྩམས་ཏེ་ཐུགས་ལ་ཞུགས་སོ་ཞེས་བྱ་བའི་བར་དུ། ཞེས་པའི་བར་གྱི་ཚིག་གིས་བསྟན་ཟིན་པ་མིན་ནམ། འདིར་ལོགས་སུ་འཆད་མི་དགོས་སོ་སྙམ་ན་སྐྱོན་མེད་དེ། ཏིང་ངེ་འཛིན་འདི་ལ་ཞུགས་ནས་གསུངས་པའི་གཞུང་དྲང་ངེས་སུ་འཆད་ཀྱང་ཏིང་ངེ་འཛིན་དེ་རྗེས་སུ་འཆད་མི་དགོས་སམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་གསུངས་པས་སོ། །དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཟིལ་གནོན་རྡོ་རྗེའི་དེ་མ་ཐག་ཏུ་བཤད་པ་དང༌། རྣམ་སྣང་འབྱིན་པའི་སྐབས་ཀྱི་ཏིང་ངེ་འཛིན་གཉིས་ཀའོ། །དང༌། རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་


JLD004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འདོད་ཆགས་ཆེན་པོ་འབྱུང་བའི་རྡོ་རྗེ་ཞེས་བྱ་པའི་ཏིང་འཛིན་དང༌། གདོན་མི་ཟ་དོན་:པ་ཚབ:ཡོད་པ་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དྲང་བ་དང་ངེས་པའི་དོན་ཏོ་ཞེས་འབྱུང་ངོ༌། །བའི་མཆོག་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མཱ་མ་ཀཱི་ནས་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་སྒྲ་ཇི་བཞིན་པར་བཤད་དགོས་པ་རྣམས་ཕྱོགས་གཅིག་ཏུ་འཆད་པ་ནི་རྡོ་རྗེ་འཛིན་མཉེས་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འདོད་ཆགས་འཛིན་པ་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པར་སྣང་མཛད་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་རྣམ་:པ་ཚབ:པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྒྲ་ཇི་བཞིན་པའོ་ཟེར། འཛིན་དང༌།འདིར་འགྱུར་རྙིང་གཉིས་དང་ཆག་འགྱུར་ལས་ཡུམ་གསུམ་དང༌། གཤིན་རྗེ་གཤེད་འབྱིན་པའི་ཏིང་ངེ་འཛིན་བཞི་སྐབས་འདིར་དྲང་ངེས་སུ་བཤད་པར་བསྟན། །རྒྱས་བཤད་དུ་དེ་བཞི་སྒྲ་ཇི་བཞིན་པར་བཤད་པ་ལ་སྔ་མ་རྣམས་གཉིས་ཀ་ཁས་བླངས་ནས་འགལ་སྤོང་བྱེད་མོད་ཀྱང༌། པ་ཚབ་ཀྱིས་རྒྱས་བཤད་དང་མཐུན་པར་འདིར་ཡང་སྒྲ་ཇི་བཞིན་པར་བསྒྱུར་བ་ལེགས་སོ། །འགྱུར་ཁྱད་དེ་རྣམས་ཀྱང་འགྱུར་གྱི་ཐོན་མ་ཐོན་དུ་མི་སྣང་གི་གང་ལས་བསྒྱུར་བའི་རྒྱ་དཔེའི་ཁྱད་པར་དུ་སྣང་ཡང་ཕྱི་མ་རྒྱ་དཔེ་དག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་


JLD004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །གླེང་གཞི་དང་ཏིང་ངེ་འཛིན་རྣམས་མ་གཏོགས་པ་ལེའུ་འདིར་ཚུལ་བཞིར་བཤད་དགོས་པ་རྣམས་ཕྱོགས་གཅིག་ཏུ་སྟོན་པ་ནི། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བ་དང༌། འདུས་ཆག་འགྱུར་ན་འདུས་པ་ཞེས་པ་སྔོན་ལ་ཡོད་དེ། །གཞུང་གི་རིམ་པ་དང་མཐུན་ནོ། །པ་ཞེས་བྱ་བ་དང༌། རྡོ་:ཆག:རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས་ཞེས་པ་ན་རྒྱུད་དང་མཐུན་ནོ། །རྗེའི་དམ་ཚིག་ལས་འབྱུང་བ་ཞེས་བྱ་བའི་ཚིག་ནི། ཚུལ་རྣམ་པ་བཞིར་བཤད་དོ། །རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་ཞེས་བྱ་བ་ནས་གཟིགས་པར་གྱུར་ཏོའི་བར་དང༌། །དམ་ཚིག་འབྱུང་བའི་ཏིང་ངེ་འཛིན་དྲང་ངེས་སུ་བཤད་ཀྱང་དེ་ལ་ཞུགས་ནས་གསུངས་པའི་གཞུང་དྲང་ངེས་སུ་འཆད་པར་མ་ངེས་པས་འདིར་གསལ་བར་བསྟན་ན། འདི་གཉིས་ཐུགས་ལ་ཞུགས་སོའི་བར་དུའོ་ཞེས་པའི་ནང་ན་མེད་ལ། ཏིང་ངེ་འཛིན་དྲང་ངེས་སུ་བཤད་པ་རྣམས་དང་སྡེ་ཚན་མི་གཅིག་པས་ཟུར་དུ་མཛད་པའོ། །མཆོད་པ་སྤྲོས་པར་གྱུར་པའི་དམ་ཚིག་རིན་པོ་ཆེའི་སྤྲིན་ཞེས་བྱ་བ་ནི། དྲང་བའི་དོན་དང་ངེས་པའི་དོན་ཏོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །རབ་ཏུ་མི་རྟོག་གནས་མེད་པའོ། ཞེས་བྱ་བ་ནི། དགོངས་པ་མ་ཡིན་པས་བཤད་པའོ། །ཨེ་མའོ་ཞེས་བྱ་བ་བཞི་གོང་ན་ཡོད་པ་འདིར་དྲངས་པ་ནི་དགོངས་དགོངས་མིན་གཉིས་ཕྱོགས་གཅིག་ཏུ་འཆད་པར་བཞེད་ནས་མཛད་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་


JLD004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སོ་འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་ཞེས་བྱ་བ་ནས། སྐུ་གསུང་སྐུ་གསུང་ཞེས་པ་མན་ཆད་འདིར་འབྱུང་བ་བཞིན་དུ། པ་ཚབ་ཀྱི་འགྱུར་ལས་ཀྱང་འབྱུང་མོད་ཀྱང༌། ཆག་གིས། ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། ཞེས་པ་ནས། ཁྱད་པར་ཅན་ལ་ཡང་ཞེས་པའི་བར་ནི་དགོངས་པས་བཤད་པའོ། ཞེས་བསྒྱུར་བ་ལེགས་ཏེ། སྐུ་གསུང་ཐུགས་གསང་བ་ཞེས་པ་ཚུལ་བཞིར་བཤད་པ་སྔར་བསྟན་ཟིན་པའི་ཕྱིར་དང༌། རྒྱས་བཤད་དང་མཐུན་པའི་ཕྱིར་རོ། །ཐུགས་ཀྱི་གསང་བ་སྟོན་པར་མི་སྤྲོ་བ་དེ་ཞེས་བྱ་བའི་བར་དུ་ནི་དགོས་པས་བཤད་པའོ། །སྔར་བཤད་པའི་ཏིང་ངེ་འཛིན་རྣམས་དང་སྔགས་བཅུ་གསུམ་མ་གཏོགས་པ་ཞེ་སྡང་གི་རིགས་ཞེས་བྱ་བ་ནས། བྱང་གཞན་:པ་ཚབ:ལས་བྱང་ཕྱོགས་ཀྱི་སྐོར་བཞུགས་སོ་ཞེས་བྱ་བའི་མཐར་ཐུག་པ་རྡོ་རྗེ་སེམས་དཔའ་ཞེས་འབྱུང་ངོ་། །ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་བྱ་བའི་བར་དུ་དང༌། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་ཕྱུང་བ་ནས་བརྩམས་ཏེ། ཁྲོ་བོ་བདུད་རྩི་ཐབ་སྦྱོར་ཕྱུང་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །བཛྲ་དྷྲིཀ །ཛི་ན་ཛིཀ །རད་ན་དྷྲིཀ །ཨཱ་རི་ལིཀ །པྲཛྙཱ་ངྷིཀ །དྭེ་ཥ་ར་ཏི། མོ་ཧ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི། ཨ་མཱན་ཏ་ཀྲིད། པྲ་ཛྙཱན་ཏ་ཀྲིད། པད་མཱན་ཏ་ཀྲིད། བིགྷནཱ་ཏ་ཀྲིད་ཅེས་པ་ཚབ་ཀྱིས། ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་ཅེས་བསྒྱུར་བ་ལྟར་ན། སོགས་ཁོང་ནས་དམ་ཚིག་འགུགས་པའི་རིགས་དང༌། ཞེ་སྡང་གཏི་མུག་འདོད་ཆགས་དང༌། ཞེས་པ་བཞི་ལ་འོག་ནས་དྲང་ངེས་ཀྱི་བཤད་པ་མཛད་པ་བསྡུའོ། །བའི་སྔགས་ཀྱི་ཚིག་རྣམས་


JLD004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུའི་མཚན་ལ་དྲང་ངེས་གཉིས་སུ་བཤད་པ་འདི། རྒྱས་བཤད་ཀྱི་སྐབས་སུ་འགྱུར་ཀུན་ལས་མ་བྱུང་ལ།ཐུགས་རྗེ་ཞབས་ཀྱི་དྲང་ངེས་གཉིས་སུ་བྱས་པ་དཔེ་ཁ་ཅིག་ཏུ་ཁ་ཅིག་གིས་བཅུགས་པ་ཡིན་ཟེར། ལེའུ་ཞེས་བྱ་བའི་བར་དུ་ནི། །དྲང་བ་དང༌། ངེས་པའི་དོན་ཏོ། །ལེའུ་དང་པོ་ལ་མཐའ་རྣམ་པ་དྲུག་གི་སྒོ་ན ས་རྒྱུད་ཀྱི་ཚིག་རྣམ་པར་དབྱེ་བ་བསྟན་ཟིན་ཏོ། །འདི་ནི་ལེའུ་ལྷག་མ་ལ་ཡང་སྦྱར་རོ། ༈ །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཞེས་བྱ་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང༌། ཞེས་བྱ་བ་ནས་སྐྱེད་ཅིག །ཅེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །སྐུ་དང་གསུང་ཐུགས་རྡོ་རྗེ་འཛིན། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། ཞེས་བྱ་བའི་ཆེད་དུ་བརྗོད་པ་ནི་དགོངས་པ་མ་ཡིན་པའོ། །དངོས་པོ་མེད་པས་བསྒོམ་པ་མེད། ཅེས་བྱ་བ་ལ་སོགས་པའི་རྡོ་རྗེ་འཆང་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་ནི་རྣམ་པ་བཞིའི་ཚུལ་གྱིས་བཤད་དོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་


JLD004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པ་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། ཞེས་བྱ་བ་ནས། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ཞེས་བྱ་བའི་བར་དུ་ནི་དགོངས་པ་མ་ཡིན་པའོ། །རྒྱས་བཤད་ནས་རྣམ་སྣང་སོགས་ལྔའི་བྱང་ཆུབ་ཀྱི་སེམས་དགོངས་མིན་དང༌། བྱམས་པ་ལ་སོགས་པས་ཆེ་བརྗོད་མཛད་པ་སྒྲ་ཇི་བཞིན་པར་བཤད་ལ། འདིར་ཕྱི་མ་དགོངས་མིན་དུ་བཤད་པ་འགྱུར་ཀུན་ལས་འབྱུང་ཡང༌། སྐལ་ལྡན་གྲགས་པས་ཕྱི་མ་ལ་སྒྲ་ཇི་བཞིན་པར་བཤད་པ་བསྡུས་དོན་ན་ཡོད་པར་བཤད་པས། རྒྱ་དཔེ་འགའ་ཞིག་ལ་རྒྱས་བཤད་དང་མཐུན་པར་ཡོད་པར་སྣང་ངོ༌། །ལེའུ་གཉིས་པའོ། ༈ །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། ༀ་ངྷརྨ་ངྷ་ཏུ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧཾ། ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །རིན་ཆེན་ཆེན་པོ་ཁ་དོག་ལྔ། ཞེས་བྱ་བ་ནས། སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། ཞེས་བྱ་བའི་བར་དུ་ནི་རྣམ་པ་བཞིའི་ཚུལ་གྱིས་བཤད་པའོ། །འདི་ལ་རྒྱས་བཤད་ནས་ཡིག་དོན་མ་བྱུང་ཡང་སྐྱོན་མེད་པའི་ཚུལ་ནི་སྔར་བཤད་པ་བཞིན་ནོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། ཞེས་བྱ་བ་ནས། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ། ཞེས་བྱ་བའི་བར་ནི། དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །ལེའུ་གསུམ་པའོ། ༈ །དེ་ནས་ཞེས་བྱ་བ་ནས། བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་བོ་ཞེས་བྱ་བའི་བར་དུ་ནི་སྒྲ་ཇི་


JLD004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པའོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། ཞེས་བྱ་བ་ནས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པའོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། ཞེས་བྱ་བ་ནས། དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད། ཅེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཅེས་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ། ཞེས་བྱ་བའི་པར་ནི་དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །ལེའུ་བཞི་པའི་བཤད་པའོ། ༈ །དེ་ནས་ཞེས་བྱ་བ་ནས། སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །རྣམ་པར་མི་རྟོག་དོན་ལས་བྱུང༌། ཞེས་བྱ་བ་ནས། དགོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། ཅེས་བྱ་བའི་བར་དུ་ནི་དགོངས་པ་མ་ཡིན་པའོ། །རིགས་ངན་ཞེས་བྱ་བ་ནས། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །སྲོག་གཅོད་པ་ཡི་ཞེས་བྱ་བ་ནས། དེ་དག་སྒྲུབ་པའི་སྣོད་དུ་འགྱུར། ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །མ་དང་སྲིང་མོ་ཞེས་བྱ་བ་ནས། དེ་ནི་སངས་རྒྱས་འགྲུབ་པར་འགྱུར། ཞེས་བྱ་བའི་བར་ནི་དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནས། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། ཞེས་བྱ་བའི་བར་དུ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་


JLD004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ནས། བརྒྱལ་བར་གྱུར་ཏོ། ཞེས་བྱ་བའི་བར་ནི་དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་དག་:པ་ཚབ:བསླང་པར་གསོལ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། རང་རང་གི་སྟན་ལ་གནས་པར་གྱུར་ཏོ། ཞེས་བྱ་བའི་བར་ནི་དྲང་བའི་དོན་དང༌། ངེས་པའི་དོན་ནོ། །དེ་ནས་ཞེས་བྱ་བ་ནས། སྤྱོད་པ་མཆོག་གི་ལེའུ་ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པ་སྟེ། ལེའུ་ལྔ་པའི་བཤད་པའོ། ༈ །དེ་ནས་ཞེས་བྱ་བ་ནས། མཆོག་རབ་འདི་ཡིས་བསྒྲུབ་པ་ཉིད་དུ་བྱ། ཞེས་བྱ་བའི་བར་ནི་དྲང་བ་དང་ངེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བྱང་ཆུབ་སྦྱོར་བ་བསྒོམ་པཱུར་བྱ། ཞེས་བྱ་བའི་བར་འདི་ནི་ཆག་འགྱུར་དང་ཡང་འདྲ་ལ། པ་ཚབ་ཀྱི་འགྱུར་དང་ཡང་དོན་འདྲའོ། །འོན་ཀྱང་རྒྱས་བཤད་དང་མི་མཐུན་པར་སྣང་བས། ཁ་ཅིག་རྒྱ་དཔར། སྐུ་གསུང་ཐུགས་ཀྱིས་མཚན་པ་ཡིས། ཞེས་པའི་བར་དགོངས་བཤད་དུ་གསུངས་པས། འགྱུར་རྙིང་གི་འགྱུར་ནོར་བའོ་ཞེས་གསུང་ངོ༌། །རྒྱ་དཔེ་གཅིག་ལ་ཡོད་པ་ཐམས་ཅད་ལ་ཡོད་པའི་ངེས་པ་མེད་པས། འདི་ཡང་འགྱུར་སྐྱོན་དུ་མི་སྣང་གི །རྒྱ་དཔེ་མི་འདྲ་བའི་རྒྱུ་མཚན་གྱིས་ཡིན་པར་སྣང་ཡང༌། སྐུ་གསུང་ཐུགས་ཀྱིས་མཚན་པ་ཡིས་པར་དགོངས་བཤད་དུ་ཡོད་པའི་རྒྱ་དཔེ་དག་པར་བྱའོ། །ནི་དགོངས་པས་བཤད་པའོ། །དེས་ན་དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། ཞེས་བྱ་བ་ལ་སྔ་ཕྱི་གཉིས་ཡོད་པའི་སྔ་མ་


JLD004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་ཀྱིས་བརྟགས་བསྒོམ་ཞེས་པའི་བར་གྱི། རྡོ་རྗེ་འཛིན་པ་ལ་རྒྱས་བཤད་དུ་ཚུལ་བཞིས་བཤད་པའི་ཡིག་སྤྱི་གཉིས་དྲང་དོན་དང་སྦས་མཐའ་གཉིས་ངེས་དོན་དུ་བསྡུས་ཏེ། ནམ་མཁའི་དབྱིངས་ཞེས་པ་ཚིགས་བཅད་གཉིས་དྲང་ངེས་ཀྱི་བཤད་པ་དང༌། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་ཞེས་པ་ཕྱི་མ་ནས། ལུས་ངག་སེམས་ལས་འདས་པའོ། ཞེས་བྱ་བའི་བར་ནི་ངེས་པའི་དོན་དང་དྲང་བའི་དོན་ཏོ། ཞེས་སྦྱར་བར་བྱའོ། །ལེའུ་དྲུག་པའི་བཤད་པའོ། ༈ །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །སློངས་མོ་ཟ་ཞིང་ཞེས་བྱ་བ་ནས། སྲེག་པར་འགྱུར་ཞེས་བྱ་བའི་བར་ནི་དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །ཁ་ཅིག་སློངས་མོ་ཞེས་པའི་ཚིགས་བཅད་གཅིག་པུ་དྲང་ངེས་སུ་འཆད་པ་རྒྱ་དཔེ་དང་མཐུན། ལུས་དང་ཞེས་པ་བཞི་ལ་དྲང་དོན་དུ་བཤད་པ་རྒྱས་བཤད་དུ་བྱུང་ཡང༌། ངེས་དོན་མི་སྣང་ཞེས་ཟེར་བ་ལྟར་ཐུགས་རྗེ་ཞབས་ཀྱིས་ཀྱང་བཤད་ལ། འགྲེལ་པའི་འགྱུར་གསར་རྙིང་ཀུན་ལས་བསྡུས་དོན་དུ་ཚིགས་བཅད་གཉིས་པ་ཡང་དྲང་ངེས་སུ་བཤད་པ་དང༌། རྒྱས་བཤད་དུ་ཡང་ཚིགས་བཅད་གཉིས་པའི་མཐར་དྲང་བའི་དོན་ཏོ། ཞེས་འབྱུང་བས། རྒྱ་དཔེ་ལ་མི་འདྲ་བ་གཉིས་ཡོད་པར་གསལ་ཡང༌། ཕྱི་མ་ལྟར་དག་སྟེ། ལུས་དང་ཞེས་པ་བཞི་རིམ་པ་གཉིས་ཀ་ལ་སོ་སོར་བཤད་པས་ཆོག་པའི་ཕྱིར་དང༌། གཞུང་གཅིག་ལ་དྲང་དོན་གྱི་བཤད་པ་བྱུང་ན། ངེས་དོན་གྱི་བཤད་པ་ངེས་པར་འོང་བའི་ཕྱིར་རོ། །སངས་རྒྱས་བཤད་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་པའི་རྐང་པ་བཞི་དགོངས་མིན་དུ་བཤད་པས། སངས་རྒྱས་ཞེས་བྱ་བ་ཞེས་པ་མི་ལེགས་


JLD004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པས། པ་ཚབ་ཀྱིས། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནས། འདོད་པ་ཐམས་ཅད་བསྟེན་པས་སོ། ཞེས་བྱ་བའི་མཐར་ཐུག་པ་ནི་དགོངས་པ་མིན་པའོ། ཞེས་བསྒྱུར་བ་ལེགས་སོ། །པ་ཚབ་དང༌། ཆག་གཉིས་ཀའི་འགྱུར་ལས། ཆགས་ཅན་ཞེས་པ་ནས། འགོ་འཛིན་ལ་མཇུག་འདྲའོ། །རྒྱས་ཞེས་བྱ་བ་ནས། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། ཞེས་བྱ་བའི་བར་ནི་རྣམ་པ་བཞིའི་ཚུལ་གྱིས་བཤད་དོ། །ཆགས་ཅན་ཞེས་པའི་རྐང་པ་བཞི་ལ་རྒྱས་བཤད་དུ་ཚུལ་བཞིའི་བཤད་པ་མ་བྱུང་ཞིང༌། བཤད་པ་གཞན་གྱིའང་མིང་འདོགས་མ་བྱུང་བ་ལ་ཐུགས་རྗེ་ཞབས་ཀྱིས་དྲང་དོན་དུ་བཤད། ཁ་ཅིག་དེ་ལ་བཤད་པ་གཉིས་པ་མེད་པས་མི་རིགས་པས་དགོངས་བཤད་དུ་བྱའོ། ཞེས་ཟེར་བ་རྣམས་མི་རིགས་ཏེ། བཞི་པོ་དེ། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། ཞེས་སོགས་ཀྱིས་མདོར་བསྟན་ཡིན་པས་རྐང་པ་དང་པོ་གཉིས་ལ་ནི། ཚུལ་བཞིའི་བཤད་པ་དོན་གྱིས་ཡོད་ལ། ཕྱི་མ་གཉིས་ནི་འདོད་ཡོན་བསྟེན་པའི་དགོས་པ་སྟོན་པས། དེ་ལ་ཡང་སྤྱི་དོན་དང༌། སྦས་པ་དང༌། མཐར་ཐུག་གི་སྤྱོད་པ་གསུམ་གའི་དོན་ཡོད་པའི་ཕྱིར་རོ། །ཚུལ་བཞི་འདི་ལ་ཡང་རྒྱས་བཤད་དུ་ཡིག་དོན་མ་བྱུང་ཡང་མི་འགལ་བ་ནི་སྔར་བཞིན་ནོ། །སངས་རྒྱས་རྗེས་སུ་དྲན་པར་སྦྱོར། ཞེས་བྱ་བ་ནས། བསྒོམ་ན་བྱང་ཆུབ་ཐོབ་པར་འགྱུར། ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །བུད་མེད་གཟུགས་ལྡན་མདངས་བཟང་བ། ཞེས་བྱ་བ་ནས། ཡིད་དུ་འོང་བ་བསྒོམ་པར་བྱ། ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །སངས་རྒྱས་རྗེས་དྲན་ཞེས་བྱ་བ་ནས། དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ། ཞེས་


JLD004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བར་ནི་དགོངས་པས་བཤད་པའོ། །དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཞེས་བྱ་བ་ནས། བདག་གི་སེམས་ཀྱང་དེ་འདྲར་འགྱུར། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །དེ་ལ་སེམས་ཅན་ཞེས་བྱ་བ་ནས། དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར། ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །དེ་ལ་ཤེས་རབ་ཀྱི་ཞེས་བྱ་བ་ནས། འབྱུང་བའང་མེད་ཅེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དེ་ལ་མ་སྐྱེས་པ་ཞེས་བྱ་བ་ནས། སྤྱོད་པ་མཆོག་གི་འི་ལེའུ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པ་སྟེ།ཞེས་འདི་ལྟར་བཤད་པ་ནི། པ་ཚབ་དང༌། ཆག་གི་འགྱུར་དང་ཡང་མཐུན་ལ། རྒྱས་བཤད་དུ་མ་སྐྱེས་པ་རྗེས་དྲན་བཤད་པ་དགོངས་བཤད་དུ་བཤད་པ་དང་ཡང་མཐུན་པས་བསྡུས་དོན་དང་རྒྱས་བཤད་གཉིས་མ་མཐུན་ནོ། །བླ་མ་བུཁ་ཅིག་མ་སྐྱེས་པ་ཞེས་པ་འགྱུར་ནོར་བ་སྟེ། རྒྱ་དཔེར་དེ་ལ་ཇི་ལྟར་ཞེས་བྱ་བ་ནས་ཤིན་ཏུ་དྲི་མེད་ཅེས་པའི་མཐར་ཐུག་པ་དགོངས་པ་མིན་པའོ། །དེ་ལ་ཇི་ལྟར་ཞེས་པ་ནས་སྤྱོད་པའི་ལེའུ་ཞེས་པའི་མཐར། སྒྲ་ཇི་བཞིན་པའོ། ཞེས་བཤད་པས་རྗེས་དྲན་གཉིས་དགོངས་མིན་དུ་བཤད་པས་འོད་གསལ་བསྟན་ནོ། ཞེས་གསུང་ངོ༌། །ཐུགས་རྗེ་ཞབས་ཀྱང་མ་སྐྱེས་པ་རྗེས་དྲན་གྱི་བཤད་པ་དགོངས་མིན་དུ་འདོད་ཅིང༌། དེ་དགོངས་བཤད་དུ་བྱེད་པ་ནི་བག་མད་པར་ཀློག་པ་སྟེ། བསྡུས་དོན་དང་འགལ་ཞིང་དགོངས་བཤད་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། ཞེས་འགོག་གོ །དེས་ན་བསྡུས་དོན་ལ་མི་མཐུན་པ་བྱུང་བ་འགྱུར་གྱིས་མ་ཐོན་པ་མིན་གྱི་རྒྱ་དཔེ་མི་མཐུནཔས་བྱུང་ཡང་རྒྱ་དཔེ་ཁ་ཅིག་ན་འདུག་པའི་འགྱུར་བཅོས་པ་དེ་


JLD004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ལེགས་པར་སྣང་ངོ༌། །འོན་ཀྱང་མ་སྐྱེས་པ་རྗེས་དྲན་གྱི་ཟུང་འཇུག་སྟོན་པར་རྒྱས་བཤད་ན་ཤིན་ཏུ་གསལ་བས་གཉིས་ཀ་འོད་གསལ་ལ་སྦྱོར་བ་དོན་མིན་ནོ། །ལེའུ་བདུན་པའི་བཤད་པའོ། ༈ །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། བཤད་དུ་གསོལ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། ཞེས་བྱ་བ་ནས། ཕྱག་འཚལ་རྡོ་རྗེ་ཐོག་པ་ལའོ། །ཞེས་བྱ་བའི་བར་ནི་དྲང་བ་དང༌། ངེས་པའི་དོན་དུ་བཤད་པའོ། །དེ་ནས་ཞེས་བྱ་བ་ནས། རྡོ་རྗེ་རིན་ཆེན་འཛིན་ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ནས། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ས་ཕྱོགས་གཙང་ཞིང་ཞེས་བྱ་བ་ནས། མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོ། །ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །མཁས་པས་ཞེས་བྱ་བ་ནས། རབ་ཏུ་བརྟག་ཅེས་བྱ་བའི་བར་ནི་དྲང་བ་དང༌། ངེས་པའི་དོན་དུ་བཤད་པའོ། །དཔག་ཚད་བརྒྱ་ཡི་ཞེས་བྱ་བ་ནས། སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །ལེའུ་བརྒྱད་པའི་བཤད་པའོ། ༈ །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ཞེས་བྱ་བ་ནས། ཉམས་དགའ་མཆོག་ནི་རབ་ཏུ་བཤད། ཅེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ཞེས་བྱ་བ་ནས། རྡོ་རྗེ་བཀོད་པས་དེ་སྐད་


JLD004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཀའ་སྩལ་ཏོ། ཞེས་བྱ་བའི་བར་ནི། དྲང་བའི་དོན་དང༌། ངེས་པའི་དོན་དུ་བཤད་དོ། །དེ་ནས་ཡང་ཞེས་བྱ་བ་ནས། ཀུན་རྫོབ་ཏུ་ཡང་བཤད་པ་མཚར། ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ཚིག་ཐ་མ་ལ། པ་ཚབ་དང་ཆག་གིས་འགྱུར་ལས་ལེའུའི་མཚན་གྱི་བར་དགོངས་བཤད་དུ་འབྱུང་བ་རྒྱས་བཤད་དང་མཐུན་ནོ། །ལེའུ་དགུ་པའི་བཤད་པའོ། ༈ །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དེ་ནས་བཅོམ་ལྡ་འདས་ཞེས་བྱ་བ་ནས། དེ་ཡི་སྲོག་ནི་དེར་ཟད་འགྱུར། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ཞེས་བྱ་བ་ནས། རྡོ་རྗེ་སེམས་དཔའི་ཚེ་དེས་འཐོབ། ཅེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ལེའུ་བཅུ་པའི་བཤད་པའོ། ༈ །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། །དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་སྒྲ་ཇི་བཞིན་པར་བཤད་པའོ། །ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ནས། རྡོ་རྗེ་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་པས་བཤད་པའོ། །འདིར་ཚིག་གི་འགོ་འཛིན་ལ་འདི་དང་འགྱུར་གསར་གཉིས་གོ་རིམ་མི་འདྲ་བ་གསུམ་ཡོད་ཀྱང་དོན་འདྲའོ། །འོད་ཟེར་འབར་བའི་ཡི་གེ་ཐླ່ཱ། ཞེས་བྱ་ནས། མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་པར་ནི་དགོངས་པ་མ་ཡིན་པས་བཤད་པའོ། རྣམ་པར་དབེན་པ་ཞེས་བྱ་བ་ནས། བསམ་གཏན་བསྡུས་པ་འདི་དག་བསྒོམ། ཞེས་བྱ་བའི་བར་ནི་དྲང་


JLD004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དང༌། ངེས་པའི་དོན་དུ་བཤད་པའོ། །མི་བསྐྱོད་ཡེ་ཤེས་ཞེས་བྱ་བ་ནས། རྡོ་རྗེ་མངོན་པར་མཁྱེན་པས་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནས། རྡོ་རྗེ་རིག་པའི་སྐྱེས་བུའི་མཆོག་གི་ལེའུ་ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །ལེའུ་བཅུ་གཅིག་པའི་བཤད་པའོ། ༈ །དེ་ནས་སྟོན་པ་རྡོ་རྗེ་འཛིན། ཞེས་བྱ་བ་ནས། རོལ་མོ་འདི་དག་རབ་ཏུ་བསྒོམ། ཞེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །དགོན་པ་ཆེན་པོ་ཞེས་བྱ་བ་ནས། དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། ཅེས་བྱ་བའི་བར་ནི་དྲང་བའི་དོན་དང༌། ངེས་པའི་དོན་དུ་བཤད་དོ། །ལུས་དང་ངག་སེམས་ཞེས་བྱ་བ་ནས། དེ་མ་ཐག་ཏུ་དེ་འགྱུར་རོ། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །འཁོར་ལོ་འོད་འཕྲོ་ཞེས་བྱ་བ་ནས། ཡེ་ཤེས་རྡོ་རྗེ་འགྲུབ་པས་འགྱུར། ཞེས་བྱ་བབསྡུས་དོན་འདི་དང༌། འདིའི་རྒྱས་བཤད་གཉིས་འགྱུར་རྙིང་དང་ཆག་འགྱུར་གཉིས་མཐུན་ཡང་རྒྱས་བཤད་ནས་ལམ་གྱི་བཞི་མདོ། །ཞེས་པའི་རྐང་པ་བཞི་བཤད་པའི་མཐར་དགོངས་བཤད་དུ་གསུངས་པས་བསྡུས་དོན་དང་རྒྱས་བཤད་གཉིས་མ་མཐུན་ནོ། དེས་ན་པ་ཚབ་ཀྱི་འགྱུར་ལས་འཁོར་ལ་མེ་སྟག་གིས་ཞེས་བྱ་བ་ལ་སོགས་པ་ནས། དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་ཞེས་བྱ་བའི་མཐར་ཐུག་པ་ནི་སྒྲ་བཞིན་པའོ། །ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་འགུགས་པ་བསྒྲུབ་པར་བྱ། ཞེས་བྱ་བའི་མཐར་ཐུག་པ་ནི་དགོངས་པས་བཤད་པའོ། ཞེས་འབྱུང་བ་ལྟར། ཐུགས་


JLD004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཞབས་ཀྱི་འགྲེལ་བཤད་དུ་ཡང་འབྱུང་བས། འཁོར་ལོ་འོད་འཕྲོ་ནས། ལམ་གྱི་བཞི་མདོ་ཞེས་པའི་རྐང་བ་བཞི་ཡན་ཆད་ཐམས་ཅད་དགོངས་བཤད་དུ་འདོད་པ་ནི་མི་རིགས་པས། དེ་རྣམས་ཀྱི་བསྡུས་དོན། པ་ཚབ་ཀྱི་བཞིན་དུ་བྱེད་པ་ནི་རྒྱ་དཔེ་དག་པའི་ལུགས་སོ། །དེ་ནས་པ་ཚབ་ཀྱི་འགྱུར་ལ། སྒྲ་ཇི་བཞིན་པ་ལ་བསྡུས་དོན་གཉིས་བྱས་ཀྱང༌། ཐུགས་རྗེ་ཞབས་ཀྱི་འགྲེལ་བཤད་ལས། སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པ་ནས། ཡེ་ཤེས་རྡོ་རྗེ་ཅན་འགྲུབ་འགྱུར། ཞེས་པའི་མཐར་ཐུག་པ་ནི་སྒྲ་ཇི་བཞིན་པའོ། ཞེས་འབྱུང་བ་ལྟར་བསྡུས་དོན་གཅིག་ཏུ་བྱས་པ་མང་ངོ་། །འི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཅེས་བྱ་བ་ནས་སྔགས་ཀྱི་དེ་ཉིད་དོན་བསྒྲུབ་པའོ། །ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །དགོན་པ་ཆེན་པོ་ཞེས་བྱ་བ་ནས། དངོས་གྲུབ་འཐོབ་པར་འགྱུར། ཞེས་བྱ་བའི་བར་དུ་ནི་དྲང་བའི་དོན་དང༌། ངེས་པའི་དོན་དུ་བཤད་དོ། །དུས་བཞི་དག་ཏུ་ཞེས་བྱ་བ་ནས། རབ་ཏུ་བསྟན་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་དོ། །གསང་བ་མཆོག་ལས་བྱུང་བ་ལ། ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས། ཞེས་བྱ་བ་ནི་དགོངས་པས་བཤད་པའོ། །དེ་ལ་འདི་ནི་ཞེས་བྱ་བ་ནས། དམ་ཚིག་སྒྲུབ་པའི་མཆོག་བསྟན་པའི་ལེའུ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་དོ། །ལེའུ་བཅུ་གཉིས་པའི་བཤད་པའོ། ༈ །དེ་ནས་བཅོམ་ལྡན་ཞེས་བྱ་བ་ནས། མཆོད་དེ་རྡོ་རྗེ་དབྱངས་འདི་གསུངས། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །ཨེ་མའོ་སངས་རྒྱས་ཆུལ་རེ་བཟང༌། ཞེས་བྱ་བ་ནས། ཨེ་མའོ་


JLD004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཚུལ་རེ་བརྟན། ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །མ་སྐྱེས་པ་ཡི་ཞེས་བྱ་བ་ནས། རབ་ཏུ་བཤད་ཅེས་བྱ་བའི་བར་ནི་དགོངས་པ་མ་ཡིན་པས་བཤད་པའོ། །ཡིད་འོང་སྔགས་རྣམས་ཀུན་བསྡུས་པ། ཞེས་བྱ་བ་ནས། བཟླས་པ་མ་ནིང་ཞེས་བྱའོ། ཞེས་བྱ་བའི་བར་ནི་དགོངས་པས་བཤད་པའོ། །འདོད་ཆགས་དེ་ཉིད་ཅེས་བྱ་བ་ནས། ཇི་ལྟར་འདོད་པར་བསྟེན་ན་འགྲུབ། ཅེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། གཏི་མུག་དམ་ཚིག་ཅེས་བྱ་བ་ནས། གསོད་པའི་དོན་གྱིས་འགྲུབ་པར་འགྱུར། ཞེས་བྱ་བའི་བར་ནི་དྲང་བའི་དོན་དང༌། ངེས་པའི་དོན་དུ་བཤད་པའོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། ཞེས་བྱ་བ་ནས། བྱང་ཆུབ་བསྲུང་བའི་དོན་ཆེན་བྱ། ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་བཤད་པའོ། །ནམ་མཁའ་རྡོ་རྗེ་དབུས་གནས་པ། ཞེས་བྱ་བ་ནས། རྡོ་རྗེའི་སྔགས་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་པས་བཤད་པའོ། །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ནས། །ཆུ་ཡི་སྟེང་ནས་བཅག་པར་བྱ། །ཞེས་བྱ་བའི་ནི་སྒྲ་ཇི་བཞིན་པས་བཤད་པའོ། །རྐང་པ་མཉམ་གཞག་ཅེས་བྱ་བ་ནས། རྡོ་རྗེ་རྒྱ་མཚོ་རྐང་པས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་ནི་དགོངས་པས་བཤད་པའོ། །དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ནས། རྡོ་རྗེ་དམ་ཚིག་གནོད་མཛེས་རབ་ཏུ་འབྱུང་བ་ཞེས་པའི་ཏིང་ངེ་འཛིན་གྱི་བར་ནི་སྒྲ་ཇི་བཞིན་


JLD004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཤད་པའོ། །འགོག་པ་ཁྲོ་བོའི་འཁོར་ལོ་ནི། ཞེས་བྱ་བ་ནས། འགྲུབ་པར་འགྱུར་ཞེས་བྱ་བའི་བར་ནི་དྲང་བའི་དོན་དང༌། ངེས་པའི་དོན་དུ་བཤད་པའོ། །ལེའུ་བཅུ་གསུམ་པའི་བཤད་པའོ། ༈ །ལེའུ་བཅུ་བཞི་པ་ལས་འཕྲེང་བའི་སྔགས་བཅུ་གསུམ་གྱི་ལས་བསྒྲུབ་པ་རྣམས་དང༌། དེ་ལས་གཞན་པའི་ལས་ཀྱི་ཚོགས་རྣམས་ནི་སྒྲ་ཇི་བཞིན་པས་བཤད་པའོ། །བར་བར་ན་ལ་ལ་ནི་དགོངས་པས་བཤད་པ་ཡང་ཡོད་དོ། །ཞེས་པ་ནི། རིག་པ་འཛིན་པའི་བུ་མོ་མཆོག །གསེར་གྱི་རྣ་ཆ་གཡོ་བ་རྣམས། །སྔགས་ཀྱི་རིབ་པ་འདི་དང་ནི། དམ་ཚིག་ལ་སོགས་པ་ཡིས་དགུག །ཅེས་པའི་འོག་དང༌། ཡང་ན་ཁྲོ་བོ་ཐམས་ཅད་ནི། ཞེས་པ་གཉིས་ཀྱི་བར་གྱི། འགོག་པའི་རྡོ་རྗེ་རྒྱལ་པོ་ནི། ཞེས་པ་བཞི་དགོངས་བཤད་དུ་མཛད་པའོ། །དམ་ཚིག་ལ་སོགས་པ་ཡིས་དགུག །ཅེས་པ་བཤད་པའི་མཐར་འགྱུར་རྙིང་ལས་མ་བྱུང་ཡང༌། པ་ཚབ་དང༌། ཆག་འགྱུར་ལས། སྒྲ་ཇི་བཞིན་པའོ། །ཞེས་ལེའུ་འདིའི་མགོ་ནས། དེ་ཡན་ཆད་སྒྲ་ཇི་བཞིན་པར་བཤད་པ་ལེགས་སོ། །ཡང་པ་ཚབ་ཀྱི་འགྱུར་ལས། རྡོ་རྗེ་ཕུར་བུ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། ཞེས་པའི་མཐར་སྒྲ་ཇི་བཞིན་པའི། ཞེས་འབྱུང་ཞིང། དེ་ནས་ལེའུའི་མཚན་གྱི་བར་དགོངས་བཤད་དུ་བྱས་ཀྱང༌། འགྱུར་རྙིང་དང༌། ཆག་འགྱུར་ལས། ཕུར་བུ་ཆེན་པོས་བཀའ་སྩལ་ཏོའི་མཐར། །སྒྲ་ཇི་བཞིན་པའོ། ཞེས་པ་མེད་པར། སྔགས་ཀྱི་དེ་ཉིད་དོན་བསྡུས་པའོ། །ཞེས་པའི་མཐར་སྒྲ་ཇི་བཞིན་པའི། ཞེས་དང༌། ལེའུའི་མཚན་དགོངས་བཤད་དུ་འབྱུང་བ་འགྱུར་ལེགས་སོ། །དེ་བཞིན་དུ་ལེའུ་བཅོ་ལྔ་པ་དང༌། ལེའུ་བཅུ་དྲུག་པ་དང་། ལེའུ་བཅུ་བདུན་པ་ལ་ནི་རྡོ་རྗེའི་ཚིག་ལ་ལ་ནི་དགོངས་པས་བཤད་པའོ། །ལ་ལ་ནི་དགོངས་པ་མ་


JLD004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་བཤད་པའོ། །ཁ་ཅིག་ནི་སྒྲ་ཇི་བཞིན་པས་བཤད་པའོ། །འགའ་འགའ་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །ལ་ལ་ནི་དྲང་བ་དང་ངེས་པའི་དོན་དུ་བཤད་པ་ཅི་རིགས་སུ་ཡོད་དོ། །བཅོ་ལྔ་པ་ལ་རྒྱས་བཤད་དུ་མིང་འདོགས་གསལ་བར་བྱུང་བ་ལ་དགོངས་བཤད་ཡིན་མིན་གཉིས་ཙམ་བྱུང་ཡང་སྒྲ་ཇི་བཞིན་པ་མང་ངོ་། །བཅུ་དྲུག་པ་ལ་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་བྱུང་ངོ༌། །བཅུ་བདུན་པ་ལ་དགོངས་མིན་དང་སྒྲ་ཇི་བཞིན་པ་དང་ཚུལ་བཞིར་བཤད་པ་གཅིག་བྱུང་ངོ་། །དེ་ལྟར་གསུམ་ལ་རྒྱས་བཤད་ནས་དྲང་ངེས་ཀྱི་བཤད་པ་གསལ་བར་མ་བྱུང་ཡང༌། བཅུ་བདུན་པའི་ཡིག་སྤྱི་གཉིས་དྲང་དོན་དང་སྦས་མཐར་གཉིས་ངེས་དོན་ཡིན་པ་ལ་དགོངས་ནས་བསྡུས་དོན་དུ་དྲང་བ་དང་ངེས་པའི་དོན་ཏོ། ཞེས་གསུངས་སོ། ༈ །ཏེ། དེ་ལྟར་འདུས་པའི་མདོའི་ཚིག་དེ་དག་ནི་བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་མཐའ་རྣམ་པ་དྲུག་གིས་བསྟན་ཏེ། དགོངས་པས་གསུངས་པ་དང༌། དགོངས་པ་མ་ཡིན་པས་གསུངས་པ་དང༌། དྲང་བའི་དོན་གསུངས་པ་དང༌། ངེས་པའི་དོན་དུ་གསུངས་པ་དང༌། སྒྲ་ཇི་བཞིན་པ་དང༌། སྒྲ་ཇི་བཞིན་མ་ཡིན་པ་སྟེ། རྣལ་འབྱོར་གྱི་རྒྱུད་འདུས་པའི་རྩ་རྒྱུད་ནི་མཐའ་རྣམ་པ་འདི་དྲུག་ཏུ་ངེས་པ་ཡིན་ནོ། ༈ །སྔར་བཤད་པའི་རིམ་པ་འདི་ཉིད་ཀྱིས་ན་བཞུགས་པའི་ཚིག་ནས་བརྩམས་ཏེ། མཐའ་རྣམ་པ་དྲུག་ཏུ་བཤད་པ་དང༌། ཚུལ་རྣམ་པ་བཞིར་བཤད་པ་འདིས་གསང་བ་འདུས་པའི་དོན་ལ་རྡོ་རྗེ་འཆང་གིས་རྒྱས་བཏབ་པ་ཡིན་ལ་སྒོ་གཉིས་ཀྱིས་རྒྱས་བཏབ་པའི་དོན་དེ་མ་རྟོགས་


JLD004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཇི་བཞིན་པར་བཤད་པའི་སྒྲའི་དོན་ཙམ་ལ་བརྟེན་ཏེ། གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་ཆགས་པའི་སེམས་ཅན་རྣམས་སྲོག་གཅོད་སོགས་འགལ་བ་དང༌། མ་སྲིང་སོགས་ལ་བགྲོད་པའི་ཤིན་ཏུ་རྨད་དུ་གྱུར་པ་ཏེ། ཤིན་ཏུ་ངོ་ཚ་བའི་བྱ་བ་བྱེད་པས་ངན་འགྲོར་འགྲོ་བའི་ལས་ཀྱི་དབང་དུ་འགྱུར་རོ། ༈ །དེ་ལྟར་བཤད་པ་དེ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པའི་རྒྱུད་ལས་ཇི་སྐད་དུ་བཤད་པ་སྟེ། གསང་བའི་བདག་པོ་ཞེས་བོས་ནས་གཞུང་ཉུང་ལ་དོན་རྒྱས་པའི། །སངས་རྒྱས་སུ་འཁྲིད་པའི་ཚུལ་ཆེན་ཏེ་མཆོག་འདུས་པ་འདི་ནི་རྙེད་པར་གྱུར་ནས། །སྒྲ་ཇི་བཞིན་པའི་དོན་ཙམ་ཞིག་ནི་རྙེད་པ་བཟུང་བས། །ཏེ་ནས། བག་མེད་དུ་འཇུག་པ་དེ་བ ས་ན་ངན་འགྲོར་འཁྲིད་པའི་ལམ་ངན་པ་དག་ཏུ་ལྟུང་ངོ༌། རྒྱུད་དོན་མི་ཤེས་པ་དང་ཡོན་ཏན་གྱི་ཆོས་མ་ཐོབ་བཞིན་དུ་ཤེས་པ་དང༌། ཐོབ་པར་མངོན་པའི་ང་རྒྱལ་བྱེད་པ་ལ་རྟག་ཏུ་དགའ་བས། །རབ་ཏུ་དགའ་བ་སྟེ་གཟེངས་མཐོ་བ་དང་ལྡན་པ་ཡིས། །དོན་གྱི་རྣལ་འབྱོར་པ་ནི་བདག་ཅག་གོ་ཅེས་སྨྲ་ཞིང་། །ཆོས་བྱེད་པ་ནི་གཡོ་དང་རྒྱུ་ཡིས་ནི་བྱེད་པར་འགྱུར་རོ། །དེ་འདྲ་དེས་ནི་འདུས་པའི་དོན་མི་ཤེས་པར། །ཤེས་པ་ལྟར་བཅོས་ནས་འདུས་པར་གསུངས་པའི་སྲོག་གཅོད་དང་འདོད་པ་བསྟེན་པ་སོགས་ཀྱི དམ་ཚིག་ལ་སོགས་པ་ལ་སྤྱོད་པར་བྱེད་ལ། །སྣོད་མིན་ལ་རྒྱུད་དོན་གསང་བ་བསྲུང་བར་མི་བྱེད་ཅིང༌། །ཐམས་ཅད་དུ་སྟེ་གར་བབ་བབ་ཏུ་ནི་སྔགས་ཀྱི་ལམ་རབ་ཏུ་སྟོན། །པར་བྱེད་དོ། །ཁམངོན་སུམ་དང་ལྐོག་ཏུ་ཀསངས་རྒྱས་དང་


JLD004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཡི། །སློབ་དཔོན་ལ་སྨོད་གཅིང་བཀུར་བར་མི་བྱེད་དོ། །སྐད་ཅི་གིས་ནི་ཁོང་ཁྲོ་ཞིང༌། །དེ་བཞིན་སྐད་ཅིག་གིས་རྗེས་སུ་ཆགས། །པས་ཡིད་སྡང་བ་དང་ཆགས་པའི་དབང་དུ་འགྱུར་རོ། །མ་དང་སྲིང་མོ་བུ་མོ་སྟེ། །བགྲོད་པར་བྱ་བ་མིན་པ་ལ་ནི་འགྲོ་བ་དང༌། །ཕ་མ་གསོད་ཅིང་དེ་བཞིན་དུ། །སྲོག་ཆགས་གཞན་རྣམས་ཀྱང་གསོད་པར་བྱེད་པ་དང་། །དེ་བཞིན་དུ་རྫུན་གྱི་ཚིག་སྨྲ་ཞིང། །ཁྱད་པར་དུ་ཡང་རྐུ་བར་བྱེད། །གཞན་གྱི་ཆུང་མའི་ཐད་དུ་འགྲོ་ཞིང༌། །སྨད་པ་གཞན་བཤང་གཅི་ལ་སོགས་པ་ཟ་བ་ཡང་བྱེད་པར་འགྱུར་རོ། །ཟུང་འཇུག་གི་དེ་ཉིད་ཡེ་ཤེས་འབྱུང་བ་ཡི། །ངེས་དོན་གྱི དམ་ཚིག་རྣམས་ནི་སྒྲ་ཇི་བཞིན་ཙམ་ལ་བརྟེན་པ་དེས་མི་ཤེས་སོ། །ཉེས་པ་སྟེ་མི་རིགས་པ ཅུང་ཟད་ཙམ་བྱས་པ་ལ་ཡང༌། །བསད་ལས་སོགས་ཀྱི་མངོན་སྤྱོད་དག་ནི་བྱེད་པར་འགྱུར་ལ། །རིམ་གཉིས་ཀྱི་རྣལ་འབྱོར་ལ་རབ་ཏུ་སྦྱོར་བ་དམན་པ་ཡི། །སྔགས་པ་རྣམས་ཀྱིས་ནི་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །རྟག་ཏུ་ནང་རིག་པའི་སྡེ་སྣོད་ལས༌ ཕྱི་རོལ་ཏུ་འགྱུར་པའི་བསྟན་བཅོས་ལ་དགའ། ཞིང༌། བསྟན་བཅོས་དེ་ཡི་རབ་ཏུ་སྦྱོར་བ་ལ་མཁས་པ་ཙམ་དང༌། །རང་གི་གསང་སྔགས་ཀྱི་དམ་ཚིག་བསྲུང་བ་ཡོངས་སུ་སྦངས་ཏེ། །ལྕགས་ཀྱུ་མེད་པའི་གླང་པོ་ཆེ་བཞིན་དུ་སྤྱོད། །པར་བྱེད་དོ་སྔགས་བཟླས་པ་དང་ལྷའི་རྣལ་འབྱོར་གྱི་


JLD004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་སྦྱོར་བ་ཡིས། །བཟའ་བཏང་དང་ཟང་ཟིང་གཞན་གྱི་འཚོ་བ་དག་ནི་དེས་སྒྲུབ་པར་བྱེད་དོ། །ཁྱིམ་གང་དུ་བཤད་ན་རྙེད་པ་དང་བཀུར་སྟི་འཐོབ་པར་འགྱུར་བ་དེར། །གསང་སྔགས་ཀྱི་དམ་པའི་ཆོས་ནི་འཆད་པར་འགྱུར་རོ། །བསྔགས་འོས་བསྔགས་བསྟོད་ལས། མ་འོངས་པ་ཡི་འཇིགས་པ་དག །དེ་ཉིད་ནས་ནི་བྱུང་ཟིན་ཏོ། ཞེས་གསུངས་པ་ལྟར། །རྒྱུད་ལས་མ་འོངས་པའི་ཉེས་དམིགས་ལུང་བསྟན་པ་རྣམས་ད་ལྟའི་སྔགས་པར་ཁས་འཆེ་བ་ཕལ་མོ་ཆེ་ལ་ཤིན་ཏུ་བདེ་བའི་དུས་སུ་སྣང་བས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བག་ཡོད་པར་བྱོས་ཤིག །སྔགས་པར་ཁས་འཆེ་བའི་མ་འོངས་པའི་གང་ཟག་དེ་རྣམས་གཟུང་པར་བྱ་བའི་ཕྱིར་དུ། །གསང་བ་འདུས་པའི་དོན་རྒྱས་བཏབ་པ་རྣམས་དགོངས་པ་ལུང་སྟོན་གྱི ས་བཤད་པ་ཡིན་ནོ ། །ཞེས་བཤད་པ་སྟེ། ༈ ལེའུ་རེ་རེའི་གཞུང་འཆད་ཚུལ་འདིས་བཤད་ཅེས་པ་དང༌། །ལེའུ་རེ་རེས་དོན་འདི་སྟོན་ཞེས་པ་འདི་ནི་བསྡུས་པའི་དོན་གཉིས་བསྟན་པ་ཡིན་ནོ། ༈ །དེ་ལྟར་བསྡུས་པའི་དོན་གཉིས་བསྟན་ཟིན་ནས། ད་ནི་གཞུང་སོ་སོའི་ཡན་ལག་སྟེ་ཆ་ཤས་སོ་སོའི་གི་དོན་རྣམ་པ་དབྱེ་བའི་ཕྱིར་རྒྱུད་ཀྱི་ཚིག་དོན་བཤད་པ་ལ་འཇུག་པར་བྱ་སྟེ། ༈ འདུས་པ་འདིར་རྒྱུད་སྡུད་པར་བྱེད་པ ར་དབང་བསྐུར་བ་འཕགས་པ་ཕྱག་ན་རྡོ་རྗེས་སྟོན་པ་ལས་རྒྱུད་ཇི་སྐད་དུ་ཐོས་པ་རྣམས་ཐུགས་ལ་བཞག་ནས་མ་འོངས་པའི་གདུལ་བྱ་རྣམས་ལ་བསྟན་པར་བྱ་བའི་ཕྱིར། འདི་སྐད་བདག་གིས་ཐོས་པ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ༈ འདི་སྐད་ཅེས་བྱ་


JLD004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འདུས་པའི་རྒྱུད་ཀྱི་དོན་མ་ལུས་པ་འོག་ནས་འབྱུང་བ་འདི་ཁོ་ན་སྐད་དུ་ཐོས་པ ར་སྟོན་པའི་ཚིག་གི་ཕྲད་སཾ་པུ་ཊ་ལས་འདི་སྐད་ཅེས་བྱ་བའི་ཚིག་ཕྲད་ནི་དེ་སྐད་ཅེས་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ཀྱི་ཚོགས་ལ་སྙེགས་སོ། ཞེས་སོ། །དོ། །བདག་གིས་ཐོས་ཞེས་བྱ་བ་ནི་སྡུད་པ་པོ་བདག་ཉིད་ཀྱིས་སྟོན་པ་ལས་མངོན་སུམ་དུ་ཐོས་ཀྱི་སྟོན་པ་ལས་གཞན་པའི་སློངས་དག་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་པ་འོ་དང་།༣ ཞེས་བྱ་བ་ཐོས་པའི་ཤེས་རབ་ཀྱི་ཐོས་པ་ཡིན་གྱི་དོན་ཐམས་ཅད་མངོན་དུ་གྱུར་པའི་སྒོ་ནས་རྟོག་པ་ནི་མ་ཡིན་པ་སྟེ་སམ་བྷུ་ཊ་ལས་ཀྱང༌། བདག་ཉིད་ཀྱི་ཐོས་པའི་ཤེས་རབ་ཀྱིས་ཐོས་པ་ཡིན་གྱི་རྟོགས་ནི་མ་ཡིན་ནོ། །བཅོས་ལྡན་འདས་རྟོགས་པའི་སྐྱོན་གང་ལགས། བཅོས་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུད་པར་བྱེད་པ་དང་འཆད་པ་པོ་དག་དབྱེར་མེད་པར་འགྱུར་རོ། །ཞེས་སྟོན་པ་དང༌། སྡུད་པ་པོ་རྒྱུད་གཞན་པ་ལྟར་བཤད་པ། །དུས་གཅིག་ཅེས་པ་ནི་དུས་གཅིག་གི་ཚེ་ན་འདུས་པ་འདི་ཐོས་ལ་དུས་གཞན་དུ་ནི་རྒྱུད་གཞན་དག་ཐོས་པའོ། །ཡང་ན་ལན་ཅིག་གི་ཚེ་འདི་ཐོས་ཀྱི་དུས་གཞན་དུ་ནི་འདི་མ་ཐོས་པའོ། །ཡང་ན་དུས་གཅིག་སྟེ། སྐད་ཅིག་མ་གཅིག་ལ་འདི་ཐོས་པ།ཞེས་པ་སྟེ། གསུམ་པོ་འདི་དག་གི་དང་པོས་ནི་སྡུད་པ་པོ་བདག་ཉིད་ཐོས་པ་མང་བ་དང་གཉིས་པས་རྒྱུད་རྙེད་པར་དཀའ་བ་དང་གསུམ་པས་ཤེས་རབ་ཕུལ་དུ་བྱུང་བ་ཡིན་པར་རབ་ཏུ་སྟོན་ཏོ། །སཾ་བུ་ཊ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་གང་ཅུང་ཟད་གསུངས་པ་དེ་བདག་གིས་གཅིག་ན་ཞེས་བྱ་བ་ནི་དས་ཉིད་ལའོ། །གཅིག་


JLD004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཞེས་བྱ་བ་ནི། སྐད་ཅིག་མའོ་ཞེས་གསུངས་ཏེ། དུས་ཉིད་ལ་ཞེས་པ་ནི་གཅིག་ནའི་བཤད་པ་སྔ་མ་གཉིས་སོ། །ཁྱོད་ཀྱིས་ཐོས་ན་སྟོན་པ་གང་ལས་ཐོས། གནས་གང་དུ་ཐོས། འཁོར་གང་དང་ལྷན་ཅིག་ཏུ་ཐོས་ཞེས་པ་ལ་རྒྱུད་གླེང་བའི་གཞི་སྟེ་རྒྱུད་འབྱུང་བའི་རྒྱུ་གསུམ་པོ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟོན་པ་དང་གནས་དང་འཁོར་གསུངས་ཏེ། བཅོམ་ལྡན་འདས་ཞེས་པས་ནི་རྒྱུད་ཀྱི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། བྷ་ག་ཝན་ཞེས་པའི་བྷ་ག་ནི་སྐལ་བ་དང༌། ཝན་ནི་ལྡན་པ་ཡིན་པས་སྐལ་བ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་པ་ཉིད་ཀྱི་ཕྱིར་ན་སྐལ་ལྡན་ཏེ། འདས་ཞེས་པ་ནི་བྷ་ག་ཝན་ཞེས་པ་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ལ་ཡང་འཇུག་པས་དེ་དག་ལས་འདས་པར་བསྟན་པའི་ཕྱིར་དུ་སྔོན་གྱི་ལོ་ཆེན་རྣམས་ཀྱིས་བསྣན་པའོ་དང་།སྐལ་བ་དྲུག་ནི་སཾ་པུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང༌། དཔལ་དང་གྲགས་དག་ཡེ་ཤེས་དང༌། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། དྲུག་པོ་རྣམས་ལ་སྐལ་ཞེས་བྱ། ཞེས་ཕུན་སུམ་ཚོགས་པ་དྲུག་ལ་སྐལ་བར་གསུང་ཞིང། ལྡན་པའི་དོན་དེ་དྲུག་མངའ་བ་ལ་བཤད་དོ། །དེ་ལ་དང་པོ་ནི་སྒྲིབ་པ་ཐམས་ཅད་སྤངས་ཏེ། གཞན་ལ་རག་མ་ལུས་པའོ། །གཉིས་པ་ནི། དཔེ་མེད་པའི་མཚན་དཔེས་བརྒྱན་པའོ། །གསུམ་པ་ནི་འཁོར་འདས་ཀྱི་ཕུན་ཚོགས་འདོད་པ་རྣམས་ཀྱིས་བསྟེན་བྱའོ། །བཞི་པ་ནི། ཡོན་ཏན་གྱི་གཞིར་གྱུར་པས་ཕྱོགས་བཅུ་ཀུན་ཏུ་སྙན་པས་ཁྱབ་པའོ། །ལྔ་པ་ནི། ཤེས་བྱ་ཐམས་ཅད་ལ་དུས་ཐམས་ཅད་དུ་ཆགས་ཐོགས་མེད་པར་ཡེ་ཤེས་འཇུག་པའོ། །དྲུག་པ་ནི་སེམས་ཅན་གྱི་དོན་མཛད་པའི་བརྩོན་འགྲུས་སོ། །ཡང་བྷ་ག་ལ་ངེས་ཚིག་གིས་ཚུལ་གྱིས་ལྷག་ནི་བཅོམ་པ་སྟེ་མི་མཐུན་


JLD004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་སྒྲིབ་གཉིས་དང་ཉོན་མོངས་བའི་ཀུན་ནས་ཉོན་མོངས་པ་སོགས་གསུམ་དང༌། །ཕུང་པོའི་བདུད་སོགས་བཞི་མ་ལུས་པར་བཅོམ་པ་དང་བཅོམ་པ་དེ་འདི་ལ་ལྡན་པ ས་ན། བཅོམ་ལྡན་འདས་ཏེ་སྟོན་པ་དེ་ལས་ཐོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་གང་དུ་ཐོས་པའི་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། ཡུལ་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཡུལ་ཅན་གྱི་ཡེ་ཤེས་གཤེགས་པས་ན་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་སྟོན་པ་གཅིག་པུ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་ཟེར་བའི་རྒྱུ་མཚན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེའི་རྡོ་རྗེ་བཙུན་མོ་ནི་རྡོ་རྗེ་འཆང་ལ་བདེ་ཆེན་སྟེར་བའི་ཤེས་རབ་ཀྱི་དམིགས་པ་སྟོང་ཉིད་སྟེ། དེ་ཉིད་ལ་དམིགས་པས་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་འཇོམས་པས་ན། བྷ་ག་སྟེ་བཙུན་མོ་དང་བྷ་ག་གཉིས་སྐབས་འདིར་གཞི་མཐུན་དུ་བསྡུ། །དེ་མཚོན་བའི་བྷ་གའི་དབྱིབས་ཅན་གྱི་ཆོས་འབྱུང༌། དེར་བཞུགས་པ་ནི་བཙུན་མོ་དང་མཉམ་པར་


JLD004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་འཁོར་ལོས་སྒྱུར་བའི་ཆ་ལུགས་ཀྱིས་གནས་པར་མཛད་པ་སྟེ་གནས་དེར་ཐོས་སོ། །འདི་ནི་སྔོན་འབྱུང་གི་རྣམ་འཕྲུལ་ལྟར་བཤད་པའོ། སཾ་བུ་ཊ་ལས་ཀྱང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་དང༌། དེ་རྣམས་ཀྱི་སྙིང་པོ་དང༌། དེ་ཉིད་ཀྱི་རྡོ་རྗེ་དང༌། དེ་ཉིད་ཀྱི་བཙུན་མོ་དང༌། དེའི་བྷ་ག་དེ་ལ་བཞུགས་སོ། ཞེས་གསུངས་པས་འདིར་བཤད་པ་བཞིན། དེ་བཞིན་གཤེགས་པ་མན་ཆད་གནས་ཀྱི་ཁྱད་པར་དུ་སྦྱར་རྒྱུ་ཡིན་གྱི། བོད་ཁ་ཅིག་དེ་བཀག་ནས་སྟོན་པའི་ཁྱད་པར་ལ་ཡང་སྦྱོར་བ་མི་དོན་མ་རྟོག་པའོ། །ཡང་དེ་ཉིད་ལས། གང་གི་ཆོས་ཀྱི་འབྱུང་གནས་ལ་གང་གི་ཚེ་བཅོམ་ལྡན་འདས་བཞུགས་པ་དེའི་ཚེ་བདག་གིས་ཐོས་པའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་དབང་གིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འཇོམས་པ་དེའི་ཕྱིར་ཤེས་རབ་བྷ་གར་གསུངས་ཏེ་ཞེས་གསུངས་སོ་འོ་། ༈ །དེ་ཉིད་རྗེས་འཇུག་གི་ཉམས་ལེན་ལྟར་བཤད་ན་འདི་སྐད་དུ་སྟོན་པ་ཡིན་ཏེ། ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་དང༌། ཟླ་ཉི་པདྨ་གསུམ་འདྲེས་པ་ལས་བྱུང་བའི་ཟླ་བ འི་དཀྱིལ་འཁོར་དང༌། ས་བོན་ཡི་གེ་འབྲུ་གསུམ་དང་སྐབས་གང་ཡིན་གྱི་ཕྱག་མཚན་དང་། སྐབས་གང་ཡིན་གྱི་སྐུ་རྫོགས་པ་ལས་བྱང་ཆུབ་པ་ལྔ འི་རིམ་གྱི་བྱུང་ནས། བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྒྱུད་དང་སྒྲུབ་ཐབས་ལས༌ ཇི་སྐད་དུ་བཤད་པའི་གཞལ་ཡས་ཁང་གི་ནང་ན་བཞུགས་པའོ་ཞེས་བྱ་བ འི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གཉིས་བསྟན་པ་ནི་ཡི་གེའི་དོན་ཏེ་ཚིག་གི་དོན་ཐོབ་ཚོད་བཤད་པའོ་ཏོ་། །ཚོགས་པ་ལ་ཏེ་ཐུན་མོང་དུ་བཤད་པ ར་བྱ་བ། །དེ་ལྟར་ཡིག་དོན་གྱི་སྒོ་ནས་སྟོན་པ་དང༌། སྡུད་པ་པོ་རྒྱུད་ཐ་དད་པའི་ཚུལ་དུ་བཤད་པ་འདི་ནི་ཁ་སྦྱོར་གྱི་རྒྱུད་དང་མཐུན་ནོ། ༈ །ད་ནི་སྟོན་པ་དང་སྡུད་པ་པོ་རྒྱུད་གཅིག་


JLD004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྟན་ནས་སྤྱིའི་དོན་བཤད་པ་ནི། གླེང་གཞིའི་སྐབས་འདིར་སློབ་མས་སློབ་དཔོན་ལ་གསོལ་པ། དགོས་པ་འམ་:པ་ཚབ:དགོངས་པ་གང་གིས་ན་བཀའ་སྡུད་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་བསྡུས་པ་རྣམས་ལ་འདི་སྐད་བདག་གིས་ཏེ་ཨེ་ཝཾ་མ་ཡ་ཞེས་པ་ཁོ་ན་སྟོན་པར་བྱེད། ཅི་ཞིག་དགོས་ཏེ་མ་དགོས་ཏེ། ཨི་དཾ་མ་ཡ། འདི་དག་བདག་གིས་ཞེ་འམ་ཨི་ཡཾ་མ་ཡ་འདི་བདག་གིས་ཞེས་བྱ་བ་དང༌ ལ་སོགས་པ་ཨ་ཡི་མ་ཡ་ཞེས་པ ས་ཀྱང་སྟོན་པ་ལས་ཆོས་འདི་བདག་གིས་ཐོས་ཞེས་པའི་དོན་སྟོན་པར་ནུས་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན་ནོ་། ༈ །དེའི་ལན་སྨྲས་པ་དང་ཁཔོར་ཨེ་ཝཾ་སྟོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡར་གྱུར་པ་སྟེ་སངས་རྒྱས་ཉིད་ཀྱིས་ཡི་གེ་དེ་གཉིས་ཀྱི་བརྡ་ཐོག་མར་མཛད་པ་ཡིན་ལ། དེ་ཡང་དེ་གཉིས་ཀྱིས་ཤེས་རབ་དག་ཐབས་སྟོན་པ་སྟེ་མཚོན་པར་བྱེད་པ་ཉིད་ཀྱི་ན།དེའི་དོན་ནི་ཨེ་ཝཾ་གྱིས་ཐབས་ཤེས་ཁྱད་པར་ཅན་མཚོན་པ་འདྲ་བ། ཨི་དཾ་སོགས་ལ་མེད་ཅེས་པའོ། །ཀགསུང་རབ་ཀྱི་དང་པོར་བདག་གིས་ཐོས་པ་ཞེས་སོགས་སྟོན་པ་ན་ཨེ་ཝཾ་ཉིད་ངེས་པར་བརྗོད་དགོས་ཀྱི་ཨི་དཾ་སོགས་མི་བརྗོད་དེ་སོ་། ༈ །སློབ་གམས་གསོལ་པ། གལ་ཏེ་ཐོག་མར་སྨྲོས་པའི། ཨེ་ཝཾ་དེ་བཞིན་གཤེགས་པའི་བརྡ་ཡིན་པ་དེ་ལྟ་ན་ནི་འདི་སྐད་སོགས་སྨྲ་བ་པོ་སྟོན་པ་ཉིད་ཡིན་པས་འདི་སྐད་སོགས་རྒྱུད་སྡུད་པར་བྱེད་སྡུད་:ཆག:པར་བྱེད་པའི་མིན་པར་ཤེས་པར་བྱ་སྟེ་ཟེར། པའི་ཚིག་མིན་མེད༌་པར་ཤེས་པར་བྱའོ། །སྡུད་པ་པོའི་ཚིག་མིན་པ་དེས་ན་བདག་གིས་ཐོས་ཞེས་


JLD004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ལ། འདི་ལ་འདིས་ཐོས་ཞེས་པའི་ཚིག་འབྲེལ་པ་མེད་པར་འགྱུར་རོ་ཞེ་ན། ༈ །དེའི་ལན་སྨྲས་པ་དེ་ནི་བདེན་ཏེ་འདིར་སྡུད་པར་བྱེད་པ་ནི་མེད་དོ། །ཞེས་པའི་དོན་འདྲི་བ་པོས་སྟོན་པ་དང་སྡུད་པ་པོ་གཉིས་རྒྱུད་ཐ་དད་དུ་བཟུང་ནས། ཐོག་མའི་ཨེ་ཝཾ་སངས་རྒྱས་ཀྱི་གསུང་ཡིན་ན། སངས་རྒྱས་ལས་རྒྱུད་ཐ་དད་པའི་སྡུད་པ་པོའི་ཚིག་མ་ཡིན་པར་འགྱུར་རོ་ཞེས་པ་དེ་ནི་བདེན་ཏེ། འདུས་པ་འདིར་སངས་རྒྱས་ལས་རྒྱུད་ཐ་དད་པའི་རྒྱུད་སྡུད་པར་བྱེད་པ་ནི་མེད་དོ་ཞེས་པའོ། །སཾ་བུ་ཊ་ལས་ཀྱང༌། ཡང་ན་རྟོགས་པ་ཉིད་ནི་གདུལ་བྱའི་སྐྱེ་བོའི་དབང་དུ་མཛད་ནས་འཆད་པ་པོ་ཉིད། སྡུད་པར་བྱེད་པ་ཡིན་ཏེ། ཞེས་ཡང་ན་རྒྱུད་དོན་ཐམས་ཅད་མངོན་གྱུར་དུ་རྟོགས་པ་དང་འཆད་པ་པོ་ཉིད་ཀྱིས་སྡུད་པ་པོ་གདུལ་བྱའི་དོན་དུ་སྦྲུལ་བར་བཤད་དོ། །དེས་ན་སྡུད་པ་པོ་མཚན་ཉིད་པ་མེད་པར་འདོད་པ་མི་འཐད་དེ། དེ་ལྟ་ན་འཁོར་མཚན་ཉིད་པ་ཡང་མེད་པར་འགྱུར་བས་རྒྱུད་སྟོན་པ་པོ་ཡང་མཚན་ཉིད་པ་མེད་པར་འགྱུར་བ་དང༌། སྟོན་པའི་གསུང་དང་སྡུས་པ་པོའི་གསུང་གི་རྣམ་དབྱེ་མཛད་པ་ཡང་མི་འཐད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་མདོ་སྡེའི་ཕྱོགས་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུ་སྡེ་སྣོད་གསུམ་གྱི་བསྡུ་བ་མཛད་པར་གསུངས་པ་བཞིན་དུ། འདུས་པ་སོགས་ལ་ཡང་དེ་ལྟར་འདོད་པ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟ་ཡིན་ན་དགོངས་པ་ལུང་སྟོན་དང་རྡོ་རྗེ་འཕྲེང་བ་སོགས་བཀའ་བསྡུ་བ་པོས་བསྡུས་ཟིན་པའི་རྒྱུད་རྣམས་ལས་སྔོན་པ་ཉིད་ཀྱི་གླེང་གཞིའི་བཤད་པ་སོགས་མཛད་པ་མི་རིགས་པའི་ཕྱིར་རོ། ༈ །སློབ་མས་གསོལ་པ་སྟོན་པ་ལས་སྡུད་པ་པོ་རྒྱུད་ཐ་དད་པ་མེད་པ་འོ་ན་བཙུན་པ་ཀུན་དགའ་པོ་དང་ལ་སོགས་པས་ཕྱག་ན་རྡོ་རྗེ་དག་རྒྱུད་ཐ་དད་པའི་སྡུད་པར་བྱེད་པ ར་ཅིའི་ཕྱིར་འཇིག་རྟེན་དུ་གྲགས་ཞེ་ན། ༈ །ལན་སྨྲས་པ་ཀུན་དགའ་


JLD004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནི་བླ་མེད་ཀྱི་ཐེག་པ་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟེ། སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་ལ། སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཡང་ཕྱག་རྡོར་དེ་ཉིད་ལས་རྒྱུད་གཞན་མ་ཡིན་ཏེ། གཞན་དུ་ཀུན་དགའ་པོ་ཉན་ཐོས་དང༌། ཕྱག་རྡོར་བྱང་སེམས་སློབ་པ་ཡིན་ན་མདོ་སྡེ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་དང་:པ་ཚབ:རྡོ་རྗེ་ཐེག་པའི་གསུང་རང་རྣམས་དེ་བཞིན་གཤེགས་པ་ལས་ཕྱག་ན་རྡོ་རྗེས་ཐོས་ནས། ལྷག་ཆད་མེད་པར་ལན་ཅིག་གིས་འཛིན་པར་ག་ལ་ནུས་སྒྲུབ་བྱེད་དེར་མ་ཟད་བཅོམ་ལྡན་འདས་ཀྱིས་ཀྱང་དོན་འདི་ཉིད་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་ཏེ། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ། །འདི་ལྟ་སྟེ། འཇམ་དཔལ་ནི་རྒྱལ་པོ་ཆེན་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །སྟོན་པ་རྡོ་རྗེ་འཆང་ཆེན་པོའི་ཡུམ་དཔལ་ལྷ་མོ་ནི་གྲགས་འཛིན་ནོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་ནི་སྒྲ་གཅན་འཛིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ་ནི་ཤཱ་རིའི་བུའོ། །ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་བྱིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་སྟེ་རྡོ་རྗེ་འཆང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པར་གྱུར་ཏོ། ༈ །ལུང་ལས་གསུངས་པའི་རིགས་པ་སྟེ་ཚིགས་འདིས་ན་སྡུད་པར་བྱེད་པ་


JLD004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང༌། འཁོར་ཞེས་བྱ་བ་རྒྱུད་ཐ་དད་བསྟན་པ་ནི་ལས་དང་པོ་པའི་སེམས་ཅན་རྣམས་ཆོས་ལ་ཡིད་ཆེས་ནས་ལམ་ལ་འཇུག་པར་བྱ་བའི་ཕྱིར་དུ །སངས་རྒྱས་ཀྱི ས་རོལ་རོལ་མོ་དང་ཟློས་གར་གཉིས་ལ་སྐ་དོད་ཐུན་མོང་བ་ཡོད་ཀྱང༌། འདིར་ཟློས་གར་:པ་ཚབ:ལ་བསྒྱུར་བ་ལེགས་ཏེ། ཟློས་གར་མཁན་གཅིག་ཉིད་ཆ་ལུགས་སྣ་ཚོགས་སུ་བསྒྱུར་བ་བཞིན་དུའོ། །མོ་སྟེ་ཟློག་གར་འདི་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱིས་སྤྲུལ་པ་ཇི་ལྟར་བསྟན་པ་དེ་ལྟར་དོན་ལ་མེད་ཀྱང་དགོས་པའི་དབང་གིས་དེ་ལྟར་སྟོན་པའི་ཁུངས་འདིར་གསུངས་པ། སངས་རྒྱས་མར་མེ་ཤི་བ་ལྟར་མྱ་ངན་ལས་མི་འདའ་ཞིང། །དམ་པའི་ཆོས་ཀྱང་རྒྱུན་ཆད་ནས་ནུབ་པར་མི་འགྱུར་ཏེ། །ཞིང་ཁམས་གཅིག་ཏུ་དེ་ལྟར་བསྟན་ཀྱང་ཞིང་གཞན་དུ་མར་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་སྟོན་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཡིད་སྐྱོ་བ་ཆུང་བའི་སེམས་ཅན་རྣམས་ནི་མཛད་པ་དེ་བསྟན་པས་གདུལ་བར་བྱ་བའི་ཕྱིར། །དུ་མྱ་ངན་ལས་འདས་པ་དང་ཆོས་ནུབ་པར་འགྱུར་བ་ཉེ་བར་སྟོན། ནོ། །ཞེས་གསེར་འོད་དམ་པ་ལས་གསུངས་པའོ། ༈ །བདག་གིས་ཐོས་པ་སོགས་ཀྱི་གླེང་གཞི་སྟོན་པ་ན། ཨེ་ཝཾ་ཞེས་ངེས་པ་ཅན་དུ་སངས་རྒྱས་ཉིད་ཀྱིས་གསུངས་པ་དེ་བས་ན་འདི་སྐད་དེ་ཨེ་ཝཾ་ཅེས་བྱ་བའི་ཡི་གེ་གཉིས་ནི་ཤེས་རབ་དང་ཐབས་ཁྱད་པར་ཅན་ཀྱི་བདག་ཉིད་མཚོན་པ་ཡིན་པར་ངེས་ཏེ་དེ་ལྟ་མ་ཡིན་ན་སྟོན་པ་ལས་ཆོས་འདི་ཐོས་ཞེས་པའི་དོན་ནི་ཨི་དཾ་སོགས་ཀྱིས་ཀྱང་སྟོན་པར་ནུས་པས། ཨེ་ཝཾ་ཁོ་ན་སྨོས་པར་མི་རིགས་པའི་ཕྱིར་རོ་སོ་། ༈ །ཡི་གེ་གཉིས་ཀྱིས་ཐབས་ཤེས་མཚོན་པ་དང༌། དང་པོར་བསྟན་དགོས་པ་དང༌།


JLD004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱི་བརྡ་ཡིན་པ་དེ་དག་ཀྱང་རྒྱུ་མཚན་གང་ལས་ཤེས་ཤེ་ན། སྨྲས་པ། བཅོམ་ལྡན་འདས་ཉིད་ཀྱིས་འདུས་པའི་བཤད་རྒྱུད་ལྷའི་དབང་པོས་ཞུས་པ་ཞེས་བྱ་བ་ལས་གསུངས་ཏེ། ༈ །བརྒྱ་བྱིན་གྱིས་གསོལ་པ། ཅི་འདྲ་ཞིག་མཚོན་པའི་ཕྱིར་འདི་སྐད་ཅེས་བྱ་བ་སྟེ་ཨེ་ཝཾ་གྱི་ཡི་གེ་འདི། །གསུངས་པ་དང༌། རྒྱུ་མཚན་གང་གི་ཕྱིར་གསུང་རབ་ཀྱི་དང་པོར་རབ་ཏུ་སྦྱར། །བ་དང་། ཨེ་ཝཾ་འདི་ཅི་བདེ་བར་གཤེགས་པའི་གསུང་ཡིན་ནམ། །འོན་ཏེ་དེ་ལས་རྒྱུད་ཐ་དད་པའི་ཉན་ཐོས་ཀྱིས་ཏེ་སྡུད་པ་པོས་བཤད་པ་ཡིན་ནམ་ཅི། །བདག་གི་སོམ་ཉི་གསུམ་པོ་འདི་དག་ཀུན། །སྲིད་པ་ཟད་པའི་མཐར་ཕྱིན་པ་ཁྱེད་ཀྱི ས་བསལ་དུ་གསོལ། །ཞེས་ཞུས་སོ། །དམ་པའི་ཆོས་ཀྱི་ཕྱག་རྒྱ་ཨེ་ཝཾ་གྱི་ཡོན་ཏན་ཏེ་ཆེ་བ་སྨྲ་བ་འགྱུར་རྙིང་གི་དཔེ་ཁ་ཅིག་ལས་སྨྲ་བ་ཡི། ཞེས་འབྱུང་ཡང། “དཔེ་ཁ་ཅིག་ལས་ཡིས་ཞེས་པ་དང༌། :པ་ཚབ:དམ་ཆོས་ཡོན་ཏན་སྨྲས་གསན་ནས་ཞེས་བསྒྱུར་བ་ལྟར་བྱའོ109། །ཡི་སངས་རྒྱས་ཀྱི ས། །ལྷ་ཡི་དབང་པོས་ཞུས་པའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་བྱིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཁ བརྗོད་བྱ་གང་མཚོན་པ་དང༌། རྒྱུ་མཚན་གང་གི་ཕྱིར་ཀ ཤེས་བྱ་ཐམས་ཅད་གཟིགས་པ་ཡིས། །ག གསུང་རབ་ཀྱི་དང་པོར་འདི་སྐད་ཅེས་ཏེ་ཨེ་ཝཾ་གསུངས་པ། །དེ་ནི་གོ་རིམ་ཇི་བཞིན་དུ། །བཤད་པར་བྱ་ཡི། ལྷ་ཡི་དབང་པོས་མཉན་པར་གྱིས། །ཤིག་ཅེས་གསུངས་ཏེ། ཐམས་ཅད་གཟིགས་པ་ཡིས་གསུངས། ཞེས་


JLD004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲི་བ་གསུམ་པའི་ལན་བསྟན་ནོ། ༈ །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གི་ནི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི། །གསུང་རབ་ཀུན་གྱི་གཞི་ནི་དང་ཕ་མ ས་བུ་ཚ་བསྐྱེད་པ་ནི། །༡ཡི་གེ་གཉིས་སུ་ཇི་”ལྟ་བ་དེ་བཞིན་དུའོ་བསྟན༢། །ནོ་ཇི་ལྟར་ཞེ་ན།༥ཕ་མ་བཞིན་དུ་གཞིར་འགྱུར་ཚུལ་ནི་ཡི་གེ་ཨེ་ནི་མ་དང་འདྲ་བ ར་གྱུར་པ་ཡིན་ལ། །དེས་ནི་ཤེས་རབ་ཀྱི་ཡི་གེ་དབྱངས་བཅུ་དྲུག་མཚོན་ནོ། །ཡི་གེ་ཝ་ནི་ཕ་དང་འདྲ་བ་ཞེས་བྱ་བར་གྲགས། །ལ་དེས་ནི་ཐབས་ཀྱི་ཡི་གེ་གསལ་བྱེད་ས་གསུམ་མཚོན་ནོ། །ཝ་ཡི་ཐིག་ལེ་ནི་དབྱངས་གསལ་དེར་ནི་སྟེ་དེ་དག་མཉམ་པར་སྦྱོར་བ ར་འགྱུར་བ་མཚོན་པ་སྟེ། །སྦྱོར་ཚུལ་དེ་ནི་ཤིན་ཏུ་རྨད་དུ་བྱང་བ་སྟེ་ངོ་མཚར་པའོ། །ཞེས་པ་ནི་དཔེར་ན། མས་བུའི་རིགས་མི་འདྲ་བ་དུ་མའི་ཐུན་མོང་གི་རྐྱེན་བྱེད་ལ། ཕ་ཡིས་བུའི་རིགས་ཐུན་མོང་མིན་པའི་རྒྱུ་བྱེད་པ་དང༌། ཕ་མ་གཉིས་སྙོམས་པར་ཞུགས་པ་ལས་བུའི་ལུས་བསྐྱེད་པར་བྱེད་པ་དེ་བཞིན་དུ། དབྱངས་ཡིག་རྣམས་གསལ་བྱེད་སོ་སོའི་སྲོག་ཏུ་ཞུགས་པས་ཐུན་མོང་གི་རྐྱེན་བྱེད། །གསལ་བྱེད་ཀྱིས་ཐུན་མོང་མ་ཡིན་པའི་རྐྱེན་བྱེད། དབྱངས་གསལ་ཕན་ཚུན་སྦྱར་བ་ལས་མིང་ཚིག་དང༌། ངག་གི་ཚོགས་རྣམས་རིམ་གྱིས་བྱུང་སྟེ་གསུང་རབ་འགྲུབ་པའོ། །ཡང་ཡི་གེ་གཉིས་བརྗོད་བྱ་ལ་སྦྱར་ན། རིམ་པ་བཞིན་དུ། དོན་དམ་ཤེས་རབ་དང༌། ཀུན་རྫོབ་ཐབས་ཀྱི་ཕྱོགས་གཉིས་དང༌། ཐིག་ལེ་ནི་དེ་གཉིས་ཟུང་དུ་འབྲེལ་བར་སྦྱོར་བས་རྨད་དུ་བྱུང་བ་སྟེ། དེ་གཉིས་ན་སྔགས་དང་ཕར་ཕྱིན་གྱི་ཐེག་པ་གཉིས་ཀའི་ཐུན་མོང་བའི་སྤྱི་དོན་ནོ། ༈ །ཡང་ཨེ་གྲུ་གསུམ་ནི་དེ་དག་དབྱིབས་མཐུན་པ་འདུ་བྱས་པའི་རིག་མའི་པདྨ་ཞེས་བཤད་ལ། ཝ་ཡིག་ཟླུམ་པོ་ནི་དེ་དང་དབྱིབས་མཐུན་པ་གཙོ་བོའི་ང་རྒྱལ་འཆད་བའི་ཡབ་ཀྱི་རྡོ་


JLD004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ནོར་བུ་ཉིད་ཡིན་ནོ། །ཝ་ཡི་ཐིག་ལེ་ནི་རྡོ་རྗེ་དང་པདྨ་སྦྱར་བ་དེར་ནི་བྱུང་བའི་ས་བོན་ཏེ། །གཞི་ལ་སྦྱར་ན་ས་བོན་དེ་ལས་འགྲོ་བ་རབ་འབྲིང་ཐ་མ་གསུམ་པོ་རྣམས་སྐྱེ། །ལ། བསྐྱེད་རིམ་ལ་སྦྱར་ན་གཤེགས་པ་དང་སེམས་དཔའ་དང་ཁྲོ་བོ་རྣམ་པ་གསུམ་སྐྱེའོ། ༈ །ཡང་ཨེ་ཡིག་གྲུ་གསུམ་གྱི་ནི་རྣམ་ཐར་སྒོ་གསུམ་གྱི་ངོ་བོར་གྱུར་པའི་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་ཉིད་དུ་གྱུར་བ་སྟེ་ཤེས་རབ་མཚོན་ལ། །ཝ་ནི་རབ་ཏུ་སྟེ་མཆོག་ཏུ་དག འ་བ འི་དགའ་བ་རྣམས་ཀྱི་བདག་པོ་སྟེ་གཙོ་བོ་ལྷན་ཅིག་སྐྱེས་པའི་དཀའ་བ་མཚོན་ནོ་འོ་། །ཝ་ཡི་ཐིག་ལེ་ནི་བདེ་སྟོང་དེ་གཉིས་མི་ཤིགས་པ་སྟེ་མི་ཕྱེད་པར་སྦྱོར་བའི་དེ་ཉིད་དེ། །ལམ་དེ་གོམས་པར་བྱས་པ་ལས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཡི་གེ་རྣམས་ཉིད་ཀྱང་སྐྱེ། །བ་སྟེ་དེ་རྣམས་ཀྱི་ཆོས་འཁོར་ལོ་བསྐོར་བར་འགྱུར་རོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་དང༌། དེ་ལ་བརྟེན་ནས་བདེ་སྟོང་སྦྱོར་བ་དེ་ནི་རིམ་པ་གཉིས་ཀའི་ཐུན་མོང་བ་ཡིན་པས་སྤྱི་དོན་ནོ། །དེས་ནི་བརྗོད་བྱ་གང་མཚོན་པའི་ཕྱིར་དུ། ཡི་གེ་གཉིས་གསུངས་ཞེས་དྲིས་པའི་ལན་བསྟན་ནོ། ༈ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་ལ་རྒྱས་འདེབས་པའི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །པོའི དེ་ཁོ་ན་ཉིད་ཤེས་པ་སྡང་བཤད་པ་ལྟར གང་གིས་ཤེས། །བ་དེ་ནི་རིང་པར་མི་ཐོགས་པར་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་པའི་སངས་རྒྱས་སུ་འགྱུར། །རོ། འགྲོ་བ་སྟེ་གདུལ་བྱ་གང་གིས་ཡི་གེ་གཉིས། །ཀྱི་དེ་ཉིད་མི་ཤེས་པར་རྟག་ཏུ་འདོན་པ་དག །དེ་ནི་སངས་རྒྱས་ཀྱིས་གསུངས་


JLD004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་མེད་ཀྱིས་ཆོས་རྣམས་ལས། །ཕྱི་རོལ་དུ་གྱུར་བ་ཡིན་ཏེ་ཐབས་ཤེས་དབྱེར་མེད་དུ་སྦྱོར་བ་སྤངས་བའི་དཀའ་ཐུབ་པ་བྱི་པའི་དྲང་སྲོང་བཞིན། །:པ་ཚབ:ནོར་ལྡན་ཕོངས་སྦྱོད་སྤངས་པ་བཞིན། །ཞེས་པ་ལྟར་ན་ནོར་དང་ལྡན་ཡང་རང་གི་ལོངས་སྦྱོད་པ་སྤངས་པ་བཞིན་ཞེས་པའོ། །ནོ། ༈ །གང་གི་ཕྱིར་ཨེ་ཝཾ་གྱི་ཡིག་གེ་གཉིས་ཀྱི་དོན་དག་པའི་སྒྱུ་མ་ཟུང་འཇུག་ལ། །རྒྱུད་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་འབྲས་བུའི་སྐབས་འདིར་བཞུགས་པས། །དམ་ཁཆོས་བསྟན་པའི་ཐོག་མར་ནི། །ཨི་དཾ་སོགས་མ་བརྗོད་པར་ཨེ་ཝཾ་ཁོ་ན་དེཀའི་ཕྱིར་གརབ་ཏུ་བཤད་དོ། །སྔར་བཤད་པ་རྣམས་ཀྱི་དོན་བསྡུ་ན། ཆོས་ཀྱི་ཕུང་པོ་ཞེས་པ་ནས། །རྨད་དུ་བྱུང་བའོ་ཞེས་པས་གསུང་རབ་ཀུན་ཡི་གེ་གཉིས་ལས་འགྲུབ་པ་དང༌། དེ་ཀུན་གྱི་བརྗོད་བྱ་ཡི་གེ་གཉིས་ཀྱི་དོན་དུ་འདུ་བར་བསྟན་པས། ཨེ་ཝཾ་གྱིས་གསུང་རབ་ཀྱི་ཚིག་དོན་ཐམས་ཅད་ལ་རྒྱས་འདེབས་པར་བསྟན་ཏེ་ཐུན་མོང་བའོ། །དེ་ནས་ཨེ་ནི་པདྨ་ཞེས་པ་ནས། །ཡི་གེ་ཉིད་ཀྱང་སྐྱེ་ཞེས་པའི་བར་ཀྱི་ཚིགས་བཅད་དང་པོས་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དང༌། དེ་གཉིས་སྦྱར་བས་བདེ་ཆེན་འདྲེན་ཚུལ་བསྟན་ནོ། །ཚིགས་བཅད་གཉིས་པས་རྟགས་ཀྱི་ཨེ་ཝཾ་སྦྱར་བས་དྲངས་པའི་ལམ་གྱི་ཨེ་ཝཾ་བདེ་སྟོང་སྦྱོར་བ་བསྟན། དེ་ནས། ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། ཞེས་པ་གཉིས་ཀྱིས་ཐོབ་བྱ་འབྲས་བའི་ཨེ་ཝཾ་སྟོན་ཏེ། གང་ལ་བརྟེན་ནས་དེ་ཁོ་ན་ཉིད་འཚོལ་བའི་གསུང་རབ་ཀྱང་ཨེ་ཝཾ། དེའི་དོན་གོ་རྒྱུ་ཡང་ཨེ་ཝཾ། གོ་བ་ལ་བརྟེན་ནས་བསྐྱེད་པར་བྱ་བའི་ལམ་ཡང་ཨེ་ཝཾ། ལམ་བསྒོམས་པས་ཐོབ་པར་བྱ་བའི་འབྲས་བུ་ཡང་ཨེ་ཝཾ་དུ་འདུས་པས་ན། ཨི་དཾ་སོགས་ཀྱིས་མཚོན་པར་མི་ནུས་པའི་ཐབས་ཤེས་ཁྱད་པར་ཅན་རྣམས། ཨེ་ཝཾ་གྱིས་མཚོན་ནུས་པའི་རྒྱུ་


JLD004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱིས་གསུང་རབ་ཀྱི་དང་པོར་བདག་གིས་ཐོས་པ་སོགས་བརྗོད་པ་ན། ཨི་དམ་སོགས་མ་སྨོས་པར། ཨེ་ཝཾ་ཉིད་སྨོས་པ་འདི་ལྟར་རྟོགས་ན་ཤིན་ཏུ་ངོ་མཚར་བ་སྐྱེད་པར་བྱེད་དོ། ༈ །ཐབས་ཤེས་ཁྱད་པར་ཅན་རྣམས་ཨེ་ཝཾ་གྱིས་ལེགས་པར་མཚོན་པ་དེ་བས་ན་བརྒྱ་བྱིན་ལྷ་ཡི་བདག །པོ་ཞེས་བོས་ནས། ཁྱོད་གལ་ཏེ་རྟག་པ་སྟེ། གང་ཐོབ་ན་སླར་མི་ལྡོག་པའི་གནས་ཏེ་གོ་འཕང་མཐར་ཐུག་པར་འདོད་ན། །ཡིག་གེ་གཉིས་ཀྱིས་མཚོན་པའི་དོན་རིམ་པ་བཞིན་དུ་བདེ་བ་ཆེན་པོ་འོད་གསལ་གྱི་ཡེ་ཤེས་དང༌། དག་པའི་སྒྱུ་མ་འཇའ་ལུས་ཀྱི་སྐུ་གཉིས་མི་ཕྱེད་པར་སྦྱོར་བ་དྲན་པར་བྱ་ཞིང། །ཆོས་ཕུང་ཇི་སྙེད་གསུངས་པ་ཐམས་ཅད་ཀྱི་གནད་མཐར་ཐུག་པ་དམ་པའི་ཆོས་ཨེ་ཝཾ་གྱི་དོན་ལ་ཨུད་ཏར་བླ་མ་དང་ཕྱི་མ་དང་མཆོག་ལ་འཇུག་པ་ལས། འདིར་མཆོག་ལ་བྱས་ན་ལེགས་པས། བླ་མར་ཏེ་མཆོག་ཏུ་ཤེས་པར་གྱིས། །ལ་དེའི་དོན་ཉམས་སུ་ལེན་པ་ལ་འབད་པར་གྱིས་ཤིག་ཅེས་པའོ། །འདུས་པའི་ཕྱོགས་མཐུན་གྱི་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་ལས་ཀྱང༌། ལྷ་མོ་ལས་བྱུང་བདེ་དང་ལྡན། །འཇའ་མཚོན་ལྟར་གསལ་རྒྱུད་དག་པ། །སྣང་བའི་སྐུ་དེ་མི་ཤིགས་པ། །རྡོ་རྗེ་ང་ཡིས་ཡང་དག་བསྒྲགས། ཞེས་དང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །མཚན་གྱི་དོན་ནི་འདི་དོན་དུ། །ཡང་དག་འདུས་པར་ངས་བཤད་དོ། །གཞན་དུ་དོན་ནི་མ་བསྒྲགས་པར། །བླ་མ་ལ་ནི་གུས་པ་ཡིས། །སློབ་མ་ལ་ནི་མ་གཏོགས་པ། །རྒྱུད་གཞན་དག་ཏུ་སྤས་པའོ། དོན་འདི་ཡང་དག་མ་ཤེས་ན། །ཇི་སྙེད་དོན་ནི་བསམ་ཡས་པ། །ཤེས་ཀྱང་དེ་ཡི་འབྲས་བུ་མེད། །དེ་འདོད་མཉེས་བྱས་ཡང་དག་བླང༌། ཞེས་གསུངས་སོ། །དེ་ལ་མི་ཤིགས་པ་ནི་མི་ཕྱེད་པ་སྟེ་རྡོ་རྗེའི་དོན་དུ་བསྒྲགས་པ། བདེན་གཉིས་ཁྱད་པར་ཅན་མི་ཕྱེད་


JLD004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱར་བའོ། །གཞན་དུ་ཞེས་པ་གསུམ་གྱི་དོན་ནི། །དོན་གོང་མ་དེ་བླ་མ་ལ་སྙིང་ནས་གུས་པའི་སློབ་མ་མིན་པ་ལ་མི་བཤད་པའོ། །གཞན་དུ་མ་བསྒྲགས་པའི་གཞན་དེ་བླ་མེད་ཀྱི་རྒྱུད་གཞན་མང་པོར་སྤས་པའོ། །དེ་ནས་བཞིས་དོན་དེ་མ་ཤེས་ན་གཞན་མང་པོ་ཤེས་ཀྱང་ངལ་བ་འབྲས་མེད་པས། དེ་འདོད་བས་བླ་མ་མཉེས་པར་བྱས་ལ་དོན་དེ་བླང་དགོས་པར་སྟོན་ནོ། ༈ །ཨེ་ཝཾ་གྱི་དོན་ལྷའི་དབང་པོས་ཞུས་པ་ལས་གསུངས་པར་མ་ཟད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཚིག་ལྷག་མ་རྣམས་ཀྱི་དོན་ཀྱང་བཤད་པའི་རྒྱུད་ལས་བསྟན་པ་ལ་འཇུག་པར་བྱ་སྟེ།བཤད་པའི་རྒྱུད་ནི་སྐལ་ལྡན་གྲགས་པས། རྡོ་རྗེ་འཕྲེང་བ་ལས་ཞེས་བཤད་པ་ནི་རྒྱུད་དེ་ཞིབ་ཏུ་མ་མཐོང་བར་སྣང་ངོ་། །དེས་ན་ཀྱང་གི་སྒྲའི་ནུས་པ་དང་ཡི་གེ་གཉིས་བཤད་མ་ཐག་པའི་འཕྲོ་འཆད་པ་ཡིན་པས་ལྷའི་དབང་པོས་ཞུས་པ་ལ་བྱའོ། །འཁོར་ལོ ས་བསྒྱུར་སྤྲུལ་འགྱུར་གསར་གཉིས་དང་འགྲེལ་བཤད་གཉིས་ཀ་ལ་བསྒྱུར་བ་ཞེས་འབྱུང་གི་སྤྲུལ་པ་མེད་དོ། །བའི་ངོ་བོའི་ང་རྒྱལ་འཛིན་པའི་སྒྲུབ་པ་པོ་ལ་ན། །བདག་གིས་ཞེས་གསུངས་སོ། །ཐོས་པ་ཞེས་གསུངས་པ་ནི་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་ཀྱི་ཏེ་། །ས་བོན་འཛག་པ་སྟེ་སཾ་ཕུ་ཊ་ལས། ཤྲུ་ཞེས་བྱ་བ་ནི་འཇོག་པར་གསུངས་སོ། །ཞེས་ཐོས་པའི་སྐད་དོད་ཤྲུ་ཏའི་ཤྲུའི་དོན་ས་བོན་འཇོ་པ་ལ་མཛད་དོ། །འཛག་པ་དེ་ཡི་ངོ་བོས་གང་སྤྲུལ་བ་ནི། །ཡུམ་གྱི་པདྨར་བསྐྱེད་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །ཡིན་ནོ། །དེ་ལྟར་སྤྲུལ་པའི་དུས་ནི་ཡབ་ཡུམ་མཉམ་པར་སྦྱར་བ་ལས་མཆོག་ཏུ་དགའ་བ་བསྐྱེད་ནས་བྱང་སེམས་ཡུམ་གྱི་པདྨར་ཞུགས་པའི་དུས་གང་ཡིན་པ་ཡིན། །པ་དེ་ལ་ནི། དུས་གཅིག་ན་ཞེས་རྩ་རྒྱུད་ལས་བཤད་པ་ཡིན། ནོ། །དབང་ཕྱུག་བརྒྱད་ཀྱི་བདག་ཉིད་


JLD004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི ས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་བྷ་ལ་བཞུགས། །སོ་ཞེས་པ་ནི་བཞུགས་པ་དེར་ནི་ཞེས་པར་འཆད་དོ། །འདུས་པ་འདི ར་ནི་སྒྲུབ་པ་པོ་ཡི་ཕུང་པོ་ལྔ་ནི་རྒྱལ་བས། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་བཞིན་:པ་ཚབ:གཤེགས་པ་ཐམས་ཅད་འདིར། །རྒྱལ་བས་ཕུང་པོ་ལྔར་གསུངས་སོ་ཞེས་འབྱུང་ལ་ཆག་འགྱུར་ཡང་དེ་དག་དོན་འདྲའོ། །ཞེས་གསུངས་སོ། །སྒྲུབ་པ་པོའི་ཕུང་པོ་ལྔ་པོ་དེ་ཡི་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ནི་སྐུ་དང་གསུང་དང་ཐུགས།དེ་ཡི་:ཆག:བདག་ཉིད་སྐུ་གསུང་ཐུགས། སྙིང་པོ་རྡོ་རྗེ་བདེ་ཆེན་འདི། ཞེས་འབྱུང་ལ། པ་ཚབ་ཀྱི་འགྱུར་ཡང་དེ་དང་འདྲའོ། །སོ །༼ཁ༽རྡོ་རྗེ་ནི་༼ཀ༽ཐུགས་ཏེ་སྙིང་པོ་༼ག༽འདིར་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བདེ་བ་ཆེན་པོ། འདིའོ། །བཙུན་མོ་ནི་ལེགས་པར་སྦྱངས་པ་སྟེ་ལྷ་མོར་སྐྱེད་ནས་ལུས་ལ་ལྷ་བཀོད་པའི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། །ལེགས་པར་སྦྱངས་པ་སྟེ་ཨཱཿ་ལས་པདྨར་བསྐྱེད་པའི་ཡུམ་གྱི་པདྨ་ནི་བྷ་ག་ཡིན། ནོ། །དེ་ལ་བཅོམ་ལྡན་འདས་བཞུགས་ཞེས་པའི། བཅོམ་ལྡན་འདས་ནི་༼ཁ༽རྡོ་རྗེ་འཛིན་པའི་ངོ་བོར་མོས་པའི་པདྨ་༼ཀ༽དེར། །ཐིག་༼ག༽ལེའི་གཟུགས་ཡིན་ལ་དེའི་གཟུགས་ཀྱིས་གནས་པ་ནི་བཞུགས་པ་འོ། ༈ །སྤྱི་དོན་གྱི་སྐབས་འདིར་ཡུམ་གྱི་པདྨར་གནས་པའི་ཐིག་ལེའི་གཟུགས་ཀྱི་བཤད་པ། །ལྷ་མོ་བཞིས་ཞུས་པ་ལས་གསུངས་པ་ནི་ཆ་ནི་དབྱངས་ཡིན་ལ། གཉིས་པ་ནི་ཨཱའོ་དགུ་པ་ནི་མ་ནིང་བཞི་དོར་བའི་ཨ་ནས་བགྲངས་པའི་ཨོ་ཉིད་དུ་ཀྱིས་ཉིད་ཀྱིས་ཞེས་པ་ཉིད་དུ་བྱའོ། །བཤད། །མ་ནིང་བཞི་དོར་བའི་ཨ་ནས་བགྲངས་ན་དབྱངས་བཅུ་གཉིས་དང༌། ཀ་ཙ་ཊའི་


JLD004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པའི་ཡི་གེ་བཅོ་ལྔ་སྟེ་ཉེར་བདུན། ཏ་སྡེའི་དང་པོ་གསུམ་བསྣན་པས་སུམ་ཅུ་སྟེ་དེའི་ཐ་མ་ནི་དའོ། །དེའི་འོག་མ་ངྷ་ནས་བགྲངས་ན་བཅུ་པ་ལའོ། །དེའི་འོག་མ་ཝ་ནས་བགྲངས་ན་ལྔ་པའི་ས་བོན་ཧ་ཉིད་དེ། །མདོར་ན་ཨ་ནས་བགྲངས་པའི་ཞེ་ལྔ་པ་ཧ་ཐུ་བའི་དོན་ཡིན་གྱི། ད་དང་ལ་ཐུ་བ་མིན་ནོ། །དེ་ལྟར་ཨཱ་དང་ཨོ་དང་ཧ་གསུམ་པོ་གཞིར་བཞག་པའི་དང་པོ་ཨཱ་ལ། ཆ་གཉིས་ཏེ་རྣམ་བཅད་ཀྱིས་བརྒྱན་པས་ཨཱཿ།ཨོ་ལ་པ་སྡེའི་ལྔ་པ་མ་ཡིག་གིས་ཕྱེ་བ་སྟེ་བརྒྱན་པས་ༀ་མོ། །ཧ་ལ་དབྱངས་ཡིག་དྲུག་པ་ཨཱུ་ཡི་ས་ཕྱེ་བ་སྟེ་བརྒྱན་པ་ལས། །ཧཱུའོ། །དེ་ལ་སླར་ཡང་ལྔ་པ་མ་ཡིག་རྗེས་སུ་ང་རོར་བྱས་པའི་ཧཱུཾ་སྟེ། དེ་ལྟ་བུ་ལས་བྱུང་བ འི་འབྲུ་གསུམ་འདི་ནི་ཡུམ་གྱི་པདྨར་ཕྱུང་བའི་ཐིག་ལེ་ཡིན་ཞེས་བཤད། ཅེས་བྱ་བ་སྟེ་འདི་ན་རབ་ཏུ་སྒྲོན་གསལ་དང་སྙིང་གི་མེ་ལོང་ལྟར་བཤད་པའོ། དེ་ནི་ཐིག་ལེ་ཆ་སོ་གཉིས་ལས་འབྲུ་གསུམ་སོ་གཉིས་སུ་གྱུར་ཏེ་པདྨར་ལྷ་རྣམས་བསྐྱེད་པའི་དོན་ནོ། །ཡབ་ཡུམ་མཉམ་པར་སྦྱར་བ་ལས་ལྷ་བསྐྱེད་པ་ཙམ་ནི་རིམ་པ་གཉིས་ཀ་ལ་ཡོད་པས་སྤྱིའི་དོན་ཏོ། ༈ །སྟོན་པ་དང་གནས་ཀྱི་ཚིག་རྣམས་ཡི་གེ་དང་སྤྱིའི་དོན་གྱིས་སྔར་བཤད་པར་མ་ཟད་སླར་ཡང་ཚིག་དེ་རྣམས་སྦས་པའི་དོན་དུ་བཤད་རྒྱུད་ཀྱི་ལུང་གིས་བཤད་པ༌ ༈ རྩ་རྒྱུད་ལས་ཨེ་ཞེས་པའི་འགྱུར་གསར་གཉིས་ལས། ཨེ་ཡིག་ཤེས་རབ་ཅེས་འབྱུང་བ་ནི། ཨེ་ཀ་ར་ཞེས་འབྱུང་བའི་ཀ་ར་ཡི་གེར་བསྒྱུར་བ་ཡིན་ཀྱང་འདི་དང་དོན་འདྲའོ། །བུཁ་ཅིག་ཨེ་ཀ་ཞེས་འབྱུང་ཞིང༌། དེ་ནི་གྲངས་དང་གྲོགས་མེད་པ་དང༌། གཞན་པ་དང༌། གཙོ་བོའི་དོན་བཞི་ལ་འཇུག་པ་ལས་འདིར་ཕྱི་མ་ཡིན་ལ་འགྱུར་ཡང་ཤེས་རབ་དམ་པ་གཅིག་དང་ཡང༌། ཞེས་བཅོས་ལ་བཤད་དོ་ཞེས་ཟེར་བ་ལྟར་ན། ཨེ་ཀའི་དོན་གཅིག་གི་གྲངས་ལ་བསྒྱུར་བས་རང་གི་བཤད་པ་


JLD004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགལ་ལ་ལེགས་པར་ཡང་མི་སྣང་ངོ༌། །ཨེ་ནི་ཤེས་རབ་མཚོན་པར་བྱེད་པ་ཡིན་ལ་དེ་ཡང་སྐབས་འདིར་ཤེས་རབ་དམ་པ་སྣང་བ་མཚོན་པར་བྱེད་པ་སྟེ། འདོད་ཆགས་དང་བྲལ་བ་དང་སོགས་པས་ཆགས་བྲལ་བར་མ་ནས་ཕྲག་དོག་གི་བར་གྱི་སྐད་ཁཅིག །ཅེས་པ་ནི་སྣང་བ་ལས་རང་བཞིན་རྣམས་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་འཛུམས་ཀྱི་ཚད་ཙམ་དུ་འབྱུང་བར་སྤྱོད་བསྡུས་ལས་གསུངས་པ་ལྟར་རོ། །བདགཀ །སྟེ་བདག་ཉིད་དམ་རང་བཞིན་གྱི་རྟོག་པ་སོ་གསུམ་གའདོད་པ་ལ་སོགས་པའི་སྲིད་པ་གསུམ་ན་ཉམས་སུ་མྱོང་བའི་སྒོ་ནས་ཡོངས་སུ་ཤེས་པའི། །༼ཁ༽སེམས་སྣང་བ་འདི་ནི་༼ཀ༽རྩ་བར་རྒྱུད་ལས་༼ག༽རྣམ་པར་བསྟན་ནོ། །ཝཾ་ལ་ཤྭ་སྟཾ་ཞེས་པ་བསྣན་པས་འོད་མ་འགྲེང་བ་སྟེ་དེ་ལྟ་བུ ར་མཛེས་པ་སྟེ་ཡིད་དུ་འོང་ཤིང༌། །འདོད་ཆགས་དང་ལ་སོགས་པ ས་ཞེན་པ་ནས་གྱ་གྱུའི་བར་གྱི་རང་བཞིན་གྱི་རྟོག་པ་བཞི་བཅུ་རབ་ཏུ་བསྐྱེད་པའི་ནུས་པ་དང་ལྡན། །པ་སྟེ་སྣང་བ་མཆེད་པའི་རྣམ་པར་ཤེས། །པ་ཞེས་པའི་མིང་ཅན་ནི་ཐབས་ཞེས་བྱ་བ་ཡིན། ནོ། །མ། ལ་ཧཱ་བི་དྱཱ་བསྣན་པ་ནི་རིག་པ་ཆེན་པོ་ཞེས་པ་འོད་གསལ་ལོ། །འོད་གསལ་རང་ཉིད་ཀྱི་རྩ་བ་ནི་མ་རིག་པའོ། །ཞེས་སྦྲེལ་བས་ཉེར་ཐོབ་བསྟན་ཏེ། སྔ་མ་གཉིས་ལ་རིམ་པ་བཞིན་ཤེས་རབ་དང་ཐབས་དང༌། རང་རང་གི་རང་བཞིན་གྱི་རྟོག་པ་བསྐྱེད་པར་བསྟན་པའི་ཤུགས་ཀྱིས། འདི་ནི་སེམས་སེམས་བྱུང་གི་ཐབས་ཤེས་འདྲེས་པ་དང༌། ཆགས་པ་བར་མ་སོགས་རང་བཞིན་གྱི་རྟོག་པ་བདུན་བསྐྱེད་པ་ཡང་ཤེས་པར་བྱ་སྟེ། དེ་རྣམས་ཀྱིས་ནི་སྣང་བ་གསུམ་གྱི་ངོ་བོ་བསྟན་ནོ་སྟེ་། ༈ །ད་ནི་སྣང་བ་གསུམ་གྱི་གོ་རིམ་སྟོན་པ་ལ་གཉིས་ལས། སྐྱེ་བ་ལུགས་བཟློག་གི་རིམ་པ་ནི། འོད་གསལ་རང་ཉིད་ནི་མ་རིག་


JLD004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་བའོ་ཞེས་སྦྱར་རོ། །དུས་ནམ་གྱི་ཚེ་སྙམ་ན་སྣང་བ་གསུམ་ལུགས་ལས་ལྡོག་པའི་ཚུལ་གྱིས་སྐྱེ་བའི་ཚེ་ན་འོད་གསལ་ལས་མ་རིག་པ་འབྱུང་བ། །འོད་གསལ་ལས་མ་རིག་པ་འབྱུང་བ་དེ་བཞིན་དུ་མ་རིག་པ་ལས་ཀྱང་སྣང་བ་མཆེད་པ་འདི་འབྱུང༌། །ཞིང་སྣང་བ་མཆེད་པ་དེ་ལས་སྣང་བ་འབྱུང་བའོ། །:ཆག: གཞན་ལས། མ་རིག་པ་ལས་སེམས་བྱུང་འབྱུང༌། །དེ་ལས་སྣང་བ་འབྱུང་བའོ། ཞེས་པ་གསལ་ལ། འགྱུར་གསར་གཉིས་ཀ་ལས་ཀྱང་དེ་ལས་ཞེས་པ་ཡོད་ལ། རྒྱུ་མཚན་གྱི་ཚིག་མི་ཐོང་བས་འགྱུར་རྙིང་གི་དཔེ་ཁ་ཅིག་ལས། དེ་བས་ཞེས་མ་དག་གོ །མ་རིག་པ་ལས་འོད་གསལ་འབྱུང་བ་ནི་འོག་འདི་ཉིད་ནས་སྟོན་པས། མ་རིག་པ་ལས་ཀྱང་འདི་འབྱུང་ཞེས་པས་མ་རིག་པ་ལས་འོད་གསལ་འབྱུང་བར་སྟོན་པ་མིན་ནོ། །ཐིམ་པ་ལུགས་འབྱུང་གི་རིམ་པ་ནི། ཡཱ ལ་ཏི་བསྣན་པ་ནི་འགྲོའོ་ཞེས་པའོ། །འགྲོ་ཚུལ་ཇི་ལྟར་ཞེ་ན། རྣམ་ཤེས་དང་པོ་སྣང་བ་གང་དུ་འཇུག་པ འམ་འགྲོ་བ་ནི། །སྣང་བ་གཉིས་པར་སྣང་བ་མཆེད་པའི་མིང་ཅན་དུ་ཐིམ་ནས་འགྲོ་བ སྟེ། །སྣང་བ་མཆེད་པ དེ་ནི་སྣང་བ་གསུམ་པ་སྟོང་པ་ཆེ ན་པོར་འཇུག་ལ། །ཉེར་ཐོབ་དེ་ཡང་འོད་གསལ་བར་འགྲོ་བ་སྟེ་ཐིམ་པར་འགྱུར་རོ་འོ་། །ངོ་བོ་དང་གོ་རིམ་གཉིས་པོ་ནི་ལམ་དང་གཞིའི་སྐབས་གཉིས་ཀ་ལ་ཡོད་ཀྱང༌། །ཐོག་མར་གཞི་ལ་ཇི་ལྟར་གནས་པ་བསྟན་ནས། དེའི་འོག་ཏུ་དེ་དང་མཐུན་པར་ལམ་བསྐྱེད་ཚུལ་བསྟན་ན་གོ་བ་ཆེའོ། ༈ །ཤྲུ་ལ་ཏཾ་བསྣན་པ་ནི་ཐོས་པའོ། །གང་ཐོས་ན་སྣང་པ་གསུམ་གྱི་མཚན་ཉིད་ཅན། །ཁགང་དུ་ན་འདུས་པའི་སྐོར་འདིར་ཐོས་སོ། །རྣམ་ཤེས་གསུམ་པོ་ཐོས་པ། གཅི་ལྟར་ཐོས་ན་སེམས་ཅན་གྱི་ཁམས་ནི་མ་ལུས་པའི། །རང་བཞིན་བརྒྱད་ཅུའི་རྩ་བ་ནི་སྣང་བ་


JLD004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འདི་ཡིན་ནོ། །སྣང་བས་རང་བཞིན་སྐྱེད་པ་འདི་ནི་ཐིམ་པ་ལུགས་འབྱུང་གི་སྐབས་མ་ཡིན་ཏེ། །སྣང་བའི་སྔོན་དུ་རླུང་ཐིམ་པའི་དུས་སུ་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཐིམ་པའི་ཕྱིར་རོ། དེས་ན་སྐྱེ་བ་ལུགས་བཟློག་གི་སྐབས་ཡིན་ལ། དེའི་ཚེ་ཡང་སྟོང་པ་གསུམ་དང་རང་བཞིན་རྣམས་སྤེལ་ཏེ་སྐྱེ་བ་མིན་གྱི་སྣང་བའི་རྗེས་སུ་སྐྱེ་བ་ཡིན་ནོ། ཏཾ་ནི་དེ་ནི་ཞེས་པའོ༡། །དེ་ནི་རེ་རེའི་དོན་སྣང་བ། །དེ་ཡང༌། :པ་ཚབ:སོ་སོ་སོ་སོར་དོན་སྣང་དེ། ཞེས་པ་ལྟར་ལེགས་པས། དབང་པོའི་ཤེས་པ་སོ་སོ་ལ་དོན་ཏེ། ཡུལ་ལྔ་སོ་སོར་སྣང་བ་དེ་ནི་དབང་ཤེས་ཀྱི་བཞོན་པའི་རླུང་གིས་བླངས་ནས་ཏེ་བསྐྱོད་ནས་རྣམ་ཤེས་ཀྱི་ཡུལ་འཛིན་པར་བྱེད་ལ། །རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི། །དུས་རྟག་ཏུ་འགྲོ་བ་ལ་གནས་པར་འགྱུར། རོ། །འདིས་ནི་རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་ངེས་པར་རླུང་གྲོགས་སུ་དགོས་པར་སྟོན་གྱི། དབང་ཤེས་སྣང་བ་གསུམ་དུ་སྟོན་པ་དང༌། དེ་རྣམས་རླུང་གི་དབང་གིས་ཡུལ་ལ་འཇུག་པར་སྟོན་པ་མིན་ནོ། །འདི་ནི་སྐྱེ་སྲིད་དུ་སྐྱེ་བ་བླངས་པའི་མཇུག་ཏུ་ཡུལ་ལྔའི་སྣང་བ་སྐྱེ་བར་སྟོན་པ་ལ་སྦྱོར་རྒྱུ་ཡིན་ཏེ་འཆད་པར་འགྱུར་རོ། །ཨེ་ལ་ཥ་བསྣན་པ་ནི་འདི་ཞེས་པའོ། །ལས་ཀྱི་རླུང་འདི་:པ་ཚབ:རླུང་གི་ཁམས་ནི་ཆེན་པོ་སྟེ། ཟེར། ནི་རིམ་ལྔར་རླུང་ཞེས་བྱ་བ་ལས་ཀུན་བྱེད། ཅེས་གསུངས་པས་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། ནོ། །བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས་རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་འགྲོ་བ་སྟེ་འབྱུང་བ ར་འགྱུར། རོ། །འདིས་ནི་སྣང་བ་རྣམས་ལས་རང་


JLD004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་རྟོག་པ་སྐྱེ་བར་བསྟན་པ་དེའི་སྐྱེ་ཚུལ་གསལ་བར་མཛད་དོ། །འབྱུང་བ་བཞི་དང་ཕུང་པོ་ལྔ་ལ་སོགས་པའི་སྐྱེ་ཚུལ་འདི་རྣམས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལམ། རྣམ་པར་ཤེས་པ་དེའི་བཞོན་པ་རླུང་ངོ༌། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང༌། །སྐྱེ་མཆེད་དྲུག་དང༌། ཡུལ་ལྔ་སྟེ་ཞེས་པ་དང༌། སྣང་བའི་རྒྱུས་རང་བཞིན་རྣམས་ཡང་དག་པར་འབྱུང་ངོ༌། ཞེས་གསུངས་པ་བཞིན་དུ་བཤད་དགོས་སོ། །རྒྱུད་དེར་འོད་གསལ་ལས་སྣང་བ་གསུམ་འབྱུང་བར་བསྟན་པའི་འོག་ཏུ་རླུང་ལ་སོགས་པ་སྐྱེ་བར་བཤད་པས། རྣམ་ཤེས་ཀུན་རྟོག་གི་བཞོན་པ་ནི། ལུགས་བཟླག་གི་སྣང་བ་ཐ་མ་ལས་སྐྱེ་སྟེ། འདི་རྣམས་ནི་མངལ་སྐྱེས་ཀྱི་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་སྐབས་སོ། ༈ །ཀ་ལ་ཀ་རྱ་ཊ་བསྣན་པ་ནི་སྲ་བའོ། །ཉིང་མཚམས་སྦྱོར་བའི་ཚེ། སྲ་བའི་ཁམས་དང་ཆུ འི་ཁམས་ཉིད་དང༌། །དེ་བཞིན་དུ་མེ འི་ཁམས་དང་རླུང་གི་ཁམས་དག་ནི། །ཡིད་ཀྱི་རྣམ་པར་ཤེས་པས་བླངས་པ་སྟེ་བཟུང་ནས་སུ། །འགྲོ་བ་མཆོག་འབྲིང་དམན་གསུམ་གྱི་སྲིད་པ་གསུམ་གྱི་གནས་སུ་སྐྱེ་བར་འགྱུར། རོ། །འདིར་རྒྱུད་གཉིས་ཀ་ལས། རླུང་མེ་ཆུ་ས་བཞི། སྔ་མ་ལས་ཕྱི་མ་རིམ་ཅན་དུ་སྐྱེ་བར་གསུངས་པ་ནི། ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་མཚམས་སྦྱར་བའི་ཚེ། འབྱུང་བ་བཞི་ཀ་དུས་གཅིག་ཏུ་ཡོད་པས་འབྱུང་བ་སྔར་མེད་གསར་དུ་རིམ་ཅན་དུ་སྐྱེ་བ་མིན་གྱི། ཤེས་པའི་རྟེན་བྱེད་པ་ལ་ནུས་པ་ཇེ་རགས་སུ་སོང་བའི་འབྱུང་བཞི་སྔ་མ་ལས་ཕྱི་མ་སྐྱེ་སྟེ་རྣམ་པར་ཤེས་པས་བླངས་པའི་དོན་ཀྱང་དེ་ལྟར་རོ། ༈ །སྨིན་ལ་ཨ་བསྣན་པ་ནི་འདིའོ། །སྔར་བཤད་པའི་འབྱུང་བ་བཞི་པོ་འདི་འདི་ཡོད་:པ་ཚབ:ན་ནི་འདུས་བྱས་ཀྱི། མཚན་ཅན་ཡག་པོ་ལྔ་འབྱུང་སྟེ་ཟེར། ཡོད་ན་ནི་ཁཕུང་པོ་ལྔ་པ་རྣམས་སུ། །འབྱུང་བ་སྟེ་ཀའདུས་བྱས་ཀྱི་མཚན་ཉིད་ཅན་


JLD004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནི། །ག ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་ཚོར་བ་དང འདུ་ཤེས་དང་འདུ་བྱེད་དང༌། །རྣམ་པར་ཤེས་པའི་ཕུང་པོ་ཉིད་ནི་ཕུང་པོ་ལྔ་པའོ། ༈ །ས་ལ་མ་ཏཱ་བསྣན་པ་ནི་མཉམ་ཉིད་དོ། །མཉམ་པ་ཉིད་དང་སོ་སོར་རྟག་པ་དང༌། བྱ་བ་སྒྲུབ་པ་ཉིད་དང་ནི། །མེ་ལོང་ལྟ་བུ་དང་ནི་ཆོས་ཆོས་དབྱིངས་:པ་ཚབ:རྣམ་ཤེས་ལྔ་པའོ་ཟེར། ཀྱི་དབྱིངས་ཀྱི་། ། ༼ཁ༽འདི་ནི་༼ཀ༽རྣམ་ཤེས་༼ག༽ལྔ་འདི་ནི་རྣམ་གཞག་ནས་གསུངས་པ་ལྟར་གཞི་དུས་ཀྱི་ཡེ་ཤེས་བཞི་དང་ལྔ་པ་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་གནས་གྱུར་གྱི་རྒྱུའོ། །པོ་ཡིན་ན། ༈ །མ་ནི་མཱ་ན་ཞེས་པ་ཡིད་དོ། །མངལ་དུ་མིང་གཟུགས་གྲུབ་པའི་རྐྱེན་གྱིས་ཡིད་ཀྱི་སྐྱེ་མཆེད་ཉིད་དང་ནི། །མིག་དང་དེ་བཞིན་དུ་རྣ་བ་དང༌། །སྣ་དང་ལྕེ་དང་ལུས་ཀྱི་སྐྱེ་མཆེད་དྲུག་རྣམས་སྐྱེ་ཏེ། །འདི་ནི་མངལ་དུ་སྐྱེ་མཆེད་དྲུག རྣམས་འབྱུང་བའོ། །ཡིད་ལུས་ཀྱི་སྐྱེ་མཆེད་གཉིས་སྔ་ནས་གྲུབ་ཀྱང༌། དྲུག་ཀ་ཚང་བ་ཕྱིས་འབྱུང་བའི་དབང་དུ་བྱས་སོ། །འབྱུང་བ་དེ་རྣམས་ལས་ཕུང་པོ་ལ་སོགས་པ་འབྱུང་བར་གསུངས་པ་ཡང༌། །སྔར་ཐོབ་མ་ཟིན་པ་རྣམས་ནི་གསར་དུ་འབྱུང་ལ། ཐོབ་ཟིན་པ་རྣམས་ནི་མངལ་དུ་རྫོགས་པར་འགྱུར་བའོ། །འབྱུང་བ་དེ་རྣམས་ལས་ཡུལ་ལྔ་སྐྱེ་བར་གསུངས་པ་ནི། དེ་ནི་རེ་རེའི་དོན་སྣང་བ་ཞེས་པའི་སྐབས་སུ་བཤད་པ་དེ་ཡིན་ནོ། ༈ །ཡེ་ལ་ཝེ་བསྣན་པ་ནི་གང་ཡང་ངོ༌། །གང་ཡང་ས་འོག་ས་སྟེང་ས་བླ་བའི་ཁམས་གསུམ་པའི་སེམས་ཅན་རྣམས། །སྲོག་:ཆག:གི་དང་རྩོལ་བ་རླུང་འབྱུང་འཇུག་ལ་བརྟེན་པའི། །ཉིན་མཚན་ཀུན་ཏུ་རླུང་གི་གདངས་ཀྱི་ༀ་ལ་སོགས་པའི་གསང་སྔགས་ཀྱི་རྒྱལ་པོ་བཟློས་བཞིན་དུ། །དེ་ལྟར་


JLD004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ངོ་མི་ཤེས་པས་དེའི་ངན་ལ་སེམས་པའི་བསམ་གཏན་དང་ངེས་དོན་གྱི་སྔགས ཀློག་པ་སྟེ་ཟློ་བའི་རྡོ་རྗེ་བཟླས་པ་ལ་བརྩོན་པ་སྤངས། སོ། །དེའི་ཕྱིར་རང་ལ་རང་ཆས་སུ་གནས་པ་དེ་བླ་མའི་མན་ངག་གིས་ཤེས་པར་གྱིས་ལ་སྲེག་རྩོལ་གྱི་རྒྱལ་པོ་རྡོ་རྗེ་བཟླས་པ་ལ་འབད་པར་གྱིས་ཤིག །རྡོར་བཟླས་ཀྱི་སྐབས་སུ། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། ཞེས་རིག་མ་ལ་ལོངས་སྤྱོད་པ་གསུངས་པ་ལ་བསམ་ནས། འདིས་འདོད་ཆགས་ཆོས་སྦས་བསྟན་པར་སྐལ་ལྡན་གྲགས་པས་འདོད་པ་ནི་མི་ལེགས་ཏེ། འདིར་འདོད་ཆགས་ཆོས་སྦས་ལ་སྦྱོར་བ་ནི་གཞུང་གིས་བསྟན་པ་ལ་བྱེད་པ་ཡིན་པའི་ཕྱིར་དང༌། གཞུང་འདིས་དེ་མི་སྟོན་པའི་ཕྱིར་རོ། །དེས་ན་ངག་དབེན་སྟོན་པ་ལ་སྦྱར་རོ། ༈ །བྷ་ལ་བནྟི་བསྣན་པ་ནི་འབྱུང་ངོ་ཞེས་པའོ། །འབྱུང་བ་སྣང་བ་གསུམ་པོ འདི་ལས་ཁརང་བཞིན་གྱི་རྟོག་པ་རྣམས་སླར་ཡང༌། །འབྱུང་བ་ནི་སྔར་བཤད་པ་ལྟར་རོ། །ཀཆགས་དང་ཆགས་མེད་ལ་སོགས་པའི ། །ག རང་བཞིན་གྱི་རྟོག་པ་དེ་ལས་ཉོན་མོངས་པ་རྣམས་དང༌། དེ་ལས་བདེ་འགྲོ་དང་ངན་འགྲོར་འཁྲིད་པའི་དགེ་བ་དང་མི་དགེ་བ འི་ལས། །སོག་གོ །ལས་གཉིས་པོ་དེ་ལས་སླར་ཡང་འཆི་བའི་འོད་གསལ་ལས་བར་དོ་གྲུབ་ནས་མངལ་ལ་སོགས་པར སྐྱེ་བ་འབྱུང་བ་ཡིན། །པས་འཁོར་ལོ་བསྐོར་བ་བཞིན་དུ་སྔར་ཕུང་པོ་དང་ཁམས་དང་ནང་གི་སྐྱེ་མཆེད་དྲུག་དང༌། རང་གི་རྒྱུད་དུ་གཏོགས་པའི་ཡུལ་ལྔ་དང༌། དེ་ལྔ་འཛིན་པའི་དབང་ཤེས་རྣམས་སྐྱེ་བའི་མཐར་སྦྱར་བ་ནི་སྔར་གྱི་སྐྱེ་བ་ལུགས་བཟློག་གི་རིམ་པ་རྒྱས་པར་བཤད་པའོ། །དེ་ལྟར་ལས་བསགས་པའི་མཐར། འཆི་བ་ལ་ཕྱོགས་པ་ན་ས་ཆུ་ལ་དང༌། ཆུ་མེ་ལ་དང༌། མེ་རླུང་ལ་དང༌། ཀུན་རྟོག་གཡོ་བའི་རླུང་སྣང་བ་ལ་དང༌། དེ་མཆེད་པ་ལ་དང༌། དེ་ཉེར་ཐོབ་ལ་དང༌། དེ་འཆི་


JLD004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོད་གསལ་དུ་ཐིམ་པ་ནི་སྔར་གྱི་ཐིམ་པ་ལུགས་འབྱུང་གི་རིམ་པ་ཡིན་ནོ། །འཁོར་རོ། །ག་དེ་ལྟར་གཞི་ལ་ཀུན་རྟོག་གཡོ་བའི་རླུང་ཐིམ་མ་ཐིམ་གཉིས་ལས་ཐིམ་པ་ནས་སྟོང་པ་རྣམས་འཆར་ཞིང༌། དེ་ལ་ཡང་སྣང་བའི་རླུང་ཐིམ་མ་ཐིམ་གཉིས་ལས་ཐིམ་པ་ན་སྟོང་པ་གསུམ་འཆར་ཏེ། ལུགས་འབྱུང་དུ་ཐིམ་པ་ན་རླུང་གིས་གཡོ་བ་ཇེ་ཞན་དུ་འགྲོའོ། །སྣང་བ་རྣམས་ཀྱི་རླུང་ཐིམ་པ་ན་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་འཆར་ལ། ཡང་རེ་ལས་རླུང་ཇེ་ཆེ་ཇེ་ཆེར་གཡོས་པ་ན་སྐྱེ་བ་ལུགས་བཟློག་གི་སྟོང་པ་རྣམས་འཆར་བ་དེ་ཇི་ལྟ་བ་བཞིན་དུ་ཟབ་མོའི་ཐབས་ལ་བརྟེན་ནས། ས་ཆུ་ལ་ཐིམ་པ་ལ་སོགས་པའི་རིམ་པས་སེམས་དབེན་གྱི་སྟོང་པ་རྣམས་བསྐྱེད་པ་ལ། ལུས་དབེན་དང་ངག་དབེན་རྡོར་བཟླས་དང༌། འདོད་ཆགས་ཆོས་སྦས་གསུམ་ལས། ངག་དབེན་ནི་བཤད་ཟིན་པས། སྐབས་འདིར་ལུས་དབེན་དང༌། འོག་ནས་འདོད་ཆགས་ཆོས་སྦས་སྟོན་ནོ། ༈ །ལ་ཏི་བསྣན་པ་ནི་འགྲོ་བའོ། །རིགས་དྲུག་གི་འགྲོ་བར་རང་རང་གི་སྐྱེ་གནས་སུ་འབྱུང་བའི་ཕུང་པོ་ལྔ་ཡང༌། །གཟུགས་རྣམ་སྣང་སོགས་སངས་རྒྱས་ལྔ་ཡི་བདག་ཉིད་:ཆག:སངས་རྒྱས་ལྔའི་བདག་ཉིད་སླར་ཟེར། ཏེ། །དེ་ལྔ་རེ་རེ་ལ་སླར་ཡང་རིགས་ལྔའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཞེས། །པའི་མིང་གིས་རབ་ཏུ་བསྐུལ་བ་སྟེ་:པ་ཚབ:གསུངས་པ་ཡིན། །ཞེས་པ་འདིས་ཕུང་པོ་ལྔ་རིགས་ལྔར་བསྒོམས་པའི་ཕུང་པོའི་ལུས་དབེན་བསྟན་ནོ། ༈ །ཝཱན་གྱི་ཝ་ལ་ཡུ་བསྣན་པ་ནི་རླུང་ངོ༌། །རླུང་དང་མེ་དང་ཆུ་དང་ས འི། ཁམས་བཞི་ནི་སྤྱན་དང་ལ་སོགས་པ་ས་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་བཞི་པོ འི་ངོ་བོར་བསྒོམས་པ་སྟེ། །བསྒོམས་ཚུལ་ནི་མན་ངག་ལྟར་འོག་སྒོའི་ཕྲ་མོ་བསྒོམས་པ་ལ་བརྟེན་


JLD004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཉམ་གཞག་ཏུ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་ཁབདག་ཉིད་ཅན་ཀགསུམ་གྱི་བདེ་སྟོང་དབྱེར་མེད་དུ་བསྐྱངས་པའི་མཐར་རྗེས་ཐོབ་ཀྱི་སྐབས་སུ་མཉམ་གཞག་གི་ཉམས་མྱོང་དྲན་ནས་ཡུལ་དུ་སྣང་བ་ཀུན་ཡེ་ཤེས་གསུམ་གྱི་གདུ། །ཤེས་པར་བྱ ས་ནས་བསྒོམས་པས་སངས་རྒྱས་ཀྱི་བྱང་ཆུབ་ཚེ་འདི་ཉིད་ལ་སྟེར། །ཏེ་ཁམས་བཞི་རེ་རེ་ཡང་སྔར་ལྟར་རིགས་ལྔར་བསྒོམས་པའི་ཁམས་ཀྱི་ལུས་དབེན་ནོ། ༈ །ས་ལ་རྦ་བསྣན་པ་ནི་ཐམས་ཅད་དམ་ཀུན་ནོ། །༼ཁ༽ཐམས་ཅད་ཀྱི་༼ཀ༽རང་ཉིད་དེ་བཞིན་གཤེགས་པའི ༼ག༽ལུས། །ཏེ་སྐུར་བསྒོམ་མོ། །དེ་བཞིན་གཤེགས་པ་ཀུན་གྱི་སྐུར་སྒོམ་ཚུལ་ནི། རང་ལྷར་བསྒོམས་པའི་སྐུ་ཕྱག་ཆེན། གསུང་ཆོས་རྒྱ་ཐུགས་དམ་རྒྱ་འཕྲིན་ལས་ལས་ཀྱི་ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང༌། །སྟེ་རྒྱས་བཏབ་ནས་བསྒོམས་པའོ། །༤མིག་དང་ལ་སོགས་པ ས་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པའི་བདག་ཉིད་དུ་བསྒོམ་པར་བྱ་སྟེ་དབང་པོའི་ལུས་དབེན་ནོ། །རྒྱུད་ཕྱི་མ་ལས་སེམས་དཔའ་དང་སེམས་མ་བཅུ་བདུན་བཤད་པའི་སྐབས་སུ། སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་རླུང་ནམ་མཁའ་ཞེས་གསུངས་ལ། དེ་ཡང་འཁོར་ཕུན་ཚོགས་ཀྱི་འགྲེལ་པར། ཆོས་དབྱིངས་རྡོ་རྗེ་ཀུན་བཟང་དང༌། ནམ་མཁའི་རྡོ་རྗེ་འཇམ་དབྱངས་ལ་བཤད་པ་ལྟར་བྱ་དགོས་པས། སྐབས་དེར་དབང་པོ་དྲུག་པ་ཡིད་དབང་བྱམས་པ་ལ་བྱ་དགོས་ཤིང༌། རྡོ་རྗེ་ཕྲེང་བ་དང་སྤྱོད་བསྡུས་ལས། འཇམ་དཔལ་ཡིད་དབང་དུ་བཤད་པས་ཡིད་དབང་ལ་རྒྱལ་སྲས་གཉིས་ཏེ་འདིར་ཀུན་བཟང་ཁ་བསྐང་ངོ༌། །རང་ལྷར་བསྒོམ་པ་དེར། །༣ས་སྙིང་དང་ལ་སོགས་པས་ཕྱག་རྡོར་དང་ནམ་སྙིང་དང་འཇིག་རྟེན་དབང་ཕྱུག་དང་སྒྲིབ་སེལ་དང་འཇམ་དབྱངས་རྣམས་རིམ་པ་བཞིན་དུ་རྒྱལ་བའི་སྲས། པོ། །


JLD004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨ་རྦ་ནྟི་ནི་:ཆག:འདུལ་བའོ༡། །རོལ་པས་གདུག༢་པ་འདུལ་བས་དགའ་བ་སྟེ་དགྱེས་པ གང་ཡིན་པའི། །ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ་༼ག༽རྣམས། །༼ཁ༽དེ་༼ང༽ནི་༼ཀ༽ཕྱོགས་དང་མཚམས་བཅུ་བསྲུང་བའི་ངོ་བོ་རུ། །གནས་པ་༼ཅ༽དཔུང་བ་ལ་སོགས་པའི་ཡན་ལག་བཅུ་པོ་རྣམས་ཀྱི་གོ་བོར་སུ་བརྟག །པ་སྟེ་བསྒོམ་འདིར་སྔ་མ་རྣམས་རལ་བས་ཞེས་པའི་དོན་ཕྱག་རྒྱ་ལ་རོལ་བར་བྱས་ནས་ཤིན་ཏུ་རྣལ་འབྱོར་གྱི་སྐབས་སུ་ཡབ་ལ་ཁྲོ་བོ་བཅུའི་ས་བོན་འགོད་པ་དང༌། ཕྱག་རྒྱ་འདུ་བྱེད་པའི་དུས་སུ་དེའི་ལུས་ལ་ཁྲོ་མོའི་ས་བོན་འགོད་པ་ལ་བྱས་ནས་འདོད་ཆགས་ཆོས་སྦས་སུ་འཆད་དོ། །དེ་ནི་མི་རིགས་ཏེ་ལྷ་སོ་གཉིས་ཀྱི་ལུས་དབེན་དཀྱུས་གཅིག་ལ་འཆད་པར་སྣང་བའི་ཕྱིར་དང༌། འདོད་ཆགས་ཆོས་སྦས་གསལ་བར་འོག་ནས་སྟོན་པའི་ཕྱིར་དང༌། ཨརྦནྟི་རལ་པ་ལ་ངེས་པར་བསྒྱུར་མི་དགོས་ལ། བསྒྱུར་དུ་ཆུག་ཀྱང་ཕྱག་རྒྱ་དང་རོལ་པ་ཁོ་ན་ལ་བཤད་མི་དགོས་པའི་ཕྱིར་རོ། །སྤྱོད་བསྡུས་ལས། ཁྲོ་བོ་བཅུ་དང་བྱམས་པ་དང༌། ཀུན་བཟང་གི་ལུས་དབེན་མ་གསུངས་པ་ནི། རྒྱུད་ཕྱི་མ་དང་ཟླ་གསང་ཐེག་ལེ་ལས། རིགས་བརྒྱར་བཤད་པ་ལ་དགོངས་ནས་ཡིན་གྱི་དེར་ངེས་པ་མ་ཡིན་པའི་ཕྱིར་རོ། །མོ། ༈ །ཏ་ཏ་ཏྟ་ཏ་ནི་དེ་དང་དེའོ། །རིགས་ལྔ་པོ་དེ་དང་དེ་ཡི་རིགས་ལས་བྱུང་བའི། །སྔར་བཤད་པའི་ལུས་དབེན་གྱི་ལྷ་ཕོ་དང་ལྷ་མོ་རྣམས་ལ་ངོ་བོ་ཐ་དད་པ། །དེ་ནི་ཡོད་པ་མིན་ཏེ་ཐམས་ཅད་ཀྱང་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ཏུ་འདུ་བས་ལུས་དབེན་གྱི་སྐབས་སུ་རང་ཉིད་ལྷར་བསྒོམ་པ་ན་དེ་ཉིད་སྒོམ་པར་བྱའོ། །འོ་ན་ལྷ་ཕོ་མོ་དུ་མ་སྟོན་པ་ཅི་ཡིན་སྙམ་ན་ངོ་བོ་ཐ་དད་པ དེ་མེད་ཀྱང༌། །སོ་སོ་བ་མོས་པའི་འགྲོ་བའི་དོན་གྱི་ཕྱིར་དུ་ཐ་དད་པ་དེ་རྣམས་རབ་ཏུ་སྟོན། །


JLD004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དོ། །འདིས་ནི་གསང་ཆེན་རྡོ་རྗེ་འཆང་གི་ལུས་དབེན་སྟོན་ནོ། ༈ །ལ་སྠ་ཏ་བྱཾ་ཞེས་བྱས་པ་ནི་བཞག་པར་བྱ་ཞེས་པའོ། །དེ་བས་གཉིས་:ཆག:མེད་མཐོང་བའི་རྣལ་འབྱོར་བས། །ཡེ་ཤེས་གསུམ་མཐོང་དེ་ལས་ནི། །དམན་དང་བར་མ་དམ་པ་ཡི། །ཡུལ་རྣམས་ལ་ནི་བཞག་པར་བྱ། ཞེས་པ་ལེགས་སོ། །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཐོང་བ་སྟེ་མངོན་དུ་བྱས་པ་ཡི། །རྣལ་འབྱོར་པས་ནི་མཉམ་གཞག་ཏུ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ། །མཐོང་བ་དེ་ལས་ལངས་པའི་དུས་སུ་ནི་ཕྱིར་གཟུགས་སོགས་དམན་པ་དང་བར་མ་དང༌། །དམ་པ་སྟེ་མཆོག་གི་འི་ཡུལ་གསུམ་པོ་གང་ཤར་བ་ལ་མཉམ་གཞག་གི་བདེ་སྟོང་དྲན་པ་དེ་གཞག་པར་བྱ། །བ་སྟེ་དེའི་རྣམ་རོལ་ཏུ་བལྟས་ཏེ་རྒྱས་འདབ་བར་བྱའོ། །དེ་ཉིད་གསལ་བར་སྟོན་པ་ནི། །ག་ཙྪ་ཏི་ནི་འགྲོ་བར་འགྱུར་བའི། །མིག་ལ་སོགས་པའི་དབང་པོ་རང་ཉིད་རང་རང་གི་ཡུལ་གཟུགས་སོགས་ལ། །འགྲོ་བ་སྟེ་འཇུག་པ ར་གྱུར་པའི་ཡུལ་དེ་དང་དེ། །དབང་པོ་གང་དང་གང་གི་སྤྱོད་ཡུལ། །དུ། ལོངས་སྤྱོད་པ་དེ་དང་དེ་ནི་སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་ཡེ་ཤེས་ཀྱི་བདེ་སྟོང་དབྱེར་མེད་པ་ཙམ་ཉིད་དོ། །ཞེས་ཡང་དང་ཡང་དུ་བལྟ་བར་བྱ་སྟེ། དེ་ལྟར་བསྒོམས་ན་ཡུལ་དུ་གང་སྣང་ཀུན་ནང་དུ་བདེ་བ་འབར་བའི་གྲོགས་སུ་འགྱུར་རོ། །ཚིགས་བཅད་དེ་གཉིས་ཀྱིས་ནི་སེམས་དབེན་གྱི་བདེ་སྟོང་མཉམ་གཞག་ཏུ་བསྐྱེངས་པའི་མཐར་མཉམ་ལངས་ཀྱི་དུས་སུ་ཇི་ལྟར་སྒོམ་པ་བསྟན་ཏེ། ལུས་དབེན་དང་ངག་དབེན་ལ་སོགས་པ་ལ་ཡང་མཉམ་གཞག་ཏུ་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་སྐྱོད་ནུས་པའི་མཚམས་ནས་མཉམ་ལངས་ཀྱི་དུས་སུ་སྔར་ལྟར་བྱེད་པ་ཡིན་ནོ། །ཏ ཏྟཏྟ་ནི་དེ་དེའོ། །མིག་ལ་སོགས་པའི་དབང་


JLD004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་དང་དེའི་ལམ་ནས་ནི། །སྒྲུབ་པ་པོས་ནི་ཡུལ་གང་དང་གང་ཐོབ་པ། །སྟེ་ལོངས་སྤྱོད་པ་མཐའ་དག་གཟུགས་རྡོ་རྗེ་མ་ལ་སོགས་པར་བསྒོམས་ཏེ་རང་དེ་བཞིན་གཤེགས་པ་རྣམས་སུ་བྱས་པ་ལ།མཐའ་:ཆག:དག་དེ་བཞིན་གཤེགས་རྣམས་ལ་ཟེར། །དེ་བཞིན་དེ་རྣམས་མ་ལུས་པར། །དེའི་དབང་པོ་རྣམས་ཚིམ་པར་བྱ་བའི་ཕྱིར་དུ་དབུལ་བར་བྱ། །ཞེས་ཏེ་ཡུལ་ལྔ་རྡོ་རྗེ་མ་ལྔར་བསྒོམ་པའི་ལུས་དབེན་ནོ། །རྒྱུད་འདིར་སེམས་དབེན་གྱི་སྣང་བ་སེམས་སྦས་ཀྱི་སྐབས་སུ་ལུས་དབེན་དང་ངག་དབེན་གཉིས་ཀ་གསུངས་ཤིང་། ལེའུ་བཅུ་བདུན་པའི་འགྲེལ་པར་ཡང་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་སྦས་དོན་དུ་བཤད་པས་སེམས་དམིགས་རིམ་པ་གཉིས་པར་མཛད་པ་ན་རྫོགས་རིམ་པའི་ལུས་དབེན་དང་ངག་དབེན་གཉིས་སེམས་དམིགས་ཀྱི་རིམ་པར་སྡུད་པ་ཡིན་ལ། དེས་ནི་རྡོར་བཟླས་རིམ་ལྔའི་རིམ་པ་དང་པོར་མཛད་པས་ན་ལུས་དབེན་ཁྱད་པར་ཅན་རྡོར་བཟླས་ཀྱི་རིམ་པར་སྡུད་པ་ཡང་ཤེས་པར་བྱའོ། ༈ །གཞི་ལ་འཆི་བའི་འོད་གསལ་གྱི་རླུང་སེམས་ཙམ་ལས་བར་དོའི་ལུས་འགྲུབ་པ་བཞིན་དུ། ལམ་དུ་ཡང་དཔེའི་འོད་གསལ་གྱི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་སྒྲུབ་པའི་ཀུན་རྫོབ་སྒྱུ་མའི་སྦས་པ་ནི་ཀཱ་སྐུ་གསུམ་ཞེས་པ་ལ་སོགས་པས་སྟོན་ནོ། །ཀཱ་ཡ་ནི་སྐུའོ། ལྷག་མོས་འོད་གསལ་དུ་སྡུད་པའི་ཆོས་སྐུ་དང༌། མངོན་བྱང་ལྔ་ལས་དང་པོའི་མགོན་པོར་སྐྱེད་པའི་ལོངས་སྐུ་དང༌། དེ་སྤྲུལ་སྐུར་བསྒྱུར་བའི་སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་བསྐྱེད་རིམ་དུ་ཡང་དག་པར་བསྟན། །པས་རིམ་པ་དང་པོར་མོས་པ་ཡིད་བྱེད་ཙམ་མིན་པའི་ལམ་གྱི་སྐུ་གསུམ་སྦྱོར་བ་མེད་དོ། །འོ་ན་དེ་ལམ་གང་གི་སྐབས་སུ་ཡོད་སྙམ་ན། རྫོགས་པའི་རིམ་གྱི་སྦྱོར་བ་ཡིས། །ཏེ་རྣལ་


JLD004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱིས། བློས་བཅོས་པ་ཙམ་མིན་པའི་སྐུ་གསུམ་ངོ་བོ་གཅིག་ཏུ་ཡང་ནི་སྦྱོར་བར་འགྱུར་བ་ཡིན་ནོ། །ཐབས་གང་གིས་དེ་ལྟར་འགྱུར་སྙམ་ན་ཡཱ་ད་ནི་གང་ཞིག་གོ །གང་ཞིག་སངས་རྒྱས་རྡོ་རྗེ་འཆང་གི་མཚན་དཔེས་བརྒྱན་པའི་སྐུའི་མཚན་ཉིད། །དེ་ངོ་བོ། །མིᩏ་ཀུན་རྫོབ་བདེན་པ་སྒྱུ་མའི་ལུས་སུ་ར་གསུངས་པ་ནི། །༢དེ་དེ་ཉིད་:པ་ཚབ:འོད་གསལ་བས་དག་པས། རྫོགས་པ་ཡི་ནི་རྣལ་འབྱོར་འགྱུར། ཟེར། ཉིད་ནི་ཁརྫོགས་པའི་རིམ་པའི་སྐུ་གསུམ་ངོ་བོ་གཅིག་ཏུ་སྦྱོར་བར་འགྱུར་རོ་བས་། །འོད་ཀགསལ་བར་ནི་རྣམ་པར་དག །པར་བྱས་པས་ཀུན་གརྫོབ་སྒྱུ་མའི་སྦས་པའི་སྐབས་སུ་མཐར་ཐུག་གི་འོད་གསལ་དང་ཟུང་འཇུག་བཤད་པ་ནི་སྒྱུ་ལུས་རྟོགས་པའི་ཡན་ལག་ཏུ་ཡིན་པས་སྐབས་སུ་མ་བབ་པ་མིན་ནོ། །བཱ་ཀ་པ་ཐ་ནི་ཚིག་གི་ལམ་མོ། །ཚིག་གི་ལམ་ནས་སློབ་མ་ལ་སྒྱུ་མ་ལ་སོགས་པ་དང་དཔེ་དོན་དུ་སྦྱར་ཏེ། བསྟན་པར་བྱས་པའི་གྱི་ཡུལ་སྒྱུ་ལུས་འདི་ཉིད། །ནི་གཙོ་བོ་སྟེ་ཁྱབ་བདག་གི་འི་ཡེ་ཤེས་ཀྱི་༼ཁ༽སྐུ་ཡིན་པས་ཡེ་ཤེས་ཀྱི་སྐུ་ཡིན་ལ། ༼ཀ༽རང་བཞིན། །གྱི། ༼ག༽དེ་ཡང་སེམས་ཅན་ཀུན་ལ་ཕན་པའི་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་སྒྲུབ་པའི་ཕྱིར་དུ ། །འཇའ་ཚོན་བཞིན་དུ་སྣང་བ འི་སྐུར་སྐྱེད་པ་ཡིན་ནོ ། །དེ་དག་གིས་སྒྱུ་ལུས་ནི་འོད་གསལ་གྱི་རླུང་སེམས་ཙམ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་འཇའ་ལུས་རྡོ་རྗེ་འཆང་གི་སྐུར་བསྟན་ནོ། ༈ །ཙིད་ཏ་ནི་སེམས་སོ། །སྣང་བ་གསུམ་གྱི་མིང་གི་རྣམ་གྲངས་ལ་སྣང་བ་ལ་སེམས་དང་མཆེད་པ་ལ་སེམས་བྱུང་དང་ཉེརབ་ལ་མ་རིག་པ། །དང༌། ཡང་དེ་གསུམ་ལ་རིམ་པ་བཞིན་དུ་ཤེས་རབ་དང་ཐབས་དང་ཉེ་བ ར་ཐོབ་པ་དང༌། སྟོང་པ་


JLD004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིན་ཏུ་སྟོང་པ་དང༌། །སྟོང་པ་ཆེན་པོ་ཞེས་ཀྱང་རབ་ཏུ་བརྗོད། །དེ་ཀུན་རྟོག་གིས་སྟོང་པའི་རིམ་པ་གསུམ་མོ། ༈ །ཏ་ཏ་ནི་དེ་ནས་སོ་རང་བཞིན་བརྒྱད་ཅུའི་རྟོག་པ་དང༌། སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་འི་དབྱེ་བ་སྟེ་ཁྱད་པར་ཤེས་ནས། །དེ་ནས་ཏེ་དེའི་འོག་ཏུ་རྫོགས་རིམ་པའི་སྤྱོད་པ་རབ་ཏུ་བྱ། །ཞེས་སྤྱོད་པ་བྱེད་པའི་དུས་བསྟན་ནོ། །དབྱེ་བ་ཤེས་པ་ནི་གོ་བ་སྐྱེས་པ་ཙམ་མིན་གྱི། ལུས་ལ་གནད་དུ་བསྣུན་པའི་ཐབས་ཟབ་མོ་བསྒོམས་པ་ལ་བརྟེན་ནས། རླུང་ཐིམ་པའི་རིམ་གྱིས་སྟོང་པ་རྣམས་བསྐྱེད་པའི་ཉམས་མྱོང་གི་སྟེང་ནས། སྣང་བ་གསུམ་དང་ཀུན་རྟོག་སྐྱེ་ཚུལ་རྣམས་ལེགས་པར་ངེས་པའོ། །འོན་ཀྱང་དེ་ནི་དབེན་པ་གསུམ་གའི་སྐབས་སུ་འབྱུང་མོད་ཀྱང༌། འདི་ནི་སེམས་དབེན་གྱི་སྣང་བ་རྣམས་ཐོབ་པའི་རྗེས་ནས་ཡིན་ནོ། །འདི་ལ་སེམས་དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་དོན་དུ་སྤྱོད་པ་བྱེད་པ་དང༌། སྒྱུ་ལུས་མཚན་ཉིད་པ་ཐོབ་ནས་སློབ་པའི་ཟུང་འཇུག་གི་དོན་དུ་སྤྱོད་པ་བྱེད་པ་དང༌། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་གི་ཕྱིར་དུ་སྤྱོད་པ་བྱེད་པ་གསུམ་ལས། འདིར་ནི་སྤྱོད་པ་དང་པོ་གཉིས་ཀྱི་སྐབས་གཟུང་ངོ༌། །དེ་ལྟར་སྤྱོད་པ་བྱས་པས་སྔོན་གྱི་ལས་ཀྱི་ས་འཕངས་པའི་བསྒྲུབ་པ་པོའི་རྣམ་སྨིན་གྱི་ལུས་ནི་ཡོངས་སུ་སྤངས་པ་སྟེ་དེ་ལས་ལོགས་སུ་བྱེ་ནས། །རྡོ་རྗེའི་སྐུ་སྒྱུ་མའི་ལུས་ཉིད་ནི་ཐོབ་པར་འགྱུར་རོ། །རྫོགས་རིམ་པའི་ལམ་དུས་ཀྱི་རྡོ་རྗེའི་སྐུ་ལ་གཉིས་ལས། དེ་ཐོབ་ནས་རིགས་འདྲ་རྒྱུན་མི་འཆད་པའི་རྡོ་རྗེའི་སྐུ་ནི་སློབ་པའི་ཟུང་འཇུག་ནས་འཐོབ་བོ། །ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ་ལ་རྡོ་རྗེའི་སྐུར་བྱས་པ་ནི་རིམ་པ་གསུམ་པའི་སྒྱུ་ལུས་ཐོབ་པ་ནས་འབྱུང་སྟེ། རིམ་ལྔར་རྡོ་རྗེའི་སྐུ་ཡང་དེ་ཉིད་དོ། ཞེས་རིམ་པ་གསུམ་པའི་སྒྱུ་ལུས་


JLD004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ལྟར་གསུངས་པའི་ཕྱིར་རོ། །དེས་ན་སྤྱོད་པའི་ཕན་ཡོན་འདི་ཡང་སྐབས་གཉིས་སུ་ཤེས་པར་བྱའོ། །ཧྲི་ད་ནི་ཐུགས་སོ། །སྒྲུབ་པ་བོ་རང་གི་ཐུགས་ཏེ་སེམས་ལ་འཇིག་རྟེན་པ་སེམས་ཅན་ཡིན་ནོ་ཅོག་རྣམས་ཀྱི། །དོན་དུ་སྤྱོད་པ་བྱའོ་ཞེས་བཞག་ནས་དེ་བཞིན་གཤེགས། །པ་རྣམ་སྣང་ལ་སོགས་པའི་ཀུན་ཀུན་རྫོབ་པ་ཡི་སྐུར་སྤྲུལ་:ཆག:ནས་ཟེར། རྫོབ་པ་སྟེ་བཅོས་མ་འབག་ལ་སོགས་པའི་ཏུ་ནི་སྐུར་སྤྲུལ་པ་སྟེ་ཆ་ལུགས་སུ་བསྒྱུར་ནས། །རང་འདོད་ཡོན་གང་ལ་ཇི་ལྟ་ཇི་ལྟར་སྤྱོད་འདོད་པ་དེ་ལྟ་དེ་ལྟར་འདོད་ཡོན་ལ་སྤྱོད། །པར་བྱེད་དོ་ཞེས་པ་འདིས་སྤྱོད་པའི་དུས་སུ་ཆས་སུ་འཇུག་ཚུལ་སྟོན་ནོ། ༈ །ད་ཏི་ནི་སྟེར་པར་བྱེད་པའོ། །སྤྱོད་པ་བྱས་པ་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་མཆོག་ལས་འཕྲལ་གྱི་མངོན་འདོད་ཐམས་ཅད་འབྱུང་བ་བཞིན་དུ། །འདོད་པའི་དོན་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར། །ལ་དེར་མ་ཟད་མཆོག་གི་དངོས་གྲུབ་སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཐམས་ཅད་ཀྱང༌། །སྤྱོད་པ་བྱས་པའི་སྟོབས་ཀྱིས་བླངས་ནས་དེའི་ཕུན་ཚོགས་ལ་ལོངས་སྤྱོད་པར་འགྱུར། །རོ་ཞེས་པས་སྤྱོད་པའི་ཕན་ཡོན་བསྟན་ནོ། ༈ །ཡ ད་ཡང་ནི་གར་གང་ངོ༌། །རྫོགས་རིམ་པའི་སྤྱོད་པ་བྱེད་པའི་རྣལ་འབྱོར་དབང་པོས་ནི་རང་འདོད་ཡོན་གང་དང་གང་ལ་སྤྱོད་པར་འདོད། །པ་དེ་དང་དེ་ནི་ཐོགས་པ་སྟེ་དགག་པ་མེད་པར་ལོངས་སྤྱོད་པར་བྱ། །མཉམ་པར་མ་བཞག་པ་སྟེ་རྗེས་ཐོབ་ཀྱི་དུས་སུ་འདོད་ཡོན་ལ་རོལ་བ་དེ་ལྟ་བུའི་རྣལ་འབྱོར་གྱིས། །ནི་དུས་རྟག་ཏུ་བདེ་སྟོང་དབྱེར་མེད་ཀྱི་


JLD004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་མཉམ་པར་འཇོག་པར་འགྱུར། །རོ་ཞེས་པས་སྤྱོད་པ་བྱས་པས་བདེ་སྟོང་གི་ཏིང་ངེ་འཛིན་ལ་མཉམ་རྗེས་ཀུན་ཏུ་གནས་པར་བསྟན་ཏེ། འདི་དང་ཐུགས་ལ་ཞེས་པའི་ཚིགས་བཅད་གཉིས་ཀྱི་སྦྱོང་བའི་ཆོ་ག་སྟོན་ནོ། ༈ །བ ལ་ཛྲ་བསྣན་པ་ནི་རྡོ་རྗེའོ། །སྒྲུབ་པ་པོའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལ་བརྟེན་ན ས། །རླུང་ཐིམ་པའི་རིམ་པས་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་གྱི་ཆ་སྟེ། དབྱེ་བ་རྣམས་ལེགས་པར་རིག་པར་བྱས་པ། །བློ་ལ་གོས་དང་མ་གོས་པས། །༢དེར་ནི་བདེ་སྟོང་སྦྱོར་བས་རྟག་ཏུ་སྟེ། ཡུན་རིང་དུ་མཉམ་གཞག་ལ་གནས། །པར་བྱའོ། །གོས་:པ་ཚབ:དང་མ་གོས་བློ་ཅན་གྱིས། ཞེས་པ་ལེགས་པས་ཕྱག་རྒྱ་དང་སྙོམས་པར་འཇུག་པ་དེ་ཡང་ད་ལྟར་བྱེད་པ་ལ་ཉོན་མོངས་པའི་ཉེས་དམིགས་ཀྱིས་རྒྱུད་ལ་གོས་པ་དང༌། ཉོན་མོངས་ལམ་དུ་བྱས་པས་ཉེས་དམིགས་ཀྱི་རྒྱུད་ལ་མ་གོས་པའི་རྣམ་དབྱེ་ལེགས་པར་ཕྱེད་པའི་བློ་གྲོས་ཅན་གྱིས་བྱ་བ་ཡིན་ནོ། འདི་ཕྱག་རྒྱ་ལ་བརྟེན་ནས་མཉམ་གཞག་ཏུ་སེམས་དབེན་གྱི་ཡེ་ཤེས་བསྐྱེད་པ་ལ་སྦྱོར་བར་སྔ་མ་རྣམས་བཞེད་དེ། དེར་མ་ཟད་ལུས་དབེན་གྱིས་རྒྱུད་ནས་དང༌། ངག་དབེན་གྱིས་དངོས་སུ་མཉམ་གཞག་ཏུ་སེམས་དབེན་བསྐྱེད་པ་ཡང་ཤེས་པར་བྱས་ལ། མཉམ་གཞག་ལས་ལངས་པའི་དུས་སུ་སྒོམ་ཚུལ་ནི་བཤད་ཟིན་ཏོ། །འདིས་འདོད་ཆགས་ཆོས་སྦས་སྟོན་ལ་སྤྱོད་པ་གཉིས་ཀྱི་སྐབས་སུ་ཡང་ཕྱག་རྒྱ་ལ་བརྟེན་པ་ཡང་རིག་པར་བྱའོ། །འདི་རྣམས་ཀྱི་སྐབས་སུ་ཡེ་ཤེས་གསུམ་ཞེས་མང་དུ་འབྱུང་བ་ནི་དོན་གྱི་འོད་གསལ་སྐབས་འདི་རྣམས་སུ་མེད་ལ། དཔེའི་འོད་གསལ་ཐམས་ཅད་སྟོང་པ། སྟོང་པ་གསུམ་པ་ཉེར་ཐོབ་ཏུ་བསྡུས་པའི་ལུགས་ཡིན་པས། དཔེའི་འོད་གསལ་ལོགས་སུ་བྱས་ན་སྟོང་པ་བཞི་ཀ་ཡོད་དོ། ༈ །ཛྲ་ལ་ཛིམྦྷ་ཞེས་བྱས་ན་རོལ་པའོ། །


JLD004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་ཉིད་ཀྱི་གྱི་ས། །ཕྱི་ནང་གི་དངོས་པོའི་བདག་ཉིད་ཀུན་ལ་རྣམ་པར་རོལ། །པ་སྟེ། རང་སྒྱུ་ལུས་སུ་སྣང་བ་དེ་དང་འདྲ་བར་བལྟ་བའི། །རིམ་ལྔ་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་མཛད་པ་ན་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ལ་སྒྱུ་ལུས་པ་འདིས་ཀྱང་དེ་ལྟར་བྱེད་བཞིན་དུ། །མཐར་ཐུག་པའི་དོན་གཏན་ལ་ཕབ་པའི་གཞི་འོད་གསལ་ལ་གནས། །པར་མཛད་དོ་ཡོ་ག་ནི་རྣལ་འབྱོར་རོ། །རྣལ་འབྱོར་དང་ངེས་མཚོན་པའི་རྗེས་སུ་རྣལ་འབྱོར་དང་ལྷག་པ་སྟེ་ཤིན་ཏུ་འི་རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོར་ཏེ་རྣལ་འབྱོར་བཞིའི་དང་པོ་སྦྱོར་བར་ཡང་སྒྱུ་ལུས་པ། རང་ཉིད་འགྱུར་ལ ། །རྡོ་རྗེ་ཅན་ཏེ་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་དང་འཁོར་གྱི་མཁའ་འགྲོ་ཕོ་མོ་མཁའ་འགྲོ་མ་ཞེས་པ་ལྟར་ནའང་འཁོར་གྱི་ལྷ་མོ་སྨོས་པས་འཁོར་གཞན་ཡང་མཚོན་ནོ། །དང་། །ཁགང་ཡིན་པ་ཡང་རྣལ་འབྱོར་ག སྒྱུ་ལུས་པ་དེ་རང་ཉིད། །དེ་དག་ཏུ་འགྱུར་རོ། །དེ་དག་གིས་ནི་སྒྱུ་ལུས་པའི་ཏིང་ངེ་འཛིན་གཉིས་བསྟན་ཏེ། དེས་ལས་རྒྱལ་མཆོག་ཀྱང་ཤེས་པར་བྱའོ། །ཚིགས་བཅད་དེ་གཉིས་ཀྱིས་སྒྱུ་མ་ལྟ་བུའི་ཁྱབ་པ་བསྟན་ནོ། ༈ །གལ་ཏེ་རིག་མའི་འདོད་ཡོན་ལ་སྤྱོད་ན། འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུ་ཞེས་སོགས་དང་འགལ་ལོ་ཞེ་ན ཥིང་ལ་ནི་ཥདྷཱ་ཞེས་བྱས་ན་བཀག་པའོ། །ཐེག་པ་གཞན་དུ་འདོད་ཡོན་ལ་ཆགས་པ་བཀག་པ་དག་ཀྱང་ཐག་པ་འདིར་ཐབས་མཁས་ཀྱིས་བྱེད་པས་ན། །འདི་འདྲ་བ་འདི་བྱར་རུང་བ་དང་བྱར་རུང་བ་མིན་པ་གང་ཡིན་ནམ་སྙམ་པའི་རྣམ་


JLD004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་སྤངས་ཏེ། །བྱས་ཀྱང་ཆགས་སོགས་ཀྱི་ཉེས་དམིགས་ངན་འགྲོར་འཁྲིད་པ་སོགས་ཀྱི་རྒྱུད་ལ། ༼ག༽མི་གོས་པའི་དཔེ་ནི། འདམ་གྱི་དབུས་སུ་སྐྱེས་པའི་པདྨ་ལ་ནི་འདམ་གྱིས་མ་གོས་པ་བཞིན་ནོ། །༼ཁ༽མ་གོས་པའི་རྒྱུ་མཚན་ནི། ཆོས་རྣམས་ཀྱི་ངོ་བོ་ཉིད་དེ། དེ་ཁོ་ན་ཉིད་ཡོངས་སུ་དེ་ཁོ་ན་ཉིད་ཤེས་པ་དེ་ཙམ་ཞིག་ཡོད་པ་ལ་ཉེས་མེད་དུ་འགྱུར་ན་ནི། འཕགས་པ་ཡབ་སྲས་ཀྱི་གཞུང་ལས་ཐེག་དམན་ལ་ཡང་ལྟ་བ་དེ་ཡོད་པར་གསུངས་པས། དེ་དག་ལ་ཡང་རིག་མའི་འདོད་ཡོན་ལ་བསྟེན་པ་གནང་བར་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་དེ་ཉིད་རྟོགས་པ་གཙོ་བོ་ཡིན་མོད་ཀྱང༌། གཉིས་ཀ་ལྷའི་རྣལ་འབྱོར་བརྟན་པ་དང༌། བྱང་ཆུབ་ཀྱི་སེམས་ཕྱིར་མི་འཕོ་བ་སོགས་ཀྱི་མཚན་ཉིད་མང་པོ་གསུངས་པ་རྣམས་ཚང་བ་དགོས་སོ། །ཤེས་པའོ། །༼ཀ༽གོས་པར་མི་འགྱུར། །བས་སྐྱོན་མེད་དེ་གནང་བཀག་དེ་གཉིས་ཀྱི་གདུལ་བྱ་སོ་སོ་བ་ཡིན་པའི་ཕྱིར་རོ། ༈ །བྷ་བ་ཏི་ནི་འགྱུར་རོ་ཞེས་པའོ། །དབང་ཕྱུག་གི་ཡོན་ཏན་གཟུགས་ཕྲ་བ་སོགས་བརྒྱད་དང་ཉེ་བ ར་ལྡན་པས། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རིག་པར་འགྱུར་ཞིང༌། །འཇིག་རྟེན་གྱི་ཁམས་ཀྱི་ཞིང་ནི་མ་ལུས་པར། །རྣལ་འབྱོར་པ་བདག་ཉིད་ཡེ་ཤེས་ཀྱི་ལུས་ཀྱིས་སྤྱོད། །པར་བྱེད་དོ། །གེ་ཧ་ནི་ཁྱིམ་མོ་གཙོ་བོ་གནས་གང་དུ་སྤྱོད་པ་ཡི། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། དོ །ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས། །ནམ་མཁའ་དེ་ཉིད་དུ་ནི་རྟག་ཏུ་དགྱེས། །པར་མཛད་དོ། །ཚིགས་བཅད་དེ་གཉིས་ཀྱིས་ཀྱང་སྤྱོད་པའི་ཕན་ཡོན་སྟོན་ན། །ཡང་ནམ་མཁའ་


JLD004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བདེན་པ་ལ་བཤད་ན་ཡུལ་དེར་རྟག་ཏུ་ཡུལ་ཅན་བདེ་ཆེན་གྱིས་རོལ་བར་མཛད་པ་སྟོན་ནོ། ༈ །ཨེ་ཥུ་ནི་འདི་ལའོ། །ཀའདི་ལ་གསྣང་བ་གསུམ་གྱི་དབྱེ་ཁབ་ལ། །ངཐུན་མཚམས་དང་ཉིན་མོ་དང་མཚན་མོ་ཡི། །འཇིག་རྟེན་གྱི ཐ་སྙད་བྱས་པ་སྟེ་:པ་ཚབ:ཡིས་། །སྣང་བ་སོགས་ཀྱི་ཡེ་ཤེས་གསུམ་ལ་ནི་ཐ་སྙད་དེ་ལྟར་འདོགས་པའི་རྒྱུ་མཚན་ཁྱད་པར་ཅན་མཐོང་བའི་ཕྱིར་རོ། །བི་ཙི་ཏྲ་ནི་སྣ་ཚོགས་པའོ། །༼ཁ༽སྣ་ཚོགས་པ་ཡི་ཐ་སྙད་དག །༼ཀ༽འཇིག་རྟེན་པས་ནི་ཡོངས་བརྟགས་པའི། །སྐྱེས་པ་བུད་མེད་མ་ནིང་གསུམ་དང༌། གཡས་གཡོན་དབུས་མ་གསུམ་དང༌། འཇམ་རྩུབ་བར་མ་གསུམ་ལ་སོགས་པ། ༼ག༽འོད་གསལ་དུ་བགྲོད་པའི་ལམ་གསུམ་གྱི་ལམ་སྐྱེ་བའི་རིམ་པའི་དུས་གསུམ་གྱི་ནི་དབྱེ་བ་ཡིས། །ཡེ་ཤེས་རྣམ་པ་གསུམ་འབྱུང་བའི་མིང་གི་རྣམ་གྲངས་སོ་ངོ༌་། །ཚིགས་བཅད་འདི་གཉིས་དང༌། སྔར་གྱི། སེམས་དང་སེམས་བྱུང་མ་རིག་པ། ཞེས་པའི་ཚིགས་བཅད་གསུམ་ནི་ཡེ་ཤེས་གསུམ་གྱི་མིང་གི་རྣམ་གྲངས་ཏེ་སེམས་དམིགས་ཀྱི་རིམ་པར་བསྡུའོ། ༈ །ཛ་ན་མ་ནི་སྐྱེ་བའོ། །སེམས་ཅན་གྱི་སྐྱེ་བ་དང་སྐྱེས་ནས་མ་ཤིའི་བར་དུ་གནས་པ་དང་འཇིག་པ་སྟེ་འཆི་བ་དང༌། །འཆི་སྲིད་དང་སྐྱེ་སྲིད་གཉིས་ཀྱི་བར་ན་གནས་པའི་སྲིད་པ་བར་མར་གནས་པ་སྟེ། སྲིད་པ་བར་དོ་ཟུར་དུ་སྨོས་པ་ནི་སྒྱུ་ལུས་སྲིད་པ་བར་དོ་བཞིན་དུ་བསྐྱེད་པ་གོ་བའི་ཆེད་དོ། །སྐྱེ་བ་ལ་སོགས་པ་ཇི་སྙེད་པ་འཇིག་རྟེན་གྱིས་བརྟགས་པ། །རྣམས་མཐར་གཏུགས་པའི་རྩ་བ་ནི་ཤིན་ཏུ་ཕྲ་བའི་རླུང་དང་དེའི་བཞོན་པ་ཅན་གྱི་སེམས་སུ་ཟད་པས་དེ་རྣམས་སེམས་དང་དེའི་བཞོན་པའི་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་གསུངས་པ་འདིས་སྒྲུབ་པ་པོའི་གཉུག་


JLD004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལུས་ཀྱི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་བསྒྲུབ་པར་སྟོན་པ་ཡིན་ཏེ། སྒྱུ་ལུས་ཀྱི་བསྒྲུབ་གཞིའོ། ༈ །ཧཱ་ས་ནི་རྒོད་པའོ། །སྤྱོད་པའི་དུས་སུ་ཕན་ཚུན་བལྟས་ཏེ་རྒོད་པ་དང་གླུ་དང་གར་གྱི་རྩེད་མོ་བྱེད་པ་དང༌། །སྒེག་པ་ལ་སོགས་པའི་གར་གྱི་རོ་སྟེ་ཉམས་དགུ་དང་ར་ལྡན་པ་དང༌། །ངག་ཏུ་སྔགས་སྨྲ་བ་དང་ལུས་ཀྱི་ཕྱག་རྒྱ་འཆིང་བའི་རྣམ་པར རྟོག་པ། །ཐམས་ཅད། རང་ཉིད་རྡོ་རྗེ་སེམས་དཔ ར་གནས་པའི་ཀུན་ཏུ སྤྱོད་པ་ཡིན་ནོ། ཞེས་པས། སྔར་ངོ་བོ་ཉིད་ཤེས་གོས་མི་འགྱུར་ཞེས་གསུངས་པའི་རྒྱུ་མཚན་བསྟན་ནོ་འོ་། ༈ །ར ཏྟ་ནི་རིན་པོ་ཆེའོ བདག་བྱིན་གྱིས་བརླབ་པ་ཆེན་པོའི་སྒྱུ་ལུས་ནི་ཤིན་ཏུ་དཀོན་པ་དང་ཚེ་འདིར་འཚང་རྒྱ་བའི་འདོད་དོན་སྟེར་བས་རིན་པོ་ཆེ་མཆོག་ཡིན་གྱི། དེ་མ་གཏོགས་པར། །རིན་ཆེན་གཞན་དེ་དང་མཚུངས་པ་དག་སྦས་པའི་སྐབས་འདི་ན་མེད་དོ། །མོ་ཡིས་དྲི་མ་ལེགས་པར་སྦྱངས་པའི་ནོར་བུ་བཞིན། །དུ་འགྱུར་རོ། །ཀསྐུ་དེ་རང་བཞིན་འོད་གསལ་དུ་ཞུགས་པས་རྣམ་པར་དག་པ་ཏེ་སྦྱངས་ན་འོ་། ༈ །དཔལ་ལྡན་:པ་ཚབ:འདུས་དཔལ་ལྡན་འདུས་པའི་བཞུགས་པའི་ཚིག །རྡོ་རྗེ་འཕྲེང་བའི་རྗེས་འབྲངས་ནས། །དེ་ལྟར་ཡོངས་སུ་གསལ་བར་ནི། འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། ཞེས་བྱའོ་ཟེར། པའི་རྩ་རྒྱུད་ཀྱི་འདི་སྐད་ནས་ཡོངས་གསལ་བའི། །བཞུགས་ཞེས་པའི་ཚིག་དོན་འདི་དག་ནི། །བཤད་རྒྱུད་རྡོ་རྗེ་འཕྲེང་བའི་རྗེས་སུ་འབྲངས་པ་སྟེ་དེའི་དབང་དུ་བྱས་ནས། །རྡོ་རྗེ་འཆང་གིས་འཇམ་ཞིང་སྙན་པའི་


JLD004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱིས་བཤད་པ་ཡིན་ནོ། །སྣང་བ་སེམས་དང་འདོད་ཆགས་ཆོས་དང༌། ཀུན་རྫོབ་སྒྱུ་མའི་སྦས་པ་གསུམ་ག་སྟོན་པ། ༈ །སྟོན་པ་དང་གནས་ཀྱི་ཚིག་སྦས་དོན་དུ་བཤད་པར་མ་ཟད་སླར་ཡང་དགོངས་པ་ལུང་སྟོན་གྱི་ལུང་གིས་མཐར་ཐུག་ཏུ་བཤད་པ་གསུངས་པ་ནི་༼ཁ༽དེ་ཉིད་གཉིས་སོ། །༼ཀ༽འདི་སྐད་ཅེས་པའི་ཨེ་ཝཾ་གྱི་དོན་གྱི་གཙོ་བོ་འོད་གསལ་གྱི་ཨེ་ཝཾ་བང་སྟོང་དབྱེར་མེད་དང་ཟུང་འཇུག་གི་ཨེ་ཝཾ་བདེན་གཉིས་དབྱེར་མེད་ཀྱི་༼ག༽བདག་གིས་ཞེས་པ་ནི་རྣལ་འབྱོར་བ་ཡིན་ལ་ཐོས། །ཞེས་པ་ནི་ཨེ་ཝཾ་གྱི་དོན་དེ་མངོན་དུ་གྱུར་པའི་སྒོ་ནས་རྟོགས་པ་སྟེ་ལུང་སྟོན་ལས། བདག་གིས་ཞེས་རྟོགས་ཏེ་འགྱུར་བ་ཞེས་སོ། །གསལ་བ་འགའ་ཞིག་དུས་ཡིན་རྐང་པ་འདི་ལ་འགྲེལ་བའི་འགྱུར་མི་འདྲ་བ་གསུམ་ཡོད་ཀྱང༌། ལུང་སྟོན་ལས། ཤིན་ཏུ་གསལ་བ་དུས་གཅིག་ན། ཞེས་འབྱུང་བ་ལྟར་བཤད་ན། སྔར་བཤད་པའི་འོད་ཟུང་གི་བྱང་ཆུབ་ཏུ་བགྲོད་པ་ནི་ཤིན་ཏུ་གསལ་བ་སྟེ་མྱུར་བས། དུས་གཅིག་ན་སྟེ་དུས་ཐུང་ངུ་གཅིག་ལ་ཐོབ་པར་མཛད་པ་སྟེ། ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་བ་རུ། །སངས་རྒྱས་རྣམས་ཀྱི་གང་མཁྱེན་པ། །སྔགས་པ་རྣམས་ཀྱི་དུས་གཅིག་ན། །སྐད་ཅིག་ལ་རྫོགས་བྱང་ཆུབ་ཐོབ། ཅེས་གསུངས་སོ། །སྐད་ཅིག་ལ་ཞེས་པ་ནི་ཕར་ཕྱིན་གྱི་ཐེག་པ་ལ་ལྟོས་ན། སྐད་ཅིག་ཙམ་ཞེས་པའམ་ཤིན་ཏུ་མྱུར་བའི་དོན་ནོ། །ཏེ། །༼ཁ༽རྡོ་རྗེ་ནི་མི་ཕྱེད་བ་སྟེ་ཟུང་འཇུག་དང༌། གསང་བ་ནི་གསང་སྔགས་ཀྱི་ངན་ཀུན་བསྡུས་པ་དང་དབང་པོ་ནི་གཙོ་བོ་སྟེ་དེའོ། །༼ཀ༽བཅོམ་ལྡན་འདས། ཞེས་པ་ནི། ༼ག༽སྐུ་དང་གསུང་དང་ཐུགས་ཞེས་པ་ནི་སྐུ་རྡོ་རྗེ་སོགས་གསུམ་ཡིན་ལ་དེ་གསུམ་གྱི་སྙིང་པོ་ནི་རྡོ་རྗེ་གསུམ་མི་ཕྱེད་པ་ལས་མི་འདའ་བའི་རྡོ་རྗེ་:ཆག:གསུམ་ནི་དམ་ཚིག་མཆོག་ཟེར། དམ་ཚིག་


JLD004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་མཆོག །རྡོ་རྗེ་འཆང་ངོ་། །༼ཁ༽ཡེ་རྒྱུད་ལོགས་སུ་བསྒྱུར་བ་ལས། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །ཡོན་ཏན་ཕུན་ཚོགས་བསམ་མི་ཁྱབ། ཅེས་འབྱུང་ཞིང་འགྱུར་གསར་གཉིས་ཀ་ལ་ཡེ་ཤེས་ཞེས་པ་གཅིག་ལས་མེད་པ་ལྟར་བྱའོ། །ཤེས་ཀྱི་དེ་༼ཀ༽བཞིན་གཤེགས་པ་ཀུན། །ཏེ་ཐམས་ཅད་ནི་ཆས་གང་དང་གང་ཡིན་པ་དེ་དང་དེའི་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡིན་ལ་ཡུལ་ཇི་ལྟར་གནས་པ་བཞིན་དུ་ཡུལ་ཅན་གྱི་ཡེ་ཤེས་དེར་གཤེགས་ཤིང་གཉིས་སུ་མེད་པར་སྦྱོར་བ་དེ་མཐོང་བའི་ཡེ་ཤེས་། ༼ག༽ཡོན་ཏན་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ། །པ་ཀུན་ཚང་བ་སྟེ། ལུང་སྟོན་ལས། ཐམས་ཅད་གྱུར་པ་གང་གང་ཡིན། །དེ་དེ་སྟོང་པ་ཉིད་དུ་འགྱུར། །དེ་བཞིན་སྦྱོར་བ་དེ་མཐོང་བས། །ཀུན་རིག་དེ་ནི་དེ་བཞིན་གཤེགས། ཞེས་སོ། །འོག་ཏུ་བཞུགས་ཞེས་པའི་དོན་ནི་གནས་ཡིན་ལ། དེའི་གནས་ཚུལ་ནི་མཚན་མར་འཛིན་པའི་དམིགས་གཏད་ཀྱིས་གནས་པ་ཅུང་ཟད་ཀྱང་མེད་པས་རང་བཞིན་གྱིས་ཡོད་པ་དང་གཏན་མེད་པ་དང་ཡོད་མེད་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ངོ་བོ་ཉིད་ཀྱིས་གནས་པའི་མཐའ་བཞི་ལས་འདས་པའི། །དོན་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པ་ཞེས་བྱ་བའི་མིང་གིས་གསུངས་པའི་དོན་ནོ་འོ་། །ནམ་མཁའི་རང་བཞིན་ཐམས་ཅད་སྟོང་པ་འོད་གསལ་འདི་ལས་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟུང་འཇུག་བསྒོམ། །སྒོམ་:པ་ཚབ:པ་དང་འབྱུང་བ་ལ་སྐད་དོད་ཐུན་མོང་བ་ཡོད་ཀྱང་འབྱུང་བར་བསྒྱུར་བ་ལེགས་སོ། །པ་སྟེ་འབྱུང་ངོ༌། །འགྲོ་བ་རྣམས་ཀྱི་སྙིང་སྟེ་སེམས་ཀྱི་རང་བཞིན་རྣམ་


JLD004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ནི་བདེ་བའི་དོན་དུ་བསྟེན་པར་བྱ་བས་བཙུན་མོ་དང་བུད་མེད་དང༌། དེ་ཉིད་ཡོན་ཏན་སྐྱེ་བའི་གནས་སུ་གྱུར་པས་བྷ་ག་ཏེ། ལུང་སྟོན་ལས། སེམས་ཅན་ཀུན་གྱི་སེམས་གང་ཡིན། ནམ་མཁར་ཡོངས་སུ་བརྟགས་པ་སྟེ། །དེ་ཡང་དེ་རུ་ཀུན་གནས་པས། །བུད་མེད་ཆོས་གཅིག་པུ་ཡི་གཟུགས། །སངས་རྒྱས་ཀུན་གྱིས་གང་བསྟེན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། །དེ་ནི་བུད་མེད་ཅེས་བཤད་དོ། །དེ་བས་ཆོས་དེ་བྷ་ག་ཡིན། ཞེས་སོ། །ཅེས་དེ་སྐད་བྱ་བ་ལ། །ཐུབ་པ་ཆེན་པོ་བཞུགས་པར་མཛད། དོ །བཞུགས་ཚུལ་ནི་སྔར་བཤད་པ་ལྟར་རོ། །དེ་དག་ནི་འོད་གསལ་དང་ཟུང་འཇུག་གི་མཐར་ཐུག་པ་སྟེ། སློབ་མ འི་མཆོག་ལ་བཤད་པ ར་བྱ་བ། །“དེ་ལྟར་སྟོན་པ་དང་གནས་ཀྱི་གླེང་གཞི་ཚུལ་བཞིར། མཆོག་ཏུ་གྱུར་པའི་རྒྱུད་སྡེ་བཞིས་ལེགས་པར་བཤད་པ་འདི་ནི། མགོན་པོ་ཀླུ་སྒྲུབ་ལས། དཔལ་ལྡན་ཟླ་བ་གྲགས་པས་རྙེད་པའི་བཤད་སྲོལ། །རྣམ་དཔྱོད་ཆེན་པོ་དང་ལྡན་པ་རྣམས་ཡིད་འཕྲོག་པའི་བཤད་པ་ཡིན་ནོ། ༈ །དེ་ལྟར་འདི་སྐད་ནས་བཞུགས་སོ་ཞེས་པའི་ཚིག་རྣམས་ཚུལ་བཞིར་བཤད་པ་ཉིད་ཀྱིས་འདུས་པའི་རྒྱུད་མ་ལུས་པའི་དགོངས་པ་སྟེ་དོན་གྱི་གཙོ་བོ་རྣམས་བསྟན་ནས། དེའི་འོག་ཏུ་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ཕུན་སུམ་ཚོགས་པ་སྟོན་ཏེ། བརྗོད་ཀྱིས་མི་ལང་བ་དང་པོ་ནི་འཁོར་གྱི་གྲངས་བགྲང་བ་ལས་འདས་པའོ། །སླར་ཡང་བརྗོད་ཀྱིས་མི་ལང་བ་ཞེས་པ་གཉིས་པ་ནི་:པ་ཚབ:གཟུངས་དང་ཡོན་ཏན་ལ་སོགས་པ་ཟེར། གཟུགས་ཏེ་སྐུའི་དང་

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLD004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དང་ལ་སོགས་པས་ཐུགས་དང་གསུང་གི་རྣམས་ཚིག་གི་སྤྱོད་ཡུལ་ལས་འདས་པ་སྟེ། དེ་དག་:པ་ཚབ:སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་ཞེས་བྱ་བས་ནི་དེ་རྣམས་ཆད་མེད་པ་ཉིད་དུ་བསྟན་ཏེ། གིས་ནི་ཚད་མེད་པ་ཉིད་དུ་བསྟན་ཏེ། །སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་ཞེས་བྱ་བ་ནི། །སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དང་འབྲེལ་བའི་རྡུལ་ཕྲ་མོ་དང་མཉམ་པའོ། །ཞེས་བྱ་བའི་བར་སྟེ་:པ་ཚབ:ཐ་ཚིག་གོ་རོ་། །འཁོར་དེ་ལས་ཏེ་དེའི་ནང་ནས་ལྷའི་གྲངས་གང་གིས་དཀྱིལ་འཁོར་ལ་འགོད་པའི་གཤེགས་པ་དང༌། བྱང་སེམས་ཀྱི་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ཙམ་ཉིད་ཅིག་སྐབས་འདིར་བསྟན་པའི་ཕྱིར། འདི་ལྟ་སྟེ། དམ་རང་དོན་ཆོས་ཀྱི་སྐུའི་བྱང་ཆུབ་ལ་ཐོབ་པར་སེམས་པས་ན་བྱང་ཆུབ་སེམས་དཔའ་དང༌། དེ་ཡང་གཞན་གྱི་དོན་མཐར་ཐུག་པ་སྒྲུབ་པའི་དོན་དུ་ཡིན་པས། སེམས་དཔའ་ཆེན་པོ་ཞེས་པ་ནི། །དམ་ཚིག་རྡོ་རྗེ་ནས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེའི་བར་ལ་སྦྱར་རོ། །ཚིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་ཚིག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པའོ། །འོག་མ་རྣམས་སུ་མ་ཟད་འདིར་ཡང་དེའི་:པ་ཚབ:འདིར་ནི་དམ་ཚིག་རྡོ་རྗེའི་སྒྲས་དེའི་རིགས་ཅན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བརྗོད་པར་བྱེད་དོ་ཟེར། རིགས་དང་ལྡན་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་དམ་ཚིག་རྡོ་རྗེའི་སྒྲར་བརྗོད་དོ། །སྒྲིབ་སེལ་ལ་རིགས་ཀྱི་སྒྲས་རིགས་ཅན་བརྗོད་པ་དེ་བཞིན་སྐུ་རྡོ་རྗེ་ནས་རྒྱལ་བ་རྡོ་རྗེའི་བར་ལ་ཡང་ཤེས་པར་བྱའོ། །དུ་སྐུ་རྡོ་རྗེ་ཞེས་པ་ནི་རྣམ་སྣང་གི་རིགས་ཅན་སའི་སྙིང་པོའོ། །


JLD004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྡོ་རྗེ་ནི་སྣང་མཐའི་རིགས་ཅན་འཇིག་རྟེན་དབང་ཕྱུག་གོ །ཐུགས་རྡོ་རྗེ་ནི་མི་བསྐྱོད་པའི་རིགས་ཅན་ཕྱག་ན་རྡོ་རྗེའོ། །ཏིང་ངེ་འཛིན་རྡོ་རྗེ་ནི་རིན་འབྱུང་གི་རིགས་ཅན་ནམ་མཁའི་སྙིང་པོའོ། །རྒྱལ་བ་རྡོ་རྗེ་ནི་ཛི་ན་ཛིཀ་ཅེས་གསུངས་པ་ལྟར་རྒྱལ་བ་རྣམ་སྣང་གི་རིགས་ཅན་བྱམས་པའོ། །འདི་ཡིད་དབང་ལ་འཇོག་པ་རྒྱུད་ཕྱི་མའི་ལུགས་དང༌། །རྡོར་ཕྲེང་ལས་རྩ་རྒྱུས་ཀྱི་རང་བཞིན་དུ་བཤད་པའོ། །ས་རྡོ་རྗེ་ནི་སངས་རྒྱས་སྤྱན་ནོ། །ཞེས་པ་ནི་ལྷ་མོ་ནམ་མཁའི་སྤྱན་དགར་བའོ། །ཆུ་རྡོ་རྗེ་ནི་མཱ་མ་ཀཱིའོ། །མེ་རྡོ་རྗེ་ནི་གོས་དཀར་མོའོ། །རླུང་རྡོ་རྗེ་ནི་དམ་ཚིག་སྒྲོལ་མའོ། །སྒྲོལ་མ་ལ་དམ་ཚིག་ཅེས་པའི་ཁྱད་པར་བསྣན་པ་ནི།འཆི་བླུའི་སྒྲོལ་མ་རྣམ་སྣང་གི་རིགས། །སྒྲོལ་མ་རལ་གཅིག་མ་མི་བསྐྱོད་པའི་རིགས། རྡོ་རྗེ་སྒྲོལ་མ་རིན་པོ་ཆེའི་རིགས། ཀུ་རུ་ཀུལླེའི་སྒྲོལ་མ་པདྨའི་རིགས་ལས་དགར་བའི་ཕྱིར་ཡིན་ཅེས་མན་སྙེ་ལས་བཤད་དོ། །ནམ་མཁ འི་ཁམས་ཀྱི་འ་རྡོ་རྗེ་ནི་འཇམ་དཔལ་ལོ། །རྡོར་འཕྲེང་ལས། ཡིད་འཇམ་དཔལ་དུ་གསུངས་སོ། །གཟུགས་རྡོ་རྗེ་ནི་ཡུལ་གཟུགས་ཀྱི་ངོ་བོ་ལྷ་མོ་སྟེ་དེ་བཞིན་དུ་གཞན་བཞི་ལ་ཡང་སྦྱར་རོ་སོ་། །སྒྲ་རྡོ་རྗེ་ནི་ཡུལ་སྒྲའོ། །“དྲི་རྡོ་རྗེ་ནི་ཡུལ་དྲིའོ། །རོ་རྡོ་རྗེ་ནི་ཡུལ་རོའོ། །རེག་རྡོ་རྗེ་ནི་ཡུལ་རེག་བྱའོ། །འདིར་ལྷ་མོ་དགུ་བྱང་ཆུབ་སེམས་དཔར་གསུངས་པ་ལ་ཁ་ཅིག་ན་རེ་ཕ་རྒྱུད་ཀྱི་དབང་དུ་བྱས་པ་ཡིན་ཞེས་ཟེར་བ་ལྟར་ན། མ་རྒྱུད་དུ་ལྷ་ཕོ་རྣམས་མོའི་མིང་གིས་སྟོན་དགོས་པར་འགྱུར་བས་མི་ལེགས་པས། དཔེར་ན་རིགས་ཀྱི་བུ་ཞེས་པ་བུ་ཕོ་དང་བུ་མོ་གཉིས་ཀའི་དབྱེ་གཞིར་འགྱུར་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ཕོ་མོ་གཉིས་ཡོད་པས་


JLD004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱི་མིང་ཡིན་གྱི་ཕོའི་མིང་མ་ཡིན་ནོ། །ཕྱིའི་སྐྱེ་མཆེད་དྲུག་པ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ནི་ཀུན་ཏུ་བཟང་པོའོ། །རྡོ་རྗེ་འཕྲེང་བ་ལས་ཡིད་དང་ཚིགས་གཉིས་ཀ་ཀུན་བཟང་དུ་བཤད་དོ། །འདིར་དཀྱིལ་འཁོར་གྱི་ལྷ་རྫོགས་པར་མ་བསྟན་པའི་རྒྱུ་མཚན་ནི་འོག་ནས་འཆད་དོ། །བྱང་ཆུབ་སེམས་དཔའི་ཚོགས་འབའ་ཞིག་དང་ལྷན་ཅིག་ཏུ་བཞུགས་པར་མ་ཟད་ཀྱི། དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པ་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པ་ལྔ་རྣམས་དང་ཡང་ལྷན་ཅིག་ཏུ་བཞུགས་པ ར་སྟོན་ནོ་འོ་། །དེ་དག་ལ་ཁ་ཅིག་གསང་བ་གྲུབ་པར། བྱང་ཆུབ་སེམས་དཔའ་བཅུ་བདུན་གྱིས་གོ་རིམ་གྱིས་ངེས་པར་རྫོགས་པར་གྱུར་ནས། ཞེས་ལྷ་བཅུ་བདུན་གྱིས་ལྷ་རྫོགས་པར་བཤད་པས། སློབ་དཔོན་པདྨ་རྡོ་རྗེའི་ལུགས་ཀྱི་འདུས་པའི་དཀྱིལ་འཁོར་ལྷ་བཅུ་བདུན་མ་ཡིན་ནོ་ཞེས་སྨྲ་བ་ནི་མི་རིགས་ཏེ། བྱང་ཆུབ་སེམས་དཔའ་བཅུ་བདུན་གྱིས་ཞེས་འབྱུང་བས། དེའི་ལུགས་ལ་འདུས་པའི་དཀྱིལ་འཁོར་ལ་རིགས་ལྔ་གང་ཡང་མེད་པར་འགྱུར་བ་དང༌། སྒྲོན་གསལ་ལས། གང་གིས་ལྷའི་འཁོར་ལོ་རྫོགས་པར་འགྱུར་བ་དེ་ཙམ་ཉིད་ཅིག་བསྟན། ཞེས་གསུངས་པས། ཟླ་བའི་ཞབས་ཀྱི་ལུགས་ལའང་འདུས་པའི་དཀྱིལ་འཁོར་ལྷ་ཉེར་གཉིས་མར་འདོད་དགོས་པའི་ཕྱིར་རོ། །དེས་ན་ལུང་ཕྱི་མའི་དོན་ནི་བཤད་ཟིན་ལ། ལུང་སྔ་མའི་དོན་ནི། རྒྱུད་ལས། བྱང་སེམས་ཀྱི་མིང་གིས་བསྟན་པའི་འཁོར་རྣམས་བཅུ་བདུན་གྱིས་རྫོགས་པའི་དོན་ཡིན་གྱིས། དེས་དཀྱིལ་འཁོར་གྱི་ལྷ་རྫོགས་པར་སྟོན་པ་མ་ཡིན་ནོ། །སོགས་པ་ཞེས་བྱ་བ་ལ། དེ་དག་ནི་གཙོ་བོ་རྣམས་སོ། །འདིར་པ་ཚབ་ཀྱིས། དེ་དག་ལ་སོགས་པ་


JLD004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རིགས་ལྔས་བསྡུས་པ་དེ་དག་ལ་སོགས་པའོ། ཞེས་བསྒྱུར་ལ། ཆག་གིས་དེ་དག་ལ་སོགས་པ་ཞེས་པ་ནི། དེ་དག་དང་པོར་བྱས་པའི་རིགས་ལྔས་བསྡུས་པ་རྣམས་ཏེ། ཞེས་བསྒྱུར་བས་འགྱུར་མི་འདྲ་བ་གསུམ་ཡོད་ཀྱང༌། སོགས་ཀྱི་སྐད་དོད་དང་པོ་ལ་ཡང་འགྲོ་ཞིང༌། དངོས་སུ་སྨོས་པ་དེ་དག་དང་པོར་བྱས་པའི་ལྷག་མ་འཛིན་པར་སྣང་བས་ཆག་ལྟར་བྱས་ན་ལེགས་པར་སྣང་ལ། དེ་དག་ལ་སོགས་པ་ཞེས་པ་སྔ་ཕྱི་གཉིས་ཀ་ལ་བྱའོ། །སོགས་པ་ནི་རིགས་ལྔས་བསྡུས་པ་རྣམས་སོ། །ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པའི་ཞེས་བྱ་བ་ནི། ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་བཞུགས་པའོ། །ནམ་མཁའི་ཁམས་སུ་གཏོགས་པ་ན་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཏིལ་གྱི་གང་བུ་ནི་ཏིལ་གྱི་ས་བོན་ཕན་ཚུན་གཏམས་ཏེ། གཅིག་ལ་གཅིག་བཅར་བའི་ཚུལ་གྱིས་གནས་ལ། དེ་བཞིན་དུ་འདུས་པ་སྟོན་པར་མཛད་པའི་དུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བཞུགས་སོ་ཞེས་དགོངས་ཏེ། དྲང་བའི་དོན་ཏོ། ༈ །བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་དང་མཉམ་པའི་བརྟེན་པའི་ལྷ་དེ་བཞིན་གཤེགས་པའི་འཁོར་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་རྟེན་སངས་རྒྱས་ཀྱི་ཞིང་དཀྱིལ་འཁོར་རྣམས་ནི་རྡོ་རྗེ་


JLD004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཆེན་པོ་ཉིད་ཀྱི་:པ་ཚབ:སྐུའི་ཡན་ལག་གི་ཆ་ཤས་སུ་གྱུར་པ་ཡིན་ཏེ། འདུས་པ་འདི་ཉིད་ལས་རྐང་པ་འདི་བཞི་ལ་སྐབས་ཀྱི་དབང་གི་འཆང་ཚུལ་མི་འདྲ་བ་མང་དུ་ཡོད་པ་ལ་འདིར་ནི་མདོར་ན་སྟོན་པ་རྡོ་རྗེ་འཆང་གི་ཕུང་པོ་ལྔ་རྣམས་ནི། །འཁོར་གྱི་སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །པ་སྟེ་སྤྲུལ་ཞིང༌། སྟོན་པའི་རྡོ་རྗེའི་སྐྱེ་མཆེད་མིག་ལ་སོགས་པ་ཉིད་དག་ཀྱང༌། །འཁོར་གྱི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཏུ་སྤྲུལ་ལོ། །ཅེས་གསུངས་པའི་ཕྱིར་དང་རྒྱུ་མཚན་དེ་གཉིས་ཀྱིས་དེའི་དུས་ཀྱི་རྟེན་གྱི་དཀྱིལ་འཁོར་ཡང་སྟོན་པའི་སྐུའི་ཆ་ཤས་ལས་སྤྲུལ་བར་འགྲུབ་པའི་ཕྱིར་རོ། །སྐུའི་ཆ་ཤས་དཀྱིལ་འཁོར་གཉིས་སུ་སྤྲུལ་བ་དེ་བས་ན་བཅོམ་ལྡན་འདས་དེ་ཉིད་ཀྱི་རང་གི་སྐུའི་དཀྱིལ་འཁོར་གྱི་ཆ་ཤས་རྣམས་རྣམ་པར་སྤྲོས་པ་སྟེ་སྤྲུལ་ནས། དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུས་འདུལ་བའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར། གཞལ་ཡས་ཁང་གི་དབུས་སུ་བཞུགས་པ་སྟེ། ངེས་པའི་དོན་ཏོ། །འདིར་དྲང་ངེས་སུ་འཇོག་ཚུལ་གཉིས་ལས། སྔོན་བྱུང་གི་དབང་དུ་བྱས་ནས་ངེས་དོན་གྱི་སྐབས་སུ་སྟོན་པའི་སྐུའི་ཆ་ཤས་རྣམས་དཀྱིལ་འཁོར་གཉིས་སུ་སྤྲུལ་བར་བཤད་པའི་ཤུགས་ཀྱིས། སྔོན་བྱུང་གི་གཙོ་འཁོར་ལ་རྒྱུད་ཐ་དད་དུ་ཡོད་པར་བཤད་པ་དྲང་དོན་དང༌། རྒྱུད་ཐ་མི་དད་དུ་བཤད་པ་ངེས་དོན་དུ་བྱ་དགོས་སོ། །འདིའང་ལུང་སྟོན་ལས། གང་ཡང་དམ་ཚིག་སྔོན་འགྲོ་དང༌། །སྐུ་རྡོ་རྗེ་སོགས་མིང་ཅན་གྱི། །བྱང་ཆུབ་སེམས་དཔའ་སེམས་ཆེན་དང༌། །དོན་ཡོད་མཐའ་ཅན་དེ་བཞིན་གཤེགས། །འདི་རྣམས་སྐུའི་ཡན་ལག་གྲགས། ཞེས་


JLD004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དགོངས་པའོ། །སྔར་ཡིག་སྤྱིའི་སྐབས་སུ་སྔོན་བྱུང་གི་སྟོན་པ་ནི་རྗེས་འཇུག་ལ་མངོན་བྱང་ལྔས་དེ་བཞིན་གཤེགས་པའི་སྐུ་སྐྱེད་པ་ལ་བཤད་པས། སྟོན་པ་ལ་སྔོན་བྱུང་དང་རྗེས་འཇུག་གཉིས་བྱེད་ན། འཁོར་ལ་ཡང་ཆ་གཉིས་ངེས་པར་བྱ་དགོངས་པས་རྗེས་འཇུག་གི་དབངདུ་བྱས་ནས་འཁོར་རྣམས་རིམ་པ་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ལ་བཤད་ནས་དྲང་ངེས་གཉིས་སུ་མཛད་པ་རྗེ་འགོས་ཀྱི་ལུགས་ལ་འདུག་པ་ལྟར་ལེགས་སོ། །འདི་ནི་སྔར་སྤྱི་དོན་གྱི་སྐབས་སུ་ཡུལ་གྱི་པདྨར་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་བསྐྱེད་པའི་འཕྲོ་འཆད་པས། འཁོར་རྣམས་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་ཀྱི་འཁོར་ལ་འཆད་དགོས་སོ། ༈ །སྔར་བཤད་པ་དེ་ལྟར་སྡུད་པ་པོས་སྟོན་པ་ཕུན་ཚོགས་དང་དུས་དང་གནས་དང༌། འཁོར་ཕུན་སུམ་ཚོགས་པ་སྟེ་ཆོས་ཕུན་ཚོགས་འབྱུང་བའི་རྒྱུ་བཞི་ཡང་དག་པར་བསྟན་ནས། ད་ནི་ཆོས་ཕུན་ཚོགས་སྟོན་པའི་ཐོག་མར།གའོ་ན་དེ་ཐོག་མར་གསུངས་པ་དགོས་པ་གང་གི་ཕྱིར་ཡིན་སྙམ་ན་ཐེག་པ་འདིའི་དང་པོའི་གདུལ་བྱའི་གཙོ་བོ་ཁམས་གཞན་གཉིས་ན་མེད་པས་འདོད་པའི་ཁམས་ན་གནས་པའི་ཅ འདོད་ཡོན་ལྔའི་ཡུལ་ལ་ཤས་ཆེར་ཆགས་ཤིང་པའི་ངསེམས་ཅན་ཆ འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་མོས་པ་དབང་པོ་ཤིན་ཏུ་རྣོ་བ་རྣམས་ཀྱི་དོན་དུ། རིག་མའི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་སྒོ་ནས་ཚེ་གཅིག་ལ་གྲོལ་བ་སངས་རྒྱས་ཐོབ་པ་རབ་ཏུ་བསྟན་པའི་ཕྱིར།མདོ་བསྲེ་ལས། ཇི་ལྟར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་གོ་འཕང་ནི། འདོད་ཆགས་ལས་སྐྱེ་བར་འགྱུར་བར་རབ་ཏུ་བསྟན་པར་བྱ་བའི་ཕྱིར། ལེའུ་དང་པོ་ལས། འདོད་ཆགས་ཆེན་པོའི་ཚུལ་


JLD004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མཛད་ཅེས་གསུངས་པའི་དོན་ཉིད་འགྲེལ་བའི་མཚམས་སྦྱོར་འདིས་སྟོན་ནོ། །དེ་ཡང་སཾ་པུ་ཊ་ལས། མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་བ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནིཐོབ་པར་འགྱུར། ཞེས་ལམ་གཞན་གྱིས་བསྐལ་བ་དུ་མར་འབད་ཀྱང་འཐོབ་དཀའ་བའི་སངས་རྒྱས་དེ། ཚེ་གཅིག་ལ་འགྲུབ་པ་ནི་དམ་པ་སྟེ་མཆོག་གི་བདེ་བས་ཡིན་པར་གསུངས་པས། ལམ་འདི་མྱུར་བའི་གནད་ནི་སྟོང་པ་ཉིད་ཀྱི་ལྟ་བ་ལ་ཐེག་པ་འདི་དང༌། ཐེག་ཆེན་གཞན་དང༌། རྒྱུད་སྡེ་གཞན་གསུམ་ལ་ཁྱད་པར་མེད་ཀྱང༌། དེ་ཁོ་ན་ཉིད་ཀྱི་དོན་དེ་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་ཆེན་གྱིས་བསྒོམས་པས་ཡིན་ནོ། །དེ་འདྲ་བའི་ཚུལ་འདི་ལ་ངེས་པ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་དུ་སྔོན་བྱུང་ལ་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས། བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྒྱུད་ཀྱི་སྟོན་པ་ལ་བདེ་བ་ཆེན་པོས་དགྱེས་པ་སྐྱེད་པར་བསྟན་ཏེ། དེ་ནི་སྔོན་བྱུང་ཙམ་མིན་པར་རྗེས་འཇུག་ལ་ཡང་སྦྱར་དགོས་པར་མདོ་བསྲེ་དང་འགྲེལ་པའི་མཚམས་སྦྱོར་གྱིས་ཤེས་སོ། །དེས་ན་རྗེས་འཇུག་གི་དབང་དུ་བྱས་ན་ལམ་འདིའི་གདུལ་བྱ་རྣམས་ཀྱི་བདེ་ཆེན་འདྲེན་པའི་ཐབས་ཀྱིས་བདེ་ཆེན་དྲངས་ནས་བྱང་ཆུབ་བསྒྲུབ་པར་བྱའོ། །ཞེས་རིམ་གཉིས་མ་ཕྱེ་བར་སྤྱིར་སྦྱར་ན་བདེ་བ་ཆེན་པོ་ལམ་གྱི་སྲོག་ཡིན་པ་ལ་ངེས་པ་ཆེན་པོ་སྟེར་ནུས་ཀྱི། བྱེ་བྲག་པ་སྤྱོད་པའི་སྐབས་ཙམ་ལ་སྦྱར་ན་ནི་སྔ་མ་འདྲ་བའི་ངེས་པ་སྟེར་མི་ནུས་ལ། རྒྱུད་ནས་གཟུངས་དཀྱིལ་ཐོག་མར་གསུངས་པའི་གནད་མི་རྙེད་པས། སྔ་མ་རྣམས་ཀྱིས་


JLD004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྤྱོད་པ་ལ་སྦྱོར་བ་ནི་སྐབས་དོན་མ་རྟོགས་པའི་བཤད་པའོ། །གླེང་གཞིའི་ཐོག་མར་ཨེ་ཝཾ་སྨོས་པ་ཡང་འདི་དང་འདྲ་བར་བཤད་ཟིན་པས། འདུས་པའི་ལུགས་ཀྱིས་བདེ་བ་ཆེན་པོ་ལམ་གྱི་གཙོ་བོར་མི་བྱེད་ཅེས་པ་ནི་ནོར་བ་ཆེན་པོའོ། །་དུ་ཐོག་མར་གཟུངས་དཀྱིལ་གསུངས་སོ། །ཀདེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ ས་གཟུངས་ཀྱི་དཀྱིལ་འཁོར་ལྷ་མོ་དགུ་སྤྲུལ་བ་གསུངས་ཁཏེ། ༈ །དེ་ནས་ཞེས་བྱ་བ་ནི་འཁོར་བཤད་པའི་དེ་མ་ཐག་པའོ། །སྐུའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་ལྡན་པས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེའོ་སོ་། །ཆེན་པོ་ཡང་ཡིན་ལ་རྣམ་པར་སྣང་མཛད་ཀྱང་ཡིན་པས་ན་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་ནི་འདོད་ཆགས་ལམ་དུ་བྱས་པ་ལ་བརྟེན་ནས་སྐྱེས་པའི་ལྷན་སྐྱེས་ཉིད་ཀྱིས་འདོད་ཆགས་རབ་ཏུ་སྟེ། རྩ་བ་ནས་སྤང་བར་བྱ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་སྐུ འི་རྣམ་པ་སྤངས་པ་སྟེ། མི་སྣང་བར་བྱས་ནས། རྡོ་རྗེ་འཆང་ཆེན་པོའི་སྐུ་རིག་མ་དང་བཅས་པ ར་བདག་ཉིད་མངོན་པར་སྤྲུལ་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ས་བསྟེན་པར་གནང་བའི་འདོད་ཆགས་ཆེན་པོ་ནི་གདུལ་བྱའི་སེམས་ཅན་རྣམས་གྱི་རྒྱུད་སྨིན་ཅིང་གྲོལ་བར་མཛད་པས་རིག་མའི་ཡུལ་ཏེ་འདོད་ཡོན་རྣམས་ལ་ཆགས་པར་མཛད་པ་སྟེ། ཡུལ་ལ་ཆགས་པ་དེ་ཉིད་ཀྱི་དང་ཚུལ་དང་ལྡན་པ་དེ་བཤད་པར་བྱའོ། སྙམ་དུ་ཐུགས་རྩེ་གཅིག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་བཤད་མ་ཐག་པའི་དེ་བཞིན་གཤེགས་


JLD004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པའི་:པ་ཚབ་ཆག:བཀོད་པཟར། འཁོར་དེ་དག་ཐམས་ཅད་ཅེས་བྱ་བ་དཀྱིལ་འཁོར་པའི་ལྷ་རྣམས་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས་བྱ་བ་སྟེ། རྡོ་རྗེ་འཆང་རང་གི་ཐུགས་ཀའི་ས་བོན་གྱི་ཡི་གེའི་འོད་ཟེར་གྱི་ལྕགས་ཀྱུས་འཁོར་རྣམས་དྲངས་ནས་རྡོ་རྗེ་འཆང་ཉིད་ཀྱི་སྐུ་ལ་ཕུང་པོ་ལྔ་དང་ཁམས་ལྔ་དང་ལ་སོགས་པ ས་དབང་པོ་དྲུག་དང་ཡུལ་དྲུག་དང་ཡན་ལག་གི་འི་ངོ་བོ་ཉིད་ཀྱིས་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ཀྱིས་ཞུགས་པ་ན་སྐུའི་རྣམ་པ་ནི་མ་དོར་རོ། །:ཆག:དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ནི། རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་ཞུགས་པ་རྣམས་ཀྱིས་ཞེས་ཟེར་བ་རྒྱུད་དང་མཐུན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་ཞུགས་པ་དང༌། བཅོམ་ལྡན་འདས་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་པ་ནི།ཁ དགོས་པ་གང་གི་དོན་དུ་སྤྲུལ་སྙམ་ན་བཅོམ་ལྡན་འདས་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པའི་ལྷན་སྐྱེས་ཀྱི་དགའ་བའི་བདེ་བས་ཚིམ་པར་བྱ་བའི་ཕྱིར་དུའོ། །ཀརྣམ་སྣང་ལ་སོགས་པ་ཉིད་ཀྱི་སྐུ་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་ནས་ཞེས་བྱ་བ་སྟེ།གགནས་སྐབས་སྔ་མ་ལྷ་ཕོའི་རྣམ་པ་ཅན་དུ་གནས་པ་སྤངས་ཏེ་ལྷའི་བུ་མོའི་གཟུགས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་བྱུང་བར་གྱུར་ཏོ། །དེ་ལ་ལ་ལ་ནི་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོར་སྤྲུལ་པ་དེ་ཉིད་བསྟན་པའི་ཕྱིར་གསུངས་པ་སྟེ། སྤྱོད་བསྡུས་ལས། ཁམས་ལྔ་རིགས་ལྔར་གསུངས་ཤིང༌། ལྷ་ཕོའི་རྣམ་པ་


JLD004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཆེད་དུ་བྱས་ནས་བུད་མེད་དུ་སྤྲུལ་བའི་དགོས་པ་སྟོན་པ་ཡིན་པས་སའི་ཁམས་གྱི་རིགས་རྣམ་སྣང་ནི་སངས་རྒྱས་སྤྱན་ལྟ་བུ་རྣམས་རྣམ་པར་རོ་ཞེས་བསྒྱུར་བ་ལེགས་སོ། །ལྟ་བུ་སྟེ་སྤྱན་མའི་རྣམ་པར་རོ་འོ་། །ཆུའི་ཁམས་ཀྱི་རིགས་རིན་འབྱུང་ནི་མཱ་མ་ཀཱི་ལྟ་བུའོ། །མེའི་ཁམས་ཀྱི་རིགས་སྣང་མཐའ་ནི་གོས་དཀར་མོ་ལྟ་བུའོ། །རླུང་གི་ཁམས་ཀྱི་རིགས་དོན་གྲུབ་ནི་སྒྲོལ་མ་ལྟ་བུར་གནས་པའོ། །རྣམ་སྣང་སོགས་སྤྱན་སོགས་སུ་སྤྲུལ་བར་མ་ཟད། ཡང་རྣམ་པར་སྣང་མཛད་ནི་གཟུགས་ཀྱི་རྡོ་རྗེ་མའི་ངོ་བོ་ལྟ་བུའོ། །རིན་ཆེན་འབྱུང་ལྡན་ནི་སྒྲའི་རྡོ་རྗེ་མའི་ངོ་བོ་ལྟ་བུའོ། །སྣང་བ་མཐའ་ཡས་ནི་དྲིའི་རྡོ་རྗེ་མའི་ངོ་བོ་ལྟ་བུའོ། །དོན་ཡོད་པར་གྲུབ་པ་ནི་རོའི་རྡོ་རྗེ་མའི་ངོ་བོ་ལྟ་བུའོ། །མི་བསྐྱོད་པ་ནི་རེག་བྱའི་རྡོ་རྗེ་མའི ངོ་བོ་ལྟ་བུའོ། ཞེས་བྱ་བའི་བར་དུ་སྟེ། ཐ་ཚིག་སྟེ་དྲང་བའི་དོན་ཏོ། །དེ་ལ་སྔོན་བྱུང་གི་སྟོན་པ་ནི། རྗེས་འཇུག་ལ་བཤད་ན། ལམ་འདིའི་རིམ་གཉིས་ཀྱི་སྒྲུབ་པ་པོའོ། །དེའི་རྒྱུད་ལ་བདེ་ཆེན་འདྲེན་པའི་ལྷ་མོ་དགུའི་སྤྱན་སོགས་བཞི་ནི་ཞལ་ལུང་ལས། གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །བུད་མེད་སྒྱུ་མའི་ཕྱག་རྒྱ་ནི། །སྒྱུ་མ་ཀུན་ལས་ཁྱད་པར་འཕགས། །སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སྤྱན་ལ་སོགས་པར་རྣམ་དག་པར། །རིགས་ནི་རྣམ་པ་བཞིར་འགྱུར་ཏེ། །མིང་དག་མཚན་ཉིད་བཤད་པར་བྱ། །ཀ་མ་ལི་དང་ཤང་ཀི་ནི། །ཙི་ཏྲ་ནི་དང་ཧ་སྟི་ནི། ཞེས་གསུངས་པ་ལྟར་པདྨ་ཅན་ལ་སོགས་པའི་བུད་མེད་རིགས་བཞིའོ། །རིགས་ཀྱི་དབང་དུ་བྱས་ན་དེ་ལྟར་སོ་སོ་བ་ཡིན་ཀྱང༌། རང་གི་ཡུམ་དུ་སྒོམ་པའི་དབང་དུ་བྱས་ན། རང་རྣམ་


JLD004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སོགས་སུ་སྒོམ་ཚུལ་མི་འདྲ་བའི་དབང་གིས་བུད་མེད་བཞི་པོའི་རེ་རེ་ཡང་ལྷ་མོ་དགུ་རེ་རེ་ནས་སྒོམ་པ་འོང་ངོ༌། །གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་གསུངས་པ་ནི། རང་གི་རིག་མ་དེ་ལྔར་སྒོམ་པ་དང༌། བུད་མེད་བཞི་པོ་རེ་རེའི་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་མཚོན་པའི་དོན་དུ་ཡང་ཤེས་པར་བྱ་སྟེ་ལས་རྒྱ་ལ་སྦྱར་བའོ། །གཞན་ཡང་ཡི་རྒྱ་རྐྱང་པ་བསྒོམ་པ་ལ་སྦྱར་ནས་ཀྱང་བཤད་པར་བྱའོ། །དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་དག་ལ་བརྟེན་ནས་སྒྲུབ་པ་པོ་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱེད་པའི་དགོས་པ་ནི། བདེ་སྟོང་སྦྱོར་བའི་ཆེད་ཡིན་ལ། དེ་དྲང་དོན་དུ་འགྱུར་ཚུལ་ནི་བསྐྱེད་རིམ་པས། ཕྱག་རྒྱ་གཉིས་ལ་བརྟེན་ནས་བྱང་སེམས་ཕབ་པ་ཕཊ་ཡིག་བསྒོམས་པ་སོགས་ཀྱིས་བཀག་པ་ལས། དགའ་བ་བཞི་བསྐྱེད་ནས་བསྒོམས་པའོ། །དེའི་ཕྱིར་དྲང་དོན་གྱི་སྐབས་སུ་འདོད་ཆགས་ཆེན་པོའི་ཚུལ་སྟོང་པ་བཞི་ལ་མ་བཤད་པར་རིག་མའི་འདོད་ཡོན་ལ་ཆགས་པས་དངོས་སུ་རྫོགས་རིམ་སྐྱེ་བའི་སྨིན་བྱེད་དང༌། བརྒྱུད་ནས་གྲོལ་བྱེད་དུ་གསུངས་སོ། ༈ །བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཆགས་པའི་འདོད་ཆགས་ཀྱང་ཡིན་ལ་དེས་སངས་རྒྱས་མྱུར་དུ་སྟེར་བས་བྱེད་ལས་ཆེན་པོ་ཡང་ཡིན་པས་འདོད་ཆགས་ཆེན་པོ་སྟེ་འདོད་ཆགས་ཆེན་པོའི་ཆོས་འོད་གསལ་ཡིན་ཏེ། ལུང་སྟོན་ལས། མ་སྐྱེས་གཅིག་པུ་གཟིགས་པ་ནི། །འདོད་ཆགས་ཆེན་པོའི་ཚུལ་དུ་འགྱུར། ཞེས་གསུངས་པས་སོ། །ཆགས་ཆེན་འོད་གསལ་དེའི་ཚུལ་ནི་འདོད་ཆགས་སྣང་བ་མཆེད་པ་དང་འདོད་ཆགས་དང་བྲལ་བ་སྣང་བ་དང༌། འདོད་ཆགས་པར་མ་ཉེར་ཐོབ་དང་ལ་སོགས་པ ས་ཐམས་ཅད་སྟོང་པའི་ཡེ་ཤེས་བཞི་བསྐྱེད་པའི་རིམ་


JLD004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྣམ་པར་དག་པ་འོད་གསལ་མངོན་དུ་འབྱིན་པའི་ཐབས་ཏེ།ཚུལ་གྱི་སྐད་དོད་ན་ཡ་ལ་ངེས་ཚིག་གིས། །ནི་ཡ་ནི་འདྲེན་པའམ་འཁྲིད་པ་སྟེ་སྟོང་པ་བཞིའི་རིམ་པས་འོད་གསལ་དུ་འཁྲིད་པའི་ཐབས་སོ། །དེ་ཉིད་ཀྱི་མིང་དང་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་སྟེ་བཤད་པར་བྱའོ་སྙམ་པའི་ཐུགས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པའི་འཁོར་རམ་བཀོད་པ་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས་བྱ་བའི་དོན་ནི། ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་འཁོར་རམ་བཀོད་པ་དེ་དག་ལ་ཕྱི་རོལ་ཏུ་དམིགས་པའི་མངོན་པར་ཞེན་པ་སྤངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཡོངས་སུ་བསྒྲུབས་པའི་སྐུ་ནི་བདག་ཡིན་ནོ་ཞེས་བྱིན་གྱིས་བརླབས་པ་སྟེ་ང་རྒྱལ་དང་ལྡན་པ ར་བྱའོ་ཞེས་གདུལ་བྱ་ལ་བསྟན་པའི་དོན་དུ་སྟེ། བདག་ཉིད་སངས་རྒྱས་ཐམས་ཅད་ཏེ། །རྒྱལ་སྲས་ཐམས་ཅད་ཉིད་ཀྱང་ཡིན། །ཞེས་ལུང་མཉམ་སྦྱོར་ལས་གསུངས་པས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་དྲང་དོན་དུ་བསྟན་པ་བཞིན་ཏེ།མཉེས་པར་བྱེད་རྒྱུ་རྗེས་འཇུག་ལ་སྦྱོར་བ་དང༌། མཉེས་པར་བྱེད་པའི་ལྷ་མོ་དགུ་དང༌། དེ་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་པ་སྔ་མ་དང་འདྲ་སྟེ། འོན་ཀྱང་འདིར་སྒྲུབ་པ་པོ་རྫོགས་རིམ་པ་དང་ཕྱག་རྒྱ་ལ་བརྟེན་ནས་རླུང་ཐིམ་པའི་སྒོ་ནས་སྟོང་པ་བཞི་བསྐྱེད་པ་བསྐྱེད་རིམ་ལ་མེད་པས་མི་འདྲའོ། །དེས་ན་ཕྱག་རྒྱ་གཉིས་ལ་བརྟེན་ནས་དགའ་བཞི་བསྐྱེད་པ་ཙམ་ཅིག་འདྲ་ཡང་ཐབས་


JLD004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྲོག་ངྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་སྐྱེ་བའི་སྟོང་པ་བཞི་ཡོད་མེད་མི་འདྲ་བས་དྲང་ངེས་གཉིས་སུ་འགྱུར་རོ། །འདིར་ངེས་དོན་ཁྱད་པར་ཅན་གཞན་ཞིག་ལུང་སྟོན་ལས་གསུངས་ཏེ། དེ་ནས་དེ་བཞིན་གཤེགས་ཀུན་དང༌། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དེ་བཞིན་གཤེགས་བདག་མཉེས་བྱའི་ཕྱིར། །དེ་རྣམས་ཞུགས་ནས་བྱུང་གྱུར་པ། །སྲོག་དང་གྱེན་རྒྱུ་ཐུར་སེལ་དང༌། །མཉམ་གནས་ཁྱབ་བྱེད་ཞེས་བྱ་དང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷ་སྦྱིན་གཞུ་རྒྱལ་ཞེས་བྱ་བ། །འདི་དག་ཏུ་ནི་ཉིད་སྐུ་མཛད། ཅེས་འཁོར་རྣམས་སྟོན་པའི་སྐུ་ལ་ཞུགས་ནས་བྱུང་བའི་ལྷ་མོ་རྣམས་རྩ་བ་དང་ཡན་ལག་གི་རླུང་ལའང་བཤད་དོ། །འོ་ན་ལྷ་མོ་དགུའི་རླུང་ཙམ་འཆད་རིགས་པ་ལ་ཁྱབ་བྱེད་འཆད་པ་ཅི་ཡིན་སྙམ་ན། ལྷ་མོའི་དབང་དུ་བྱས་ན་རླུང་དགུ་ཡིན་ཀྱང༌། །ཞར་ལ་ནམ་མཁའི་ཁམས་ཀྱི་རླུང་ཁྱབ་བྱེད་བསྣན་ནས་རླུང་བཅུ་ཚང་བར་མཛད་པའོ། །རྒྱུད་ཕྱི་མ་ལས་ཀྱང༌། ལྷ་མོ་དགུ་དང་ནམ་མཁའི་ཁམས། །མེ་ཏོག་ཅེས་ནི་བཤད་པ་ཡིན། །སྐུ་གསུང་ཐུགས་སུ་དབྱེ་བ་ཡིས། །རིགས་ཀྱི་རིམ་གྱིས་དགོད་པར་བྱ། ཞེས་ལྷ་མོ་དགུའི་རླུང་དང་ནམ་མཁའི་ཁམས་ཁྱབ་བྱེད་ཀྱི་རླུང་བཅུ་བཤད་ནས། རྩ་བ་དང་ཡན་ལག་གི་རླུང་ལ་སྐུ་གསུང་ཐུགས་ཏེ་ལྔར་འཇུག་གནས་གསུམ་རིགས་གསུམ་གྱི་ཡི་གེ་གསུམ་དང་སྦྱར་བའི་རྡོར་བཟླས་བྱ་བར་གསུངས་པ་ལྟར་བྱས་པས། བུད་མེད་དགུས་རྣལ་འབྱོར་པ་ལ་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པར་བཞིན་དུ། སྟོང་པ་བཞིའི་ཡེ་ཤེས་བསྐྱེད་པར་བྱེད་པའི་བྱེད་ལས་འདྲ་བས། འདི་ཡང་སྒྲུབ་པ་པོ་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱེད་པའི་ཐབས་བླ་ན་མེད་པའོ། །བཤད་པ་འདི་བཤད་རྒྱུད་ན་ཤིན་ཏུ་གསལ་བར་བཞུགས་ཀྱང༌། བོད་


JLD004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྩ་བཤད་མ་འབྱོར་བར་སྣང་བས། དྲང་ངེས་ཀྱི་ཚུལ་སྔར་ལྟར་བཤད་ན་ཆོས་ཕུན་ཚོགས་ཀྱི་ཐོག་མར་བྱུང་བ་འདིའི་ནུས་པ་ལེགས་པར་ཐོན་པར་འགྱུར་རོ། །ངེས་པའི་དོན་ཏོ། ༈ །དེ་ལྟར་གཟུངས་:པ་ཚབ:མའི་ཟེར་ཀྱི་དཀྱིལ་འཁོར་སྤྲུལ་པས་འདོད་ཡོན་ལ་སྦྱོང་པའི་དབང་ཕྱུག་ཏུ་བསྟན་ནས། དེ་ནི་ཁ གལ་ཏེ་རྒྱུར་གྱི་སྟོན་པས་དཀྱིལ་འཁོར་མ་སྤྲུལ་བར་འཁོར་གྱི་མི་བསྐྱོད་པས་སྤྲུལ་པའི་རྒྱུ་མཚན་གང་ཡིན་སྙམ་ན་རྒྱུད་འདི་ལ་ཞེས་དམིགས་ཀྱི་བཀར་བ་ནི་བྱ་བའི་རྒྱུད་ལ་སོགས་པར་དེ་བཞིན་གཤེགས་པའི་རིགས་བཟང་ཤོས་དང༌། པདྨའི་རིགས་འབྲིང་པོ་དང༌། རྡོ་རྗེའི་རིགས་ཐ་མར་བསྟན་པ་དང་མི་འདྲ་བས་འདུས་པ་འདི་ལ་རིགས་ལྔའི་ནང་ནས་སེམས་ཏེ་ཐུགས་ཀྱི་རིགས་གཙོ་བོ་སྟེ་མཆོག་ཡིན་པ་ས་ར་ལེའུ་བཅུ་བདུན་པ་ལས་ཀྱང༌། རྡོ་རྗེ་གསུམ་མཆོག་ཅེས་མི་བསྐྱོད་པ་རྡོ་རྗེ་གསུམ་གྱི་རིགས་ཀྱི་མཆོག་ཡིན་པར་གསུངས་སོ། །མཆོག་ཡིན་པའི་རྒྱུ་མཚན་ནི། ལུས་ངག་གཉིས་ནི་ཡིད་ཀྱི་གཞན་དབང་དུ་གྱུར་པའི་ཕྱིར་དང༌། ཕུང་པོ་ལྔའི་གཙོ་བོ་རྣམ་ཤེས་ཀྱི་ཕུང་པོ་ཡིན་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་གཞན་བཞི་ཀ་ལ་མི་བསྐྱོད་པས་རྒྱས་འདེབས་ཀྱི་མི་བསྐྱོད་པ་ལ་དེ་བཞིས་རྒྱས་མི་འདེབས་པའི་ཕྱིར། རིགས་དེ་བླ་མེད་ཀྱི་རྒྱུད་རྣམས་ནས་རིགས་ལྔའི་ནང་ནས་མཆོག་ཏུ་གསུངས་སོ། །བསྟན་པའི་ཕྱིར་དུ། མི་བསྐྱོད་པས་སྤྲུལ་ལོ། །ཀའཁོར་གྱི་མི་བསྐྱོད་པས་སྔོན་བྱུང་གི་འཁོར་དཔག་ཏུ་མེད་པ་ལས་དཀྱིལ་འཁོར་བའི་ལྷ་སོ་གཉིས་སུ་བསྡུས་པའི་དཀྱིལ་འཁོར་སྤྲུལ་པའི་བྱ་བ་བསྟན་པའི་ཕྱིར། གཟུངས་དཀྱིལ་སྤྲུལ་བའི་རྗེས་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། བཞག་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་གསུངས་སོ། །ག དེ་བཞིན་གཤེགས་པ་མི་བསྐྱོད་


JLD004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་བྱ་བ་རྣམས་ཀྱི་བཤད་པ་ནི་སྔ་མ་ཡིག་དོན་དུ་བཤད་པ་བཞིན་ཏེ། ཤེས་རབ་ཀྱི་གནས་ཆོས་འབྱུང་དེར་ཆུད་པར་གྲུ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་སྤྲུལ་བར་མཛད་པའོ། །ནག་ནོག་གི་དྲི་མ་ཐམས་ཅད་དང་བྲལ་བས་རྡུལ་མེད་པའོ། །དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ་དེའི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་པས་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་དུ་གསུངས་པས་ལྷག་མོས་དང་ཏེ་འདྲ་བའི་དཀྱིལ་འཁོར་རོ། །རོ། །བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་སྤྲུལ་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཁགསལ་བ་ཀ དཀྱིལ་འཁོར་དེ་ཡི་ངོ་བོ་ཉིད་ནི་གཅེས་བྱ་བ་ནི་གཞལ་ཡས་ཁང་གི་ཕྱི་རོལ་ནས་གནས་པ་རྣམས་ཀྱིས་ཀྱང༌། ཤེལ་གྱི་ནང་དུ་ཆུད་པའི་གཟུགས་སྣང་བ་ལྟར། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་མཐོང་བས་སོ། །སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས། ཞེས་བྱ་བ་ནི། ཨིནྡྲ་ནཱི་ལ་སྟེ་དབང་པོ་སྔོན་པོ་ཞེས་པའི་རིན་པོ་ཆེ་སྔོན་པོ་དང༌། ལ་སོགས་པ ས་ཤེལ་དཀར་པོ་དང་གསེར་དང༌། པདྨ་རཱ་ག་དང༌། མརྒད་ཀྱི་ཁ་དོག་རྣམ་པ་སྣ་ཚོགས་པའི་ཁྱད་པར་དང་ལྡན་པར་གསུངས་པའོ། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ། ཅེས་བྱ་བ་ནི་ཕྱུང་བའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཁྱབ་པའོ། །ཞེས་པ་ནི་ལྷག་མོས་དང་དཀྱིལ་འཁོར་རྒྱལ་མཆོག་


JLD004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐབས་ཀྱི་རྟེན་གྱི་འཁོར་གཉིས་ཁྱད་པར་མེད་པའོ། །འོད་ཟེར་འཕྲོ་བ་མང་པོ་འཁྲུགས། ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་ཕྱོགས་བཅུར་བཞུགས་པའི་ཁྲོ་བོའི་འོད་ཟེར་གྱི་ཚོགས་རབ་ཏུ་འབར་པ་འཁྲུགས་པའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། ཞེས་བྱ་བ་ནི་ལྷ་ཞི་བ་ཤར་དང་ཤར་ལྷོ་བ་རྣམས་ལ་ཟླ་བའི་དཀྱིལ་འཁོར་གྱི་གདན་དང་ལ་སོགས་པ་ས་ཕྱོགས་གཞན་གསུམ་གྱི་ཞི་བ་རྣམས་ལ་རང་རང་གི་རིགས་ཀྱི་མཚན་མའི་གདན་དང༌། ཁྲ་བོ་རྣམས་ལ་ཉི་གདན་དང་ཐུན་མོང་དུ་སྣ་ཚོགས་པདྨའི་གདན་དང༌། དབུས་སུ་ཟླ་བ་དང་ཉི་མ་ཅི་རིགས་པའི་གདན་ནོ། །ནི་:ཆག:གསལ་བ་ལ་སོགས་པའི་ངཀྱིལ་འཁོར་ཏེ་ཟེར། གསལ་བའི་དཀྱིལ་འཁོར་ཏེ། དེ་རྣམས་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་སོ་གཉིས་པོ་ཐམས་ཅད་ཀྱི་གནས་ཏེ། རྟེན་གྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །མདོ་བསྲེ་ལས། གསལ་བ་ཞེས་པའི་རྐང་པ་དང་པོ་བཞི་ལྷག་མོས་ཀྱི་གཙོ་བོ་བསྐྱེད་པའི་རྗེས་སུ་དྲངས་ནས། འདིས་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་པའི་ཏིང་ངེ་འཛིན་དུ་མོས་པར་བྱས་ཏེ། ཞེས་གསུངས་ལ། རྡོར་སེམས་ཀྱི་སྒྲུབ་ཐབས་ལས། ལྷག་མོས་ཀྱི་ལྷ་སོ་གཉིས་བཀོད་པའི་འོག་ཏུ། འདིའི་མདོ་ནི་ལེའུ་དང་པོ་ལས་ཞེས་གསལ་བ་ཞེས་སོགས་རྐང་པ་དྲུག་དྲངས་པས་སྒྲོན་གསལ་དང་མ་མཐུན་ནོ་སྙམ་ན་སྐྱོན་མེད་དེ་སྒྲུབ་ཐབས་ཕྱི་མའི་འགྲེལ་པར་སྒྲོན་གསལ་ཇི་བཞིན་དུ་བཤད་སྣང་ལས། སངས་རྒྱས་སྤྲིན་གྱིས་ཞེས་པས་ལྷ་ཞི་བ་རྣམས་ཀྱིས་ཁྱབ་པ་དང༌། འོད་ཟེར་འཕྲོ་་བ་ཞེས་པས་ཁྲོ་བོ་བཅུ་བསྟན་པས་བརྟེན་པ་དང༌། རྟེན་གཉིས་ཀའི་ཁུངས་ཡིན་གྱི་བརྟེན་པ་


JLD004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་སྟོན་པ་ལ་དྲངས་པ་མིན་པའི་ཕྱིར་རོ། །རྣམ་གཞག་ལས། དེ་བཞིན་གཤེགས་པ་མི་བསྐྱོད་པས་ཞེས་པ་ནས། དེ་བཞིན་གཤེགས་པ་ཀུན་གྱི་གནས། ཞེས་པའི་བར་རྣམས་རང་གི་ལུས་ལས་བྱུང་བའི་ཐིག་ལེ་ལས་ཡུམ་གྱི་པདྨར་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་ཁུངས་སུ་མཛད་པ་དང་ཡང་མི་འགལ་ཏེ། །རྡོ་རྗེ་བཙུན་མོའི་བྷ་ག་ལ་བཤད་ཚུལ་གཅིག་ཁོ་ནར་མ་ངེས་ཤིང༌། འགྲེལ་པར་ཡང་ཕྱུང་བའི་དཀྱིལ་འཁོར་གྱི་ལྷས་ཁྱབ་པར་བཤད་པ་དང༌། རྟེན་གྱི་དཀྱིལ་འཁོར་གཉིས་ཀྱང་མཚན་ཉིད་འདྲ་བའི་ཕྱིར་རོ། །དེས་ན་རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེ་ལ་ཡབ་སྲས་རྣམས་ཀྱིས་དོན་མི་འདྲ་བ་མང་པོ་ལ་བཤད་པ་འགལ་བ་མི་བསམ་མོ། །རྟེན་གྱི་དཀྱིལ་འཁོར་སྤྲུལ་བ་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་དེ་བཤད་མ་ཐག་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་ཀྱི་བཞག་པར་གྱུར་པའོ། །དཀྱིལ་འཁོར་གྱི་དབུས་སུ་བཞག་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པ་དང༌། རིན་ཆེན་དཔལ་དང༌། འོད་དཔག་མེད་དང༌། དོན་གྲུབ་དང༌། རྣམ་སྣང་རྣམས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་འཆང་གི་འི་ཐུགས་ལ་ཞུགས་སོ་ཞེས་བྱ་བ་ནི། དེ་ལྔ་ཁོ་ན་མིན་གྱི་རིགས་ལྔ་པོས་བསྡུས་པའི་ལྷག་མོས་ཀྱི་ལྷའི་དཀྱིལ་འཁོར་བཀོད་པ་རྣམས་སླར་ཡང་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ འི་སྤྱི་བོ་ལ་སོགས་པའི་གནས་རྣམས་ལ་ཞུགས་པར་གྱུར་ཏོ། ཞེས་བྱ་བ་ལྷག་མོས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐྱེད་པ་དང་ལྷག་མོས་ལུས་ལ་བསྡུ་བ་སྟེ། དྲང་བའི་དོན་ཏོ། ༈ །བསྡུས་པའི་དཀྱིལ་འཁོར་ངེས་དོན་དུ་བཤད་པ་ལ་བསྡུས་དཀྱིལ་སྤྲུལ་མཁན་གྱི་དེ་བཞིན་གཤེགས་


JLD004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་བསྐྱོད་པ་ནི་རྣམ་པར་ཤེས་པ་སྟེ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་དང་དེ་གསུམ་གྱི་འི་བདག་ཉིད་ནི་དེ་དག་གི་བཞོན་པའི་རླུང་སྟེ་རླུང་སེམས་དེ་གཉིས་ངོ་བོ་གཅིག་པའོ་དོ་། །དེས་སྤྲུལ་བའི་དཀྱིལ་འཁོར་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས་སམ་གཞིར་གྱུར་བའི་སྒྱུ་ལུས་རྡོ་རྗེ་འཆང་ཡིན་ལ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཡང་སྒྱུ་ལུས་དེ་ཉིད་དོ། །གསལ་བ་ཞེས་སོགས་ལྔ་ནི་དེའི་ཁྱད་པར་གྱི་ཆོས་སུ་སྦྱར་རོ། །འདི་ནི་གཟུངས་དཀྱིལ་ངེས་དོན་དུ་བཤད་པ་དང་སྦྲེལ་ཤེས་དགོས་པས་། སྔར་བཤད་པའི་ཕྱིའི་རྐྱེན་ཕྱག་རྒྱ་གཉིས་དང༌། ནང་གི་རྐྱེན་རྡོར་བཟླས་ལ་བརྟེན་ནས་དྲངས་པའི་འདོད་ཆགས་ཆེན་པོའི་ཚུལ་གྱི་སྟོང་པ་བཞིའི་རླུང་སེམས་གཉིས་མི་བསྐྱོད་བའི་ངེས་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔ་ཡིན་ལ། སྐུ་གསུང་ཐུགས་ཀྱི་སྙིང་པོ་ནི་ཕུང་པོའི་ངོ་བོ་ཉིད་ཀྱི་ལུས་ངག་ཡིད་གསུམ་མོ་། །ཕུང་པོ་དེ་རྣམས་ཀྱིས་གང་བསྟེན་ཅིང་བཞུགས་པའི་གནས་སུ་མཛད་པ་ནི་བུང་སོགས་སྐྱེ་བ་དང་ཐིམ་པའི་གནས་ཡིན་ལ། དེ་ཉིད་ནི་རྡོ་རྗེ འི་བཙུན་མོ་སྟེ། དེ་ཡང་གང་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུལ་གྱི་འོད་གསལ་དེ་དང་རོ་གཅིག་ཏུ་ཞུགས་པའི་ཡུལ་ཅན་གྱི་ཡེ་ཤེས་སོ་འོ། །དེ་ཉིད་ནི་བྷ་ག་ཏེ། སངས་རྒྱས་སྐྱེད་པའི་རྒྱུར་གྱུར་པས་ན་སྐྱེ་གནས་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་བསྟན་པའི་རྒྱུད་ལས་ཕུང་པོ་ལ་སངས་རྒྱས་ཞེས་བཏགས་པ་དང༌། སངས་རྒྱས་དངོས་ཀུན་གྱིས་གང་ཞིག་བསྟེན་པའི། །ཡོན་ཏན་གྱི་རྟེན་བྱེད་པས་ས་ཞེས་བྱ་བ ར་གྱུར་པ་དོན་གྱི་འོད་གསལ་དེ་ནི་ས་བཅུ་གསུམ་


JLD004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ས་བཅུ་གསུམ་དུ་བྱེད་ཚུལ་ན་རིམ་ལྔ་ལས། སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་པ་ལ་རབ་ཏུ་གནས། ཞེས་སེམས་དམིགས་ཀྱི་སྣང་བ་གསུམ་ས་བཅུ་པར་བཤད་པས། སྒྱུ་ལུས་ས་བཅུ་གཅིག་པ་དང༌། འོད་གསལ་ས་བཅུ་གཉིས་པར་ཤེས་ལ། དེ་ཉིད་མོས་སྤྱོད་ཀྱི་ས་ལ་ལྟོས་ཏེ་བཅུ་གསུམ་པའོ། །དེ་ལྟར་ན་ཟུང་འཇུག་བཅུ་བཞི་པ་སྟེ་རྡོ་རྗེ་ཕྲེང་བ་ལས་ས་བཅུ་བཞིར་བཤད་དོ། །དེ་དག་ཀྱང་ཆོས་མཐུན་ཁྱད་པར་ཅན་རེ་ཡོད་པས་ས་དེ་དང་དེའི་མིང་བཏགས་པ་ཡིན་ཏེ་རྒྱས་པར་གཞན་དུ་བཤད་ཟིན་ཏོ། །འོད་གསལ་དེ་ནི་བཙུན་མོར་ཡང་དག་བཤད། །དམ་པ་རྣམས་ཀྱིས་བསྟེན་པའི་ཆོས་འོད་གསལ་དེ་ཉིད་ནི་བྷ་ག་ཞེས་བརྗོད་དོ། ཞེས་གསུངས་པས་སོ། །དེ་:པ་ཚབ:ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྡུལ་མེད་པ་དག་བྱིན་གྱིས་བརླབས་པར་གྱུར་པ་ནི་འཁོར་བར་གྱུར་པའོ་ཟེར། རྒྱུད་ལས་བཙུན་མོའི་བྷ་ག་ལ་ཞེས་གནས་གཞིའི་ཚིག་དང༌། འགྲེལ་པར་གསུངས་པའི་དཀྱིལ་འཁོར་ནི་བྷ་ག་དེ་ལ་གནས་པའམ་འཁོད་པའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་དྲི་མ་མེད་པ་དེར་བདག་ཉིད་ཞུགས་པར་གྱུར་པ་ནི་བྱིན་གྱིས་བརླབས་པའོ། །ཇི་ལྟ་བུ་ཞེ་ན།ཞེས་པ་ནི་འཁོད་པའི་དཀྱིལ་འཁོར་དེ་ཅི་འདྲ་བ་ཞིག་ཅེས་འདྲི་བའོ། །གསལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཤེལ་སྒང་དག་པ་དང་འདྲ་བས་ན་གསལ་བའོ། །དང་བའི་རང་བཞིན་ཡིན་པས་ན་དེ་ཡི་ངོ་བོ་ཉིད་དོ། །སྐུ་ལ་འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ་པས་ན་སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས་སོ། །དེ་བཞིན་


JLD004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་གི་སྐུའི་རྣམ་པ་ཅན་ཡིན་པས་ན་སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་པོ། །ཁྲོ་བོ་སྟེ་དྲག་པོ འི་འོད་ཟེར་མེ་ཡི་འོད་འཁྲིགས་པས་ན་འོད་ཟེར་འཕྲོ་བ་མང་པོ་འཁྲུག་གོ །སྣང་བ་ཆེན་པོ་ལ་སྣང་བ་ལ་སོགས་པ་སྣང་བ་གསུམ་གྱིས་སྤྲུལ་པའི་དཀྱིལ་འཁོར་དང་ལྡན་པའོ་ཟེར་། སྣང་བ་གསུམ་གྱི་རླུང་སེམས་ཀྱིས་སྤྲུལ་བ་ནི་སྒྱུ་ལུས་སོ། །གསལ་བ་ནི་སྣང་བ་དང་སོགས་པས་ཉི་མ་ནི་མཆེད་པ་དང་པདྨ་ནི་ཉེར་ཐོབ་བོ། །སོགས་པ་སྣང་བ་གསུམ་དུ་སྤྲུལ་བས་ན་གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་ནོ། །སྒྱུ་ལུས་རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཏེ། དེ་ལྟ་བུའི་སྒྱུ་ལུས་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དེ་འོད་གསལ་བར་རབ་ཏུ་ཞུགས་པ ནི་དཀྱིལ་འཁོར་དེ་བཙུན་མོའི་བྷ་གའི་ནང་དུ་ཆུད་པར་གསུངས་པས་བསྟན་པར་བྱ་དགོས་ཏེ། བྟ་ག་འོད་གསལ་ལ་བཤད་པ་ན་ལེན་དུ་མར་འབྱུང་བའི་ཕྱིར་དང༌། རྒྱུད་ཀྱི་ཚིག་དེ་ལ་བཤད་པ་གཞན་མ་བྱུང་བའི་ཕྱིར་རོ། །ར་གྱུར་ཏོ་ཞེས་བྱ་བའི་བར་དུ་སྟེ་ཐ་ཚིག་གོ་འོ་། །དེ་ནས་སྒྱུ་ལུས་འོད་གསལ་བར་ཞུགས་པའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། བདག་ཉིད་དོན་དམ་པའི་བདེན་པ་ལས་བཞེངས་ནས། སྲིད་པ་སྟེ་ཀུན་རྫོབ་སྒྱུ་མའི་སྐུ། །དང་མྱ་ངན་ལས་འདས་པ་སྟེ་དོན་དམ་འོད་གསལ་གྱི་ཡེ་ཤེས་གཉིས་རོ་གཅིག་པ་སྟེ་མི་ཕྱེད་པའི་ངོ་བོ་ཉིད་


JLD004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དེ་:པ་ཚབ:བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཆེན་པོའི་དཀྱིལ་འཁོར་ཞེས་འབྱུང་བ་ནི་ཤེས་བྱེད་དང་མཐུན་ནོ། །ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བཞག་པར་གྱུར་ཏོ། ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་བདག་པོ་ཉིད་དུ་བཞག་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏེ། ནམ་མཁའ་ནི་སྟོང་པའོ། །ཀུན་ནི་ཐམས་ཅད་དེ་ཐམས་ཅད་སྟོང་པ་འོད་གསལ་གྱི་གོ་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། ཞེས་སྒྱུ་མ་བདེ་མཆོག་གིས་བཤད་པས་སོ། །ཞེས་ཏེ་ཟུང་འཇུག་ལོངས་སྐུར་བཞེངས་ནས་འོད་གསལ་ལ་བཞུགས་པའོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང༌། ཞེས་བྱ་བ་ལ་སོགས་པས་ནི་ཟུང་འཇུག་ལོངས་སྐུ་དེ་མ་དག་པའི་སྐྱེ་བོས་མི་མཐོང་བས་སྤྲུལ་སྐུས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་རིགས་ལྔའི་མིང་ཅན་གྱི་ཕུང་པོ་ལ་སོགས་པར་ལུས་རགས་པ་ལ་རྗེས་སུ་ཞུགས་པས་མ་དག་པའི་གདུལ་བྱས་མཐོང་བའི་སྤྲུལ་བའི་སྐུ་འཛིན་པར་མཛད་པ་བསྟན་པ་ཡིན་ཏེ། སྣང་བ་གསུམ་ལས་སྒྱུ་མའི་སྐུར་སྐྱེས་པ་དང༌། དེ་འོད་གསལ་དུ་དག་པར་བྱས་པ་དང༌། དེ་ལས་ཟུང་འཇུག་ལོངས་སྐུར་བཞེངས་པ་དང༌། དེས་ཟུང་འཇུག་པའི་སྤྲུལ་སྐུ་འཛིན་པར་བཤད་པ་དེ་རྣམས་ནི། ངེས་པའི་དོན་ཏོ། ༈ །བསྡུས་པའི་དཀྱིལ་འཁོར་དྲང་ངེས་སུ་བཤད་པའི་དོན་འདི་ཉིད་སླར་ཡང་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེས་པ་འདིས་ཟིལ་གནོན་དང་དམ་ཚིག་འབྱུང་བ་གཉིས་ཀ་


JLD004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་དཀྱིལ་གྱི་རྒྱས་བཤད་དུ་སྟོན་པ་ཡིན་ཏེ། ཟིལ་གནོན་ལ་དག་པའི་ལྷའི་སྐུ་སྟོན་པ་མ་བྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པའི་ཐམས་ཅད་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བཞུགས་པ། །དེ་འདྲ་བ འི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེད་ཆོག་ཟླ་བ་དང་ས་བོན་དང་ཕྱག་མཚན་རྡོ་རྗེ་དང་ལ་སོགས་པ ས་སྐུ་རྫོགས་པའི་རིམ་གྱིས་རྡོ་རྗེ་འཆང་ལ་སོགས་པའི་སྐུ་གཅིག་ཏུ་མཛད་པ་ནི་ཟིལ་གྱིས་མནན་རྒྱུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡན་ལ། དེ་ཟིལ་གྱིས་གནོན་པ་སྟེ་མི་སྣང་བར་བྱེད་པ་ནི་སྐད་ཅིག་ཙམ་གྱིས་ལྷག་པར་མོས་པས་ལྷ་རྣམས་བསྐྱེད་པའོ། །འདི་འདིར་མི་གསལ་ཡང་འོག་གི་བཤད་པས་ཤེས་སོ་འོ་། །ལྷག་པར་མོས་པ་ཙམ་གྱིས་སྐྱེད་པའི་དོན་དེ་ཉིད་ནི་ཐ་མལ་གྱི་རྟོག་པས་མི་ཕྱེད་པས་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་བཤད་པར་བྱའོ་སྙམ་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་གཞལ་ཡས་ཁང་གི་ནང་གི་མཐིལ་གྱི་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། ཞེས་བྱ་བ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྷག་མོས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ འོ་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། ཞེས་པ་ནི་རྡོ་རྗེ་འཆང་དེ འི་དཀྱིལ་འཁོར་པ་འཁོར་གྱི་ལྷ་རྣམས་སུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བསྡུས་དཀྱིལ་གྱི་འཁོར་དུ་རིགས་ལྔ་གསུངས་པ་འདིས་གསལ་བར་བཤད་དོ། །འདིར་དཀྱིལ་འཁོར་ལ། འཁོར་ན་དེ་བཞིན་གཤེགས་པ་བཞི་ལས་མེད་


JLD004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པས། རིགས་ལྔ་བསྡུ་བར་བཤད་པ་ཇི་ལྟར་ཡིན་ཞེ་ན། སྔོན་བྱུང་ལ་རྡོ་རྗེ་འཆང་གི་འཁོར་ན་ལྔ་ཡོད་ཅིང༌། རྗེས་འཇུག་ལ་རིགས་གཞན་གྱིས་གཙོ་བོ་བྱས་པའི་ཚེ་མི་བསྐྱོད་པ་འཁོར་དུ་འོང་བས་མི་འགལ་ཞེས་སྨྲ་བ་ནི་མི་རིགས་ཏེ། འདི་ལྷག་མོས་ཀྱི་དཀྱིལ་འཁོར་ཡིན་པར་རྒྱས་བཤད་ལས་ཤེས་པའི་ཕྱིར་དང༌། དེ་ལ་རྡོ་རྗེ་འཆང་ཉིད་གཙོ་བོ་ཡིན་པས་རིགས་གཞན་གྱིས། གཙོ་བོ་བྱས་པ་འདིར་མི་འོང་བའི་ཕྱིར་དང༌། སྐབས་གཞན་དུ་རིགས་ལྔ་པོ་གཞན་གྱིས་གཙོ་བོ་བྱས་པའི་འཁོར་དུ་མི་བསྐྱོད་པ་འོང་དུ་ཆུག་ཀྱང༌། ངས་འདིའི་འགལ་སྤོང་ལ་མི་ཕན་པའི་ཕྱིར་རོ། །དེས་ན་རིགས་ལྔ་བསྡུ་བར་བཤད་པ་ལ་མི་བསྐྱོད་པ་འཁོར་ན་ཡོད་པ་ནི་སྔོན་བྱུང་ལ་དགོངས་ལ་རྗེས་འཇུག་ལ་མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་གཉིས་ལ་སོགས་པ་འཁོར་དུ་འོང་བ་ལ་དགོངས་སོ། །རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་པར་གྱུར་པ་དེས་ཅི་ཞིག་མཛད་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙོ་བོའམ་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་སེམས་ཅན་ཐམས་ཅད་དཀྱིལ་འཁོར་གྱི་ཕྱོགས་བཞིར་བཀུག་པའི་སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་འཇུག་པ་སྟེ་གཞལ་ཡས་ཁང་དུ་ཐོགས་པ་མེད་པའི་འཇུག་པ ས་ཞུགས་ནས། གནས་པ་ལ་གཙོ་བོ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱི་དབང་བསྐུར་བས་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པའོ། །རྡོར་སེམས་ཐོབ་པ་དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བ ས་ལྷག་མོས་ཀྱི་མཛད་པ་གསུངས་ཏེ། ལྷ་རྣམས་དཀྲོང་སྐྱེད་དང༌། སེམས་ཅན་ལ་ཏིང་ངེ་འཛིན་གྱིས་དབང་བསྐུར་


JLD004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རིམ་པ་གཉིས་ཀ་ལ་ཡོད་པས་སྤྱིའི་དོན་ནོ། ༈ །འདིར་རྣམ་གཞག་ལས། རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གསུངས་པའི་རིམ་པ་དང༌། ཤེས་རབ་ཀྱི་མདོ་ལས་ཀྱང་གསུངས་སོ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡང་དག་པར་བསྐུལ་ཏེ། གཉིས་ཀ་ཡང་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱའོ། ཞེས་པར་དོས་གང་དུ་སྐྱེ་བ་ལེན་པའི་ཐིག་ལེ་འབྱུང་བའི་ཚུལ་ཟིལ་གནོན་རྡོ་རྗེ་དང༌། མ་རྒྱུད་སྡེམ་འབྱུང་གི་གཞུང་གིས་སྟོན་པར་གསུངས་ལ། དེ་ཡང་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་བ་སྦྱངས་གཞི་དང་སྦྱོར་བའི་སྐབས་ཡིན་པས། སྦྱང་གཞི་ཁོ་ནར་མ་ཟད་སྤྲུལ་སྐུར་སྒྱུར་ཚུལ་ཅིག་ཀྱང་སྟོན་དགོས་པ་ལ་སྤྱི་དོན་གྱིས་ནི་ལྷག་མོས་ཀྱི་ལྷ་བསྐྱེད་པ་སྟོན་པས་འདིར་མི་འགྲིག་ཅིང༌། སྦས་པ་དང་མཐར་ཐུག་གཉིས་ལས་ལྷ་བསྐྱེད་པ་མི་སྟོན་པས། སྦས་པས་སྦྱང་གཞིའི་རིམ་པ་བསྟན་པ་བཞིན་དུ་སྤྲུལ་སྐུར་སྒྱུར་ཚུལ་ཞིག་ཡིག་དོན་ཁ་བསྐངས་ནས་བཤད་དགོས་སོ། །དེ་ལ་སྔོན་དུ་སྦྱང་གཞི་བཤད་ན་གོ་བདེ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་གང་གིས་སྙོམས་པར་འཇུག་མཁན་གྱི་ཕུང་པོ་ལ་སོགས་པའི་ངོ་བོ ར་གྱུར་པའི་ཐིག་ལེ་རྩ་གནས་སོ་སོ་ན་གནས་པ།་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། ཟིལ་གྱིས་མནན་རྒྱུའོ། །ཟིལ་གྱིས་གནོན་ཚུལ་ནི། དེ་རྣམས་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀུན་ཏེ་ལྟ་བུའི་ཀྱི་རྣམ་པ་ཅན་དུ་ཞུ་བར་གྱུར་བ ས་ཟིལ་གྱིས་མནན་ཅིང་སྟེ་གསང་གནས་ཀྱི་ལམ་གཅིག་ཏུ་འབབ་པར་མཛད་ལ། དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་ནི་འོག་ཏུ་འབབ་པ་ལས་མི་བཟློག་པ་ཡིན་པས་དེ་སྐད་ཅེས་བྱ་བའི་ཏིང་ངེ་


JLD004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གང་ཡིན་པ་དེ་བཤད་པ་ལ་དགོངས་པ་རྩེ་གཅིག་པ་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་འདི་ཐམས་ཅད་ཅེས་བྱ་བ་ནི་སྐབས་འདིར་རྩ་ཕྲན་སྟེང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁོང་སྟོང་བུ་ག་ནམ་མཁའ་འོ་ངོ་༌། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་སྐབས་འདིར་ཐབས་ཀྱི་ཡེ་ཤེས་ཏེ་ཀུན་ཏ་ལྟ་བུའོ་སོ་། །དེའི་ངོ་བོ་ཉིད་ནི་དེའི་རང་བཞིན་ནོ། །གནས་པར་གྱུར་ཏོ་ཞེས་པ་ནི་རྩའི་གནས་རྣམས་ནས་བྱུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་སེམས་ཅན་གྱི་ཐ་སྙད་འདོགས་པའི་གཞི་ཕུང་པོ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ འི་རྡོ་རྗེ་སེམས་དཔའ་ནི་ཐབས་ཀྱི་ཡེ་ཤེས། ཀུན་ཏ་ལྟ་བུ་ཡིན་ལ་དེས་བྱིན་གྱིས་བརླབས་པ་ནི་ཐིག་ལེ་དེ་ལུས་ཀྱི་གནས་ཀུན་ཏུ་ཤར་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་ཚུལ་ཏེ། ཕོ་མོའི་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་འདོད་ཆགས་ཆེན་པོའི་མེས་བྱང་སེམས་རྣམས་གནས་སོ་སོ་ནས་ཞུ་བར་གྱུར་ནས་མཆོག་ཏུ་དགའ་བའི་བདེ་བ་མྱོང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏེ། འདོད་ཆགས་ཆོས་ཀྱི་སྦས་པའོ། །འདི་ལམ་དུས་དང་གཞི་དུས་ཀྱི་འདོད་ཆགས་ཀྱི་སྦྱོང་བ་གཉིས་ཀ་སྟོན་ནོ། ༈ །དེ་ལ་གཞི་དུས་ལྟར་ན་ཕ་མ་གཉིས་ཀྱི་སྦྱོར་བ་


JLD004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཆུབ་ཀྱི་སེམས་རིམ་གྱིས་བབ་པའི་ཁུ་ཁྲག་གཉིས་མའི་སྐྱེ་གནས་སུ་འདྲེས་པའི་དབུས་སུ་བར་སྲིད་ཞུགས་ཏེ་སྐྱེ་བ་ལན་པ་འདིར་གཟུང་ངོ༌། །རིམ་པ་དེ་ལྟར་དུ་ལྷ་བསྐྱེད་པ་ལ་དང་པོའི་མགོན་པོ་ནི་བར་དོ་དང་འདྲ་སྟེ་དེའི་སྐྱེད་ཆོག་འདིར་མི་སྟོན་ནོ། །མི་བསྐྱོད་པ་ནི་བར་སྲིད་གང་དུ་སྐྱེ་བ་ལེན་པའི་གནས་ཀྱི་ཐིག་ལེ་དང་འདྲའོ། །དང་པོའི་མགོན་པོ་མི་བསྐྱོད་པ་ལ་འཇུག་པ་ནི་བར་སྲིད་སྐྱེ་གནས་ཀྱི་ཐིག་ལེ་ལ་འཇུག་པ་དང་འདྲ་ལ། ཞུགས་ནས་སྤྲུལ་སྐུར་བསྒྱུར་བ་ནི་བར་སྲིད་ཞུགས་ནས་སྐྱེ་བ་བླངས་པ་དང་འདྲའོ། །དེས་ན་འདིར་མི་བསྐྱོད་པ་ཇི་ལྟར་བསྐྱེད་པའི་ཚུལ་ཅིག་དགོས་པས་དེ་ཡིག་དོན་གྱིས་བཤད་ན། ཟིལ་གནོན་གྱི་ཏིང་ངེ་འཛིན་ནི་རང་བཞིན་གྱི་གནས་ན་སངས་རྒྱས་ཡབ་ཡུམ་སེམས་ཅན་འདུལ་བའི་ཕྱིར་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ་ཕ་མ་དང་འདྲའོ། །སྙོམས་པར་ཞུགས་པའི་ཐིག་ལེ་ལས་བསྒྲུབས་པའི་རྡོ་རྗེའི་རིགས་ཀྱི་ངོ་བོ་མི་བསྐྱོད་པས་ནམ་མཁའ་ཐམས་ཅད་ཁྱབ་པར་བྱས་པ་ནི། ནམ་མཁའ་ནས་རྡོ་རྗེའི་ངོ་བོར་གནས་པར་གྱུར་པའི་དོན་ཏེ་ཕ་མའི་ཐིག་ལེ་དང་འདྲའོ། །དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པས་བདེ་བ་གཉིས་ཐོབ་པ་ནི། དེ་ནས་ནམ་མཁའི་དབྱིངས་ཞེས་པ་ནས་ཡིད་བདེ་བ་ཐོབ་པར་གྱུར་ཏོའི་བར་གྱི་དོན་ཏེ། དབང་པོ་གཉིས་སྦྱོར་གྱི་བྱང་སེམས་ཞུ་བའི་བདེ་བ་མྱོང་བ་དང་འདྲའོ། །དེ་ནས་མི་བསྐྱོད་པ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་གཅིག་ཏུ་འདུས་པ་ནི་སྐྱེ་གནས་སུ་ཁུ་ཁྲག་རྣམས་འདྲེས་པ་དང་འདྲ་སྟེ། ལྷག་མ་ནི་སྔར་བཞིན་ནོ། །བཤད་སྲོལ་འདི་མཁས་པ་ཁ་ཅིག་གིས་ཕྱེ་འདུག་པ་ལེགས་པར་སྣང་བས་གསལ་དུ་བཏང་བའོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ནི། སྒྲུབ་པ་པོའི་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཟིལ་གྱིས་མནན་པ་ནི་དོན་དམ་པའི་བདེན་པ ར་བཅུག་པ ས་ཡུལ་ཡུལ་ཅན་རོ་གཅིག་ཏུ་མཛད་པའོ། །དེ་ཉིད་རྟོག་པས་མི་ཕྱེད་པས་རྡོ་རྗེ་སྟེ་དེ་


JLD004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་ནམ་མཁའི་དབྱིངས་འདི་ཐམས་ཅད་ཞེས་པ་ནི་སྟོང་པ་ཉིད་གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ས་བསྟེན་པའི་རྡོ་རྗེ་ནི་ཐམས་ཅད་སྟོང་པ་ཉིད་དེ། སྟོང་པ་བཞི་སྔ་མ་ཕྱི་མ་ལ་ཞུགས་པའི་རིམ་པས་མཐར་ཐམས་ཅད་སྟོང་པ་འོད་གསལ་དེའི་ངོ་བོར་གནས་པར་གྱུར་པའོ། །དེ་ནས་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པས་ཀྱང་འོད་གསལ་དུ་ཞུགས་པའི་དོན་འདི་ཉིད་གསལ་པར་སྟོན་ཏེ།ཞེས་པ་ལ་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ནི་འོད་གསལ་གྱི་དབྱིངས་ན་གནས་པའི་སྒྲུབ་པ་པོའི་ཕུང་པོ་ཐམས་ཅད་དོ། །རྡོ་རྗེ་སེམས་དཔའ་ནི་འོད་གསལ་གྱི་ཡེ་ཤེས་སོ། །དེ་ཤར་བས་བྱིན་གྱིས་བརླབས་པ་ན་ཟག་མེད་ཀྱི་བདེ་བ་དང༌། ཡིད་བདེ་བ་གཉིས་ཐོབ་པའོ། །འདི་ནི་འོད་གསལ་གྱི་མཐར་ཐུག་པར་བཤད་པ སྟེ་སྟོང་པ་གསུམ་ཡང་དེར་བསྡུས་པའོ། །འདིས་བསྡུས་དཀྱིལ་དུ་སྒྱུ་ལུས་འོད་གསལ་དུ་འཇུག་པ་ལ་སྟོང་པ་བཞི་མ་བཤད་པ་འདིར་བསྟན་ཏོ། །འོ། ༈ །ཟིལ་གནོན་སྤྱི་དོན་དུ་བཤད་པ་དེ་ལྟར་ལྷག་པར་མོས་པས་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་དང་དེའི་འཁོར་གྱི་ལྷ་བསྐྱེད་པ་བསྟན་ནས། ད་ནི་བསྡུས་དཀྱིལ་དུ་མདོར་བསྟན་པའི་ཡོངས་སུ་དག་སྟེ་པ་དང༌། ཡོངས་སུ་མ་དག་པའི་ལྷ་རྣམས་ཀྱི་སྐུ་སྐྱེད་པ་བསྟན་པ ར་བྱ་བ འི་ཕྱིར། ཟིལ་གནོན་རྡོ་རྗེ་བཤད་པའི་རྗེས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ནི་


JLD004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་དུ་ༀ་ཨཱཿ ཧཱུཾ་གྱི་ཡི་གེ་གསུམ་སྟེ། ཡི་གེ་གསུམ་བསྒོམ་པ་དེ་ཉིད་ནི་འདིར་མངོན་བྱང་ལྔས་ལྷ་བསྐྱེད་པ་ལ་འདའ་བར་མི་བྱ་བས་ན་དམ་ཚིག་གོ །བོད་སྐད་ཀྱི་དམ་ཚིག་གི་ཚིག་དོན་ལ་མི་འདའ་བ་མེད་ཀྱང་། དེའི་སྐད་དོད་ས་མ་ཡའི་སྒྲའི་དོན་ལ་དེ་ལྟར་ཡོད་དོ། །ས་བོན་དེ་ལས་འབྱུང་བ་ནི་སྐྱེས་པ་སྟེ་ཕྱག་མཚན་དང་སྐུ་རྫོགས་པ་གཉིས་ཀ། །དེ་ཉིད་ཐ་མལ་གྱི་རྟོག་པས་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་བཤད་པར་དགོངས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་ཞེས་བྱ་བ་ནི་རིག་པ་ཆེན་པོ་ནི་གསང་སྔགས་ཀྱི་ཡི་གེ་གསུམ་རྣམས་སོ། །དེ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐྱེས་བུའི་གཟུགས་སུ་བསྐྱེད་པ་གང་ཡིན་པ་དེ་ནི་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བདག་བདག་ཚེ་འདི་ཞེས་པ་འགྱུར་གསར་གཉིས་ཀ་ལ་མེད་པ་ལྟར་བྱའོ། །པོ་འདི་བྱིན་གྱིས་བརླབས་ཀྱིས་ཞེས་པ་ནི་རློབ་བྱེད་དོ། །བྱིན་གྱིས་བརླབས་ཞེས་པ་ནི་བརླབས་བྱའི་ཡུལ་ལའོ། །སོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི། རྣམ་སྣང་གི་ཡི་གེ་ༀ་དང་ལ་སོགས་པ ས་ལྷ་ལྷག་མ་སོ་གཅིག་གི་སྔགས་སྐུ་གསུང་ཐུགས་བྱིན་བརླབས་ཀྱི་ཡི་གེ་གསུམ་དང༌། ཏིང་ངེ་འཛིན་སེམས་དཔའི་ཡི་གེའི་བར་རོ་སྟེ་། སྔགས་ཀྱི་ཡི་གེ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་ལྷར་བསྐྱེད་པའི་ལུས་ལ་བཀོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་འབྱུང་བའི་གཞུང་འདིས་ནི་དོན་འདི་སྐད་སྟོན་པར་


JLD004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་། བསྒྲུབ་པའི་ཐབས་མདོར་བྱས་ལས་བཤད་པའི་ཀྱི་ཚུལ་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ། རྣལ་འབྱོར་བཞིའི་རིམ་གྱིས་སེམས་དཔའ་གསུམ་གྱི་མཐར་ཐུག་པའི་བར་གྱི། ཇི་སྲིད་པ་སྔགས་སྟེ་ལྷ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་ལུས་ལ་བཀོད་པའི་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་གྱུར་པ བསྟན་ནོ། །རྣལ་འབྱོར་དང་པོ་གསལ་བར་མ་བསྟན་ཀྱང༌། རྣལ་འབྱོར་ལྷག་མ་གསུམ་གྱི་ཤུགས་ཀྱིས་སྟོན་ལ། ལེའུ་བཅུ་གཅིག་པ་སོགས་ལས་གསུངས་པ་བཞིན་དུ་རིགས་དྲུག་གི་རྗེས་སུ་རྣལ་འབྱོར་དྲུག་ཡོད་པས། རྡོ་རྗེ་འཆང་ཞེས་གསུངས་པ་ནི་གཙོ་བོའི་དབང་དུ་བྱས་པ། །སྔར་བཤད་པ་ལྟར་བྱིན་གྱིས་:ཆག:བྱིན་གྱིས་བརླབས་པ་དེའི་རྣམ་པ་གང་ཞེ་ན་ཟེར་། བརླབས་པར་གྱུར་པ་དེས་ཇི་ལྟ་བུའི་རྣམ་པར་གྱུར་ཅེ་ན། ཞལ་གསུམ་པ་ལྟ་བུར་ཞེས་བྱ་བ་གསུངས་ཏེ། གདུལ་བྱ་རྣམས་ལ་ཞལ་གསུམ་པ་དེ་ལྟར་སྣང་བར་གྱུར་པའོ། །རྒྱུ་མཚན་དེ་བས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་དེ་འཇིག་རྟེན་གྱི་ཁམས་ན་གནས་པའི་གདུལ་བྱ་རྣམས་གྱིས་ཡང་དག་པར་མཐོང་པར་གྱུར་རྡོ་རྗེ་འཆང་ཉིད་ཞལ་གསུམ་པར་གཟིགས་ཞེས་པ་ཡང་རིགས་རྣམས་ཀྱི་གཙོ་བོ་ལ་དགོངས་སོ། །ཏོ། །ཞེས་གསུངས་ཏེ་དྲང་བའི་དོན་ཏོ། །འདིར་སེམས་དཔའ་གསུམ་གྱི་བར་དུ་བསྐྱེད་པའི་འོག་ཏུ་ཞལ་གསུམ་པ་ལྟ་བུར་གཟིགས་པར་བཤད་


JLD004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཡང་རྣམ་གཞག་ལས་ཟླ་བ་བཅུ་ཡི་མཐར་རྩ་བའི་རྒྱུད་ལས་གསུངས་པའི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ཡང་དག་པར་བསྟན་པའི་རིམ་པས་མའི་མངལ་ནས་འཐོན་པར་འགྱུར་ཏེ། དེའི་ཕྱིར་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་ཤའི་མིག་གི་ཡུལ་དུ་གྱུར་ཏོ། །དེ་ལྟར་རྩ་བའི་རྒྱུད་ལས་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་གཟིགས་པར་གྱུར་ཏོ་ཞེས་གསུངས་སོ། །ཞེས་ཟླ་བ་བཅུའི་མཐར་མངལ་ནས་ཕྱི་རོལ་ཏུ་བཙས་པ་ལ་བཤད་པས། སྔ་མ་རྣམས་སེམས་དཔའ་སུམ་བརྩེག་ཕྱི་རོལ་ཏུ་བཅས་པ་ལ་སྦྱོར་བ་དང༌། ཕྱི་མ་ཁ་ཅིག་སྐུ་གསུང་ཐུགས་བྱིན་བརླབས་དང༌། སེམས་དཔའ་སུམ་བརྩེག་གཉིས་ཀ་ཕྱི་རོལ་ཏུ་བཅས་པ་ལ་སྦྱོར་བ་ནི་གཞུང་གཉིས་དང་འགལ་བའོ། །མངལ་དུ་ངག་སྨྲ་བ་མེད་ཀྱང་ངག་གི་གནས་ལྕེ་ཡོད་པས། གསུང་བྱིན་བརླབས་ཀྱི་སྦྱང་གཞི་ཡོད་པ་མི་འགལ་ལོ། །སྦྱང་གཞི་ལ་བར་དོ་ཤའི་མིག་གི་སྤྱོད་ཡུལ་དུ་མི་འགྱུར་བ་མངལ་དུ་ཉིང་མཚམས་སྦྱར་བ་རིམ་གྱིས་འཕེལ་ནས་ཕྱི་རོལ་ཏུ་བཅས་པ་ན་ཤའི་མིག་གི་ཡུལ་དུ་ཀུན་གྱིས་མཐོང་བ་དང༌། རྫོགས་རིམ་པ་ལ་བར་དོ་དང་འདྲ་བའི་ཟུང་འཇུག་ལོངས་སྐུ་མིག་ཐ་མལ་བས་མི་མཐོང་བ་རགས་པའི་ཡུལ་ཀྱི་སྤྲུལ་སྐུ་བཟུང་བ་ན་མིག་ཐ་མལ་བ་ཡི་ཡང་ཡུལ་དུ་འགྱུར་བ་གཉིས་ལ་ཆོས་མཐུན་ངོ་མཚར་བ་ཡོད་ལ། བསྐྱེད་རིམ་ལ་དང་པོའི་མགོན་པོར་བསྐྱེད་པ་དང༌། དེ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ལ་མཐོང་དཀའ་སླའི་ཁྱད་མེད་ཀྱང༌། མོས་པ་ཡིད་བྱེད་ཀྱིས་སྔ་མ་ལོངས་སྐུ་དང༌། ཕྱི་མ་སྤྲུལ་སྐུར་མོས་དགོས་པའི་སྟེང་ནས། སྦྱང་གཞི་དང་ཟུང་འཇུག་གི་སྐབས་གཉིས་དང་མཐུན་པའི་ལམ་བྱེད་ཡོད་དོ། ༈ །དམ་ཚིག་འབྱུང་བའི་གཞུང་དེས་དོན་དུ་འཆད་པ་ལ་དེ་བཞིན་གཤེགས་པ་ཐམས་


JLD004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་ནི་འོད་གསལ་བ ཞེས་པ་ནི་རྡོ་རྗེ་གསུམ་ནི་ལུས་ངག་ཡིད་གསུམ་དང༌། དམ་ཚིག་ནི་ས་མ་ཡ་ལ་ས་མ་ཏི་ཞེས་པའི་ངེས་ཚིག་གིས་བཤད་ན་གསུམ་པོ་དེ་འོད་གསལ་དུ་ཞུགས་པས་རོ་མཉམ་པ་ཉིད་དུ་གྱུར་པ། །འོད་གསལ་གྱི་ཡེ་ཤེས་དེ་ལས་བྱུང་བ་ནི་སྐྱེས་པ་སྟེ། རྡོ་རྗེ་ལྟར་བདེན་གཉིས་མི་ཕྱེད་པའི་ཟུང་འཇུག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པ་ཆེན་པོ་ཞེས་པ་ལ་སྤྱིར་ཆེན་པོ འི་སྒྲ་དོན་བརྒྱད་ལ་འཇུག་སྟེ་ཐེག་པའི་མཆོག་ལ་ཐེག་པ་ཆེན་པོ་དང་བྱམས་པ་ཚད་མེད་པ་ལ་བྱམས་པ་ཆེན་པོ་དང༌། རིག་པའི་གནས་མང་དུ་ཤེས་པ་ལ་མཁས་པ་ཆེན་པོ་དང༌། བརྩོན་འགྲུས་འབར་བར་གྱུར་པ་ལ་བརྩོན་འགྲུས་ཆེ་བ་དང༌། སྤྲོ་ཤུགས་ལྷག་པར་གྱུར་པ་ལ་སྤྲོ་བ་ཆེ་བ་དང་འི་ཤིན་ཏུ་བྱ་བར་དཀའ་བསྒྲུབ་པ་ལ་ལས་ཀྱི་བདག་ཉིད། །ཆེན་པོ་ཞེས་པ་དང༌། ཤིན་ཏུ་རྨད་:པ་ཚབ:ཤིན་ཏུ་རྨད་བྱུང་བྱེད་པོ་ལ་ཟེར། དུ་བྱུང་བ་ལ་ངོ་མཚར་ཆེ་ཞེས་པ་དང༌། ཐེག་ཆེན་གྱི་ལམ་སྒྲུབ་པ་ལ་བྱེད་པ་པོ་སྟེ་སྐྱེས་བུ་ཆེན་པོ་ཞེས་པ་ལྟ་བུ་རྣམས་ལ། །ཆེན་པོ་ཞེས་ནི་འཆི་མེད་མཛོད་ལས་བཤད་པ་ཡིན་ནོ །ཞེས་གསུངས་པས། རིག་པ་ཆེན་པོ་ནི་དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་ཏེ་རིག་པའི་མཆོག་ལ་ཆེན་པོར་གསུངས་པ། །སྐྱེས་བུ་ནི་ཀུན་རྫོབ་ཀྱི་བདེན་པ་དག་པའི་སྒྱུ་མའི་སྐུ། །དེ་དག་སྟེ་གཉིས་ལས་ངོ་བོ་དབྱེར་མེད་དུ བསྐྱོད་པ་མཚན་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་སོགས་


JLD004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པའི་སྐྱེས་བུ་ལྟ་བུ་སྟེ་རྣམ་པའི་ལྷའི་སྐུ་ནི་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་ཏེ། ཟུང་འཇུག་གི་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་སོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་སྟེ་ཆ་ཐམས་ཅད་ལས་བསྒྲུབས་པས་ཏེ་བར་བདག་ཉིད་སྤྲུལ་པའི་སྐུར་བསྐྱེད་པའོ་ཞེས་བྱ་བར་དགོངས་སོ། །བྱིན་གྱིས་བརླབས་མ་ཐོག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དྲང་དོན་གྱི་སྐབས་བཞིན་ཏེ།ཞེས་པ་ནི་རྡོ་རྗེ་འཆང་དེ་ཉིད་ཞལ་གསུམ་པའི་རྣམ་པ་ཅན་དུ་གདུལ་བྱ་མ་དག་པ་རྣམས་ཀྱིས་མཐོང་ཞེས་པའོ། །ངེས་པའི་དོན་ཏོ། །ཞེས་པ་ལ་འོད་གསལ་དང་ཟུང་འཇུག་གི་ངེས་དོན་གཉིས་ཡོད་དོ། །གཟུངས་དཀྱིལ་ནས་འདིའི་བར་ལ་ཞུས་ལན་ཀྱང་མེད། སྟོན་པས་ཚིག་གི་རྣམ་པར་གསུངས་པ་ཡང་མེད་པར་སྔོན་བྱུང་ལ་སྟོན་པ་དང་མི་བསྐྱོད་པས་སྐུའི་རྣམ་འཕྲུལ་བསྟན་པ་མཐོང་བ་བསྡུས་པ་ཡིན་གྱི་ཐོས་པ་བསྡུས་པ་མིན་ནོ། ༈ །དམ་ཚིག་འབྱུང་བ་བཤད་པའི་རྗེས་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པ་ལ་སོགས་པའི་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་དགའ་བའི་ཐུགས་ཀྱིས། སྔར་བཤད་པའི་སྟོན་པ་རྣམ་སྣང་ཆེན་པོའི་ཐུགས་ཀ་ནས་ཕྱུང་སྟེ། གཞན་གྱིས་མ་དྲིས་པར་རང་སྤྲོ་བའི་ཤུགས་ཀྱིས་བརྗོད་པའི་ཆེད་དུ་བརྗོད་པ་འདི་གསུངས་སོ། །རྒྱ་དཔེ་ལ་ཨ་ཧོ་ཧི་ཞེས་འབྱུང་བའི་ཨ་ཧོ་ནི་ཨེ་མའོ་ཞེས་པའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་སྟེ། ཧི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་ལ་ངོ་མཚར་བའི་ཡུལ་ནི་བྱང་ཆུབ་སེམས་ནི་རབ་བྱུང་བ་ཞེས་བྱ་ནི་རིམ་པ་གཉིས་ཀྱི་ལྷའི་སྐུ་རྣམ་པ་གཉིས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རབ་ཏུ་བྱུང་བ་ནི་བྱང་ཆུབ་སེམས་ནི་རབ་བྱུང་བའོ། །དེ་བཞིན་གཤེགས་པ་ཀུན་གྱི་ཞེས་བྱ་བ་ནི་རིམ་པ་


JLD004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་སྐུའི་རྣམ་གཞག་འདི་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡིན་པའི་ཕྱིར་རོ། །སྣོད་མིན་ལ་སྦ་བར་བྱ་བ་ཡིན་པས་ན་གསང་བ་སྟེ་འདིའི་སྣོད་ཤིན་ཏུ་དཀོན་པར་སྟོན་ནོ་འོ། །བླ་མ་དམ་པའི་ལུང་དང་བྲལ་ན་ཇི་འདྲ་བའི་རྟོག་དཔྱོད་ཅན་རྣམས་ཀྱིས་བརྟགས་ཀྱང་བརྟག་པ་དང་བྲལ་བ་སྟེ་དོན་དེ་ངེས་པར་མི་ནུས་པ ས་ན་རབ་ཏུ་མི་རྟོག་པ་སྟེ་བརྟག་ཏུ་མེད་པའོ་གོ་།དེ་འདྲ་བའི་ལམ་གྱིས་ཀྱང་སྲིད་པ་བག་ཆགས་དང་བཅས་པ་དག་པར་བྱེད་པའི་ཚུལ་གྱིས། ཁམས་གསུམ་ལ་མི་གནས་པས་ན་གནས་མེད་པ་ཞེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །འདིར་ངོ་མཚར་བ་ནི་བློ་མཆོག་དང་ལྡན་པ་རྣམས་ཀྱང་དགའ་བ་ཆེན་པོས་ཡིད་འཕྲོག་པ་ཞིག་ཡིན་པས། ཡིད་འཕྲོག་ལུགས་ཁྱད་པར་ཅན་ཅི་འདྲ་ཞིག་ཡིན་པ་བརྗོད་ཅིག་ཅེ་ན། དེ་ནི་རིམ་གཉིས་ཀྱི་ལྷའི་སྐུ་གདུལ་བྱའི་རྒྱུད་ལ་འབྱུང་བར་བསྟན་པ་ཙམ་ལ་བྱེད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ཡིན་ཞེ་ན། གཟུངས་དཀྱིལ་ནས་དམ་ཚིག་འབྱུང་བའི་བར་གྱི་རྒྱུད་ལེགས་པར་ཤེད་ན། འགྲེལ་པས་བཤད་པ་ལྟར་གྱི་དོན་རྣམས་ཐོན་ནས་འོང་བ་དེ་ལ་ཤིན་ཏུ་ངོ་མཚར་བའོ། །དོན་དེ་རྣམས་རྒྱུད་དོན་ལ་དེ་ལྟར་གནས་པ་ནི། དེ་ལྟར་མ་བཤད་པའི་གོང་དང་པོ་ནས་ཀྱང་ཡོད་པས། སྔོན་བྱུང་གི་འཁོར་ལ་ངོ་མཚར་སྐྱེ་བ་དེ་འགྲེལ་པས་མ་བཤད་བར་དུ་མི་འབྱུང་བ་མིན་ནོ། །དེ་ཡང་སྔར་རྒྱས་པར་བཤད་མོད་ཀྱི་མདོར་བསྡུས་ཏེ་དྲན་པར་བྱས་ན། གཟུངས་དཀྱིལ་སྦྲུལ་


JLD004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལམ་གྱི་སྲོག་བདེ་བ་ཆེན་པོར་སྟོན་པ་དང༌། དེ་འདྲེན་པ་ལ་ཕྱི་ནང་གི་ཐབས་ཁྱད་པར་ཅན་རྣམས་སྟོན་ཚུལ་དང༌། དེ་ནས་མི་བསྐྱོད་པས་དཀྱིལ་འཁོར་སྦྲུལ་བའི་ངེས་དོན་བཤད་པས་གཟུངས་དཀྱིལ་དུ་བཤད་པའི་སྟོང་པ་རྣམས་ཀྱི་རླུང་སེམས་ཀྱིས་སྒྱུ་ལུས་སྦྲུལ་བ་དང༌། དཀྱིལ་འཁོར་བཙུན་མོའི་བྷ་གའི་ནང་དུ་ཆུད་པར་བསྟན་པས་སྒྱུ་ལུས་འོད་གསལ་དུ་འཇུག་པ་དང༌། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཞག་པ་དང༌། འཁོར་གྱི་ལྷ་ཞུགས་པས་ཟུང་འཇུག་པའི་ལོངས་སྤྲུལ་གཉིས་སྟོན་པ་སོགས་ཀྱི་དྲང་ངེས་ཀྱི་དོན་ལེགས་པར་རྟོགས་ཤེས་ན། འདི་ནི་ཤིན་ཏུ་རྨད་དུ་གྱུར་བའོ་སྙམ་དུ་ལན་ཅིག་མིན་པར་མཁས་པའི་ཡིད་འཕྲོག་པར་བྱེད་པས། རྒྱུད་དོན་ལ་ཇི་ལྟར་ཡོད་ཤེས་པས་དགའ་བ་རྒྱས་པར་བྱེད་པར་ཟུང་ཞིག་། ༈ ད་ནི་མ་འོངས་པའི་གདུལ་བྱ་རྣམས་ལ་སློབ་དཔོན་དང་སློབ་མ་ཆོས་ཟབ་མོ འི་སྒོ་ནས་འབྲེལ་པ་ཇི་ལྟར་བྱེད་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཆེ་བརྗོད་བཤད་པ འདས་མ་ཐག་པའི་དུས་སོ་འོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་ཞེས་བྱ་བ་ནི་སྔར་འདུས་པ་ལ་ལྟོས་ནས་ཡང་འདུས་པ་མཛད་ནས། ཞེས་པ་སྟེ་གསོལ་བ་གདབ་པའི་དོན་དུ་དགོངས་པ་གཅིག་ཏུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཀྱི་མཆོད་པ་ཉེར་སྤྱོད་ལ་སོགས་པ་སྤྲོས་པ་སྟེ་མང་དུ་བཤམས་པ་དེས་མཆོད་ན་འདོད་པའི་དོན་ཐོབ་པ་ལ་མི་སླུ་བས་དེ་ཁོ་ན་ཉིད་ཀྱི་དམ་ཚིག་སྟེ་མཆོད་པའི་ལས་ལས་འདར་མི་རུང་བས་གསེར་ལ་སོགས་པའི་རིན་པོ་ཆེའི་རྒྱ་མཚོའི་ཚོགས་ནི་སྤྲིན་ཏེ་མཆོད་པ་དེ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་


JLD004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡིད་འཕྲོག་པའི་གཟུགས་ལ་སོགས་པ་སྟེ། གཟུགས་སོགས་དེ་རྣམས་དང་ལྡན་པའི་མཆོད་པ་ནི་དེ་བཞིན་གཤེས་པ་ཐམས་ཅད་ཀྱི་མཆོད་པའོ། །དེའི་རྒྱས་པ འམ་སྤྲོས་པ་ནི་མཆོད་པ་དེས་ལན་མང་དུ་མཆོད་པ་བྱས་པའོ། །དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་ནི་བུད་མེད་རིན་པོ་ཆེ་སྟེ། དེ་ནི་དགའ་བ་རྒྱས་པར་བྱེད་པའི་ཕྱིར་ན། །དམ་ཚིག་ནི་དེས་བླ་མ་མཆོད་པ་ལས་འདའ་བར་བྱ་བ་མ་ཡིན་པ་སྟེ། དེ་རྣམས་ཀྱི་སྤྲིན་ནི་ཚོགས་ཏེ། རིག་མ་མང་པོར་བསྟན་ནོ། །དེས་སྟོན་པ་ལ་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། ངེས་པའི་དོན་ཏོ། །ཐོག་མའི་འདུས་པ་གསང་བ་དང་ཐ་མའི་བཤད་དུ་གསོལ་ཞེས་བྱ་བར་སྦྱར་ཏེ། འདུས་པ་ཞེས་བྱ་བ་ནི། རྒྱུད་ཕྱི་མ་ལས་བཤད་པ་ལྟར་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་དབྱེར་མི་བྱེད་པར་གཉིས་གཅིག་:པ་ཚབ:འདུས་པ་ནི་གཅིག་གྱུར་པ་སྟེ་ཟེར། ཏུ་གྱུར་པ་ནི་འདུས་པ་སྟེ། །ཡི་གེའི་དོན་ཏོ། །ཞེས་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརློབ་པ་ལྟ་བུའོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ། སྤྱིའི་དོན་ཏོ། །ཤེས་རབ་སྣང་བ་དང་ཐབས་མཆེད་པ་དང་ཐབས་ཤེས་ཡང་དག་པར་སྦྱོར་བ་ཉེར་ཐོབ ནི། འདུས་པ་སྟེ་སྦས་པའོ། ། འདུས་པའི་སྦས་བཤད་གཞན་ཡང་རྡོ་རྗེ་འཕྲེང་བ་ལས། འདུས་པའི་མཆོག་དོན་རབ་གསུངས་པ། །འདུས་པ་འདྲེས་པ་ཞེས་ནི་གསུངས། །འདྲེས་པ་ང་ཡིས་ཁྱོད་ལ་བཤད། ཅེས་གསུངས་ནས། དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རག་གྱུར་པ། ཞེས་ཡབ་


JLD004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ངྷཱུ་ཏཱིའི་མར་སྣའི་རྩེ་གཉིས་འཕྲད་པ་ལ་འདུས་པར་བཤད་པ་གཅིག་དང༌། དེ་ནས་བྱང་ཆུབ་སེམས་ཀྱང་ནི། །གནས་ཀུན་ནས་ནི་ཞུ་གྱུར་ནས། །ངོ་བོ་གཅིག་ཏུ་གྱུར་པ་དང༌། །རྩ་ནི་གཅིག་གི་འབྲས་བུ་ནི། །རོ་གཅིག་ཏུ་ནི་གྱུར་པ་ལ། །འདུས་པ་ཞེས་ནི་དེ་ལ་གསུངས། ཞེས་གཏུམ་མོའི་མེས་བཞུས་པའི་སྟོང་ཕྲག་དོན་གཉིས་ཀྱི་རྩ་ནང་ནས་བྱང་སེམས་ཞུ་བ་རྣམས་ཨ་ཝ་ངྷཱུ་ཏཱིའི་ལམ་ནས་གཅིག་ཏུ་འདྲས་ཏེ་འབབ་པ་ལ་བཤད་པ་གཅིག་དང༌། ཕུང་པོ་ཁམས་དང་དབང་པོ་དང༌། །ཡུལ་རྣམས་དང་ནི་སྦས་པའི་ནང༌། །རྣམ་རྟོག་ཀུན་ནས་ཟད་པ་ལས། །ཡང་དག་ཡེ་ཤེས་བདེ་ཆེན་སྐྱེ། །རོ་གཅིག་པར་ནི་ངལ་བསོ་གང༌། །དེ་བཞིན་དུ་ནི་འདུས་པ་སྟེ། ཞེས་སྔར་བཤད་པ་ལྟར་བབ་པ་ནོར་བུའི་རྩེར་མི་འཕོ་བར་བཟུང་བ་ལས་ཀུན་རྟོག་བརྒྱད་ཅུ་ཐིམ་པས་ཡང་དག་པའི་ཡེ་ཤེས་ལྷན་སྐྱེས་སྐྱེས་ནས་བདེ་སྟོང་དབྱེར་མེད་དུ་སྦྱར་བ་ལ་འདུས་པར་བཤད་པ་སྟེ། གསུམ་གསུངས་པའི་དང་པོ་གཉིས་འདོད་ཆགས་ཆོས་སྦས་དང༌། ཕྱི་མ་ནི་སྣང་བ་སེམས་སྤས་སུ་བྱའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་མི་ཕྱེད་པར་འདྲེས་པའི་ཟུང་འཇུག་ནི་འདུས་པའོ། །གསང་བ་ལས་བྱུང་བ་ནི་ཟུང་འཇུག་དེ་ཉིད་ཀྱི་ཁྱད་པར་ཏེ། གསང་བ་ནི་འོད་གསལ་བའོ། །དེ་ལས་བྱུང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་བར་དུ་སྟེ་ཐ་ཚིག་གོ་སྟེ། ཟུང་འཇུག་གི་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་པའི་མན་ངག་གསང་ཞིང་སྤ་བར་བྱའོ། །རྡོ་རྗེ་སྙིང་པོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་གཅིག་ཏུ་གྱུར་པའི་མཚན་


JLD004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན་ནི་འདུས་པའོ། །དེ་ཁོ་ན་ཉིད་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བྱུང་བའོ། །དེ་རྣམས་ཀྱིས་ནི་མ་འོངས་པ་ནའང་འདུས་པའི་དོན་ཉན་པར་འདོད་ན་བླ་མ་ལ་དྲང་ངེས་ཀྱི་མཆོད་པས་ལན་མང་དུ་མཆོད་དེ། ཕྱག་འཚལ་ནས་འདུས་པའི་དོན་བཤད་པར་གསོལ་བ་གདབ་པར་སྟོན་ནོ། ༈ །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པ་འདས་མ་ཐག་པ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེས་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས་ངོ་མཚར་བ་ལ་ཚིག་ལན་གཉིས་འབྱུང་བས་ཞུས་པ་སྟེ། ལེགས་སོ། །ལེགས་སོ་ཞེས་བྱ་བ་ནི་ལེགས་སོ་བྱིན་པས་དོན་གྱིས་ན་འཆད་པར་ཞལ་གྱིས་བཞེས་པར་མཛད་པ་སྟེ་དྲིས་པའི་དོན་མངོན་པར་འདོད་པ་སྟོན་པས་སོ། །འོན་ཀྱང་ཞེས་བྱ་བའི་སྒྲ་ནི་ད་དུང་རྣམ་པར་བརྟག་པ ར་བྱ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་ཞེས་བྱ་བ་ནི། འདིར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ནི་སློབ་བཞིན་པའི་རྣལ་འབྱོར་པ་ཡིན་པར་བལྟ་བར་བྱའི་། ཉོན་མོངས་པ་དང་དེའི་བག་ཆགས་ཤེས་སྒྲིབ་དང་བཅས་པར་སྤངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་ས་སྙིང་སོགས་ཏེ་དེ་རྣམས་ཀྱང་ཉོན་མོངས་བག་ཆགས་དང་བཅས་པ་སྤངས་པའོ། །རྣམས་ལ་ནི་སོ་མ་ཉི་ཡོད་པ་མ་ཡིན་ཏེ། འདིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རིམ་གཉིས་ཀྱི་དགེ་བའི་རྩ་བ་རྫོགས་པར་སྐྱེ་བའི་རྒྱུད་ཡོངས་སུ་སྨིན་པ། མང་དུ་


JLD004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པའི་ཕ་རོལ་ཏུ་སོན་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱ་ཉིད་དེ་ཁོ་ན་ཐོབ་པར་མངོན་པར་འདོད་ཅིང་བླ་མེད་ཀྱི་ཐེག་པར་རིགས་ངེས་པའོ། །འདུས་པའི་དོན་རྫོགས་པ་ནི་བླ་མ་དམ་པའི་ལུང་དང་བྲལ་ན་དེ་རྣམས་ཀྱི་ཡང་ཡུལ་མ་ཡིན་ཏེ། དོན་དེ་བརྟག་པ ར་ནུས་པ་དང་བྲལ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨྲོས་ཞེས་བྱ་བ་ནི། ཙནྡན་ལྟ་བུའི་གང་ཟག་ལ་སོགས་པ་བཞི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་མཐར་སངས་རྒྱས་ཐོབ་པར་འདོད་ཀྱང་འཕྲལ་དུ་དངོས་གྲུབ་དམན་པ་སྒྲུབ་པ་ལ མོས་པ་དམན་པ་རྣམས་ཀྱིས་རྟོགས་པ་ལྟ་ཅི་སྨོས་ཞེས་འདུས་པའི་དོན་རྫོགས་པ་གཟུང་བར་ཏེ་རྟོགས་པར་དཀའ་:པ་ཚབ:བའི་ཕྱིར་ཞིང་། རེ་ཞིག་འདུས་པ་འཆང་བ་ལ སྤྲོ་བ་མེད་པ་ཉིད་དུ་བརྡ་སྤྲོད་པ་ཡིན་ནོ། །དེ་དག་གིས་ནི་མ་འོངས་པའི་འཆད་པ་པོས་ཞུ་བ་ལ་ལེགས་སོ་སྦྱིན་པ་དང༌། འོན་ཀྱང་འདི་རྟོགས་དཀའ་བས་རེ་ཞིག་ལ་གཞན་དུ་ཞུགས་ན་མི་ལེགས་སམ་ཞེས་བརྗོད་པ་དང༌། “དེ་མ་ཐག་ཁས་མི་ལེན་པར་བསྟན་ན། ༈ །དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུང་ཐོས་ནས། རིན་པོ་ཆེ་ལྟ་བུའི་གང་ཟག་རིགས་ངེས་པ་རྣམས་ཀྱི་ཡང་འདི་ཡུལ་མ་ཡིན་ནོ་ཞེས་པས་ནི་ངོ་མཚར་དུ་གྱུར་ལ། པདྨ་དཀར་པོ་ལྟ་བུ་ལ་སོགས་པ་རིགས་མ་ངེས་པ་རྣམས་ཀྱི་ལྟ་ཅི་སྨོས་ཞེས་པས་ནི་རྨད་དུ་གྱུར་ནས། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་ཡང་ཞེས་བྱ་བ་ལ་སོགས་


JLD004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། གང་གི་ཕྱིར་འདི་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དུ་གྱུར་པ་ལ་ཡང་ཞེས་བྱ་བ་ནི། རིན་པོ་ཆེའི་གང་ཟག་ཉིད་ཡིན་པར་སྟོན་པ་ཡིན་ཏེ། དོན་གཞན་ལ་འགལ་བའི་སྒྲས་སྟོན་པའི་དགོངས་པས་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བ་ནི། བཟའ་བ་དང་བསྲུང་བ་དང་བསྟེན་པར་གསུངས་པ་ལས་མི་འདའ་བའི་དམ་ཚིག་དང་དེ་དག་གི་མི་མཐུན་ཕྱོགས་འགོག་པའི་སྡོམ་པ་གཉིས་ནི་བླ་མེད་ཀྱིའོ་ལ་སོགས་པ ས་གཞན་དང་ཐུན་མོང་བའི་བསྲུང་བྱ་རྡོ་རྗེ་གསུམ་གྱི་རིགས་གསུམ་དུ་ཡོངས་སུ་གྱུར་པ་སྟེ། རིགས་གསུམ་དུ་བསྡུས་པ་ནི། ཡི་གེའི་དོན་ནོ། །ཞེས་པ་ནི་ལམ་སྒོམ་པའི་སྔོན་དུ་དམ་ཚིག་རྣམས་ལེགས་པར་ཤེས་ནས་བསྲུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ལྷ་བསྐྱེད་པའི་རྒྱུ་ཡི་གེ་གསུམ་ཏེ། དེ་ལས་ལྷ་བསྐྱེད་ནས་སྒོམ་པ་ནི་སྤྱིའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི། རང་བཞིན་གྱི་སྣང་བ་ཡེ་ཤེས་གསུམ་པོ་རང་བཞིན་སྣང་བའི་རང་བཞིན་ཞེས་པ་ནི་ཀུན་རྟོག་བརྒྱད་ཅུའི་མིང་ཡིན་ལ། རང་བཞིན་གྱི་སྣང་བ་ཞེས་པ་ནི་ཡེ་ཤེས་རྣམས་ཀྱི་མིང་ངོ༌། །གྱི་སྣང་བ་རླུང་གི་བཞོན་པ་དང་ལྡན་པ་སྟེ། སྣང་བ་སེམས་ཀྱི་སྤས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་སྟེ་མཐར་ཐུག་པའོ། །དེ་ལྟར་ཐུན་མོང་བ་དང་ཐུན་མོང་མིན་པའི་དམ་ཚིག་དང་སྡོམ་པ་དང་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱི་གསང་


JLD004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཁོར་ལ་སྟོན་པར་མི་སྤྲོ་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་བྱིན་གྱིས་བརླབ་པར་མཛད་པ་ནི་སྦས་བཤད་ཀྱི་སྐབས་སུ་དབང་བསྐུར་བ་ལ་མཛད་ལ་དེ་ན་མཚོན་པ་ཙམ་ཡིན་པས་ཚུལ་བཞི་ཀ་ལ་འདྲ་བར་བྱའོ། །ནས་བསྟན་དུ་གསོལ། ཞེས་བྱ་བར་སྦྱར་ཏེ། གང་ལ་རློབ་ན་སྔོན་བྱུང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་པ་ནི་རྗེས་འཇུག་ལ་འདུས་པ་ཉན་པར་འདོད་པའི་གང་ཟག་ལའོ། །ཇི་ལྟར་བྱིན་གྱིས་བརླབ་པ་ནི་སློབ་མའི་སྐུ་སྟེ་ལུས་ལ་སོགས་པ་གསུམ་དུ་དེ་བཞིན་གཤེགས་པ་རྣམས་རྗེས་སུ་ར་ཞུགས་པ་སྟེ་དེ་བླ་མས་མཛད་པའོ། །འདིས་ནི་བུམ་དབང་གི་སྐབས་སུ་སློབ་མ་ལ་ཡེ་ཤེས་འབེབས་པ་དང་ཡེ་ཤེས་པ་སྦྱན་དྲངས་ཏེ་འཇུག་པ་སོགས་སྟོན་ནོ། །ཐབས་གང་གིས་བྱིན་གྱིས་རློབ་ཅེ་ན། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རིགས་དྲུག་པོ་ཐམས་ཅད་ཀྱི་སྒོ་ནས་རྡོ་རྗེ་སྟེ་དངོས་གྲུབ་འགྲུབ་པ་ལས་མི་འདའ་བར་བྱེད་པའི་དམ་ཚིག་འབྱུང་བ ར་བྱེད་པའི་དབང་སྐུར་བ འི་ཚིག་གིས་ཞེས་བྱ་བ་སྟེ། ཡི་གེའི་དོན་ཏོ། །འདིར་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་འཁོར་རྣམས་ལ་བྱིན་གྱིས་བརླབས་ནས། འདུས་པ་བསྟན་དུ་གསོལ་ཞེས་པའི་བྱིན་གྱིས་བརླབས་པ་ནི། དབང་བསྐུར་བ་ལ་བྱ་སྟེ། ལེའུ་དང་པོའི་བསྡུས་དོན་གྱི་སྐབས་སུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བ་བྱིན་ནས། ཞེས་གསུངས་ཤིང་དབང་བསྐུར་བའི་རྣམ་གཞག་གཅིག་གཞུང་འདིས་མ་བསྟན་ན། ལེའུ་དང་པོར་གཞན་མེད་པའི་ཕྱིར་དང༌། འདིར་ཡང་སྦས་བཤད་ཀྱི་སྐབས་སུ་དབང་བསྐུར་བར་གསུངས་ལ་དེ་གཞན་གསུམ་ལའང་འདྲ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་


JLD004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི་སྐུ་རྡོ་རྗེ་རྣམ་སྣང་ལ་སོགས་པ་དྲུག་སྟེ། དེ་རྣམས་འབྱུང་བའི་ཚིག་ནི་དེ་དྲུག་པོ་བསྐྱེད་པའི་ས་བོན་གྱི་ཡི་གེ་ༀ་ལ་སོགས་པ་སྟེ། སྤྱིའི་དོན་ཏོ། །འདིས་བུམ་དབང་གི་སྐབས་སུ་ས་བོན་སོ་སོ་ལས་རིགས་དྲུག་དུ་བསྐྱེད་པ་བསྟན་ནོ། །རྡོ་རྗེ་དམ་ཚིག་ནི་ཡབ་ཡུམ་གཉིས་ཀྱི་དབང་པོ་གཉིས་ཀྱི་སྙོམས་པར་ཞུགས་པའོ། །དེ་ལས་འབྱུང་བའི་ཚིག་གམ་གནས་ནི་བདེ་བ་ཆེན་པོའི་གཞི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དེས་བྱིན་གྱིས་བརླབ་པ་ནི་དབང་བསྐུར་བ་བྱས་པ་སྟེ།འདིས་ནི་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐིག་ལེ་ལྕེ་ལ་བཞག་ནས་གསང་དབང་བསྐུར་བ་དང་སློབ་མ་དང་རིག་མ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ཐིག་ལེ་རྡོ་རྗེ་ནོར་བུར་ཕབ་པ་བཟུང་བ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གཉིས་བསྟན་ནོ། །འདོད་ཆགས་ཆོས་ཀྱི་སྦས་པའོ། །རྡོ་རྗེ་དམ་ཚིག་ནི་འོད་གསལ་བའོ། །འོད་གསལ་དེ་ལས་ལུགས་བཟློག་ཏུ་བྱུང་བའི་ཚིག་གམ་གནས་ནི་ཆེན་པོ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཉིད་དོ། །སྟོང་པ་བཞི་པོ་དེ་ལ་བརྟེན་ན ས་བྱིན་གྱིས་བརླབ་པ་ནི། སྔོན་བྱུང་ལ་བཅོམ་ལྡན་འདས་དང་རྗེས་འཇུག་ལ་སློབ་དཔོན་ཀྱིས་གང་ལ་དབང་བསྐུར་བའི་གདུལ་བྱའི་སྐྱེ་པོའི་རྒྱུད་ལ་ཟུང་འཇུག་པའི་ལྷའི་སྐུ་ལོངས་སྐུ་དང་སྤྲུལ་སྐུ་རྣམ་པ་གཉིས་:པ་ཚབ་ཆག:སྐུ་རྣམ་པ་གཉིས་གསལ་བར་མཛད་ནས་ཡང་དག་པར་བསྟན་དུ་གསོལ་ཟེར། གསལ་བར་མཛད་པ་ཡིན་ལ་དེ་ཡང་དག་པར་སྟོན་པར་མཛོད་ཅིག་པ་སྟེ། འདིས་


JLD004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དོན་གྱི་དབང་བཞི་པ་ཟུང་འཇུག་སློབ་མ་ལ་བསྟན་ནས་སྣོད་རུང་དུ་བསྒྲུབ་པའི་ཚིག་དབང་བཞི་པ་བསྐུར་བ་བསྟན་ཏེ། མཐར་ཐུག་པའོ། །དགོས་པ་གང་གི་ཕྱིར་གསོལ་བ་འདེབས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟག་པ་མེད་པའི་ལུས་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱི་བ་ནས་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དེའི་མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་གྱི་ཕྱིར་དུའོ། །བར་གྱི་སྒྲས་ནི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་ལ་སོགས་པ་གཞན་རྣམས་བསྡུའོ། །དེ་རྣམས་ཀྱིས་ནི་མ་འོངས་པའི་སློབ་མས། སློབ་དཔོན་ལ་ཞུ་བ་ལན་རེ་ཙམ་མིན་པར་བསྐྱར་ཏེ་ནན་ཏན་དུ་གསོལ་བ་གདབ་པ་དང༌། དབང་བཞིས་རྒྱུད་སྣོད་རུང་དུ་བྱ་བ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་སྔོན་དུ་བཏང་ནས། རྒྱུད་དངོས་དང་དེའི་དོན་གཞན་བཤད་དགོས་པར་བསྟན་ནོ། ༈ །དེ་ལྟར་གསོལ་བ་བཏབ་པ་དང༌། སྔོན་བྱུང་ལ་བཅོམལྡན་འདས་དང་རྗེས་སུ་འཇུག་ལ་སློབ་དཔོན་ཀྱིས་དབང་བསྐུར་ནས་རྒྱུད་སྟོན་པའི་གསོལ་བ་བཏབ་པར་མཁྱེན་ནས། སྔོན་བྱུང་ལ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་དང༌། རྗེས་འཇུག་ལ་སློབ་མ་གསོལ་བ་འདེབས་པ་དེ་རྣམས་ལ་དབང་བསྐུར་བའི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྦྲུལ་བར་མཛད་དེ།མི་བསྐྱོད་པའི་དཀྱིལ་འཁོར་འདི་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་པ་ནི། །མི་བསྐྱོད་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་དེ་ལྟར་གསུངས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད་མ་རིག་པའི་མུན་པ་སངས་པའི་སྒྲོན་མ་ཡིན་པས་ན་ཡེ་ཤེས་སྒྲོན་མ་སྟེ། ཡི་གེའི་དོན་ནོ། །ཡེ་ཤེས་སྒྲོན་མ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་སྣང་


JLD004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཛད་པས་ན་མི་བསྐྱོད་པ་ལ་བྱ་སྟེ། སྤྱིའི་དོན་ནོ། །ཡེ་ཤེས་ནི་རྫོགས་རིམ་པའི་རྣམ་པར་ཤེས་པ་གསུམ་གྱི་སྣང་བས་ཕྱོགས་བཅུར་གནས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྣང་བར་མཛད་པས་སྒྲོན་མ་དང་འདྲ་བས་ན་སྒྲོན་མ་ཞེས་བྱ་ལ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། སེམས་ཀྱིས་སྦས་པའོ། །ཛྙཱ་ནི་རྟོགས་པ་སྟེ་སྣང་བ་གསུམ་གྱི་ཡེ་ཤེས་སོ་འོ་། །ན་ནི་དགག་པ་ལ་འཇུག་སྟེ། འོད་གསལ་གང་ལ་སྣང་བ་གསུམ་གྱི་རྟོགས་པ་མེད་པ་སྟེ་དག་པ་དེ་ནི་ཡེ་ཤེས་སོ། །དེ་གང་ཡིན་ཞེ་ན། དོན་དམ་པའི་བདེན་པ་བརྗོད་དུ་མེད་པ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་པས་སོ། །དེ་ཉིད་ནི་གཉིས་སུ་སྣང་བ་མ་ལུས་པ་ཟིལ་གྱིས་མནན་ནས། འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་དེ་ཁོ་ན་ཉིད་སྣང་བར་བྱེད་པས་ན་སྒྲོན་མའོ། །མི་ཕྱེད་པས་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ། མཐར་ཐུག་པའོ། །རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས།རང་བཞིན་གྱིས་ཞེས་པ་འགྱུར་གསར་གཉིས་ལ་མེད་དོ། །ཞེས་པ་ནི་སྔོན་བྱུང་ལ་ནི་གདུལ་བྱའི་དེར་བཞེངས་པའི་སྣང་བ་བྱུང་བ་ཙམ་མོ། །རྗེས་འཇུག་ལ་ནི་རིམ་པ་གཉིས་ལ་བཤད་དགོས་པས། སློབ་པའི་ཟུང་འཇུག་པ་ལ་ནི་དོན་གྱི་འོད་གསལ་ལས་དངོས་སུ་བཞེངས་པ་དང༌། །བསྐྱེད་རིམ་པ་ལ་ནི་མོས་པ་ཡིད་བྱེད་ཀྱི་བཞེངས་པའོ། །དུག་གསུམ་ང་རྒྱལ་ཕྲག་དོག་གི་ཉོན་མོངས་པ་ལྔས་ཁྱབ་པ་སྟེ་བཅིངས་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས རིགས་པ་དྲུག་ཅུ་བ་ལས། སྲིད་པ་ཡོངས་སུ་ཤེས་པ་ཉིད། །བྱ་ངན་འདས་ཞེས་བྱ་བར་བརྗོད། ཅེས་གསུངས་


JLD004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཉོན་མོངས་པ་རྣམས་ཀྱི་འི་རང་བཞིན་ཡོངས་སུ་ཤེས་པ་མཐར་ཐུག་པ་ཉིད་ནི་བྱང་ཆུབ་ཡིན་ལ་བྱང་ཆུབ་དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་མཁྱེན་ནས། གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱར་བའི་ཕྱིར།བསམ་པ་འདི་སྔོན་དུ་བཏང་ནས་མི་བསྐྱོད་པ་ལ་སོགས་པ་འབྱིན་པ་འདི་ནི་བསྐྱེད་རིམ་པ་ལ་ཡང་ཤེས་པར་བྱའོ། །ཞེ་སྡང་གི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ་སྟེ། ནང་གི་ཐུགས་རྗེ་ཆེན་པོའི་ཐབས་ཀྱི ས་ཕྱིའི་སྐུའི་རྣམ་པ་ཁྲོ་བོ ར་སྤྲུལ་པ་ནི་ཞེ་སྡང་ཞེས་པ་ཡིན་ལ། མི་བསྐྱོད་པ་དེའི་རིགས་ནི་ཞེ་སྡང་གི་རིགས་སོ། །མི་བསྐྱོད་པ་ལ་བརྟེན་པའི་འདོད་པའི་འབྲས་བུ་སྐྱེད་པས་ན་མཆོག་དང་གི་སྙིང་པོའི་སྙིང་པོ་སྟེ། ཡང་སྙིང་ངམ་ཉེ་སྙིང་ནི་བཛྲ་དྷྲིཀ་ལ་སོགས་པའི་སྔགས་སོ། །འདི་ཞེས་བྱ་བ་ནི་འབྱིན་རྒྱུ་རང་གི་བློ་ལ་བཞག་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ལས་ཕྱུང་ངོ་ཞེས་པའི་འབྱིན་པའི་ཐབས་ནི་ཡབ་ཡུམ་སྙོམས་པར་འཇུག་པས་ཡང་དག་པར་འབྱིན་པར་མཛད་པ་སྟེ། སྒྲ་ཇི་བཞིན་པའོ། །བཛྲ་རྡོ་རྗེ་དྷྲིཀ་ནི་འཛིན་པའམ་འཆང་བའོ། །ཅེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་ངོ་བོར་གྱུར་པའི་ཡེ་ཤེས་རྣམ་པ་ལྔ་ཡང་དག་པར་སྟོན་པ་སྟེ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ཕྱག་མཚན་དུ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ།མི་བསྐྱོད་པ་ལ་རྡོ་རྗེ་འཆང་ཞེས་པ་ནི་སྒྲ་འཇུག་པའི་རྒྱུ་མཚན་ཡོད་པ་ཙམ་མོ། །དྲང་བའི་དོན་ཏོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟུང་འཇུག་གི་རྡོ་རྗེའི་


JLD004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རང་གི་ངོ་བོ་ཉིད་དུ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ། ངེས་པའི་དོན་ཏོ། །:པ་ཚབ:དེ་ནས་འདི་ཞེས་བྱ་བ་ལ། ཞུགས་པར་གྱུར་ཏོ། ཞེས་བྱ་བར་སྦྱར་རོ། །ཟེར་བ་ལེགས་སོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ནས། ཞུགས་སོ་ཞེས་བྱ་བར་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་ཅེས་བྱ་བ་ནི་སྔར་བཤད་པའི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ནི་དེ་གསུམ་གྱི་བདག་ཉིད་ཅན་ནོ། །རིག་པའི་སྐྱེས་བུ་ཞེས་བྱ་བ་ནི། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོ་ནི་ཞལ་ནག་པོ་ལ་སོགས་པ་སྟེ།:པ་ཚབ:དེ་དང་སྦྱོར་བ་ཟེར། དེ་རྣམས མི་བསྐྱོད་པ་དེར་རམ་དེ་དང་སྦྱོར་བ་ནི་གཅིག་ཏུ་གྱུར་པ འོ་སྟེ་གང་དང་གཅིག་ཏུ་གྱུར་པ་ནི་རྒྱུད་ཉིད་ལས་རྡོ་རྗེ་འཆང་ལ་གསལ་བར་གསུངས་པས་དེ་ལྟར་དུ་བྱ་ཡི། །མི་བསྐྱོད་པ་སྤྲོས་པ་རྣམས་ཡེ་ཤེས་པ་དང་འདྲེས་པ་ལ་མི་བྱ་སྟེ། ལྷ་མོ་རྣམས་ཀྱི་སྐབས་སུའང་གསལ་ལོ། །དེ་ཉིད་ཐབས་སོ། །རྩ་ཞལ་ནག་པོ་གཡས་ཞལ་དཀར་པོ་གཡོན་ཞལ་དམར་པོའི་ཚུལ་དུ་ཞེས་བྱ་བ་ནི་སྔ་མ་སྟེ་སྔར་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ལ་བཤད་པ་བཞིན་དུ་མི་བསྐྱོད་པའི་ཞལ་ལོ་ནོ་། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །འདིར་ལྷ་བཅུ་གསུམ་ཕྱུང་བའི་མི་བསྐྱོད་པ་གཙོ་


JLD004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལ་བཅུག་ཅིང་ལྷག་མ་རང་གནས་སུ་འགོད་པ་ནི། གཙོ་བོར་དབང་བསྐུར་བའི་དཀྱིལ་འཁོར་སྒྲུབ་པ་ལ་སྦྱར་དགོས་ནའང༌། མངོན་རྟོགས་ཐུན་བཞིར་སྒོམ་པའི་སྐབས་ལའང་སྦྱར་དུ་རུང་ངོ༌། །རྡོ་རྗེ་འཆང་ལ་མི་བསྐྱོད་པ་བཅུག་པ་ནི་སྔོན་བྱུང་དང་མདོར་བྱས་བཞིན་དུ་སྒྲུབ་ཐབས་སྒོམ་པ་ལ་དགོངས་ལ། མངོན་བྱང་ལྔ་ལས་རིགས་ལྔ་བསྐྱེད་པའི་སྒྲུབ་ཐབས་དང༌། རྗེས་འཇུག་གི་དཀྱིལ་འཁོར་བསྒྲུབ་པའི་སྐབས་ཡིན་ན་སྐབས་གང་ཡིན་གྱི་གཙོ་བོ་ལ་མི་བསྐྱོད་པ་ལ་སོགས་པ་འཇུག་ཡིན་ནོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་ཕྱུང་བ་ཞེས་བྱ་བ་ལྷ་བཅུ་གསུམ་འབྱིན་པའི་དང་པོ་སྟེ། སྒྲ་ཇི་བཞིན་པའོ། །གཙོ་བོའི་དང་པོའི་སྦྱོར་བ་བཤད་ཟིན་པའི་འོག་ཏུ་འཁོར་རྣམས་འབྱིན་མདོ་བསྲེ་ལས། མི་བསྐྱོད་པ་འབྱིན་པ་མན་ཆད་དཀྱིལ་འཁོར་རྒྱལ་མཆོག་ཏུ་བཤད་པ་དང༌། འདིར་མི་བསྐྱོད་པ་བྱུང་ནས་གཙོ་བོ་ལ་བཅུག་པ་དང་པོ་སྦྱོར་བར་བཤད་པ་གཉིས་འགལ་ལོ་ཞེ༌ན། མི་འགལ་བའི་རྒྱུ་མཚན་དུ་སྔ་མ་རྣམས་བཤད་པ་སྔ་མ་ནི་རང་དོན་ལ་དང་པོ་སྦྱོར་བ་དང༌། གཞན་དོན་ལ་དཀྱིལ་འཁོར་རྒྱལ་མཆོག་ཏུ་བྱས་པ་ལ་དགོངས། བཤད་པ་ཕྱི་མ་ནི་གཙོ་བོ་བསྐྱེད་པ་དང་པོ་སྦྱོར་བ་དང༌། འཁོར་བསྐྱེད་པ་དཀྱིལ་འཁོར་རྒྱལ་མཆོག་ཏུ་དགོངས་སོ་ཞེས་འཆད་དོ། །དེ་ལ་ནི་ད་དུང་དེ་གཉིས་ཀྱི་འཇོག་ཚུལ་མི་མཐུན་པས་དགོངས་པ་འགལ་ལོ་སྙམ་པའི་དོགས་པ་བསལ་དགོས་པར་སྣང་ངོ༌། །དེས་ན་མདོར་བྱས་ལས། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་སྤ་བར་མཛད། ཅེས་མི་བསྐྱོད་པ་བཅུག་ནས་ཞེ་སྡང་རྡོ་རྗེར་བསྒྱུར་བའི་ང་རྒྱལ་ལ་གནས་ནས། ལྷ་གཞན་ཐམས་ཅད་སྤྲོ་བར་གསུངས་པས། མི་བསྐྱོད་པའི་དཀྱིལ་འཁོར་གྱི་དང་པོ་སྦྱོར་བ་ལ་རྡོ་རྗེ་འཆང་དང་མི་བསྐྱོད་པ་གཉིས་ཡོད་


JLD004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པ། མདོར་བྱས་ཀྱིའང་དགོངས་པ་ཡིན་པའི་ཕྱིར་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་འཁོར་དང༌། དང་པོ་སྦྱོར་བ་གཉིས་སོ་སོར་བྱ་དགོས་ཀྱང༌། དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་དང༌། དང་པོ་སྦྱོར་བ་གཉིས་ལ་དེ་ལྟར་བྱ་མི་དགོས་པའི་ཕྱིར་སྐྱོན་མེད་དོ། །པའི་དཀྱིལ་འཁོར་རྒྱལ་མཆོག་སྟོན་པས།:པ་ཚབ:འཁོར་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་སྙིང་པོ་འདི་ཕྱུང་བར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ་ཟེར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་དང༌། སྙིང་པོ་འདི་ཕྱུང་ཞེས་པ་གཉིས་སྦྲེལ་བའི་དོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ལས་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དྲང་ངེས་ཀྱི་དོན་ནི་བསྡུས་པའི་དཀྱིལ་འཁོར་རྒྱས་བཤད་ཀྱི་སྐབས་སུ་བཤད་ཟིན་ཏོ། །སེམས་ཅན་རྨོངས་པ་ཤས་ཆེ་བ་རྣམས་ཀྱི་གཏི་མུག་རྣམ་པར་སྦྱང་བའི་ཕྱིར་དུ་ཤིན་ཏུ་ཞི་བའི་ཚུལ་འཛིན་པའི་རྣམ་སྣང་གང་ཡིན་པ་ནི་གཏི་མུག་དག་པའི་ངོ་བོ་སྟེ་རྣམ་སྣང་དེ་ཉིད་ནི་མཆོག་གི་གནས་སྟེ་གོ་འཕང་ངོ་སོ་། །དེའི་རིགས་ནི་གཏི་མུག་གི་:ཆག:རིགས་སོ་མཚན་ཉིད་དོ། །༢མཆོག་གི་སྙིང་པོའི་ཞེས་བྱ་བ་ལ་སོགས་པའི་དོན་ནི་སྔར་བཤད་ཟིན་པ་ལྟར་རོ་ཏོ་། །ཛི་ན་རྒྱལ་བ་ཛིཀ་རྒྱལ་ཅེས་བྱ་བ་ནི་རྒྱལ་བའི་ངང་ཚུལ་ཅན་ཡིན་པས་ན་རྒྱལ་བ་སྟེ། རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་དཀར་པོས་བདུད་བཞི་པོ་རྣམས་ལས་རྒྱལ་བས་ན་རྒྱལ་བ་རྒྱལ་ཏེ། དྲང་བའི་དོན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ཟུང་འཇུག་གི་སྐུ་གྱི་ས་བདུད་བཞི་ཟིལ་གྱིས་གནོན་པས་ན་རྒྱལ་བ་རྒྱལ་ཏེ། ངེས་པའི་དོན་ཏོ། །བཅོམ་ལྡན་


JLD004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་ཉིད་ཀྱི་སྤྱན་སྔར་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་:པ་ཚབ:ཆེན་པོ་དང་ལྷན་ཅིག་གྱུར་ནས་ཟེར། ཆེན་པོ་དང་བཅས་པར་གཅིག་ཏུ་གྱུར་པ་ནི་རྡོ་རྗེ་འཆང་ཉིད་དེར་གྱུར་པའོ་ནས་། །དཀར་པོ་ནག་པོ་དམར་པོའི་ཚུལ་དུ་ཞེས་པ་ནི་རྩ་ཞལ་ནས་གཡས་བསྐོར་དུ་བྱེད་པ་སྟེ། ལྷག་མ་རྣམས་ལ་ཡང་དེ་ལྟར་རོ། །སྤྱན་སྔར་ཞེས་བྱ་བ་བདུན་དུ་བཅོམ་ལྡན་འདས་ལ་གཟིགས་ཤིང་བཞུགས་པ་སྟེ། སྒྲ་ཇི་བཞིན་པའོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །ཞེས་པ་ནི་རྣམ་སྣང་གི་སྐབས་སུ་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་ཕྱུང་ངོ༌། །ཞེས་སྦྱར་བ་བཞིན་དུ་འདིར་ཡང་སྦྱར་ཏེ་དེ་འདྲ་བའི་རིགས་ལྷག་མ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་ལྟ་བུའོ་སོ་། །ཐིག་ལེ་དེ་ལས་བྱུང་བས་ན་རིན་པོ་ཆེ་འབྱུང་བ་སྟེ་རིན་པོ་ཆེ་ལས་འབྱུང་བ། །རྡོ་རྗེ་དཔལ་ནི་དེ་ལས་བྱུང་བའི་རིན་འབྱུང་གི་སྐུ་ཕྱག་རྒྱ་ཆེན་པོ་ཕུན་སུམ་ཚོགས་པ་ལ་བྱ་བ་ཡིན་ལ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་བཤད་པ་ལ་དགོངས་པ་རྩེ་གཅིག་པ་གང་ཡིན་པ་དེ་མངོན་དུ་མཛད་པ་སྟེ། དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འོད་གསལ་ཏེ། དེ་ལས་བྱུང་བས་ན་རིན་པོ་ཆེ་འབྱུང་བ་ཟུང་འཇུག་གོ་འོ་། །རྡོ་རྗེ་དཔལ་ནི་མི་ཟད་པས་མི་འཇིག་པའི་དཔལ་ལམ་ཏོག་གོ་ཏེ་། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། ངེས་པའི་དོན་ཏོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་


JLD004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པས་ན་ཡིད་བཞིན་གྱི་ནོར་བུ་སྟེ་དེའི་རིགས་སོ། །མཆོག་གི་སྙིང་པོའི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རཏྣ་དྷྲིཀ་ཅེས་བྱ་བ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་ཕྱག་འཚན་དུ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ། དྲང་བའི་དོན་ཏོ། །ཡང་དག་པའི་མཐའི་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ། ངེས་པའི་དོན་ཏོ། །རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་ཏུ་གྱུར་པ་ནི་ཡང་དག་པར་སྦྱོར་བ་ནི་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ངོ་འོ་། །དེ་ཉིད་ནམ་མཁའི་གནས་ཀྱིས་ཞེས་བྱ་སྟེ། ནམ་མཁའ་ལྟར་གོས་པ་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ནམ་མཁའི་གནས་ཞེས་བྱ་སྟེ། ནོར་གྱིས་དྲེགས་ཤིང་ཁེངས་པའི་སེམས་ཅན་རྣམས་སྦྱིན་པས་འདུལ་བར་མཛད་ཅིང༌། ང་རྒྱལ་རྣམ་པར་དག་པའི་གནས་ལ་ཡང་དག་པར་བཞག་ནས། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་བཞུགས་པ་སྟེ། སྒྲ་ཇི་བཞིན་པའོ། །དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱིས་འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་སྤང་བའི་དོན་དུ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་མཆོག་ཏུ་དགའ་


JLD004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དགའ་བ་དེའི་རྒྱུན་ཏེ་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུ་ཡིན་ལ། དེ་ལས་འབྱུང་བ་ནི་འོད་དཔག་ཏུ་མེད་པ་སྟེ། དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་འོད་གསལ་བ་སྟེ། དེ་ལས་འབྱུང་བ འི་ཟུང་འཇུག་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་རྡོ་རྗེ་ཡིན་ལ་དེ་ལ་དམིགས་པ་སྟེ། ངེས་པའི་དོན་ཏོ། །འདོད་ཆགས་ཀྱི་རིགས་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཀུན་ཏུ་ཆགས་པ་ནི་རྡོ་རྗེ་འདོད་ཆགས་ཏེ་དེའི་རིགས་སོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨཱ་རོ་ལིཀ་ཅེས་བྱ་བ་ནི། ཨཱ་ནི་མ་ལུས་པའོ། །རོ་ནི་འཁོར་བའི། །ལིཀ་ནི་དེ་ལས་འདས་པས་ན་ཨཱ་རོ་ལིཀ་སྟེ། དྲང་བའི་དོན་ཏོ། །རོ་ཞེས་བྱ་བ་ནི་ཡེ་ཤེས་གསུམ་མོ། །དེ་བས་:པ་ཚབ:ལས་ ན་དོན་དམ་པའི་བདེན་པ་འོད་གསལ་དུ་བགྲོད་པར་གྱུར་པ་སྟེ། ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པའོ། །དེ་ཉིད་དམ་ཚིག་སྟེ་བྱ་བ་སྒྲུབ་པའི་ཡེ་ཤེས་ནི་འགྲོ་བ་མ་ལུས་པའི་དོན་རྫོགས་པར་བྱེད་པས་ན་འདའ་བར་བྱ་བ་མ་ཡིན་པས་སོ། །དེ་ཉིད་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་འཇུག་པ་སྟེ། དྲང་བའི་དོན་ཏོ། །གདོན་མི་ཟ་བའི་དམ་ཚིག་ནི་འོད་གསལ་བ་སྟེ། མཚན་མ་མེད་པའི་འབྲས་བུ་མཆོག་སྟེར་བས་སོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པ་ནི་ངེས་པའི་དོན་ཏོ། །ཉོན་མོངས་པ་ཕྲག་དོག་རྣམ་


JLD004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱོང་བ་ཉིད་དང༌། ཉོན་མོངས་པས་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་སེལ་བར་བྱེད་པའི་དོན་གྱི་རིགས་ནི་དམ་ཚིག་འགུགས་པའི་རིགས་ཏེ། དྲང་བའི་དོན་ཏོ། །དམ་ཚིག་ནི་ཁམས་ཕྲ་བ་རླུང་སྟེ་རླུང་གི་རྣལ་འབྱོར་དེས་ཐབས་ཀྱི་ཡེ་ཤེས་ཀུན་ད་ལྟ་བུ་བཀུག་ནས་མཆོག་ཏུ་དགའ་བ་བསྐྱེད་པས་སེམས་རྒྱུད་ཡོངས་སུ་སྦྱོང་བའི་རིགས་ནི་དམ་ཚིག་འགུགས་པའི་རིགས་ཏེ། ངེས་པའི་དོན་ཏོ། །མཆོག་གི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །པྲཛྙཱ་དྷྲིཀ་ཅེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་སྟེ། དེ་འཛིན་པར་མཛད་པས་ན་ཤེས་རབ་འཆང་སྟེ། དྲང་བའི་དོན་ཏོ། །ཤེས་རབ་ནི་ཟླ་བར་སྣང་བ་ཀུན་ད་་ལྟ་བུ་སྟེ། དེ་ཁམས་ཕྲ་བ་རླུང་གི་སྟོབས་ཀྱི ས་མི་འཕོ་བར་འཛིན་པར་མཛད་པས་ན། ཤེས་རབ་འཆང་སྟེ། ངེས་པའི་དོན་ཏོ། །བྱང་ཕྱོགས་སུ་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། ༈ །ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་མི་བསྐྱོད་པ་དང༌། གཏི་མུག་རྣམ་སྣང་དང༌། འདོད་ཆགས་སྣང་མཐའ་དང༌། ཡིད་བཞིན་ནོར་བུ་རིན་འབྱུང་དང༌། དམ་ཚིག་དོན་ཡོད་གྲུབ་པ་སྟེ། རིགས་ལྔར་གཏོགས་པ་སྟེ་བསྐྱེད་པ་འདི་རྣམས་ཀྱིས་དེ་ལྟར་བསྐྱེད་ནས་བསྒོམ་པ་པོའི་བསྐྱེད་རིམ་པའི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཐར་པ་ཐོབ་པར་མངོན་པར་འདོད་པ་བསྐྱེད་པས་ན། འདོད་པའོ། །ཟག་པ་མེད་པའི་བདེ་བ་ཆེན་པོ་མཐར་ཐུག་པ་ནི་འདོད་ཡུལ་གྱི་ཐར་པ་སྟེ། དྲང་བའི་དོན་ཏོ། །རིགས་ལྔར་གཏོགས་པ་འདི་


JLD004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། འདོད་དང་ཐར་པ་རབ་སྒྲུབ་པའོ། །ཞེས་བྱ་བ་ནི་རིགས་ལྔར་གཏོགས་པའི་རིགས་འདི་རྣམས་ནི་ཕུང་པོ་ལྔའི་ངོ་བོ་ཉིད་དུ་གྱུར་པའི་རྫོགས་རིམ་གྱི་བསྒྲུབ་པ་པོའོ་དེ་། གང་ཟག་དེས་རིག་མའི་འདོད་པ་ལ་ཉེ་བར་ལོངས་སྤྱོད་པས། ཚེ་གཅིག་ལ་ཐར་པ་རབ་ཏུ་ཐོབ་པའམ། ཡང་ན་འཕྲལ་གྱི་འདོད་པའི་དོན་རབ་ཏུ་སྒྲུབ་པ་དང༌། ཕུགས་ཀྱི་ཐར་པ་རབ་ཏུ་སྒྲུབ་པའོ། །:ཆག:ཞེས་པའོ། །ཞེས་བྱ་བ་སྟེ། སྒྲ་ཇི་སྒྲ་ཇི་བཞིན་པའོ་ཞེས་པ་ནི་ཆག་འགྱུར་ལ་མེད་པ་བསྡུས་དོན་དང༌། དེ་བས་ན་ཞེས་པ་གཉིས་ཀ་དང་མཐུན་ནོ། །བཞིན་པའོ། །གཞུང་དེ་དག་གི་དོན་བཤད་པ་ཕྱི་མ་ལྟར་ཡིན་པ དེ་བས་ན་བཤད་པའི་རྒྱུད་ལུང་སྟོན་ལས།ཁཕུང་པོ་ལྔ་པོ་འདི་དག་ཀསངས་རྒྱས་རིགས་ལྔར་བཤད་པའི་ཏེ་། །གརྫོགས་པའི་བྱང་ཆུབ་སྒྲུབ་པའི་རྐྱེན་དུ་འབྱུང༌། །ཞེས་པ་ནི་ཕུང་པོ་ལྔའི་ངོ་བོར་གྱུར་པའི་རྫོགས་རིམ་པའི་གང་ཟག་གིས་འདོད་པ་ལ་སྤྱད་ནས་ཐར་བསྒྲུབ་པའོ། །དེ་ལྟར་འདོད་པ་ལ་སྤྱད་པས་ཕུང་པོ་ལྔ་དང་ཁ:གཉིས སུ མེད་པར་ཀ:དེ་བཞིན་ཉིད་གཉིས་ག:སྦྱོར་བ འི་བདེ་ཆེན་འདྲེན་པ ས། །ཕུང་པོ་ལྔ་པོ་དེ་ལ་ཡང་དེ་བཞིན་གཤེགས་པ་ཞེས་བྱའོ། ཞེས་གསུངས་ཏེ། ངེས་པའི་དོན་ཏོ། ༈ །ཡང་ནི་རིགས་ལྔ་ཕྱུང་བར་མ་ཟད་པའི། །རྣམ་པར་སྣང་མཛད་ལ་སོགས་པ་ལྔ འི་ལོངས་སྤྱོད་ཀྱི་ཕྱིར་དུ་ལྷ་མོ་བཞི་ཕྱུང་བ་ཡིན་ཏེ། །ལྷ་མོ་བཞི་ལས་མེད་ཀྱང་མཱ་མ་ཀཱི་རིགས་གཉིས་འཛིན་པས་རིགས་ལྔའི་ལོངས་སྤྱོད་དུ་འགྱུར་རོ། །དེས་ན་ཞེས་པ་འགྱུར་གསར་གཉིས་ལ་མེད་དོ དེ་ནས། རིགས་ལྔའི་


JLD004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྡུ་བ་བཤད་པའི་རྗེས་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། བཅོམ་ལྡན་འདས་ཀྱིས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་པ་ནི་མི་བསྐྱོད་པའོ། །དེ་ལ་བདེ་ཆེན་བསྐྱེད་པའི་སྒོ་ནས་རྗེས་སུ་མཉེས་པར་བྱེད་པ་ལས་མི་འདའ་བ འི་དམ་ཚིག་ནི་མཱ་མ་ཀཱིའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་སྟེ། སྒྲ་ཇི་བཞིན་པའོ། །སྙོམས་པར་ཞུགས་ནས་རྡོ་རྗེ་འཛིན་མི་བསྐྱོད་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་མཱ་མ་ཀཱི་འདི། རྡོ་རྗེ་འཆང་རང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མི་ཕྱེད་པ་ལས་ཕྱུང་ངོ༌། །དྭེ་ཥ་ཞེ་སྡང་ར་ཏི་དགའ་མ་ཞེས་བྱ་བ་ལ་ཞེ་སྡང་ནི་རང་གི་ཡབ་མི་བསྐྱོད་པའོ། །དེ་ལ་དགའ་བས་ན་ཞེ་སྡང་དགའ་མ་སྟེ་དང་བའི་དོན་ཏོ། །ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་འོད་གསལ་ལ་དགའ་བ་ནི་ཞེ་སྡང་དགའ་མ་སྟེ། ངེས་པའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་བ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ཞེས་པ་མཱ་མ་ཀཱིའི་གཟུགས་སུ་གྱུར་ནས། ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ། །རྒྱུད་ལས་ཀྱང༌། འདི་དང་མཐུན་པར་འབྱུང་ཡང༌། འགྲེལ་པའི་འགྱུར་གསར་གཉིས་ཀ་ལས། བདེན་བྲལ་གྱི་གྲྭར་བཞུགས་སོ། ཞེས་འབྱུང་བའི་རྒྱ་དཔེ་དག་པར་བྱའོ། །དེའི་ཕྱིར་རྒྱུད་ཀྱི་རྒྱ་དཔེ་ལ་ཡང་མི་འདྲ་བ་ཡོད་པར་སྣང་ཡང་བདེན་བྲལ་དུ་བཞུགས་པ་དག་གོ །མཱ་མ་ཀཱི་སྔོན་ལ་བཤད་པ་ནི་མི་བསྐྱོད་པའི་ཡུམ་གྱི་ཆ་ནས་རིགས་ལྔ་ལ་མི་བསྐྱོད་པ་དང་པོར་བཤད་པ་དང་བསྟུན་པའོ། །ཞེས་བྱ་བ་ནི། སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཐམས་


JLD004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི་རྣམ་པར་སྣང་མཛད་དོ། །དེ་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ། སྒྲ་ཇི་བཞིན་པའོ། །མོ་ཧ་གཏི་མུག་ར་ཏི་དགའ་མ་ཞེས་བྱ་བ་ལ། གཏི་མུག་ནི་རྣམ་པར་སྣང་མཛད་དེ་དེ་ལ་དགའ་བས་ན་གཏི་མུག་དགའ་མ་སྟེ། དྲང་བའི་དོན་ཏོ། །གཏི་མུག་རྣམ་པར་དག་པ་འོད་གསལ་ལ་དགའ་བས་ན་གཏི་མུག་དགའ་མ་སྟེ། ངེས་པའི་དོན་ཏོ། །:པ་ཚབ་ཆག:མེའི་གྲྭར་བཞུགས་སོ་ཟེར། ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བ་ནི། སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་འཛིན་པ་ནི་འོད་དཔག་ཏུ་མེད་པའོ། །དེ་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། །ར་ག་ཆགས་པ་ར་ཏི་དགའ་མ་ཞེས་བྱ་བ་ནི། འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ། །དེ་ལ་དགའ་བས་ན་འདོད་ཆགས་དགའ་མ་སྟེ། དྲང་བའི་དོན་ཏོ། །འདོད་ཆགས་རྣམ་པར་དག་པ་འོད་གསལ་ལ་དགའ་བ་ནི་འདོད་ཆགས་དགའ་མ་སྟེ། ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། ནུབ་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཏེ་ལུས་ངག་ཡིད་གསུམ་སྐད་ཅིག་གིས་འཇིག་པའི་མི་རྟག་པའོ་ཞེས་གཞན་དག་ལ་རབ་ཏུ་སྟོན་པ་ནི། སྐུ་དང་གསུང་དང་ཐུགས་ཡིད་བརྟན་དུ་མི་རུང་བའི་བསླུ་བ་སྟེ། ཡི་གེའི་དོན་


JLD004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་སྟོང་པའོ། ཞེས་རང་བཞིན་གྱིས་སྟེང་བཞིན་དུ་དེར་སྣང་བ་ལ་དམིགས་པ་ནི་སྐུ་དང་གསུང་དང་ཐུགས་བརྫུན་སྣང་ཡིན་པས་བསླུ་བ་སྟེ། སྤྱིའི་དོན་ཏོ། །སྣང་བ་གསུམ་གྱི་ངོ་བོ་ཉིད་ནི་ཐབས་མཆེད་པ་སྐུ་དང་ཤེས་རབ་སྣང་བ་གསུང་དང༌། ཐབས་ཤེས་དབྱེར་མེད་ཉེར་ཐོབ་ཐུགས་ཏེ།ཁསྣང་:པ་ཚབ:ཁམས་ཕྲ་མོ་སྣང་བ་དེ་དང་དེ་ལ་བཅུག་ནས་ཟེར། བ་དེ་དང་དེ་ཀཁམས་ཕྲ་བ་ཀུན་རྟོག་གཡོ་བའི་རླུང་གལ་ཞུགས་པ་ནི་རླུང་དེ་སྣང་བ་ལ་ཐིམ། དེ་མཆོད་པ་ལ། དེ་ཐོབ་པ་ལ་ཐིམ་ནས་སྐད་ཅིག་རེ་རེ་ཞིང་སྣང་བ་གསུམ་རྗེས་སུ་མྱོང་བར་བྱས་ཏེ། སླར་ཡང་དངོས་པོ་སྟེ་རང་བཞིན་མེད་པ་འོད་གསལ་བ ར་བྱས་པ་ནི་སྐུ་དང་གསུང་དང་ཐུགས་སྣང་བ་གསུམ་རེ་རེ་ནས་ཐིམ་སྟེ་མེད་པར་སོང་བས་བསླུ་བ་སྟེ། སྦས་པའོ། །འདིར་སྣང་བ་གསུམ་འོད་གསལ་དུ་བྱས་པ་སྦས་པར་བཤད་པ་ནི། སྒྱུ་ལུས་མཚན་ཉིད་པ་འོད་གསལ་དུ་བཅུག་པ་ཡང་མེད་ལ། འོད་གསལ་ཡང་དཔེའི་འོད་གསལ་ཙམ་ཡིན་པ་ལ་དགོངས་ཏེ། འོག་གི་མཐར་ཐུག་གི་འོད་གསལ་དང་ཡང་མི་འདྲའོ། །སྒྱུ་ལུས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་རིལ་པོར་འཛིན་པའི་རིམ་པ་དང་རྗེས་སུ་གཞིག་པའི་རིམ་གྱིས་སྣང་བ་མེད་པར་བྱས་པ་ནི་སྒྱུ་ལུས་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་ནམ་མཁའ་འཇའ་ཡལ་པ་ལྟར་སོང་བས་བསླུ་བའོ། །འོད་གསལ་དེ་མི་བྱེད་པས་ན་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་


JLD004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བ་རྡོ་རྗེ་ཞེས་བྱ་སྟེ། འོད་གསལ་གྱི་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་འཛིན་པ་ནི་དོན་ཡོད་པར་གྲུབ་པའོ། །སྐབས་འདིར་འགྱུར་རྙིང་གི་རྒྱུད་ལ་ཤེས་རབ་འཛིན་པའི་བཙུན་མོའི་མཆོག །ཅེས་བྱས་ནས་ཤེས་རབ་འཛིན་པ་རྗེས་སུ་ཆགས་པ་རྡོ་རྗེ་ཞེས་འཆང་བ་ནི་རྒྱ་དཔེ་མ་དག་པ་སྟེ། འགྲེལ་པར་དེའི་བཤད་པ་མཛད་ཅིང༌། པ་ཆབ་ཀྱིས་བསྒྱུར་བའི་རྒྱུད་ལ་ཡང་རྗེས་སུ་མཉེས་པར་བྱེད་པ་རྡོ་རྗེ་ཞེས་འབྱུང་ངོ་། །དེ་ལ་རྗེས་:པ་ཚབ:དེ་ལ་རྗེས་སུ་ཆགས་པ་རྡོ་རྗེ་ནི་དམ་ཚིག་སྒྲོལ་མ་སྟེ་ཟེར་སུ་ཆགས་པའི་རྡོ་རྗེ་ནི་འི་དམ་ཚིག་ནི་སྒྲོལ༢་མ་སྟེ་དེའི་རྣམ་པར་འབྱིན་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་བར་དུ་སྟེ།བར་དང་ཐ་ཚིག་གཉིས་སྐད་དོད་ཐུན་མོང་བ་ཡོད་ཀྱང༌། བར་ནས་བསྡུ་རྒྱུ་མེད་པ་འདི་འདྲའི་རིགས་རྣམས་པ་ཚབ་ཀྱིས་ཐ་ཚིག་ཏུ་བསྒྱུར་བ་ལེགས་པས། སྐབས་གཞན་རྣམས་སུ་ཡང་དག་པར་བྱའོ། །སྒྲ་ཇི་བཞིན་པའོ། །བཛྲ་ར་ཏི་ཞེས་བྱ་བ་ལ་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པའོ། །དེ་ལ་དགའ་བས་ན་རྡོ་རྗེ་དགའ་མ་སྟེ། དྲང་བའི་དོན་ཏོ། །རྡོ་རྗེ་ལྟར་མི་ཕྱེད་པའི་འོད་གསལ་གྱི་ཡེ་ཤེས་ལ་དགའ་བས་ན་དགའ་མ་སྟེ། ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཕྱོགས་ཀྱི་གྲྭར་བཞུགས་པ་ནི་སྒྲ་ཇི་བཞིན་པའོ། །སྤྱན་མ་ལ་སོགས་པ་ཡུམ་གསུམ་གྱི་གསལ་བར་མ་བཤད་པའི་ལྷག་མ་ནི་མཱ་མ་ཀཱིའི་སྐབས་སུ་བཤད་པ་ལ་བརྟན་ནས་ཤེས་པར་བྱའོ། །ཡུམ་བཞིའི་སྐབས་སུ་རྡོ་རྗེ་འཆང་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། ཞེས་པ་ནི་རིགས་ལྔའི་སྐབས་སུ་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་དེ་ཉིད་མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ཞེས་པ་རྣམས་དང་


JLD004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འདྲ་བས་སྔར་བཤད་པ་བཞིན་དུ་གོ་བར་བྱ་ཡི། ཡེ་ཤེས་པ་སྤྱན་དྲངས་པ་དང་འདྲེས་པ་ལ་མི་བྱའོ། ༈ །ལྷ་མོ་བཞི་པོ་འདི་དག་ནི། རྗེས་སུ་སྤྱོད་པ་དང་ལྷན་ཅིག་སྤྱོད་པ་གཉིས་ཀྱི་ནང་ནས་ལྷན་ཅིག་སྤྱོད་པ་བཙུན་མོའི་གཙོ་མོ་སྟེ། ལྷ་མོ་དེ་རྣམས་དང་རིགས་ལྔ་ལྷན་ཅིག་ཡང་དག་པར་སྦྱོར་བར་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་མཆོག་བསྐྱེད་པས་ན་བཙུན་མོའི་མཆོག་གོ །སྤྱན་སོགས་དེ་རྣམས་འདོད་:ཆག:འདོད་པའི་དབང་ཕྱུག་ནི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཟེར། པའི་དབང་ཕྱུག །སྟེ་འདོད་པ་ལ་སྤྱོད་པ་ལ་མངའ་བརྙེས་པ་ཡིན་པ་ནི་ས་བཙུན་མོའི་མཆོག་དམ་དམ་ཚིག་ཅེས་པ་ནི་འགྱུར་གསར་གཉིས་ལ་མེད་དོ། །ཚིག་ཕུན་སུམ་ཚོགས་པའོ།སྤྱན་སོགས་བཞི་དང་སྦྱོར་བ་ལ་ནི་རིགས་ལྔ་པོ་དངོས་དང་སྦྱོར་བ་དང༌། རིགས་ལྔའི་ང་རྒྱལ་འཆང་བའི་སྒྲུབ་པ་པོ་དང༌། ཡུམ་བཞིའི་རིགས་ཀྱི་ལས་རྒྱ་བཞི་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བཞི་དང་སྦྱོར་བ་ཡང་གོ་བར་བྱའོ། །ཞེས་བྱ་བའི་སྒྲས་གསུངས་ཏེ། སྒྲ་ཇི་བཞིན་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་།བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་སྣང་མཛད་རིགས་བདག་ཏུ་བཞུགས་པ་ཉིད་ཀྱིས་དབང་བསྐུར་བའི་ངོ་བོ་ཉིད་ཀྱི་རྡོ་རྗེ་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་རྡོ་རྗེ་སྟེ་གཤིན་རྗེ་གཤེད་དོ་། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་སྟེ། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་


JLD004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རློབ་ཅིང་སྟེ་བསྐྱེད་པ་ནི་དཀྱིལ་འཁོར་སྒོམ་པ་དང་བྲི་བ་སོགས་ཀྱི་འགལ་རྐྱེན་བགེགས་རྣམས་ཞི་བར་བྱས་པའི་སྒོ་ནས་སྐྱེད་པའོ། གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། །ཡ་གཤིན་རྗེ། མཱན་ཏ་ཀྲིད་ཨནྟ་མཐར། བྱེད་པའམ་མཛད་པའོ། །ཅེས་བྱ་བ་ལ་གཤིན་རྗེ་ནི་དམྱལ་བ་ཞེས་པ་མཚོན་པ་ཙམ་སྟེ། ངན་སོང་གསུམ་གྱི་ལས་སྒྲིབ་པོ། །དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་འི་ཏིང་ངེ་འཛིན་གྱིས་མཐར་ཐུག་པར་མཛད་ཅིང་སྟེ་ལས་སྒྲིབ་འཇིག་ཅིང་ཟད་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ། དྲང་བའི་དོན་ཏོ། །གཤིན་རྗེ་ནི་རྨོངས་པའི་མུན་པ་སྟེ་མ་རིག་པའོ། །རྨོངས་པ་དེ་དོན་དམ་པའི་བདེན་པ་འོད་གསལ་དུ་ཞུགས་པ ས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ། །ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་ཉིད་སྟོང་པའི་ངང་ནས་བྱུང་ཞིང་དེར་འགྲོ་བ་སྟེ་གདུག་པ་ཅན་ནོ། །དེ་རྣམས་བསྙེངས་པ་སྟེ་སྐྲག་པར་བྱེད་པའི་ཚུལ་དུ་ཤར་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་ཅོད་པན་ཅན་གྱི་རྡོ་རྗེ་གང་ཡིན་པ་སྟེ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་སྟེ། དྲང་བའི་དོན་ཏོ། །


JLD004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་འོད་གསལ་བའོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པ་ནི། ངེས་པའི་དོན་ཏོ། །པྲཛྙཱན་ཏ་ཀྲིད་ཅེས་བྱ་བ་ལ། ཤེས་རབ་ཀྱིས་ཉོན་མོངས་པ་འཇིག་པར་མཛད་པས་ན་ཤེས་རབ་མཐར་བྱེད་དེ། དྲང་བའི་དོན་ཏོ། །ཡུལ་ལ་སོ་སོར་འཇུག་པའི་རྣམ་པར་རྟོག་པའི་བདག་ཉིད་ཅན་ནི་ཤེས་རབ་སྟེ། དེ་རྣམས་འོད་གསལ་བར་འཇུག་པས་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དེ། ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །རྡོ་རྗེ་ཁྲོ་བོ འི་དམ་ཚིག་གིས་གདུག་པ་རྣམས་སྐྲག་པར་མཛད་པས་ན་རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པའོ། །ཡང་ན་རྡོ་རྗེའི་དམ་ཚིག་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་སྐྲག་པར་མཛད་པས་ན་རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པ་ཞེས་བྱའོ། །ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་པ་ནི། སྒྲ་ཇི་བཞིན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རིན་པོ་ཆེ་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་རྟ་མགྲིན་གྱི་འབྱུང་གནས་ཏེ། སྣང་མཐའ་དེའི་རིགས་སུ་གྱུར་པ་རྟ་མགྲིན་:ཆག:རྟ་མགྲིན་གང་གི་སྐྱེད་པའི་གནས་ཟེར། གང་གི་བསྐྱེད་པའི་གནས་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་སྟེ། དྲང་བའི་དོན་ཏོ། །ཆོས་རིན་པོ་ཆེ་ནི་འོད་གསལ་བའོ། །དེ་ཉིད་འབྱུང་གནས་ཏེ། དེས་བསྐྱེད་པའི་ཟུང་འཇུག་གི་རྟ་


JLD004_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གང་ཡིན་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། ངེས་པའི་དོན་ཏོ། །པད་མཱན་ཏ་ཀྲིད་ཅེས་བྱ་པ་ལ། པདྨ་ཆུས་མ་གོས་པ་བཞིན་དུ་ཉོན་མོངས་པ་རྣམས་ཀྱིས་གོས་པར་མ་གྱུར་ཅིང༌། ཉོན་མོངས་པ་དེ་ཉིད་འཇིག་པར་མཛད་པས་ན་པདྨ་མཐར་བྱེད་དེ། དྲང་བའི་དོན་ཏོ། །པདྨ་ནི་ཕྱག་རྒྱའི་སྐྱེ་གནས་སོ། །མཐའ་ནི་དེའི་ནང་སྟེ། ནང་དེར་ཡབ་ཡུམ་གྱི་དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐབས་ཀྱིས་རྫོགས་རིམ་པའི་མཆོག་ཏུ་དགའ་བའི་བདེ་བ་བསྐྱེད་པར་མཛད་པས་ན་པདྨ་མཐར་བྱེད་དེ། ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། གསུང་གི་ཚུལ་དུ་ཞེས་པ་ནི་གསུང་རྡོ་རྗེའི་རིགས་ཅན་རྟ་མགྲིན་གྱི་ཚུལ་དུ་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་པ་ནི། སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དོན་ཡོད་པར་གྲུབ་པའོ། །དེ་ཉིད་རྡོ་རྗེ་སྟེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གང་ཡིན་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྣམ་པར་དག་པའི་གནས་ནི་འོད་གསལ་བ་སྟེ། དེ་ལ་དམིགས་པ་སྟེ། ངེས་པའི་དོན་ཏོ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། སྒྲས་ཟིན་ལྟར་རམ་དོན་གྲུབ་ཀྱི་རིགས་ཀྱི་དཀྱིལ་འཁོར་རོ། །བྱིན་གྱིས་རློབ་པ་ནི་དེ་ལ་བགེགས་བྱེད་པ་བཟློག་པའོ། །བིགྷཱན་ཏ་ཀྲིད་ཅེས་བྱ་བ་ལ་བགེགས་རྣམས་མཐར་ཅིང་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་དེ དྲང་བའི་དོན་ཏོ། །བགེགས་ནི་ལུས་ཀྱི་ས་ཆུ་ལ་སོགས་པའི་ཁམས་བཞི་པོ་སྟེ་དེ་དག་འཕེལ་


JLD004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འགྲིབས་པས་ལུས་གཟིར་བས་ན་བགེགས་སོ། །དེ་རྣམས་ཐབས་ཀྱི་ཡེ་ཤེས་ཀུན་ད་ལྟ་བུ་ཤར་བ་སྟེ་ཞུ་བ་རླུང་གི་ནུས་པས་འཕོ་མེད་དུ་འཛིན་པ ས་རྣམ་པར་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་ཏེ། ངེས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུང་ཐུགས་ནི་དོན་གྲུབ་ཀྱི་རིགས་བགེགས་མཐར་བྱེད་ཀྱི་ཚུལ་དུ་བྱང་ཕྱོགས་ཀྱི་སྒོར་བཞུགས་:ཆག:སོ་ཟེར། ནས། །ཁྲོ་བོ་བཞིའི་སྐབས་སུ་རྡོ་རྗེ་འཆང་དེ་ཉིད་ཁྲོ་བོ་བཞིའི་ཚུལ་དུ་བཞུགས་པར་བཤད་པ་ཡང༌། ཡུམ་བཞིའི་སྐབས་སུ་བཤད་པ་ལྟར་རྡོ་རྗེ་འཆང་ཉིད་དེ་དག་གི་གཟུགས་འཛིན་པར་སྤྲུལ་བའོ། །དཀྱིལ་འཁོར་གྱི་ནང་གི་ཕྱོགས་མཚམས་བརྒྱད་དང༌། སྒོ་བཞིན་བཞུགས་པ་སྒྲ་ཇི་བཞིན་པར་བཤད་པ་ནི། ཛི་ན་ཛིཀ་ལ་སོགས་པ་བཅུ་གཉིས་དྲང་ངེས་སུ་བཤད་པ་གཉིས་ཀ་ལ་སྦྱར་དགོས་སོ། །དེའི་ཕྱིར་ངེས་དོན་བཅུ་གཉིས་ལ་ཡང་ལྷའི་རྣམ་པ་ཅན་གནས་དེ་དག་ཏུ་བཞུགས་པ་དགོས་ཤིང༌། བཛྲ་དྷྲིཀ་གི་ངེས་དོན་གྱི་སྐབས་སུ་ཟུང་འཇུག་ལ་བཤད་པས་སྐུའི་རྣམ་པ་ཅན་དུ་གསལ་བར་མ་བཤད་པ་རྣམས་ཀྱང་ཟུང་འཇུག་གི་ལྷ་བཅུ་གསུམ་དབུས་དང་ཕྱོགས་མཚམས་དང་སྒོར་བཞུགས་པ་ལ་ངེས་པར་བྱའོ། །དེ་ལྟར་བྱས་ན་སྔར་གླེང་གཞིའི་སྐབས་ཀྱི་འཁོར་ཕུན་ཚོགས་རྗེས་འཇུག་ལ་བཤད་པ་ན། རིམ་


JLD004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ལ་བཤད་པ་གཞུང་འདི་དག་གིས་གསལ་བར་བསྟན་པ་ཡིན་ནོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་དང་གསུང་དང་ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་པ་རྣམས་མཉེས་པར་བྱེད་པའི་ཕྱིར་ཏེ། ཆེད་ཀྱི་དམ་ཚིག་ལ་སེམས་པ་ནི། དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་ཏེ། དམ་ཚིག་ལ་སེམས་པའི་དོན་ཡང་བགེགས་ཐམས་ཅད་རྣམ་པར་འཇིག་པར་མཛད་པའི་ཕྱིར་ཏེ། སྒྲ་ཇི་བཞིན་པའོ། ༈ །དེ་ལྟར་སྒོ་རྣམ་པ་བཞིར་ཁྲོ་བོ་བཞི་བཀོད་ནས། ཤར་ཕྱོགས་ཀྱི་མཚམས་ཤར་ལྷོ་ནས་བརྩམས་ཏེ་མི་གཡོ་བ་ལ་སོགས་པ་བཞི་དགོད་པར་བྱའོ། །རྒྱུད་ཕྱི་མ་ལས། སྟེང་དུ་འཁོར་ལོ་འོག་གནོད་མཛེས། །ཞེས་གསུངས་པ་བཞིན་དུ་ཁྲོ་བོ་གཉིས་སྟེང་དང་འོག་ཏུ་དགོད་དོ། །ཤར་ཕྱོགས་ཀྱི་སྣམ་བུ་ནས་བརྩམས་ཏེ་བྱམས་པ་ལ་སོགས་པ་བརྒྱད་དགོད་དོ། །ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ཕྱོགས་ཀྱི་མཚམས་ནས་བརྩམས་ཏེ་གཟུགས་རྡོ་རྗེ་ལ་སོགས་པ་བཞི་དགོད་དོ། །རེག་རྡོ་རྗེ་མ་ནི་གཙོ་བོ་དང་ལྷན་ཅིག་ཏུ་དགོད་དོ། །ཐམས་ཅད་ཀྱི་གདན་དང་ལ་སོགས་པ ས་སྐུ་མདོག་དང་ཞལ་ཕྱག་གི་གྲངས་ལ་སོགས་པའི་ངེས་པ་ནི་བསྒྲུབ་པའི་ཐབས་མདོར་བྱས་སུ་བྱས་པ་ཉིད་ཡིན་ནོ། །ལྷའི་རྣལ་འབྱོར་ཇི་ལྟ་བ་ཉིད་དང་དཀྱིལ་འཁོར་བཅོམ་ལྡན་འདས་ཀྱིས་གཞན་དག་ཏུ་རྫོགས་པར་མ་གསུངས་པ་ནི། སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་པ་ཡིན་ནོ། །གཞུང་དེ་དག་གི་དོན་ལ་སྔ་མ་རྣམས་སྒྲོན་གསལ་དུ་བསྟན་པ་ལས་གཞན་རྩ་རྒྱུད་དུ་རྫོགས་པར་མ་གསུངས་པར་སྦས་པ་ལ་གསུམ་ལས། བྱང་སེམས་བརྒྱད་དང་རྡོ་རྗེ་མ་ལྔ་གླེང་གཞིར་གསུངས་པ་ནི་སྐབས་གཞན་དུ་སྦས་པའོ། །མཚམས་གྱི་ཁྲོ་བོ་རྣམས་ལེའུ་བཅུ་གསུམ་པར་གསུངས་པ་ནི་རྟོག་པ་གཞན་དུ་སྦས་པའོ། །འདི་དག་ཀུན་རྡོ་རྗེ་


JLD004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བར་སྐུ་དཀྱིལ་གྱི་སྐབས་སུ་བསྟན་པ་ནི། རྒྱུད་གཞན་དུ་སྦས་པ་ཡིན་ཞེས་ཟེར་རོ། །དེ་དག་གི་ལྟར་ན་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྟོན་པའི་སྐབས་འདིར་སྦས་པ་རྣམས། སྐབས་གཞན་དུ་བསྟན་པ་ཡིན་ཞེས་སྦྱོར་རྒྱུར་འདུག་པ་ལ། སྐབས་དེ་དག་ཏུ་སྦས་པར་བཤད་སྣང་བས་སྐབས་དེར་གསལ་བར་བཤད་པ་རྣམས་སྐབས་དེ་དག་ཏུ་སྦས་པར་འཆད་པ་ན་བྱུང་རྒྱལ་དུ་སྨྲ་བའོ། །ཕྱིས་ཀྱི་ཁ་ཅིག་གཞན་ཞེས་པ་གསང་འདུས་ལས་གཞན་བདེ་མཆོག་རྩ་རྒྱུད་ལ་སོགས་པར། རང་གི་ལྷའི་རྣལ་འབྱོར་དང༌། དཀྱིལ་འཁོར་གྱི་ལྷ་རྫོགས་པར་མ་གསུངས་པ་དེ་བཞིན་དུ། འདུས་པ་འདིར་ཡང་མ་བསྟན་ཞེས་འཆད་དོ། །ཆག་འགྱུར་ལས། ལྷའི་རྣལ་འབྱོར་དང༌། དཀྱིལ་འཁོར་བཅོམ་ལྡན་འདས་ཀྱིས་གཞན་དག་ཏུ་ཡོངས་སུ་རྫོགས་པར་མ་གསུངས་པ་ནི། སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་པ་ཇི་ལྟ་བ་དེ་བཞིན་དུ་འདིར་ཡང་སྟེ། ཞེས་པ་འགྱུར་རྙིང་དང་མཐུན་པས། དགོངས་པ་ཞེས་པའི་མཐར། གོང་གི་ཇི་ལྟ་བ་དང༌། འོག་གི་དེ་བཞིན་དུ་འདིར་ཡང་བལྟའོ། ཞེས་པ་སྦྱར་རོ། །པ་ཚབ་ཀྱི་འགྱུར་ལས། སློབ་དཔོན་མེད་པར་འཇུག་པར་མི་རུང་ངོ་སྙམ་སྟེ། བཅོམ་ལྡན་འདས་ཀྱིས་གཞན་དུ་ལྷའི་རྣལ་འབྱོར་དང༌། དཀྱིལ་འཁོར་ཡོངས་སུ་ཚང་བར་གསུངས་པ་ཁོ་ན་ལྟར། འདིར་ཡང་ནི་མ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལྟར་མི་མཐུན་པ་གཉིས་བྱུང་བ་ནི། འདིར་དགག་པའི་སྒྲ་ཡོད་པ་དེ་འགྱུར་སྔ་མ་གཉིས་ཀྱིས། རྫོགས་པར་ཞེས་པའི་མཇུག་ཏུ་སྟོན་ལ། འགྱུར་ཕྱི་མས་འདིར་ཡང་ནི་ཞེས་པའི་མཇུག་ཏུ་སྟོན་པའི་ཁྱད་དོ། །དེ་ནི་འགྱུར་ཕྱི་མ་ལེགས་ཏེ། རྣམ་གཞག་ལས། ཇི་ལྟར་སྐུའི་དཀྱིལ་འཁོར་ལ་ཞེས་པ་ནས། ཕྱུང་བའི་དཀྱིལ་འཁོར་ལ་ཡང་ལྷ་རྣམས་དགོད་པར་


JLD004_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟ་མོད་ཀྱི་རྩ་བའི་རྒྱུད་ལས། ལྷ་རྣམས་དགོད་པ་རྫོགས་པར་མ་བསྟན་པ་ནི། འདི་ལྟར་སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་སོ། ཞེས་རྡོ་རྗེ་འཕྲེང་བ་ལས་སྐུ་དཀྱིལ་ལ་ལྷ་རྣམས་དགོད་པ་རྫོགས་པར་བསྟན་མོད་ཀྱང༌། རྩ་རྒྱུད་ལས་དེ་ལྟར་མ་བསྟན་ཞེས་གསུངས་པ་དང་ཤིན་ཏུ་མཐུན་པའི་ཕྱིར་རོ། །དེས་ན་གཞན་དུ་ཞེས་པ་རྡོ་རྗེ་འཕྲེང་བར་ལྷའི་རྣལ་འབྱོར་དང༌། དཀྱིལ་འཁོར་གྱི་ལྷ་ཚང་བར་གསུངས་པ་བཞིན་དུ། རྩ་རྒྱུད་འདིར་ཡང་མ་གསུངས་པ་ནི། རྩ་རྒྱུད་ཀྱི་དོན་བཤད་རྒྱུད་ཀྱིས་འཆད་པའི་སློབ་དཔོན་ལ་རག་ལས་པར་བྱ་བའི་ཕྱིར་ཡིན་ནོ། ༈ །འདུས་པའི་དཀྱིལ་འཁོར་རྫོགས་པ་ལ་ལྷ་སོ་གཉིས་དགོས་པར་གང་ལས་ཤེས་ཤེ་ན། རྣམ་གཞག་ལས། ལུང་རིགས་གཉིས་ཀྱིས་སྒྲུབ་པར་བཤད་པའི་རིགས་པ་ནི། མངོན་སུམ་གྱིས་མི་འགྲུབ་པས་རྗེས་དཔག་གིས་སྒྲུབ་དགོས་ལ། དེ་ལ་གཏན་ཚིགས་སྐྱོན་མེད་དགོས་པས། ཇི་ལྟར་ཏེ་དཔེར་ན་སྐུ་སྟེ་ལུས་ཀྱི་འི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་དགོད་པ་འབྱུང་བ་དེ་བཞིན་དུ་ཞེས་པ་ནི་མཐུན་དཔེའོ། །དེར་མ་ཟད་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཕྱུང་བའི་རྟེན་གྱི་དཀྱིལ་འཁོར་ལ་ཡང་ཞེས་པ་ནི་ཆོས་ཅན་ནོ། །སྐུའི་དཀྱིལ་འཁོར་དང་འདྲ་སྟེ། ཞེས་པ་ནི་ལྷ་སོ་གཉིས་དགོད་པར་བྱ་བ་ཡིན་ཏེ་ཞེས་པ་སྟེ་དམ་བཅའོ། །རྟགས་ནི་ཤུགས་ཀྱིས་ཤེས་ཏེ། འདུས་པའི་བརྟེན་པའི་དཀྱིལ་འཁོར་གྱི་ལྷ་རྫོགས་པར་འགོད་པའི་གཞི་ཡིན་པའི་ཕྱིར་རོ། ཞེས་པའོ། །དེའི་ཚེ་རྟགས་ནི་གསར་དུ་སྒྲུབ་མི་དགོས་པས་མ་གྲུབ་པ་མེད་ལ། རྟགས་མཐུན་པའི་དཔེ་ལ་མཐོང་བས་འགལ་བ་ཡང་མིན་ནོ། །འདུས་པའི་བརྟེན་པའི་དཀྱིལ་འཁོར་གྱི་


JLD004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྫོགས་པར་འགོད་པའི་གཞི་ཡང་ཡིན་ལ། ལྷ་སོ་གཉིས་མི་འགོད་པ་ཡང་ཡིན་པ་ལ་གནོད་པ་སྟོན་པ་ནི། ལུས་དཀྱིལ་དང་གཉིས་པོ་ལྷ་མང་ཉུང་ཡོད་མེད་ལ་འགོ་མཚུངས་བྱས་པས་འགྲུབ་བོ། །དེ་ལྟར་དུ་བསྒྲུབ་པར་བྱའི། གཞན་རྣམས་ཀྱིས་ལུས་ལས་ལྷ་སོ་གཉིས་འབྱུང་རུང་གི་རྟགས་མ་ངེས་པས། ལྷ་སོ་གཉིས་ཀྱི་རྒྱུ་ནུས་པ་ཐོགས་མེད་རྟགས་སུ་བྱས་ནས་ལུས་ལས་འབྱུང་བའི་ལྷ་ལ་སོ་གཉིས་ཡོད་པར་དཔོག་པ་ནི་རྣམ་གཞག་མ་ཆགས་པ་ཡིན་ཏེ། སྦྱོར་བ་དེ་ལ་རྟགས་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་བའི་ཕྱིར་དང༌། རྒྱུའི་གྲངས་ཀྱིས་འབྲས་བུའི་གྲངས་དཔོག་པའི་རྟགས་ཤིན་ཏུ་འཁྲུལ་བའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་བལྟའོ། །འདི་འདི་ལྟར་ཞེས་པ་འགྱུར་གསར་གཉིས་ཀ་ལ་མེད་དེ་དགོས་ཀྱང་མི་དགོས་སོ། །ལྟར་རེ་ཤིག །སྐུའི་དཀྱིལ་འཁོར་ཉིད་ཀྱི་ལྷ་སུམ་སྐུའི་དཀྱིལ་འཁོར་ཉིད་ཀྱི་རེ་ཤིག་ལྷ་སུམ་ཅུ་རྩ་གཉིས་དགོད་པ་ཤེས་པ་མེད་པར་:ཆག:ཟེར། ཅུ་རྩ་གཉིས་དགོད་པར་ཤེས་པ་མེད་པ ར་བྱའོ། །དེ་ལ་བརྟེན་ནས་ཕྱུང་བའི་དཀྱིལ་འཁོར་ལ་ལྷ་སོ་གཉིས་དགོད་པ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ལན་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་དོན་འདི་བཤད་པའི་རྒྱུད་ལས་རྣམ་པར་ཕྱེ་བས། གསང་བ་:ཆག:འདུས་པའི་ཐེ་ཚོམ་ཟེར། འདུས་པ་པའི་གང་ཟག་གི་ལྷ་སོ་གཉིས་བྱེད་དམ་མི་བྱེད་སྙམ་པའི་དོན་ཐེ་ཚོམ་མེད་པ ར་བྱས་པ་ལ་འཇུག་པར་བྱ་སྟེ། སེམས་ཀྱིས་གཞན་ནི་མི་བསམ་པར། །ཏེ། མ་ཡེངས་པར་རྩེ་གཅིག་ཏུ་གྱིས་ལ། ཕྱག་རྡོར་ལ་སེམས་དཔའ་ཆེན་པོ་ཞེས་བོས་ནས། ཁྱེད་ཀྱིས་མཉན་པར་གྱིས།


JLD004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཉན་པར་བསྐུལ་ལོ། །རྡོ་རྗེ་སློབ་དཔོན་ནི་འདིར་རྡོ་རྗེ་འཆང་སྟེ། དེའི་ངོ་བོར་ལྟ་བའི་སློབ་དཔོན་དང་ཤིན་ཏུ་རྣལ་འབྱོར་གྱི་སྐབས་སུ་རྡོ་རྗེ་འཆང་དུ་བསྐྱེད་པའི་ལུས་འདི་ལ། །རྒྱལ་བ་རྣམ་སྣང་ལ་སོགས་པའི་སྐུ་ནི་རིམ་པ་བཞིན་དུ་གནས། །སོ་ཞེས་མདོར་བསྟན་ན། །དེ་རྒྱས་པར་འཆད་པ་ནི་དང་པོ་སྐུ་ཡི་རྡོ་རྗེ་རྣམ་སྣང་ནི། །སྒྲུབ་པོ་པོའི་གཟུགས་ཕུང་ལ་ནི་ཡང་དག་བཞུགས། །ཞེས་པ་དེའི་ངོ་བོ་ཉིད་དུ་མོས་ནས་བཞུགས་པ་སྟེ་འདི་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ལེའུ་དྲུག་པ་ལས་རྗེས་ཆགས་ཀྱི་ང་རྒྱལ་རིན་འབྱུང་གི་སྒོ་ནས་བྱ་བར་གསུངས་པས། རྗེས་སུ་ཆགས་པའི་རྡོ་རྗེ་རིན་འབྱུང་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་སྣང་མཐའ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །ལེའུ་དྲུག་པ་ལས་མཆོད་པའི་ང་རྒྱལ་དོན་གྲུབ་ཀྱི་སྒོ་ནས་བྱ་བར་གསུངས་པས། མཆོད་པ་ཀུན་གྱི་རྡོ་རྗེ་དོན་གྲུབ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །རིགས་ལྔ་བཞུགས་པར་མ་ཟད་ཡང་སྒྲུབ་པ་པོ་འདིའི་ཤ་ལ་སོགས་པའི་སྲ་བ་ས འི་ཁམས་ལ། །བཅོམ་ལྡན་འདས་མ་ཡུམ་སྤྱན་མ་བཞུགས་སོ། །སྒྲུབ་པ་པོའི་ཞེས་པ་ནི་མི་གསལ་བ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་ཀཱི་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །ཡན་ལག་བསྐྱོད་པ་ལ་སོགས་རླུང་། །ཁམས་


JLD004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །སྒྲུབ་པ་པོ་དེའི་མིག་གི་དབང་པོ་གཡས་གཡོན་གཉིས་ལ་ནི། །དེ་བཞིན་གཤེགས་པས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་པོ་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་པོ། །དེ་ཡི་ལྕེ་དབང་ལ་བཞུགས་པ། །དེ་བཞིན་གཤེགས་པ་འཇིག་རྟེན་དབང༌། །ས་ལ་སོགས་པའི་ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་གདགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། །ཞེས་པའི་དེ་བཞིན་གཤེགས་པ་དེར་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང༌། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ། །ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་ལ་


JLD004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱིག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་སྒྱུར། །འོག་གི་རྐང་པའི་མཐིལ་དུ་ར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། ལྷ་དགོད་པའི་གཞིར་གྱུར་པའི་སྒྲུབ་པ་པོའི་ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །:ཆག:རྫོགས་སངས་རྒྱས་འདི་མ་ལུས་རྣམས། སྐུ་ཡི་སངས་རྒྱས་རྫོགས་པའོ། ཞེས་ཏེ་སྔར་བཤད་པའི་རྫོགས་སངས་རྒྱས་འདི་མ་ལུས་པ་རྣམས་སྐུ་སྟེ་ལུས་ཀྱི་དཀྱིལ་འཁོར་གྱི་སངས་རྒྱས་རྫོགས་པའོ། །སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །ལུས་ནི་འདི་ཉིད་ཅེས་པ་ནས། རྫོགས་སངས་རྒྱས་ཀྱི་བར་གྱི་རྐང་པ་དྲུག་ནི་དོན་བསྡུ་བའོ། །རྡོ་རྗེ [ རྣམ་གཞག་ལས། ལུས་ལ་ལྷ་རྫོགས་པར་བཀོད་པ་རྒྱུད་འདི་ལས་གསུངས་པར་བཤད་པ་དང༌། འགྲེལ་པ་འདི་ཉིད་ལས་ཀྱང་ལུས་ལ་ལྷ་སོ་གཉིས་དགོད་པ་རྒྱུད་ལས་འབྱུང་བར་བཤད་ན། རྒྱུད་ལས་ནི་རྡོ་རྗེ་མ་ལྔ་དགོད་པ་མ་གསུངས་པ་ཇི་ལྟར་ཡིན་སྙམ་ན། རྣམ་གཞག་ལས། སྒྲུབ་པ་པོའི་སྐུ་དཀྱིལ་གྱི་སྐབས་སུ་རྡོ་རྗེ་མ་ལྔ་དགོད་པར་གསུངས་ལ། དེ་ཡང་ཡབ་ལ་འགོད་པའི་སྐབས་ཡིན་པས་ཡབ་ཡུམ་གཉིས་ཀ་བསྡོམས་པ་ལ་ལྷ་སོ་གཉིས་ཡིན་གྱི། ཡབ་རྐྱང་ལ་སོ་གཉིས་མེད་ཅེས་ཟེར་བ་ནི་ལོག་པར་སྨྲ་བའོ། །ཡབ་ཀྱི་ལུས་དཀྱིལ་ལ་རྡོ་རྗེ་མ་ལྔ་དགོད་པ་གསལ་བར་མ་བཤད་པ་ནི། མིག་སོགས་ཀྱི་དབང་པོ་གྲུབ་ན་དེ་དག་གི་ལོངས་སྤྱད་བྱའི་ཡུལ་ལྔ་དེའི་དབང་གིས་འགྲུབ་


JLD004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་མིག་སོགས་ལྔའི་རང་བཞིན་ས་སྙིང་སོགས་ཡབ་ལྔར་དངོས་སུ་བསྟན་པའི་ཤུགས་ཀྱིས། ལོངས་སྤྱད་བྱའི་ཡུམ་ལྔ་གོ་ནུས་པའི་ཕྱིར་རམ། ཡང་ན་རྒྱུད་དེ་ཉིད་ལས་ལྷག་མོས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚང་བ་ལུས་ལ་བསྡུས་ནས་འོད་གསལ་དུ་འཇུག་པའི་སྐབས་སུ། །རྡོ་རྗེ་མ་ལྔ་འོད་གསལ་དུ་འཇུག་པར་བཤད་པས་གོ་ནུས་པ་ལ་དགོངས་ཏེ། མདོར་བྱས་ཀྱི་དགོངས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །་འཆང་གི་སྐུ ར་ལེགས་པར་བྱས་ནས་བསྟན་པའི་ལུས་དཀྱིལ་བསྒོམ་པ་ནི། །མི་གནས་པའི་མྱ་ངན་ལས་འདས་པ་ཟུང་འཇུག་ཐོབ་པ་ལ་འཇུག་པར་འགྱུར། །ཏེ། མྱ་ངན་ལས་འདས་པ་ཟུང་འཇུག་མྱུར་དུ་སྟེ་ཚེ་འདི་ལ་ཐོབ་པའི ། །ཁྱེད་ཀྱི་དགེ་བ འི་རྩ་བ་ཡོངས་སུ་སྨིན་པ ར། །འགྱུར་རོ་རྒྱུ་མཚན་དེ་བས་ན་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་སངས་རྒྱས་ཐམས་ཅད་བཞུགས། །པར་སྟོན་པའི་བླ་མ་བསྟེན་པར་བྱའོ་ཞེས་སྤྲེལ་ལོ། །ཁམཐོང་ན་དོན་ནི་ཡོད་པའི ཀ་ཀྱེ། །ཕྱི་ངམའི་དུས་ན་གསེམས་དཔའ་ཆེན། །པོ་ཞེས་བོས་ནས། དེ་བས་ཅ ལས་དང་པོ་པའི སེམས་ཅན་:ཆག:དང་པོའི་ལས་ཅན་སེམས་ཅན་གྱིས་ཟེར། ཐམས་ཅད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །བར་བྱོས་ཤིག །དེ་ལྟར་གསུངས་པ་དེ་ནས་མཐོང་བ་དོན་ཡོད་ཕྱག་རྡོར་དང་བཅས། །པའི། བྱང་ཆུབ་སེམས་དཔའ་གྲགས་པ་ཆེ ན་པོ་ཅན་རྣམས །ཐོག་མར་དགའ་ཞིང་བར་དུ་མགུ་ལ་མཐར་རབ་ཏུ་དང་བས། །ཀུན་ནས་བསླངས་ཏེ་ཕྱག་འཚལ་ནས་ནི་མཆི་མ་བླགས། །པ་སྟེ་ཕྱུང་ངོ༌། ཞེས་རྡོ་རྗེ་འཕྲེང་བ་ལས་གསུངས་སོ། །གལ་ཏེ་འཕྲེང་བར་དབང་གི་དཀྱིལ་འཁོར་གྱི་སྐབས་


JLD004_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཀྱིལ་འཁོར་ལ་ལྷ་སོ་གཉིས་དགོད་པ་དང༌། མཚན་མ་རྣམས་འགོད་པ་གསལ་བར་གསུངས་པ་དེས། འདུས་པའི་དཀྱིལ་འཁོར་ལ་ལྷ་སོ་གཉིས་ཡོད་པར་མི་སྒྲུབ་པར་སྐུ་དཀྱིལ་ལ་བརྟེན་ནས་སྒྲུབ་པ་འགྲུབ་པར་དཀའ་བ་འདིས་སྒྲུབ་པ་ཅི་ཡིན་སྙམ་ན། དེ་ནི་བདེན་མོད་ཀྱང༌། ལུས་དཀྱིལ་དང་ཕྱི་དཀྱིལ་གཉིས་ཀ་ལ་ལྷ་སོ་གཉིས་ཡོད་པ་ཕྱོགས་གཅིག་ཏུ་བསྒྲུབ་པའི་ཕྱིར་མཛད་པའོ། །སྒོམ་པའི་དཀྱིལ་འཁོར་ལ་ལྷ་སོ་གཉིས་ཡོད་པར་བསྒྲུབས་པའི་རིགས་པ་འདིས་ན། །ཚོན་གྱིས་བྲི་བའི་དཀྱིལ་འཁོར་དུ་ཡང་ལྷ་སུམ་ཅུ་རྩ་གཉིས་སམ་མཚན་མ་སོ་གཉིས་དགོད་པར་བྱའོ། །འགྱུར་རྙིང་ལས། ཞེས་བྱ་བ་ཡོད་མེད་གཉིས་འབྱུང་ཡང་མེད་པ་དག་གོ །རྡོ་རྗེ་འཕྲེང་བ་ལས་སྔར་ལྟར་གསུངས་པར་མ་ཟད་གླེང་གཞིའི་དབང་དུ་མཛད་ནས་ཀྱང་ལྷ་སོ་གཉིས་ཀྱི་དོན་གང་ཡིན་པ་དེ་བསྟན་པ་ཡིན་ནོ། །རྒྱུད་དེར་གླེང་གཞིའི་སྐབས་སུ་མིང་མི་འདྲ་བ་བཏགས་པའི་ལྷ་དངོས་སུ་སྨོས་པ་ལ་ལྷ་སོ་གཉིས་གསུངས་པ་དེས་ཀྱང་ལྷ་སོ་གཉིས་སུ་འགྲུབ་ཅེས་པའི་དོན་ནོ། །སྐུ་དཀྱིལ་བཤད་པའི་སྐབས་སུ་རྩ་རྒྱུད་ཀྱི་དོན་ལྷག་མ་གསུང་དཀྱིལ་དང་ཐུགས་དཀྱིལ་རྣམས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཀྱི་ལེའུ་དེ་ཉིད་དུ་བཤད་མོད་ཀྱི་འདིར་འདྲེན་པ་སྐབས་ལ་བབ་པ་མ་ཡིན་པས་མ་དྲངས་སོ་ནོ་། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་ཞེས་བྱ་བ་ནི་སྐུ་དང་གསུང་


JLD004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུགས་ཀྱི་གསང་བ་གསུམ་ལ་གཟིགས་ནས་སྐུ་དང་གསུང་གཉིས་ཐུགས་སུ་ཆུད་པར་ཏེ་རྡོ་རྗེ་གསུམ་མི་ཕྱེད་པར་སྦྱར་བར་མཛད་པས་ན་གསང་བ་འདུས་པ་སྟེ། རྒྱུད་དེ་ལས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་སྟེ་སྐྱེད་པ གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱའོ། །ལེའུ་ཞེས་བྱ་བ་ནི་ལེའུའི་སྐད་དོད་པ་ཊ་ལའི་པ་ཊ་གོས་སམ་སྣམ་བུ་ལ་འཇུག་སྟེ། ཇི་ལྟར་ཏེ། དཔེར་ན་གོས་ཀྱིས་མཆུ་སྦྲང་སྟེ། :པ་ཚབ:སྦྲང་བུ་མཆུ་རིངས་ལ་སོགས་པའི་ཉེ་བར་འཚེ་བ་བཟློག་པ་དེ་བཞིན་དུ་རྒྱུད་ཀྱི་དོན་རིམ་པ་གཉིས་པོ་འདིས་ཆགས་སོགས་ཉོན་མོངས་པ་དང་ཟག་བཅས་ཀྱི་དགེ་མི་དགེའི་ལས་དང་སྐྱེ་གནས་བཞིར་ཉིད་མཚམས་སྦྱོར་བའི་སྐྱེ་བའི་ཉེ་བར་འཚེ་བ་བཟློག་པས་ན་གོས་དང་འདྲ་བའི་ཕྱིར་ལེའུའོ། །ལ་ནི་ལཱ་ཏི་ནི་ལེན་པར་བྱེད་དོ་ཞེས་པ་སྟེ་ཉེར་འཚེ་ཟློག་བྱེད་དེ་གཞུང་འདིས་བརྗོད་བྱར་ལེན་ཅིང་འཛིན་པར་བྱེད་པས་ན་དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ། །འདིར་དཔེ་ཁ་ཅིག་ཏུ་དྲང་ངེས་ཀྱི་བཤད་པ་གཉིས་ཡོད་དེ། ཕྱིས་གཞན་གྱིས་བཅུག་པ་ཡིན་གསུང་བ་ནི་དེ་བཞིན་དུ་ཡིན་ནོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་ལས་ལེའུ་དང་པོ་མཐའ་དྲུག་གིས་བཤད་གཞུང་རྣམས་ལ་འཆད་ཚུལ་གཉིས་ཡོད་ཀྱང༌། “ཚུལ་བཞིའི་བཤད་པ་མ་སྨོས་པ་ནི། བཤད་པ་དེ་མཐའ་དྲུག་གི་བཤད་པར་འདུ་བ་ལ་དགོངས་ཏེ། ལེའུ་ལྷག་མ་ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྤྱིར་མཐའ་དྲུག་གིས་བཤད་ཅེས་པ་ལ་དྲུག་ཀ་ཚང་བ་མི་དགོས་ལ། ལེའུ་དང་པོ་ལ་མཐའ་


JLD004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་ལྔས་བཤད་པ་ཡོད་ཅིང༌། སྒྲ་ཇི་བཞིན་མ་ཡིན་པའི་བཤད་པ་གསལ་བར་མ་མཛད་ཀྱང༌། གླེང་གཞིའི་ཡི་གེ་རེ་རེས་སྐབས་ཀྱི་དོན་དེ་རྣམས་སྟོན་པ་ལྟ་བུ་རྣམས་ལ་ནི་སྒྲ་ཇི་བཞིན་མ་ཡིན་པའི་དོན་ཚང་བས། མཐའ་དྲུག་གའི་བཤད་པ་ཡོད་དོ། །པའོ། །ཡེ་དང་གི་འགྲེལ་པར་བཤད་པ། དེ་ལྟར་ལེའུ་དང་པོར་རིམ་གཉིས་ཀྱིས་ལུས་ཐམས་ཅད་བསྟན་འགྱུར་རྙིང་ཕལ་མ་ཆེ་དང་འགྲེལ་བཤད་ལས། ཐམས་ཅད་བསྐྱེད་ནས་ཞེས་དང༌། འགྱུར་རྙིང་འགའ་ཞིག་དང་འགྱུར་གསར་གཉིས་ལས། ཐམས་ཅད་བསྒྲུབས་ནས་ཞེས་དང༌། འགྱུར་རྙིང་རེ་རེ་ཙམ་ལས་ཐམས་ཅད་བསྟན་ནས་ཞེས་འབྱུང་བ་ནི་རྒྱ་དཔེ་མི་འདྲ་བའི་ལུགས་སུ་སྣང་ནའང་ཕྱི་མ་དག་གོ །ནས་ལེའུ་འདིར་བསྐྱེད་རིམ་ཅུང་ཟད་སྟོན་ཀྱང་གཙོ་བོར་ལེ་དང་ལས་གསུངས་པའི་སྒྱུ་ལུས་དང༌། འོད་གསལ་དང་ཟུང་འཇུག་གི་བྱང་ཆུབ་ཀྱི་སེམས་ཀྱི་རྫོགས་པའི་རིམ་པ་གསལ་བར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གསུངས་ཏེ། ༈ དེ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེ་ལ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱི་ནང་གི་མཆོད་པ་དང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་སྟེ།ཁ གང་གིས་ན་བཅོམ་ལྡན་འདས་ཀྱིས་སོ། །གང་ན་དྲང་ངེས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །ཀབཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །ག བྱང་ཆུབ་ཀྱི་སེམས་དེའི་ཁྱད་པར་བཞི་ལས་ངོ་བོའི་ཁྱད་


JLD004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་གྱི་མི་ཕྱེད་པའི་ངོ་བོ་ཉིད་དེ། དེ་ནི། ༼ཁ༽འོ་ན་འདི་ཡི་བྱང་ཆུབ་ཀྱི་སེམས་ལ་བསྐྱེད་རིམ་ཡང་ཡོད་ལ། རྡོ་རྗེ་གསུམ་མི་ཕྱེད་པ་དངོས་ནི་རྫོགས་རིམ་ལ་བཞག་དགོས་པས་ཁྱད་པར་དང་པོ་མི་འཐད་དོ་སྙམ་ན་སྐྱོན་མེད་དེ། རྒྱུ་བསྐྱེད་རིམ་པའི་བྱང་ཆུབ་ཀྱི་སེམས་ལ་འགྱུར་རྙིང་ཕྲལ་མོ་ཆེ་ལས། རྒྱུ་དང་འབྲས་བུ་ཞེས་འབྱུང་ཡང༌། རེ་རེ་ཙམ་ལས་རྒྱུ་ལས་རྒྱུ་ལ་འབྲས་བུ་ཞེས་འབྱུང་བ་དག་ལ། འགྱུར་གསར་གཉིས་ལས་ཀྱང་དེ་ལྟར་འབྱུང་ངོ༌། །འབྲས་བུ་རྫོགས་རིམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་མིང་གི་ཉེ་བར་གདགས་པ་ཡིན་པ ས་སོ། །༼ཀ༽མཆོག་གི་དོན་ནོ་གོ་།༼ག༽ཟབ་པའི་ཁྱད་པར་ནི་བྱ་བའི་རྒྱུད་དང་ལ་སོགས་པ ས་བསྡུས་པ་སྤྱོད་པ་རྣལ་འབྱོར་གྱི་རྒྱུད་ལ་གནས་པའི་གདུལ་བྱ་རྣམས་ལ་མི་བསྟན་པས་དེ་བཞིན་གཤེགས་པ་ཀུན་གྱི་གསང་བ འི་གནས་སོ་འོ་། །གོང་ན་མེད་པའི་ཁྱད་པར་ནི་རྒྱུད་དེ་གསུམ་གྱི་གདུལ་བྱ་ལ་ཡང་གསང་དགོས་པ་དེ་ཉིད་ཀྱིས་ན་རྣལ་འབྱོར་བླ་ན་མེད་པ་ཡི། །བྱེད་ལས་ཀྱི་ཁྱད་པར་ནི། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་པ་སྟེ། གེགས་བྱེད་པའི་སྒྲིབ་གཉིས་ཐམས་ཅད་ལས་ཚེ་འདི་ཉིད་ལ་རྣམ་པར་གྲོལ་བ ར་བྱེད་པ ས་ན་ལམ་གྱི་སྙིང་པའོ། ༈ །དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཤད་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་ཀྱང༌། ལན་བྱང་སེམས་ལ་བཀའ་སྩལ་བ་ནི། འོག་གི་བྱང་ཆུབ་ཀྱི་སེམས་འདི་རྣམས་བྱང་སེམས་ཀྱིས་བསྐྱེད་དགོས་ཀྱི། དེ་བཞིན་གཤེགས་


JLD004_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསར་དུ་མི་བསྐྱེད་པ་ལ་དགོངས་ནས་སོ། །ཞེས་བྱ་བར་སྦྱར་ཏེ། སེམས་ཀྱིས་ཡོངས་སུ་རྟག་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་རྟོག་པ་ནི་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཅག་རྣམས་ལ་འོད་གསལ་གྱིས་ཡོངས་སུ་དག་པ ར་བྱས་པའི་ཟུང་འཇུག་གི་ལྷའི་སྐུ་བསྐྱེད་པའི་ཕྱིར། བྱང་ཆུབ་ཆེན་པོའི་སེམས་བསྐྱེད་ཚུལ་གྱི་གདམ་ངག་བསྟན་པར་མཛད་ན། བསྟན་པ་དེས་ནི་སེམས་ཅན་གྱི་དོན་ཆེན་པོ་བྱེད་པ ར་འགྱུར་རོ་སྙམ་པ་སྟེ། དེ་ནི་སེམས་ཀྱི་རྟོག་པ་ཞེས་བྱ་བ འི་ཚིག་གི་དོན་ཏོ་འོ་། །དེ་བཞིན་གཤེགས་པ་རྣམས་ཀྱི་གསོལ་བ་བཏབ་པ་མཁྱེན་ཅིང༌། བྱང་སེམས་རྣམས་ཀྱིས་དེ་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་འདི་སྐད་ཅེས་བཀའ་སྩལ་པ་སྟེ། སྒྲ་ཇི་བཞིན་པའོ། ༈ །བྱང་སེམས་ཁྱེད་རྣམས་ཀྱིས་ཞེས་པ་ནི་སེམས་སྐྱེད་པ་པོ་སྟེ་རིམ་གཉིས་ཀྱི་སེམས་བསྐྱེད་པ་པོ་གཉིས་དང་སྦྱར་རོ། །བྱ་བ་ལ་སོགས་པ་ལ། སེམས་ལུས་ལྟ་བུ་དང་ཞེས་བྱ་བ་ནི་རང་གི་སེམས་སྐུ་རྡོ་རྗེ འི་ལྟ་བུ་སྟེ། རྣམ་པ ར་སྐྱེད་ཅིག་པའོ་རོ་། །ལུས་སེམས་ལྟ་བུ་དང་ཞེས་བྱ་བ་ནི་རང་གི་ལུས་ཐུགས་རྡོ་རྗེ འི་ལྟ་བུ་སྟེ་རྣམ་པ ར་སྐྱེད་ཅིག་པའོ་རོ་། །སེམས་ཚིག་ཏུ་བརྗོད་པ་ལྟ་བུར་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པ་ནི་དག་ཏུ་སྨྲ་བ་སྟེ་དེ་ཡིན་ལ་དེ་ཡང་སྐབས་འདིར་གསུང་རྡོ་རྗེར་བྱ་དགོས་པ་དེས་ན་རང་གི་སེམས་གསུང་རྡོ་རྗེ འི་ལྟ་བུ་སྟེ་རྣམ་པ ར་བསྐྱེད་པར་བྱ་བའི་དོན་ཏོ། །ལྟ་བུ་དང་རྣམ་པ་ནིསྐད་དོད་ཀྱི་སྟེང་ནས་གཉིས་ཀ་ལ་བསྒྱུར་དུ་རུང་ཡང༌། འདི་འདྲའི་


JLD004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་རྣམ་པ་ལ་བྱའོ། །ལུས་ངག་ཡིད་གསུམ་རིམ་པ་བཞིན་དུ་རྡོ་རྗེ་གསུམ་དུ་བསྐྱེད་པ་ལ་དོགས་པ་ཆུང་ཞིང༌། ཐོབ་བྱའི་ལུས་དང་ངག་གི་རྡོ་རྗེ་ཡང་གཞི་དུས་བཞིན་བེམ་པོ་ཡིན་ནམ་སྙམ་པ་བཟློག་པའི་ཕྱིར་དུ། སེམས་ཉིད་སྐུ་དང་གསུང་རྡོ་རྗེར་བསྐྱེད་པར་གསུངས་ལ། སེམས་ཐུགས་རྡོ་རྗེར་བསྐྱེད་དུ་མི་རུང་ངམ་སྙམ་པ་ཤས་ཆུང་ཞིང༌། ལུས་ཐུགས་རྡོ་རྗེར་བསྐྱེད་དུ་མི་རུང་ངམ་སྙམ་པ་མང་བས། ལུས་ཐུགས་རྡོ་རྗེར་བསྐྱེད་པར་གསུངས་ལ། དེས་ངག་ཐུགས་རྡོ་རྗེར་བསྐྱེད་པ་ཡང་ཤེས་པར་བྱའོ། །དེ་རྣམས་ནི་སྐྱེད་ཅིག་ཅེས་པ་ཚིག་སྔ་མ་གསུམ་པོ་རེ་རེའི་མཐར་སྦྱར་བའི་བཤད་པ་སྟེ། བསྐྱེད་རིམ་ལ་སྦྱར་ན་སྐུ་གསུང་ཐུགས་སོ་སོར་བྱིན་གྱིས་བརླབ་པའོ། །ཡང་སྐྱེད་ཅིག་ཅེས་བྱ་བ་སོ་སོར་མ་ཕྱེ་བར་ཐུན་མོང་དུ་བཤད་པ་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་དུ་སྐྱེད་ཅིག་པ་སྟེ་སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་བརླབ་པ། །འགྱུར་རྙིང་འགའ་ཞིག་དང་འགྱུར་གསར་གཉིས་ལས། སྐྱེད་ཅིག་ཅེས་པ་སྔོན་དུ་བླངས་ནས། དེ་ཇི་ལྟ་བུ་དང༌། འདིར་གསུངས་པ་གཉིས་བཀོད་པའི་འོག་ཏུ་སེམས་ལུས་ལྟ་བུ་ཞེས་སོགས་འབྱུང་བ་གཅིག་དང༌། དཀྱུས་ན་ཡོད་པ་བཞིན་འབྱུང་བ་གཉིས་སྣང་བ་ནི། རྒྱ་དཔེ་ལ་མི་འདྲ་བ་ཡོད་པའི་ལུགས་སུ་སྣང་ནའང་ཕྱི་མ་དག་སྟེ། རྡོ་རྗེ་གསུམ་མི་ཕྱེད་པར་སྐྱེད་ཚུལ་ལོག་ཏུ་གསལ་བ་ལྟར་གོང་དུ་མི་འབྱུང་བའི་ཕྱིར་རོ། །དེ་ཇི་ལྟ་བུར་ཞེ་ན། འདིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་ངོ་བོར་སོ་སོ་དང་ཐུན་མོང་དུ་བྱིན་གྱིས་རློབ་པ་ན། རང་དེ་རྣམས་སུ་བསྐྱེད་པ་ནི་ནམ་མཁའ་


JLD004_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་བློས་ཡང་དག་པར་སྦྱར་ཞིང་ཐུན་མོང་དུ་བྱིན་གྱིས་རློབ་པ་ན་རྡོ་རྗེ་གསུམ་དབྱེར་མེད་པའི་གཅིག་ཏུ་བྱས་ནས་ཞེས་པ་སྟེ། དྲང་བའི་དོན་ཏོ། ༈ །ཁྱེད་ཀྱིས་སྐྱེད་ཅིག་པ་ནི་ཡིད་ཀྱིས་རང་བཞིན་གྱིས་སྒྱུ་མའི་ལུས་སྐྱེད་ཅིག་པའོ། །ལུས་དེ་ཇི་ལྟ་བུར་བསྐྱེད་པར་བྱ་ཞེ་ན་སེམས་ལུས་ལྟ་བུ་དང་ཞེས་བྱ་བ་གསུངས་པའི་སེམས་ནི་ཏེ་། སེམས་དབེན་གྱི་སེམས་གསུམ་པོ་ཡིན་ལ་དེ་ཡང་རང་གི་བཞོན་པའི་ཁམས་ཕྲ་བ་རླུང་དང་ལྷན་ཅིག་ཏུ་སྟེ། དེ་གཉིས་ཚོགས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའི་ལྟ་བུ་སྟེ། རྣམ་པ ར་སྐྱེད་ཅིག་པའོ། །དེ་འདྲ་བའི་ལུས་གང་བསྐྱེད་པ་དེ་ནི་སེམས་ཉིད་དང་ངོ་བོ་གཅིག་པ་ཉིད་ཡིན་པས་ནོ་། །ལུས་འགྱུར་གསར་ལས། ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པར་རོ། ལུས་བསྒྲུབས་པ་གང་ཡིན་པ་དེ་ནི་སེམས་ཉིད་ཡིན་པས་སེམས་ལས་གཞན་ནི་ཅི་ཡང་ཡོད་པ་མ་ཡིན་ཏེ། ཞེས་ལུས་སེམས་ལྟ་བུ་ནི་མེད་པར་འབྱུང་བ་ནི། ལུས་བསྐྱེད་པ་ཞེས་སོགས་ཀྱིས་གཞུང་དེའི་དོན་བསྟན་ཟིན་འདུག་པས་དེ་ལྟར་དུ་བདེའོ། །སེམས་ལྟ་བུ་ཞེས་པ་ནི་སེམས་ཉིད་ལས་གཞན་ན་སྟེ། ངོ་བོ་ཐ་དད་པར་སྒྱུ་མའི་ལུས་ཅི་ཡང་མེད་དོ་དེས་ནི་སྒྱུ་མའི་སྐུ་བེམས་པོ་ཡིན་པ་འགོག་གོ །པས་སོ་། །སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་བྱ་བ་ནི་རིམ་ལྔ་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། ཞེས་གསུངས་པའི་ཚུལ་དུ་ཁམས་གསུམ་པའི་སེམས་ཅན་ཞེས་ཚིག་ཏུ་བརྗོད་པ་གང་ཡིན་:པ་ཚབ:འགྱུར་གསར་ལས། ཚིག་ཏུ་བརྗོད་པ་གང་


JLD004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་ངོ་བོ་དེར་ཞེས་འབྱུང་བ་ལྟར་བདེའོ། །པ་དེ་དང་སྟེ་ནི་སྒྱུ་མ་ལྟ་བུ་དེའི་ངོ་བོར་རང་གི་སེམས་ཉིད་སྐྱེད་ཅིག་པ་སྟེ། དེར་བྱས་ནས་དེ་བཞིན་དུ་བལྟ་བར་བྱ། །སྐུ་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བསྐྱེད་པའི་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པའི་སྒྱུ་མའི་སྐུ་ནི་ནམ་མཁའ་ལྟ་བུར་ཞེས་བྱ་བ། ནམ་མཁའི་རྣམ་པའི་ངོ་བོ་ཉིད་ཀྱིས་མཚོན་པའི་འོད་གསལ་བར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ཞེས་པ་ནི་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་སྟེ་དག་པར་བྱས་ནས།སྐབས་འདིར་ཟུང་འཇུག་གི་སྐུ་བསྐྱེད་པ་རྒྱུད་ན་མི་གསལ་ཡང༌། ནས་ཞེས་པའི་ཚིག་གི་ནས་པས་ཤུགས་ལ་འཕེན་ཏེ། འདིར་དེ་མ་བསྟན་ན་འདི་ལ་ཆེད་བརྗོད་བྱས་པའི་སྐབས་སུ་སྐྱེ་བ་འདི་ནི་ཞེས་པའི་ཚིག་མི་འཐད་པས་སོ། །དེ་ན་ནས་ཀྱི་དོན་དེ་མ་ཐག་ཏུ་ཆེད་བརྗོད་བྱེད་པ་ལ་མི་བྱའོ། །རྡོ་རྗེ་འཆང་ཆེན་པོ་ཟུང་འཇུག་གི་སྐུ ར་བདག་ཉིད་བསྐྱེད་པར་བྱ་བ་སྟེ། དཔལ་རྡོ་རྗེ་འཕྲེང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་ནི་སྔར་གྱི་དེ་རྣམས་འགྲེལ་བས་བཤད་པར་མ་ཟད་ཅེས་པའོ། །སྣོད་བཅུད་ཀུན་གྱི་སྙིང་པོར་གྱུར་པ་སྟེ། མཐར་གཏུགས་པའི་རྩ་བ་ནི་སེམས་ཅན་རང་གི་སྲོག་སྟེ་རླུང་དང་དེའི་བཞོན་པ་ཅན་གྱི་སེམས་ལས། འདོད་པ་ལ་སོགས་པའི་ཁམས་གསུམ་ན་ནི་གཞན་ཏེ་ངོ་བོ་ཐ་དད་པར་གྱུར་བ་མེད་དེ། །ཅེས་པས་སེམས་ཅན་གྱི་རྩ་བ་མཐར་གཏུགས་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་དུ་བསྟན་ཏེ། སེམས་ལུས་ལྟ་བུ་ཞེས་པའི་སེམས་དང་ལུས་སེམས་ལྟ་བུ་ཞེས་པའི་བཤད་པའི་ཁུངས་སོ། །སྒྱུ་མ་རྩ་བ་སེམས་དང་རླུང་གིས་ཁམས་གསུམ་པའི། །


JLD004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་སྦྲུལ་ལོ་ཞེས་པས་ནི། སྤྱིར་བཤད་ཀྱང༌། དེའི་ཁོང་ནས་རྣལ་འབྱོར་བས་རླུང་སེམས་ལས་སྒྱུ་མའི་ལུས་སྤྲུལ་པའི་ཁུངས་སུ་ཡང་འགྱུར་རོ། །དེ་ལྟ་བུའི་སྒྱུ་ལུས་པའི་རྣལ་འབྱོར་པ་དེས་སེམས་ཅན་ཐམས་ཅད་སྒྱུ་མའི་སེམས་ཅན་དང་རྨི་ལམ་རྨི་བ་འདུས་ཀྱི་སེམས་ཅན་བཞིན་དུ་བལྟ། །བར་བྱའོ། ཞེས་པ་ནི་སེམས་ཚིག་ཏུ་བརྗོད་པ་ཞེས་བཤད་པའི་ཁུངས་སོ། །ཁམས་གསུམ་པའི་སེམས་ཀྱི་བདག་ཉིད་ཅེས་སྤྱིར་བསྟན་པ་ནི་སེམས་ཅན་སོ་སོའི་ཕྲ་བའི་རླུང་སེམས་ཡིན་ལ། འདིར་ནི་དེའི་ནང་ནས་རྣལ་འབྱོར་པས་རང་གི་བདག་ཉིད་དུ་གྱུར་པའི་ཕྲ་བའི་རླུང་སེམས་ལས་བསྒྲུབས་པའི་སྒྱུ་མའི་སྐུའོ། །སྐུ་དེ་དེ་བཞིན་ཉིད། །འོད་གསལ་དང་གཅིག་ཏུ་བྱས་པ་ནི་སྒྱུ་མའི་སྐུ་འོད་གསལ་དུ་བྱས་པའི་ཁུངས་སོ། །འོད་གསལ་དེ་ལས་ཆུ་ལས་ཉ་ལྡང་བ་བཞིན་དུ་མྱུར་བར་ཏེ། ཡུད་ཙམ་གྱིས་བཞེངས་པའི་ཟུང་འཇུག་གི་སྐུ་མཐོང་བ་ནི། །བདག་བྱིན་གྱིས་བརླབ་པ་དང་སྒྱུ་མའི་སྐུ་གང་དུ་ཐིམ་པ་དང་སྐྱེ་བའི་གནས་དེ་བཞིན་ཉིད། །འོད་གསལ་གྱི་ཡེ་ཤེས་གཉིས་ནི་ཟུང་འཇུག་སྟེ། དེས་མཆོག་གི་དངོས་གྲུབ་མྱུར་བར་ཏེ། ཚེ་འདི་ཉིད་དུ་འཐོབ་པར་འགྱུར། ཞེས་གསུངས་པ་ནི་ཟུང་འཇུག་གི་ཁུངས་ཏེ། ངེས་པའི་དོན་ཏོ། ༈ །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཤིན་ཏུ་རངས་པའི་ཆེད་བརྗོད་མཛད་པ་ནི། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ཏུ་བཟང་པོ་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་བྱང་ཆུབ་ཀྱི་སེམས་སྒྱུ་ལུས་དང་འོད་ཟུང་གསུམ་རབ་ཏུ་བསྟན་པ་ནི་ཨེ་མའོ་སྟེ། ངོ་མཚར་ཆེའོ་ཞེས་པའོ། །རྒྱུ་མཚན་གང་གིས་ངོ་མཚར་ཆེ་ཞེ་ན། སྐྱེ་བ་མེད་པའི་ཚུལ་


JLD004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སུ་ཞེས་བྱ་བ་སྟེ། སྐྱེ་བ་མེད་པ་ནི་དོན་དམ་པའི་བདེན་པའོ། །དོན་དམ་དེར་ཡིད་ཀྱི་རང་བཞིན་གྱི་སྒྱུ་མའི་ལུས་ཀྱིས་འཇུག་པ་སྟེ་ཞུགས་པ་ནི་སྐྱེ་བ་མེད་པའི་ཚུལ་གྱིས་སུ་ཞེས་པ་ནི་ཏེ་། ཚུལ་དེས་ཞེས་པའི་དོན་ནོ། །སྐྱེ་བ་ཞེས་བྱ་བ་ནི་འོད་གསལ་བ ར་ཞུགས་པའི་རླུང་སེམས་ཙམ་ལས་ཡོངས་སུ་དག་པའི་ཟུང་འཇུག་གི་ལྷའི་སྐུ་འཛིན་པའི་མཚན་ཉིད་དུ་བཞེངས་པ་འདི་ནི། སྐྱེ་བ་ཡིན་པར་རྡོ་རྗེ་འཆང་གང་གིས་རབ་ཏུ་བསྒྲགས་ཤིང་བརྗོད་པའོ་ཞེས་པ་སྟེ། དགོངས་པ་མ་ཡིན་པའོ། ༈ །“དེ་བཞིན་གཤེགས་པ་དྲུག་པོ་རྣམས་ཀྱི་ཇི་ལྟར་རང་རང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་འོག་ནས་འབྱུང་བ་རྣམས་ཀྱིས། སྔར་བཤད་པའི་འོད་ཟུང་གི་ཏིང་ངེ་འཛིན་འདི་ཉིད་ཇི་ལྟ་བར་སྟོན་པར་མཛད་དེ། འབྲས་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཏེ། མངོན་དུ་ཕྱོགས་པར་རྫོགས་པར་ཏེ། ཡང་དག་པར་བྱང་ཆུབ་པ་སྟེ། ཐུགས་སུ་ཆུད་པ་ནི་བདེན་པ་གཉིས་ནི་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་བདེན་པ་དང་རོ་གཅིག་པའི་ཡེ་ཤེས་སོ། །གཉིས་སུ་མེད་པ་སྟེ། ཡ་སོ་སོར་མ་བྲལ་བར་ངོ་བོ་གཅིག་ཏུ་སྦྱོར་བ འི་མི་སློབ་པའི་ཟུང་འཇུག་གི་མཚན་ཉིད་དོ། །དེའི་ཚུལ་གྱི་སྐད་དོད་ན་ཡ་ལ། ནཱི་ཡ་ཞེས་པའི་ངེས་ཚིག་གིས་བཤད་ན་འདྲེན་པ་དང་འཁྲིད་པར་འགྱུར་བས་མངོན་དུ་བྱ་བའི་གནས་སུ་འཁྲིད་པའི་ཐབས་སོ། །ཚུལ་ནི་དེ་མངོན་སུམ་དུ་བྱ་བའི་ཐབས་ཚུལ་བཞིས་འཆད་པའི་དོན་རྣམས་སོ། །བཞི་པོ་དེ་ཉིད་


JLD004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོ་རྗེ་ལྟར་རང་རང་གི་སྐབས་ཀྱི་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེའི་སྟེ། དོན་དེ་རྣམས་འཆད་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ།རྡོ་རྗེ་དང་ཏིང་ངེ་འཛིན་གྱི་དོན་ནི་འདི་འདྲའི་རིགས་གཞན་དམིགས་བསལ་མ་བྱུང་བ་རྣམས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །དགོངས་པ་མ་ཡིན་པའོ། ༈ །བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འི་། དངོས་པོ་ལ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་པ་ན། གཞི་དེ་དག་གང་ཡང་རིགས་ཤེས་ཀྱིས་མ་རྙེད་པ་ན་སྣོད་བཅུད་དེ་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ནི་ཅུང་ཟད་ཀྱང་མེད་པ ར་མཐོང་ནས་དེ་ཁོ་ན་ཉིད་སྒོམ་པ་ཡིན་ན་ནི། དེ་ཁོ་ན་ཉིད་སྒོམ་པ་མེད་པ་སྟེ་མ་ཡིན་ཏེ། དེ་ལྟར་ན་ནི་བསྒོམ་པར་བྱ་བ་ཅུང་ཟད་ཀྱང་མེད་པར་འགྱུར་བ འི་ཕྱིར་རོ། །བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་བྱ་བ་ནི། གང་ཡང་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་ན། བསྒོམ་བྱ་སྒོམ་བྱེད་སོགས་ཀྱི་བྱ་བྱེད་མི་འཐད་པར་མཐོང་སྟེ། རང་གྱིས་གྲུབ་པའི་དོན་ཡོད་པར་བཟུང་ནས་དེ་ཁོ་ན་ཉིད་སྒོམ་པ ར་འདོད་པའི་སྒོམ་དེ་ཡང་དེ་ཁོ་ན་ཉིད་སྒོམ་པ་མ་ཡིན་ཏེ། དེའི་རྒྱུ་མཚན་ནི་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་ན། བསྒོམ་པར་བྱ་བ་སོགས་ཀྱི་བྱ་བྱེད་དང་བྲལ་བ ར་འགྱུར་བ ས་རྩ་ཤེ་ལས། ལམ་ལ་རང་བཞིན་ཡོད་ན་ནི། །སྒོམ་པ་འཐད་པར་མི་འགྱུར་རོ། ཞེས་གསུངས་པ་ལྟར་ལམ་རང་བཞིན་གྱིས་གྲུབ་ན་བསྒོམ་པ་ཡོད་པ་མ་ཡིན་པས་སོ། །དེ་གཉིས་ནི་འདོད་མཁན་དངོས་སུ་ཡོད་པ་འགོག་པའོ། །དེ་ལྟར་ཞེས་པ་ནི་དངོས་པོ་མེད་


JLD004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དངོས་པོ་རང་བཞིན་གྱིས་གྲུབ་པ་ཡོད་པར་འདོད་པའི་དོན་གཉིས་ཀ་དང་ལྡན་པ་སྟེ། ཚོགས་པ་གང་ཡིན་པ་དེ་འདྲ་བའི་དོན་ནི་དངོས་པོ་སྟེ་ངོ་བོ་ཉིད་གཏན་མེད་པ་ཉིད་དེ། ཕྱོགས་གཉི་གའི་གཅིག་ཡིན་པ་དང་ཅིག་ཤོས་ཡིན་པ་འགལ་བའི་ཕྱིར་རོ། །འདི་ནི་དངོས་སུ་འདོད་མཁན་མེད་ཀྱང་ལོག་རྟོག་གི་མཐའ་བཅད་ནས་འགོག་པའོ། །གཉིས་ཡིན་གྱི་ཕུང་གསུམ་བཀག་པ་དེས་ནི། གཉིས་མ་ཡིན་གྱི་ཕུང་གསུམ་འགོག་པ་ཡང་གོ་བར་ནུས་པས་དངོས་སུ་མ་གསུངས་སོ་ལོ་། །ཆོས་ཐམས་ཅད་སྔར་བཤད་པའི་མཐའ་བཞི་དང་བྲལ་བ་དེ་བས་ན་གང་བསྒོམ་པར་བྱ་བ་དང༌། གང་གིས་སྒོམ་པ་པོ་དང༌། ཇི་ལྟར་བསྒོམ་པ་གསུམ་རང་བཞིན་གྱིས་གྲུབ་པ་དམིགས་སུ་མེད་པ་སྟེ། རྐང་པ་བཞི་པོའི་དངོས་ཀྱི་དོན་ཚིག་གི་ནུས་པས་གང་ཐོན་པ་བཤད་པའི་ཡི་གེའི་དོན་ཏོ། ༈ །སྟེང་འོག་དང་ལ་སོགས་པ ས་བསྡུས་པ་ཕྱོགས་བཞིའི་ཆ་དྲུག་དང་ཤེས་པ་རྣམས་ལ་ནི་རང་གི་སྔ་ཕྱི་བར་གསུམ་གྱི་ཆ་དང་འདུས་མ་བྱས། གཞན་ལ་ཡང་ཡུལ་དུས་དང་འབྲེལ་བའི་ཆ་དུ་མ འི་དབྱེ་བས་འབྱེད་ནུས་ལ། དེའི་ཚེ་དེ་རྣམས་བདེན་ན་རང་རང་གི་ཆ་རྣམས་དང་ཆ་ཅན་གཉིས། བདེན་པའི་ངོ་བོ་གཅིག་དང་ཐ་དད་གང་རུང་ལས་མི་འདའ་བ་དང༌། བདེན་པའི་གཅིག་ཏུ་གྲུབ་ན་ཐ་དད་ཡེ་མེད་པའི་གཅིག་ཏུ་འགྱུར་བ་དང༌། བདེན་པའི་ཐ་དད་ཡིན་ན་འབྲེལ་མེད་དུ་འགྱུར་པའི་རིགས་པས་ཆོས་ཐམས་ཅད་ལ་བདེན་གྲུབ་རྣམ་པར་གསལ་ནས། དེ་ནས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གཞན་རྣམས་ནི་མི་བདེན་ཀྱང་དེ་རྣམས་བདེན་པས་སྟོང་པའི་སྟོང་པ་ནི་བདེན་པའོ་


JLD004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་སྒོམ་པ་ཡང་དེ་ཁོ་ན་ཉིད་སྒོམ་པ་ནི་མེད་པ་སྟེ། མ་ཡིན་ཏེ་དེ་། དེ་ནི་སྟོང་པ་ཉིད་ལ་བདེན་པར་མངོན་པར་ཞེན་པའི་ལྟ་བ་ཡིན་པའི་ཕྱིར་ན་གསོར་མི་རུང་བའི་ལྟ་བར་གསུངས་པའི་ཕྱིར་རོ། །རྒྱུ་འབྲས་ཀྱི་མཚན་མ་ལ་བདེན་པར་ཞེན་པ་བཟློག་པར་བྱ་བའི་ཕྱིར་བསྒོམ་པར་བྱ་བ་སྒོམ་པ་མིན། ཞེས་བྱ་བ་གསུངས་ཏེ། གང་ཡང་རྒྱུ་དང་འབྲས་བུའི་རྣམ་པ་ལ་བདེན་པར་མངོན་པར་ཞེན་ནས་སྒོམ་ན། དེ་ཉིད་ཀྱང་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་བསྐྱེད་བྱ་སྐྱེད་བྱེད་གཉིས་སུ་བདེན་པར་མེད་པའི་ཕྱིར་རོ། །འབྲས་བུ་བདེན་པར་བཟུང་ནས་སྨོན་པ་བཟློག་པའི་ཕྱིར་དེ་ལྟར་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དུ་སྲོན་ཞེ་ན་སྔར་བཤད་པ་དེ་ལྟར་སེམས་ཀྱིས་བཏགས་པ་ཙམ་ལས་ཕྱི་རོལ་གྱི་སྟེ། དེ་ལས་གཞན་དུ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རྣམ་པ་བཟུང་བ འི་སྨོན་པའི་འབྲས་བུ་དེ་ཡང་མེད་དེ། སྨོན་ལམ་དང་ལ་སོགས་པ ས་བསྡུས་པ་གང་ལ་དང་གང་གིས་སྨོན་པ་རྣམས་འི་ཉེ་བར་དམིགས་པ་སྟེ། བདེན་པར་གྲུབ་ལ་མེད་པའི་ཕྱིར་རོ། །བདེན་གྲུབ་ཀྱི་སྨོན་ཡུལ་མེད་པ་དེ་བས་ན་སེམས་ཀྱིས་བཏགས་པ་ཙམ་ལས་ཕྱི་རོལ་གྱི་སྟེ། གཞན་དུ་གྱུར་པའི་དངོས་པོ་ལྟ་བུར་སྒོམ་པ་དམིགས་སུ་མེད་ཅིང་སྟེ་ཡོད་པ་མ་ཡིན་ཏེ། སེམས་ཀྱི ས་བཏགས་པ་ཙམ་གྱི་རང་གཞིན་ཡིན་པའི་ཕྱིར་རོ། །སྟོང་ཉིད་ཀྱི་ལྟ་བ་འདི་ནི་ཕར་ཕྱིན་དང་སྔགས་གཉིས་དང༌། སྔགས་ཀྱིའང་གོང་འོག་གཉིས་དང༌། གོང་མའི་ཡང་རིམ་པ་གཉིས་ཀའི་སྤྱིའི་དོན་ནོ། ༈ །དངོས་པོ་མེད་པ་ནི་དེ་ལྟར་


JLD004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པའི་སྟོང་ཉིད་རྟོགས་པའི་ལྟ་བ་དང༌། སེམས་དབེན་འདྲེན་ཐབས་ཕྱི་ནང་གཉིས་ཀྱི་སྲོག་རྩོལ་ལ་བརྟེན་ནས་དྲངས་པའི་བདེ་བ་ཆེན་པོ་གཉིས་ཀྱིས་བདེ་སྟོང་སྦྱར་ཏེ་སྒོམ་པ་ཙམ་ཞིག་བྱས་ན། རྫོགས་རིམ་གྱི་གཙོ་བོ་ནི་དེ་ཙམ་དུ་ཟད་དམ་སྙམ་པ་མང་བས། དེ་ཙམ་གྱིས་མི་ཆོག་པར། དངོས་པོ་མེད་བཞེས་པའི་རྐང་པ་གཅིག་གིས་སྟོན་པ་ནི། འཆད་པར་འགྱུར་བ་ལྟར། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་རྣམས། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་པས། །སྟོང་ཆེན་གྱུར་པས། ཞེས་གཉིད་ཀྱི་སྟོང་པ་གསུམ་གྱི་སྐབས་སུ་ཕུང་སོགས་ཀྱི་སྣང་བ་ཐིམ་པར་བཤད་པ་ལྟར། སད་དུས་ཀྱི་སྲོག་ངྷཱུ་ཏཱིར་ཚུད་ནས་ཐིམ་པ་ལ་ཡང་ཁྱད་པར་མེད་པས། གང་ཞིག་ཕུང་པོ་ལ་སོགས་པའི་སྣང་བ་དེ་རྣམས་ནི་སེམས་དམིགས་འདྲེན་ཐབས་ཀྱིས་སྲོག་ངྷཱུ་ཏཱིར་བཙུད་ནས་ཐིམ་པ་ན། དངོས་པོ་མེད་པ་སྟེ་ཐིམ་པའི། བསྒོམ་པར་བྱ་བར་གྱུར་པའི་སེམས་དམིགས་ཀྱི་བདེ་སྟོང་གཉིས་སྦྱར་བ་དེ་ཙམ་ཅིག་བསྒོམ་པར་བྱ་བར་འདོད་པ་གང་ཡིན་པ་དེ་ནི་བསྒོམ་པའི་དངོས་པོར་མེད་ཏེ་དེ་ཙམ་ལ་ནི་ཡེ་ཤེས་ཀྱི་སྐུས་ཐ་མལ་པའི་ང་རྒྱལ་རྣམ་པར་མ་དག་པ་སྟེ། དག་པར་བྱས་པ་མེད་པའི་ཕྱིར་དང༌། སྒྱུ་མའི་འཇའ་ལུས་ཀྱི་སྐུ་བརྟག་ཏུ་སྟེ། བཞག་ཏུ་མེད་པ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་ཕྱི་མ་ལ་འགྱུར་རྙིང་ལས། བ་ཡི་སྔོན་འཇུག་ཡོད་མེད་གཉིས་འབྱུང་བ་ལ། གླན་སྔོག་ལ་སོགས་པས་ཡོད་པའི་ལུགས་དང༌། :སྐལ་ལྡན:འགྲེལ་བཤད་ལས་ཡོད་མེད་གཉིས་ཀའི་ཕྱོགས་བཤད་ཀྱང་ཡོད་པ་ལེགས་སོ། དེས་ནི་བདེ་སྟོང་སྦྱོར་བའི་སྟོང་ཕྱོགས་ཀྱི་རྫོགས་རིམ་གྱིས་


JLD004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆོག་པར་རྫོགས་རིམ་ཁྱད་པར་ཅན་སྣང་ཕྱོགས་སྒྱུ་ལུས་ཀྱི་རྫོགས་རིམ་ཡར་སྒོམ་དགོས་པར་བསྟན་ཏོ། །དེ་ལྟ་ན་སྔ་མའི་སྟེང་དུ་སྒྱུ་ལུས་ཙམ་ཞིག་ལ་གོམས་པར་བྱས་པས་ཆོག་གམ་སྙམ་ན་སྔ་མའི་སྟེང་དུ་ཀུན་རྫོབ་ཀྱི་བདེན་པ་སྒྱུ་ལུས་ཙམ་ཞིག་ལ་སློབ་པ་བཟློག་པར་བྱ་བའི་ཕྱིར། བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་བྱ་བ་གསུངས་ཏེ། གང་ཞིག་སྔ་མའི་སྟེང་དུ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་སྒྱུ་མ་ལྟ་བུའི་ལྷའི་སྐུ་ཙམ་ཞིག་སྒོམ་པ ར་འདོད་པ་དེ་ཡང་མི་རིགས་ཏེ། སྒྱུ་ལུས་དེ་ནི་ད་དུང་འོད་གསལ་བ་བསྒོམས་པ ས་རྣམ་པར་དག་པ ར་བྱ་དགོས་པའི་ཕྱིར་རོ། །ཞེས་པས་སྔ་མ་གཉིས་ཀྱི་སྟེང་དུ་སྒྱུ་ལུས་འོད་གསལ་དུ་བཅུག་པའི་འོད་གསལ་བསྣན་དགོས་པར་བསྟན་པས། །མང་པོ་ལ་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་སྟོང་སྦྱར་བ་ལ། འོད་གསལ་གྱི་ཡེ་ཤེས་སུ་གྲགས་པས་མི་ཆོག་གི །སྒྱུ་ལུས་འོད་གསལ་དུ་བཅུག་པའི་བདེ་སྟོང་སྦྱར་བའི་འོད་གསལ་དགོས་པར་བསྟན་ནོ། །བཤད་མ་ཐག་པ་དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་ལུས་ཙམ་གྱི་དངོས་པོ་ནི་གོམས་པར་བྱ་བའི་དངོས་པོ་མ་ཡིན་ཏེ། སྔར་བཤད་པའི་བདེན་པ་གཉིས་དབྱེར་མེད་པ་སྟེ། གཉིས་ཀ་ཚོགས་པ་བསྒོམ་པར་བྱ་དགོས་པའི་ཕྱིར་རོ། །རྒྱུ་མཚན་དེ་བས་ན་སྔར་གྱི་དེ་གཉིས་ཙམ་ལ་བསྒོམ་པ་སྟེ། བདེན་པ་གཉིས་ཀྱི་ལྟ་བུ་སྟེ་རྣམ་པ ར་བསྒོམ་པ་ནི་དམིགས་སུ་མེད་དེ། དེ་གཉིས་བསྒོམ་པ་མི་དམིགས་པ་ཡིན་པས་སོ་ཞེས་བྱ་བའི་བར་དུ་སྟེ། ཐ་ཚིག་གོ །དེ་ལྟར་རྐང་པ་བཞི་ལ། སེམས་དམིགས་ཀྱི་བདེ་སྟོང་དང༌། སྒྱུ་མའི་སྐུ་


JLD004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཁྱད་པར་གྱི་གཞིར་བཟུང་ནས་ལམ་དེ་ཙམ་ཞིག་ལ་གོམས་པར་བྱ་བ་འགོག་པའི་ཕྱིར། ཁྱད་གཞི་སྦས་དོན་ཡིན་པས་སྦས་པའོ། །ཞེས་གསུངས་ཀྱི་དགག་བྱ་སྦས་པ་དང་འབྲེལ་བས་སྦས་པར་འཆད་པ་ཤིན་ཏུ་མི་རིགས་སོ། ༈ །འོ་ན་སྒྱུ་མ་འོད་གསལ་དུ་དག་པའི་དོན་དམ་དང༌། སྔར་བཤད་པའི་ཀུན་རྫོབ་སྒྱུ་ལུས་ཙམ་ཞིག་རེས་འཇོག་ཏུ་བསྒོམས་པས་ཆོག་གམ་སྙམ་ན། དེས་མི་ཆོག་པར་རྐང་པ་བཞིས་སྟོན་པ་ལ། སྒྱུ་ལུས་དངོས་པོ་མེད་པ་དོན་དམ་པའི་བདེན་པ་འོད་གསལ་དུ་དག་པ་ལ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་སྒོམ་པ་མེད་པ་སྟེ། འོད་གསལ་གྱི་ཡེ་ཤེས་དེ་ནི་གཟོད་མ་ནས་དག་པའི་དེ་ཁོ་ན་ཉིད་དང་རོ་གཅིག་པ་ཙམ་ཡིན་པའི་ཕྱིར་རོ། །གང་སྔར་བཤད་པའི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་དུ་སྒོམ་པ་དེ་ཡང་ཟུང་འཇུག་བསྒོམ་པར་བྱ་བ་སྟེ། བྱེད་པ་མ་ཡིན་ཏེ། སྔར་བཤད་པའི་སྒྱུ་མའི་སྐུ་དེ་ནི་མི་བདེན་ཆག་གིས། མི་བདེན་པ་ཉིད་ཀྱི་ཕྱིར་རོ། །“དེ་ལྟར་ཏེ། རྣམ་པ་འདིས་ཞེས་བསྒྱུར་བ་བདེའོ། །པ་སྟེ། རིགས་འདྲ་རྒྱུན་མི་འཆད་པར་འཇུག་པའི་རྡོ་རྗེའི་སྐུ་མིན་པས་མི་བརྟན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་དོན་གྱི་འོད་གསལ་གྱི་རླུང་སེམས་ཙམ་ལས་བསྒྲུབས་པའི་སྐུ་མིན་ན་རྡོ་རྗེའི་སྐུ་དངོས་མིན་པར་བསྟན་པས་ཟུང་འཇུག་གི་སྒྱུ་མའི་སྐུ་ལ་སྐུ་དེ་དགོས་པར་བསྟན་ནོ་དོ་ཞེས་བྱ་བ་ལ་སོགས་དེ་ལྟར་ཏེ་གོང་དུ་བཤད་པའི་རྣམ་པ་འདིས་སྟར་བཤད་པའི་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་དངོས་པོ་ཙམ་ཞིག་སོ་སོར་བསྒོམ་པར་བྱ་བར་མི་འགྱུར་བ་སྟེ། དེ་ཙམ་ཞིག་གོམས་པས་མི་ཆོག་སྟེ་ཏེ་། བདེན་


JLD004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཏེ། ཀུན་རྫོབ་དག་པའི་སྒྱུ་མའི་ལུས་དང༌། དོན་དམ་པ་དོན་གྱི་འོད་གསལ་གྱི་ཡེ་ཤེས་གཉིས་གཉིས་སུ་མེད་པར་ཏེ། སྔ་མ་སྐུ་དང་ཕྱི་མ་ཐུགས་སུ་རེས་འཇོག་མིན་པར་དུས་གཅིག་གི་ཚེ་ངོ་བོ་གཅིག་ཏུ་སྦྱོར་བའི་ཟུང་འཇུག་རང་རྒྱུད་ལ་མཐོང་བ་ཙམ་གྱིས་ཏེ་དེ་ཉིད་ཀྱིས་ཚེ་འདིར་ཤེས་སྒྲིབ་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །ཞེས་པས་འདིར་བཤད་པའི་ཟུང་འཇུག་སྐྱེད་མི་ཤེས་ན་ཚེ་གཅིག་གིས་སངས་རྒྱས་མི་འགྲུབ་པར་བསྟན་ཏོ། །དེ་བས་ན་སྒོམ་པ་པོ་དང༌། སྒོམ་པ་དང༌། བསྒོམ་པར་བྱ་བའོ། ཞེས་འདི་ལྟར་འཁོར་གསུམ་དུ་བདེན་པར་མངོན་པར་ཞེན་པའི་བདེན་འཛིན་ནི། ཟུང་དུ་སྦྱོར་བས་འཇུག་པའི་རིམ་པ་ལྔ་པ་རྟོགས་པ་སྟེ། ཐོབ་པ་རྣམས་ལ། དམིགས་སུ་མེད་དེ་ཡོད་པ་མ་ཡིན་ནོ། །འདི་ལ་ནི་འཕགས་པ་ཡབ་སྲས་ཀྱི་ལུགས་ཀྱིས་ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་འཇོག་པ་དང༌། དེ་སློབ་པའི་ཟུང་འཇུག་ཐོབ་ནས་སྤངས་པ་སྤྱོད་བསྡུས་ཀྱི་དགོངས་པར་ཤེས་དགོས་སོ། །འགྲེལ་བའི་བཤད་པ་འདི་དག་གིས་ནི་འདུས་པ་ནས་རིམ་པ་ཕྱི་མ་གསུམ་གསུངས་པ་ལ་ཐུན་མོང་མ་ཡིན་པའི་ངེས་པ་ཆེན་པོ་སྟེར་བ་ཡིན་ནའང༌། སྔ་མ་ཁ་ཅིག་གིས་སེམས་ཙམ་འགོག་པ་སོགས་དང༌། ཁ་ཅིག་གིས་རིམ་པ་གོང་མ་རྣམས་སུ་འོག་མ་རྣམས་མི་སྒོམ་པ་ལ་སྦྱར་ཏེ་བཤད་པས་ནུས་པ་མ་ཐོན་པ་འདུག་པས། སྒྲོན་གསལ་ལ་ནི་ཚིག་དོན་རྣམས་ཀྱི་ནུས་པ་ཐོན་པ་ཤིན་ཏུ་གལ་ཆེ་བར་སྣང་ངོ༌། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་ཏེ། མཐར་ཐུག་པའོ། ༈ །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འདི་གསུངས་སོ་ཞེས་བྱ་བར་སྦྱར་ཏེ། དེ་


JLD004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པ་ཀུན་ནས་མངོན་པར་རྟོགས་པ་ནི་འོད་གསལ་བ་ཐུགས་སུ་ཆུད་པའོ། །དེ་ཉིད་རྡོ་རྗེ་སྟེ་ཏིང་ངེ་འཛིན་དེ་ལ་དམིགས་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་འདི་ལོགས་སུ་བཀོལ་ནས་དེའི་དོན་འཆད་པ་ལ་འཕགས་པས་བྱང་ཆུབ་སེམས་འགྲེལ་མཛད། དེ་ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། དེའི་ཕྱིར་དེའི་རང་བཞིན་བཤད་པར་བྱའོ། །ཞེས་རྣལ་འབྱོར་བླ་མེད་ཀྱི་གསང་སྔགས་སྤྱོད་པ་རྣམས་ཀྱིས་ཀྱང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་བསྐྱེད་དགོས་པ་དང༌། དེ་བསྐྱེད་པའི་ཕྱིར་དུ་གཞུང་དེར་མུ་སྟེགས་ཀྱིས་བརྟགས་པའི་བདག་དང༌། མདོ་སྡེ་པ་སོགས་ཀྱི་ཉན་ཐོས་ཀྱིས་བརྟགས་པའི་གཟུང་འཛིན་བདེན་པ་དང༌། སེམས་ཙམ་པས་སེམས་བདེན་པར་བརྟགས་པ་རྣམས། རིགས་པས་བཀག་ནས་དེ་ཁོ་ན་ཉིད་ཀྱི་ལྟ་བ་ཚོལ་བར་གསུངས་པས། སྤྱིར་གསང་སྔགས་པ་དང༌། ཁྱད་པར་དུ་བླ་མེད་པ་ལ་ལྟ་བ་དབུ་མའི་གཞུང་ནས་བཤད་པ་བཞིན་འཚོལ་མི་དགོས་སོ་ཞེས་པ་ནི། དེ་ཁོ་ན་ཉིད་ཀྱི་རྟོགས་པ་བསྐྱེད་པའི་གེགས་ཆེན་པོར་ཤེས་པར་བྱའོ། །གཞུང་དེར་སྟོང་ཉིད་རྟོགས་པའི་བྱང་ཆུབ་ཀྱི་སེམས་བཤད་པ་ནི། ཐེག་པ་འདི་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཐུན་མོང་བ་ཡིན་ལ། སྟོང་ཉིད་ལ་ཁྱད་པར་མེད་ཀྱང་དེ་ཞུ་བདེའི་བདེ་ཆེན་གྱིས་རྟོགས་པའི་བྱང་ཆུབ་ཀྱི་སེམས་ནི། ཐེག་པ་འདིའི་ཁྱད་ཆོས་ཡིན་པས། རང་བཞིན་འོད་གསལ་


JLD004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །སྟོང་ཉིད་རྟོགས་པ་རྣམས་ཀྱི་ཁྱད་པར་རྣམས་ལེགས་པར་ཕྱེད་དགོས་སོ། །་ལ་དེ་ཁོ་ན་ཉིད་ནི་སྣོད་དུ་གྱུར་པའི་དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་དང་བྲལ་བ་དང༌། དེར་མ་ཟད་ཡང་ཕུང་པོ་དང་། ཁམས་དང༌། སྐྱེ་མཆེད་ཀྱི་བདག་ཉིད་ཅན་གྱི་གཟུང་བ་ནི་གཟུགས་ཕུང་དང༌། མིག་སོགས་ཀྱི་ཁམས་དང༌། མིག་སོགས་ཀྱི་སྐྱེད་མཆེད་གཟུགས་ཅན་རྣམས་དང་འཛིན་པ་ནི་ལྡན་མིན་མ་གཏོགས་པའི་མིང་བཞིའི་ཕུང་པོ་དང༌། ཡིད་ཀྱི་གཉིས་དང༌། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་སེམས་བྱུང་རྣམས་རང་བཞིན་གྱིས་གྲུབ་པ་རྣམ་པར་སྤངས་པའི་སྟོང་པ་ཉིད་དོ་འོ་། །དེ་ཁའདྲ་བའི་ཆོས་རྣམས་ཀྱི་བདག་མེད་པ་ནི་རང་བཞིན་གྱིས་ཏེ། གདོད་མ་ནས་འོད་གསལ་བ་སྟེ།དེ་ནི་གཙོ་བོར་ཡུལ་གྱི་འོད་གསལ་ཡིན་ལ། དེ་དང་རོ་གཅིག་ཏུ་ཞུགས་པའི་བདེ་ཆེན་གྱི་ཡེ་ཤེས་ནི་ཡུལ་ཅན་གྱི་འོད་གསལ་བའོ། །འོད་གསལ་བ་དེ་དང་མཉམ་པ་ཉིད་དུ་ཞུགས་པ་ནི་གཉིས་སུ་མེད་པ་ཟུང་འཇུག་ཡིན་པར་དགོངས་སོ། །ཟུང་འཇུག་པའི་སེམས་ཆོས་ཀྱི་བདག་མེད་པ་སྔར་བཤད་པ་དེ་རྣམས་དང་མཉམ་པ་ཉིད་དེ། རོ་གཅིག་ཏུ་ཞུགས་པ་ཡིན་པས།ཀརང་གི་སེམས་ཡེ་ནས་སམ་གདོད་མ་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་བདག་ཉིད་ཀྱི་རྡོ་རྗེ་གསུམ་མི་ཕྱེད་པའི་དག་པའི་སྒྱུ་མའི་ལུས་སྟོང་པ་ཉིད་དོན་གྱི་འོད་གསལ་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་བ་སྟེ།ག སྐུ་དེ་ནི་ས་ཐོབ་པ་ཡན་གྱི་མིག་གི་སྤྱོད་ཡུལ་གྱིས་ནི་མིག་གཞན་གྱི་ཡུལ་ཡིན་པ་གཅོད་དོ། །ཙམ་ཡིན་པའི་ཕྱིར་རོ། །ཞེས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་སྟེ། དགོངས་


JLD004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པའོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་ནི་ཡང་དག་པའི་མཐའོ། །དེ་ཉིད་རྡོ་རྗེ་སྟེ ཡང་དག་པའི་མཐའ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་རྡོ་རྗེ་ཞེས་བྱའོ། །དངོས་པོ་འདི་རྣམས་མ་སྐྱེས་པ་ཞེས་བྱ་བ་ནི། གཟུགས་སོགས་ཕྱི་དང་མིག་སོགས་ནང་གི་བདག་ཉིད་ཅན་གྱི་དངོས་པོ་འདི་རྣམས་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །དེ་བས་ན་ཆོས་ཅན་རྣམས་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་ཁོ་ནའོ། །ཆོས་ཉིད་མེད་པ་སྟེ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཆོས་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ་ཆོས་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་ནམ་མཁའ་ལྟ་བུར་བདག་མེད་པའི་མཚན་ཉིད་ཅན་གྱི་ཡུལ་དང་ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་ཀྱི་འོད་གསལ་བ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ཚུལ་འདི་ནི་བྱང་ཆུབ་པའི་ཐབས་སོ། །བརྟན་པ་ནི་མི་ཉམས་ཤིང་སླར་མི་ལྡོག་པའི་སྙིང་པོ་ཡོད་པ་སྟེ་ནམ་མཁའ་ལྟ་བུ་ཡིན་ནོ། ཞེས་དེ་བཞིན་གཤེགས་པ་མི་བསྐྱོད་པས་གསུངས་པ་སྟེ། དགོངས་པ་མ་ཡིན་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ནི་དོན་དམ་པའི་བདེན་པའོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་རྡོ་རྗེ་ཞེས་བྱ་བའི་


JLD004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ནོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་རྣམས་སོ། །དངོས་པོ་མེད་ཅིང་ཞེས་བྱ་བ་ནི་འདིས་མཚོན་པར་བྱེད་པའི་མཚན་མ་སྟེ། མཚན་ཉིད་མེད་པའི་ཕྱིར་རོ། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས་ཞེས་བྱ་བ་ནི་གཟུགས་སོགས་ཆོས་རྣམས་ཉིད་ངོ་བོ་ཉིད་ཀྱིས་མ་གྲུབ་ན་དེ་རྣམས་ཀྱི་མཚན་ཉིད་རང་བཞིན་གྱིས་གྲུབ་པ་ག་ལ་ཡོད་དེ། མོ་གཤམ་གྱི་བུའི་ལྗང་བ་དང་དཀར་བ་ལ་སོགས་པ་དང་འདྲ་བར་ཁྱད་གཞི་མེད་པའི་ཁྱད་ཆོས་མི་འཐད་པའི་ཕྱིར་རོ་འོ་། །འོ་ན་དེའི་ངང་ནས་ཇི་ལྟར་དག་པའི་ལྷའི་སྐུ་བསྐྱེད་ཅེ་ན། བདག་མེད་ཆོས་ལས་ཀུན་ཏུ་འབྱུང་ཞེས་བྱ་བ་སྟེ། བདག་མེད་པའི་ཆོས་ནི་དོན་དམ་པའི་བདེན་པ་སྟེ། དེ་ལས་རང་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ཀུན་ཏུ་འབྱུང་བས་ནི། བདག་མེད་པ་དོན་དམ་པའི་ཆོས་ལས་ཀུན་ཏུ་འབྱུང་སྟེ་སྔོན་གྱི་འཕེན་པའི་ཤུགས་ཀྱིས་བྱུང་པའོ། །ཞེས་པ་འདིས་སྒྱུ་མའི་སྐུ་བསྒྲུབ་ཚུལ་གྱི་གནད་སྟོན་པ་ནི་འདིའི་མན་ངག་ཏུ་བཤད་ཟིན་ཏོ། །ཞེས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱིས་གསུངས་ཏེ། དགོངས་པ་མ་ཡིན་པའོ། ༈ །དེ་ནས་ཞེས་བྱ་བ་ལ། འོད་ཟེར་འབར་བ་ཉིད་ནི་སྒྲོན་མ་ཡིན་པས་ན། འོད་ཟེར་འབར་བའི་སྒྲོན་མ་སྟེ། དེ་གང་ཞེ་ན། དོན་དམ་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་བའི་ཡེ་ཤེས་ཀྱི་སྣང་བའོ། །དེ་ཉིད་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་འོད་ཟེར་འབར་བ་སྒྲོན་མ་རྡོ་རྗེ་ཞེས་བྱའོ། །མ་སྐྱེས་པ་ཡི་ཞེས་པ་


JLD004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མ་བྱུང་བ་ལའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་ལའོ། །ངོ་བོ་མེད་དེ་ཞེས་བྱ་བ་ནི་བསྒོམ་པར་བྱ་བ་མེད་པའོ། །སྒོམ་པའང་མེད་ཅེས་བྱ་བ་ནི། སྒོམ་པ་ཡང་རང་བཞིན་གྱིས་མེད་དེ་བསྒོམ་པར་བྱ་བ་རང་བཞིན་གྱིས་མེད་པའི་ཕྱིར་རོ། །འོ་ན་དེའི་ངང་ནས་ལྷའི་རྣལ་འབྱོར་དུ་སྟེ། སྒྱུ་མའི་སྐུ་ཇི་ལྟར་སྐྱེད་པར་འགྱུར་ཞེ་ན། ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ནི་དོན་དམ་པའི་བདེན་པའོ། །ཚུལ་ནི་ཀུན་རྫོབ་ཀྱི་བདེན་བའོ། །དེ་གཉིས་ཀྱི་སྦྱོར་བ་ནི་ཐུགས་དང་སྐུར་ངོ་བོ་གཅིག་ཏུ་གྱུར་པ་སྟེ། དེ་དག་གིས་ནི་ནམ་མཁའི་ཚུལ་དུ་སྦྱོར་བ་ཡིན་ཞེས་བྱ་བ་ཡིན་པར་དགོངས་སོ། །དངོས་པོ་དག་ཏུ་རབ་ཏུ་བསྒྲགས་ཞེས་བྱ་བ་ནི། ཚུལ་འདིས་དངོས་པོ་སྟེ་རྡོ་རྗེ་འཆང་ཆེན་པོའི་སྐུ་རབ་དུ་བསྒྲགས་ཤིང་བཤད་དོ། ཞེས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས་གསུངས་ཏེ། དགོངས་པ་མ་ཡིན་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། སྔར་མཐར་ཐུག་ལ་བཤད་ཟིན་པ་འདིར་གཟུང་ངོ་ཏོ་། །ཆོས་རྣམས་རང་བཞིན་འོད་གསལ་བ་ཞེས་བྱ་བ་ནི། རང་བཞིན་དང་འོད་གསལ་བ་ནི་རང་བཞིན་འོད་གསལ་བ་སྟེ། རང་བཞིན་


JLD004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀུན་རྫོབ་ཀྱི་བདེན་པ ས་ནི་སྒྱུ་ལུས་དང་བརྫུན་པའི་སྣང་བ་གཉིས་ཀ་གཟུང་ངོ་འོ་། །འོད་གསལ་བ་ནི་དོན་དམ་པའི་བདེན་པ ས་ཀྱང་འོད་གསལ་གྱི་ཡེ་ཤེས་དང་ཆོས་ཉིད་གཉིས་ཀ་གཟུང་སྟེ་ཚིག་འོག་མའི་གནད་ཀྱིས་སོ་སྟེ་། ཕྱི་དང་ནང་གི་དངོས་པོ་རྣམས་ནི་བདེན་པ་གཉིས་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་གདོད་ནས་དག་པ་ནམ་མཁའ་བཞིན་ཏེ་ཡོངས་སུ་དག་པས་ན་བྱང་ཆུབ་མེད་པ་ཅེས་པའི་བྱང་ཆུབ་ནི་འབྲས་བུ་དོན་གྱི་འོད་གསལ་བ འི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །མངོན་རྟོགས་མེད་པ་ཅེས་པའི་མངོན་རྟོགས་ནི་དེ་ཐོབ་པའི་རྒྱུ་སྒྱུ་ལུས་སྟེ། རྒྱུ་སྒྱུ་ལུས་དང་འབྲས་བུ་དོན་གྱི་འོད་གསལ་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའི་ཕྱིར་རོ། །བྱང་ཆུབ་ཚུལ་འདི་བརྟན་པའོ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་དག་མི་ཕྱེད་པར་ཡོངས་སུ་ཤེས་པ་ཉིད་ནི་བྱང་ཆུབ་ཀྱི་ལམ་བརྟན་པོ་ཡིན་ནོ། །ཞེས་མཅོམ་ལྡན་འདས་དོན་ཡོད་པར་གྲུབ་པས་གསུངས་པ་སྟེ། དགོངས་པ་མ་ཡིན་པའོ། །སྐབས་འདིར། སྔར་བཤད་པ་རྣམས་ཀྱི་དོན་ལ། དགོས་པ་ལུང་སྟོན་ལས། དོགས་གཅོད་ཀྱི་ཞུས་ལན་གྱིས་ལེགས་པར་གཏན་ལ་ཕབས་པ་ནི། འགྲེལ་པར་མ་དྲངས་ཀྱང༌། ལེགས་པར་བཤད་དགོས་པས་དཀའ་འགྲེལ་ཏུ་ཤེས་པར་བྱའོ། ༈ དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུངས་དང་ཐུགས་ཀྱི་གསང་བ་ནི་ཡིད་ཀྱི་རང་བཞིན་གྱི་སྐུའོ། །དེའི་ཆོས་ཉིད་ནི་དོན་དམ་པའི་བདེན་པས་རྣམ་པར་དག་པའོ། །དེའི་ཡི་གེ་ནི་ཚིག་དེ་གསལ་བར་བྱེད་པའི་ངག་གི་ཚོགས་སོ། །དེ་ཐོས་


JLD004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངོ་མཚར་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པས་སོ། །རྨད་དུ་གྱུར་པ་ནི་དོན་དམ་པའི་བདེན་པས་སོ། །ཨེ་མའོ་སངས་རྒྱས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་སྒོ་ནས་བསྟོད་པའོ། །ཨེ་མའོ་ཆོས་ཞེས་བྱ་བ་ནི་དོན་དམ་པའི་བདེན་པའི་སྒོ་ནས་སོ། །ཆོས་བཤད་པ་ནི་ངོ་མཚར་ཆེ་ཞེས་བྱ་བ་ནི་བདེན་པ་གཉིས་མི་ཕྱེད་པའི་རྣམ་པ་གསལ་བར་བྱེད་པས་ཆོས་སྟོན་པར་མཛད་པའི་རྣམ་པས་བསྟོད་པའོ། །ཡང་དག་དོན་ནི་འོད་གསལ་བའོ། །དེས་དག་པའི་དོན་ནི་ཡོངས་སུ་དག་པའི་སྐུ་སྟེ། དེ་ལྟ་བུའི་ཡོན་ཏན་གི་ཁྱད་པར་དང་ལྡན་པ་བྱང་ཆུབ་གྱི་སེམས་རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ། །བདག་མེད་པ་ཡི་ཆོས་ལས་བྱུང་ཞེས་བྱ་བ་ནི། དོན་དམ་པའི་བདེན་པ ར་ཞུགས་པ་ལས་ཡང་དག་པར་འཁྲུངས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་རྫོགས་པའི་རིམ་པའོ། །དེས་གདུལ་བྱ་རྣམས་སངས་རྒྱས་སུ་སྐྱེད་པར་མཛད་པས་ན་སངས་རྒྱས་བྱང་ཆུབ་རྫོགས་མཛད་པའོ། །རྟོག་པ་ཐམས་ཅད་ལས་འདས་པར་ན་རྣམ་པར་མི་རྟོག་པའོ། །དེ་ཉིད་ཀྱིས་ན་དམིགས་སུ་མེད་པ་སྟེ། མངོན་ཞེན་དམིགས་པ་དང་བྲལ་བ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ། །ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་བཟང་བས་ན་ཀུན་ཏུ་བཟང་པོའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན། གཐམས་ཅད་པའོ། །ཀའདོད་


JLD004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཁནོ། །ལྷའི་དཀྱིལ་འཁོར་སྤྲོ་བར་མཛད་པས་ན་བྱང་ཆུབ་སེམས་ནི་རབ་བསྐོར་བའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པ་ལ་ཞུགས་པའི་ཡེ་ཤེས་སོ་འོ་། །དེ་གང་གིས་སྤྱོད་ཅིང་སྟེ། ཐོབ་པར་བྱེད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། ཀུན་རྗོབ་ཀྱི་བདེན་པ་སྒྱུ་མའི་སྐུ། །རྡོ་རྗེ་ཆེ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཏེ། དེ་ལྟ་བུ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། །སེམས་ཀྱི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དག་པ་ནི་དོན་དམ་པའི་བདེན་པ་སྟེ། དོན་དམ་ངེས་ཡོངས་སུ་དག་ཅིང་སྟེ་དག་པའི་ཡིན་གྱི་རང་བཞིན་གྱི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ཉིད་ནི་དེ་བཞིན་གཤེགས་པའོ། །སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་འཛིན་ཞེས་བྱ་བ་ནི། རྡོ་རྗེ་གསུམ་ལ་སོགས་པའི་རྣམ་པར་གདུལ་བྱ་རྣམས་ལ་སྣང་བས་སོ། །སངས་རྒྱས་བྱང་ཆུབ་རབ་སྟོན་པ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མཛད་ཅིང༌། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འཇོག་པར་མཛད་པས་ན་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་སྒྲ་ཇི་བཞིན་པར་བཤད་པའོ། ༈ །དྲང་ངེས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་རབ་ཏུ་སྟོན་པའི་ལེའུ་ནི་བྱང་ཆུབ་སེམས་ཀྱི་ལེའུའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་གཉིས་པ་


JLD004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དྲུག་གིས་བཤད་པའོ།། །།སྔར་བསྐྱེད་རིམ་ལ་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་ལས་མ་བཤད་པས་རིམ་གཉིས་ཀྱི་རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་ནང་ནས་བསྐྱེད་རིམ་པ ས་གསང་གནས་དང་གདོང་གི་སྣ་རྩེར་ཕྲ་མོ་བསྒོམ་པ་གཉིས་དང༌། རྫོགས་རིམ་པས་སྙིང་གའི་སྣ་རྩེ་ནས་རྡོར་བཟླས་བྱེད་པ་གཅིག་ཏེ། ཕྲ་མོ་རྣམ་པ་གསུམ་བྱའོ་ཞེས་ཉེ་བར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ༈ །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ཞེས་བྱ་བར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ཕྱིར་ཕྱོགས་བཅུར་ཁྱབ་པ་གང་ཡིན་པ་ནི་འཕྲོ་བའོ། །དེ་ཉིད་ནི་ཆོས་ཀྱི་ཆུའི་ཆར་འབེབས་པས་ན་སྤྲིན་ནོ། །དེ་ཉིད་ནི་སེམས་ཅན་བསམ་པ་རྣམ་པ་སྣ་ཚོགས་པས་ཕྱེ་བ་ལ་སྐུ་དུ་མར་སྟོན་པའི་ཕྱིར་བཀོད་པའོ། །དེ་ལྟ་བུའི་ཚུལ་གྱིས་མི་ཕྱེད་པས་ན་རྡོ་རྗེ་སྟེ་ཏིང་ངེ་འཛིན་དེ་ལ་དམིགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་བཞག་པའོ། །རྡོ་རྗེ་བཀོད་པ་ཞེས་བྱ་བ་ལ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་བཀོད་པ་ནི་དེ་རྣམས་ཀྱི་ཚོགས་གང་ཡིན་པ་སྟེ། དེ་ནི་རྡོ་རྗེ་བཀོད་པའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་གཞིའི་ལེའུ་ནི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དེ་གསུངས་པའོ། །


JLD004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ལྟར་སྡུད་པ་པོས་ལེའུ་ལ་ཞུགས་པ་སྟེ། ལེའུ་དེ་བཤད་བྱར་བཀོད་ནས། ལྷ་རིགས་དྲུག་པོ་རྣམས་སྐྱེད་པའི་ཡན་ལག་ཏུ་སྟེ་ཐབས་སུ་གྱུར་པའི་གསང་སྔགས་སྟོན་པས། ལེའུ་གསུམ་པའི་དང་པོར་སྟོན་པ་སྟེ། གསུངས་པ་ནི། ༀ་ལ་ཨ་དང༌། ཨུ་དང་མ་ཡིག་གསུམ་ཡོད་པ་ནི་སྐུ་རྡོ་རྗེ་སོགས་གསུམ་ཡིན་ལ། དེའི་དང་པོ་གཉིས་ལས་ཨོ་དང་དེ་ལ་མས་བརྒྱན་པས་ༀ་ཡིག་གཅིག་ཏུ་གྱུར་པ་ནི། རྡོ་རྗེ་གསུམ་མི་ཕྱེད་པའི་བདག་ཉིད་དེ། དེ་བརྗོད་པས་བསོད་ནམས་ལེན་པའམ་གསོག་པའོ། །འདི་འོག་ནས་འབྱུང་འི་སྐབས་ཀུན་ཏུ་ཤེས་པར་བྱའོ། །ཤཱུ་ནྱ་ནི་སྟོང་པ་དང༌། ཏཱ་ནི་ཉིད་དེ་ཡུལ་སྟོང་པ་ཉིད་དོ། །ཛྙཱ་ན་ནི་ཡུལ་ཅན་གྱི་ཡེ་ཤེས་སོ། །བཛྲ་ནི་རྡོ་རྗེ་སྟེ་དེ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མི་ཕྱེད་པར་སོང་བའོ། །སྭ་བྷཱ་ཝ་ནི་རང་བཞིན་ཏེ། རང་བཞིན་རྣམ་དག་རྒྱུ་དང་འབྲས་བུའི་དུས་གཉིས་ཀར་ཁྱད་མེད་དུ་ཡོད་པར་སྟོན་པའོ། །རྣམ་དག་དེ་བདག་ཉིད་ལ་རང་བཞིན་གྱིས་གནས་ཤིང་རང་ཡང་དེ་ལས་ལོགས་ཤིག་ན་མེད་པ་ནི ཨཱ་ཏྨ ཀ་དང་ཨ་ཀ་྅ཧཾ་གི་དོན་ནོ། །དེ་ནི་མན་སྙེར་རྒྱུད་ཀྱི་བཤད་པ་ཡིན་པར་བཤད་པ་ལྟར་ཡིན་ལ། རྒྱུད་འདིའི་སྐུར་ནས་གསུངས་པ་ནི་འཆད་པར་འགྱུར་རོ། །སྟོང་ཉིད་ཀྱི་དོན་ཡིད་ལ་བྱེད་པ་ཙམ་གྱིས་མི་ཆོག་པར་ཨ་ཧཾཞེས་ང་རྒྱལ་འཇོག་པ་ནི་ཐེག་པ་འདིར་ད་ལྟ་ནས་ཆོས་གཟུགས་གཉིས་ཀའི་ང་རྒྱལ་འཛིན་དགོས་པའི་ཆོས་སྐུ་ལ་ང་རྒྱལ་འཇོག་བའོ། ༈ །ནམ་མཁའི་ཁམས་སམ། དབྱིངས་ཀྱི་དབུས་གནས་པར། ཞེས་བྱ་བ་ནི། ཆོས་འབྱུང་ཟུར་གསུམ་བ་ལ་གནས་པ་སྟེ། དེ་ནི་དབུས་སུ་གནས་པ་ནི་འོག་གི་རྟེན་གྱི་དཀྱིལ་འཁོར་རོ། །འདིའི་


JLD004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་ནི་ལྷག་མོས་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་གཉིས་ཀ་འདྲ་ལ་རྡོ་རྗེ་འཆང་གིས་གཙོ་བོ་མཛད་པ་ནི་ལྷག་མོས་ལ་སོགས་པའི་སྐབས་སོ། །རིགས་གཞན་གིས་གཙོ་བོ་མཛད་པ་ནི་རྣལ་འབྱོར་བཞི་མན་ཆད་ཀྱི་སྐབས་སོ་འོ་། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའི་སངས་རྒྱས་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་ལྷ་རྣམས་ཀྱི་འཁོར་ལོའོ། །འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། ཞེས་བྱ་བ འི་འོད་ཟེར་ནི་རང་རང་གི་སངས་རྒྱས་ཀྱི་རིགས་དེ་དང་དེར་འབྲེལ་བའི་ལྷ་སྤྱན་མ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་ཚོགས་ནི་སྤྲིན་ནོ། །ལྷའི་ཚོགས་དེ་ཉིད་དེ་དེ་རྣམས་ཤར་ལ་སོགས་པའི་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་གནས་པས་ན། བཀོད་པ་ཆེན་པོའོ། །སངས་རྒྱས་འབར་བའི་འོད་དང་མཉམ། ཞེས་བྱ་བ འི་སངས་རྒྱས་ནི་སྤྱན་སོགས་རང་རང་གི་རིགས་ཀྱི་བདག་པོ འོ་འི་འབར་བའི་འོད་ནི་དེའི་སྐུ་མདོག་གོ །མཉམ་བ་ནི་དེ་དང་འདྲ་བའོ། །འདི་ནི་ལྷ་ཞི་བའི་དབང་དུ་བྱས་པ་སྟེ། ཁྲོ་བོ་ལ་མ་ངེས་སོ། །སངས་རྒྱས་དཀྱིལ་འཁོར་ཞེས་པ་ནས་འོད་དང་མཉམ་ཞེས་པའི་བར་རྐང་གསུམ་གྱི་དོན་ནི། །ལྷག་མོས་དང་དཀྱིལ་འཁརོ་རྒྱལ་མཆོག་གི་སྐབས་གཉིས་ཀར་སྦྱར་རོ། །ལྷ་དེ་རྣམས་ཀྱི་བཞུགས་གནས་ནི་འོད་ཟེར་སྣ་སྔས་ཀུན་ཏུ་ཁྱབ། ཅེས་བྱ་བ་ནི། ཤར་དཀར་བ་ལ་སོགས་པའི་ཁ་དོག་སྣ་ལྔ་བའི་སའི་ཆ་དང་ལྡན་པའོ། །ཀུན་ནས་ཡོངས་སུ་ཟླུམ་པོར་ཏེ། ཞེས་བྱ་བ འི་ཀུན་ནས་ནི་གཞལ་ཡས་


JLD004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གི་ངོས་ཐམས་ཅད་དུ་བཟང་བ་སྟེ་མཛེས་པ། །འདོད་པའི་ཡོན་ཏན་ལྔ་ཡིས་ཁྱབ། ཅེས་བྱ་བ་ནི། ཤར་ལྷོར་གཟུགས་རྡོ་རྗེ་ལ་སོགས་པ་དང་ལྡན་པའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ། ཞེས་བྱ་བ་ནི། འདོད་སྣམ་ལ་དཀྱིལ་འཁོར་ཀྱི་ལྷ་ལ་ཆག་འགྱུར་ལ་སགོས་མེད་པ་ལྟར་བདེའོ། །སོགས་པ་ལ་ཉེ་བར་བསྟབ་པའི་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔ་འཛིན་པའི་ལྷ་མོ་དང་བཅས་པའོ། །མདོར་ན་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྡུ་ན་ལྷའི་འཁོར་ལོ་འདི་ལྟར་བསམ་པར་བྱ་བའོ། །གཟུགས་ནི་ཞེས་བྱ་བ་ནི་སྒྲུབ་པ་པོ་བདག་ཉིད་དབུས་སུ་སྟེ་འཁོར་ལོའི་སྟེ། རྟེན་གྱི་དཀྱིལ་འཁོར་གྱི། དཀྱིལ་དུ་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམ་པར་བྱ་བ་སྟེ། དཀྱིལ་འཁོར་གྱི་བདག་པོར་གྱུར་པ་ཉིད་ཀྱིས་བཞག་གོ་ཞེས་བྱ་བའི་དོན་ཏོ། ༈ །རྡོ་རྗེ་འཆང་གཙོ་བོར་བཤད་པ་དེ་ནས་ཏེ་དེའི་འོག་ཏུ་ཁརྣམ་པར་སྣང་མཛད་པ་སོགས་པ་རིགས་ལྔ་རྣམས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡང་ཀརྡོ་རྗེ་འཆང་ཆེན་པོའི་གཟུགས་དབུས་སུ་བསྒོམ་པར་བཤད་པ་དེ་བཞིན་དུ་ག དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། ཞེས་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱིས་མཚན་པའོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་གིས་སྤྲུལ་བའི་༼ཀ༽དང་ཉེ་བ་ན་བཞུགས་པའི་ཞེས་པ་ནི་འགྱུར་གསར་གཉིས་ཀ་ལས་རྡོ་རྗེ་འཆང་གིས་སྤྲུལ་པའི་ཞེས་འབྱུང་བ་བདེའོ། །༼ཁ༽རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་


JLD004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ནང་ནས་སྐུ་རྡོ་རྗེ་ཉིད་དུ་གྱུར་པ་ཡིན་ཡང་རྣམ་པར་སྣང་མཛད་ཀྱི་སྐུལ་གསུང་རྡོ་རྗེ། དང་ཐུགས་རྡོ་རྗེ་དག་གི་ཡོན་ཏན་གྱི་ངོ་བོ་ཉིད་ཀྱང་མངའ་བས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཀྱི་ས་མཚན་པ་སྟེ། བརྒྱན་པ། །ཞེས་རྒྱུད་དུ་གསུངས་སོ། །བསྡུས་དང་གཅིག་ཏུ་སྦྱོར་བ་ཡིས་ཞེས་བྱ་བ་ནི། འདི་ལ་ལྷ་རྣམས་ཀྱི་འཁོར་ལོ་མ་ལུས་པ་སྡུད་པས་ན་བསྡུས་པ་ཡིས་ཏེ་རྡོ་རྗེ་འཆང་ཆེན་པའོ། །དེ་དང་གཅིག་ཏུ་སྦྱོར་བ་ནི་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་བའོ། །དེ་བཞིན་དུ་རཏྣ་ནི་དཀོན་མཆོག་དང་རིན་པོ་ཆེ་གཉིས་ཀ་ལ་འཇུག་ཅིང༌། དབལ་ནི་ཏོག་ལ་ཡང་འགྲོ་བས་དཀོན་མཆོག་དབལ་དང་རིན་ཆེན་ཏོག་གཉིས་འདྲའོ། །ལ་སོགས་པའི་ཕྱག་རྒྱ་ཆེན་པོར་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་བསྒོམ་པར་བྱ་སྟེ།འདིར་རྒྱུད་ལས་ཚེ་དཔག་མེད་པའི་འོད་ཅེས་པའི་འོད་བྱེད་པ་ནི་དེའི་སྐུ་དང༌། ཐོགས་མེད་གྲུབ་པའི་རྒྱ་ཆེན་ནི། དོན་གྲུབ་ཀྱི་སྐུ་ཕྱག་ཆེན་ནོ། །རྒྱུད་དུ་རིགས་ལྷག་མ་ལྔ་དཀྱིལ་འཁོར་གྱི་དབུས་སུ་སྒོམ་པ་གསལ་བར་མ་བཤད་ཀྱང་གཙོ་བོ་འཕོ་བའི་ཚུལ་གྱིས་བཤད་དུ་རུང་བར་བསྒྲུབ་པ་ནི་རྡོ་རྗེ་མཆོག་ནི་གང་ཡིན་པའི། དབུས་སུ་སྐུ་ནི་ལེགས་བྲིས་པ། དེ་ཡི་མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུང༌། ཞེས་གསུངས་པས་སོ། །ཞེས་པའི་ལུང་འདི་འདུས་པའི་ལེའུ་བཅུ་དྲུག་པ་ནས་དྲངས་པ་ཡིན་ལ། དེང་རྐང་པ་གསུམ་པ་མ་བྱུང་བ་བཞིན་དུ། པ་ཚབ་ཀྱི་འབྱུང་ལས་ཀྱང་མ་བྱུང་ཞིང༌། འགྱུར་རྙིང་གཉིས་དང་ཆག་འགྱུར་ལས་རྐང་པ་བཞི་འབྱུང་བས། རྒྱ་དཔེ་ལ་མི་འདྲ་བ་གཉིས་ཡོད་པར་སྣང་ཡང༌།


JLD004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་ལྟར་ལེགས་སོ། །སྐབས་འདིར་རྡོ་རྗེ་མཆོག་ཅེས་འགྱུར་རྙིང་གཉིས་ལས་འབྱུང་ཡང༌། བཅུ་དྲུག་པའི་འགྲེལ་པའི་འགྱུར་རྙིང་ཀུན་ལས། རྡོ་རྗེ་འཛིན་ཞེས་དང༌། སྐབས་འདིར་འགྱུར་གསར་གཉིས་ལས། རྡོ་རྗེ་འཛིན་དང་རྡོ་རྗེ་འཆང་ཞེས་འབྱུང་བ་ལྟར། འཛིན་པ་དང་འཆང་བ་ཡོད་པ་དག་གོ །མཆོག་དང་སོགས་ལ་སྐད་དོད་ཐུན་མོང་བ་ཡོད་པས། འགྱུར་རྙིང་ལས། གོང་འོག་གཉིས་ཀར་མཆོག་ཅེས་དང༌། པ་ཚབ་ཀྱིས་འདིར་མཆོག་ཅེས་དང༌། འོག་ཏུ་སོང༌། ཞེས་དང༌། ཆོག་གིས་འདིར་རྡོ་རྗེ་འཆང་སོགས་དང༌། འོག་ཏུ་རྡོ་རྗེ་འཛིན་མཆོག་ཏུ་བསྒྱུར་ཡང༌། འགྲེལ་བའི་འགྱུར་ཀུན་ལས། རྡོ་རྗེ་འཛིན་པ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་རྣམས་ཞེས་འབྱུང་བས། མཆོག་ལ་བསྒྱུར་བ་འགྱུར་གྱི་སྐྱོན་ནོ། །དེས་ན་སོགས་ཁོང་ནས་གང་འདོན་པ་ལ། འདོར་རིགས་དྲུག་གི་གཙོ་བོ་འཕོ་བ་ལས་མ་བཤད་ཀྱང༌། དཀྱིལ་འཁོར་བའི་ལྷ་ལྷག་མ་ཀུན་འདོན་པ། རྒྱུད་འགྲེལ་གྱི་དགོངས་པའོ། །དབུས་སུ་གཟུགས་བྲི་བ་ལ་ནི་ཚོན་གྱིས་བྲི་བ་དང༌། ཡིད་ཀྱིས་སྒོམ་པའི་བྲི་བ་གཉིས་སོ། །རྐང་པ་ཐ་མ་ལ་རྒྱུད་ལས། དེའི་དཀྱིལ་འཁོར་གནས་སུ་འགྱུར། ཞེས་པའི་དོན་ནི། དབུས་སུ་ལྷ་གང་འོང་བ་དེའི་མཚན་སྨོས་པའི་དཀྱིལ་འཁོར་ཞེས་པར་འགྱུར་པའོ། ༈ །སྐུ་མདོག་ལ་སོགས་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་མི་བསྐྱོད་པ་རྗེས་སུ་ཞུགས་པས་ཞེ་སྡང་རྡོ་རྗེར་གྱུར་ནས་སྐུ་མདོག་ཨིནྡྲ་ནི་དབང་པོ་དང༌། ནཱི་ལ་ནི་སྔོན་པོའམ་ནག་པོར་ཀུན་ཏུ་བྱུང་བའོ། །རབ་འབར་ནི་མེ་འོད་དམར་པོ་འཁྲུག་པའི་དབུས་ན་བཞུགས་པའོ། ཞེ་སྡང་རྡོ་རྗེར་གྱུར་པ་དེ་ཉིད་ཀྱིས་ན་རྣམ་པར་གཙིགས་

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


JLD004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིགས་འཇིགས་ལྟ་བུ་སྟེ། ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པར་གྱུར་པས་མཆེ་བ་ཅུང་ཟད་གཙིགས་པའོ། །ཤེལ་དང་ཟླ་བའི་འོད་འདྲ་བ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་སྟེ་དེ་ནི་རལ་བའི་ཐོར་ཚུགས་དང༌། རིན་པོ་ཆེའི་ཅོད་པན་གྱིས་བརྒྱན་པ་སྟེ་འདི་ཀུན་ལ་སྦྱར་བར་བྱའོ་དང་འོད་ཀྱི་དཀྱིལ་འཁོར་དང་བཅས་ཤིང༌། སྐུ་ལ་མཚན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གི་གཙོ་བོ་གཡས་ཀྱི་དང་པོས་འཁོར་ལོ་བསྣམས་པར་བསྒོམ་པར་བྱའོ། །སྙན་རྒྱན་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་མཛེས་པར་བརྒྱན་པ་སྟེ། འདི་ཡང་ཀུན་ལ་སྦྱར་རོ། །ཛམྦུ་ཆུ་པོའི་གསེར་འོད་འདྲ་ཞེས་བྱ་བ་ནི། རིན་ཆེན་འབྱུང་ལྡན་གསེར་གྱི་མདོག་ཅན་ལ། སངས་རྒྱས་ཞེས་པ་དེ་བཞིན་གཤེགས་པའི་སྤྲིན་གྱིས་ཀུན་ཏུ་འཁྲིགས་པའི་དོན་ནི། པ་ཚབ་ཀྱིས། དེ་བཞིན་གཤེགས་པའི་བཀོད་པ་སྤྲོ་བར་བསྒྱུར་བ་ལྟར་ཏེ། འདིའང་ཀུན་ལ་སྦྱར་རོ། །ར་བསྒོམ་པའོ། །དེ་ཡི་ཕྱག་ན་ཞེས་བྱ་བ་ལ་སོགས་པ་ནི། ཞེ་སྡང་རྡོ་རྗེ་དེའི་ཕྱག་ཏུ་རྣམ་པར་བསྒོམ་པའོ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན་ཞེས་པ་ནི། མི་ཕྱེད་པའི་འོད་ཟེར་འབར་བས་སྐུ་ལ་བརྒྱན་པའོ། །མརྐ་ཏ་ཡི་ཞེས་བྱ་བ་ལ་སོགས་པས་ནི། དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་གསུངས་པའོ། །ཕྱག་ན་རིན་ཆེན་ཞེས་བྱ་བ་ལ་སོགས་པས་ཀུན་ཏུ་འབར་བའི་སྤྲིན་གྱིས་ཁྱབ་ཅེས་པ་ནི། འོད་ཟེར་འབར་བའི་སྤྲིན་གྱིས་ཕྱོགས་ཀུན་ཏུ་ཁྱབ་པའི་རིན་པོ་ཆེ་ཕྱག་གཡས་ཀྱི་དང་པོས་བསྣམས་པ་ནི། རིན་ཆེན་འབྱུང་ལྡན་གྱི་


JLD004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་གསུངས་པའོ། །པདྨ་རཱ་ག་ཞེས་བྱ་བ་ལ་སོགས་པས་ནི་འོད་ཟེར་རབ་ཏུ་འབར་བའི་པདྨ་ཕྱག་གཡོན་གྱི་དང་པོ་ན་བསྣམས་ཤིང༌། གཡས་པས་དེ་ཐུགས་ཀར་ཁ་འབྱེད་པར་མཛད་པའི་འོད་དཔག་ཏུ་མེད་པའི་ཕྱག་མཚན་གསུངས་པའོ། །འོད་ཟེར་འདིར་འགྱུར་རྙིང་ལས། འོད་ཟེར་སྣ་ལྔའི་འོད་འདྲའི་སྐུ། །གདོན་མི་ཟ་བ་རྡོ་རྗེ་ཅན། ཞེས་འབྱུང་བ་ལ་པ་ཚབ་ཀྱིས། འོད་ཟེར་ལྔ་འོད་རྣམ་པ་ཅན། སྣ་ཚོགས་དོན་ཡོད་ཅེས་བསྒྱུར་བ་ལེགས་སོ། །རྒྱུད་ལས་ཞི་བ་ཞེས་པ་ནི་ཞི་བའི་ཉམས་ཅན་ཏེ། ཞེ་སྡང་རྡོ་རྗེ་མ་གཏོགས་པ་གསུམ་ལའང་སྦྱར་རོ། །སྣ་ལྔའི་ཞེས་བྱ་བ་ལ་སོགས་པས་ནི། དོན་གྲུབ་ཀྱི་ཕྱག་མཚན་གསུངས་སོ། །སྣ་ཚོགས་པ་ཞེས་གསུངས་པའི་དོན་ནི་འགྲོ་བ་མ་ལུས་པའི་དོན་སྒྲུབ་པར་མཛད་པའི་ངོ་བོ་ཉིད་ཡིན་པས་ན། དེ་སྣ་ཚོགས་པའོ། །ཁའོད་ཟེར་དཀར་པོ་ལ་སོགས་པ་དང་ལྡན་པའི་ཀདོན་ཡོད་པར་གྲུབ་པའི་རྡོ་རྗེ་ཅན་གྱི་ཕྱག་མཚན་དུ་ནི་ག གཡས་ཀྱི་དང་པོ་ན་རལ་གྲི་བསྣམས་པར་བསམ་མོ། ༈ །སྔར་བཤད་པའི་རིགས་དྲུག་པོ་དེ་རྣམས་སྐྱེད་པའི་ཡན་ལག་ཏུ་སྟེ། ཐབས་སུ་གྱུར་པའི་དང་པོའི་སྤྱོར་བ་ལ་རྣལ་འབྱོར་བཞི་ཡོད་པའི་རྣལ་འབྱོར་དང་པོ་བསྟན་པའི་ཕྱིར་ལྷའི་སྐུ་སྐྱེད་པ་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆང་དེ་བཞིན་གཤེགས་པ་དྲུག་པོ་ཐམས་ཅད་ཀྱི་ཆོས་ཀྱི་སྟེ། སྐུའི་དབྱིངས་ཀྱི་སྟེ་རྒྱུའི་ངོ་བོ་ཉིད་དུ་གྱུར་པ་རྡོ་རྗེ་ཞེས་བྱ་བ་སེམས་ཟླ་བའི་རྣམ་པར་མི་ཕྱེད་པ་སྐྱེད་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་རིགས་དྲུག་སོ་སོའི་སྐུ་


JLD004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཕྱག་གི་རྣམ་པ་ཅན་དང་གསུང་ཡིག་འབྲུའི་རྣམ་པ་དང་ཐུགས་རང་གི་ཕྱག་མཚན་གྱི་རྣམ་པ་ཅན་བྱིན་གྱིས་རློབ་པར་མཛད་ཅིང་སྟེ་སྐྱེད་པར་མཛད་པ་སྟེ། ལྷ་སོ་སོའི་ཟླ་བ་གང་དང་གང་གིས་སོ་སོའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པ་སྟེ། སྐྱེད་པའི་ཟླ་བ་དེ་དང་དེ་ལ་ང་རྒྱལ་འཇོག་པའི་གསང་སྔགས་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། །ༀ་ངྷརྨཱ་ནི་ཆོས་ཏེ། སྔར་བཤད་པ་དང་སྣོད་བཅུད་ཀྱི་ཆོས་ཀུན་གྱི་ངྷཱ་ཏུ་ནི་དབྱིངས་སམ་ཁམས་ཏེ། མཐར་གཏུགས་པའི་རྩ་བའོ། །སྭ་བྷཱ་ཝ་ཞེས་པ་ནི་རང་བཞིན་ཏེ། ངོ་བོ་རླུང་སེམས་ཙམ་རྣམ་པ་ཟླ་བར་སྣང་བའོ། །ཨཱ་ཏྨ་ཀ་ནི་དེའི་བདག་ཉིད་དོ་ཀོ་ཨ་ཧཾ་ནི་དེ་ངའོ་ཞེས་པ་སྟེ། ངའོ་སྙམ་དུ་འདོགས་པའི་གཞི་མཐར་གཏུགས་ན་རླུང་སེམས་ཙམ་དུ་ཟད་པའོ། །ཞེས་བྱ་བ་འདིས་ནི། རིགས་དྲུག་ཀ་ལ་ལེའུ་བཅུ་གཅིག་པའི་འགྲེལ་པར་འབྱུང་བ་ལྟར། དེ་བཞིན་ཉིད་ལས་བྱང་ཆུབ་པའི་ངང་ནས་ཡི་གེ་གསུམ་ལས་ཉི་ཟླ་པདྨ་གསུམ་དང༌། པདྨའི་སྟེང་དུ་ཡི་གེ་གསུམ་དང༌། དེ་ཐམས་ཅད་འདྲེས་པ་ལས་བདག་ཉིད་ཟླ་བའི་དཀྱིལ་འཁོར་འདྲ་བའི་རྣམ་པར་བྱིན་གྱི་སྒྲུབ་ཐབས་གསུམ་གར་སྔགས་འདི་ཟླ་བ་བསྐྱེད་ཟིན་ནས། དེ་བརྟན་བྱེད་དུ་གསུངས་པས། འདིས་ཟླ་བ་བསྐྱེད་པ་མིན་ནོ། །བརླབས་པ་སྟེ། སྔགས་དོན་ལྟར་ང་རྒྱལ་བརྟན་པར་བྱས་ལ། ཟླ་བ་དེའི་སྟེང་དུ་དེས་བསྐྱེད་པའི་ཡི་གེ་གསུམ་དང་ལ་སོགས་པས་བསྡུས་པ་རྡོ་རྗེ་འཆང་དང་མི་བསྐྱོད་པ་ལ་རྡོ་རྗེ་དང་ལྷག་མ་ལ་རང་རང་གི་ཕྱག་མཚན་གྱི་གཙོ་བོ་འོག་ནས་འབྱུང་བ་དང༌། དེ་རྣམས་ལས་རིགས་དྲུག་སོ་སོའི་ལྷ་སོ་སོ འི་སྐུར་བསྐྱེད་དེ་སྒྲུབ་ཐབས་


JLD004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ལྟར་ན། དང་པོ་སྦྱོར་བ་ཟིན་པ་དང༌། རྒྱས་པ་ལྟར་ན་དཀྱིལ་འཁོར་རྒྱལ་མཆོག་ཟིན་པ་དང༌། འོག་ནས་བཤད་པའི་རིམ་གྱིས་ཕྲ་མོའི་རྣལ་འབྱོར་གཉིས་རྣམ་པར་བསྒོམ་མོ་ཞེས་བྱ་བ་ནི་དྲང་བའི་དོན་ཏེ། རིགས་དྲུག་གི་དབང་དུ་བྱས་ནས་ལྷག་མོས་དང་དཀྱིལ་འཁོར་རྒྱལ་མཆོག་གི་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏོ། ༈ །ཡང་སྔར་བཤད་པའི་གཞུང་རྣམས་ངེས་དོན་ལ་འཆད་པ་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འོད་ཟེར་ལྔ་པོའོ། །ཞེས་པ་ནི་འབྱུང་བའི་རླུང་རེ་རེ་ལ་འོད་ཟེར་ལྔ་ལྔ་བར་བཤད་པ་ལྟར་མིན་གྱི་འདི་ཉིད་ཀྱི་འོག་ནས་འབྱུང་བ་བཞིའི་རླུང་ལ་འོད་ཟེར་བཞིའི་རྒྱུ་བ་ཞེས་པ་ལྟར་ཡིན་ལ། ལྔ་པ་ནི་ཁྱབ་བྱེད་ནམ་མཁའི་རླུང་སྟེ། དེ་ལྔ་དེ་བཞིན་གཤེགས་པ་རིགས་ལྔར་རྡོ་རྗེ་འཕྲེང་བ་ལས་གསུངས་སོ། །ལྔ་པོ་དེ་རྣམས་ཀྱི་འཕྲོ་བ་ནི་སྟེང་གི་སྣའི་སྒོ་ནས་བྱུང་བའོ། །སྤྲིན་ནི་ཚོགས་སོ། །བཀོད་པ་ནི་འབྱུང་བ་བཞིའི་དཀྱིལ་འཁོར་རེ་རེ་རྒྱུ་བ་ལ་ན་འབྱུང་བ་ལྷག་མ་གསུམ་གསུམ་དང་བཅས་པའི་དཀྱིལ་འཁོར་བཞིར་རབ་ཏུ་འབྱུང་བས་གཅིག་ཀྱང་དུ་མར་སྟོན་ཞིང༌། དཀར་པོ་ལ་སོགས་པའི་འོད་ཟེར་གྱིས་ཁ་དོག་དུ་མ་རྣམས་ཀྱིས་ཕྱེ་བས་ཏེ། དུ་མར་སྟོན་པས་ན་བཀོད་པ་སྟེ། ཏིང་ངེ་འཛིན་ནི་རླུང་དེ་རྣམས་ལ་རྩེ་གཅིག་ཏུ་ཡང་དག་པར་དམིགས་པའོ། །རྡོ་རྗེ་ནི་རྡོ་རྗེ་གསུམ་གྱི་ཡི་གེ་གསུམ་མོ། །དེའི་བཀོད་པ་ནི་ཚོགས་པ་སྟེ། འདུས་པའི་དོན་ནོ་ཏེ་། གང་དུ་འདུས་ན་ཨཱ་ལི་ཀཱ་ལི་རྣམས་ཀྱི་མ་


JLD004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནིང་དང་ལ་སོགས་པ ས་བསྡུས་པ་སྐྱེས་པ་དང་བུད་མེད་ཀྱི་འི་གཟུགས་ཅན་གྱི་ཡེ་གེ་རྣམས་ནི་ཡི་གེ་འབྲུ་གསུམ་དུ་ཞུགས་ཤིང་འདུས་པས་སོ། །དབྱངས་གསལ་ལ་ཕོ་མོ་མ་ནིང་གསུམ་དུ་བྱེད་ཚུལ་ནི་འདུས་པའི་ཆ་མཐུན་གྱི་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་ལས། ཨཱ་ལི་བཅུ་གཉིས་བུད་མེད་དང༌། ཀ་ཙ་ཊ་ཏ་པའི་སྡེ་ཚན་རྣམས་སྐྱེས་པ་དང། རྀ་ལྀ་བཞི་མ་ནི་དུ་བཤད་པ་ལྟར་བྱའོ། ཡི་གེ་གསུམ་དུ་སྔུད་ཚུལ་ནི། སྐྱེས་པ་རྣམས་ༀ་དང༌། བུད་མེད་རྣམས་ཨཱཿ དང༌། མ་ནིང་རྣམས་ཧཱུཾ་དུ་བསྡུའོ། །མཉམ་པར་བཞག་ཅིང་དེ་ཉིད་དང་མཚན་དུ་འཇུག་པ་དང་གནས་པ་དང་ལྡང་བས་བཟླས་པ་ན་ཏིང་ངེ་འཛིན་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་ལེའུ་དེ་གསུངས་པའོ། །རླུང་སྔགས་གཉིས་སྦྱར་བའི་རྡོར་བཟླས་ཀྱི་དོན་འདི་ཉིད་ནི་ༀ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱིས་སླར་ཡང་སྟོན་ཏེ། ༀ་ནི་རིགས་དྲུག་གི་དང་པོ་གཅིག་དང་ལྡན། པ་ཞེས་པ་རྣམས་སྣང་སྟེ། ཁྱབ་བྱེད་དོ་ཤཱུ་ནྱ་ཏཱ་ནི་གཉིས་པ་རིན་འབྱུང་སྟེ། ཐུར་སེལ་ལོ་ཛྙཱ་ན་ཞེས་པ་ནི་གསུམ་པ་འོད་དཔག་མེད་ཉིད། དེ། གྱེན་རྒྱུའོ། །བཛྲ་ཞེས་བྱ་བ་ནི་བཞི་པ་དོན་གྲུབ་སྟེ། མཉམ་གནས་སོ་འོ་། སྭ་བྷཱ་ཝ་ཨཱཏྨ་ཀ་ནི་ལྔ་པ། མི་བསྐྱོད་པ་སྟེ་སྲོག་འཛིན་ནོ། །རླུང་ལྔ་དེ་བཞིན་གཤེགས་པ་ལྔར་བྱས་པ་ནི་རྡོར་འཕྲེང་ལས་སོ། །ཨ་ཧཾ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའ་ར་བརྗོད། པ་སྟེ། སྙིང་གའི་མི་ཤིགས་པའི་ཐིག་ལེའོ། །འདི་ནི་རྡོར་བཟླས་བྱེད་པའི་ཚེ། རླུང་ལྡང་འཇུག་གཉིས་གང་ནས་བྱེད་པ་དང༌། གནས་པ་གང་དུ་བྱེད་པའི་གནས་ཏེ། ལེའུ་


JLD004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་འགྲེལ་པར། རྡོར་བཟླས་ཀྱིས་སྙིང་གའི་རྡོར་སེམས་བསྐུལ་བར་གསུངས་པའང་འདི་ཉིད་དོ། །དེ་ལྟར་བདེ་གཤེགས་དྲུག་པོ འི་བརྡས་རླུང་ལྔ་མི་ཤིགས་པ་དང་དྲུག་བསྟན་པ་ནི། སྐྱེ་བོ་མཆོག་རིན་པོ་ཆེ་ལྟ་བུ་ལ་བསྟན་པ་ཡིན། ཏེ། རླུང་དང་འོད་གསལ་གཉིས་ཀའི་དབང་དུ་བྱས་པ་ཤེས་དགོས་སོ། །ༀ་ཡང་སྔགས་ཚན་པ་དྲུག་པོ་དེ་ཟུང་གསུམ་དུ་བཅད་པས་ནི་སྔར་བཤད་པའི་རླུང་གཉིས་གཉིས་སྟོན་པ་མིན་གྱི་འཇུག་གནས་ལྡང་གསུམ་སྟོན་པའོ། །དང་ཤཱུ་ནྱ་ཏཱ་ཟུང་གསུམ་གྱི་དང་པོ་ནི་རྣམ་སྣང་དང་རིན་འབྱུང་གཉིས་སྐུ་རྡོ་རྗེ་དང་དེ་ཡང་ལུང་ནང་དུ་འཇུག་པ། །ཛྙཱ་ན་དང་བཛྲ་ཟུང་གཉིས་པ་ནི་སྣང་མཐའ་དང་དོན་གྲུབ་གསུང་རྡོ་རྗེ་དང་དེ་ཡང་རླུང་ནང་དུ་གནས་པ་ཡིན་ན ། །སྭ་བྷཱ་ཝ་ཨཱ་ཏྨ་ཀ་དང་ཀོ་ཨ་ཧཾ་གཉིས་གཅིག་ཏུ་གྱུར་པ་ནི་མི་བསྐྱོད་པ་དང༌། དྲུག་པ་གཉིས་ཐུགས་རྡོ་རྗེ་དང་དེ་ཡང་རླུང་ཕྱིར་ལྡང་བའོ། །དེ་ལྟར་ན་རླུང་གི་དེ་ཉིད་ལྡང་འཇུག་གནས་པ་གསུམ་དུ་འདིར་བརྟགས་པ་སྟེ་བསྟན་པ། །དེ་ཉིད་གསུམ་ནི་གཅིག་ཏུ་གྱུར་པ་ར་། ། འདི་ལ་གཉིས་ཏེ། སྔགས་ཀྱི་དེ་ཉིད་ཡི་གེ་གསུམ་གྱི་རང་གདངས། རླུང་གི་དེ་ཉིད་གསུམ་གྱི་གདངས་སུ་སྦྱོར་བའི་རྡོ་རྗེ་བཟླས་པ་དང། དེ་བྱས་པའི་མཐུས་རླུང་ལྡང་འཇུག་གཉིས་དབུ་མར་གནས་པར་གྱུར་ནས་ལྡང་འཇུག་མི་བྱེད་ཅིང༌། གནས་པ་ཡང་དེར་ཐིམ་པའི་གཅིག་ཏུ་གྱུར་པའོ། །རླུང་བཞིའི་རེ་རེ་རྒྱུ་བ་ན། ལྷག་མ་གསུམ་གསུམ་རྒྱུ་བ་དང༌། སྟེང་དང་བསེགས་ཞེས་པ་ལྟར་རྒྱུ་ཚུལ་རྣམས་ཤིན་ཏུ་ཕྲ་བས། རྣལ་འབྱོར་བ་མིན་པ་ལ་མི་མངོན་ཞིང༌། མི་གསལ་བ་དང། རྣལ་འབྱོར་བ་ལ་དེ་རྣམས་གསལ་བའི་མིང་ཅན་ཞེས་བྱ་བ ར་བརྗོད། ཞེས་བྱ་བ་ནི་དགོངས་པ་ལུང་སྟོན་


JLD004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་གིས་བཤད་པའོ། ༈ །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། ཞེས་བྱ་བ་ནི། ཡང་དག་པར་སྦྱོར་བ་གསུམ་གྱི་ཞེས་པ་ནི། རྡོར་བཟླས་ཀྱི་མཐུས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སེམས་དབེན་གྱི་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་རང་གི་བཞོན་པའི་རླུང་དང་སྦྱར་བའི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་བསྒོམ་ཞིང་བསམ་པ་སྟེ་བསྐྱེད་པ། །སྒྱུ་མའི་སྐུ་དེ་ཁྱད་པར་ཇི་ལྟ་བུ་ཅན་དུ་བསྒྲུབ་ཞེ་ན། འོད་ཟེར་སྤྲིན་གྱི་ཚོགས་འགྱུར་གསར་གཉིས་ལས། བཀོད་པ་ཆེ་ཞེས་པ་བདེའོ། །ཆེན་པོ་ཞེས་བྱ་བ་སྟེ། འོད་ཟེར་ནི་རླུང་དང་བཅས་པའི་སྣང་བ་གསུམ་གྱི་སྤྲིན་ཏེ་ཚོགས་ཀྱི་སྣང་བ་རྣམས་འཁྲིགས་པ་སྟེ། རྒྱུའི་ཁྱད་པར་རོ་འོ་། །སངས་རྒྱས་འབར་བའི་འོད་དང་མཉམ་ཞེས་བྱ་བ འི་སངས་རྒྱས་ནི་སྒྱུ་མའི་སྐུའོ། །འབར་བའི་འོད་དང་མཉམ་པ་སྟེ་འདྲ་བ་ནི། འཇའ་ཚོན་ལྟ་བུར་དཀར་པོ་ལ་སོགས་པའི་འོད་ཟེར་ལྔས་བརྒྱན་པ་སྟེ་འོད་ཟེར་འཕྲོ་བའི་ཁྱད་པར་རོ་འོ་། །འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ་ཅེས་བྱ་བ་ནི། སྐུ་དེ་ཁམས་ཕྲ་བ་རླུང་འོད་ཟེར་ལྔ་ལས་ཀུན་ཏུ་སྟེ་ཡོངས་སུ་ཁྱབ་པ་སྟེ། བསྒྲུབས་པ་སྟེ། གང་ལས་བསྒྲུབས་པའི་ཁྱད་པར་རོ་འོ་། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ་ཞེས་བྱ་བ་ནི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཀྱི་མཐར་གཏུགས་པའི་རྩ་བ་རླུང་སེམས་ཙམ་དུ་ཟད་པ་དེའི་ངོ་བོ་ཉིད་དེ་ངོ་བོའི་ཁྱད་པར་རོ་དོ་། །འདོད་པའི་ཡོད་ཏན་ལྔ་ཡིས་བརྒྱན། ཞེས་བྱ་བ་ནི། རྒྱུ་བ་ལ་སོགས་


JLD004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་ཟེར་ལྔ་སྟེ། དེ་རྣམས་དང་ཉེ་བར་ལྡན་པའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ་ཞེས་བྱ་བ་ནི། ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པས་ན་མཆོད་པ་སྟེ་དབང་པོ་ལྔ་རྣམས་སོ། །དེ་རྣམས་ཀྱིས་བརྒྱན་པ་ནི་ལུས་པ་ནི་ལྷག་མའོ། །དེ་མ་ལུས་པར་ནི་ལྷག་མ་ཟད་པ འམ། མེད་པའི་དོན་ཏེ། དབང་པོ་ཀུན་ཚང་བའོ། །འདི་དང་ཡན་ལག་གི་རླུང་ལྔ་དང་ལྡན་པ་ནི། ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར་རོ། །སྒྱུ་མའི་སྐུ་དངོས་ནི་དབང་པོ་ཀུན་ཚང་བར་བསྟན་པས། ཞལ་ཕྱག་ལ་སོགས་པ་ཡིད་ཀྱིས་བསྒོམས་པ་ཙམ་མིན་གྱི། རླུང་སེམས་ལས་སྐུ་དེར་དངོས་སུ་སྐྱེས་པ་ལ་བྱ་དགོས་པ་ནི། འདིའི་སྐབས་ཀུན་ཏུ་ཤེས་དགོས་སོ་ཕྱིར་ཏེ་། ༈ །དེ་ལྟ་བུའི་རྣམ་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་སྒྱུ་མའི་ལུས་འོད་གསལ་བར་འཇུག་པར་བསྒོམ་པར་བྱ་བ་ནི་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་ཡང་ཡང་སྡུད་བ། །དེ་ནི་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ཞེས་པས་བསྟན་ཏེ། སྔར་ནམ་མཁའི་དབྱིངས་ཆོས་འབྱུང་དང། དེའི་དབུས་སུ་དཀྱིལ་འཁོར་གནས་པར་བཤད་པའི་ངེས་དོན་ནོ། །དེ་ལྟར་བདག་ཉིད་ཡང་དང་ཡང་དུ་འོད་གསལ་བར་ཆུད་པར་བསྒོམས་ནས་ཏེ་པས། དོན་གྱི་འོད་གསལ་མངོན་དུ་གྱུར་པ་ན། དེའི་རླུང་སེམས་ཙམ་ལས་མདོར་ན་སྟེ་སྐད་ཅིག་མའི་རྣམ་པས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུའི་གཟུགས་སུ་དབུས་ཞེས་བྱ་བ་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་མཐའ་གཉིས་སྤངས་པའི་དབུས་སུ་འཁོར་བ་ཡོད་པ་དང་མྱང་འདས་མེད་པའི་ཕྱོགས་ཏེ་མཐའ་གཉིས་དང་བྲལ་བར་བདག་ཉིད་རྣམ་པར་བསྒོམ་པར་བྱ་བ་ནི་


JLD004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བསྒོམ་པའི་དོན་ནི། །ཟུང་འཇུག་པའི་དག་པའི་སྒྱུ་མའི་སྐུ་ནི་སེམས་ཅན་གྱི་དོན་དུ་འཁོར་བ་ཇི་སྲིད་པར་བཞུགས་པས་ཞི་རྐྱང་གི་དབྱིངས་ལ་གནས་པའི་མེད་མཐའ་སྤོང་ཞིང། དེའི་དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ནི་འཁོར་བའི་བག་ཆགས་མ་ལུས་པ་སྦྱང་བས་འཁོར་བའི་ཡོད་མཐའ་སྤོང་ངོ་། །ཞིང་ཤེས་པར་བྱའི་ཞེས་བྱ་བའི་དོན་ཏོ། །འོད་གསལ་ལས་ཟུང་འཇུག་ལོངས་སྐུར་བཞེངས་པའི་རིམ་པ་འདི་ཉིད་ཀྱིས་སྟེ། དེ་སྔོན་དུ་བཏང་ནས་ལོངས་སྐུར་མ་ཟད་རྣམ་པར་སྣང་མཛད་ལ་སོགས་པ་སྤྲུལ་པའི་སྐུ ར་ཡང༌ གདུལ་བྱ་ལྷ་གང་ལ་དགའ་བའི་བསམ་པ་ཇི་ལྟ་བའི་དབྱེ་བས། རྣམ་སྣང་ལ་སོགས་པ་དེ་རྣམས་སུ་རང་གི་བདག་ཉིད་བསྐྱེད་ལ་བདག་གི་དོན་ལམ་གོང་དུ་བགྲོད་པ་དང་གཞན་གྱི་དོན་ཞེ་རྒྱས་སོགས་བྱའོ། །དེ་ལྟར་བསྐྱེད་དགོས་པ་དེ་བས་ན་རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། སྐུ་གསུངས་ཐུགས་ཀྱིས་མཚན་པའམ། ཞེས་བྱ་བ་ལ་སོགས་པ་རིགས་ལྔར་བསྐྱེད་ཚུལ་རྒྱུད་དུ་གསུངས་པ་ཡིན་ནོ། །འདིར་གཞུང་དེ་དག་ཞིབ་ཏུ་མ་བཤད་པ་ནི་ལྷ་དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་སོགས་ཀྱི་རྣམ་པ་ནི་དྲང་ངེས་གཉིས་ཀ་ལ་འདྲ་བ་ལ་དགོངས་སོ། ༈ །ཟུང་འཇུག་གི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་གོང་དུ་བཤད་པ་འདི་ཉིད་ལ་ངེས་པ བརྟན་པར་བྱ་བའི་ཕྱིར། སླར་ཡང་དེ་བསྐྱེད་ཚུལ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དབྱིངས་ནི་འོད་གསལ་བ་སྟེ། ཏིང་ངེ་འཛིན་ནི་འོད་གསལ་དེ་ལ་དམིགས་པའོ། །སྔགས་དོན་གང་གིས་ཟུང་འཇུག་པར་སྐུ་


JLD004_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུང་དང་ཐུགས་བྱིན་གྱིས་རློབ་ཅིང་སྟེ་སྐྱེད་པ་དེ་ནི། སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་སྟེ། གསང་སྔགས་དེ་རྡོ་རྗེ་འཆང་ཆེན་པོ་གསུངས་པ་ནི། ༀ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བའོ། །སྔགས་འདིའི་ངེས་དོན་ནི་བཤད་པའི་རྒྱུད་ལུང་སྟོན་ལས་གསུངས་ཏེ། ༀ་ནི་རིགས་དྲུག་གི་དང་པོར་ཏེ། རྣམ་སྣང་དུ་ཤེས་པར་བྱ། སྟེ། དོན་གྱི་འོད་གསལ་གྱི་ཡེ་ཤེས་བཞོན་པའི་རླུང་གི་འོད་ཟེར་སྔོན་པོའོ། །དྷརྨཱ་ཞེས་བྱ་བ་ནི་གཉིས་པ་རིན་འབྱུང་སྟེ། རླུང་གི་འོད་ཟེར་སེར་པོ། །དྷཱ་ཏུ་ཞེས་བྱ་བ་ནི་གསུམ་པ་སྣང་མཐའ་སྟེ། རླུང་གི་འོད་ཟེར་དམར་པོར་བཤད་དོ། །སྭ་བྷཱ་ཝར་གྲགས་པ་ནི་བཞི་པ་དོན་གྲུབ་སྟེ། རླུང་གི་འོད་ཟེར་ལྗང་གུ། །ཨཱ་ཏྨ་ཀ་ནི་ལྔ་པ་མི་བསྐྱོད་པ་སྟེ། རླུང་གི་འོད་ཟེར་དཀར་པོ་ཡིན་ཏེ། ལྷའི་ཁ་དོག་དང་རླུང་གི་ཁ་དོག་མཐུན་པའི་ངེས་པ་མེད་དོ། །ཨ་ཧཾ་དུ་གྱུར་པ་ནི་དྲུག་པ་རྡོ་རྗེ་འཆང་བ ར་འདོད་པ་སྟེ། དོན་གྱི་འོད་གསལ་གྱི་ཡེ་ཤེས་ཉིད་དོ། །སྔགས་འདི འི་དོན་གྱི་འོད་གསལ་གྱི་ཡེ་ཤེས་དང༌། དེའི་བཞོན་པའི་རླུང་འོད་ཟེར་ལྔ་པ་གཉིས་བརྗོད་པ་སྟེ། བསྐྱེད་ནས་དེ་གཉིས་ལས་དེ འི་འོག་ཏུ། །བསྒོམ་པའི་བདག་ཉིད་ཅན་གྱི་སྒྲུབ་པ་པོས་ཟུང་འཇུག་བསྒོམ་པ་སྟེ། བསྐྱེད་པར་བྱའོ །ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། ༈ །ད་ནི་རང་གི་སེམས་དམིགས་པ་ལ་བརྟན་པོར་གནས་པར་བྱ་བའི་ཕྱིར་དུ་ཕྲ་མོ་བསྒོམ་པ་ནི། བསྐྱོད་རིམ་པའི་ཕྲ་མོ་གཉིས་ལ་སྦྱར་རོ། །རིན་ཆེན་ཞེས་བྱ་བ་ལ་སོགས་པས་ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་


JLD004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། རིན་ཆེན་ཆེན་པོ་ནི་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཏེ། རིན་ཐང་ཆེ་བས་ན་རིན་པོ་ཆེ་ཞེས་བཏགས་པ། །ཁ་དོག་ལྔ་ནི་རིགས་ལྔ་ལས་བྱུང་བ་ནི་མི་བསྐྱོད་པའི་རྣལ་འབྱོར་པ་ཡིན་ན་རྡོ་རྗེ་སྔོན་པོ་སྟེ། དེས་གཞན་རྣམས་ཀྱང་ཤེས་པར་བྱ། །དེའི་ཚད་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་ཞིག་གོ །གནས་ཀྱི་རྩ་ཞལ་གྱི་སྟེང་གི་སྣ་ཡི་རྩེ་མོར་བསྒོམ་མོ་རང་ཉིད་གཙོ་བོ་གང་དུ་བསྐྱེད་པའི་གི་ལྷའི་རྣལ་འབྱོར་གྱིས་སྒོམ་ཚུལ་ནི་ཁཉིན་དང་མཚན་ཀུན་དུ་ནན་ཏན་དུ་བྱས་ཏེ་ཀརྟག་ཏུ་སྟེ་གབསྒོམ་པར་བྱའོ། །རིན་ཆེན་བརྟན་པར་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་དེ་ལྟར་བསྒོམས་པ་ལ་བརྟེན་ནས་མཐོང་ཆག་འགྱུར་ལས། མཐོང་བའི་མཚན་མ་དང༌། གཟུང་བའི་མཚན་མ་ཞེས་འབྱུང་བ་ལེགས་སོ། །བའི་མཚན་མ་དང་གཟུང་བ་སྟེ། རེག་པའི་མཚན་མ་ཉེ་བར་སྲེ་བ་དེའི་ཚེ། རྡོ་རྗེ་ལ་སོགས་པའི་ཕྱག་མཚན།་བསྒོམས་པ་དེའི་མཐུ ས་མི་འགྱུར་བ་སྟེ། ཏིང་ངེ་འཛིན་བརྟན་པོར་སོང་བ ར་ཤེས་པའི་མཚམས་ནས་དགོས་པ་ནི་ཏིང་ངེ་འཛིན་བསྒོམ་པ་ལ་སེམས་རང་དབང་དུ་གྱུར་པ་བསྐྱེད་པའི་ཕྱི་དུའོ། །རྡོ་རྗེ་ལ་སོགས་པ་མང་པོར་བྱས་ནས་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ་ཞེས་བྱ་བ་ནི། བསྒོམ་པ་ལ་སློབ་བཞིན་པས་བརྟན་པ་མ་ཐོབ་པར་མི་སྤྲོ་བའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལ་སོགས་པ་ལ་དམིགས་ནས་སྤྲོ་བ་དང་བསྡུ་བ ས་དེ་ལ་བརྟན་པར་བྱས་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་


JLD004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྤྲོ་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་སྐུ་འབར་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་འབར་བ་འདྲ་བའི་འོད་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའོ། མཆོག་རབ་སྤྲིན་རྣམས་ནི་སངས་རྒྱས་ཀྱི་སྤྲིན་གྱི་ཚོགས་སོ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་ཞེས་བྱ་བ་ནི་རིགས་ལྔའི་ཕྱག་མཚན་ནི་རིམ་པ་བཞིན་དུ་འཁོར་ལོ་དང༌། རྡོ་རྗེ་དང།པ་ཚབ་ཀྱིས། རྡོ་རྗེ་སྤྲིན་ཆེན་པོ་ཞེས་དང༌། །སྤྲིན་གྱིས་མཚོན་པའི་རིན་པོ་ཆེ་ཞེས་བསྒྱུར་བ་ལྟར་ཡིན་ནོ། །གརིན་པོ་ཆེས་ཁཉེ་བར་མཚོན་པའི་སྤྲིན་གྱིས་རྣམས་ཀྱིས་སོ། །པདྨ་རལ་གྲི་མཚོན་ཆེན་འཛིན། ཞེས་བྱ་བ་ནི། པདྨ་དང་རལ་གྲི་བསྣམས་པའོ། །ཞེས་བྱ་བའི་དོན་ཏོ། །ལྷའི་སྐུ་སྤྲོ་ཚུལ་ནི། མི་བསྐྱོད་པའི་རྣལ་འབྱོར་བ་ཡིན་ན། རྡོ་རྗེ་དུ་མ་ལས་མི་བསྐྱོད་པའི་སྐུ་དུ་མར་གྱུར་བ་རྣམས་སྤྲོ་སྟེ། དེས་གཞན་ཡང་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས་ཞེས་བྱ་བ་ནི་སྔར་བཤད་པའི་རིགས་ལྔ་སྤྲོ་བས་ཉེ་བར་མཚོན་པ་སྟེ་མཚོན་ན ས་རིགས་ལྔ་དང་འབྲེལ་བའི་ལྷ་ལྷག་མ རྣམས་ཀྱང༌། སྤྲོ་བའི་བདག་ཉིད་སྒྲུབ་པ་པོས་དང་པོར་རང་གི་ལུས་ཙམ་ཁྱབ་པ་ནས། མཐར་ནམ་མཁའ་ཁྱབ་པར་སྤྲོ་བར་བྱ་ཞིང་གཡོག་པར་བྱ་ལ། ཡང་རིམ་གྱིས་བསྡུས་ནས་རྩ་བའི་དམིགས་པ་ལ་གཞུག་པར་བྱ།ཞེས་པ་ནི་གཙོ་བོ་འཕོ་བའི་དབང་གིས་སྟེང་སྒོར་ཕྱག་མཚན་སོ་གཉིས་དང༌། དེ་ལས་ལྷར་བསྐྱེད་ནས་སྤྲོ་བ་ཡང་སོ་གཉིས་ཡོད་དོ་སྟེ་། སྤྱིའི་དོན་ནི་ཐུན་མོང་བའི་དོན་ཡིན་པས། གང་དང་ཐུན་མོང་བ་ཡིན་སྙམ་ན། སྟེང་སྒོར་ཕྱག་མཚན་སྒོམ་པ་དང༌། དེ་བརྟན་ནས་སྤྲོ་བསྡུ་བྱེད་པ་ནི། དེ་ཉིད་


JLD004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ནས་ཀྱང་བཤད་པས། རྣལ་འབྱོར་རྒྱུད་པ་དང་འདིའི་བསྐྱེད་རིམ་པ་གཉིས་ཀྱི་ཐུན་མོང་བའོ། །ཕྲ་མོའི་གཞུང་འདི་རྣམས་ལ། སྔར་བསྡུས་དོན་དུ་ཚུལ་བཞིས་བཤད་པར་གསུངས་ནས། རྒྱས་བཤད་དུ་ཡིག་དོན་ཟུར་དུ་མ་བཤད་པ་ནི། འདི་ལ་སྤྱི་དོན་ལས་ལོགས་སུ་ཡིག་དོན་མེད་པ་ལ་དགོངས་ཏེ། དོན་དེ་ཉིད་སྒྲའི་ནུས་པས་ཐོན་ཚོད་བཤད་པའི་ཆ་ནས་ཡིག་དོན་ནོ་ཏོ་། ༈ །རིན་ཆེན་ཆེན་པོ་ནི་ཀུན་རྫོབ་ཀུནྟ་ལྟ་བུའི༌ བྱང་ཆུབ་ཀྱི་སེམས་ཏེ། དེ་བསྒོམས་པ་ལས་རིན་ཐང་ཆེ་བས་སོ། །ཆེ་ཆུང་གི་ཚད་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་མོ། །གནས་ནི་སྣ་ཡི་རྩེ་མོ་སྟེ། རང་ལྷར་བྱས་པའི་གསང་གནས་ཀྱི་གི་རྡོ་རྗེ་རྩེ་ལྔ་པའི་ཁ་སྟེ། བུག་པ ར་རོ། །ཁ་དོག་རྣམ་པ་ལྔ་སྟེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱས་པ་ནི། ཐིག་ལེ་སྔོན་པོ་མི་བསྐྱོད་པ་དང༌། དཀར་པོ་རྣམ་སྣང་གི་ངོ་བོར་མོས་ནས་བྱེད་པ་སོགས་ལ། མ་བརྟན་གྱི་བར་དུ་རྟག་ཏུ་བསྒོམ་པར་བྱའོ། །རིན་ཆེན་ཏེ། ཐིག་ལེ་བརྟན་པར་གྱུར་ནས་སྤྲོ་ཚུལ་ཞེས་བྱ་བ་ནི་མདོར་བྱས་ལས་ཇི་སྐད་དུ་བཤད་པའི་ཚོགས་རྡོ་རྗེ་དང༌། པདྨ་འདུས་བྱས་པ་སྔོན་དུ་འགྲོ་བས། རང་གི་བྱང་ཆུབ་ཀྱི་སེམས་ཀྱི་རིན་པོ་ཆེ་ཐིག་ལེ་སྔར་བརྟན་པར་བྱས་ནས་བརྟན་པ་དེ་རྣལ་འབྱོར་ཏེ་ཡུམ་དང་སྙོམས་པར་འཇུག་པའི་ཐབས་ཀྱི ས་སྤྲོ་བར་བྱ་ཞིང་ཏེ། ཡུམ་གྱི་པདྨར་དམིགས་པས་དབྱུང་བ འི་ཐིག་ལེ་རྡོ་རྗེའི་བུ་གར་བསྒོམས་པ་བརྟན་པར་མ་གྱུར་གྱི་བར་དུ་མི་སྤྲོ་སྟེ། དེ་ལ་ནི་བྱང་སེམས་མི་ཉམས་པའི་དགོས་པ་ཆེ་བའི་ཕྱིར་རོ་ར་བྱའོ། །༢སངས་རྒྱས་འབར་བ་ཞེས་པ་ནི་རྐང་པ་


JLD004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་ཚིག་དོན་ལྷག་མ་སྔར་དང་འདྲ་བ་ལ། སྤྲོ་བ་ནི་པདྨའི་དཀྱིལ་འཁོར་གྱི་ནང་དུ་བསྐྱེད་པའོ། །འདྲ་བའི་འོད་ཅེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་པདྨར ཕྱུང་བ་ལས། བུ འི་ཚུལ་དུ་བྱུང་བ་ནི་རིགས་ལྔ་དང་ཚ་བོ འི་ཚུལ་ནི་ལྷ་ཕོ་ལྷག་མ་དང་ལ་སོགས་པས་བསྡུས་པ་ཚ་མོའི་ཚུལ་ནི་ལྷ་མོརྣམས་སོ། །བུ་དང་ཚ་བོ་སོགས་ལ་འཇོག་ཚུལ་གཞན་ཡང་ཡོད་དོ། །འི་ཚུལ་དུ་ཕྱུང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐིག་ལེའི་ནང་དུ་བསྐྱེད་ནས་བསྒོམ་པ་དུ་སྟོན་པ་ཡིན་ཏེ། སྦས་པ་གསུམ་གྱི་ནང་ནས་འདོད་ཆགས་ཆོས་ཀྱི་སྦས་པ་སྟེ་ཤས་ཆེར་ཡེ་རྒྱ་ལ་བརྟེན་པ། །འདི་ནི་རིམ་པ་གཉིས་ཀའི་ཐུན་མོང་བར་བྱའི། བསྐྱེད་རིམ་ཁོ་ན་ལ་མི་བྱའོ། ༈ །ཁ་དོག་རྣམ་པ་ལྔ་བའི་སྟེ་ནི་དེ་བཞིན་གཤེགས་པ་ལྔ འི་བདག་ཉིད་ཅན་གྱི་ཁ་དོག་ལྔའོ། །རིན་པོ་ཆེ་ནི་རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་སྤྱོད་བསྡུས་སུ་དྲངས་པ་ལས། སྙིང་གི་དབུས་གནས་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། ཞེས་གསུངས་པ་ལྟར། སྙིང་གའི་དབུས་ཀྱི་མི་ཤིགས་པར་གྲགས་པ་སྟེ། དེ་ལ་དམིགས་ནས་བསྒོམ་པས་སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་བསྐྱེད་པས་རིན་པོ་ཆེའོ་སོ་། །ཡུངས་ཀར་གྱི་འབྲུ་ཚད་ཙམ་ཞེས་བྱ་བ་ནི་ཐིག་ལེའི་གཟུགས་ཅན་ཡིན་པས་སོ། །ཞེས་པའི་དོན་ནི་ཐིག་ལེ་དཀར་ལ་དམར་བའི་མདངས་ཅན་ནམ། ཉི་ཟླ་ཁ་སྦྱོར་གྱི་ཐིག་ལེའི་དབུས་སུ་ཨ་ཐུང་སྒོམ་པའོ། །སྣ་ཡི་རྩེ་མོར་ཞེས་བྱ་བ་ནི་མི་ཤིགས་གང་དུ་སྒོམ་པའི་གནས་ནི་སྙིང་ག་ཆོས་ཀྱི་འཁོར་ལོ འི་པདྨ་འདབ་མ་


JLD004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའི་ལྟེ་བར་ཏེ། ངྷཱུ་ཏཱིའི་ནང་དུའོ་རོ་། །ནན་ཏན་དུ་ཞེས་པ་ནི་མི་ཤིགས་པ་དེ་ལ་ཞེན་པས་ཏེ། དེ་བསྒོམ་པ་ལྷུར་ལེན་པས། རྟག་ཏུ་བསྒོམ་པར་བྱ། ཞེས་སྦྱར་ཞིང་རྡོར་བཟླས་བྱེད་པ་ལ་ཡང་དེ་སྦྱར་རོ། །རླུང་ནང་དུ་འཇུག་པའི་གདངས་ༀ་དང་ནང་དུ་གནས་པའི་གདངས་ཨཱཿ་དང་ནང་ནས་ཕྱི་རོལ་དུ་ལྡང་བ འི་གདངས་ཧཱུཾ་གི་གདངས་དང་།ཁསྡུད་པའི་རྣལ་འབྱོར་ནི་རྡོར་བཟླས་ལ་ནུས་པ་ཐོན་པའི་མཚམས་ཤིག་ནས། བསམ་གཏན་གཉིས་འདྲ་བའི་སྡུད་རིམ་ལྟར་བྱེད་པ་ཡིན་ཏེ། མན་ངག་གི་བཤད་པ་ལས་ཤེས་པར་བྱའོ། །འདི་ཡང་གནད་ཅན་ཞིག་གོ །ཀགཉིས་མེད་དུ་སྦྱོར་བའི་རྣལ་འབྱོར་གྱིས་རྟག་པར་ཉིན་མཚན་དུ་བསྒོམ་པར་བྱའོ། །གབརྟན་པ་ཞེས་པ ནི་རྟག་པ་སྟེ། དེ་གང་ཡིན་ཞེ་ན། སྔར་བཤད་པའི་མི་ཤིགས་པའོ། །དེའི་དོན་ནི་སྔར་བཤད་པ་ལྟར་མི་ཤིགས་པ་བསྒོམས་པས། དམིགས་པ་ཤིན་ཏུ་བརྟན་ཞིང་རྟག་པ་སྟེ་མི་འགྱུར་བར་སོང་སོང་དུ་བསླབ་པའི་དོན་ནོ། །ནས་ནི་དེ་བརྟན་པའི་འོག་ཏུ། དེ་ལས་ཞེས་པ་ནི་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་གང་བྱེད་མི་ཤིགས་པ་དེ་ལས་བྱ་བའི་དོན་ཏེ། འདི་ཡང་གནད་ཤིན་ཏུ་ཆེ་ཡང་མན་ངག་ཏུ་ཇི་ལྟ་བ་བཞིན་དུ་མ་ཐོན་པར་སྣང་བ་ནི་གཞན་དུ་བཤད་པ་ལས་ཤེས་པར་བྱའོ། །རིན་ཆེན་ཏེ་ཁ་དོག་ལྔ་ནི་རླུང་རེ་རེ་ཡང་འོད་ཟེར་ཁ་དོག་ལྔ་ལྔ་དང་ལྡན་པའི་འོད་ཟེར་གྱི་ཚོགས་སྤྲོ་བར་བྱ་ཞིང་སྟེ། འཇུག་པ་དང་། གནས་པ་དང་ལྡང་བས་འཇུག་པར་བྱའོ། །ཞེས་ཏེ། བརྟན་པར་གྱུར་ནས་རིན་ཆེན་སྤྲོ། ཞེས་པའི་སྟེང་ནས་བཤད་པའོ། །བརྟན་པར་མ་གྱུར་


JLD004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་མི་སྤྲོ། ཞེས་བྱ་བ་ནི། མི་ཤིགས་པའི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་ཏེ། ཁོ་ནས་མི་ཤིགས་པ་ལས་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་ཀྱི་རྣལ་འབྱོར་འདི་བྱའི། གཞན་གྱིས་ནི་སྟེ། དེའི་དེ་ཉིད་མ་རྟོགས་པས་ནི་རྣལ་འབྱོར་འདི་བྱ་བ་མ་ཡིན་ནོ། ཞེས་བསྟན་པ་ཡིན་ནོ། །ད་ནི་སྤྲོ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་འབར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་འབར་བ་ནི་སངས་རྒྱས་ཀྱི་སྐུ་འོད་ཟེར་རྣམ་པ་ལྔ་འབར་བ། །དེ་དང་འདྲ་བའི་འོད་ནི་གྱེན་རྒྱུ་ལ་སོགས་པའི་དཀྱིལ་འཁོར་བཞི་སྟེ་གྱེན་རྒྱུས་གཙོ་བོ་བྱས་ནས་རྒྱུན་སྣ་བུག་གཡས་པ་དང་ལ་སོགས་པ ས་བསྡུས་པ་མཉམ་གནས་ཀྱིས་གཙོ་བོ་བྱེད་ན་སྣ་བུག་གཡོན་པ་དང་། སྲོག་དང་ཐུར་སེལ་གྱིས། གཙོ་བོ་བྱེད་ན་སྣ་བུག་གཉིས་ཀ་ལས་མཉམ་རྒྱུ་བྱེད་པའི་དབྱེ་བས་ཕྱེ་བའི་རླུང་བཞི་གཙོ་བོ་དང་འཁོར་དང་། དེ་དག་གི་སྤྲིན་གྱི་སྣ་བུག་གི་ནང་གི་ནམ་མཁའ་ཁྱབ་པར་སྤྲོ་བ་ནི་རྡོ་རྗེ་སོགས་འཛིན་པའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་སྤྲིན་སྤྲོས་པས་ནམ་མཁའི་ཁོངས་སུ་གཏོགས་པ་དགང་བར་བྱའོ་ཞེས་ཞེས་བྱ་བ་སྔར་བཤད་པའི་ངེས་དོན་སྟེ། མཐར་ཐུག་པའོ། ༈ །རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔ འི་བསྐྱེད་པའི་སྐྱེད་ཆོག་གི་རིམ་པ་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་ལྟག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་དོ། །དབུས་གནས་པ་ནི་ཏེ་ལ་དམིགས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡི་གེ་དང་མཚན་མའི་སྔོན་


JLD004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བས་དེ་གཉིས་བསྒོམས་ལ། ཐམས་ཅད་འདྲེས་པ་ལས་བྱང་ཆུབ་པ་གཉིས་པ་ཟླ་བའི་དཀྱིལ་འཁོར་ཡིད་ཀྱིས་བྲི་བ་སྟེ་བསྒོམས་ལ། །གསལ་བ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་ཏེ། ཟླ་བ་དེའི་སྟེང་དུ་ཕྱག་མཚན་ལས་བྱང་ཆུབ་པ། འཁོར་ལོ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལས་བྱུང་བའི་དཀྱིལ་འཁོར་ཏེ། རྣམ་པར་སྣང་མཛད་སྐུ་མདོག་དང་ཕྱག་མཚན་སྔར་བཤད་པ་ཇི་ལྟར་བ་བཞིན་དུ་བསྒོམ་མོ། །དེ་བཞིན་དུ་ཞེས་པ་ནི། བྱང་ཆུབ་པ་དང་པོ་གཉིས་སྔར་བཤད་པ་དང་འདྲ་བར་བསྐྱེད་པ། །རིགས་གཞན་ལའང་སྦྱོར་བའོ། །པདྨ་ཡོངས་སུ་གྱུར་པ་ལས་པདྨའི་དཀྱིལ་འཁོར་དང་འདྲ་བ་པདྨ་རཱ་གའི་འོད་ཅན་འོད་དཔག་ཏུ་མེད་པ་པདྨའི་རིགས་ཀྱི་རྣལ་འབྱོར་པས་བསྒོམ་པར་བྱའོ། །རིན་པོ་ཆེ་ལ་བརྩོན་པ་རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་པས་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེའི་དཀྱིལ་འཁོར་འདྲ་བ་ཁ་དོག་སེར་པོར་བསྒོམ་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ནི་སྣ་ཚོགས་རྡོ་རྗེ་སྟེ་དེ་ལས་བྱུང་བ་དོན་ཡོད་པར་གྲུབ་པ་བསྒོམ་པར་བྱའོ། །ནམ་མཁའ་འདྲ་བར་བྲི་བར་བྱ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་ཞིང་མཚུངས་པ་སྟེ། ནམ་མཁའ་དང་འདྲ་བ་དེར་གནས་ཞེས་པ་ནི།འགྱུར་རྙིང་ལྟར་ན་མ་འབྲེལ་ཡང༌། པ་ཚབ་ཀྱིས། མཁའ་དང་འདྲ་ལ་བྲི་བར་བྱ། ཞེས་བསྒྱུར་བ་ལ་གནས་གཞིའི་སྒྲ་ཡོད་པ་ལྟར་བྱ་དགོས་པའི་དོན་ནོ། །ཤྱ་མ་ཞེས་པ་ལྗང་གུ་དང༌། སྔོ་སངས་གཉིས་ཀ་ལ་འཇུག་ཀྱང་ནམ་མཁའ་ལྟར་སྔོ་བསངས་ཞེས་འབྱུང་བས་སྔོ་སངས་


JLD004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་བྱ་དགོས་པས་མི་བསྐྱོད་པ་ལ་སྦྱར་རོ། །བྱ་བའི་དོན་ཏོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་སྒོམ་པའམ་སྒྲུབ་པས་མཚོན་སྐུཁ འོ་འི་ཀདཀྱིལ་འཁོར་ཏེ། ལྷའི་གདེ་གང་ཡིན་ཞེ་ན། མི་བསྐྱོད་པ་སྟེ་དེ་ནི་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བའོ། །༼ཁ༽རིགས་ལྔ་པོ་འདི་དག་༼ཀ༽སངས་རྒྱས་རབ་ཀྱི་མཆོག་༼ག༽བསྒོམས་པའི་ཕན་ཡོན་ནི་ཐམས་ཅད་མཁྱེན་པའི་ཚུལ་འཐོབ་ཞེས་པས་སྟོན་ལ། དེ་ཡང་པ་ཚབ་ཀྱི་འགྱུར་ལས། སེམས་ཅན་རྣམས་ཀྱིས་ཀུན་མཁྱེན་པ་ཉིད་འཐོབ་ཅིང་འཛིན་པར་བྱེད་དུ་འཇུག་པའི་ངང་ཚུལ་ཅན་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཞེས་པ་ལྟར་ལེགས་པས་བྱེད་དུ་འཇུག་པའི་ངང་ཚུལ་ཅན་གྱི་ཕན་ཡོན་ནི་རིགས་ལྔའི་ཏིང་ངེ་འཛིན་གང་དག་ལ་ཡོད་པ་ཞེས་པའོ། །པའོ། །ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པ་ཉིད་ནི་སྦྱོར་བ་སྟེ། དེ་སེམས་ཅན་རྣམས་ཀྱིས་དམིགས་ཤིང་འཛིན་པའི་ངང་ཚུལ་ཅན་གང་ཡིན་པ་དེའོ། །རྡོ་རྗེ་བཀོད་པ་ཞེས་བྱ་བ་ནི། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་བཀོད་པ་ནི་གང་དུ་འདུས་པ་མཛད་པ་དེ་ནི་རྡོ་རྗེ་བཀོད་པའི་ལེའུ་ཞེས་བྱ་སྟེ། དྲང་བའི་དོན་ཏོ། ༈ །ཡང་ངེས་དོན་དུ་བཤད་པས་ནི་སྔར་བཤད་པའི་སྙིང་གའི་མི་ཤིགས་པ་ལས་རླུང་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱེད་པ་དེ་ཉིད་འདིར་གསལ་བར་སྟོན་ནོ། །ནམ་མཁའི་དབྱིངས་ནི་འོད་གསལ་བའོ། །དེའི་དབུས་སུ་གནས་པ་ནི་འོད་གསལ་བ་དེ་ལས་བྱུང་བའོ། །ཟླ་བའི་དཀྱིལ་འཁོར་ཏེ། སྙིང་གའི་མི་ཤིགས་པའོ། །བྲི་བར་བྱ་བ འི་དོན་ནི་ཤེས་པར་བྱ་བལ་བཤད་པ་ནི་རླུང་སྣ་སྒོ་གང་ལས་རྒྱུ་ཡང་། སྙིང་གའི་དྷཱུ་ཏཱིའི་ནང་གི་མི་ཤིགས་པ་ལས་འབྱུང་བར་ལྟ་བ་སྟེ་ལྷག་མ་རྣམས་ལ་ཡང་དེ་ལྟར་རོ། །འོ། །


JLD004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་དཀྱིལ་འཁོར་ནི་མི་ཤིགས་པ་དང་དབུས་གནས་པར་ཞེས་པ་ནི་མི་ཤིགས་པ་ལས་ངེས་པར་བྱུང་བ འི་དོན་ནོ་འོ་། །འཁོར་ལོའི་དཀྱིལ་འཁོར་ནི་ཆུའི་དཀྱིལ་འཁོར་སྲོག་འཛིན་ཏེ། འདིས་གཙོ་བོ་བྱས་ནས་རྒྱུན་སྣ་བུག་གཉིས་ཀ་ནས་སོ། །འདིས་ན་དྲང་དོན་ལ་རྣམ་སྣང་དུ་བཤད་པའི་ངེས་དོན་སྟོན་གྱི་སྲོག་འཛིན་རྣམ་སྣང་གི་རླུང་དུ་སྟོན་པ་མིན་པས་མི་བསྐྱོད་པའི་ངོ་བོ་ཉིད་ཅེས་བཤད་དོ། ཁ་དོག་དཀར་ཞིང་དལ་བར་རྒྱུ་བའོ། །དེ་སྒོམ་པ་ནི་འབྱུང་བར་གྱུར་པར་ཤེས་པར་བྱ་བའོ། །པདྨའི་དཀྱིལ་འཁོར་འདྲ་བ་ནི་མེའི་དཀྱིལ་འཁོར་ཏེ་གྱེན་རྒྱུ་ཁ་དོག་དམར་པོའོ། །པདྨ་བསྒོམ་པར་བྱ་བ་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དེ། འདིས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཡས་ནས་འབྱུང་བར་གྱུར་བར་ཤེས་པར་བྱའོ། །རིན་ཆེན་དཀྱིལ་འཁོར་འདྲ་བ་ནི་དབང་ཆེན་གྱི་སྟེ། སའི་དཀྱིལ་འཁོར་ཐུར་སེལ་ལོ་རོ་། །རིན་ཆེན་བརྩོན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཟློས་པས། འདིས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཉིས་ཀ་ལས་དྲག་ཏུ་འབྱུང་བར་གྱུར་པར་ཤེས་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ཏེ། ཁ་འདི་ཁ་དོག་ནག་པོར་འགྱུར་གསར་རྙིང་ཀུན་ལས་འབྱུང་ཡང༌། ཤྱཱ་མ་ཞེས་པ་ལྔང་གུར་མ་བསྒྱུར་བའི་སྐྱོན་ཏེ། སྤྱོད་བསྡུས་ལས། རླུང་འདི་མདོག་ལྗང་སེར་དང༌། །འོད་ཟེར་ནག་


JLD004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཤད་པ་ལྟར་བྱའོ། དོག་ནག་པོ་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་འདིས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཡོན་ནས་འབྱུང་བ་ཡིན་པར་ཤེས་པར་བྱ་སྟེ། དེ་རྣམས་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱི་རླུང་ལ་ལྔ་ཡོད་ཀྱང༌། ད་ལྟ་རྡོར་བཟླས་བྱེད་པ་ཁྱབ་བྱེད་ལ་མི་བྱེད་པས་འོད་ཟེར་བཞིའི་རབ་ཏུ་རྒྱུ་བ་བཤད་པ་ཡིན་ནོ། །འདིར་རླུང་ལྡང་བ་ཙམ་བཤད་པ་ནི་ཕྱོགས་ཙམ་མཚོན་པ་སྟེ། དེས་འཇུག་གནས་གཉིས་ཀྱང་ཤེས་པར་བྱའོ། ༈ །རྩ་བའི་རླུང་བཞི་ལ་རྡོར་བཟླས་བྱེད་པ་དེ་རྣམས་ཀྱིས་སྐུ་དང་གསུང་དང་ཐུགས་སྒྲུབ་ཅིང༌། སྟེ། རྫོགས་རིམ་པའི་སྐུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་གསུམ་སྐྱེད་པས་ན་རྡོ་རྗེ་ལས་བྱུང་བ་སྟེ། ཞེས་པའི་རྡོ་རྗེ་ནི་འདི་གསལ་བའོ། །བྱུང་བ་ནི་འོད་གསལ་བ་ལས་བཞེངས་པ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ལྷའི་དཀྱིལ་འཁོར་བསྐྱེད་པ་ཡིན་པར་ཤེས་པར་བྱའོ། །གང་ཟག་གང་གི་ཡིན་ཞེ་ན། ཐམས་ཅད་མཁྱེན་པའི་ཚུལ་འཐོབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཡོངས་སུ་རྫོགས་པ་ཟུང་འཇུག་པའི་ལྷའི་སྐུའོ། །བཀོད་པ་ནི་ཚོགས་སོ། །དེ་སྟོན་པའི་ཚིག་གི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །ལྔར་བཤད་པའི་རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་འདི་ཉིད་བཤད་པའི་རྒྱུད་ལུང་སྟོན་གྱི་ལེའུ་འདི་ཉིད་ལས་གསལ་བར་སྟོན་པས་འདིར་དེ་ལ་འཇུག་པར་བྱ་སྟེ། ཐོག་མར་སྐྱེ་བ་དང་མཐར་འགག་པ འ་མེད་པའི་ཡུལ་གྱི་འོད་གསལ་དང་རེ་གཅིག་དུ་སྦྱོར་བའི་ཟུང་འཇུག་གི་རྣལ་འབྱོར་ནི། ཤིན་ཏུ་རྟགས་དཀའ་བས་ཕྲ་མོ་


JLD004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ནི་རབ་ཏུ་བརྟགས། པ་སྟེ་བཤད་དོ། །ཟུང་དུ་སྦྱོར་ཚུལ་ནི་མི་གསལ་བ་དང༌། གསལ་བ འི་ཐུགས་དང་སྐུ ར་ངོ་བོ་གཅིག་ཏུ་ཡང་དག་པར་སྦྱོར། །བ་སྟེ། སྐུ་དེ་ནི་དངོས་མེད་ཀྱི་ངོ་བོ་ཉིད་འོད་གསལ། ལས་བྱུང༌། །བའི། །ཁརང་བཞིན་གྱིས་གྲུབ་པ་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་ཞུགས་པས། ཀམི་གསལ་བ་དང་གསལ་བ་གཉིས་གང་ཞེ་ན། དང་པོ་གཅིག །སྟེ་མི་གསལ་བ་ནི་གགཅིག་དང་དུ་མ འི་སྤྲོས་པའི་སྣང་བ་རྣམ་པར་སྤངས་པ། །འི། ཡེ་ཤེས་སོ། །ཡང་གཅིག་སྟེ་གསལ་བ་ནི་འོད་གསལ་གྱི་རླུང་སེམས་ཙམ་ལས་སྐྱེས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སུ་གྲགས། པ་སྟེ། བཤད་པ་སྣོད་བཅུད་ཀྱི་དངོས་པོ་ཀུན་གྱི་འབྱུང་གནས་རླུང་སེམས་ཙམ་གྱི་ངོ་བོ་ཉིད་ཀྱི་དག་པའི་སྒྱུ་མའི་སྐུའོ། །གཅིག །དེ་གཉིས་སྦྱོར་ཚུལ་ནི་རྣལ་འབྱོར་པ་བདག་ཉིད་ཀྱི་ཐུགས་ནི་འོད་གསལ་གྱི་ཡེ་ཤེས་དང༌། སྐུ་ནི་སྒྱུ་མའི་སྐུར་ངོ་བོ་གཅིག་པ་འདི་ལྟར་རམ། འདི་འདྲར་བྱས་པའོ། །བྱས་ནས་ནི། །ཞེས་པས་ཟུང་འཇུག་པས་རྡོར་བཟླས་བྱེད་པ་བསྟན་པ་འདྲ་བ་གཅིག་ཡོད་ཀྱང། དེ་མིན་གྱི་བཤད་པའི་རིམ་པ་ལ་སྦྱར་རྒྱུ་ཡིན་ནོ། །དེ་ཡང་ཐོག་མཐའ་ཞེས་པ་ནས། བྱས་ཞེས་པ་ཡན་གྱིས། སངས་རྒྱས་རབ་ཀྱི་མཆོག །སྐུ་དང་གསུང་ཐུགས་སྒྲུབས་པ་ཡིས། །རྡོ་རྗེ་ལས་བྱུང་དཀྱིལ་འཁོར་རོ། ཞེས་པའི་ངེས་པའི་དོན་བཤད་ནས་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། ཞེས་སོགས་ཀྱི་ངེས་དོན་འཆད་ཅེས་པའི་དོན་ནོ། །རྩ་རྒྱུད་ལས། འཁོར་ལོ་དང་པདྨ་དང་རིན་པོ་ཆེ་དང་སྦྱོར་བའི་ཆོས་ཀྱི་དཀྱིལ་འཁོར་བྲི་བར་བྱ་བར་གསུངས་པའི་དོན་རླུང་བཞི་ལ་


JLD004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་བཟླས་བྱས་པ་འདི་དག་གིས་སྔར་བཤད་པའི་འོད་ཟུང་གི་ཡེ་ཤེས་བསྐྱེད་པར་སྟོན་པ་ནི། རིགས་བཞིའི་སྐུ་མདོག་བཞི་བསྒོམ་པར་གསུངས་པའི་ངེས་དོན་ནི། ཆོས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །དམར་པོ་གྱེན་རྒྱུ་དང་གནག་པ་ནི་སྔར་བཞིན་ལྗང་ཁུ་མཉམ་གནས་དང་དེ་བཞིན་སེར། །པོ་ཐུར་སེལ་དང་དཀར་པོ་ཉིད་ནི་སྲོག་འཛིན་ཏེ། དེ་ནི་མདོར་བསྡུས་པ། །སྟེ་ཞིབ་ཏུ་མ་ཕྱེ་པའོ། །ཕྱེ་ན་ནི་རླུང་བཞི་པོ་རེ་རེ་རྒྱུ་བ་ན། བཞི་བཞི་ཡི ར་ནི་སྦྱོར་བ་སྟེ། ལྡན་པ་ཡིས། །རྒྱུ་བ་ལ་སྣ་བུག་གཡས་ལ་རྒྱུ་བ་ལ་མཚོན་ན་ཐོག་མའི་ཉིས་བརྒྱ་ཉེར་ལྔ་གོས་དཀར་དང་ལ་སོགས་པས་བསྡུས་པ་དེ་ནས་དེ་ཙམ་ཞིག་རྒྱུ་བ་སྤྱན་མ་དང༌། དེ་ནས་དེ་ཙམ་ཞིག་རྒྱུ་བ་མཱ་མ་ཀཱིའི་རླུང་དུ་ཤེས་པར་བྱས་ལ། ལེགས་པར་བྲི། །བ་སྟེ། བསྒོམ་པར་བྱའོ། །ངེས་གཞན་གསུམ་ལའང་ཤེས་པར་བྱའོ། །རླུང་བཞི་པོ་དེ་རེ་རེ་ཡི་དབུས་སུ་ཏེ་ནང་དུ་རང་རང་གི་ལྷ། །བཞིའི་རླུང་རྒྱུ་བ་དང་སྔགས་སྦྱོར་བ་ལ་གཞོལ་བ་ནི་མཆོག་གོ་ཞེས་དེའི་བསྔགས་པ་བསྟན་ནོ། །པ་ཚབ་ཀྱིས་བཞི་དང་སྦྱོར་བ་ལ་གཞལ་མཆོག །ཅེས་བསྒྱུར་བ་ལེགས་སོ། བཞི་ཡི་གོ་འཕང་མཆོག །གོས་དཀར་ལ་སོགས་ལྷ་མོ་བཞིའི་རླུང་གི་རྒྱུ་ཚུལ་གོ་རིམས་ཇི་ལྟ་བ་བཞིན་དུ། །སྦྱར་ན་གོས་དཀར་མོ་ནི་སྣ་བུག་གི་སྟེང་ངོས་ནས་དང་སྒྲོལ་མ་ནི [ ཆག་གིས་ལོགས་སུ་བསྒྱུར་བ་ལེགས་སོ། །བསེགས་ཏེ། སྣ་བུག་གི་ལོགས་ནས་དང་སྤྱན་མ་ནི་སྣ་བུག་གི་དབུས་དྲངས་ཐད་ཀ་ནས་དང༌། མཱ་མ་ཀཱི་རྒྱུ་བ་ན་སྣ་བུག་གི་འོག །ངེས་ནས་རྒྱུའོ། །སྔར་དམར་དང་ཞེས་བཞི་བཤད་པ་ནི་རིམ་པ་བཞིན་དུ་མེ་དང་རླུང་དང་དབང་ཆེན་དང༌། ཆུ་སྟེ་འབྱུང་བ་བཞི་སོ་སོའི་དཀྱིལ་


JLD004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་སྦྱར་བར་བྱ་སྟེ། རྡོར་བཟླས་སུ་འགྲོ་ཚུལ་ནི་སྔར་བཞིན་ནོ་རོ། །ཞེས་བཅོམ་ལྡན་འདས་ཀྱི་གསུངས་ཏེ། ངེས་པའི་དོན་ཏེ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་གསུམ་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །རིགས་པའི་པ་ཚབ་ཀྱིས། ལྷ་ལ་དམིགས་པ་སྔོན་དུ་བཏང་སྟེ། ཕྲ་མོའི་རྣལ་འབྱོར་བསྒོམས་པས་ཁྱད་པར་དུ་བསྒྲུབས་པའི་སློབ་མ་ཞེས་བསྒྱུར་བ་ལྟར་ན་ལེའུ་སྔ་ཕྱིའི་འབྲེལ་གྱི་རྣམ་པ་གསལ་ལོ། །ལྷ་ལ་དམིགས་པ་སྔོན་དུ་འགྲོ་བས་སྟེང་འོག་གི་སྒོར་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ལེའུ་གསུམ་པར་བསྟན་ནས་བླ་མ་ལ་གུས་པ་སོགས་ཀྱི་མཚན་ཉིད་ཁྱད་པར་ཅན་རྣམས་ཚང་བའི་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྔོན་བྱུང་ལ་སྟོན་པ་ལ་གསོལ་བ་བཏབ་པ་འདི་རྗེས་འཇུག་ལ་སྦྱར་ན། བླ་མ་ལ་གསོལ་བ་འདེབས་པའི་ཆོ་ག་གསུངས་ཏེ། ༈ །དེ་ནས་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་དགོངས་པ་གཅིག་ཏུ་འདུས་ནས་སྟོན་པ་ལ་འོག་གི་བསྟོད་པ་འདིས། གསོལ་བ་བཏབ་བོ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི། སྔོན་གྱི་སྟོན་པ་དང་རྗེས་ཀྱི་བླ་མ་རྡོ་རྗེ་འཆང་ལ་རིགས་ལྔའི་སྒོ་ནས་བསྟོད་ནས། དཀྱིལ་འཁོར་བཤད་པ་དང་བྲི་བར་གསོལ་བ་འདེབས་པ་ནི། ཆོས་དབྱིངས་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ཀུན་ལ་ཁྱབ་པས་ན། དེའི་ངོ་བོ་ཉིད་ཀྱིས་མི་བསྐྱོད་པའི་ཡོན་ཏན་གྱི་སྒོ་ནས་སྒོ་ནས་ཞེས་པ་མན་


JLD004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་འོག་མ་བཞི་ལ་ཡང་སྦྱར་རོ། །བསྟོད་པས་མཉེས་པར་བྱེད་པའོ། །ཞི་བ་ཞེས་བྱ་བ་ནི་གཙོ་བོར་ཞི་བའི་ལས་སྒྲུབ་པའི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ཀུན་ནི་འདོད་དོན་རྫོགས་པར་མཛད་པའི་རིན་ཆེན་ནོ་གྱི་དེ་དག་གི་གནས་ཞེས་བྱ་བ་ནི། རིན་ཆེན་ཏ་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱིས་སོ། །ཆོས་ཀུན་ཞེས་བྱ་བ་ནི་གསུང་རབ་ཀྱི་ཆོས་ཀུན་རྣམ་པར་དག་པའི་བདག་ཉིད་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་ཀྱིས་ས། །བདག་མེད་པ་ཡི་མཆོག་ཅེས་བྱ་བ་ནི་བདག་མེད་པའི་མཆོག་གདུལ་བྱས་རྟོགས་པའི་བྱ་བ་སྒྲུབ་པ་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་ཀྱིས་སོ། །སླར་ཡང་སྔར་བཤད་པའི་ཡུལ་ལ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་ངོ་བོ་ཉིད་ཀྱི་བསྙོད་པའི་ཚིགས་བཅད་གསུམ་ཡོད་པའི་དང་པོའི་བསྟོད་པ་ནི། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །ཞེས་བྱ་བ་ལ་སོགས་པ་སྟེ། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཁདཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་བྱ་བར་སྦྱར་རོ་ཏེ་། དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། སྟོན་པས་དཀྱིལ་འཁོར་གྱི་ཆོ་གའི་སྐབས་སུ་ཇི་སྐད་དུ་བཤད་པའི་གྲུ་བཞི་སྒོ་བཞི་སོགས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་རྣམས་ཐམས་ཅད་རྫོགས་པ་དང་ལྡན་ཞིང༌། མཚན་ཉིད་མིན་པ་སྟེ། ཆད་པ་དང་ལྷག་པའི་ཉེས་པ་ཐམས་ཅད་དང་སྤངས་པ་སྟེ། བྲལ་བ། ཀཀྱེ་ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །ཅེས་བོས་ནས། ༼ཁ༽མཆོག་རབ་ཀྱི་དཀྱིལ་འཁོར་༼ཀ༽དམ་པ་སྟེ་རབ་ཏུ་༼ག༽བཤད་དུ་གསོལ། །ཞེས་བྱ་བའི་དོན་ཏོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་ཞེས་བྱ་


JLD004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། སྤྲོས་པ་ཞི་བའི་ཆོས་དོན་དམ་པའི་བདེན་པ ར་ཞུགས་པ་ལས་ངེས་པར་བྱུང་བའོ། །ཡེ་ཤེས་ནི་སྣང་བ་གསུམ་མོ། །དེའི་སྤྱོད་པ་སྟེ། རང་བཞིན་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་རང་བཞིན་བརྒྱད་ཅུའ། རང་བཞིན་དེ་རྣམས་མངོན་པར་བྱང་ཆུབ་པ་འོད་གསལ་བསྒོམས་པས་རྣམ་པར་སྦྱོང་བར་མཛད་པས་ན་ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བའོ། །སྐུ་ལ་སོགས་པ་ཐམས་ཅད་ཀྱི་དབང་ཕྱུང་བརྙེས་པས་ན་ཀུན་ཏུ་བཟང་པོའོ། །ངག་གི་དབང་ཕྱུང་བརྙེས་པས་ན་གསུང་གི་མཆོག་གོ །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་ཉིད་ནི་རྡོ་རྗེ་སྟེ། འོད་གསལ་ཉིད་ཡིན་པས་ན་ཁྱོད་ནི་སེམས་ཅན་ཀུན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་ཆེན་པོ འི་ངོ་བོ་ཉིད་དོ། །འདོད་ཆགས་ལ་སོགས་པ་རྣམས་ལ་ངོ་བོ་ཉིད་ཀྱིས་གྲུབ་མ་གྲུབ་རིགས་པས་རྣམ་པར་དཔྱད་ན་ཅུང་ཟད་ཀྱང་དམིགས་སུ་མེད་པ་སྟེ་མི་རྙེད་པ ས་རང་བཞིན་གྱིས་ཏེ་གདོང་མ་ནས་དག་པའི་ངོ་བོ་ཉིད་དོའོ། །ལམ་བསྒོམས་སྟོབས་ཀྱིས་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བས་ན་གློ་བུར་གྱི་དྲི་མ་མེད་པའི་ངོ་བོ། །དག་པ་གཉིས་དང་ལྡན་པ་དེ་ཉིད་ཀྱིས་ན་ཀུན་ཏུ་བཟང་པིའོ། །རང་གི་ཐུགས་སོ་སོར་ཐུགས་སུ་ཆུད་པས་ན་ཐུགས་ཀྱི་མཆོག་གོ །སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་འཐོབ་པར་མཛད་པས་ན་གདུལ་བྱའི་ཁ་ལོ་སྒྱུར་བའོ། །དཀྱིལ་འཁོར་གྱི་ཆོ་ག་བཤད་དུ་གསོལ། །ཞེས་པ་སྟེ། དགོངས་པ་མ་ཡིན་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཉམས་དགའ་བཤད་ཅེས་པའི་བར་ནི། རྡོ་རྗེ་འཆང་བའི་གསུང་ལ་འཇུག་པར་བྱ་བའི་ཕྱིར་སྡུད་པ་པོས་


JLD004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པའོ། །གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པར་ཅི་རིགས་པར་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཡེ་ཤེས་དེ་རང་གི་བདག་ཉིད་དུ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ཏོ། །ས་འོག་དང་ས་སྟེང་དང་མཐོ་རིས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། འཇིག་རྟེན་གསུམ་པའོ། །འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བཞུགས་པས་ན་ཁམས་གསུམ་པའོ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་ནི་རང་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པས་སོ། །འཇིག་རྟེན་གསུམ་ནི་ཚངས་པ་ལ་སོགས་པ་སྟེ། དེ་རྣམས་ལ་རྗེས་སུ་སྟོན་པ་ཉིད་དེ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་པ་ནི་དེ་རྣམས་ཀྱི་བཞུགས་གནས་སུ་གྱུར་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྐུ་དང་གསུང་གི་དཀྱིལ་འཁོར་དག་ལས་དགར་བའོ། དཀྱིལ་འཁོར་གྱི་སྐད་དོད་མཎྜལ་ཞེས་པའི་མཎྜ་ནི་སྙིང་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ་འོ་། །འཁོར་ནི་ལཱ་ཏི་ནི་ལེན་པ་དང་ཅིང་གྲིཧྣཏི་འཛིན་པ་ཡིན་པས་ན་དཀྱིལ་འཁོར་ཏེ། སྙིང་པོའི་ཡེ་ཤེས་ལེན་པ་དེ་དང་དེའི་རྣམ་པ་ལྟ་བུ་སྟེ། མཚོན་པའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་ནང་གི་དཀྱིལ་འཁོར་དེ་དང་རབ་འདྲ་བ་ཞེས་བྱ་བ་སྟེ། དེའི་རྣམ་པ་ཅན་ནོ་འོ་། །ཡིད་དུ་འོང་བས་ན་ཉམས་དགའ་བ་སྟེ། དེ་ལྟ་བུའི་ཐུགས་ཀྱི་དཀྱིལ་འཁོར་དུ་གྱུར་པ་བཤད་པ་སྟེ། སྒྲ་ཇི་བཞིན་པའོ། ༈ །རྡོ་རྗེ་འཆང་ཆེན་པོའི་གསུང་གིས་དཀྱིལ་འཁོར་སྟོན་


JLD004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཚིག་གི་སྐབས་འབྱེད་པའོ། །འདིར་འགྱུར་རྙིང་གི་རྒྱུད་ལས། དེ་ཕྱིར་ཞེས་པ་མ་བྱུང་ཡང་པ་ཚབ་ཀྱི་འགྱུར་ལས། དེ་ནས་དེ་ཕྱིར་ཐུགས་དཀྱིལ་འཁོར། ཞེས་འབྱུང་བ་དགོས་སོ། །དེའི་ཕྱིར་ཞེས་པའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏེ། སློབ་མ ས་དཀྱིལ་འཁོར་བཤད་པར་གསོལ་བ་བཏབ་པའི་ཚིག་བཤད་པར ཁས་བླངས་ནས། གང་གི་ཕྱིར་གསོལ་བ་འདེབས་པའི་སློབ་མ་ཁྱད་པར་ཅན་འདི་ནི་དད་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ཡིན་པས་ན། དཀྱིལ་འཁོར་འདི་བཤད་པར་བྱའོ་ཞེས་བྱ་བར་དགོངས་སོ། །སེམས་གཙོ་བོར་བྱས་པའི་དཀྱིལ་འཁོར་ནི། ཐུགས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེའི་རིགས་གཙོ་བོ་ཡིན་པས་ན་མཆོག་སྟེ། དེ་བས་ན་འདི་ཉིད་ནི་དང་པོར་གསུངས་སོ། །ཐུགས་ཀྱི་རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་དང་འདྲ་བར་བདུད་ལ་སོགས་པ་རྣམས་ཀྱིས་གཡོ་བར་མི་ནུས་པས་ན་རྡོ་རྗེ་རབ་འདྲ་བའོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་ནི་དེ་གསུམ་གྱི་སྙིང་པོ་མཆོག་སྟེ་སྣོད་མིན་ལ་གསང་བ ར་བྱ་བ། །ཐུགས་རྡོ་རྗེའི་དཀྱིལ་འཁོར་དེ་འདིར་ལེན་པས་ན་སྐུ་དང་གསུང་དང་ཐུགས་གསུམ་ཀྱི་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཏེ་དེ་ཡང་དག་པར་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། ༈ །ལུས་དང་ཞེས་བྱ་བ་ལ་སོགས་པ ས་ནི། དཀྱིལ་འཁོར་དེའི་ཐིག་སྐུད་སྟེ། ཐིག་འདེབས་པའི་ཀྱི་ཆོ་ག་སྟོན་པ་ཡིན་ཏེ། ལུས་དང་ངག་སེམས་བསྒོམས་པ་ཡིས། ཞེས་པའི་བསྒོམས་པ་ནི། ལུས་དང་ངག་དང་སེམས་མཉམ་པར་བཞག་ཅིང༌། མ་ཡངས་པས་སོ། །ཤེས་རབ་ཅན་


JLD004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཀྱིལ་འཁོར་བྲི་སྒྲུབ་ཀྱི་ལས་ཀྱི་ཆོ་ག་མཐོང་བའིསློབ་དཔོན་གྱིས་སོ་ནོ་། །ཐིག་གདབ་པ་ནི་ཆ་ཆེན་དང་ཆ་ཆུང་གི་ཆ་རྣམ་པར་བགོ་བའོ། །ཐིག་སྐུད་ཀྱི་སྐད་དོད་སཱུ་ཏྲ་ལ་ངེས་ཙིག་གིས་སཱུ་ཏྲ་ན་ཞེས་པ་ནི་དཀྱིལ་འཁོར་སྨོས་པའམ་སྟོན་པ་ཡིན་པ ས་ཐིག་སྐུད་དོ། །སར་པ་ནི་དཀྱིལ་འཁོར་གཞན་དག་ཏུ་ལོངས་མ་སྤྱད་པའོ། །ལེགས་པར་བཀལ་བ་ནི་ཡང་དག་པར་བསྒྲིལ་བའོ། །ཚད་མ་སྟེ། རིང་ཐུང་གི་ཚད་ནི་དཀྱིལ་འཁོར་གྱི་ཉིས་ལྡབ་ཅེས་པ་ལ་ཁ་ཅིག །ཨབྷྱ་ཀ་རས། མདའ་ཡབ་ནས་མདའ་ཡབ་ཀྱི་བར་ཀྱི་ཉིས་འགྱུར་ལ་འདོད་པ་མིན་གྱི། རྩ་ཐིག་ནས་རྩ་ཐིག་གི་བར་གྱི་ཉིས་འགྱུར་རོ། །ཞེས་སྨྲ་བ་ནི། པཎྜི་ཏ་དེས་ཐིག་སྐུད་ཆ་ཆུང་རེ་བཞི་པ་ལ་རྩ་ཐིག་ནས་རྩ་ཐིག་གི་བར་གྱི་དཀྱིལ་འཁོར་ཉིས་འགྱུར་དང༌། ཐིག་སྐུད་ཆ་ཆུང་གོ་དྲུག་པ་ལ། མདའ་ཡབ་ནས་འདའ་ཡབ་ཀྱི་བར་གྱི་དཀྱིལ་འཁོར་འབོར་བཅས་ཀྱི་ཉིས་འགྱུར་ལ་བཞེད་པས་གཞན་འདོད་མ་ལོངས་ཤིང༌། ཀླུ་བྱང་གི་ལུགས་རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ་ཡིན་པས། ཐིག་སྐུད་ཀྱི་ཚད་ཕྱི་མ་ལྟར་བྱ་དགོས་པའི་ཕྱིར། ཉིས་འགྱུར་ཡང་ཕྱི་མ་ལྟར་བྱ་དགོས་པས། རང་གི་ལུགས་མ་ངེས་པ་ཡིན་པས་མི་རིགས་སོ། །སྒོམས་སུ་ནི་སྒོ་ཡི་ཉི་ཤུ་ཆའོ། །བོ། །རབ་ཏུ་མཛེས་པ་ནི་ཚོན་སྣ་ལྔ་པ་ཞེས་པ་ནི་ཡེ་ཐིག་གི་དབང་དུ་བྱས་ཀྱི། ལས་ཐིག་ནི་དཀར་པོའོ། སྟེ། སྒོ་ཡི་ཉི་ཤུ་ཆ་ལས་ཤིན་ཏུ་ཕྲ་བ་དང་སྦོམ་པ་མ་ཡིན་པ་དེ་ལྟ་བུའི་ཐིག་སྐུད་ཀྱིས་ཐིག་གདབ་བོ། །ཁྲུ་ནི་བཅུ་གཉིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཚད་བསྟན་པ་ཡིན་ནོ། །ཞེས་པ་ནི་རྩ་ཐིག་ཕན་ཚུན་གྱི་མཐའ་ལ་ཁྲུ་བཅུ་གཉིས་འདོད་པ་ལྟར་མིན་གྱི། རྩ་ཐིག་རེ་རེ་ལ་ཁྲུ་གསུམ་མར་བྱས་པ་ཡིན་ཏེ། རྡོ་རྗེ་འཕྲེང་བར། རྡོ་རྗེ་ཅན་གྱི་ཁྲུ་གསུམ་


JLD004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཞེས་དང་ལེའུ་བཅུ་དྲུག་པའི་འགྲེལ་པ་ལས་ཤེས་སོ། །ཚད་དེར་ཡང་མ་ངེས་ཏེ། འབྱོར་བ་དང་བསྟུན་ནས་བྱ་བར་ཀླུ་བྱང་གིས་གསུངས་སོ། །ངོས་བཞི་དང་ནི་གྲྭ་བཞིར་ལྡན་ཞེས་པའི་གྲྭ་བཞི་ནི་ཟུར་བཞི་དང་ལྡན་པའི་ཕྱིར་རོ། །འདི་ཐིག་གིས་བྲི་ཚུལ་སྟོན་པ་ཡིན་ལ། རྩ་ཐིག་གི་ལོགས་ཀྱི་ངོས་བཞི་དག་ཟུར་བཞི་ནི་ཁྲུ་བཅུ་གཉིས་པར་བཤད་ཟིན་པས་འདིར་རྩ་ཐིག་ནས་མདའ་ཡབ་ཀྱི་བར་གྱི་ལོགས་བཞི་དང་དེའི་ཟུར་ཐིག་ལ་བྱའོ། །སྒོ་བཞི་པར་ནི་ཞེས་བྱ་བ་ནི་ཆ་ཆེན་རེ་རེའི་ཚད་ཀྱི་ཤར་ལ་སོགས་པའི་སྒོ་བཞི་དང་ལྡན་པ་སྟེ། དེ་འདྲ་བའི་དཀྱིལ་འཁོར་དེ་གྲུབ་ཞི་སྒོ་བཞི་པར་བཤད་པའི་དོན་གྱིས་ཏེ་ཤུགས་ཀྱིས་ན་ཕྱིའི་དཀྱིལ་འཁོར་ཡིན་ཏེ། །དེའི་དབུས་སུ་དཀྱིལ་འཁོར་ནང་མ་ཟླུམ་པོ་བྲི་བར་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཁ་ཅིག་རྡོ་རྗེ་འཕྲེང་བ་ལས། སྙིང་པོར་ཡང་ནི་སྒོ་བཞི་པ། རྩེ་གསུམ་རྡོ་རྗེའི་ཕྲེང་བས་བསྐོར། །ཞེས་གསུངས་པས། དེའི་ལུགས་ཀྱིས། ནང་གི་དཀྱིལ་འཁོར་ལ་སྒོ་བཞི་བཞེད་པར་སྨྲ་བ་མི་རིགས་ཏེ། སྒོ་བཞི་པའི་སྙིང་པོར་ཞེས་བསྒྱུར་རྒྱུ་ལ། གོ་རིམས་འཁྲུགས་པའི་འགྱུར་སྐྱོན་ཡིན་པའི་ཕྱིར་རོ། །ནོ། །དེ་ཡི་ཞེས་བྱ་བ་ལ་སོགས་པ་ལ། ངོས་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་འཁོར་ལོ་སྟེ། ནང་གི་དཀྱིལ་འཁོར་རབ་ཏུ་ཟླུམ་པོ་ལྟ་ཞེས་པ་ལ་འགྱུར་གསར་གཉིས་ལས་རྣམ་པར་བསྒྱུར་བ་ལེགས་སོ། །བུར་བྲི་བར་བྱའོ། ༈ །ཁདེ་ནས་དེའི་འོག་ཏུ་སློབ་དཔོན་གྱིས རྡོར་འཕྲེང་ལས། མཚན་མའི་ཕྱག་རྒྱ་ལ་སོགས་བྲི། ཞེས་པ་ལྟར་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དགོད་པར་བྱའོ། །དེ་ཡང་ཀདེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོ་ག་ནི་ས་སྦྱང་བ་ལ་སོགས་པའི་ཆོ་ག་ཉི་ཤུ་ཉི་ཤུ་ནི། དང་


JLD004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ས་ནི་སྤྱང་བ་དང༌། །དེ་ནས་ས་ཡོངས་འཛིན་པ་དང༌། །ཕྱི་ནས་བགེགས་ནི་ཉེར་ཞི་དང༌། ཐོད་ལོ་ཀོར་གྱིས་ཐིག་གདབ་དང༌། དེ་ནས་ས་ལྷ་སོགས་ལྷག་པར། །གནས་༥དང་དེ་ནས་གསོལ་གདབ་དང༌། ཕྱི་ནས་སློབ་མ་ལྷག་གནས་དང༌། ནམ་མཁར་ཐིག་ནི་གདབ་པ་༨དང༌། ཚོན་སྣ་ལྔ་ཡི་ཆོ་ག་དང༌། ཚོན་རྩི་རྣམས་ནི་དགྱེ་བ་དང༌། ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། དེ་ནས་སློབ་མ་གཞུག་པ་དང༌། ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང༌། །དེ་ནས་སངས་རྒྱས་དབང་བསྐུར་དང༌། །དེ་ནས་ཕྱག་མཚན་དབང་བསྐུར་དང༌། །བླ་མ་ལྷ་ལ་ཡོན་གཉིས་དང༌། །རྗེས་སུ་གནང་བ་སྦྱིན་པ་དང། །དེ་ནས་གཤེགས་གསོལ་ཆོ་ག་དང༌། །དཀྱིལ་འཁོར་ལས་ཆད་ཕུར་བ་དང༌། །སྐུད་པ་བསྡུས་པ་ཉིད་ཀྱང་སྟེ། །རབ་བཤད་ཆོ་ག་ཉི་ཤུ་ཡིས། ཞེས་ཀླུ་བྱང་གིས་གསུངས་པ་ལྟར་ཏེ། རྡོར་འཕྲེང་ལས་དེ་རྣམས་དང་ཅུང་མི་འདྲ་ཙམ་ཡང་བཤད་དོ། །འོ། །དེ་མཐོང་བ་ནི་ཆོ་ག་མཐོང་བ་སྟེ། ལས་ཀྱི་ཆོ་ག་དེས་དབང་བསྐུར་བའི་གཞིར་གྱུར་པའི་དཀྱིལ་འཁོར་བྲི་བ་སོགས་རྫོགས་པར་བྱས་ནས་བྱེད་ཤེས་འགྱུར་གསར་གཉིས་ལས། གཞིའི་དཀྱིལ་འཁོར་རྫོགས་པར་བྱས་ནས། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སོགས་དགོང་པར་བྱའོ། ཞེས་རིམ་པ་དེ་ལྟར་འབྱུང་ངོ་། །པའོ། །གཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་དང༌། །མཚན་མའི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང་གསུམ་སྟེ། ཡི་གེ་ཧཱུཾ་ལ་སོགས་པ་ནི་གསུང་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ལ་སོགས་པ་ནི་མཚན་མ་སྟེ། །ཐུགས་དམ་ཚིག་གི འི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པ་ལྷའི་འཁོར་ལོ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །སེམས་ཅན་གྱི་རྒྱུད་དེ་བསམ་པའི་ཁྱད་པར་ཐམས་ཅད་ལ་ལྟོས་ནས་རྣམ་པ་གསུམ་པོ་འདི་དག་གི་ཕྱག་རྒྱ་གང་ལ་དགའ་བ་དགོད་པ་དེ་ཡང་བྱའོ། །ཕྱག་རྒྱ་དགོད་པ་གསུམ་ཡོད་པ་དེ་ལ་ཕྱོགས་ཙམ་ཞིག་ཉེ་བར་མཚོན་པའི་


JLD004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཙམ་དུ་མཚན་མའི་ཕྱག་རྒྱ་བསྟན་པའི་ཕྱིར། །དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འཇིགས་པ་དག་ཀྱང་རབ་འཇིགས་བྱེད་ཅེས་བྱ་བ་ནི། །ཞེ་སྡང་གི་སྟེ། མི་བསྐྱོད་པ་དག་པོའི་དེ་ཁོ་ན་ཉིད་མཚོན་པ་ཡིན་པའི་ཕྱིར། །ཁ དཀྱིལ་འཁོར་ནང་མ་དེའི་དབུས་སུ་རྡོ་རྗེ་བྲི་བ་ནི་ཨིནྡྲ་ནཱི་ལའི་ཁ་དོག་དང་འདྲ་བ། འོད་ཟེར་རྣམ་པ་ལྔ་འབར་བས་བསྐོར་བ་ཆེན་པོའོ། །ཀའཇིགས་པའི་བགེགས་རྣམས་ཀྱང་རབ་ཏུ་འཇིགས་པར་བྱེད་པའོ། །ལེའུ་ཚེའི་ཤར་ཕྱོགས་སུ་འཁོར་ལོ་དཀར་པོ་ཆེན་པོ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་འབར་བ་ནི་འོད་ཟེར་ལྔ་སྟེ་དེས་འཁོར་ལོ་རྣམ་པར་བརྒྱན་པའོ། །ལྷོ་ཕྱོགས་སུ་རིན་ཆེན་ཆེན་པོ་འོད་ཟེར་མང་པོས་རབ་ཏུ་འཁྲིགས་ཞེས་བྱ་བ་ནི། །རིན་པོ་ཆེ་ལ་འོད་ཟེར་གྱི་ཚོགས་ཀྱིས་རྒྱས་པའོ། །འདི་ལ་པ་ཚབ་ཀྱིས། ནུབ་ཏུ་པདྨ་ཆེན་པོ་ནི། པདྨ་རཱ་ག་དང་མཚུངས་པའི་འོད་ཅན་ཁ་དོག་དམར་པོ་བྲི་བར་བྱའོ། ཞེས་བསྒྱུར་བ་བདེའོ། །པདྨ་ཆེན་པོ་ནི་འོད་དཔག་ཏུ་མེད་པའི་མཚན་མ་སྟེ། །པདྨ་དམར་པོའི་འོད་དང་མཉམ་ཞིང་ཁ་དོག་དམར་བ་ནུབ་ཕྱོགས་ཀྱི་ཆར་བྲི་བར་བྱའོ། །རལ་གྲི་ཆེན་པོ་བྱང་ཕྱོགས་འདིར་རྒྱུད་ཀྱི་འགྱུར་རྙིང་ལས། འོད་ཟེར་མང་པོས་རབ་ཏུ་འཁྲིགས། ཞེས་པ་ལ་པ་ཚབ་ཀྱིས། འོད་ཟེར་འབར་བ་ཞེས་བསྒྱུར་བ་ནི་འགྲེལ་པ་དང་མཐུན་ནོ། །སུ་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་ནི་ཁ་དོག་སྣ་ལྔ་པའོ། །དེ་རྣམས་ཀྱིས་འབར་བ་ནི་འོད་འཕྲོ་བའོ་དེ་རྣམས་ཀྱིས་རབ་ཏུ་འཁྲིགས་པ་ནི་རལ་གྱི་ལ་འོད་དེའི་ཚོགས་ཀྱིས་ཁྱབ་པའོ། །དབུས་ན་སྤྲིན་དང་འདྲ་བའི་འོད་ཅེས་བྱ་བ་ལ་


JLD004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ། སྤྲིན་སྔོན་པོའི་མདོག་འདྲ་བ་ནི་དབུས་ན་སྤྲིན་དང་འདྲ་བའི་འོད་སྟེ། དབུས་གནག་ལ་མཐའ་དཀར་པའི་འོད་དང་ལྡན་པ་གང་ཡིན་པ་དེ་ནི་དབུས་ན་སྤྲིན་དང་འདྲ་བའི་འོད་མངའ་བའི་སྤྱན་ནི་ཤར་གྱི་གྲྭ་སྟེ། ཤར་ལྷོར་བྲིའོ་ནོ། །མཱ་མ་ཀཱི་ཡི་རིགས་བྱུང་བ་ཞེས་བྱ་བ་ནི། མཱ་མ་ཀཱི་ཡི་ཕྱག་མཚན་རྡོ་རྗེ་སྟེ། དེ་ཡང་ཏེ། རིགས་ལས་བྱུང་བ་ནི་ཞེས་པ་མཱ་མ་ཀཱི་རྡོ་རྗེའི་རིགས་ལ་ལྟོས་པ་དེའི་ཚེའོ་སྟེ། གང་གི་ཚེ་མཱ་མ་ཀཱི་རིན་པོ་ཆེའི་རིགས་ལ་ལྟོས་པར་གྱུར་པ་དེའི་ཚེ་ནི། རིན་པོ་ཆེ་ཡང་མཱ་མ་ཀཱིའི་ཕྱག་མཚན་དུ་འགྱུར་ཏེ། རྡོ་རྗེ་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །མཱ་མ་ཀཱིའི་ཕྱག་མཚན་ནི་ལྷོ་ཕྱོགས་སུ་སྟེ། ལྷོ་ནུབ་ཏུའོ། །པདྨ་ནི་ཁ་བྱེ་ཞིང་རྒྱས་པ་དང༌། སྡོང་བུར་བཅས་ཤིང་རྩ་བར་བཅས་པ་ནུབ་ཕྱོགས་སུ་སྟེ། ནུབ་བྱང་གི་ཕྱོགས་སུ་བྲི།ཨུཏྤ་ལ་ནི་སྤྲིན་སྔོན་པོ་ལྟར་རྣམ་པར་མཛེས་པ་བྱང་ཕྱོགས་སུ་སྟེ། བྱང་ཤར་ཀྱི་ཕྱོགས་སུ་བྲི། །ཐོ་བ་ནི་ཕྱོགས་ཀུན་ནས་འོད་ཟེར་སྣ་ལྔ་འབར་བ ས་ཁྱབ་བ་སྟེ། སྔོན་པོ་ལ་སོགས་པའི་འོད་ཟེར་ལྔས་བརྒྱས་པ་དེ་ནི་ཤར་ཕྱོགས་ཀྱི་སྒོར་བྲིའོ་ས་སོ། །བེ་ཅོན་ནི་རྡོ་རྗེ་འབར་བ་ལ་སོགས་པའི་འོད་བཟང་བ་ཡོད་པའི་དབྱུག་པ་ལྷོ་ཡི་སྒོར་བྲི། །པདྨ་ནི་རལ་གྱི་ལྟར་རྣོ་བའི་འོད་འཕྲོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །འཁྱིལ་པ་རྡོ་རྗེ་ཅན་ཞེས་པའི་འཁྱིལ་པ་ནི་བདུད་རྩི་འཁྱིལ་བ་དང༌། རྡོ་རྗེ་ཅན་ནི་སྣ་ཚོགས་རྡོ་རྗེ་ཅན་ཞེས་བྱ་བའི་དོན་ཏོ། །དེའི་རྡོ་རྗེ་ནི་བྱང་གི་སྒོར་བྲིའོ། ༈ །ཐུགས་ཀྱི་དཀྱིལ་འཁོར་


JLD004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དེ་ཞེས་བྱ་བ་དང་ལ་སོགས་པ ས་བསྡུས་པ་ཡོངས་སུ་གསལ་བར་ཤེས་བྱས་ནས། ཞེས་ཐུགས་དཀྱིལ་མཆོག་དེ་བྲི་བ་ཡོངས་སུ་གསལ་བ་སྟེ་རྫོགས་པ་ན། དེ་ལྟར་ཤེས་པར་བྱས་ནས་ཞེས་པ་ནི་ལ། བཤད་མ་ཐག་པའི་དཀྱིལ་འཁོར་བྲི་བའི་ཆོ་ག་ཉེ་བར་སྡུད་པ་ཡིན་ལ་ནས་ཀྱི་སྒྲས་ནི། དེ་ནས་དཀྱིལ་འཁོར་བསྒྲུབས་ཏེ་མཆོད་ཅེས་པ་གདོན་པར་བྱའོ། །ཏེ། འདིར་རྒྱ་ཆེར་ནི་ཀླུ་བྱང་གི་དཀྱིལ་འཁོར་གྱི་ཆོ་ག་ལས་བལྟ་བར་བྱའོ། ༈ །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོས་ལུས་ཀྱི་མཆོད་པ་ཕྱག་བསྐོར་བ་སོགས་དང༌། ངག་གི་ནི་བསྟོད་པ་སོགས་དང༌། ཡིད་ཀྱི་ནི་མཆོད་པའི་དམིགས་པ་ལ་སེམས་རྩེ་གཅིག་པའི་མཆོད་པ་རྣམ་པ་གསུམ་གྱིས་ལྷ་རྣམས་ཀྱི་འཁོར་ལོ་གུས་པ་དང་བཅས་པས་མཆོད་པར་བྱའོ། །ཞེས་པ་ནི་མཆོད་པ་བྱ་བར་སྤྱིར་བསྟན་པའོ། ༈ །ཕྱག་རྒྱ་དང་སྦྱར་བས་བྱང་ཆུབ་ཀྱི་སེམས་ཞུ་བ་ལས་མཆོག་ཏུ་དགའ་བ་སྐྱེད་པ་སོགས་ཀྱི་ནང་གི་མཆོད་པ་བསྟན་པར་བྱ་བའི་ཕྱིར། །བུད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ནི་སྒྲུབ་པ་པོ་རང་རང་གི་རིགས་ཀྱི་བུ་མོ་སྟེ། མི་བསྐྱོད་པའི་རིགས་ལ་སྨེ་ཤ་ཅན་གྱི་བུ་མོ་དགོས་པ་སོགས་སོ། །འོ། །མདངས་བཟང་བ་ནི་གཟུགས་སྡུག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ལོ་གྲངས་བཅུ་དྲུག་ལོན་པ་ནི་ན་ཚོད་དོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་པའོ། །ཞེས་པ་ནི་འགྱུར་གསར་གཉིས་ལས། དེའི་དབུས་སུ་འདོད་པ་བྱ་བའི་འོད་ཏུ་འབྱུང་ངོ༌། །ངེས་གཟུང་གི་དོན་ནི། །བོད་ཁ་ཅིག །ཧ་ཅང་གཞོན་པ་དང་རྒན་པ་ལ་བདེ་བ་མི་སྐྱེ་བས། བཅུ་དྲུག་མ་ངེས་པར་གཟུང་


JLD004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་བ་ནི་མི་འཐད་དེ། །ལེའུ་བཅོ་ལྔ་པ་རྩ་འགྲེལ་ལས། མི་བསྐྱོད་པའི་སྒྲུབ་པ་པོས་སྨེ་ཤ་ཅན་གྱི་བུ་མོ་ལོ་བཅུ་གཉིས་མ་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་དབུས་སུ་འདོད་པ་བྱ་བར་གསུངས་པས་སོ། །སྐལ་ལྡན་གྱིས་ཡང་སྒྲ་ངེས་གཟུང་དུ་བྱས་ནས་དེས་ནི་ཕྱག་རྒྱ་དང་ལྷན་ཅིག་གནས་པ་ཙམ་དང༌། ཙུམྦྷ་ན་དང་འཁྱུད་པ་ཙམ་བྱེད་པ་འགོག་སྟེ། ཐབས་དེ་ལས་བདེ་ཆེན་གྱི་རྒྱུར་གྱུར་བའི་བྱང་ཆུབ་ཀྱི་སེམས་མི་འབྱུང་བའི་ཕྱིར་རོ། །དེས་ན་སྙོམས་པར་ཞུགས་པས་མཉེས་པར་བྱས་པ་ཁོ་ནའོ། ཞེས་ཟེར་མོད་ཀྱང༌། པ་ཚབ་ཀྱིས། ནིའི་སྒྲ་ནི་ངེས་པར་གཟུང་བ་ལས་ཏེ། མཉེས་པ་ཁོ་ནར་བྱའོ་སྙམ་དུ་དགོངས་སོ། །ཞེས་བསྒྱུར་བ་ལྟར། ལས་རྒྱ་དངོས་སམ། ཡེ་རྒྱ་དང་སྙོམས་པར་ཞུགས་པས་མཉེས་པ་ཁོ་ནར་བྱའོ། །ཞེས་བསྟན་པས། དེའི་ལོག་ཕྱོགས་གཅོད་པ་ངེས་གཟུང་གི་དོན་ནོ། །དྲི་དང་མེ་ཏོག་འཕྲེང་བརྒྱན་ཏེ། ཞེས་བྱ་བ་ནི། དྲི་དང་མེ་ཏོག་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པར་བྱས་ནས། དཀྱིལ་འཁོར་དེ་ཡི་དབུས་ཞེས་པ་ལ་སྐལ་ལྡན་གྱིས། དངོས་སུ་དཀྱིལ་འཁོར་གྱི་དབུས་སུ་བྱས་ན། དེ་ལ་གནོད་པས་ཕྱོགས་གཞན་གཅིག་ཏུ་བྱས་ལ། ཕྱོགས་དེ་དཀྱིལ་འཁོར་གྱི་དབུས་སུ་མོས་པར་བྱས། ཞེས་ཟེར་ཡང། ཕྱག་རྒྱ་གཉིས་གང་ལ་བརྟེན་ཡང་། མདུན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོའི་ང་རྒྱལ་བཟུང་ནས་བྱེད་པའི་དོན་ནོ། །མཉེས་པར་བྱ་ཞིང་རོལ་པར་བྱའོ། ཞེས་དགོངས་སོ། །ཅི་ལྟར་རོལ་པར་བྱ་ཞེ་ན། བྱིན་བརླབས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཅན་ནི་མཁས་པ་སྟེ། སྔགས་པ་འདོད་པའི་བསྟན་བཅོས་སོགས་ལ་མཁས་པ།ཡོན་ཏན་སྐ་རགས་མཱ་མ་ཀཱིར། ཞེས་བྱ་བ་ནི། ཡང་ཡོན་ཏན་ཉིད་ཀྱིས་སྐ་རགས་སུ་བྱས་པ་ནི་སྔར་བཤད་པའི་བུད་མེད་


JLD004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་མཱ་མ་ཀཱི་དང་འདྲ་བར་བྱིན་གྱིས་བརླབ་མཱ་མ་ཀཱིར་བྱིན་གྱིས་རློབ་པ་ནི་མི་བསྐྱོད་པའི་སྒྲུབ་པ་པོ་ལ་དགོངས་ཏེ། དེས་གཞན་ལ་སྤྱན་མ་སོགས་སུ་བསྐྱེད་པ་ཡང་ཤེས་པར་བྱའོ། །མི་བསྐྱོད་པའི་དཀྱིལ་འཁོར་སྒྲུབ་པའི་དུས་སུ་ནི་རིག་མ་རེག་རྡོ་རྗེ་མར་བྱའོ། །པ་སྟེ། ཐ་མལ་པའི་དངོས་པོ་གསལ་ཏེ། རིགས་ལྔས་ཁྱབ་པར་བརྒྱན་པར་བྱས་ནས་མཉེས་པར་བྱའོ། །དེ་ནས་འགྱུར་གསར་གཉིས་ལས། ཞི་བ་སྟེ་ཞེས་གནས་མི་འབྱུང་བ་བཞིན་བྱའོ། །ཞི་བའི་གནས་ཏེ། ཞེས་པའི་ཞི་བ་ནི བྱང་ཆུབ་ཀྱི་སེམས་ཀུནྟ་ལྟ་བུ་ཡིན་ལ་དེ་སྤྲོས་པ་ནི་རྡོ་རྗེའི་ལམ་ནས་ཕྱི་རོལ་དུ་སྟེ། ཡུམ་གྱི་པདྨར་བྱ་པའོ། །ཀུནྟ་ལྟ་བུ་སྤྲོས་པས་སངས་རྒྱས་ཀྱི་གནས་ཁཇི་ལྟར་འགྱུར། ཀསྤྲོ ས་པར་ག་ཞེ་ན། ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན་ཞེས་པ་སྟེ། པདྨར་བྱང་སེམས་ལས་སངས་རྒྱས་རབ་ཏུ་བྱུང་བ་སྟེ། བསྐྱོད་པ ས་ནམ་མཁའི་ཁམས་མ་ལུས་པར་བརྒྱན་པར་གྱུར་པར་སྤྲོ་བ། །རྐང་པ་ཕྱེད་དང་གཉིས་ཀྱི་དོན་ཕྱོགས་གཅིག་ཏུ་བཤད་ན་འདི་སྐད་སྟོན་པ་ཡིན་ཏེ། ཡུམ་གྱི་པདྨར་ཕྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་སྟེ། ཐིག་ལེ་ཆ་མང་པོ་ལས་བསྒྲུབས་པའི་ཁནམ་མཁའི་ཁོངས་སུ་ཁྱབ་པའི་དེ་ཀབཞིན་གཤེགས་པའི་ཚོགས་གབསམ་པར་བྱའོ་ཞེས་པའོ། །བུད་མེད་ཅེས་པ་ནས་རབ་ཏུ་བརྒྱན། ཞེས་པའི་པར་རྣམས་འགྲེལ་པས་བཤད་པ་ལྟར། དཀྱིལ་འཁོར་མཆོད་པ་ལ་སྦྱར་བ་དང༌། ཀླུ་བྱང་གི་དཀྱིལ་ཆོག་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ། ཡུམ་གྱི་པདྨར་ལྷའི་འཁོར་ལོ་བསྐྱེད་པ་ལ་སྦྱར་བའི་བཤད་ཚུལ་གཉིས་ཡོད་པས། བཤད་པ་ཕྱི་མ་འདིས་དཀྱིལ་འཁོར་བསྒྲུབ་པ་སྔོན་དུ་བྱས་པའི་


JLD004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་མཆོད་པའི་རིམ་པ་རྣམས་སྦྱར་བར་བྱའོ། ༈ །ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་མཆོད་པར་མ་ཟད་དེ། གཞན་ཡང་ལུས་ཀྱི་སྟེ། དེ་ལས་བྱུང་བའི་རྒྱུ་མཐུན་པ འབྲས་བུ་བདུད་རྩི་ལྔ ས་ཀྱང་མཆོད་པར་བསྟན་པའི་ཕྱིར། བཤད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་རྩི་ལྔ་ལྷ་རྣམས་ལ་དབུལ་བར་བྱ་སྟེ།ཞེས་པའི་བདུད་རྩི་ལྔ་ནི། བཤང་གཅི་ཁུ་བ་ཁྲག་ལ་སོགས་ཞེས་བདུད་རྩི་བཞི་གསུངས་ཀྱང༌། ལྔ་པ་རྩ་རྒྱུད་དང་འགྲེལ་པར་མི་གསལ་བ་བཤད་རྒྱུད་རྡོར་འཕྲེང་ལས་ཤ་ཆེན་དང༌། དགོངས་པ་ལུང་སྟོན་ལས་རྐང་ལ་བཤད་པ་ལྟར་རོ། །ཁ་ཅིག་རྒྱུད་ཕྱི་མ་ལས། དྲི་ཆུ་རྐང་དང་ཡང་དག་ལྡན། ཞེས་གསུངས་པས་ལྔ་པ་ནི་རྐང་མར་རོ། ཞེས་འཆད་ཀྱང་དེའི་འགྲེལ་པར་ནཱ་རོ་པས་རྐང་ནི་ས་བོན་ཁུ་བ་ལ་བཤད་པས་ཁུངས་སུ་མི་འགྲོའོ། །ལྷ་བཤོས་སུ་གྱུར་པས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བསྟབ་པར་བྱ་ཞིང༌། བདུད་རྩི་དེ་ཉིད་ཀྱིས་བདག་ཉིད་ཀྱང་ཚིམ་པར་བྱའོ། ༈ །བྱང་ཆུབ་ཀྱི་སེམས་དང་བདུད་རྩིས་དེ་ལྟར་བྱས་པའི་ཡོན་ཏན་ནི། དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་སྐྱེ་མཆད་དེ། ཕུང་པོའི་ངོ་བོར་གྱུར་པའི་སངས་རྒྱས་དང༌། མིག་སོགས་ཀྱི་ངོ་བོར་གྱུར་པའི་བྱང་ཆུབ་སེམས་དཔའ་གྲགས་པ་ཆེ་ཞིང་སྤྱོད་པ་བཟང་བ་དེ་རྣམས་མཉེས་ཤིང་དགྱེས་པར་འགྱུར་བས། འཇིག་རྟེན་གྱི་མིག་དགའ་བར་མཛད་པར་འགྱུར་རོ་ཞེས་པ་སྟེ། དྲང་བའི་དོན་ཏོ། །སླར་ཡང་ལུང་སྟོན་གྱི་ལུང་གིས་ཐུགས་དཀྱིལ་གྱི་


JLD004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་བཤད་པ་བརྗོད་པར་བྱ་སྟེ།རྩ་རྒྱུད་དུ། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་ཡང་ཡང་ཞུས་པའི་དམ་པ་ནི་མཆོག་གི་ཡིན་ལ། དཀྱིལ་འཁོར་ནི་སྙིང་པོ་ལེན་ཞིང་འཛིན་པ་ཡིན་པས་སྙིང་པོ་ལེན་པའི་མཆོག་བཤད་དུ་གསོལ། །ཞེས་པ་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཙམ་མིན་གྱི་མཚོན་བྱ་དོན་གྱི་དཀྱིལ་འཁོར་ཡང་ཡིན་ཏེ། དཀྱིལ་འཁོར་དཀྱིལ་འཁོར་རབ་འདྲ་བ། །བཤད་ཅེས་དེའི་ཚིག་ཟུར་གྱི་འདྲ་ཡུལ་གྱི་དཀྱིལ་འཁོར་ཡང་བསྟན་པས་སོ། །དེས་ན་འཇིན་ངེས་དོན་བཤད་དགོས་སོ། །སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དེ་ནས་ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་རྣམས་ཀྱི་མཆོག་ཏུ་གྱུར་པ། རྡོ་རྗེ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་རབ་རབ་གསལ་བ་:ཆག:ཟེར། འདྲ་བ་སྟེ། །རབ་ཏུ་གསལ་བ་སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་སྟེ། སྙིང་པོ་འཛིན་པའི་མཆོག་རབ་ཏུ་བཤད་པར་བྱ། ༈ །འདི་ལ་ཐིག་གིས་ཆ་བགོ་བ་སོགས་ངེས་དོན་དུ་བཤད་པ་གསུམ་གྱི་དང་པོ་སྟོན་པ་ནི། ཐིག་སྐུད་སར་པ་ཞེས་པའི་སར་པའི་སྐད་དོན་ན་བ་ཞེས་པ་གྲངས་དགུ་ལའང་འཇུག་པ འདི ས་ནི་ཟུང་འཇུག་པའི་ཕུང་པོ་ལྔ་དང་ཁམས་བཞི་སྟེ། དགུ་པོ་ཡི་བདག་ཉིད་མཆོག །སྟོན་ལ། དགུ་པོ་དེ་ལེགས་པར་བཀལ་བའམ་བསྒྲིལ་བས་ནི་དེ་བཞིན་ཉིད་འོད་གསལ་གྱི་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་བྱས་པ་སྟོན་པའོ། །དོན་དེ་ངེས་དོན་ཀྱི་ལུང་སྣ་ཚོགས་པའི་ལུང་གི་བརྡར་གྱུར་པས་བསྟན་པ་ནི། ཚད་མ་བཟང་པོར་དེ་བཤད་དོ། །ཀུན་རྫོབ་སྒྱུ་མའི་སྐུ་དང་ནི་དོན་དམ་འོད་གསལ་གྱི་ཡེ་ཤེས་དག །གཉིས་སུ་མེད་པ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་ཡིད་འཕྲོགས་པས་མཛེས་


JLD004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཟུང་འཇུག་གི་ཡ་ཁྱལ་ཤེས་རབ་འདི་ནི་ཐིག་འདེབས་བྱེད་ཡིན་ཏེ། །ཐབས་ནི་ཐིག་འདེབས་བྱེད་དེ་ཡི་རྗེས་སུ་འཇུག་པ ཐིག་བཏབ་པ། །ཐབས་ཤེས་གཉིས་པོ་དེ་གང་ཞེ་ན། ཤེས་རབ་འོད་གསལ་ཆོས་ཀྱི་སྐུ་དང་ཐབས་ནི་སྒྱུ་མ་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་གོ །དེ་འདྲའི་ཤེས་རབ་དང་ཐབས་གཉིས་ཀྱི་ཁཐིག་ཀགཅིག་པའི་གགིས། །དེས་དོན་གྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ། ། རྟེན་གྱི་དཀྱིལ་འཁོར་གྱི་ངེས་དོན་བཤད་པ་ལ་ཁྱད་གཞི་ཟུང་འཇུག་གྱི་དཀྱིལ་འཁོར་དེའི་ཁྱད་པར་གྱི་ཆོས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པས་ཁྲུ་བཅུ་གཉིས་པ། འཕགས་པའི་བདེན་བཞི འི་དེ་ཁོ་ན་ཉིད་མཉམ་པར་རྟོགས་པས་ངོས་བཞི་མཉམ་པ་སྟེ། ཚངས་པའི་གནས་ཚད་མེད་བཞི ས་གཞན་དོན་ལ་གཞོལ་བའི་བསམ་པ་དག་པ་ནི་གྲྭ་བཞི་ཡིན་ནོ། །བསྡུ་བའི་དངོས་པོ་བཞིར་གྲགས་པས་གདུལ་བྱ་སྡུད་པའི་སྦྱོར་བ་དག་པ་ནི་སྒོ་བཞི་ཡིན་ཏེ། །ངོས་དང་གྲྭ་དང་སྒོ་རྣམས་རེ་རེའང་བཞི་བཞི་ཡི་མིང་ཅན་ནོ། །ཆོས་ཀྱི་དེ་ཉིད་ཀྱི་དོན་གྱི་སྤྲོས་པའི་གྲྭ་ཟུར་དང་བྲལ་བ་ཆོས་ཅན་གྱི་ཕྱོགས་ཀུན་ཏུ་སོན་པའི་དོན་རྟོགས་པའི་བརྡའ། །འཁོར་ལོ སྟེ། གཞལ་ཡས་ཁང་གི འི་ནང་གི་དཀྱིལ་འཁོར་ཟླུམ་པོ་སྟེ། དེས་དོན་ལ་ཟུང་འཇུག་གི་ཡེ་ཤེས་དང༌། རྟེན་གྱི་དཀྱིལ་འཁོར་གཉིས་ངོ་བོ་དབྱེར་མེད་དུ་བསྟན་ནོ་རོ། ༈ །ཆོས་ཀྱི་ཕྱག་རྒྱ་བཀོད་པའི་ངེས་དོན་ནི་གཉིས་སུ་མི་ཕྱེད་ཡེ་ཤེས་དེ་མཚོན་པའི་མཚན་མ་ཉིད་དེ་ནི ། །རྡོ་རྗེ་ཨིནྡྲ་ནཱི་ལའི་མདོག་ཅན་གྱི་ཕྱག རྒྱ འི། །མཚན་


JLD004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །རྭ་ལྔ་ནི་ཡེ་ཤེས་རྣམ་པ་ལྔ་རུ་ཕྱེ་སྟེ་བཤད། །པར་བྱ་བ་ལ། རྭ་དབུས་མ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྡོ་རྗེ་དེས་རྩེ་མོ་རྣོ་བ་ནི་འཁོར་བ འི་བག་ཆགས་མྱུར་དུ་འཇིག་པར་བྱེད་པའོ། །ཁཤར་དུ་གནས་པའི་ཀཟུང་འཇུག་པའི་མེ་ལོང་ཡེ་ཤེས་ཀྱི་གཟུགས་ཏེ། ངོ་བོ་ཉིད་ནི། །འཁོར་ལོ་ལ་འབར་བའི་འོད་ཀྱིས་བརྒྱན། །པའོ། །ཁལྷོ་རུ་གནས་པའི་ཀམཉམ་ཉིད་ཡེ་ཤེས་ནི། །གརྩེ་མོ་སྟེ་ཆ། དགུ་པའི་རིན་པོ་ཆེ། །ནུབ་ཏུ་གནས་པའི་སོ་སོར་རྟོག་པའི་ཡེ་ཤེས་ནི། པདྨ། །པདྨ་རཱ་གའི་འོད་དང་འདྲ་བ། །ཁབྱང་དུ་གནས་པའི་མཆོག་ཏུ་གྱུར་པའི་གི་སེམས་གང་ཡིན པ ། །འགྲོ་བའི་རྣམ་རྟོག་འཇོམས་པར་བྱེད་པ། །སོགས་ཀྱི་ཀབྱ་བ་སྒྲུབ་པའི་ཡེ་ཤེས་ནི། གརལ་གྲིར་གྱུར། །པའོ། །ཁའོད་ཟེར་འབར་བ་འདྲ་པའི་མདོག །ཅན་གྱི་སྤྲིན་སྔོན་དང་ནི་མཉམ་པ་སྟེ། འདྲ་བ འི་འོད། །ཤར་ལྷོར་གནས་པའི་ཀབྱམས་པའང་ན། གསྤྱན་ཡིན་ནོ་ཏེ། །ལྷོ་ཁནུབ་ཏུ་གནས་པའི་སྙིང་ཀརྗེ་ཞེས་བྱ་བ། །ནི་གམཱ་མ་ཀཱི་ཡི་རིགས་ཀྱི་རྡོ་རྗེ། །འོ། །ནུབ་བྱང་དུ་གནས་པའི་སྡོང་བུ་དང་བཅས་པའི། །པདྨ་ནི་དགའ་བས་ཡང་དག་པར་གནས། །པའོ། །བྱང་ཤར་དུ་གནས་པའི་ཨུཏྤལ་འོད་ཟེར་ནི། །སྔོ་དང་བཅས་པ་ནི་བཏང་སྙོམས་ཡིན། །ན། །དེ་བཞིན་དུ་སྒོའི་མཚན་མ་བསྡུ་བཞིར་འཆད་པ་ནི་ཁཤར་སྒོར་གནས་པའི་ཀསྤྱིན་པ་ནི། །གཐོ་བ་མདངས་ལྔན་འོད་དང་བཅས། །པའོ། །དེ་བཞིན་སྙན་སྨྲ་ཞེས་གྲགས་པ། །ནི་ལྷོ་


JLD004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་གནས་པའི་དབྱིག་པ་འོད་བཟང་རྡོ་རྗེ་འབར། །ར ཁནུབ་སྒོར་གནས་པའི་ཏུ་ཀདོན་སྤྱོད་ཅེས་བྱ་བ། །ནི་གརྟ་མགྲིན་གྱི་ནི་པདྨའོ། །དོན་མཐུན་པ་ནི་བྱང་སྒོར་གནས་པའི་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་བདུད་རྩི་འཁྱིལ་བ་སྣ་ཚོགས་རྡོ་རྗེ་ཅན། །གྱིའོ། །དཀྱིལ་འཁོར་ལ་བྲིས་པའི་ཕྱག་རྒྱ་དགོད་པའི་མཚན་ཉིད་དེ། །རྣམས་ངེས་དོན་དུ་ལེགས་པར་བཤད་པ་ནི་གོང་དུ་བཤད་པ་འདི་ཡིན་ནོ། །དེ་དག་གིས་ནི་བརྟེན་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་ཟུང་འཇུག་ལས་ངོ་བོ་ཐ་དད་མེད་པར་བསྟན་ཏེ། དེ་རྣམས་ཀྱང་ཟུང་འཇུག་གི་ཁྱད་པར་གྱི་ཆོས་སོ། །གྲྭ་དང་སྒོ་བཞི་དང་དེ་ན་གནས་པའི་མཚན་མ་བཞིའི་ངེས་དོན་གཅིག་ཉིད་ལན་གཉིས་སུ་གསུངས་པ་ནི། ངེས་དོན་ལ་ལྷ་སོ་སོའི་རྟེན་དང་བརྟེན་པ་ཡང་ཐ་དད་མེད་པར་བསྟན་པའི་དོན་ནོ། ༈ །དེ་ལྟར་སྔར་བཤད་པའི་ཟུང་འཇུག་དེ་ཐབས་གང་གིས་འཐོབ་པ་ནི་མཆོད་པ་ངེས་དོན་དུ་བཤད་པས་སྟོན་ཏེ། ཁཇི་ལྟ་བ་བཞིན་དུ་ཀའོད་གསལ་དུ་ཡང་དག་པ་གགནས་པ་ནི་ངེས་དོན་གྱི་མཆོད་པ། ། འོད་གསལ་དུ་འཇུག་པ་ཡང་ལུས་ངག་ཡིད་གསུམ་གྱི་མཆོད་པ་བྱ་བའི་ངེས་དོན་ལུས་ངག་སེམས་ཀྱི་དབེན་པ་རྣམ་པ་གསུམ་བསྒོམས་པས་འཐོབ་པར་འགྱུར་བ་ཡིན ནོ། །དབེན་གསུམ་རིམ་གྱིས་བསྐྱེད་པའི་སེམས་དབེན་ལ་མཧཱ་མུ་ཏྲ་ཞེས་པའི་དང་པོར་ཆེན་པོ་ཡོད་པ་ཡི། །སྒྱུ་མའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་པ་ནི འི་དཀྱིལ་འཁོར་ཏེ་འོད་གསལ་གྱི་སྙིང་པོ་ལེན་པ་ཡིན་པར་བཤད་དེ། འདི་ནི་སྒོ་གསུམ་གྱི་མཆོད་པ་བྱེད་མཁན་གྱི་ངེས་དོན་ནོ། ༈ །ནང་དང་ཕྱི་ལ་སོགས་པ་ཆོས་བཅུ་དྲུག་གི་དབྱེ་བ་ཡི། །ས་ཕྱེ་བའི། ནང་སྟོང་པ་ཉིད་སོགས་སྟོང་


JLD004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་བཅུ་དྲུག་ཡོད་པ་ཉིད་ཀྱིས་ཕྱེ་བ་ནི་ལོ་བཅུ་དྲུག་ལོན་པ། ། དེ་འདྲ་བའི་མ་སྐྱེས་པ་ཡི་སྤྲོས་པ་ཞི་བ འི་སྟོང་ཉིད་གང༌། །ཡིན་པ་དེ་ནི་སྒྱུ་མའི་ལུས་ཐོབ་པ་དེས། ནང་གི་རྐྱེན་བསམ་གཏན་གཉིས་བང་། ཕྱིའི་རྐྱེན་ལས་རྒྱ་ལ་བརྟེན་ནས་སྒྱུ་མའི་སྐུ་ཡང་ཡང་འོད་གསལ་དུ་བཅུག་པ་ལས། འོད་གསལ་དུ་ཞུགས་པ་ནི། བུད་མེད་ཅེས་སོགས་ཀྱིས་སྟོན་ཏེ། བུད་མེད་ཅེས་བྱ་བར་རྩ་རྒྱུད་ལས་བཤད་དོ། །དེ་ལ་དམིགས་པས་མངོན་ཞེན་གྱི་སྤྲོས་པ་ཞི་བའི་ཆོས་དང་རྗེས་སུ་ལྡན་པར། །བྱེད་པའི་འོད་གསལ་ནི། རབ་ཏུ་མདངས་བཟང་འོད་ནི་ཡིན་པར་གསུངས། །རླུང་སེམས་ཙམ་གྱི་རྒྱུ་རྐྱེན་ལ་རྟེན་ནས་འབྲེལ་བ་སྟེ། འབྱུང་བའི་ཟུང་འཇུག་གི་སྐུ་འགྲུབ་པའི་རྒྱུའི་བག་ཆགས་ཏེ། འབེན་པ་ནི་དྲི་བཟང་པོས་བསྒོས་པ་དང་འདྲའོ་ཡིན་ཏེ། །དེ་ཁོ་ན་ཉིད་ཀྱི་དོན་ལ་ཡུལ་ཅན་གྱི་ཡེ་ཤེས་ཀྱི་བློ་ཁ་བྱེ་བ་ནི་མེ་ཏོག་གོ །དངོས་པོ་སྟེ། རང་བཞིན་མེད་པའི་དོན་རྟོགས་པ་ནི་རིགས་ཏེ། རྩ་རྒྱུད་དུ་རྒྱན་ཞེས་པ་ཡིན་ཏེ། །ངེས་དོན་གྱི་བུ་མོ་བརྒྱན་པར་བྱེད་པའོ། །ཆག་འགྱུར་ལས། དངོས་མེད་བརྒྱན་དུ་ཤེས་པར་བྱ། ཞེས་བསྒྱུར་བ་ལྟར་བྱའོ། །ཇི་ལྟ་བ་ཀུན་མཁྱེན་པའི་འོད་གསལ་གྱི་ཡེ་ཤེས་ནི་དབུས་ཏེ། སྙིང་པོ་ཉིད་དོ། །:པ་ཚབ:ཤེས་རབ་ཅན་གྱིས་ཆོས་དབྱིངས་ཀྱི། བུ་མོ་འདི་འདྲ་མཉེས་པར་བྱ། ཟེར། ཆོས་དབྱིངས་ཉིད་ཀྱི་བུད་མེད་ནི། །ཤེས་རབ་འདི་འདྲས་མཉེས་པ་། དེ་ལ་རྟག་ཏུ་འདོད་པ་བསྟེན་པ ར་བྱ། ། མིག་སོགས་ནང་ན་མ་ཡིན་ཞིང༌། གཟུགས་སོགས་ཕྱི་ན འང་མིན། །ལ། གཉིས་ཀར་ཡང་མ་ཡིན་


JLD004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེ་གསུམ་ལས་གཞན་དུ་ཡང་མཚན་འཛིན་གྱི་དམིགས་གཏད་ཀྱི་གནས་པ་མིན། །པས། མཐའ་བཞིར་གནས་པ་མེད་པའི་དེ་ཁོ་ན་ཉིད་ལ་གནས་པའི་རྣལ་འབྱོར་ཅན་དུ་གྱུར། །བ། དེ་བས་ན་མཱ་མ་ཀཱི་སྟེ། བདག་ཉིད་མ ར་བཤད་དེ། །དེ་ཁོ་ན་ཉིད་ཇི་འདྲ་བ་དེ་བཞིན་དུ་རྣལ་འབྱོར་པ་བདག་ཉིད་ཀྱང་དེ་ལྟར་ཞུགས་པའི་ཕྱིར་རོ་དོ། །མཐའ་བཞིར་མི་གནས་པའི་དེ་ཁོ་ན་ཉིད་དེ་ཡི་ངོ་བོ་ཉིད་དང་ཡུལ་ཅན་ཡེ་ཤེས་གཅིག་པ། །སྟེ། ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་གྱུར་པ་ནི་བྱིན་གྱིས་བརླབ་པ་ཅེས་དེ་ལ་བཤད་དོ། །ནམ་མཁའ་སྟེ། ཐམས་ཅད་སྟོང་པ་རང་ནི་རོ་གཅིག་ཏུ་གྱུར་པ་ནི། ནམ་མཁའི་དབྱིངས་རབ་ཏུ་བརྒྱན་པའོ། །༡གནས། །༢ དེ་ཉིད་ནི་སངས་རྒྱས་ཞི་བའི་གནས་སྟེ་འོད་གསལ་དུ་སུ་འགྱུར། །རོ། །རྩ་རྒྱུད་དུ་བཤད་པའི་ལས་རྒྱ་འདི་ལ་སྔར་ལྟར་འོད་གསལ་དུ་ཞུགས་པ་ལ་བཤད་པ་གཅིག་དང༌། ཡང་ལས་རྒྱ་ལ་བརྟེན་ནས་སྲོག་དྡྷུ་ཏཱིར་སྡུད་ནུས་པ་རྫོགས་རིམ་པ་ལ་ནི། དེ་སྟོན་པ་ངེས་དོན་དུ་ཡང་འགྱུར་བས་ཚུལ་གཉིས་ཤེས་པར་བྱ་སྟེ། དེ་ལྟར་ན་འོད་གསལ་དུ་འཇུག་པའི་ཐབས་ཆེན་པོའོ། ༈ །དེ་ལ་ཞེས་:པ་ཚབ:བསྒྱུར་བ་ལྟར་འོད་གསལ་དུ་ཞུགས་པ་དེ་ལ་གཟུགས་སོགས་ཀྱི་དེ་བས་ཡུལ་དུ་རྣམ་པར་བརྟགས་པ། །རྣམས་འོད་གསལ་དུ་སྡུད་པ་དག་ནི་བཤད་པ ས་མཆོད་པ ཡིན་ན། །གཤང་པའི་སྐད་དོད་བི་ཌ་ལ་བི་ཥ་ཡ་ཞེས་པ་ཡུལ་དང་ན་ནི་ངེས་ཆིག་གིས་ཧ་རུ་བསྒྱུར་ནས་སམ་ཧ་ར་ཎ་སྡུད་པ་ཡིན་གསུང་པ་ལྟར་རོ། །ཡེ་ཤེས་སྟེ། མིག་ཤེས་སོགས་དྲུག་དང་མིག་སོགས་ཀྱི་དབང་པོ་དྲུག་སྟོང་པ་འོད་གསལ་དུ་སྡུད་པ་ནི།


JLD004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཅིན། །གྱིས་མཆོད་པ་སྟེ། དྲི་ཆུའི་སྐད་དོད་མུ་ཏྲ་ལ་ཨིནྟྲ་ཡ་ཞེས་པ་དབང་པོ་ཡིན་ལ་རྣམ་ཤེས་དྲུག་ཀྱང་ཡིད་ཀྱི་དབང་པོའོ། །རྣམ་པར་དག་པའི་ཆོས་ཉིད་རྟོགས་པ་ནི་ཁུ་བ འི་མཆོད་པ་ཡིན། །ཏེ་ཁུ་བའི་སྐད་དོད་ཤཱུ་ཏྲའི་ཤུ་ལ་བི་ཤུད་དྷི་དྷ་རྨ་ཏ་ཞེས་སྦྱར་བའོ། །ཇི་ལྟ་བ་ཐམས་ཅད་མཁྱེན་པའི་འོད་གསལ་གྱི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཆགས་པ་ནི་ཁྲག་ཅེས་བྱ་སྟེ། ཁྲག་གི་སྐད་དོད་རཀྟ་ལ་ངེས་ཚིག་གིས་སཀྟ་ཞེས་སྦྱར་བ་ཆགས་པ་ཡིན་ལ། དེའི་ཐོག་མ་ལ་བརྟེན་ནས་སརྦ་ཛྙཱ་ཞེས་སྦྱར་བས་ཐམས་ཅད་མཁྱེན་པར་འགྱུར་བའོ། །གང་ཞིག་སྟེ། ཕུང་པོ་ལ་སོགས་པའི་ཆོས་སུ་ཡོངས་སུ་བརྟག་པ། །དེ་ཉིད་ལ་ལྷ་རྣམས་ཞེས་བྱ་སྟེ། །དེ་རྣམས་དངོས་པོ་མེད་པ་འོད་གསལ་དུ་འཇུག་པ་ནི་དབུལ་བ འི་དེས་དོན་ནོ། །དེ་བྱས་ན་སངས་རྒྱས་རྒྱལ་སྲས་རྣམས། །ཁྱད་པར་དུ་ནི་སྟེ། ལྷག་པར་ཡང་མཉེས་པར་འགྱུར་རོ། །གང་ཡང་འཇིག་རྟེན་པ སྟེ་ཐ་སྙད་པའི་ཤེས་པ ས་བརྟགས་པའི། །ཐིག་སྐུད་སོགས་དེ་རྣམས་ཀྱི་ངེས་དོན་ནི། སྔར་ཇི་སྐད་བཤད་པ་ཉིད་དོ། །ཅེས་བྱ་བ་སྟེ། མདོར་བསྡུས་ན་ལུས་ངག་སེམས་ཀྱི་དབེན་པ་གསུམ་སྔོན་དུ་བཏང་བའི་སེམས་དབེན་ལས། སྒྱུ་མའི་སྐུ་བསྒྲུབ་པ། འོད་གསལ་དུ་ཞུགས་པའི་རླུང་སེམས་ཙམ་ལས་ཟུང་འཇུག་གི་སྐུར་བཞེངས་པ་སྟོན་ཏེ། འདི་འདྲ་བ་ཡང་དང་ཡང་དུ་སྔར་ལྟར་རྒྱུད་ལས་གསུངས་པས་ནི། ལུགས་མཆོག་ཏུ་གྱུར་པའི་ལམ་སྲོལ་འདི་ལ་ངེས་པ་བླ་ན་མེད་པ་སྟེར་བ་ཡིན་ནོ། །དེ་ལྟར་ཐིག་ཚོན་གྱིས་བྲི་པའི་དཀྱིལ་འཁོར་ལ་སོགས་པའི་


JLD004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་བསྟན་པས། ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་ཟུང་འཇུག་དང༌། དེ་འགྲུབ་པའི་ཐབས་རབ་ཏུ་བསྟན་པ་ཡིན་ཏེ། ངེས་པའི་དོན་ཏོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ། ཐུགས་རྡོ་རྗེ་བདག་པོར་གྱུར་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་ནི་སྙིང་པོ་སྟེ་ཀུན་རྫོབ་ཀྱི་བདེན་པ་བཅོས་མ། །འཁོར་ནི་བཅོས་མ་དེ་ལེན་ཅིང་སྟེ། དེ་སྒྲུབ་པ་དང༌། དེའི་དོན་འཛིན་པས་ན་དཀྱིལ་འཁོར་ཏེ། དྲང་བའི་དོན་ཏོ། །དཀྱིལ་འཁོར་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པ དང་རོ་གཅིག་ཏུ་ཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །འཁོར་ནི་དེ་རང་གི་བདག་ཉིད་དུ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་ལས།བཤད་པའི་རྒྱུད་ཅེས་སྤྱིར་བསྟན་ཡང༌། སྐབས་སྟོབས་ཀྱིས་འདུས་པའི་བཤད་རྒྱུད་ཡིན་ལ། དེ་ཡང་ཟླ་གསང་ཐིག་ལེ་ལས། ཡན་ལག་ཐམས་ཅད་བསྒོམས་ལས་འདས། །རྟོག་དང་མི་རྟོག་རྣམ་སྤངས་པ། །འདྲེན་དང་ཚིག་ལས་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱ། ཞེས་གསུངས་པ་དང༌། སྤྱོད་བསྡུས་ཆག་འགྱུར་ལས་ཀྱང༌། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་ཟླ་གསང་ནོར་བུའི་ཐིག་ལེར་ཡང༌། ཡན་ལག་ཀུན་བསྒོམས་ལས་འདས་ཤིང༌། །བརྟགས་པའི་རྟོག་པ་སྤངས་པ་དང༌། ཞེས་ཚིགས་བཅད་གཅིག་དྲངས་པའི་འཕྲོ་ལ། སེམས་ཅན་ཐམས་ཅད་འཇུག་པ་གང༌། ཞེས་སོགས་ཀྱི་ཚིགས་བཅད་གཅིག་དྲངས་པ་རྣམས་ཕལ་ཆེར་འདྲ་བར་སྣང་ན་ཡང༌། རྒྱུད་འདིས་བཤད་རྒྱུད་གཞན་གྱིས་རྩ་རྒྱུད་ཀྱི་དོན་རྩལ་དུ་བཏོན་ནས་འཆད་པ་དང་རིགས་མཚུངས་པའི་


JLD004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ཚུལ་མི་སྣང་བས། འགྲེལ་པ་མཛད་པས་འདི་ལ་དགོངས་པ་མིན་པ་འདྲ་སྟེ་དཔྱད་པར་བྱའོ། །ཁ་དོག་དང་དབྱིབས་སུ་སྣང་བའི་རྟེན་དང་བརྟེན་པའི་ལུས་ཀྱི་ཡན་ལག་ཀུན་བསྒོམས་པ་ལས་འདས་ཤིང༌། དེ་ཡང་རྟོག་པས་བཏགས་པ་རྣམས་ཀདང་རྟོག་མེད་ཁ ཀྱིས་བསྒོམ་པ་རྣམ་པར་སྤངས། །པ་དང་གུག་སྐྱེད་ནི་འདིར་ཕྱི་མོའི་ཡི་གེ་དང༌། དེ་རྣམས་ལ་བརྒྱན་པའི་ཐིག་ལེ་རྟེན་དང་བརྟེན་པ་སྐྱེད་པའི་ས་བོན་ལས་ཀྱང་འདས་པ། །སྟེ། གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདེ་ཆེན་འོད་གསལ་གྱི་ཡེ་ཤེས་འདི་ནི་དཀྱིལ་འཁོར་མཆོག་སྟེ། ངེས་དོན་གྱི་དཀྱིལ་འཁོར་ཡིན་ནོ། ཞེས་གསུངས་ཏེ། ངེས་པའི་དོན་ཏོ། །འདི་སྤྱོད་བསྡུས་ལས་ཀྱང་འོད་གསལ་གྱི་དཀྱིལ་འཁོར་ལ་བཤད་ལ། འདིར་ཡང་དེ་ལ་བཤད་པའི་ཁུངས་ཡིན་པས་དཀྱིལ་འཁོར་གཞན་ལ་མི་སྦྱར་རོ། ༈ །སྒྲོན་མ་གསལ་པར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཞི་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །སྔར་བཤད་པའི་རིམ་པ་གཉིས་རྟོགས་ཤིང་སྟེ། ཐོབ་ཅིང་དབང་བསྐུར་བ་ཐོབ་པས་ཀྱང་སྤྱོད་པ་གསུམ་གང་རུང་ལ་སློབ་པ་དང་བྲལ་བས་ནི་ཚེ་འདིར་མཆོག་འགྲུབ་པར་མི་འགྱུར་རེ། ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་པའི་རྒྱལ་པོ་ནི་ཁམས་གསུམ་གྱི་བདག་པོའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ས་


JLD004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འོག་དང་ས་སྟེང་དང་མཐོ་རིས་ལྷའི་འཇིག་རྟེན་རྣམས་སུ་རྗེས་སུ་སྟོན་པར་མཛད་པས་ན་གནས་ཀྱི་དབང་ཕྱུག་གོ །ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་དང༌། ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་འདས་པ་རྣམས་རྫུ་འཕྲུལ་ལ་སོགས་པས་ཟིལ་གྱིས་གནོན་པར་མཛད་པས་ཀུན་མཆོག་གིས་སོ། །བདག་དང་གཞན་གྱི་དོན་དེ་རྣམས་ཀུན་གྱི་ཐབས་སྒྲུབ་པའི་ཚོགས་ཀྱི་སྤྱོད་པ་ནི་སྤྱོད་པ་ཀུན་ཏེ། བདག་གཞན་ཐམས་ཅད་ཀྱི་ཕྱིར་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །མཆོག་གི་ཆོས་ཀྱང་ཡིན་ལ་དོན་ཡང་ཡིན་པས་མཆོག་གི་ཆོས་ཀྱི་དོན་ཏེ། རྡོ་རྗེ་འཆང་ཆེན་པོ་སྤྱོད་པ་ཐམས་ཅད་ཀྱིས་ཐོབ་པར་བྱ་བ་གང་ཡིན་པ་དེ་ལ་ནི་མཆོག་གི་ཆོས་ཀྱི་དོན་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པས་སོ། །དེའི་དོན་དུ་སྤྲོས་པ་དང་བཅས་པ་དང༌། སྤྲོས་པ་མེད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པ་སྟེ། སྤྱོད་པ་རྣམ་པ་གསུམ་པོ་འདི་ལ་སྤྱད་པས་ན་སྤྱོད་པའོ། །དེའི་མཚན་ཉིད་ནི་རང་གི་ངོ་བོ་ཉིད་དེ་བཀའ་སྩལ་པ་སྟེ། སྒྲ་ཇི་བཞིན་པའོ། ༈ །རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་མི་རྟོག་པ་ནི་དོན་དམ་པའི་བདེན་པ་རྟོག་པའི་འོད་གསལ་གྱི་ཡེ་ཤེས་སྟེ་ཟབ་པའི་མཚན་ཉིད་དོ། །དོན་ནི་བསྒྲུབ་བྱའི་དོན་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་སྟེ། རྒྱ་ཆེ་པའི་མཚན་ཉིད་དེ། གཉིས་པོ་དེ་དག་གཉིས་སུ་མེད་པའི་རྣམ་པས་ཡང་དག་པར་བསྒོམས་པ་གང་ཡིན་པ་དེ་ནི། རྣམ་པར་མི་


JLD004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་དོན་ལས་བྱུང་ཞེས་བྱ་བའོ་སྟེ། ལམ་འདིའི་རྣལ་འབྱོར་པ་དེ་ནི་འདོད་ཆགས་ལ་སོགས་པ གསུམ་གྱི་རིགས་ཀྱི ས་རྒྱུད་འཁྲུགས་ཀྱང་ཐེག་པའི་མཆོག་སྟེ་རྡོ་རྗེ་ཐེག་པ་ཁྱད་པར་པ་འདི་ནི་ཉན་རང་ཕར་ཕྱིན་གྱི་ཐེག་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ན་བླ་ན་འམ་གོང་ན་མེད་པ་སྟེ། རྣལ་འབྱོར་རྒྱུད་མན་ཆད་གཞན་རྣམས་ལས་ཕུལ་དུ་བྱུང་ཞེས་བྱ་བ་ནི་བླ་ན་མེད་ཅེས་པའི་ཚིག་གི་ལྷག་མ ཁོང་ན་གནས་པ། །ཐེག་པ་དེ་ལ་བརྟེན་ནས་དངོས་གྲུབ་རབ་མཆོག་ནི་ཕུལ་དུ་བྱུང་བའི་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོའི་སྟེ། མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་ཅིང་སྐྱེད་པར་བྱེད་པ་སྟེ། དགོངས་པ་མ་ཡིན་པའོ། །འདིས་ནི་རྡོ་རྗེ་ཐེག་པའི་ཆེ་བ་སྟོན་ཏེ། རྡོ་རྗེ་ཐེག་པ་གོང་ན་མེད་པའི་ཁྱད་པར་བ་ལ་བྱའོ། །འདིར་འགྲེལ་པས་དགོངས་མིན་དུ་བཤད་པ་མི་འཐད་དེ། ལུང་སྟོན་ལས། ཆགས་སྡང་གཏི་མུག་གསུམ་རིམ་པ་བཞིན་དུ། རླུང་ལྡང་འཇུག་གནས་གསུམ་ལ་བཤད་པས། དེ་ལ་དྲང་ངེས་ཀྱི་བཤད་པ་བྱ་དགོས་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། དྲང་ངེས་ཀྱི་བཤད་དགོས་པ་དང་དགོངས་མིན་དུ་འཆད་པ་གཉིས་མི་འགལ་བའི་ཕྱིར་རོ། ༈ །ཆོས་རྣམས་ཀྱི་རང་བཞིན་ཡིན་ལུགས་ལྷན་སྐྱེས་ཀྱི་བདེ་བས་ཡོངས་སུ་ཤེས་པ་ཉིད་ཚེ་འདིར་འཚང་རྒྱ་བའི་རྒྱུ་ཡིན་གྱི། སྐྱེ་གནས་ཀྱིས་སྨད་པ་རིགས་དན་པ་དང་ལ་སོགས་པ ས་བསྡུས་པ་ལས་ཀྱིས་སྨད་པ་ནི་ཚེ་འདིར་འཚང་མི་རྒྱ་བའི་རྒྱུ་མཚན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།


JLD004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ངན་ཞེས་བྱ་བ་ནི་སྐྱེ་གནས་ཀྱི་སྨད་པ་ཉིད་དུ་བསྟན་པའོ། །སྨིག་མ་མཁན་ཞེས་བྱ་བ་ནི་ལས་ཀྱིས་སྨད་པའོ་སོ། །སོགས་པའི་སྒྲ་ནི་ལྷམ་མཁན་ལ་སོགས་པ་ལས་གཞན་དག་གིས་ཀྱང་སྨད་པའོ་སོ། །གསོད་དོན་དོན་གཉེར་སེམས་པ་རྣམས་ནི། རླུབས་ནི་དོང་ངོ་དང་ས་མདའ་ལ་སོགས་པའི་འཁྲུལ་འཁོར་དང༌། རལ་གྲི་ལ་སོགས་པའི་མཚོན་ཆ་དང༌། ཉ་དང་རི་དྭགས་ཀྱི་རྒྱ་ལ་སོགས་པ་སྟེ། དེ་རྣམས་ནི་སེམས་ཅན་ལ་འཚེ་བ་རྣམས་ཀྱིས་དོན་ཏེ། རང་གི་དགོས་པ་བསྒྲུབ་པར་བྱེད་པའི་ཐབས་སུ་སེམས་པས་ན་སྲོག་ཆགས་གསོད་པའི་དགོས་པའི་དོན་དོན་དུ་གཉེར་བ་རྣམས་ཞེས་བྱའོ། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། ཞེས་བྱ་བ་ནི། རྡོ་རྗེ་ཐེག་པ་ནི་ཐེག་པ་ཆེན་པོ་བླ་ན་མེད་པའོ། །མཆོག་ནི་རིན་པོ་ཆེའི་གང་ཟག་སྟེ། གང་ཟག་དེ་བླ་མེད་ཀྱི་ཐེག་པ་འདི་ཉིད་ཀྱིས་འགྲོ་བས་ན་ཐེག་པ་མཆོག་སྟེ། ཐེག་པ་འདི་ལ་བརྟན་ནས་ཚེ་གཅིག་གིས་མཆོག་འགྲུབ་པར་འགྱུར་བའོ། ༈ །སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ།མཚམས་མེད་གཉིས་གཞུང་གཞན་དང་མི་མཐུན་པར་མཛད་པ་ནི། མཚམས་མེད་ཀྱི་ལས་བྱས་པས་ཀྱང་ཚེ་འདིར་མཆོག་འགྲུབ་པ་ཅིག་ཡོད་པར་བསྟན་པ་ནི། ཤས་ཆེར་རྒྱལ་བ་མྱ་ངན་ལས་འདའ་ཚུལ་བསྟན་པའི་འོག་ཏུ་ཡིན་ལ། དེའི་ཚེ་དེ་བཞིན་


JLD004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་དང༌། མཚམས་མེད་ཀྱི་འཁོར་ལོའི་དབྱེན་མི་འབྱུང་བས། དེ་གཉིས་ཀྱི་དོད་གཞན་འབྱུང་གཉིས་བཤད་དོ། ཞེས་གསུངས་པ་ལྟར་རམ། ཡང་ན་མཚམས་མེད་ཀྱི་གྲངས་དེ་ལྟར་གསུངས་པ་ཡང་ཡོད་པ་མངོན་ནོ། །པ་ཚབ་ཀྱིས། དགྲ་བཅོམ་གསད་པའི་ངང་ལ། དགེ་སློང་གསོད་པ་ཞེས་བསྒྱུར་ཡང༌། འགྱུར་རྙིང་དང་ཆག་འགྱུར་ལྟར་བྱའོ། །ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང༌། སངས་རྒྱས་ཀྱི་སྐུ་གཟུགས་འཇིག་པ་དང༌། དམ་པའི་ཆོས་སྤོང་བ། ཞེས་བྱ་བའི་ལས་ལྔས་ནི་འཆི་བའི་དུས་བྱས་ལ་ཐག་ཏུ་དམྱལ་བར་ལྟུང་བར་འགྱུར་བས་ན་མཚམས་མེད་པ་སྟེ།འདི་ལ་པ་ཚབ་ཀྱི་འགྱུར་ལས། རྩ་བར་མཚམས་མེད་ལ་སོགས་སེམས་ཅན། ཞེས་དང༌། འགྲེལ་པར། འདིར་མཚམས་མེད་པའི་སྒྲ་ནི། བཏགས་པས་དེ་དག་རྣམས་ལ་འཇུག་ཞེས་འབྱུང་བ་འགྲེལ་པའི་བཤད་པ་ལ་འཇུག་ཚབས་ཆེ་སྟེ་གོ་སླའོ། །ཉེ་བར་མཚོན་པ་འདིས་ན་མཚམས་མེད་པ་ཞེས་བྱ་བའི་སྒྲ་ནི་དེ་བྱེད་པ་ལ་འཇུག་གོ །སོགས་པ་ཞེས་བྱ་བའི་སྒྲ་ནི་མཚམས་མེད་པ་དང་ཉེ་བ་ལྔ་རྣམས་གཟུང་སྟེ། དེ་ནི་མཛོད་ལས། མ་དགྲ་བཅོམ་པ་སུན་བྱས་དང༌། །བྱང་ཆུབ་སེམས་དཔའ་ངེས་གནས་དང༌། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། ཞེས་གསུངས་པ་ལྟར་རོ། །ངོ༌། །སྡིག་པ་ཆེན་པོ་བྱེད་པ་ཞེས་བྱ་བ་ནི། དགེ་སློང་གི་རྩ་བ་བཞིའི་ལྟུང་བ་བྱུང་བས། ཏ་ལ་མགོ་བཅད་ན་མི་འཕེལ་ཞིང་སྐམ་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ལས་ཉམས་ནས། སེམས་ཅན་དམྱལ་བ་ལ་གཞོལ་བ་སྟེ། དེ་རྣམས་ཀྱང་འདུས་པ་འདིར་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་ཁྱད་པར་ཅན་རྣམས་ཐོབ་


JLD004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ནས། འགྲུབ་པར་འགྱུར་ཞིང་སྟེ། རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་འགྱུར་ན། མཚམས་མེད་དང་རྩ་ལྟུང་མ་བྱས་པའི་རིགས་ངན་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ལས་སྒྲིབ་ཆེན་པོ་དེའི་ཉེས་པ་ལས་འདའ་བ ར་སྟོན་པ། །དེ་ལྟར་དེ་རྣམས་ལས་བཟློག་པ་རྣམས་ཚེ་འདིར་མཆོག་འགྲུབ་པའི་སྣོད་དང༌། དེ་རྣམས་སྣོད་མ་ཡིན་པ འོ་ཞེས་སོ་སོར་ངེས་པ་དེ་ལ་ལྟོས་པ་མེད་པར་དོན་མཛད་པས་ན། གཞུང་དེ་རྣམས་ཀྱིས་བླ་མེད་ཀྱི་ཐེག་པའི་ཆེ་བའི་བདག་ཉིད་གསལ་བར་སྟོན་པ་ཡིན་ནོ། ༈ །དེ་ལྟར་སྐྱེ་བོ་མཚམས་མེད་ལ་སོགས་པའི་སྡིག་པ་ཅན་གྱི་ལས་སྒྲིབ་མ་ལུས་པ་རྣམ་པར་སྦྱོང་བ་ནི། བླ་མེད་ཀྱི་རྡོ་རྗེ་ཐེག་པ་ཡིན་པས་གང་ཟག་འགའ་ཞིག་གལ་ཏེ་རྡོ་རྗེ་སློབ་དཔོན་ལ་འཁུ་བ་ཡང་ཚེ་གཅིག་གིས་མཆོག་འགྲུབ་པར་འགྱུར་རོ་ཞེས་རྟོག་པར་འགྱུར་ཏེ། དེ་བས་ན་དེ་མི་སྲིད་དོ་ཞེས་དགག་པའི་ཕྱིར་སྙིང་ནས་སློབ་དཔོན་སྨོད་པ་དག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་སློབ་དཔོན་ལ་བསྙེན་བཀུར་བྱས་ཏེ། ཐོས་པ་དང་བསམ་པའི་རིམ་གྱིས་ཐེག་པ་འདིའི་ལམ་གྱིས་དེ་ཁོ་ན་ཉིད་རྟོགས་ནས། དེའི་རྗེས་སུ་ད་ནི་འདིས་བདག་ལ་ཅི་ཞིག་བྱ་ཞེས་གང་བླ་མ་ལ་བཀུར་བའི་གནས་དམ་པར་མི་མཛིན་པར་བརྙས་པར་བྱེད་པ་དེ་ནི་སློབ་དཔོན་ལ་སྨོད་པ་སྟེ། སྨོད་པ་དེ་དང་ལྷན་ཅིག་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཀུན་ཏུ་དགའ་བར་བྱེད་པ་གང་ཡིན་པ་ཡང་སློབ་དཔོན་ལ་སྨོད་པ་དང་འདྲ་སྟེ། དེས་ཀྱང་ཡང་འགྲུབ་པར་མི་


JLD004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། སློབ་དཔོན་ལ་སྙིང་ནས་སྨོད་པ་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཏེ། ནམ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་བླ་མ་ལ་བརྙས་པའི་རྩ་ལྟུང་བྱུང་བས་ཀྱང༌། འགྱོད་པ་དྲག་པོ་སྐྱེས་ནས། སླར་ཡང་དཀྱིལ་འཁོར་དུ་ཞུགས་ཏེ་དམ་ཚིག་དང་སྡོམ་པ་ལེགས་པར་བཟུང་ཞིང༌། དབང་བསྐུར་བ་རྫོགས་པར་བླངས་ཏེ། ཕྱིས་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་བ་སོགས་ཀྱི་ཉེས་པ་དག་པའི་ཐབས་བྱས་ན། ངན་འགྲོར་སྐྱེ་བ་འགོག་ནུས་ཀྱང་ཚེ་འདིར་དངོས་གྲུབ་མཆོག་འགྲུབ་མི་སྲིད་དེ། འདི་ནི་གསུང་རབ་ནས་སྡིག་པའི་མཐར་ཐུག་ཏུ་བཤད་པས། གནས་འདི་ལ་གཟབ་པར་བྱའོ། །ངེས་པར་མཛད་པའོ། །འདིར་པ་ཚབ་ཀྱིས་བསྒྱུར་བའི་རྒྱུད་ལས། སློབ་དཔོན་སྨོད་དང་གཞན་རྣམས་ཀྱིས། །སྒྲུབ་ལ་འགྲུབ་པར་མི་འགྱུར་ཉིད། ཅེས་འབྱུང་ཞིང༌། འགྲེལ་པར་ཡང༌། གང་དག་དེ་དང་ལྷན་ཅིག་ཟང་ཟིང་ལོངས་སྤྱོད་པ་དག་གིས་ཀུན་ཏུ་དགའ་བར་བྱེད་དོ། །རེ་ཤིག་སློབ་དཔོན་ལ་སྨོད་པར་བྱེད་པ་ལས། གཞན་རྣམས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་ན། སློབ་དཔོན་སྨོད་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། མི་འགྱུར་ཉིད་ཅེས་བྱ་བས་ནི་ནམ་ཡང་འགྲུབ་པར་མི་འགྱུར་བ་ཁོ་ནའོ་ཞེས་ངེས་པར་འཛིན་ཏོ། ཞེས་བླ་མ་ལ་སྨད་པ་དང་ལྷན་ཅིག་ཟང་ཟིང་གིས་དགྲའ་བར་བྱེད་པའི་གྲོགས་པོ་བླ་མ་ལ་སྨོད་པ་ལས་གཞན་པས་ཀྱང་མི་འགྲུབ། ཅེས་རྒྱུད་འདི་ཉིད་ཀྱི་དོན་དུ་འཆད་པ་དང༌། རྐང་པ་གཉིས་པའི་ཐ་མའི་ངེས་གཟུང་གི་དོན་དུ་འཆད་པ་འགྱུར་ཤིན་ཏུ་ལེགས་པར་སྣང་ངོ་། འགྲུབ་པར་མི་འགྱུར་པ་སྡིག་པ་ཐམས་ཅད་བྱེད་པ་ཡང་ལམ་གང་དུ་འགྲུབ་པར་འགྱུར་བ་གསང་བ་འདུས་པ་ཉིད་སྟེ། ཁོ་ན་སྒྲུབ་པར་


JLD004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་ན་དེ་ལ་ཡང་འགྲུབ་པར་མི་འགྱུར་ན། གཞན་དག་ཏུ་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ཀྱང༌། སློབ་དཔོན་སྨོད་པར་བྱེད་པ་དག །དངོས་སུ་མ་ཟད་རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང༌། །བ་སྟེ། འཛིན་པས། ངན་པ་གཏུམ་པོ སྟེ། མི་བཟད་པ་དྲག་པོ འི་ལས་བྱེད་པ། །སྟེ། མཁའ་པས་རྟག་ཏུ་སྤང་པར་བྱ། ཞེས་གསུངས་ཏེ།བློས་སྤོབ་བ་མིན་གྱི། དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་བྱ་བ་གཏན་ནས་སྤང་ངོ༌། །སྒྲ་ཇི་བཞིན་པའོ། ༈ །ཤོ་ལོ་ཀ་ཕྱེད་དང་བཞིས་རྒྱུད་ཀྱི་རྒྱལ་པོ་འདུས་པ་ཐེག་པ་དང༌། རྒྱུད་སྡེ་གཞན་ལས་ཁྱད་པར་སྙིང་ནས་ཞེས་པ་གཉིས་ཀྱིས་བླ་མ་ཞིང་ཁྱད་པར་ཅན་དུ་བསྟན་པ་ཡང་ཐེག་པ་འདིའི་བླ་མ་ཡིན་པའི་གནད་ཀྱིས་ཡིན་པས་རྒྱུད་ཀྱི་ཆེ་བར་འགྱུར་རོ། །དུ འཕགས་པར་གྱུར་པར་བསྟན་ནས། ཁ སྒྲ་འགལ་བས་གསུངས་པའི་དགོས་པ་ནི། སྒྲ་དྲང་ཐད་དུ་གསལ་པོར་བསྟན་ན་སློབ་དཔོན་མེད་པར་རྒྱུད་ལ་རང་དགར་འཇུག་པར་འགྱུར་པས། དེར་མ་གྱུར་ཅིག་སྙམ་དུ་དགོངས་པས་སློབ་དཔོན་ལ་རག་ལས་པར་བྱ་བའི་ཕྱིར་དུ་སྲོག་གཅོད་པའི་སེམས་ཅན་གང༌། ཞེས་པ་ནས། དེ་དག་སྒྲུབ་པའི་སྣོད་དུ་འགྱུར། ཞེས་པའི་བར་གྱིས་སྲོག་གཅོད་དང༌། རྫུན་སྨྲ་སོགས་བཞི་བྱེད་བ་དང༌། བཤང་གཅི་ཟ་བ་རྣམས་ལམ་སྒྲུབ་པའི་རྟེན་དུ་བསྔགས་སོ། །ཀའཇིག་རྟེན་དང་འགལ་བའི་ཚིག་གིས་སྲོག་གཅོད་པ་སོགས་ལ་སྤྱོད་པའོ་ཟབ་དོན་ཁྱད་པར་ཅན་བསྟན་པའི་ཕྱིར་སྲོག་གཅོད་པ་ཡི་


JLD004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ག སྲོག་གཅོད་ཞེས་སོགས་འདིའི་དོན་ནི་གང་ལ་དགོངས་ནས་གསུངས་པའི་བཤད་པའི་རྒྱུད་ལུང་སྟོན་ལས་གསུངས་ཏེ་འོད་གསལ་དུ་འཇུག་པའི་ཐབས་གང་གིས་ཕུང་སོགས་དངོས་པོ་མེད་པ འོད་གསལ་དུ་འཇུག་པར། སྤྲོས་པ་ཞི་བ་ལ་གནས་ལ་གོམས་པ་ལས་བྱུང་བའི་སེམས་ཀྱིས་སྲོག་ཅེས་གྲགས་པའི་རླུང་གི་རྒྱུལ་གཅོད་པའི་སྒོ་ནས་བྱས། །པ། དེ་ནི་སྲོག་གཅོད་བྱེད་པ་ཞེས་བྱ་བ་སྟེ། །དེ་ཡང་ཐེག་པའི་མཆོག་བླ་མེད་ལ་གནས་པ་རྣམས་ཀྱི་ཡིན་ནོ། །རྟེན་འབྱུང་ལ་དེ་ཁོ་ནར་ཕྱི་ནང་གཉིས་མེད་ཀྱང་ནང་གི་དང་དེ་བཞིན་དུ་ཕྱི་རོལ་དག །གི་རྟེན་འབྱུང་གཉིས་སུ་སྟོན་པ་ནི། །བརྫུན་པ་སྒྱུ་མ་ལྟ་བུ་སྨྲ་བ་ཡིན་པས་དེ་ལ་ནི་བརྫུན་དུ་སྨྲ་བ་ལ་དགའ་བ་ཞེས་བྱ་སྟེ། །དེ་ཡང་མཚན་འཛིན་གྱི་དམིགས་གཏད་ཀྱི་གནས་མེད་པའི་དེ་ཁོ་ན་ཉིད་ལ་གནས་པའི་རྣལ་འབྱོར་པའོ། །རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་གང༌། །ཡིན་པ་དེ་ནི་བླང་བྱའི་རྫས་སུ་ཤེས་པར་བྱ་སྟེ། །ད་མ་བྱིན་པར་འཕྲོག་པ་སྟེ། ལེན་པའི་ངང་ཚུལ་གང་ཡིན་པ། །ནི་གཞན་གྱི་ནོར་ལ་ཆགས་པ་ཞེས་བྱ་བ ར་འདོད་དོ། །རྣལ་འབྱོར་པ་གང་ཞིག་དེ་ཁོ་ན་ཉིད་ཀྱི་དངོས་པོ་སྟེ། །རང་བཞིན་གཅིག་པ། །སྟེ། དབྱེར་མེད་པའི་དེ་བཞིན་ཉིད་ལ་ཡིད་རྟག་ཏུ་སྦྱོར་བའི། །སེམས་ཅན་དེ་དང་དེ་ནི་ཆོས་ཀྱི་དབྱིངས་ཀྱི་བུ་མོ་ལ་སྤྱོད་པས་རྟག་ཏུ་འདོད་པ་སྤྱོད་པ་ལ་དགའ། །བ་སྟེ། ཁ


JLD004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཀ་མཚོག་ལ་དམ་པར་ཏེ། མཆོག་ཏུ་འགྱུར་རོ། །རང་བཞིན་མེད་པའི་སྟོང་ཉིད་ཀྱིས་སྐྲག་པས་བདེན་འཛིན་གྱི་གཏི་མུག་གིས། །ཞེན་པའི་ཞེས་གཉིས་ཀ་ལ་སྦྱར་ལ་དེ་འདྲ་བའི་ཡུལ་ནི་བཤད་པ་ཞེས་གྲགས་པས་ཏེ། །བཤད་ཅིང༌། དབང་པོ་ནི་གཅི་བ་ཞེས་བྱ་ང་ནི་སྔར་བཤད་ཟིན་ཏེ། སྐབས་གཞན་དུ་ཡང་དྲན་པར་བྱའོ། །ལ། །ཡུལ་དབང་གི་སྣང་བ་དང་དེ་དག་ཏུ་ཞེན་པ་འོད་གསལ་དུ་ཞི་བ་ནི། བཤང་གཅི་ཟ་བ་ཡིན་ནོ། །དོན་དེ་རྣམས་ལ་དགོངས་ནས་ཐེག་པ་ཆེན་པོའི་ཆོས་མཆོག་བླ་ན་མེད་པ་འདིར། །སྲོག་གཅོད་བྱེད་པ་སོགས་ལྔ་པོ་དེ་དག་ལམ་འདི་སྒྲུབ་པའི་སྣོད་དུ་འགྱུར་རོ། །ཞེས་བྱ་སྟེ།ཞེས་ལམ་གྱི་རྟེན་དུ་བསྔགས་ཀྱི། དངོས་ཟིན་ལྟར་བྱེད་པ་ལམ་འདི་སྒྲུབ་པ་ལ་དགོས་ཞེས་སྟོན་པ་མ་ཡིན་ནོ། །འདི་ནི་དགོངས་པས་བཤད་པའོ། ༈ །སྔར་ཐེག་པ་འདིར་མཆོག་མྱུར་དུ་འགྲུབ་པར་གསུངས་པའི་མྱུར་ཁྱད་ནི། བདེ་བ་ཆེན་པོས་སྟོང་ཉིད་སྒོམ་པ་ཡིན་ལ། དེའི་བདེ་བ་འདྲེན་པའི་ཐབས་གཉིས་ལས། ནང་གི་ཐབས་ནི་སྔར་བཤད་ཟིན་པས་འདིར་ཕྱག་རྒྱ་ལ་བརྟེན་པའི་ཐབས་ནི། མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཉིད་སྤྱོད་པ་དང་པོ་གཉིས་ཀྱི་སྐབས་ཀྱི་ལས་རྒྱ་ལ་འདི་འདྲ་བས་དེར་ཡང་སྦྱར་རོ། །་ལ། མ་ཞེས་བྱ་བ་ནི་མ་དང་འདྲ་བར་སྒྲུབ་བ་པོ་དང་སེམས་ཤིན་ཏུ་རྗེས་སུ་མཐུན་པའི་ཕྱག་རྒྱ་མ། །སྲིང་མོ་དང་བུ་མོ་ཞེས་པ་ཡང་སྔར་བཤད་པ་དེ་བཞིན་ཏེ་། །དེས་ན་མ་ལྟར་བྱམས་པ་དང༌། སྲིང་མོ་ལྟར་བརྩེ་བ་དང༌། བུ་མོ་ལྟར་གདུང་སེམས་ཆེ་བ་དང༌། འདྲ་བའི་སྒོ་ནས་མ་དང་སྲིང་མོ་དང་


JLD004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་ཞེས་བཤད་ཀྱི་དེ་དག་དངོས་མ་ཡིན་ནོ། །གསུམ་པོ་འདི་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་པ་རང་རང་གི་རིགས་ཀྱི་བུད་མེད་མི་བསྐྱོད་པའི་རིགས་ལ་སྨེ་ཤ་ཅན་དང༌། རྣམ་སྣང་གི་རིགས་ལ་བཙོ་བླག་མཁན་ལ་སོགས་པ་བླངས་ལ་རྫོགས་རིམ་ཁྱད་པར་ཅན་ཐོབ་པ་རྣམས་ལ་ནི་རིགས་སོ་སོའི་ངེས་པ་མེད་དོ། །བསྒྲུབ་པའི་ཐབས་མདོར་བྱས་ལས་བཤད་པའི་རིམ་པས་སྤྱི་བོ་ལ་སོགས་པར་རིགས་ལྔ་དགོད་པ་བྱས་ལ་སྒྲུབ་པ་པོ་གང་གིས་འདོད་པ་སྤྱད་པས་ནི་མཉེས་པར་བྱས་ན་ཐབས་དེ ས་དངོས་གྲུབ་རྒྱ་ཆེན་པོ་འཐོབ་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཞེས་བྱ་བ་མཆོག་གི་ཆོས་གང་ལ་ཡོད་པ་གང་ཡིན་པ་དེ་ནི། ཐེག་ཆེན་མཆོག་གི་ཆོས་ཉིད་ཏེ་དེའི་ནང་དུ་དངོས་གྲུབ་རྒྱ་ཆེ་ཞིང་སྟེ་མཆོག་ཏུ་གྱུར་པ་སྒྲུབ་པ་པོ་དེས་འཐོབ་པར་འགྱུར་གྱི་སྒྲུབ་པ་པོ་དང་རྗེས་སུ་མི་མཐུན་པའི་སེམས་དང་ལྡན་པའི་ཕྱག་རྒྱ་མ་དང་མཉམ་པར་སྦྱོར་བས་ནི་ངེས་པར་ཏེ་གདོན་མི་ཟ་བར་སེམས་རྣམ་རྟོག་གི་དབང་དུ་འགྲོ་བའི་གཡེང་བ་སྐྱེ་བར་འགྱུར་བས་ཕྱག་རྒྱར་མི་བྱའོ། །དེས་ན་སེམས་ཤིན་ཏུ་བརྩེ་བའི་ཕྱག་རྒྱ་དགོས་ལ་རོ། །རྗེས་སུ་མཐུན་པ་དེ་ཡང་སྐྱེ་བ་འདིར་མ་ཟད་སྐྱེ་བ་གཞན་དག་ཏུ འང་དེ་དག་དང་ཡིད་གཅུགས་པར་གྱུར་པ་ལས་རྗེས་སུ་མཐུན་པར་འགྱུར་རོ། ༈ །ཁལྷར་སྒོམ་པ་དང་དམ་ཚིག་སྲུང་བ་སོགས་ཀྱི་སྔགས་དང་འཁྲིག་ཐབས་རེ་བཞི་སོགས་སྟོན་པའི་རྒྱུད་ལ་སོགས་པ་ལ་ལེགས་པར་བསླབ་པའི། །འགྱུར་


JLD004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གཉིས་ཀ་ལའོ་ཞེས་པ་མེད་པ་ལེགས་སོ། །ཀགལ་ཏེ་གསྒྲུབ་པ་པོ་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་མ་མ་རྙེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། སངས་རྒྱས་གཙོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་འཆར་བའི་གནས་དམ་པ་སྙིང་ག་ཡིན་པས་རང་གི་སྙིང་ཁ་ལ་གནས་པ་དེའི་ངོ་བོར་མོས་པའི་རང་རིགས་ཀྱི་བུ་མོ་དེ་ནས་ཕྱུང་ལ། སྐབས་ཀྱི་ཡུམ་གང་ཡིན་དུ་བྱས་པ་དེ་དང་ལྷན་ཅིག་སྙོམས་པར་འཇུག་པར་བྱས་པས་བདེ་ཆེན་བསྐྱེད་པར་བྱ་སྟེ། དེ་སྐད་དུ་ཡང་སྙིང་ལ་གནས་པའི་ལྷ་མོ་ཆེ། །རྣལ་འབྱོར་པ་ཡི་རྒྱུད་ལ་ཐབས་ཤེས་དབྱེར་མེད་ཀྱི་རྣལ་འབྱོར་བསྐྱེད། །པ་ནི་སངས་རྒྱས་ཀུན་གྱི་སྐྱེད་པའི་ཡུམ་དུ་གྱུར་པ། །རྡོ་རྗེ་འཆང་གི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མོར་བཤད། །ལུང་འདིའི་ཁུངས་འདིར་མི་གསལ་ཡང༌། རྡོ་རྗེ་སེམས་དཔའི་སྒྲུབས་ཐབས་ལས་ཐམས་ཅད་གསང་བའི་རྒྱུད་ལས་གསུངས་པར་བཤད་དོ། །ཅེས་གསུངས་ལ། དེ་ཡང་སངས་རྒྱས་ཀྱི་གཙོ་བོའི་ཡུམ་ཡིན་པས་སོ། །མཉེས་པར་བྱས་ཀྱང་ཞེས་བྱ་བ་ནི། མ་དང་སྲིང་མོ་དང་བུ་མོ་དང་འདྲ་བར་ཕན་པར་:པ་ཚབ:ཕན་པར་འདོད་པ་དམ་ཚིག་ཤེས་པ་རྣམས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཟེར། འདོད་པ་དང༌། དེ་ཡང་དམ་ཚིག་ཤེས་པ ར་བྱས་ནས་བསྲུང་བ་དང༌། བཤད་མ་ཐག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་དང་སྦྱོར་བའི་ཐབས་ཀྱིས་ནི། མཆོག་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བར་བྱས་པས་སྟེ། བྱས་ཀྱང་ནི་མི་ཆགས་ཞེས་བྱ་བ་སྟེ། འདོད་ཆགས་ལ་སོགས་


JLD004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉོན་མོངས་པའི་ཉེས་པས་ངན་འགྲོར་འཁྲིད་པ་དང༌། ལམ་ལ་སྒྲིབ་པས་གོས་པར་མི་འགྱུར་བའོ། །འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་ཀྱིས་མ་གོས་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་ཐབས་དེས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་བོ་ཞེས་བསྟན་པའི་ཕྱིར། དེ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་པོ་དེ་ནི་བློ་ནི་འདིར་ཤེས་རབ་ཡིན་ལ་དེ་ཡང་སྐབས་ཀྱིས་ཤེས་རབ་མ་སྟེ་ལེགས་པར་བསླབས་པའི་ཕྱག་རྒྱ་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ། རྣམ་པར་མི་རྟོག་པ སྟེ། ཆོས་རྣམས་ཀྱི་ཡིན་ལུགས་ཀྱི འི་ངོ་བོ་ཉིད་ཤེས་པ་དེས་མཚན་འཛིན་གྱི་རྟོག་པ་འཇོམས་པས་ནི། སངས་རྒྱས་ཉིད་དེ་རྡོ་རྗེ་འཆང་ཆེན་པོ་ཉིད་འགྲུབ་པར་འགྱུར་ཞིང་སྟེ། གོ་འཕང་དེར་བདག་ཉིད་རྫོགས་པར་འགྱུར་བ་སྟེ། དྲང་བའི་དོན་ཏོ། །ཞེས་པ་ནི་མ་སྲིང་སོགས་ཆོས་སྐུ་སོགས་ལ་མ་བཤད་པར། བུད་མེད་ལ་བཤད་པའི་ཆ་ནས་ཡིན་གྱི། འདི་རྣམས་རྫོགས་རིམ་པས་མི་བྱེད་པར་བསྐྱེད་རིམ་པ་ཁོ་ནས་བྱེད་པའི་ཆ་ནས་མ་ཡིན་ནོ། ༈ །སླར་ཡང་ལུང་སྟོན་གྱི་ལུང་གིས་ངེས་དོན་བརྗོད་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་ཡིན་ལུགས་རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་སྐུར་མཚན་ཉིད་གཅིག་པ་སྟེ་མཚུངས་པ་ཡི། །ཁཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་བ་ནི་ཀཡུམ་གམ། །ཁགཉིས་སུ་མེད་པར་ཀདེ་བཞིན་ཉིད་དེ་ཡང་ཡུལ་ཅན་བདེ་ཆེན་དང༌། གསྦྱོར་བས་དངོས་པོ་མེད་པ་ཅེས་བྱ་བ་འོད་གསལ་དུ་འཇུག་པ་ནི་མེད་ལ་འདོད་པ་


JLD004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའོ། །འོད་གསལ་གྱི་རླུང་སེམས་ཙམ་ལས་ཟུང་འཇུག་གི་སྐུར་བཞེངས་པའི་ལོངས་སྤྱོད་རྫོགས་བའི་སྐུ་དང་མཉམ་པ་ཉིད་དུ་ཞུགས་པ་གང་ཡིན། །པའི་འོད་གསལ་དེ་ཉིད་ནི་སྲིང་མོ་ཡིན་པར་འདོད་ཅིང༌། །དེ་ལ་སྤྱོད་པ་ནི་སྔ་མ་བཞིན་ནོ། །རྫོགས་རིམ་པ་རང་རང་གི་ལྷའི་རྣལ་འབྱོར་དང་ལྡན་པ་ཡི། །གསང་སྔགས་ཀྱི་ལྷའི་ལུས་ཀྱི་ཏེ། སྐུ་ཡི་འོད་གསལ་བསྒོམས་པ་གམས་པར་བྱེད་པ་ནི་མ་སྲིང་བུ་མོ་མཉེས་པར་བྱ། །ཞེས་པའོ། །དེ་ལ་ནི་སྒྱུ་ལུས་པའི་ཡེ་ཤེས་ཀྱི་སྐུ་དང༌། ཟུང་འཇུག་པའི་ལོངས་སྤྲུལ་གྱི་སྐུས་མཉེས་པར་བྱེད་པ་གསུམ་མོ། །ཟུང་འཇུག་ལོངས་སྐུའི་རྟེན་གྱི་རྣམ་སྣང་སོགས་ཀྱི་སྤྲུལ་སྐུའི་གཟུགས་ཅན་དུ་སྤྲུལ་ནས་སྒོམ་པའི་འོད་གསལ་ནི་བུ་མོ་ཡིན་ལ། དེ་འདྲ་བ་དེ། སྒྲུབ་པ་པོས་ནི་བསྒོམ་པར་བྱ། །མ་ལ་སོགས་པ་ལ་འདོད་པ་སྤྱོད་བར་གསུངས་པའི་དོན་འོད་གསལ་དུ་འཇུག་པ་ལ་བཤད་ཅིང་དེ་ཉིད་མཉེས་པར་བྱེད་པ་ཡང་ཡིན་པས། འོད་གསལ་གཅིག་ཉིད་སྒོམ་པ་པོའི་རྟེན་གྱིས་ཕྱེ་བའི་༽མ་དང་སྲིང་མོ་བུ་མོ་ནི། གསུམ་པོ་སྔར་བཤད་པ་འདི་འདྲ་བ་རྫོགས་རིམ་པའི་རྣལ་འབྱོར་པས་མཉེས་པར་བྱས། །ན་བླ་མེད་ཀྱི་ཐེག་ཆེན་ཐབས་མཁས་པ་མཆོག་གི་ཆོས་དང་ལྡན་པ་འདི་ཉིད་ལ། །བརྟེན་ནས་དངོས་གྲུབ་རྒྱ་ཆེན་པོ་སྒྲུབ་པ་པོ་དེས་འཐོབ་བོ། །ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིགས་ངན་ལ་སོགས་པ ས་ཚེ་གཅིག་ལ་སངས་རྒྱས་ཉིད་དུ་འགྲུབ་པར་ཐོས་པས་ངོ་མཚར་དུ་གྱུར་ལ། མཚམས་མེད་པ་ལ་སོགས་པ་སྡིག་


JLD004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་རྣམས་ཀྱིས་ཀྱང་ཚེ་གཅིག་ལ་བདེ་བ་ཆེན་པོའི་གོ་འཕང་འཐོབ་པར་ཐོས་པས་ནི་རྨད་དུ་གྱུར་ཏོ། །དེ་ལྟར་ངོ་མཚར་དང་རྨད་དང་ལྡན་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་སྟེ། དེ་ཡང་རྗེས་འཇུག་གི་དོན་དུ་ཡིན་པས། དེ་ནི་པདྨ་དཀར་པོ་ལྟ་བུའི་གང་ཟག་ལ་སོགས་པ་དབང་པོ་བརྟུལ་པོ་བཞི་རྣམས་ཀྱིས། སྲོག་གཅོད་པའི་ཞེས་བྱ་བ་ནས་ལ་སོགས་པ ས་བསྡུས་པ། དེ་དག་སྒྲུབ་པའི་སྣོད་དུ་འགྱུར་ཞེས་པའི་བར་གྱི འི་རྡོ་རྗེའི་ཚིག་རྣམས་སྟོན་པས་དགོངས་པས་བཤད་པ་ལ། སྒྲ་ཇི་བཞིན་པའི་དོན་ལ་ཏེ་དུ་མངོན་པར་ཞེན་པར་གྱུར་པས་མ་འོངས་པ་ན་རྒོལ་པ་མཚོན་པའི་ཕྱིར། སྔོན་བྱུང་ལ་བྱང་སེམས་རྣམས་ཀྱིས་བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པས་རྒོལ་བར་བྱེད་དེ། ཅིའི་སླད་དུ་གསུང་ཞེས་གསོལ་ཏོ། ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ནི་ཚོགས་གཉིས་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་འཕགས་པ ཏེ་དེ་རྣམས་ཀྱི་རྗེ་བོ ར་གྱུར་པ་རྣམས་ཏེ་ཚིག་འདི་གཉིས་ཀྱིས་ནི་ཚིག་ངན་པ་གསུང་བའི་གནས་ཏེ། འོས་མ་ཡིན་པར་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྫོགས་པ་མི་བསྐྱོད་པ་ལ་སོགས་པ་དང་མ་རྫོགས་པ་སྒྲིབ་སེལ་ལ་སོགས་པ་སྟེ། དེ་རྣམས་ཀྱི་འཁོར་གྱི་ཚོགས་ཀྱི་ནང་དུ་སྟེ་དབུས་དེར་ཡང་ཚིག་ངན་པ་གསུང་བ་འདི་མི་རིགས་


JLD004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ངན་པར་གསུངས་པའི་ཚིག་ནི་ཚིག་ངན་པ་སྟེ། སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་འཕགས་པ་སྟེ། དམ་པ་མ་ཡིན་པ་རབ་ཏུ་འཇུག་པའི་ལས་ཀྱི་མཚན་ཉིད་དོ། །དེ་གསུང་བས་ན་གསུང་བ་སྟེ་ཚིག་ངན་པ་ཡང་དེ་ཉིད་ཡིན་ལ་གསུངས་པ་ཡང་དེ་ཉིད་ཡིན་པས་ན་ཚིག་ངན་པར་གསུང་པ་སྟེ། དེ་ཅིའི་ཕྱིར་གསུང་བར་མཛད་ཅེས་བྱ་བའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་གི ས་གསོལ་བ་གསན་པའི་རྗེས་ཐོགས་སུ། དེ་བཞིན་གཤེགས་པ་ཐམས་ཅད་སྟེ། མི་བསྐྱོད་པ་ལ་སོགས་པས་བྱང་སེམས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་བའོ། །ཐོང་ཞེས་བྱ་བ་ལ་སོགས་པ་ལ། ཐོང་ཞེས་བྱ་བ་ནི་ཚིག་ངན་པ་མ་གསུང་ཞེས་ཟེར་བ་ལས་ཟློག་པ་སྟེ། ཁྱེད་རྣམས་ཀྱི་བསམ་པ་ཤེས་ཀྱིས་མང་པོ་སྨྲས་པ ས་ཅི་ཞིག་བྱ་ཞེས་དགོངས་པ་སྟེ། བཅོམ་ལྡན་འདས་ཀྱིས་དོན་གཞན་ལ་དགོངས་པས་ཏེ་ནས་བཤད་པའི་གསུང་ལ་སྒྲ་ཇི་བཞིན་པར་བཟུང་བས་ཏེ་ནས་ཚིག་ངན་པའི་ཞེས་སེམས་པ་འདི་ལྟ་བུ་མ་སྨྲ་བའམ། དེ་སྐད་མ་ཟེར་ཤིག །དེ་ཅིའི་ཕྱིར་ཞེ་ན། སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་དོན་རྟོགས་པར་དཀའ་བ་རྡོ་རྗེའི་ཚིག་ཏུ་གསུངས་པས་དགོངས་གཞི་ཆོས་རྣམས་ཀྱི་དེ་ཉིད་སྔར་བཤད་པ་ལྟ་བུ་གང་གསུངས་པའི་ཆོས་རྣམས་ཀྱི་དེ་ཉིད་རྣམ་པར་དག་པ་འདི་ནི། སངས་རྒྱས་རྣམས་ཀྱིས་བློ་མཆོག་ཏུ་གྱུར་པ་རིན་པོ་ཆེ་ལྟ་བུའི་གང་ཟག་སྙིང་པོ་ཤེས་


JLD004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུངས་ཏེ། ཤེས་བྱའི་སྙིང་པོ་ཆི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཡེ་ཤེས་ཅན་ནི་མྱང་འདས་དེ་ཤེས་ཤིང་ཁོང་དུ་ཆུད་པར་ནུས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྙིང་པོའི་ཆོས་མྱང་འདས་ནི་དོན་དམ་པའི་བདེན་པ དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་སོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་སྟེ། དེ་གཉིས་ངོ་བོ་གཅིག་ཏུ་མི་ཕྱེད་པའི་རྣམ་པས་ཐོབ་པ་ནི་བྱུང་བ་སྟེ། སྙིང་པོའི་ཆོས་ཀྱི་དོན་ལས་བྱུང་བ་ནི་ཟུང་འཇུག་དེ་ཐོབ་པའོ། །སྔར་བཤད་པ་དེ་ལྟར་དགོངས་གཞི་ཁྱད་པར་ཅན་གྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་ལ་དགོངས་ནས་གསུངས་པ་འདི་ནི་གཙོ་བོར་ནི་རིན་པོ་ཆེའི་གང་ཟག་ཉིད་ལ་སྟེ་ཁོ་ནའི་དབང་དུ་བྱས་ནས་སྦྱིན་པར་བྱ་བ་སྟེ། གསུངས་པ་ཡིན་གྱི་པད་དཀར་ལ་སོགས་པ་གཞན་དག་ལ་ནི་མ་ཡིན་ཏེ། སྣོད་ཀྱི་ཁྱད་པར་དེ་ལྟ་བུ་ཡོད་པ་དེ་བས་ན་དོན་གཞན་ལ་དགོངས་པའི་གསུང་གིས་སྟོན་པར་མཛད་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་དགོངས་པ་ཅན་ཡིན་ནོ། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཞེས་བྱ་བ་ནི་རྫོགས་པར་བྱང་ཆུབ་པའི་སྤྱོད་པ ར་གྱུར་པ་ནི་བྱང་ཆུབ་སྤྱོད་པའོ། །དེའི་གནས་ནི་མི་སློབ་པའི་རྡོ་རྗེ་འཆང་ཉིད་དོ། །འདི་ནི་ཞེས་པ་སྔར་བཤད་པའི་ཟུང་འཇུག་འདི་ཉིད་དེ་འདིས་ངེས་པར་རྡོ་རྗེ་འཆང་ཆེན་པོ་ཉིད་འཐོབ་པར་འགྱུར་པས་ན། དེ་ལ་ཡང་འབྲས་བུའི་མིང་བཏགས་ནས་སྤྱོད་པའི་གནས་ཞེས་གསུངས་ཏེ། སྒྲ་


JLD004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་པའོ། ༈ །དེ་ནས་ཡང་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བའི་ཚིག་གཉིས་ཀྱི་དོན་ནི། ལེའུ་དང་པོའི་འགྲེལ་པར་བཤད་ཟིན་ཏོ། །འཇིགས་པ་ནི་སྔར་སྲོག་གཅོད་པ་ལ་སོགས་པ་བྱའོ། །ཞེས་པའི་བྱ་བ་དེ་བྱས་ན་ལས་དེའི་རྣམ་པར་སྨིན་པ་ཚ་བའི་ཕྱིར། འཇིགས་པ་སྐྱེས་པར་གྱུར་ལ། བྱ་བ་མ་ཡིན་པས་ཏེ། བྱ་བ་དེ་མ་བྱས་ན་བཅོམ་ལྡན་འདས་ཀྱི་བཀའ་སྲོག་གཅོད་སོགས་བྱའོ་ཞེས་པ་ལས་འདས་པའི་རྣམ་སྨིན་དམྱལ་བའི་འཇིགས་པས་སྐྲག་པར་གྱུར་ཅིང༌། བྱ་བ་གཉིས་པོ་དེ་གང་བྱ་རྒྱུ་ཡིན་པ་ལ་བློ་རྨོངས་པས་མགོ་ཀུན་ཏུ་འཁོར་བར་གྱུར་ཏོ། །སྲོག་གཅོད་བའི་ཞེས་སོགས་ཀྱི་ཕྱི་ནས་ཏེ། རྗེས་སུ་སྙིང་པོ་ཡེ་ཤེས་ཞེས་སོགས་ཀྱིས་སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ཀྱི་ངེས་པའི་དོན་དེ་བཞིན་གཤེགས་པ་ལས་ཐོས་པས་དགའ་བའོ། །འདིར་པ་ཚབ་དང་ཆག་འགྱུར་ལས། དགའ་བ་དང་གཞན་དབང་གཉིས་སོ་སོར་མ་བཅད་པར་དགའ་བའི་གཞན་དབང་དུ་གྱུར་པས་བརྒྱལ་ཞེས་འབྱུང་བ་ལྟར་བདེའོ། །གཞན་གྱི་དབང་དུ་གྱུར་པས་བརྒྱལ་བར་གྱུར་ཏེ། དགའ་བ་ཆེན་པོ་སྐྱེ་བའི་རྒྱུ་ནི་རྡོ་རྗེའི་ཚིག་དོན་སྔོན་ཆད་མ་རྟོགས་པའི་ཆོས་ཉིད་དེ་དགོངས་པའི་དོན་རྟོགས་པའི་མཐུས་སོ། །བརྒྱལ་ལུགས་ནི་རྟོགས་པའི་དོན་དེ་ལ་ཡིད་རྩེ་གཅིག་ཏུ་གྱུར་པས་དབང་པོ འི་སྒོ་ནས་འཇུག་པའི་ཀུན་རྟག་མ་ལུས་པ་ལྡོག་ཅིང༌། ཕྱིར་འཕྲོ་བ་རྣམས་འགགས་པར་གྱུར་ཏོ་ཞེས་བྱ་བར་དགོངས་ཏེ། དྲང་བའི་དོན་ཏོ། ༈ །བརྒྱལ་བའི་དོན་དྲན་དོན་དུ་བཤད་པ་ལས་སླར་ཡང་ལུང་


JLD004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་གྱི་ལུང་གིས་ངེས་པའི་དོན་དུ་བཤད་པ་འདི་བརྗོད་པར་བྱ་སྟེ། རྩ་བའི་རྒྱུད་ལས་བརྒྱལ་བ་ཞེས་ཡིད་གཞན་དུ་མི་གཡོ་བ ར་གསུངས་པ་འདི་ནི་ཁཤིན་ཏུ་གསང་བ འི་གནས་སུ་གྱུར་པ་སྟེ། ཞེས་པ་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་དང་ཐུན་མོང་མ་ཡིན་པར་བསྟན་ནོ། །གནས་སྐབས་དེར་གཉིས་སྣང་གི་རྟོག་པ་ཕྲ་མོ་ཡང་ཞི་བ་དང༌། དེའི་ཕྱིར་རང་གི་ངོ་བོའི་སྒོ་ནས་མི་འདྲ་བ་དུ་མ་མེད་པས་གཅིག་པུ་དང༌། དེ་ཁོ་ན་ཉིད་རྟོགས་པའི་བདེ་བ་ཀུན་གྱི་ནང་ནས་ལྷན་སྐྱེས་ཀྱི་བདེ་ཆེན་གྱིས་དེ་ཁོ་ན་ཉིད་རྟོགས་པ་མཆོག་ཏུ་གྱུར་པས་བདེ་བའི་མཆོག་དང༌། རྫོགས་པའི་བྱང་ཆུབ་ཚེ་གཅིག་ལ་འཐོབ་པར་བྱེད་པའི། །ཁྱད་པར་རྣམས་དང་ལྡན་པའི་འོད་གསལ་གྱི་ཡེ་ཤེས་འདི་ལ་ནི། །ཀདགོངས་པའི་ཚིག་གི ས་གསུངས་པ་ཡིན་ནོ། །ཞེས་སྦྱར་རོ། །དེ་སྐད་གསུངས་པའི་དགོངས་གཞི་དེ་གང་སྙམ་ན། གའོད་གསལ་དེར་འཇུག་ཚུལ་ཇི་འདྲ་བ་ཞིག་སྙམ་ན་ནམ་མཁའ་ནི་སྟོང་པའོ། །མཐའ་ཡས་ནི་ཐམས་ཅད་ཀྱི་དོན་སྟེ་བསྡུ་ན་ཐམས་ཅད་སྟོང་བ་ཡུལ་ཅན་གྱི་འོད་གསལ་ལོ། །སྦྱོར་བ་ནི་རྣལ་འབྱོར་ཏེ། བསམ་གཏན་གཉིས་སོ། །རྣལ་འབྱོར་དེ་ཡིས། །འོད་གསལ་དུ་འཇུག་པར་བྱེད་དོ། །འོད་གསལ་དུ་གཞུག་རྒྱུ་ནི་གཟུགས་ལ་སོགས་པའི་ཕུང་པོ་དང༌། ས་ལ་སོགས་པའི་ཁམས་དང༌། མིག་ལ་སོགས་པའི་དབང་པོ་མཐའ་ཡས་པ་བཤད་པ་རྣམས་སོ། །དེ་ཉིད་ཀྱང་འབྱུང་བའི་ཚེ་དེ་བཞིན་ཉིད་ཀྱི་ངང་ནས་འབྱུང་ལ་འཇིག་པའི་ཚེ་དེ་བཞིན་ཉིད་ཀྱི་ངང་དུ་འགྲོ་བས་རྒྱུད་སྡེ་རྣམས་ལས་ཕུང་པོ་རྣམས། དེ་བཞིན་གཤེགས་པར་བཤད་ཅིང་དང༌། དེ་བཞིན་དུ་དབང་པོ་རྣམས་


JLD004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔར་བཤད། །པ་རྣམས་སོ། །དེ་ལྟར་མཐའ་ཡས་པར་བཤད་པ་དེ་ཉིད་སྟེ་དེ་རྣམས་ལས་གསལ་དུ་འཇུག་རྒྱུ་མདོར་བསྡུས་པ་འདི་ལྟ་བུ། །ཡིན་ཏེ། ཁདཀྱིལ་འཁོར་ཀ རྣལ་འབྱོར་བ་རང་གི་ལུས་ཀྱི་གགང་ཡིན་པ། །སྟེ། འཇིག་རྟེན་འདི་ན་འཇིག་པ་མི་རྟག་པ་དང༌། ཚོགས་པ་སྟེ། དུ་མ་འདུས་པའི་ལུས་སུ་རྟོག་པ་སྟེ། ཐ་སྙད་བྱེད་པ་དེ་ལ། །བྱའོ། །དེ་འདྲ་བའི་རང་གི་ཕུང་པོ་འོད་གསལ་དུ་ཞུགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་བརྒྱལ་བར་གྱུར་ཞེས་གསུངས་སོ། །གདུལ་བྱ་བློ་དམན་པ་རྣམས་ཀྱིས་དེ་ལྟ་བུ འི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་མྱོས་པ་འདི་མ་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་སྔར་དྲང་དོན་གྱི་སྐབས་སུ་བཤད་པའི་བརྒྱལ་བ་ལ་དེ་བཞིན་གཤེགས་པས་བསྐུལ་བར་མཛད་པ ར་འཛིན་ལ་བློ་མཆོག་དང་ལྡན་པ་རྣམས་ཀྱིས་དང༌། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ན་པོ་རྣམས་ཀྱིས། རང་གི་ཕུང་པོ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས་ཞུགས་པ་ལ་རྩ་རྒྱུད་ལས་བརྒྱལ་བ་ཞེས་ནི་བཤད་པ་ཡིན། །པར་རྟོགས་སོ། ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་བསླང་པར་གསོལ་ཞེས་པའི་བར་དུ་ནི་གོ་སླ་སྟེ། སྒྲ་ཇི་བཞིན་པའོ། ༈ །དེ་ལྟར་བརྒྱལ་བའི་དོན་དྲང་ངེས་གཉིས་སུ་བཤད་ནས། བརྒྱལ་བ་ལས་ལངས་པའི་དོན་དྲང་ངེས་གཉིས་ཀྱིས་འཆད་པའི་དྲང་དོན་ནི་ནམ་མཁའ་


JLD004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྟོང་པ་ཉིད་དོ། །དེ་དང་མཉམ་ཞིང་ནི་དེ་དང་འདྲ་བར་ཡུལ་ཅན་གྱི་ཡེ་ཤེས་གཉིས་སུ་མེད་པར་རོ་གཅིག་ཏུ་ཞུགས་པས་ན་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའོ། །ཡེ་ཤེས་དེ་ཉིད། གཉིས་འཛིན་གྱི་རྟག་པས་མི་ཕྱེད་པས་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཙམ་གྱིས་སོ། །བཅོམ་ལྡན་འདས་ནས་ཞེས་བྱ་བ་ལ་སོགས་པའི་བདག་པོའི་བར་གྱི་དོན་ནི་སྔར་འགྲེལ་པར་མང་དུ་བཤད་ཟིན་ཏོ། །བདག་པོའི་འོད་ནི་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོའི་འོད་སྟེ། འོད་ཟེར་དུ་སྟེ། དེ་རྣམས་གཅིག་ཏུ་ཡང་དག་པར་བསྡུས་པར་གྱུར་པས། རེག་པ་ཙམ་གྱིས་ཞེས་པ་ནི་རེག་པ་སྟེ། ཕོག་པར་གྱུར་པ་ཙམ་གྱིས་སོ། །རང་རང་གི་སྟན་ལ་གནས་པར་གྱུར་ཏོ། ཞེས་བྱ་བ་ནི། དྲན་པ་སླར་སོ་སོར་རྙེད་པ་ནི་སྔར་དྲང་དོན་གྱི་སྐབས་སུ་བཤད་པའི་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པར་བཞག་པ་ལས་ལངས་པར་གྱུར་ཏོ། ཞེས་པ་སྟེ། དྲང་བའི་དོན་ཏོ། ༈ །ངེས་དོན་དུ་བཤད་ན་ནམ་མཁའ་ནི་སྟོང་པ་ཉིད་གསུམ་མོ། །སྟོང་བ་གསུམ་པོ་དེ་དང་མཉམ་པ་སྟེ་སྟོང་པར་འདྲ་བ་ནི་བཞི་པ་འོད་གསལ་ལོ་བ་སྟེ་། འོད་གསལ་དང་སྒྱུ་མའི་སྐུ་དེ་དག་གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པའོ། །དེ་གཉིས་ཐུགས་དང་སྐུའི་ངོ་བོར་དུས་གཅིག་ཏུ་རོ་གཅིག་པར་དབྱེར་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་


JLD004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས་སོ་ཞེས་བྱ་བ་སྟེ། འདིས་ནི་རྗེས་འཇུག་ལ་མི་གཡོ་བའི་འོད་གསལ་གྱི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྒྱུ་མའི་སྐུའི་གཟུགས་སུ་གནས་པའི་ཟུང་འཇུག་གི་བདག་ཉིད་ཐོབ་པར་གྱུར་པ སྟོན་ནོ་འོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་འདིར་ནི། དེ་ལྟར་འོད་གསལ་དུ་ཞུགས་པའི་སྒོ་ནས་བྱིན་གྱིས་བརླབས་པ་ཙམ་གྱིས་ཞེས་པའི་དོན་ཏེ་སྙོམས་པར་ཞུགས་པའི་ཏིང་ངེ་འཛིན་ལ་འོད་ཟུང་གཉིས་ཡོད་ཀྱང་ད་ལྟ་ནི་འོད་གསལ་ལ་ཞུགས་པ་ཉིད་གཟུང་ངོ་། །དེ་ལྟར་འོད་གསལ་དུ་ཞུགས་པའི་འོག་ཏུ་འོད་གསལ་ལས་ལྡང་ཚུལ་ནི་ཟུང་འཇུག་གི་རྡོ་རྗེ་འཆང་ཆེན་པོ་དང་རྒྱུ་འབྲས་སུ་འབྲེལ་བའི་འོད་སྟེ། སྣང་བའི་འོད་ཀྱི་ཚོགས་ཀྱིས་རེག་པ་ཙམ་གྱིས་ཞེས་པའི་འོད་ཀྱི་ཆོགས་ནི། །འོད་ཀྱི་ཁྱད་པར་ཏེ་འོད་གསལ་གྱི་ཡེ་ཤེས་སོ། །རེག་པ་ཞེས་བྱ་བ་ནི། ཕྲད་པའི་དོན་ཏེ། ཡེ་ཤེས་དེ་དང་རླུང་གཉིས་དང་འདུས་ཤིང་ཚོགས་པའོ། །རླུང་དེས་རེག་པ་ཙམ་གྱིས་ཞེས་པ་ནི། འོད་གསལ་གྱི་ཡེ་ཤེས་དེ་ཁམས་ཕྲ་བ་རླུང་ལ་ངོ་བོ་དབྱེར་མེད་དུ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་བཞིན་པའི་རླུང་གི་འོད་ཟེར་འཕྲོས་བ་སྟེ། ཆེར་གཡོས་པས་འོད་གསལ་བ་ལས་ལྡང་བར་གྱུར་ཏོ། ཞེས་བྱ་བའི་དོན་ཏེ། །དོན་གྱི་འོད་གསལ་དེ་ལས་ལངས་མ་ཐག་ཏུ་ཟུང་འཇུག་གི་སྐུ་ཡང་འགྲུབ་པར་འགྱུར་རོ། །རང་རང་གི་སྟན་ལ་ཞེས་བྱ་བ་ནི་རང་གི་འཇིག་རྟེན་གྱི་ཁམས་ཇི་ལྟ་བར་ར། །གནས་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་རྫོགས་པར་བྱེད་ནུས་པར་གྱུར་པ་སྟེ། ངེས་པའི་དོན་ཏོ། ༈ །དེ་ནས་


JLD004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་ལ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་བཅོམ་ལྡན་འདས་ཟབ་པའི་ཆོས་སྟོན་པ་ལ་མཁས་པས་ན་ངོ་མཚར་དུ་གྱུར་པའོ། །སྔོན་མང་དུ་མ་བྱུང་བ་བྱུང་བར་གྱུར་པས་ན་རྨད་དུ་གྱུར་པའོ། །ཤིན་ཏུ་དགྱེས་པས་ཁྱད་པར་གྱུར་པ་ནི་དགྱེས་པས་ཁྱད་པར་གྱུར་ཅིང་རངས་ཏེ། རངས་ཚུལ་ནི། སྟོན་པས་བཀའ་སྩལ་པའི་ཟབ་མོའི་དོན་རྟོགས་ཤིང་རྟོགས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་སྒྱུ་མ་དང་འོད་གསལ་གདུལ་བྱས་བསྒོམས་པ་ཡིས། དེ་རྣམས་ཐབ་པར་གྱིས། བསྐྱེད་པའི་སེམས་ཅན་གྱི་ཚོགས་ཀྱི་དོན་མཛད་པ་གཟིགས་པས་དགྱེས་པས་ཁྱབ་པར་གྱུར་པའོ། །ཆོས་ཀྱི་དབྱིངས་འདི་སྐད་ཅེས་གསུངས་སོ། ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའི་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཏེ་ཆོས་དང་ཡང་དག་པར་ལྡན་པའི་དབྱངས་གསུང་བར་མཛད་པའོ། །འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཆོས་བསྟན་པས་དགྱེས་པས། ཆོས་བསྟན་པའི་སྒོ་ནས་དེ་སྟོན་པར་མཛད་པའི་སྟོན་པ་ཉིད་ལ། ཨེ་མའོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པར་མཛད་པ་སྟེ། ཨེ་མའོ་ཞེས་བྱ་བ་གསུམ་ནི་ངོ་མཚར་དུ་གྱུར་པའི་དོན་ནོ། །ཆས་ཞེས་བྱ་བ་དང་པོ་ནི་བསྟན་པའི་མཚན་ཉིད་ཅན་གྱི་རྗོད་ཕྱེད་ཀྱི་ཆོས་སོ། །ཆོས་ཀྱི་སྒྲ་གཉིས་པས་ནི་རྗོད་བྱེད་དེས་བསྟན་པའི་བརྗོད་བྱའི་དོན་མཚོན་པ་ཡིན་ནོ། །འདིར་པ་ཚབ་ཀྱི་འགྱུར་ལས། རྩ་བར་ཆས་དོན་ལས་བྱུང་བ། ཞེས་དང༌། འགྲེལ་


JLD004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པར། དེ་གཉིས་ལས་བྱུང་བ་ནི་ཆོས་དོན་ལས་བྱུང་བའོ། །ཞེས་འབྱུང་བ་དང་མཐུན་པར་ཆག་འགྱུར་ལས་ཀྱང་འབྱུང་ལ། ཐུགས་རྗེ་ཞབས་དང་ཡང་མཐུན་པས་འགྱུར་དེ་ལྟར་བྱའོ། །ཆོས་ཀྱི་དོན་འབྱུང་ཞེས་བྱ་བ་ལ། ཆོས་ནི་བརྗོད་པའི་མཚན་ཉིད་དོ། །དོན་ནི་བརྗོད་པར་བྱ་བའི་མཚན་ཉིད་དེ། དེ་བརྗོད་བྱ་དང་རྗོད་བྱེད་དེ་གཉིས་ལ་དམིགས་པ་ལས་བྱུང་བ་ནི། ཆོས་དང་དོན་ལས་བྱུང་བའོ་འབྱུང་བས་ན་ཆོས་ཀྱི་དོན་འབྱུང་བའོ། །ཚིག་དོན་གཉིས་ལ་དམིགས་པ་ལས་བྱུང་བ་དེ་གང་ཡིན་ཞེ་ན། ཆོས་དོན་དག་པ་བདག་མེད་པ་ཞེས་བྱ་བ ས་སྟོན་སྟེ། ཆོས་ནི་ཐོས་པའི་རང་བཞིན་ཏེ། དེ་ལས་བྱུང་བའི་ཤས་རབ་བ་ནོ། །དོན་དག་པ་ནི་བསམ་པའི་རང་བཞིན ཏེ། དེ་ལས་བྱུང་བའི་ཤེས་རབ་བོ་ནོ། །ངན་དེ་དག་མངོན་སུམ་དུ་བྱས་པ་ནི་བདག་མེད་པ་སྟེ། དེ་གང་ཡིན་ཞེ་ན། སྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། རྒྱུད་སྡེ་ཟབ་མོའི་ཚིག་དོན་ལ་དམིགས་པ་ལས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རིམ་གྱིས་སྐྱེ་བར་སྟོན་པའོ། ༈ །རྡོ་རྗེ་རྒྱལ་པོ་ཞེས་བྱ་བ་ལ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རྒྱལ་པོ་ནི་བདག་པོ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ལྟ་བུ་ཁྱེད་ལ་ཕྱག་འཚལ་བདུད། ཅེས་ཕྱག་འཚལ་བ་དང༌། འདུད་པའི་ཚིག་གཉིས་ཀ་དོན་གཅིག་ཡིན་ཀྱང༌། ལན་གཉིས་སྨོས་པ་ནི། བཅོམ་ལྡན་འདས་ཀུན་རྫོབ་སྒྱུ་མ་དང༌། དོན་དམ་འོད་གསལ་གྱི་བདེན་པ་གཉིས་ཀྱི་བདག་ཉིན་ཅན་ཡིན་པས་ན་ཚིག་གཉིས་སྨོས་ཏེ། ཕྱག་འཚལ་བའི་ཡུལ་གཉིས་ཀྱི་སྒོ་ནས་ཡིན་ནོ་སོ། །


JLD004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་གསུང་ཐུགས་རབ་ཏུ་དག །ཅེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་ངོ་བོ་གཅིག་ཡིན་པའི་ཕྱིར། ཕན་ཚུན་ཐ་དད་པ་མ་ཡིན་པས་སོ། །ནམ་མཁའ་དང་ནི་མཉམ་པ་སྟེ། འདྲ་བ་ཉིད་ནི་འབྲས་བུའི་འོད་གསལ་བ འོ་སྟེ། འོད་གསལ་དེའི་གནས་གང་ལ་ཡོད་པ་སྟེ། གང་ཡིན་པ་དེ་ལ་རྟག་ཏུ་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱེ་འཆིར་གྲགས་པའི་སྐྱེ་བ་དང་འགག་པ་དང་བྲལ་བས་རྣམ་པར་མི་འགྱུར་བའོ། །བག་ཆགས་ཀྱིས་བསླད་བའི་སྣང་བ་རྣམ་པར་དག་པས་སྣང་བ་མེད་པའོ། །རྡོ་རྗེ་སྐུ་ལ་ཞེས་བྱ་བ་ནི་འཇའ་ཚོན་ལྟར་སྣང་བའི་རླུང་འོད་ཟེར་ལྔ་ལས་བསྒྲུབས་ཤིང༌། མཚན་དང་དཔེ་བྱད་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྒྱུན་ཆད་པ་མེད་པའི་མི་འཇིག་པའི་སྐུ་ནི་རྡོ་རྗེའི་སྐུ་སྟེ་དེ་ལྟ་བུ་ཁྱོད་ལ་ཕྱག་འཚལ་འདུད། ཅེས་ཕྱག་འཚལ་བའི་ཚིག་གཉིས་སྨོས་པ་ནི་སྔ་མ་བཞིན་དུ་གཉིས་སྨོས་སོ། །སངས་རྒྱས་ཐམས་ཀྱི་ཡོན་ཏན་གྱི་ཐུགས་ཉིད་ཡིན་པས་ན་ཐུགས་འདིར་པ་ཚབ་ཀྱི་འགྱུར་ལས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བསགས་པའི་ཕྱིར་ན་ཐུགས་ཏེ། ཞེས་འབྱུང་བ་ལྟར་བདེ་སྟེ། ཙིཏྟ་ནི་བསགས་པ་ལའང་འཇུག་པའི་ལུགས་སོ། །ནིའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐོག་མར་གྱུར་ཚུལ་ནི་སངས་རྒྱས་ཀྱི་ཐོག་མ་ནི་འཁོར་བའི་ཐོག་མ་དང་འདྲ་བས་མེད་དོ། དེས་ན་དེ་བཞིན་གཤེགས་པ་དྲུག་པ་ནི་


JLD004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གཞན་རྣམས་འབྱིན་བྱེད་དང༌། སྡུད་བྱེད་ཡིན་པས་དེ་ལ་ལྟོས་པའི་ཐོག་མའོ། །པས་ན་དེ་བཞིན་གཤེགས་པའི་གཙོ་སྟེ་དམ་པར་གྱུར་པའོ། །དུས་གསུམ་གྱི་ལམ་སྟེ། བགྲོད་པ་ལ་རབ་ཏུ་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི། དུས་གསུམ་དག་གི་ལམ་དུ་བྱུང་ཞེས་བྱ་སྟེ། འདས་པ་ལ་སོགས་པའི་དུས་སུ་བྱུང་བའི་དངོས་པོ་རྣམས་ཉིད་ཡིན་ཞིང༌། ཞེས་པའི་དོན་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད། སྟེ། རང་བཞིན་དུ་གྱུར་པས་སོ། །ཞེས་པས་བསྟན་ཏེ། རང་བཞིན་རྣམ་དག་གི་དབང་དུ་བྱས་ན་དུས་གསུམ་ལ་ཁྱབ་པའོ། །ནམ་མཁའ་ཆེན་པོ་ཞེས་བྱ་བ་འོད་གསལ་བའང་ཁྱེད་ཉིད་དོ། །ཁྱེད་ཉིད་ནི་དབྱིངས་སུ་གྱུར་པ་ཡང་ཡིན་ཏེ་ཁམས་གསུམ་པའོ། །ཞེས་པ་ནི་ཁམས་ཀྱི་སྐད་དོད་དྷཱ་ཏུ་ནི་ཁམས་དང་དབྱིངས་གཉིས་ཀ་ལ་འཇུག་པས་སོ། །དེས་ན་དེ་ཡང་བཤད་མ་ཐག་པ་ལྟར་བྱའོ། །ཁྱོད་ནི་ནམ་མཁའི་ལམ་ལ་སྟེ། ལམ་ཅན་ཡིན་ཏ་རྫུ་འཕྲུལ་གྱི་དབང་ཕྱུག་བརྙེས་པས་སོ ། །ཁྱེད་ལ་ཕྱག་འཚལ་འདུད། ཅེས་ཕྱག་འཚལ་བའི་ཚིག་གཉིས་སྨོས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་གཉིས་སྨོས་སོ། །ནམ་མཁའི་སྐུ་ལས་ཡང་དག་བྱུང་ཞེས་བྱ་བ་ནི། མཁྱེན་པ་ཤིན་ཏུ་རྒྱ་ཆེ་བས་ནམ་མཁའ་ལྟ་བུའི་སྐུ་སྟེ། ངོ་བོ་ཉིད་གང་ཡིན་པ་དེ་ནི་ནམ་མཁའི་སྐུ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡེ་ཤེས་དེ་ལས་ཡང་དག་པར་བྱུང་བ་ནི་རྣམ་པར་སྣང་མཛད་དེ་དེ་བཞིན་གཤེགས་པ་དྲུག་པ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁ འ་ནི། སྟོང་པ་ཉིད་དང་དེར་རོ་མཉམ་པར་བགྲོད་པའི་ལམ་ནི་མཉམ་པ་ཉིད་


JLD004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡེ་ཤེས་སོ། འོད་གསལ་དེ་ལས་བྱུང་བ་ཉིད་ཀྱིས་གནས་པར་མཛད་ཅིང་སྐྱེས་པར་གྱུར་བའི་རིན་ཆེན་འབྱུང་ལྡན་གང་ཡིན་པ་དེ་ནི་ནམ་མཁའི་ལམ་ལ་གནས་པ་པོ་ཞེས་བྱ་སྟེ། དེ་ཡང་དྲུག་པའི་ངོ་བོ་ཉིད་དོ། །ནམ་མཁའ་འདྲ་བའི་ཐུགས་མངའ་བ་གང་ཡིན་པ་དེ་ནི་ནམ་མཁའི་ཐུགས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་བསྐྱོད་པའི་ངོ་བོ་ཉིད་དོ་འོ་། །ཆོས་རྣམས་ནི་པདྨའི་རིགས་སོ། །དེ་རྣམས་ཀྱི་མཆོག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་འོད་དཔག་ཏུ་མེད་པའི་ཡང་ངོ་བོ་ཉིད་དོ་འོ་། །འགྲོ་བ་མ་ལུས་པའི་དོན་ནི་སྤྱོད་པའོ། །དེ་རྣམས་ཀྱི་གནས་ནི་གཞི་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ་དོན་ཡོད་པར་གྲུབ་པའི་ཡང་ངོ་བོ་ཉིད་དོ་འོ་། །རིགས་ལྔའི་སྒོ་ནས་རྒྱུད་གསུང་བ་པོ་ལ་བསྟོད་པ་དེ་ལྟར་ན་གོང་དུ་སྨོས་པའི་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ནི་རྒྱུད་ཀྱི་སྟོན་པ་རིགས་ལྔའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའོ། ༈ །བསྒྲུབ་བྱའི་དོན་ཀུན་ནི་བདག་དང་གཞན་གྱི་དོན་གཉིས་སུ་ངེས་ལ་དེ་སྒྲུབ་པའི་སྤྱོད་པ་ནི་ཀུན་ཏུ་སྤྱོད་པ འམ་སྤྱོད་པ་ཀུན་ནོ། །དེ་ཉིད་ནི་སྤྱོད་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་གྱུར་པས་ན་མཆོག་སྟེ། ཀུན་ཏུ་སྤྱོད་པའི་མཆོག་གོ །དེའི་དོན་སྟོན་པའི་ལེའུ་ནི་ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ་ཞེས་བྱ་སྟེ། དགོངས་པ་མ་ཡིན་པའོ། །


JLD004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་ལྔ་པ་མཐའ་དྲུག་གིས་བཤད་པའོ། ༈ །ལེའུ་ལྔ་པའི་འོག་ཏུ་དྲུག་པ་སྟོན་པའི་འབྲེལ་ནི་སྒྲུབ་པ་པོ་བདག་བདག་བྱིན་གྱིས་རློབ་པ་ལ་གཉིས་ལས་བསྐྱེད་རིམ་པའི་བྱིན་རླབས་ནི་འོག་ནས་འབྱུང་བ་ལྟར་ཏེ། རྒྱས་པར་ནི་མདོར་བྱས་ནས་གསུངས་པ་ལྟར་ཡིན་ལ། དེ་སྔོན་དུ་བཏང་བ་ནི། དེས་མཚོན་པའི་བསྐྱེད་རིམ་ཕྲ་རགས་ལ་བརྟན་པ་སྔོན་དུ་བཏང་ནས། བསྐྱེད་རིམ་པའི་སྐབས་ཀྱི་སྤྱོད་པ་བྱེད་པའོ། །རྫོགས་རིམ་པའི་བདག་བྱིན་བརླབས་ནི། སྒྱུ་ལུས་དངོས་དང་རྗེས་མཐུན་པ་མན་ངག་ཏུ་བཤད་པ་ལྟ་བུ་སྔོན་དུ་བཏང་ནས་རྫོགས་རིམ་པའི་སྐབས་ཀྱི་སྤྱོད་པ་བྱེད་པའོ། །ཉིད་ལྷར་བསྐྱེད་པ་ལ་རང་གི་སྒོ་གསུམ་རིགས་གསུམ་གྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའི་ང་རྒྱལ་ལེའུ་དྲུག་པ་ནས་གསུངས་པ་སྔོན་དུ་འགྲོ་བས་ཏེ། བཏང་ནས་ལེའུ་ལྔ་པར་གསུངས་པའི་སྤྱོད་པ་བྱ་བ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་རིམ་པ་རབ་ཏུ་སྟོན་ཏེ། ཞེས་པས་བསྟན་ནོ། ༈ །སྔོན་བྱུང་ལ་རྡོ་རྗེ་མི་བསྐྱོད་པས་གསུངས་སོ་ཞེས་སྦྱར་རོ། །ཇི་ལྟར་མཛད་ནས་ཅི་ཞིག་གསུངས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་མི་བསྐྱོད་པའོ། །དེའི་གསང་བ་ནི་སྒྲུབ་པ་པོའི་ཐུགས་མི་བསྐྱོད་པ་དེ ར་བྱིན་གྱིས་རློབ་པ་ནི་མི་བསྐྱོད་པར་བསྐྱེད་པའི་གསང་སྔགས་ཏེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་ཐུགས་བྱིན་གྱིས་རློབ་པའི་ཐབས་བསྟན་པར་བྱའོ་སྙམ་དུ་ཐུགས་རྩེ་གཅིག་ཏུ་མཛད་དེ། སྙོམས་པར་ཞུགས་ཤིང་


JLD004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་མཛད་ནས། འོག་ནས་བཤད་པ་འདིས་ཐུགས་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ནི་ཐུགས་བྱིན་གྱིས་རློབ་པའོ། །སྔགས་ཀྱི་སྐད་དོད་མཱན་ཏྲ་ལ་མཱན་ནི་ཡིད་དང༌། ཏྲ་ཡ་ནི་སྐྱོབ་པ་ཡིན་པས་ངན་འགྲོ་སོགས་ཀྱི་སྡུག་བསྔལ་ལས་ཡིད་སྐྱོབ་པས་ན་སྔགས་ཞེས་བྱ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པར་གྱུར་པ་སྟེ། ༀ་སརྦ་ནི་ཐམས་ཅད་དོ། །ཏ་ཐཱ་ནི་དེ་བཞིན་ནོ། ག་ཏཱ་ནི་གཤེགས་པའོ། །ཙིཏྟ་ནི་ཐུགས་དང༌། བཛྲ་ནི་རྡོ་རྗེ་དང༌། སྭ་བྷཱ་ཝ་ནི་རང་བཞིན་རྣམ་དག་སྟེ། གློ་བུར་རྣམ་དག་གིའང་རང་བཞིན་ནོ། །ཨཱཏྨ་ནི་བདག་ཉིད་ཅན་ཏེ་རང་བཞིན་རྣམ་དག་དེ་རང་ལའང་གནས་པར་སྟོན་པའོ། །ཀོ྅ཧཾ།ནི་དེ་ངའོ་ཞེས་པ་སྟེ། སྔ་མ་རྣམས་དང་སྒྲུབ་པ་པོའི་སེམས་གཉིས་མི་བསྐྱོད་པའི་ངོ་བོར་དབྱེར་མི་ཕྱེད་པར་ལྟ་བའོ། །ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་གསུངས་སོ་ཞེས་སྦྱར་རོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་པའི་ཚིག་སྔ་མའི་དོན་ནི་རྡུལ་དང་བྲལ་བས་ཤིན་ཏུ་དངས་པའི་མེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་དེ། དེའི་གནས་ནི་རྣམ་སྣང་དེར་བྱིན་གྱིས་རློབ་པ་ནི་དར་བསྐྱེད་པའི་སྔགས་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་དམིགས་ནས་སྐུ་བྱིན་གྱིས་རློབ་པའི་སྔགས་གསུངས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་ནི་སྐུའོ། །བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚེ་དཔག་ཏུ་མེད་པས་གསུངས་སོ་ཞེས་སྦྱར་རོ། །ཚེ་དཔག་ཏུ་མེད་ཅིང་


JLD004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་གང་གིས་བརྙེས་པ་དེ་ནི་ཚེ་དཔག་ཏུ་མེད་པའོ། །མཉམ་པ་ཉིད་ནི་བསླད་བའི་དབང་གིས་གཉིས་སྣང་དུ་མི་འཆར་བའི་མི་གཉིས་པ་སྟེ། དེ་ཡང་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་འོད་དཔག་ཏུ་མེད་པའོ། །དེའི་རྡོ་རྗེ་ནི་འོད་དཔག་མེད་དེར་བྱིན་གྱིས་རློབ་ཅིང་ཞེས་བསྐྱེད་པར་བྱེད་པའི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་སྔགས་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་མངོན་སུམ་དུ་མཛད་ནས་གསུང་བྱིན་གྱིས་རློབ་པའི་སྔགས་གསུངས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏཱ་ཝཱ་ཀ་ནི་གསུང་ངོ༌། །བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །སྐུ་དང་གསུང་གཉིས་ཀྱིས་མ་བཤད་པའི་ལྷག་མ་ནི་སྔར་བཤད་པའི་རིགས་པས་ཤེས་པར་ནུས་སོ། ༈ །དེ་ལྟར་བསྐྱེད་རིམ་པའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པའི་སྔགས་བསྟན་ནས། ཡང་བྱིན་གྱིས་རློབ་ལུགས་དེ་གསལ་བར་བཤད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའོ། །ཉན་ཐོས་ལ་སོགས་པས་ཡོངས་སུ་མི་ཤེས་པས་ན་གསང་བའོ། །འདིར་པ་ཚབ་དང་ཆག་འགྱུར་ལས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་པོ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་གསུམ་ཞེས་འབྱུང་ལེགས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཁགང་ལ་ཡོད་པ་ཡིན་པ་ཀགསུམ་པོ་དེ་གནི་རྡོ་རྗེ་གསུམ་མོ། །རྡོ་རྗེ་གསུམ་གང་ལ་ཡོད་པ་དེ་གང་ཞེ་ན། གནས་ནི་ཞེས་པ་ནི་སྒྲུབ་པ་པོ་རང་གི་ལུས་ཏེ། རྒྱུ་མཚན་ནི་ལྷ་རྣམས་ཀྱི་འཁོར་


JLD004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དགོད་པའི་གཞིར་གྱུར་བའི་ཕྱིར་རོ། །གནས་ཀྱི་རྣམ་པར་བསྒོམ་ཞེས་བྱ་བ་ལ། གནས་ཀྱི་ཞེས་པའི་གནས་ནི་བྱིན་གྱིས་རླབ་བྱེད་ཀྱི་ལྷ་སྤྱན་འདྲེན་པའི་སྤྱན་མ་དང་ལ་སོགས་ཀྱིས་བསྡུས་པའི་གོས་དཀར་མོ་དང༌། མཱ་མ་ཀཱི་ཡི་བཀོད་པ་སྟེ། ནམ་མཁའི་ཁམས་སུ་སྤྲོ་བ་གསུམ་པོ་སྟེ། དེ་གསུམ་གནས་སུ་འཇོག་པའི་རྒྱུ་མཚན་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ། །གནས་གསུམ་པོ་དེའི་རྣམ་པར་བསྒོམ་པར་བྱ་བ་ནི་ཡེ་ཤེས་པའི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་ངོ་བོ ར་དམ་ཚིག་པའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཕྱིར་སྤྱན་སོགས་གསུམ་ནམ་མཁའི་ཁམས་གང་དུ་སྤྲོས་པ་དེ་ཉིད་དོ། །སྔགས་ནི་མི་བསྐྱོད་པ་ལ་སོགས་པ་རིགས་གསུམ་སྟེ། གསུམ་པོ་དེ་རྣམས་ཀྱིས་མཆོན་པ་གང་ཡིན་པ་དེ་ནི་སྔགས་ཀྱི་མཚན་གྱིས་ཏེ། ༀ་ལ་སོགས་པའི་ཡི་གེ་གསུམ་མོ། །ཡི་གེ་གསུམ་པོ་དེས་རིམ་པ་བཞིན་དུ་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་སྒྲུབ་ཐབས་བཞིན་རྣམ་པར་བཀོད་པ་ནི་ཡི་གེ་གསུམ་པོ་དེས་ཤིན་ཏུ་མཚན་པའོ། །དེ་རྣམས་ཀྱི་དོན་བསྡུ་ན་རྡོ་རྗེ་གསུམ་གང་ལ་སྒོམ་པའི་རང་གི་ལུས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་བཀོད་པ་ལས། སྤྱན་སོགས་གསུམ་སྤྲོས་ཏེ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་བཀུག་སྟེ་བསྟིམ་ནས། སྔར་བཤད་མ་ཐག་པའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པའི་སྔགས་དེ་དག་ཉིད་པ་ཚབ་དང་ཆག་འགྱུར་ལས། གྱིས་ཞེས་པ་མི་འབྱུང་བ་ལྟར་


JLD004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དག་གོ །ཀྱིས་མཆོག་རབ་སྟེ་དམ་པར་གྱུར་བ་འདི་ཡིས་བསྒྲུབ་པ་ཉིད་དུ་བྱ་ཞིང་བྱིན་གྱིས་བརླབ་པོ་ཞེས་པ་སྟེ། དྲང་བའི་དོན་ཏོ། ༈ །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ཚུལ་བཤད་པའི་རྒྱུད་ལུང་སྟོན་ལས་བསྟན་པ་ལ་འཇུག་པར་བྱ་སྟེ།བྱིན་གྱིས་རློབ་པ་གསུང་པ་པོ་གསུམ་ནི། སྔོན་བྱུང་ལ་རིགས་གསུམ་ཡིན་ལ། རྗེས་འཇུག་ལ་སྒྱུ་ལུས་ཐོབ་པའི་སྐུ་གསུང་ཐུགས་ཀྱི་རིལ་འཛིན་དང་རྗེས་གཞིག་སྒོམ་པ་པོ་གསུམ་མོ། །ཏིང་ངེ་འཛིན་གསུམ་ནི་འོད་གསལ་ལོ། །དེ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་དོན་ནི། ཟུང་འཇུག་པའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པར་བསྐྱེད་པའོ། །དེར་བྱིན་གྱིས་རློབ་པའི་ཐབས་སྔགས་ཚན་གསུམ་ལ། ཚན་པ་དྲུག་ཏུ་བཅད་པ་དང༌། ཡང་ཚན་པ་གསུམ་དུ་བྱས་པའི་དོན་ལ་འཆད་ཚུལ་མང་ཡང་སྐབས་འདིར་ནི། རྣམ་གཞག་རིམ་པ་ནས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་དངོས་སུ་ཞུགས་པ་ལ། ཤཱུནྱ་ཏའི་སྔགས་དོན་དུ་གསུངས་ཤིང༌། དེའི་ཤེས་བྱེད་དུ་སྔགས་དེ་ལ་ཆན་པ་དྲུག་ཏུ་བཅད་པའི་ལུང་སྟོན་གྱི་ལུང་དྲངས་པ་དང་འདྲ་བས། སྔགས་གསུམ་གའི་ངེས་དོན་དོན་གྱི་འོད་གསལ་ལ་བྱ་ཞིང༌། དེ་ལ་ཡང་ༀ་ཡིག་གིས་མཚོན་པའི་བུང་སོགས་འོད་གསལ་དུ་ཞུགས་པ་དེས་དོན་གྱི་རྣམ་སྣང་དུ་བཤད་ཅིང༌། དེས་རིགས་ལྷག་མ་བཞི་ཡང་ཤེས་པར་བྱ་ལ། དེ་ལྔ་ཀ་ཡང་ཨ་ཧཾ་གི་དོན་དེ་བཞིན་གཤེགས་པ་དྲུག་པའི་རིགས་སུ་ཤེས་པར་བྱ་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱིས་ཕྱེ་བའོ། །སྔགས་ཚན་གསུམ་དུ་བཤད་པའི་དོན་ཡང་སྐབས་སྟོབས་


JLD004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མོ་འདྲ་བ་འགའ་ཡར་ལ་སྦྱོར་བ་ཡོད་ཀྱང༌། འདིར་ནི་འོད་གསལ་གྱི་རྡོ་རྗེ་གསུམ་དང་སྦྱར་ལ་བཤད་དོ། །རྗེས་འཇུག་ལ་སྦྱར་ན། དབེན་གསུམ་སྔོན་དུ་སོང་ཞིང༌། སྒྱུ་ལུས་གྲུབ་པ་དེ་ནས་མི་མཐུན་ཕྱོགས་ཟིལ་གྱིས་གནོད་པའི་དཔའ་བོ་ཆེན་པོ་མི་བསྐྱོད་པའི་སྒོ་ནས་བསམ་གཏན་གཉིས་བསྒོམ་པས།་སྐུ་དང་གསུང་དང་ཐུགས་ཀྱི་གསང་པ་པོ། །སྟེ། གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འོད་གསལ་དུ་འཇུག་པའི་ཐབས་ལ་སྙོམས་པར་ཞུགས་ནས་རང་གི་སེམས་ཟུང་འཇུག་པའི་ཐུགས་སུ་བྱིན་གྱིས་རློབ་པ་སྟེ། བསྐྱེད་པ་ཅེས་བྱ་བ་ཡི། །གསང་སྔགས་དེ་ནི་བཀའ་སྩལ་པའི། །སྔགས་དེའི་ངེས་པའི་དོན་ནི།་ༀ་ཞེས་བྱ་བ་རྣམ་སྣང་གི་རིགས་ཀྱི་ཕུང་སོགས་འོད་གསལ་དུ་ཞུགས་པའི་ༀ་གྱི་ངེས་དོན་གྱི་རྣམ་སྣང་ནི་རིགས་དྲུག་གི་དང་པོ་ཡིན་ནོ། །རིགས་ལྷག་མ་བཞི་ལ་ཡང་དེ་བཞིན་དུ་སྦྱར་ལ། སརྦ་ཏ་ཐཱ་ག་ཏ་འོད་གསལ་གྱི་རིན་འབྱུང་ནི་རིགས་དྲུག་གི་གཉིས་པའོ། །ཙིཏྟ་འོད་གསལ་གྱི་འོད་དཔག་མེད་ནི་ཡོན་ཏན་ཞེས་པ་ནི་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཡོངས་སུ་བརྟག གོ །བཛྲ་འོད་གསལ་གྱི་དོན་གྲུབ་ནི་གཉིས་གཉིས་དང་ལྡན་པ། །སྟེ། རིགས་བཞི་པའོ། །སྭཱ་བྷཱ་ཝ་ཨཱདྨ་ཀ་འོད་གསལ་གྱི་མི་བསྐྱོད་པ་ནི་རིགས་ལྔ་པ། །རིགས་ལྔ་ཀ་ཚོགས་པའི་འོད་གསལ་ཨ་ཧཾ་ཞེས་པ་ནི་རིགས་དྲུག་པ་སྟེ། །འོད་གསལ་གྱི་རྡོ་རྗེ་འཆང་ངོ༌། །རིགས་དྲུག་གི་སྐུ་སྟེ། ངོ་བོ་ཉིད་དྲུག་ཀྱང༌། རྡོ་རྗེ་གསུམ་པའི་མིང་ཅན་ཏེ་དང་པོ་གཉིས་སྐུ་རྡོ་རྗེ་དང༌། བར་བ་གཉིས་གསུང་རྡོ་རྗེ་དང༌། ཐ་མ་ཐུགས་རྡོ་རྗེ་སྟེ། འོག་མ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །་ནོ། ༈ །དེ་ནས་ཞེས་པ་འདི་དང་འོག་མ་གཉིས་


JLD004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པ་དང་འདྲ། རྣམ་སྣང་དང་འོད་དཔག་མེད་གཉིས་ནི་སྒྱུ་ལུས་པས་དེ་གཉིས་སུ་བསྒོམས་པའོ། །དཔལ་ལྡན་རྣམ་སྣང་མཛད། །རྡུལ་བྲལ་རྡོ་རྗེ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་ནི་བྱིན་གྱིས་རློབ་པ་གསུངས། །ༀ་ཞེས་བྱ་བ འི་ངེས་དོན་གྱི་འོད་གསལ་ནི་མེས་ཞིག་རྗེས་སུ་བཅུད་ཆགས་པའི་ཐོག་མར་ཚངས་པ་བྱུང་བས་ཚངས་པ་སྟེ། རིགས་དྲུག་གི་དང་པོར་བཤད། །སརྦ་ཏ་ཐཱ་ག་ཏ་ནི་གཉིས། །པའོ། །ཀཱ་ཡ་ཆགས་གཏོགས་དབང་ཕྱུག་ཅེས་པ་དབང་ཕྱུག་ལ་མིག་གསུམ་ཡོད་པས་གསུམ་གྱི་བརྡའོ་སྟེ། །བཛྲ་ནི་རིག་བྱེད་བཞིའི་བརྡའ་ཡིན་པས། བཞི་པ་ཡིན་པར་བསྒྲགས་སོ ། །རིག་བྱེད་བཞི་ནི། མཆོད་སྦྱིན་དང༌། སྙན་དངགས་དང༌། ངེས་བརྗོད་དང༌། སྲིད་སྲུང་གི་རིག་བྱེད་དོ། །སྭ་བྷཱ་ཝ་ཨཱདྨ་ཀ་ནི་འདོད་པའི། །ཡོན་ཏན་ལྔ་ཞེས་པ་ལྔ་པའོ། །ཨ་ཧཾ་སྐེམ་བྱེད་ལ་གདོང་དྲུག་ཡོད་པས་རིགས་དྲུག་པ་ཅེས་བརྗོད་དེ། །འོད་གསལ་གྱི་ཆོས་དྲུག་ལ་དགོངས་པ་ཡིས་ནི་སྟེ། དགོངས་ནས་སྔགས་ཚན་དྲུག་ཏུ་ཡང་དག་པར་བརྟགས སོ། །དེ་འདྲ་བའི་ངེས་དོན་གྱི་དབྱེ་བ་ནི་ཤེས་རབ་ཅན་གྱིས་དབྱེ་བས་དབྱེ་བ་སྟེ། ཕྱེ་བ ར་ཤེས་པར་བྱ། ༈ །དེ་ནས་ཚེ་དཔག་མེད་ཅེས་པ། །ཀུན་ཏུ་མི་གཉིས་རྡོ་རྗེ་ཅན། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །གསུང་ནི་བྱིན་གྱིས་རློབ་པ་གསུངས། །ༀ་ནི་དང་པོར་བསྒྲགས་པ་ཡིན། །སརྦ་ཏ་ཐཱ་ག་ཏ་ནི་གཉིས། །ཝཱ་ཀ་ནི་ཡོན་ཏན་གསུམ་དུ་གྱུར། །བཛྲ་ནི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཀྱི་མིང་ཅན་རིགས་བཞི་པ་ཡིན། །སྭ་བྷཱ་ཝ་ཨཱདྨ་ཀ་ནི་འདོད་པ་སྟེ། ལྔ་པའོ། །


JLD004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧཾ་ཞེས་པ་ནི་དགུན་སྟོད་དགུན་སྨད་གཉིས། དཔྱིད་དང་སོ་ཀ་གཉིས། དབྱར་དང་སྟོན་གྱི་དུས་སུ་བཤད། །པ་སྟེ། དྲུག་པའི། །སྔར་བཤད་པ་དེ་ལྟར་ཡང་དག་པ་སྟེ། ཕྱིན་ཅི་མ་ལོག་པར་བཤད་པའི་སྔགས་གསུམ་ཅར་གྱི། །རེ་རེ་ཞིང་ཡང་སྔགས་ཚན་དྲུག་དང་གསུམ་གསུམ དུ་བཤད་པའི། །མ་བཤད་པ་རྣམས་ཀྱི་ལྷག་མ་ནི་ཐུགས་བྱིན་རློབ་ཀྱི་སྔགས་ལ་བཤད་པའི་རིགས་པས་ཤེས་པར་བྱའོ། །ཁདང་པོར་ཐུགས་དང་དེ་ནས་སྐུ་དང་དེ་བཞིན་དུ་སྟེ། དེ་ནས་གསུང༌། བྱིན་གྱིས་བརླབས་པའི་རིམ་པའོ། །ཀབྱིན་གྱིས་རློབ་པ་གསུམ་གྱི་གོ་རིམ་ནི་སྐབས་འདིར་རིམ་པ་མིན་པས་རྩ་རྒྱུ་ལས་གསུངས་སོ། །དེ་གང་ཞེ་ན། དེ་གའདྲ་བའི་འོད་གསལ་གྱི་རྡོ་རྗེ་གསུམ་དང༌། དེ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་བ་ཞེས་བྱ་བ འི་དོན་གྱི་འོད་གསལ་དུ་ཞུགས་པ་ལས། །ཟུང་འཇུག་གི་སྐབས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ འི་ཆོས་ཅན་གཅིག་ཏུ་བྱུང༌། དེར་བྱུང་ཚུལ་ནི་ཆོས་རྡོ་རྗེ་གསུམ་ཐ་དད་དུ་འབྱུང་བ་དེ་ཆོས་ཅན་ཟུང་འཇུག་གི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་འགྱུར་པའོ། །ཞེས་བྱ་བའོ། ༈ །རྡོ་རྗེ་གསུམ་པོ་དེ་བཞིན་གཤེགས་པའི་གསང་ཞེས་བྱ་བ་ངེས་དོན་དུ་བཤད་པ་ལ། རྡོ་རྗེ་གསུམ་ནི་སེམས་དབེན་གྱི་ཡེ་ཤེས་གསུམ་མོ། །ཡེ་ཤེས་གསུམ་པོ་དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་སྟེ། དེ་ནི་རླུང་རྣམ་ཤེས་ལ་ཐིམ་པ་ལས་བྱུང་བས་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ། །རླུང་འོད་ཟེར་ལྔ་པ་ལས་བྱུང་བའོ། །གསང་བ་ནི་བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །


JLD004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནི་གནས་ཀྱིས་རྣམ་པར་བསྒོམ་པར་བྱ་ཞེས་བྱ་བ་ལ། གནས་ནི་དོན་དམ་པའི་བདེན་པ་འོད་གསལ་སྟེ། རྣམ་པར་ཤེས་པ་གསུམ་གྱི་ཐིམ་པ་དང༌། སྐྱེ་བའི་གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །གནས་ཀྱིས་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་སྟེ། གང་གི་ཕྱིར་སྒྱུ་ལུས་དེ་རྣམ་པར་བསྒོམ་ཞིང་རྒྱུད་ལ་སྐྱེད་པར་གྱུར་པ་དེ་ནི་འོད་གསལ་གྱི་ཡེ་ཤེས་བསྐྱེད་པའི་གནས་སུ་རྣམ་པར་བསྒོམ་པར་བྱ་བ ས་གནས་ཞེས་བྱ་སྟེ། དོན་དམ་པའི་བདེན་པ་འོད་གསལ་མངོན་དུ་འགྱུར་བ་དེ་ཉིད་ཀྱི་ཁྱད་པར་རོ། །འདིར་པ་ཚབ་ཀྱི་འགྱུར་ལས། རྡོ་རྗེའི་སྐུ་ནི་རབ་མཆོག་སྟོང་བ་བཞི་པོ་བཤད་མ་ཐག་པ་འདི་དག་གིས་ནི་བསྒྲུབ་པར་བྱ་སྟེ་ཞེས་འབྱུང་བ་ལྟར་བདེའོ། །ཁདེ་ལྟར་སྔར་བཤད་མ་ཐག་པ་དེ་དག་གིས་མཆོག་རབ་སྟེ་སྟོང་པ་ཉིད་བཞི་པོ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ། །གསྔགས་ནི་ཟུང་འཇུག་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་ཡི་མཚན་ཉིད་ནི་ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ འི་རང་བཞིན་འཇའ་ཚོན་ལྟ་བུའི་སྟེ། སྔགས་ཀྱི་མཚན་པ་སྟེ། །མཚན་ཉིད་དེས་མཆན་ཅིང་སྟེ། མཚོན་པར་བྱས་པའོ། །དེ་འདྲའི་ཐོབ་བྱའི་ཡུལ་དུ་གྱུར་པའི་རྡོ་རྗེའི་སྐུ་བསྒྲུབ་པ་ཉིད་དུ་བྱ་ཞིང་སྟེ་སྐྱེད་པར་བྱའོ་ཞེས་པ་སྟེ། ངེས་པའི་དོན་ཏོ། ༈ །དེ་ལྟར་བདག་ལ་སྐུ་བྱིན་གྱིས་བརླབ་པ་ལ་སོགས་པ་གསུམ་བྱས་ནས། རྗེས་ཆགས་ཀྱི་སྦྱོར་བ་སྟོན་པ་ལ་ཡང་དྲང་ངེས་གཉིས་སུ་བྱའོ། །བསྐྱེད་རིམ་ལ་ཕྱག་རྒྱ་རིགས་ངེས་པ་དགོས་པས། མི་བསྐྱོད་པ་ལ་


JLD004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི རང་གི་རིགས་ཀྱི་ཡུམ་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། རྫོགས་རིམ་པ་ལ་ཕྱག་རྒྱའི་རིགས་ངེས་པ་མི་དགོས་པས། རིགས་གང་ཡང་རུང་བའི་ཡུམ་དངོས་སམ། ཡེ་ཤེས་ཀྱི་ཕྱག་རྒྱ་བསྐྱེད་པ་ལ་རིགས་ལྔ་ལ་སོགས་པ་དགོད་པ་སྒྲུབ་ཐབས་བཞིན་ར་བྱས་ལ། ཡབ་ཡུམ་གཉི་གའི་ལུས་ལ་བཀོད་པའི་ལྷའི་འཁོར་ལོ་རྗེས་སུ་མཉེས་པར་བྱེད་པའི་གསང་སྔགས་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ནས་ལ་སོགས་པ ས་བསྡུས་པ་ཀོ་྅་ཧཾ་ཞེས་པའི་བར་རྣམས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་དང་ དཀོནམཆོག་སྟེ། རིན་ཆེན་དཔལ་དང་ཡེ་ཤེས་སྒྲོན ་མ་ཞེས་བྱ་བ་ལ་སོགས་པའི་དོན་ནི་ལེའུ་དང་པོའི་འགྲེལ་པར་བཤད་ཟིན་ཏོ། །སྔོན་བྱུང་གི་དཀོན་མཆོག་དཔལ་ནི་རྗེས་འཇུག་ལ་བསྐྱེད་རིམ་གྱི་སྒྲུབ་པ་པོས། རིན་འབྱུང་གི་ང་རྒྱལ་དུ་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ནི་རྗེས་སུའོ། །རཱ་ག་ཎ་ནི་ཆགས་པའོ། །བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ་ཞེས་བྱ་བ་འདི་བརྗོད་ན ས་རང་གི་ཡུམ་ལ་འཁྱུད་པ་དང་ལ་སོགས་པ ས་ཙུམ་བྷ་ན་ནས་ལས་ལ་གནས་པའི་བར་བཟུང་སྟེ། འདིའི་འོག་ཏུ་སྙོམས་པར་ཞུགས་པའི་འོག་ཏུ་མཆོད་པའི་སྔགས་བསྟན་ཞེས་འབྱུང་བས་སོ། །རྫོགས་རིམ་པས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། སྟོང་པ་བཞི་བསྐྱེད་པའི་འོད་གསལ་གྱི་ཡེ་ཤེས་ཀྱི་སྟེང་ནས་ངེས་པའི་དོན་ཤེས་པར་བྱའོ། ༈ །ཡབ་ཡུམ་སྙོམས་པར་ཞུགས་པའི་ལས་ལ་གནས་པའི་འོག་ཏུ་རང་གི་ལུས་ལ་བསྒོམས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ ར་བྱེད་པའི་སྔགས་བསྟན་པའི་ཕྱིར། དེ་ནས་ཞེས་


JLD004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་སྔོན་བྱུང་ལ་མཆོད་སྔགས་གསུང་བ་བོ་བཅོམ་ལྡན་འདས་གྲུབ་པ་རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་ལ་སོགས་པ་འདི་དག་གི་དོན་ཡང་སྔར་བཤད་ཟིན་ཏོ། །མཆོད་སྔགས་ནི་ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ནི་མཆོད་པ་སྟེ། ལྷག་མ་ནི་སྔར་བཞིན་ནོ། །བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བྱ་བའོ། །བཤད་མ་ཐག་པའི་སྙོམས་འཇུག་གི་ཆོ་ག་བདེ་བས་རྒྱས་པ་དེ་ཉིད་ཀྱིས་སྒོ་ནས། རིམ་པ་གཉིས་ཀྱི་སྔགས་པས་རྟག་ཏུ་གནས་པར་བྱའོ། ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཆེན་པོ་བསྐྱེད་པ་དེ་ཉིད་ལ་ངེས་པ་བརྟན་པར་བྱ་བ་བསྐྱེད་པའི་ཕྱིར། །དུས་རྟག་ཏུ་རིག་མའི་འདོད་པའི་ཡོན་ཏན་ལྔ་སྤྱི་དང་ཁྱད་པར་དུ་སྙོམས་འཇུག་གི་རེག་བྱ་ལ་སྤྱོད་པ ས། སངས་རྒྱས་རྣམས་ཚུལ་བཞིན་ཏེ། ཕྱིན་ཅི་མ་ལོག་པར་མཆོད་པར་བྱ་ཞེས་བྱ་བ་རྒྱུད་འདི་ལས་གསུངས་སོ། །དེ་ནི་སྙོམས་འཇུག་གི་འོག་ཏུ་སྔགས་བརྗོད་ནས་ང་རྒྱལ་འཛིན་པའི་རིམ་པ་དང་པོའིམཆོད་པའོ། ༈ །བསྐྱེད་རིམ་པའི་འདོད་ཡོན་ལྔའི་མཆོད་པ་བསྟན་པར་མ་ཟད་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡང་མཆོད་པའི་ཆོ་ག་གཞན་དག་ངེས་པར་བསྟན་པ ར་བྱ་བ འི་ཕྱིར། །མཆོད་པ་རྣམ་པ་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པ་ལྔ་ནི་པཉྩ་ཨུ་པ་ཧ་ར་ཞེས་པ་ལ་ཨུ་པ་ཏྲི་ཡན་ཏི་ཞེས་པ་ཉེ་བར་འཕྲོག་པ་དང་ཉེ་བར་སྲུང་པ་དང་ཅིང་ཨུ་པ་ལི་ཡནྟེ་ཞེས་པ་ཞུ་ལ་འཇུག་གོ་འདོད་ཡོན་ལྔ་དང་མིག་སོགས་ལྔ་འོད་གསལ་དུ་སྡུད་པ་དང་ཞུ་བ་སྟེ་ཐིམ་པའི་ཡེ་ཤེས་ལྔའོ། །པར་གྱུར་པས་ན་མཆོད་པ་སྟེ། དེ་བཞིན་གཤེགས་


JLD004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ལ་ཡེ་ཤེས་ལྔའི་མཆོད་པ་རྣམ་པ་ལྔ་ཡོད་པ་དེ་ནི་མཆོད་པ་རྣམ་པ་ལྔ་རྣམས་ཏེ།ཞེས་པ་འོད་གསལ་གྱི་དེ་བཞིན་གཤེགས་པ་དྲུག་པའོ། །དྲུག་པོ་དེའི་མཆོད་པ་ནི་རྣམ་སྣང་ནས་མི་བསྐྱོད་བའི་བར་གྱི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ནི་རིམ་པ་བཞིན་དུ་མེ་ལོང་ལྟ་བུ་ནས་ལ་སོགས་པ ས་བསྡུས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་བར་འོད་གསལ་གྱི་ཡེ་ཤེས་ལྔ་མངོན་དུ་བྱེད་པའི་རྒྱུར་གྱུར་པ་དབང་པོ་དང་ཡུལ་རྣམས་འོད་གསལ་དུ་སྡུད་པའི་ཐབས་རྣམས་ཀྱིས་དོན་གྱི་འོད་གསལ་བ་མངོན་སུམ་དུ་གྱུར་བའི་ཚུལ་གྱིས་རྟོགས་པ་སྟེ། མཆོད་པ་དེ་རྣམས་ཀྱིས་སངས་རྒྱས་ཉིད་སྟེ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་བདེ་བར་གཤེགས་པའི་གོ་འཕང་མྱུར་ཞིང་མགྱོགས་པར་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་པའོ། །ཞེས་པ་ནི་རྫོགས་རིམ་པའི་མཆོད་པའོ། །དེ་ལྟར་མཆོད་པ་རྣམ་པ་གཉིས་སྨོས་པས་ཏེ་གསུངས་སོ། །༧འདི་པ་ཚབ་ཀྱི་འགྱུར་ལས། དེ་ལྟར་མཆོད་པ་རྣམ་པ་གཉིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཞེས་འབྱུང་བ་རྒྱུད་ཚིག་དང་མཐུན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་རྫོགས་རིམ་པའི་མཆོད་པའི་ཆོ་ག་འདི་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པའི་རྒྱུད་ལུང་སྟོན་ལས་གསུངས་པ། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དང་ནི་ཆོས་ཀྱི་ཁམས་ཏེ། །ཡུལ་དྲུག་དང༌། མིག་ལ་སོགས་


JLD004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ཅན་གྱི་ཁམས་དྲུག་པོ་དེ་དག་དངོས་པོ་མེད་པ་འོད་གསལ་དུ་འཇུག་པར་བྱས་པ་ནི། །སངས་རྒྱས་མཆོད་པ་བླ་ན་མེད་པ་དེ། དེ་འདྲ་བའི་མིག་དང་སོགས་པས་དབང་པོ་ལྷག་མ་དང་ཡུལ་རྣམས་འོད་གསལ་དུ་ཞུགས་པའི་ཡེ་ཤེས་ལས་མཉམ་ལངས་ཀྱི་དུས་སུ་བྱུང་བ འི། །གཟུགས་སྒྲ་ལ་སོགས་པའི་ཡུལ་ལྔ་ལ་ཐོགས་མེད་དུ་འཇུག་པའི་མངོན་ཤེས་ལྔས་ནི་མཛེས་པར་བྱས་པའི། །མཆོད་པ་བཟང་པོར་བཤད་པའི་འོད་གསལ་གྱི་ཡེ་ཤེས་འདིས། །བྱང་ཆུབ་མྱུར་རུ་སྟེ། ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཞེས་བྱ་སྟེ། །དགོངས་པས་བཤད་པའོ། ༈ །དེ་ལྟར་ཕྱི་བསྐྱེད་རིམ་དང་ནང་གི་སྟེ་རྫོགས་རིམ་གྱི་མཆོད་པ་རྣམ་པ་གཉིས་བསྟན་ནས། །རྫོགས་པའི་རིམ་པ་དང་བྲལ་བ འི་བསྐྱེད་རིམ་གྱི ས་བྱང་ཆུབ་མྱུར་དུ་སྟེ། ཚེ་འདི་ཉིད་ལ་འཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།ཞེས་འདིས་ནི་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱིས་ཀྱང་སྙིགས་དུས་ཀྱི་ཚེ་གཅིག་ལ། བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་བཀག་སྟེ། དེ་གསུམ་ལ་བླ་མེད་གྱི་བསྐྱེད་རིམ་འཁོར་བཅས་ལས་ལྷག་པའི་ལམ་མེད་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་འདིར་པ་ཚབ་ཀྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང༌། སྔགས་ནི་ཉེ་བར་མཚན་པའི་ཕྱིར་སྐུ་དང་ཐུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་དག་གིས་གསང་བ་སྟེ། རྣམ་པར་དག་པ་ཞེས་བསྒྱུར་པ་ལྟར་བདེའོ། །


JLD004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། དེ་ཁནི་དེ་ཙམ་དུ་མ་ཟད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་དེ་ཀབཞིན་གཤེགས་པའི་གསུང་ཡིན་ལ་དང་གཐུགས་གཉིས་ཀྱང་ཉེ་བར་མཚོན་པའི་སྔགས་ཡིན་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྣམ་པར་དག་པ་འོག་ནས་བཤད་པ་འདི་གསུངས་པའོ། ༈ །སྔགས་འདིར་པ་ཚབ་ཀྱིས་བསྒྱུར་བའི་རྒྱུད་ལས། སྔགས་ལ་ངེས་རྟོག་ལུས་ཀྱིས་ནི། །ངག་གིས་ཡིད་ལ་བསྐུལ་གྱུར་པས། །བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང༌། །ཡིད་ནི་དགའ་དང་མགུ་བའོ། ཞེས་འབྱུང་བ་དང་འགྲེལ་པའི་འགྱུར་ཡང་ཤིན་ཏུ་ལེགས་སོ། །དེ་ལྟར་བྱས་ན་ལུས་ཀྱིས་བསྒྲུབས་པའི་སྔགས་ལ་དེས་རྟོག་གི་ངག་གིས་ཞེས་པར་འགྱུར་རོ། །ལ་དམིགས་པའི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཏུ་བའི་གཞི་ནི་ཨཱ་ལི་བཅུ་དྲུག་དང༌། ཀཱ་ལི་སོ་བཞིའམ། སོ་གསུམ་ལས་བྱུང་བ འི་སྔགས་རྣམས་ཏེ། དེ་ཡང་འགོར་ༀ་དང་མཐར་སྭཱ་ཧཱ་ཡོད་པའི་སྔགས་སྦྲུལ་ཞེས་པ་དང་ལ་སོགས་པས་བསྡུས་པ་འགོར་ༀ་ཡོད་ལ་མཐར་སྭཱ་ཧཱ་མེད་པ་ནི་མཐའ་མེད་དང༌། དེ་ལས་བཟློག་པའི་སྔགས་འགོ་མེད་དང༌། འགོར་ༀ་དང༌། མཐར་སྭཱ་ཧཱ་མེད་པའི་སྔགས་བཏུས་པའི་ངོ་བོ་ཉིད་ཡིན་ལ། །བཟླས་པའི་སྔགས་བཞི་པ་དེ་རྣམས་ནི་བུད་མེད་ཨཱ་དང་སྐྱེས་པ་ༀཿ དང་མ་ནིང་ཧཱུཾ་ཉིད་ཀྱིས། ཡི་གེ་གསུམ་གྱི་གཞིར་གྱུར་པས་ཏེ། འདུས་པས་བཟླས་བྱའི་སྔགས་ཐམས་ཅད་ཡི་གེ་གསུམ་དུ་འདུ་བའི་རྒྱུ་མཚན་ནི་སྔགས་ཀྱི་ལྷ་


JLD004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྡོ་རྗེ་གསུམ་གྱི་རིགས་སུ་འདུ་བའི་གནད་ཀྱིས་ཡིན་ནོ། །སྔགས་རྣམས་ནི་ཡི་གེ་གསུམ་སྟེ། །དེ་རྣམས་ཀྱི་ངོ་བོ་ཉིད་ནི་འཇུག་པ་ༀ་དང་གནས་པ་ཨཱཿ དང་ལྡང་པ་ཧཱུཾ་གི་གདངས་ཀྱི་འི་ངོ་བོ་ཉིད་ཀྱིས་ཡོངས་སུ་ཤེས་པ་ནི་སྔགས་ལ་དམིགས་པའོ། །རྡོར་བཟླས་དེ་ལ་ལུས་ཞེས་བྱ་བ་ལ་ལུས། རྣམ་པར་དབེན་པ་སྔོན་དུ་འགྲོ་པས་རྡོ་རྗེ་བཟླས་པ་ངག་རྣམ་པར་དབེན་པའི་སྒྲུབ་པར་ཏེ། སྒྲུབ་བྱེད་དུ་གྱུར་པས། ངག་དབེན་སྒྲུབ་པའི་ཕུང་སོགས་དེ་བཞིན་གཤེགས་པ་ལྔ་ལ་སོགས་པར་བློས་སྤྲུལ་པའི་ལུས་དབེན་དང༌།ཞེས་ཏེ་འོག་གི་རིམ་པ་བཞི་རྡོར་བཟླས་ཀྱིས་སྒྲུབ་པ་དེ། ལུས་དབེན་སྔོན་དུ་བཏང་བའི་རྡོར་བཟླས་ཀྱིས་ཡིན་གྱི། རྡོར་བཟླས་རྐྱང་པས་མིན་ཞེས་པའོ། །ངག་གིས་ཅེས་བྱ་བ་རྡོ་རྗེ་བཟླས་པས་ཉེ་བར་མཚོན་པའི་ཐབས་ཀྱི ས་ཡིད་ཅེས་བྱ་བ་ནི་རང་གི་སྙིང་གར་ཆོས་ཀྱི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་གནས་པའི་རྡོ་རྗེ་སེམས་དཔའ་སྟེ། དེ་མཚོན་པའི་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་ཡི་གེ་དང་བཅས་པ་བསྐུལ་ཞིང༌། ཞེས་པ་དེ་ལས་རླུང་ལྡང་འཇུག་གནས་གསུམ་སྔགས་དང་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ཡུལ་དུ་བྱས་ཏེ། རྡོ་རྗེ་བཟླས་པ་བྱེད་པའོ། །འདིར་པ་ཚབ་ཀྱི་འགྱུར་ལས། ཡིད་ལ་བསྐུལ་བས་བསྒྲུབ་པར་བྱ་ཞེས་བྱ་བ་ལ། རྣལ་འབྱོར་པའི་རྒྱུད་ལ་འཆད་པར་འགྱུར་བའི་སེམས་དབེན་ལ་སོགས་པའི་གནས་སྐབས་བཞི་པོ་རྣམས་བསྒྲུབ་པར་བྱའོ། །ཞེས་པའི་དོན་ནོ། །བསྒྲུབ་བྱ་བཞི་པོ་དེ་རྣམས་གང་ཞེ་ན། རབ་མཆོག་


JLD004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་མཆོག་གི་དོན་ནི་མཆོག་ཏུ་བྱུང་བ་སེམས་རྣམ་པར་དབེན་པའི་མཚན་ཉིད་དེ། གང་ལས་མཆོག་ཏུ་བྱུང་ན་རྡོ་རྗེ་བཟླས་པའི་རིམ་པ་བས་ལྷག་པའི་ཕྱིར་རོ། །དངོས་གྲུབ་ཞེས་བྱ་བ་ནི་རིམ་པ་གསུམ་པ་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་ཕྱག་རྒྱ་ཆེན་པོ་སྒྱུ་མའི་སྐུའོ། ཡིད་དགའ་བར་བྱེད་པས་ན་ཡིད་དགའ་བ་སྟེ་ཞེས་པ་ནི་ཡིད་དགའ་བྱེད་ཀྱི་བྱེད་པ་ཡིན་གྱི། དགའ་བའི་ལས་སུ་བྱ་བ་ལ་མི་བྱ་བའི་དོན་ནོ། །ཕྱག་རྒྱ་ཆེན་པོ་སྒྱུ་མའི་སྐུ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དག་པ་དེ་གང་ཞེ་ན། དོན་དམ་པའི་བདེན་པ་དང༌། ཡུལ་ཅན་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་བའོ། །མགུ་བ་ནི། ཡིད་དུ་འོང༌བས་སྟེ། དེ་ཡང་སྲིད་པ་སྟེ། དག་པའི་སྒྱུ་མའི་སྐུ་དང་སྤྲོས་པ་ཞི་བའི་མཚན་ཉིད། དེ། ངོ་བོ་ཉིད་འོད་གསལ་གྱི་ཡེ་ཤེས་དང་རོ་གཅིག་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། བཞི་པོ་དེ་བསྒྲུབ་པར་བྱའོ་ཞེས་འབྱུང་ངོ༌། །ཡིད་ནི་དགའ་ཞིང་ཞེས་བྱ་བ་ནི། ཡིད་ཡང་དག་པར་དགའ་བར་གྱུར་པ་སྟེ་ཕྱག་རྒྱ་ཆེན་པོ་རྣམ་པར་དག་པར་བྱེད་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། དོན་དམ་པའི་བདེན་པའོ། །མགུ་བ་ཡིས་ཞེས་བྱ་བ་ནི། །སྲིད་པ་དང་ཞི་བ་རོ་གཅིག་པའི་མཚན་ཉིད་ཅན་ཡིད་དུ་འོང་བའི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྐྱེད་པར་གྱུར་པའོ། །དེ་གང་ཡིན་ཞེ་ན། དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ནི་བདག་ལ་བྱིན་གྱིས་བརླབ་པའིམཚན་ཉིད་ཅན་ཕྱན་རྒྱ་ཆེན་པོའོ།


JLD004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཆོག་ནི་ཕུལ་དུ་བྱུང་བ་སྟེ། སེམས་རྣམ་པར་དབེན་པའི་མཚན་ཉིད་ཅན་རྡོ་རྗེ་བཟླས་པས་རྟོགས་པར་གྱུར་པའི་ཕྱིར་རོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པའི་རྒྱུད་ལ་འོག་ནས་བཤད་པའི་གནས་སྐབས་བཞི་པོ་རྫོགས་པར་བྱ་བ་སྟེ། ༈ །ངག་གིས་ཡིད་ལ་བསྐུལ་བས་བསྒྲུབ་པར་བྱ་ཞེས་པའི་རྒྱུད་ཆག་འདི་དག་གིས་ནི་རིམ་པ་ལྷག་མ་བཞི་རྡོ་རྗེ་བཟླས་པའི་ཕན་ཡོན་ཡིན་པར་གསུངས་པ་ཡིན་ནོ། ༈ །མདོར་བསྟན་པའི་ཚིག་རབ་མཆོག་ལ་སོགས་པའི་བཞིའི་བཤད་པ་བསྟན་པའི་ཕྱིར། །སེམས་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ལ་དམིགས་པ་ནི་རིམ་པ་གཉིས་པ་སེམས་དབེན་ཏེ། དེ་རིམ་པ་གཉིས་པར་འཇོག་པ་ནི། སྒྲོན་གསལ་གྱི་རིམ་ལྔ་དང༌། འཕགས་པའི་རིམ་ལྔའི་གྲངས་གཉིས་ཀ་ལྟར་ནའང་གཉིས་པའོ། །རིམ་པ་དེས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་སེམས་ལ་དམིགས་པའོ། །ཇི་ལྟ་བ་བཞིན་དུ་ཤེས་རྒྱུའི་དོན་དེ་ཤེས་པར་བྱས་པའི་ཡུལ་ནི་སེམས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་གང་ཡིན་པ་སྟེ་དེ་ནི་སེམས་ཀྱི་བདག་མེད་པ་ཡིན་ལ། དེ་ལ་དམིགས་པ་ལ་སེམས་ལ་དམིགས་པ་ཞེས་བྱ། །འདིས་ནི་གླན་ལ་སོགས་པ་འགའ་ཞིག་སེམས་དབེན་གྱི་ཡེ་ཤེས་ཀྱིས་ཆོས་ཅན་སེམས་ལ་དམིགས་ཀྱི། སེམས་ཀྱི་ཆོས་ཉིད་ལ་དམིགས་པ་མ་ཡིན་ནོ་ཞེས་འདོད་པ་ཡག་བཀག་ཀོ། ངག་དང་ལུས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་སེམས་དབེན་གྱིས་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་ཟད་ངག་དང་ལུས་ངག་ཀྱང་བདག་མེད་


JLD004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྣམ་པར་བསྒོམ་པས། །སེམས་སོ་སོར་རྟོགས་པ་སེམས་དབེན། བསྒྲུབ་པ་སྟེ། རྫོགས་པ ར་བྱའོ་ཞེས་བྱ་བའི་དོན་ཏོ། །ཏེ། སེམས་ལ་དམིགས་པ་ཞེས་པའི་རྐང་པ་གཉིས་པོ་འདིས་ནི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་དེ་ངོ་བོ་གསུམ་དང་འོག་མ་གསུམ་རིམ་པ་བཞིན་དུ་སྦྱར་བའམ། ཡང་ན་སྐུ་ཐབས་དང༌། གསུང་ཤེས་རབ་ཅེས་སྦྱར་བའོ། །ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་གསུམ་སྟོན་པར་གྱུར་བ་ཡིན་ནོ། །སེམས་དབེན་རྫོགས་པའི་རྗེས་དེ་ནས་ཅི་ཞིག་བྱ་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་བཞིན་དུ་མཉམ་ཞེས་པའི་ནམ་མཁའ་ནི་དོན་དམ་པའི་བདེན་པ་སྟེ། དེ་ཇི་འདྲ་བ་དེ་བཞིན་དུ་མཉམ་པ་སྟེ། ངོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་སོ། །འོད་གསལ་དེ་སྐྱེད་པའི་གནས་ཡིན་པས་ན་གནས་ཏེ། སྒྱུ་མའི་ལུས་རྡོ་རྗེ་འཛིན་པ་གང་ཡིན་པ་དེ་བསྒྲུབ་བར་བྱ་བ་སྟེ། སྐྱེད་པར་བྱའོ། ཇི་ལྟར་སྐྱེད་པར་བྱ་སྙམ་ན་སྦྱོར་བ་རྣམ་པ་གསུམ་ནི་རྣམ་པར་གསུམ་སྦྱོར་བ་སྟེ། ཡིད་ཀྱི་རང་བཞིན་གྱི་ལྷའི་གཟུགས་སུ་བྱས་པའོ། །སྦྱོར་ཚུལ་ནི། སྒྱུ་ལུས་གང་དུ་སྣང་མཆེད་ཐོབ་པ་རྣམ་པ་གསུམ་པོ་སྔ་མ་ཕྱི་མ་ལ་ཐིམ་པའི་ཚུལ་གྱིས་མཐར་གཅིག་ཏུ་གྱུར་པ་ལས་སྒྱུ་མའི་སྐུ་གཅིག་ཏུ་སྦྱར་བ་དེ་ནིའོ། །གང་དུ་སྦྱོར་བ་གསུམ་པོ་གཅིག་ཏུ་གྱུར་བ་དེ་ནི་སྦྱོར་བ་རྣམ་གསུམ་སྟེ་ཡིད་ཀྱི་རང་བཞིན་གྱི་ལྷའི་གཟུགས་སོ། །ལུས་དང་ངག་དང་སེམས་དམིགས་ན། ངོ་བོ་ཉིད་ནི་དམིགས་སུ་མེད་ཅེས་བྱ་བ་ལ། ལུས་དང་ངག་དང་


JLD004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་དམིགས་པ་ཞེས་པའི་དོན་ནི་སེམས་དམིགས་ཀྱིས་ཡེ་ཤེས་གསུམ་ཉེ་བར་བརྟགས་པ་སྟེ། བསྐྱེད། ནས་གང་ཞིག་ཐོབ་པའི་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཉིད་དེ་སྒྱུ་མའི་སྐུའོ། །སྐུ་དེ་ནི་དམིགས་སུ་མེད་དེ་ཞེས་པ་ནི་སྐུ་དེའི་ཕུང་ཁམས་སོགས་ཐམས་ཅད་ཀྱང་བསམ་གཏན་གཉིས་ཀྱིས་དོན་དམ་པའི་བདེན་པ་འོད་གསལ་ཉིད་དུ་རྟོགས་པ་སྟེ། སོན་པར་བྱས་པས་སོ། །ལུས་དང་ཞེས་པའི་རྐང་པ་གཉིས་པོ་འདིས་ནི་འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ་གསལ་བར་བྱེད་དོ། ༈ །སྔགས་ཀྱི་ལམ་འདིར་ཁ་ཅིག་འདི་སྙམ་དུ་ཡེ་ཤེས་ཀྱི་རང་བཞིན་གྱི་སྒྱུ་མའི་སྐུ་ལ་གནས་པ་མི་དམིགས་པ་སྟེ། མ་རྙེད་ཀྱང༌། གལ་ཏེ་རྟོགས་པའི་རྣལ་འབྱོར་བསྐྱེད་རིམ་གྱིས་སྔགས་ཀྱི་ལྷའི་སྐུར་གནས་པ་དམིགས་པ་སྟེ། རྙེད་པ ར་འགྱུར་བས། མཐའི་གཟུགས་སྐུ་སྒྲུབ་བ་ལ་ཡེ་ཤེས་ཀྱི་སྐུ་མི་དགོས་སོ་སྙམ་དུ་རོ་ཞེས་རྟོག་པར་གྱུར་ན་ལོག་རྟོག་དེ་བཟློག་པའི་ཕྱིར། སྔགས་ཀྱི་ལུས་སུ་སྦྱོར་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།ཞེས་པའོ། །སྔར་སྤྱིའི་མཚམས་སྦྱོར་དུ་རྫོགས་རིམ་དང་བྲལ་བས་བྱང་ཆུབ་མྱུར་དུ་མི་ཐོབ་ཞེས་བསྟན་པའི་ཕྱིར་ཞེས་པ་ནི། སྔགས་ཀྱི་ལུས་སུ་ཞེས་པའི་རྐང་པ་གཉིས་པོ་འདི་ཡིན་ལ། འདི་ཡི་དོགས་པའི་རྒྱུ་ཚང་བར་བཀོད་ནས། དོགས་པ་ལེགས་པར་གཅོད་པ་ཅིག་དགོས་པ་ནི། མཐའ་གཅོད་དུ་འཆང་བར་


JLD004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །སྔགས་ནི་ལྷ་བསྐྱེད་པའི་ས་བོན་ༀ་ལ་སོགས་པའི་ཡི་གེ་རྣམས་སོ་འོ་། །ས་བོན་དེས་ལུས་སུ་སྟེ། སྐུར་བྱས་པ་སྟེ། བསྐྱེད་པ། གང་ཡིན་པ་དེ་ནི་སྔགས་ཀྱི་སྐུའམ་སྔགས་ཀྱི་ལུས་ཏེ། བསྐྱེད་པའི་རིམ་པ་གང་གི་སྦྱོར་བ་རྡོ་རྗེ་བཞི་རྒྱས་པ་བསྙེད་སྒྲུབ་བཞི་པོ་ཡན་ལག་དང་བཅས་པ་དེས་ནི་བྱང་ཆུབ་པ་མེད་པ་སྟེ་སངས་རྒྱས་པ་ཉིད་མེད་དོ། །གང་གི་ཕྱིར་ཞེ་ན། སྔགས་ཀྱི་ཡི་གེ་ཇི་སྲིད་ཡོད་པ་དེ་སྲིད་ཚོགས་པ་ལས་སྐྱེས་པ་ཡིན་ཏེ། ཇི་སྲིད་དེ་གང་རྟོགས་པས་སྔགས་ཀྱི་ཡི་གེ་རེ་རེ་བ་དང༌། ཚོགས་པ་ལས་སྐྱེས་པ་སྟེ། བསྐྱེད་པ་ཡོད་པ་ཡིན་པ་དེ་སྲིད་དེ། དེ་ནི་རིང་པོར་མི་ཐོགས་པར་སྐྱེས་ནས་རྒྱུན་འཇིག་པར་འགྱུར་བས། །ཁྱབ་པས་ན་ནམ་མཁའ་དང་མཉམ་པ་སྟེ། འདྲ་བར་དངོས་མེད་དུ་འགྱུར་ན་བསྐྱེད་རིམ་སྒོམ་པ་གཅིག་པུ་དེས་སངས་རྒྱས་ཀྱི་ལུས་ཏེ། གཟུགས་ཀྱི་སྐུ་འཁོར་བ་ཇི་སྲིད་པར་གནས་པ་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། མི་འགྱུར་བའི་ཕྱིར་རོ། །བསྒོམ་པའང་མེད་ཅེས་བྱ་བ་ནི། རང་ལྷར་གསལ་ཞིང་ཤིན་ཏུ་བརྟན་པ་དེ་བསྒོམ་བཞིན་པ་ཉིད་ནའང་རང་ལྷ་དེ འི་སྐུ ར་དོན་ལ་སོང་བ་མེད་པས་དོན་ལ་ལྷའི་སྐུར་སོང་བ་དེ་སྒོམ་པ་ཡང་མེད་དོ། །༧དེ་ལྟར་བསྐྱེད་རིམ་པའི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་ལ་སོགས་པ ས་བསྡུས་པ་སྤྲུལ་སྐུ་རྣམས་ཀྱང་སྤངས་པ་སྟེ། དེ་རྣམས་ལས་འདས་པའི་ལམ་གྱིས་གོང་དུ་བགྲོད་དགོས་པ་ཡིན་པའི་ཕྱིར་ན། སྐུ་གཉིས་མཉམ་པར་ཏེ། འབྲལ་མེད་དུ་བྱུང་ཞིང་སྲིད་ཞི་ལ་མི་གནས་པའི་མཚན་ཉིད་ཅན་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྒྲུབ་བྱེད་ཀྱི་གཙོ་


JLD004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བོ་སློབ་པའི་ཟུང་འཇུག་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ནི། སྔགས་ལ་དམིགས་པ་ངག་དབེན་དང་ལ་སོགས་པ ས་བསྡུས་པ་ལུས་དབེན་ནོ། །དེ འི་རིམ་གྱིས་ཞེས་པ་ནི། དེ་གཉིས་རིམ་པ་བཞིན་དུ་བསྐྱེད་པའི་ལམ་གྱིས་སྐུ་དང་གསུང་དང་ཐུགས་སྒྲུབ་པ་པོ་གང་གིས་བརྟགས་པ་དེ་ནི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་དེ་སེམས་དབེན་གྱི་སྟོང་པ་ཉིད་གསུམ་གྱི་ཡེ་ཤེས་གསུམ་མོ། །༡འདི་ནི་ཞེས་བྱ་བ་ནི་སྔར་སེམས་དབེན་གྱི་སྐབས་སུ་བཤད་མ་ཐག་པའོ། །༤རྣམ་པར་དཔྱད་ནས་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའོ། །ཞེས་པ་ཡང་སྔགས་ལ་དམིགས་པ་ལ་སོགས་པའི་རིམ་གྱིས་ཞེས་པ་དང་སྦྱར་རོ། །མདོར་ན་སྟེ། བསྡུས་ན་ཞེས་བྱ་བ འི་དོན་ནི་སེམས་དབེན་གྱི་སྟོང་བ་གསུམ་ལས་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུར་བསྐྱེད་པ་ཉིད་ཀྱིས་ཏེ། རྟེན་དེས་འོད་གསལ་དུ་ཞུགས་ནས། དེ་དང་གཅིག་ཏུ་བྱས་པས་སོ། །སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན། །བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ་ཞེས་བྱ་བ་ལ། སྔགས་ནི་དོན་གྱི་འོད་གསལ་དུ་ཞུགས་པའི་ཡེ་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔའོ། །དེ་འདྲ་བའི་རླུང་དང་ཡེ་ཤེས་དེ་རྣམས་ཀྱིས་བརྟགས་པ་ནི་བློས་བརྟགས་པ་མ་ཡིན་གྱི་དོན་ལ་དག་བའི་སྒྱུ་མའི་སྐུར་བསྐྱེད་པའོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། ཟུང་འཇུག་གོ་ཏོ་། །བྱང་ཆུབ་ནི་དོན་དམ་པའི་བདེན་པ་འོད་གསལ་ལ། །དེ་དང་དག་པའི་སྒྱུ་མའི་སྐུ་དེ་མ་ཐག་ཏུ་བཤད་པས་ཉིས་རོ་གཅིག་ཏུ་སྦྱོར་བ་གང་ཡིན་པ་དེ་


JLD004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་སྦྱོར་པའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་ཟུང་འཇུག་ལ་བསླབ་པར་བྱའོ་ཞེས་པ་སྟེ། སྐུ་གསུང་ཐུགས་ཞེས་སོགས་རྐང་པ་བཞི་པོ་འདིས་ནི་ཟུང་དུ་སྦྱོར་བའི་རིམ་པ་སྟོན་པ་ཡིན་ཏེ། དགོངས་པས་བཤད་པའོ། ༈ །ད་ནི་ལེའུ་གསུམ་པ་ལས་སྣའི་རྩེ་མོར་ཡུངས་ཀར་ཙམ་གྱི་ཕྲ་མོ་སྒོམ་པར་གསུངས་པའི་ཕྲ་མོའི་རྣལ་འབྱོར་དེ་ཉིད་སླར་ཡང་ཁ སྔར་བསྟན་པ་ཙམ་ཞིག་འཆང་ངམ་སྙམ་ན་དེ་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་སྟེ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་རླུང་གི་དེ་ཁོ་ན་ཉིད་སྔགས་དང་བཅས་པར་འཆད་པས་སོ། །ཀབསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་གནས་ཞེས་བྱ་བའི་སྒྲ་ནི་རྫོགས་པའི་རིམ་པའི་རིམ་པ་དྲུག་བསྟན་པའི་འོག་ཏུའོ། །ཚོགས་གཉིས་རྫོགས་པའི་དཔལ་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི། ཕྱག་མཚན་གྱི་རྡོ་རྗེ་རྩེ་ལྔ་པ་ཕྱག་ཏུ་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ། ཡི་གེའི་དོན་ཏོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་ཡེ་ཤེས་དེའི་རང་བཞིན་གྱིས་ཏེ། དེ་རང་གི་ངོ་བོ་ཉིད་དུ་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ། སྤྱིའི་དོན་ཏོ། །ཡིད་ཀྱི་རང་བཞིན་གྱི་སྐུ་རིམ་པ་གསུམ་པའི་སྒྱུ་མའི་ལུས་རང་གི་ངོ་བོ་ཉིད་དུ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ་སྦས་པའོ། །རྡོ་རྗེ་ནི་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་ཏེ་དེའི་ངོ་བོ་ཉིད་ཀྱིས་ཏེ། དེ་རང་གི་ངོ་བོ་ཉིད་དུ་འཆང་པར་མཛད་པས་ན་རྡོ་རྗེ་འཛིན་པ་སྟེ།


JLD004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཀུན་ནི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་སོ་སྟེ་། །ལྷ་མོ་དེ་རྣམས་ཀྱིས་ཟག་མེད་ཀྱི་བདེ་བ་སྟེར་བའི་སྒོ་ནས་མཆོད་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་མཆོད་པའོ་དོ་། །སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནང་ན ས་མཆོག་ཏུ་གྱུར་པ་དྲུག་པ། །ཀུན་མཁྱེད་པ་ནི་ཐུགས་རྡོ་རྗེ་སྟེ་ཞེས་པ་ནི་རིགས་གསུམ་དུ་སྡུད་པ་ན་རྡོ་རྗེ་འཆང་ཐུགས་རྡོ་རྗེར་སྤྱོད་བསྡུས་ལས་གསུངས་པས་དེ་ཡང་དྲུག་པའོ། །དེ་བསྒོམ་པ ར་བྱ་བ འི་མཆོག་འོད་ནས་བཤད་པ་རྣམས་བཀའ་སྩལ་ཅིང་གསུངས་པའོ། ༈ །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཞེས་པ་བཞིས་ཕྲ་མོ་བསྒོམ་པའི་རྟེན་རིམ་པ་གཉིས་ཀྱི་ལྷའི་རྣལ་འབྱོར་སྔོན་དུ་བཏང་ནས་ཕྲ་མོ་སྒོམ་དགོས་པར་བསྟན་པས་དྲང་ངེས་གཉིས་ཀ་དང་སྦྱར་རོ། །ཞེས་བྱ་བ་ནི། འོད་གསལ་བ་ལ་གནས་པའོ། །ཞེས་པ་ལ་ནི་ལྷག་མོས་འོད་གསལ་དུ་བསྡུས་པ་དང་། སྒྱུ་ལུས་འོད་གསལ་དུ་དག་པ་གཉིས་སོ། །ཟླ་བའི་དཀྱིལ་འཁོར་ལ་ནི་ཟླ་བ་ལས་བྱང་ཆུབ་པ་དང༌། འོད་གསལ་ལས་ལུགས་ཟློག་ཏུ་བྱུང་བའི་སྣང་བའི་ཚོགས་གཉིས་སོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་དང་པོར་དང་པོའི་མགོན་པོ་དང༌། ཟུང་འཇུག་གི་ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད་པ་གཉིས་ཏེ། དེ་ནི་སངས་རྒྱས་ཀྱི་གཟུགས་སུ་རབ་ཏུ་སྒོམ་པའི་དོན་ཡང་ཡིན་ནོ་འོ་། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། ཞེས་བྱ་བ་ནི་ལོངས་སྐུར་བསྐྱེད་པའི་ཕྱི་ནས་ཏེ། རྗེས་སུ་སྤྲུལ་སྐུར་བསྒྱུར་བ་གཉིས་ཡིན་ཏེ། ཟུང་འཇུག་གི་སྐབས་ཀྱི་རགས་པའི་ཕུང་པོ་ལ་སོགས་


JLD004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྗེས་སུ་གཞུག་པ་སྟེ་ཞུགས་པ་དང༌། དང་པོའི་མགོན་པོ་སྤྲུལ་རྡོར་སེམས་སུ་བསྒྱུར་བའི་ཕུང་པོ་ལ་སོགས་པའི་ངོ་བོར་རྣམ་སྣང་སོགས་རྗེས་སུ་ཞུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ལས་བསྒྲུབས་པའི་སྤྲུལ་བའི་སྐུར། །བདག་ཉིད་བསྐྱེད་ལ་འོག་ནས་བཤད་པའི་རིམ་གྱིས་ཕྲ་མོའི་སྦྱོར་བ་སྟེ། རྣལ་འབྱོར་གཉིས་ཀུན་ཏུ་བརྩམ་བར་བྱའོ། ༈ །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ། །ཞེས་བྱ་བའི་རྡོ་རྗེའི་མདོ་འདིས་ནི་ཐ་མལ་པའི་སེམས་ཅན་པ་ཚབ་དང་ཆག་འགྱུར་ལས། སེམས་ཅན་རྣམས་ཀྱི་སྐྱེ་བ་དང་། བརྟགས་པའི་ལྷར་དམིགས་པ་གཉིས་སོ་སོར་ཕྲལ་ཞིང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང་ཞེས་པ་བསྣན་ཏེ་དྲུག་བྱའོ། །མངལ་དུ་སྐྱེ་བ་རྣམས་ཀྱི་སྐྱེ་བ འི་རྒྱུ་དང་་ལྟར་བརྟགས་པའི་ལྷར་དམིགས་པ་དང༌། །རླུང་གི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང༌། ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་དེ་དྲུག་སྟོན་ཏེ། ༈ དང་པོ་སྣའི་རྩེ་མོར་ཞེས་པ་བཞི་དྲང་དོན་དུ་འཆད་པ་ལ། སེམས་ཅན་སྐྱེ་བའི་རྒྱུ་བསྟན་པ་ནི་ཕའི་ལུས་ཀྱི་སྟེང་སྟེ། སྟོད་ན་གནས་པའི་སྲོག་ཆག་འགྱུར་ལས། སྲོག་གི་རྩེ་ལ་བ་ཞེས་འབྱུང་བ་ལེགས་སོ། །སྟེ། རླུང་གི་དང་རྩོལ་བ་སྟེ། བྱེད་པ་དང་དཀར་དམར་གཉིས་འདྲེས་བ་ཕོ་མོའི་དབང་པོ་གཉིས་འདུས་པ་ལས། ལུས་ཀྱི་ནང་གི་ཤེས་རབ་སྟེ། དམར་


JLD004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་མེ་འབུར་བ་དང་ཐབས་ཀྱི ས་ཏེ། སྤྱི་བོའི་དཀར་ཆ་གཉིས་སྙོམས་པར་འཇུག་པ་སྟེ། འབར་འཛག་གཉིས་འདྲེས་པའི་དགའ་བས་དྲངས་པ་སྟེ་བསྐྱོད་པས་ཡན་ལག་མ་ལུས་པ་ལས་འདོད་ཆགས་ཆེན་པོའི་མེས་བཞུས་པར་གྱུར་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་པདྨའི་སྣ་ཡི་རྩེ་མོར་ལྟུང་བ་སྟེ། ལྷུང་བ་མའི་ཁྲག་དང་འདྲེས་པ་ནི་སེམས་ཅན་མངལ་དུ་སྐྱེ་བའི་རྒྱུའོ། །གསང་བའི་སྣ་རྩེའི་ཐིག་ལེ་འདི་ནི་སྲིད་པ་སྐྱེ་བའི་རིམ་པ་ལྟར་སྒོམ་པའི་བསྐྱེད་རིམ་པ་རྣམས་ལ། །དེ་བཞིན་གཤེགས་པ་རྣམས་ཀྱིས་སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་ཡུངས་ཀར་གྱི་སྒྲས་མཚོན་པར་མཛད་དེ། གསང་བའི་སྣ་རྩེར་ཡུངས་ཀར་གྱི་སྒྲས་མཚོན་པའི་ཐིག་ལེ་སྒོམ་པ་འདི་ཉིད་ནི་རྩ་རྒྱུད་དུ་མ་ཟད། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་ཏེ། ཡེ་ཤེས་ལྔ་ཡི་རང་བཞིན་གྱི་དབུགས་ནི་ཁྱབ་བྱེད་ཀྱི་རླུང་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པ་ནས། སྲོག་འཛིན་གྱི་རླུང་ཆོས་དབྱིངས་ཡེ་ཤེས་ཡིན་པའི་བར་རོ། །ས་ནས་ནམ་མཁའི་བར་གྱི་འབྱུང་བ་ལྔ་ཡི་ངོ་བོ་ཉིད་ནི། ཐུར་སེལ་སའི་ངོ་བོ་ཉིད་ཡན་པ་སོགས་སོ། །པདྨའི་སྣ་རྩེར་ལེའུ་དྲུག་པའི་སྒྲོན་གསལ་དུ་རྒྱུད་ཕྱི་མ་དྲངས་པའི་འགྱུར་ཐམས་ཅད་དང༌། བཅུ་གཉིས་པའི་འགྲེལ་པར་དྲངས་པའི་འགྱུར་གསར་གཉིས་དང༌། ཆག་གིས་བསྒྱུར་བའི་རིམ་ལྔ་དང༌། སྤྱོད་བསྡུས་ལས། པདྨའི་སྣ་རྩེར་ཞེས་འབྱུང་ལ། ལེའུ་བཅུ་གཉིས་པའི་འགྲེལ་པའི་འགྱུར་རྙིང་གཉིས་དག་པ་


JLD004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུད་ཕྱི་མ་དང་རིམ་ལྔ་དང༌། སྤྱོད་བསྡུས་ལོ་ཆེན་གྱིས་བསྒྱུར་བ་ལ་པདྨ་ཞེས་པ་མེད་པས། རྒྱ་གར་གྱི་དཔེ་ལ་ཡོད་མེད་གཉིས་བྱུང་བར་གསལ་ཡང༌། སྤྱོད་བསྡུས་སུ་དཀྱིལ་འཁོར་བཞིའི་རླུང་ལ་ཡི་གེ་གསུམ་གྱི་རྡོར་བཟླས་སྟེང་གི་སྣ་རྩེར་བྱེད་པ། ཡེ་ཤེས་ལྔའི་ཞེས་སོགས་རྐང་པ་དྲུག་གིས་གསལ་བར་བསྟན་པར་གསུངས་པས་པདྨ་མེད་པ་དག་གོ །ཕྱུང་ནས་ནི། དེ་ལྟར་རླུང་དང་བྱང་སེམས་འདྲེས་པ་དེ་ཉིད་གོང་བུའི་གཟུགས་སུ་བྱས་ནས་གསང་བའི་སྣ་རྩེར་ཐིག་ལེའི་གཟུགས་སུ་བརྟག་པ་སྟེ། བསྒོམ་པར་བྱ། རྩ་རྒྱུད་ལས་རིན་ཆེན་ཁ་དོག་སྣ་ལྔ་པ། ཞེས་གསུངས་པའི་དོན་ནི་སྲོག་གི་དང་། རྩོལ་བ་ཞེས་བྱ་བ་རླུང་ཁ་དོག་ལྔ་པར་བཤད་དོ། ཅེས་སྦྱོར་བ་ཡན་ལག་དྲུག་གི་སྲོག་རྩོལ་གྱི་ཡན་ལག་སྟོན་པའི་རྐང་བ་དྲུག །འདིར་བསྐྱེད་རིམ་པའི་ཕྲ་མོ་སྒོམ་པ་ལ་དྲངས་པ་ནི་མཚན་ཉིད་མཚུངས་པའི་སྒོ་ནས་བསྟན་པ་ཡིན་པས་མི་འགལ་ལོ། །གསུངས་པས་སོ། །འགྲོ་དང་མི་འགྲོ་ཡུངས་དཀར་ལ། ཞེས་བྱ་བ་ནི། ཡུངས་ཀར་ཏེ་ས་བོན་གྱི་ཐིག་ལེའི་དབུས་སུ་འགྲོ་བ་སྟེ་རྒྱུ་བ་བཅུད་དང་མི་འགྲོ་བ་སྟེ། མི་རྒྱུ་བའི་སྣོད་ཀྱི་འཇིག་རྟེན་རྣམས་བསམ་ཞིང་།ཞེས་པ་ནི་བསྐྱེད་རིམ་པས་ཐིག་ལེ་ཕྲ་མོའི་དབུས་སུ་རྟེན་དང་བརྟེན་པའི་ལྷའི་འཁོར་ལོ་བསམ་པའོ། །གཞི་དུས་སུ་སྔར་བཤད་པའི་ཐིག་ལེ་དེ་ཉིད་ལས་འགྲོ་བ་རྣམས་སྐྱེ་བཞིན་པ་སྟེ། སྐྱེ་བར་ཤེས་པར་བྱ་སྟེ། བདུད་རྩི་ཞེས་པ་ནི་ས་བོན་ཐིག་ལེ་ཞེས་བྱ་བར་བཤད་དེ། ཐིག་ལེ་དེ་ལས་མངལ་སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་པོ་སྐྱེས། ཞེས་རྡོ་རྗེ་བདུད་རྩིའི་རྒྱུད་དུ་གསུངས་པས་སོ། །ཡུངས་ཀར་འདི་ཉིད་ལ་སྟེ། འདི་ཉིད་ཀྱི་རྟོག་པའི་རྣལ་འབྱོར་ཕྲ་མོ་ལ་སློབ་པ་ན། རྒྱུ་བ་ཕྲ་མོའི་རྟེན་པའི་ལྷ་དང༌མི་


JLD004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་དེའི་གཞལ་ཡས་ཁང་རྣམས་དྲུག་པ་རྡོ་རྗེ་སེམས་དཔར་བསམ་མོ། །དེ་ལྟར་བསྒོམ་པ་འདི་ཉིད་ཀྱི་ཁྱད་པར་ནི། ཟག་མེད་ཀྱི་ཡེ་ཤེས། །སྐྱེ་པའི་གནས་འོག་སྒོའི་ཐིག་ལེ་ནི་ཉམས་དགའ་བ་སྟེ། དེ་ལ་དམིགས་ནས་བསྒོམས་པས་བདེ་ཆེན་འདྲེན་པས་སོ། །དེ་ཡང་རང་ལྷ་ཡབ་ཡུམ་དུ་གསལ་བའི་གསང་བའི་གནས་གཉིས་ཡེ་ཤེས་ཏེ། ཡིད་ཀྱིས་སྙོམས་པར་ཞུགས་པར་བརྟགས་ནས་བསྒོམ་པ་ལས་བྱུང་བའི་ཐིག་ལེའོ། ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ། ༈ །སྣ་ཡི་རྩེ་མོར་ཡུངས་ཀར་བསམ་ཞེས་བྱ་བ་ལ་སོགས་པའི་རྐང་བ་བཞི་ལ་ངེས་དོན་རྫོགས་པའི་རིམ་པའི་བཤད་པ་གསུངས་པ་ལ་བཞི་ལས་རླུང་གི་དེ་ཉིད་ནི། སྙིང་ག་དང༌། གསང་བའི་གནས་དང་། ལྐོག་མ་དང༌། ལྟེ་བ་དང༌། ལུས་ཐམས་ཅད་ལ་གནས་པའི་རླུང་ལྔ་ནི། རིམ་པ་བཞིན་སྲོག་འཛིན་ཐུར་སལ། གྱེན་རྒྱུ། མཉམ་ནས། ཁྱབ་བྱེད་ལྔ་ཡེ་ཤེས་ལྔའི་ངོ་བོའི་འོད་ཟེར་ལྔ་པོ་སྲོག་གི་དང་རྩོལ་བར་གྱུར་ནས་སྣ་ཡི་རྩེ་མོ་སྟེ། སྟེང་གི་སྣ་ཡི་བུ་ག་ལས་དཀྱིལ་འཁོར་བཞིའི་།ཁྱབ་བྱེད་འཆི་བའི་དུས་སུ་སྟེང་གི་སྣ་བུག་ལས་རྒྱུ་ཡང་ད་ལྟ་མི་རྒྱུ་བས་དཀྱིལ་འཁོར་བཞི་ཞེས་གསུངས་སོ། །རླུང་གི །དཀར་སེར་དམར་ལྗང་གུའི་ཁ་དོག་གིས་རང་གི་གནས་སོ་སོ་ནས་གོ་རིམས་བཞིན་དུ་ངེས་པར་འབྱུང་སྟེ། ཇི་སྐད་དུ་རྡོ་རྗེ་ཕྲེང་བ་ལས་རྩ་རྒྱུད་ལས་སྣ་རྩེར་ཡུངས་ཀར་བསམ་པར་བྱ། ཞེས་བྱ་བ འི་དོན་ནི། སྲོག་གི་དང་རྩོལ་བའི་རླུང་ལ་ཡིད་ཀྱིས་བརྟག་པའི་དོན་ནོ་འོ་། །སྲོག་གི་དང་རྩོལ་བ་ལ་


JLD004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གནས་པའི་སྲོག་གི་རྩོལ་བ་ནི། །འོད་ཟེར་ཏེ། ཁ་དོག་ལྔ་པོ་སངས་རྒྱས་ཏེ། རིགས་ལྔའི་དངོས། །བོ་སྟེ་ངོ་བོར་བཤད་པའོ། །དེ་རྣམས་སྟེང་གི་སྣ འི་བུ་ག་ལས་ངེས་པར་འབྱུང་བ འི། །ཚུལ་ནི། མཉམ་གནས་ཀྱིས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཡོན་རྐྱང་དང་གྱེན་རྒྱུས་གཙོ་བོ་བྱེད་ན་གཡས་རྐྱང་དང་ཐུར་སེལ་གྱི་གཙོ་བོ་བྱེད་ན་སྣ་བུག་གཉི་ག་ནས་དྲག་ཏུ་དང་། །སྲོག་འཛིན་གྱི་གཙོ་བོ་བྱེད་ན་དལ་བ ར་རྒྱུ་བ་ཞེས་བྱ་བ་རྣམ་པ་བཞིར་འགྱུར་ལ། །དེ་རྣམས་རེ་རེའི་གནས་ཡུན་ནི་ནང་གི་དུས་ནི་ཡིན་པར་བཤད་དོ། །དེ་འདྲ་བའི་རླུང་བཞི་ལ་དམིགས་ནས་ཟློ་བ་ནི་སྣ་རྩེར་ཡུངས་ཀར་བསམ་བའི་བསམ་ལུགས་ཏེ་རླུང་གི་དེ་ཁོ་ན་ཉིད་དོ། །རང་ཤུགས་ཀྱིས་བཟློ་བའི་སྔགས་ཡི་གེ་གསུམ་གྱི་གདངས་དང་དཀྱིལ་འཁོར་བཞི་ཡི་རླུང་གི་གདངས་དབྱེར་མི་ཕྱེད་པར་སྦྱོར་བ་ཡིས། །ཉིན་མཚན་རྣམ་པ་ཐམས་ཅད་དུ། །རྒྱུ་བ་ལ་ཐུན་ཕྱེད་ཉེར་བཞིར་བྱས་པའི་ཐུན་རེ་རེའི་དུས་སུ་གནས་པར་བྱེད་པ་ན་རླུང་སྔགས་གཉིས་སྦྱར་ནས་བཟློ་བ་ནི་སྔགས་ཀྱི་དེ་ཉིད་དེ། འདི་ཡང་སྣ་རྩེར་ཡུངས་ཀར་སེམས་པའོ་དེ། །དེ་རྣམས་ཀྱི་རྒྱུ་བའི་རིམ་པ་ནི་འབྱུང་བའི་གོ་རིམ་ཇི་ལྟར་རིགས་པ་བཞིན་དུ་རྒྱུ་བས། །མཐའ་གཅིག་ཏུ་མ་ངས་སོ་འོ་། །ཞེས་གསུངས་པ་སྟེ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། ཞེས་བྱ་བའི་རྡོ་རྗེའི་ཚིག་གི་དོན་འདིས་རླུང་གི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ཡིན་ནོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། ཞེས་


JLD004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྐང་པ་གཅིག་གིས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ལ། འགྲོ་བ་ནི་རླུང་གི་བཞོན་པ་དང་མི་འགྲོ་བ་ཞེས་པ་ནི། དེ་ལ་ཞན་པ་རྣམ་པར་ཤེས་པ་གསུམ་པོ་བྱང་ཆུབ་པ་སྟེ། སྟོང་པ་ཉིད་ཀྱི་བདག་ཉིད་ཅན་གྱི་སེམས་སོ། །ཡུངས་ཀར་ནི་ཁམས་ཕྲ་བ་སྟེ། རླུང་རྟེན་དང་ཡེ་ཤེས་གསུམ་པོ་བརྟེན་པར་གྱུར་པར་བསམ་ཞིང་རྣམ་པར་ཤེས་པར་བྱ་བ་སྟེ། བསྒོམ་པར་བྱའོ། །འདིར་འགྱུར་གསར་གཉིས་ལས། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ་ཞེས་འབྱུང་བ་ལེགས་སོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དུ་བསྒོམ་པར་བྱའོ། །ཡེ་ཤེས་གནས་ནི་ཉམས་དགའ་པ། གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ། ཞེས་བྱ་བ་ལ། རླུང་དག་རྣམ་པར་ཤེས་པ་ལས་སྒྲུབ་པའི་སྐུ་ཞེས། མིང་དུ་བཏགས་པའི་དག་པའི་ཡེ་ཤེས་ཀྱི་སྐུ་ནི། དེའི་ཐུགས་ཀྱི་རྟེན་ཡིན་པས་ཡེ་ཤེས་ཀྱི་གནས་སོ། །འཇའ་ཚོན་ལྟར་དཀར་པོ་ལ་སོགས་པའི་འོད་ཟེར་རྣམས་དང་ལྡན་པས་ན། ཉམས་དགའ་བའོ། །རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར། གསང་བའོ། །འོད་གསལ་བའི་ཡེ་ཤེས་ལས་བྱུང་བས་ན། ཡེ་ཤེས་ཀྱིས་བརྟགས་པ སྟེ། བསྐྱེད་པ། །ཟུང་འཇུག་གི་སྐུ་འདིའི་དོན་ནི་གསང་འདུས་ལྟ་བུར་མ་ཟད་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཀྱང་ཁ དངོས་སུ་འམ་སྙམ་ན་ཟུང་འཇུག་གི་སྐུ་འདི་ལ་དགོངས་པའི་གཞིར་བྱས་ན ས་བཤད་པས་ཏེ། སྒྲ་གཞན་གྱིས་སྟོན་གྱི་དངོས་སུ་མ་ཡིན་ན། ཀསྟོན་ཏེ། སྐྲ་གཙམ་ཁྱོན་གཅིག་ལ་ཡང་སངས་རྒྱས་ནི། །རྣམ་མང་གངྒཱའི་ཀླུང་

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JLD004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གི་བྱེ་སྙེད་བཞུགས། ཞེས་བྱ་བ་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་སྐྲ་གཅིག་ཙམ་དང་རྡུལ་གཅིག་ཙམ་གྱིས་ཁྱོན་ལ་ཡང༌། གང་གཱའི་བྱེ་བ་སྙེད་ཀྱི་སངས་རྒྱས་བཞུགས། ཞེས་བྱ་བ་གསུངས་པས། འདི་འདྲ་བའི་གོ་ས་གཅིག་མནན་པས། གཞན་བཞུགས་པ་ལ་གོ་མི་འགེགས་པ་ནི་དེ་ཐམས་ཅད་ཀྱང་ཟུང་འཇུག་གི་སྐུ་བརྙེས་པའི་དབང་གིས་ཡིན་ནོ། །བྱ་བ་གསུངས་པས་ཡེ་ཤེས་གནས་ནི་ཞེས་པ་རྐང་པ་གཉིས་ཀྱིས་ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་སྟོན་པ་ཡིན་ཏེ། ངེས་པའི་དོན་ཏོ། ༈ །ད་ནི་སྔགས་ཡི་གེ་གསུམ་གྱི་གདངས་དང་རླུང་བཞིའི་རང་གདངས་མཉམ་པར་ཏེ། མི་ཕྱེད་པར་སྦྱོར་བ་ལས། དཀྱིལ་འཁོར་བཞི འི་རླུང་འབྱུང་བ འི་ཚེ། འོད་དཔག་མེད་སོགས་རིགས་ཀྱི་དབྱེ་བ བཞི་ས་ཕྱེ་བའི་ཡན་ལག་ཏེ། རླུང་གི་ཆ་ཤས་སོ་སོར་ཕྱེ་བའི་བཟླས་པ་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་སྐབས་འདིར་མི་ཤིགས་པ སྔགས་ཀྱི་ཐིག་ལེ། །མི་ཤིགས་པ་དེའི་དབུས་ན་གནས་པ་ནི་མི་ཤིགས་པ་དེ་ལས་མེའི་དཀྱིལ་འཁོར་གྱེན་རྒྱུ་འབྱུང་བར་བསྒོམས་ནས་རྡོར་བཟླས་བྱེད་པ་ཡིན་ཏེ། བྱུང་འདི་


JLD004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རླུང་གཞན་གྱི་རྡོར་བཟླས་ལ་ཡང་སྦྱར་རོ། །བྱུང་བའོ། །ཉི་མའི་དཀྱིལ་འཁོར་ནི་མེའི་དཀྱིལ་འཁོར་གྱེན་རྒྱུ་སྟེ་ཏེ་། རང་དབང་གི་འོད་ཟེར་ཏེ། ཁ་དོག་ནི་དམར་པོའི་ངོ་བོ་ཉིད་སྣ་བུག་གཡས་ལས་བྱུང་བའི་འོད་ཀྱི་ཚོགས་སོ། །བསྒོམ་པ་ནི་རླུང་དེ་རྒྱུ་བའི་ཚེ། སྔར་ལྟར་འབྱུང་ཤེས་པར་བྱ ས་ནས་སྒོམ་པ་སྟེ། གཞན་གསུམ་ལའང་དེ་ལྟར་རོ་འོ། །སྒོམ་ཚུལ་ཇི་ལྟར་བྱ་སྙམ་ན་སངས་རྒྱས་སྐུ་ཡི་གནས་བསྒོམས་ཏེ་ཞེས་བྱ་བ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །སྐུ་ནི་འོད་དཔག་ཏུ་མེད་པའོ། །དེ་དག་གི་སྟེ། དེ་གཉིས་ཀྱི་གནས་ནི་རིམ་པ་བཞན་དུ་ཡི་གེ་ༀ་དང་ཨཱཿ སྟེ། དེ་གཉིས་ཀྱི་གདངས་རིམ་པ་བཞིན་དུ་རླུང་ནང་དུ་འཇུག་པ་དང༌། རླུང་ནང་དུ་གནས་པར་ཏེ། གནས་པའི་གདངས་སུ་སྦྱར་ཏེ། བསྒོམ་ཞིང་ཞེས་པ་ནི། ཡིད་ཀྱིས་ཉེ་བར་མཚོན་པ ར་བྱ། །ཡི་གེ་ༀ་དང་ཨཱཿ དེ་དག་གི་སྟེང་དུ་སྟེ། བར་མ་ཆད་པར། མི་བསྐྱོང་པའི། གནས་ཏེ་ཡི་གེ་ཧཱུཾ་རླུང་ཕྱིར་ལྡང་བའི་བདག་ཉིད་ཅན་དགོད་ཅིང་སྟེ། ཡིད་ཀྱི་ཡོངས་སུ་བརྟག་པ ར་བྱའོ། །སྔར་བཤད་པ་འདི་ནི་འོད་དཔག་ཏུ་མེད་པ གྱེན་རྒྱུའི་རླུང་གི་རྡོ་རྗེ་བཟླས་པའོ། ༈ །གསལ་བའི་དཀྱིལ་འཁོར་ནི་ཆུའི་དཀྱིལ་འཁོར་སྲོག་འཛིན་ཏེ་རྒྱུ་བ་དལ་བའི་ངོ་བོ་ཉིད་དོ། །སྤྱན་གྱི་ཚུལ་དག་སྦྱོར་བ་ནི་སྤྱན་མ་དེ་སྐུ་མདོག་དཀར་ཞིང་འགྲོས་དལ་བ་བཞན་དུ། སྲོག་འཛིན་གྱི་རླུང་ཡང་ཁ་དོག་དཀར་ཞིང་རྒྱུ་བ་དལ་བར་མཚོན་པའོ། །རྡོ་པ་ཚབ་ཀྱི་འགྱུར་ལས། དེ་ནས་པདྨ་རྡོ་རྗེ་བསྒོམ། ཞེས་འབྱུང་བ་དག་གོ །རྗེ་པདྨོ་རྣམ་པར་བསྒོམ། ཞེས་བྱ་བ་ལ། དེ་ནས་ཏེ་རླུང་ནང་དུ་འཇུག་པའི་ཚེ་ཡི་གེ་ༀ་ཡོངས་སུ་གྱུར་པ་སྟེ། འདས་པའི་རྗེས་ལ་རླུང་ནང་དུ་གནས་བའི་ཚེ་པདྨ་སྟེ་


JLD004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཨཱཿ སྟེ། དེ་ཡོངས་སུ་གྱུར་པ་འདས་པ་དང༌། རླུང་ཕྱིར་ལྡང་བའི་ཚེ་རྡོ་རྗེ་སྟེ་ཡི་གེ་ཧཱུཾ་རླུང་ཕྱིར་ལྡང་བ་བར་ཏུ་བརྗོད་པར་བྱ་བ་སྟེ། འདི་ནི་རྡོ་རྗེ་མི་བསྐྱོད་བའི་རིགས་སྲོག་འཛིན་གྱི་རྡོ་རྗེ འི་བཟླས་པའོ། ༈ །རིན་ཆེན་དཀྱིལ་འཁོར་ནི་རིན་ཆེན་འབྱུང་ལྡན་གྱི་དབང་ཆེན་གྱི་དཀྱིལ་འཁོར་ཐུར་སེལ་ཏེ། སྣ་བུག་གཉི་ག་ནས་རྒྱུ་བ་ཁ་དོག་སེར་པོའོ། །མཆོག་གི་སྦྱོར་བ་ནན་ཏན་གྱིས། །དེ་ཡི་སྟེང་དུ་ཡོངས་སུ་བསྒོམ། ཞེས་བྱ་བ་ནི། སའི་དཀྱིལ་འཁོར་ཐུར་སེལ་གྱི་རླུང་རྒྱུ་བ་དེ་ཡི་སྟེང་དུ་མཆོག་གི་སྦྱོར་བ་སྟེ་ཡི་གེ་གསུམ་གྱི་ཕྱིར་སྤྲོ་བ་ཧཱུཾ་ཡིག་དང་བསྡུ་བ་སྟེ། ནང་དུ་འཇུག་པ་ༀ་ཡིག་དང་གནས་པའི་བདག་ཉིད་ཅན་ཨ་ཡིག་དང་སྦྱར་བ་ནན་ཏན་གྱིས་རྩེ་གཅིག་ཏུ་བསྒོམ་ཞིང་ཤེས་པར་བྱ་སྟེ། འདི་ནི་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཐུར་སེལ་གྱི་རྡོ་རྗེའི་བཟླས་པའོ། ༈ །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སྙིང་གའི་དྷཱུ་ཏཱིའི་ནང་གི་མི་ཤིགས་པ་ལས་བྱུང་བའི་འོད་ཀྱི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་མཉམ་གནས་ཏེ། ཁ་དོག་ནག་པོ་སྣ་བུག་གཡོན་ནས་འབྱུང་བའོ། །མཉམ་གནས་ཀྱི་རླུང་རྒྱུ་བ་དེ་ཡི་སྟེང་དུ་སངས་རྒྱས་ཀྱི་སྟེ། མི་བསྐྱོད་པའི་ཚུལ་ཏེ་གནས་ཡི་གེ་ཧཱུཾ་ཞི་བ་སྟེ་ཐུང་རྡོ་རྗེ་ཕྲེང་བར་ཐུགས་ཀྱི་ཧཱུཾ་རིང་པོར་ཡང་


JLD004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་རིང་ཐུང་གཉིས་ཀ་རུང་ངོ༌། །ངུ་འཇུག་པ་ༀ་དང༌། གནས་པ་ཨཱཿ འི་རྗེས་ལ་སྤྲོ་ཞིང་འབྱིན་པ་འདི་ནི་དོན་ཡོད་པ ར་གྲུབ་པའི་རིགས་མཉམ་གནས་ཀྱི་རླུང་གི་རྡོ་རྗེའི་བཟླས་པའོ། །དཀྱིལ་འཁོར་བཞིའི་རླུང་ལ་རྡོར་བཟླས་བྱེད་པའི་ཚེ། མགྲིན་པ་སོགས་གནས་བཞི་སོ་སོ་ནས་བྱེད་པ་མིན་གྱི། སྙིང་གའི་མི་ཤིགས་པ་ལས་ལྡང་འཇུག་གནས་གསུམ་བྱེད་པ་འདི། ལེའུ་གསུམ་པ་དང༌། དྲུག་པ་རྩ་འགྲེལ་སོགས་ཀྱི་དགོངས་པ་ཡིན་ཞིང། དེ་ཉིད་རྡོར་བཟླས་ཀྱི་གནད་དམ་པ་ཡིན་ཡང༌། འདིའི་མན་ངག་ཏུ་མ་ཐོན་པར་སྣང་བས་ལེགས་པར་ངེས་པ་ཐོབ་པར་བྱའོ། ༈ །འོ་ན་སྣ་བུག་རེ་རེ་བ་གཉིས་ལ་གྱེན་རྒྱུ་དང་མཉམ་གནས་གཉིས་དང༌། སྣ་བུག་མཉམ་རྒྱུ་ལ་སྲོག་འཛིན་དང་ཐུར་སེལ་གཉིས་རྒྱུ་བར་བཤད་པའི་རླུང་བཞིའི་རྒྱུ་ཚུལ་དེ་དེ་ཁོ་ནར་ངེས་སམ་སྙམ་ན། དེ་ནི་མ་ཡིན་ཏེ། འཁོར་ཡང་ཁྱད་པར་དག་ཏུ་སྤྲོ་ཞེས་བྱ་བ་ནི། དེ་ནས་དཀྱིལ་འཁོར་བཞི་པོ་རེ་རེ ས་གཅོ་བོ་བྱས་པའི་དཀྱིལ་འཁོར་གྱི་རབ་ཏུ་འཇུག་པ་ལ་སྤྱོད་པ་ན་རང་མ་གཏོགས་པ་དཀྱིལ་འཁོར་གཞན་གསུམ་པོ་འཁོར་དུ་གྱུར་པས་གཙོ་བོ་གང་ཡིན་པ་དེའི་ནང་དུ་ཆུད་པར་སྤྲོ བ་སྟེ་རྒྱུ འོ་ཞེས་པའི་དོན་ནོ། །དཔེར་ན་གྱེན་རྒྱུས་གཙོ་བོ་བྱས་ནས་རྒྱུ་ན་སྣ་བུག་གཡས་རྐྱང་ལ་རྒྱུ་བ་ན། གཞན་གསུམ་འཁོར་དུ་རྒྱུ་བས་རླུང་བཞི་པོ་རེ་རེ་རྒྱུ་བ་ན་བཞི་ཀ་རྒྱུ་ལ། གཙོ་བོ་དེའི་ནང་དུ་ཆུད་པར་རྒྱུ་བ་ཡིན་པས། སྤྱིར་རླུང་བཞིའི་རང་དབང་གི་ཁ་དོག་དམར་སེར་དཀར་ལྗང་གུ་ཡིན་ཡང༌། གཙོ་བོ་གང་ཡིན་


JLD004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཞན་དབང་གིས་ནི། གྱེན་རྒྱུའི་འཁོར་གསུམ་གྱི་ཁ་དོག་དམར་སེར་སོགས་གསུམ་དུ་འགྱུར་རོ། །འཁོར་ཡང་ཞེས་པའི་རྩ་འགྲེལ་གྱིས་ནི་སྣ་བུག་རེ་རེ་བ་གཉིས་ལ། གྱེན་རྒྱུ་དང་མཉམ་གནས་ཁོ་ན་དང༌། སྣ་བུག་མཉམ་རྒྱུ་ལ་སྲོག་དང་ཐུར་སེལ་ཁོ་ན་རྒྱུ་བར་འདོད་པ་རྣམས་དང༌། རླུང་བཞིའི་གཅིག་གཙོ་བོར་རྒྱུ་བ་ན་གཞན་གསུམ་འཁོར་དུ་རྒྱུ་བར་གསུངས་པ་དང༌། །མགོན་པོ་རེའི་རླུང་རྒྱུ་བ་ན་ལྷ་མོ་བཞིའི་རླུང་རྒྱུ་བ་གཉིས་དོན་གཅིག་ཏུ་འདོད་པ་ཡང་ལེགས་པར་བཀག་གོའོ། །དཀྱིལ་འཁོར་བཞིའི་རྡོ་རྗེ་བཟླས་པ་འདིའི་ཉིན་མཚན་དུ་བཟླས་པའི་གྲངས་ནི། བཤད་པའི་རྒྱུད་ལུང་སྟོན་ལས་སྟོན་པས་དེ་ལ་འཇུག་པར་བྱ་སྟེ། གོས་དཀར་མོ་དང་ལ་སོགས་པས་བསྡུས་པ་སྒྲོལ་མ་དང་སྤྱན་མ་དང༌། མཱ་མ་ཀཱི་བཞི་པོ་རེ་རེའི་བཟླས་པ་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །སྟེ། ཉིས་བརྒྱ་ཉེར་ལྔ་རེའོ། །བཞི་པོ་ལེགས་པར་བསྒྲེས་པ་སྟེ། བསྡོམས་པ་ནི། རླུང་གི་སྦྱོར་བ་བཞི ས་བསྡུས་པ་བརྒྱ་ཕྲག་དགུ་ཉིད་དོ། །དགུ་བརྒྱ་དག་ཏུ་གང་བསྟན་པ་སྟེ། ཞག་གཅིག་ལ་ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དགུ་བརྒྱ་པོ་དེ་ནི་ཉིན་མཚན་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་བྱ་བའོ། ༈ །རྣལ་འབྱོར་པ་གཉི་རྣལ་འབྱོར་པ་གཉིས་ཀ་ནི་རིམ་པ་གཉིས་ལ་འཆད་པ་མིན་པར་ཕོ་མོ་གཉིས་ལ་བཤད་དགོས་པར་ཕྱི་འགྲེལ་གྱིས་ཤེས་སོ། །གའི་ཕྲ་མོའི་རྣལ་འབྱོར་བསྐྱེད་རིམ་པའི་ཕྲ་མོ་སྒོམ་པ་ལས་རྣམ་པ་གཞན་དག་བསྟན་པའི་ཕྱིར། ཨུཏྤལ་མཐིང་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨུཏྤལ་མཐིང་གའི་ཁ་དོག་འདྲ་བའི་རྡོ་རྗེ་རྩེ་ལྔ་པ་ནས་


JLD004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུའི་ཚད་ཙམ་སྣ་ཡི་རྩེ་མོར་སྟེ། རང་ལྷར་གསལ་བའི་གི་རྡོ་རྗེའི་བུ་ག་ནོར་བུའི་དབུས་སམ། ངེའི་རྩེ་མོའི་བུ་གར་ནན་ཏན་གྱིས་ཏེ། འབད་པས་བསམ་པར་བྱ་བ འོ་དང༌། ཁྱད་པར་དུ་ཞེས་གསུངས་པ་ནི་ལྷག་པར་འབད་ནས་སྒོམ་ཞེས་པའོ། །བུད་མེད་ཀྱི་ཙ་ན་ཀ་སྟེ། སྲན་མ འི་འབྲུའི་ཚད་ཙམ་གྱི་པདྨ་དམར་པོ་འདབ་མ་བརྒྱད་པ་ལྟེ་བའི་མཐར་གེ་སར་གྱི་ཕྲེང་བས་བརྒྱན་པ། རང་གི་ཆོས་འབྱུང་བའི་ནང་དུ་ཆུད་པ་སྟེ། དེའི་སྣ་རྩེར་སྒོམ་པ་འདི་ཤིས་སོ། །ནི། དེ་ལྟར་བསྒོམས་པས། བྱང་ཆུབ་ལ་གཞོལ་བ་སྟེ། བྱང་ཆུབ་ཐོབ་པར་བྱེད་པ་བསྒོམ་པར་བྱ་བ་དང༌། ཡུམ་གྱི་གསང་བའི་སྣ་རྩེ་དེར་ནི་འཁོར་ལོ་དང༌། སོགས་ཀྱིས་བསྡུས་པ་རིན་པོ་ཆེ་དང་རྡོ་རྗེ་རྣམས་བསྒོམ་པའང༌། ཙ་ན་ཀའི་འབྲུ་ཙམ་པ་ཉིད་མེ་ཏོག་ཕོག་པའི་རང་གི་ལྷ་ཡི་རིགས་ཀྱི་དབྱེ་བས་ཁྱད་པར་དུའང་བསྒོམ་པར་བྱའོ། ༈ །རྣལ་འབྱོར་པ་ཕོ་མོས་གསང་བའི་སྣ་རྩེར་ཕྱག་མཚན་ཕྲ་མོ་སྒོམ་པ་དེས་ཀྱང་ཅི་ཞིག་འགྲུབ་པ ར་འགྱུར་ཞེ་ན། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་དང་འོ། །ཡོན་ཏན་ནི་མཆོག་གི་དངོས་གྲུབ་འདོད་པའི་དབང་ཕྱུག་ལ་སོགས་པ་དབང་ཕྱུག་བརྒྱད་དོ། །བྱང་ཆུབ་གནས་འགྲུབ་ཅེས་བྱ་བ་ལ། བྱང་ཆུབ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གོ །སོ། །ཟུང་འཇུག་དེའི་གནས་ནི་རྒྱུ་སྟེ། དེ་གང་ཡིན་ཞེ་ན། དོན་དམ་པའི་བདེན་པར་ཞུགས་


JLD004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་གསལ་ལོ། །འོ། །དེ་ཉིད་ནི་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་བྱེད་པས་ན་ཉམས་དགའ་བ་སྟེ་ཡིད་དགའ་བའོ། །ཕན་ཡོན་བསྡུས་ཏེ་བསྟན་ན་དེ་ལྟ་བུའི་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་གཞིར་གྱུར་བའི་བྱང་ཆུབ་ཀྱི་གནས་འོད་གསལ་འགྲུབ་པར་འགྱུར་བ་སྟེ། ཕན་ཡོན་དེ་རྣམས་རྣལ་འབྱོར་པ་དེའི་མངོན་སུམ་དུ་འགྱུར་བའོ། །འོག་སྒོའི་ཕྱག་མཚན་ཕྲ་མོ་བསྒོམས་པས་བྱང་ཆུབ་ཀྱི་གནས་དོན་དམ་པའི་བདེན་པ་འོད་གསལ་འགྲུབ་པ་སྔར་བཤད་པ་དེ་ཇི་ལྟར་མངོན་དུ་བྱེད་ཅེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁསངས་རྒྱས་ནི་འོད་གསལ་དུ་བཞུག་རྒྱུའི་ཕུང་པོ་ལ་སོགས་པའོ། །བྱང་ཆུབ་ལ་གནས་པ་རྣམས་ནི། དེ་ཡང་གང་ལ་གནས་པ་ཡིན་སྙམ་ན། མངལ་བཟུང་བ་ནས་མ་ཤིའི་བར་ལ་གཞིའི་སྐྱེ་བ་སྤྲུལ་པའི་སྐུའི་གནས་སྐབས་ཞེས་འདི་བའི་ལུགས་ལ་ཐ་སྙད་ཡོད་པས་ད་ལྟར་གྱི་སྒྲུབ་པ་པོའི་ལུས་ལ་གནས་པའི་ཕུང་སོགས་སོ། །ཀ འོག་སྒོའི་ཕྲ་མོ་དེ་མན་ངག་ཏུ་བཤད་པ་བཞིན་བསྒོམས་པས། རྫོགས་རིམ་པའི་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་བསྐྱེད་པར་ནུས་ལ། དེ་གོམས་པ་ལས་མདོར་ན་འམ། བསྡུས་ན་ཞེས་བྱ་བ་ནི་སེམས་དབེན་གྱི་ཡེ་ཤེས་གསུམ་གྱི་སྟེ། དེ་གསུམ་ལས་སྒྱུ་མའི་སྐུ་གཅིག་ཏུ་སྦྱོར་བས་སྐུ་དེ་ལ་གནས་པར་བྱས་ནས། བསམ་གཏན་གཉིས་ཀྱིས་དོན་དམ་པའི་བདེན་པ་དེ་རུ་ར་སྤྲོ་ཞིང་སྟེ་གཞུག་པར་བྱ། །དེར་གང་གཞུག་ཅེ་ན། དེ་ལྟར་སྒྱུ་མའི་སྐུ་དོན་དམ་པའི་


JLD004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ལ་འཇུག་པ་སྟེ། ཞུགས་ཤིང་དག་པའི་འོག་ཏུ་སླར་ཡང་འོད་གསལ་བ་ལས་ལྡང་བ་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི་ཞེས་བྱ་བ་ནི། །སྐུ་གསུམ་དབྱེར་མི་ཕྱེད་པའི་གྱི་བདག་ཉིད་ཅན་གྱི་ཟུང་འཇུག་གི་སྐུའོ། །ནོ། །ཆོས་ནི་འོད་གསལ་བའོ། །དེའི་ཚིག་ཅེས་པ་ཚིག་གི་སྐད་དོད་པ་ད་ནི་ཚིག་དང་གནས་གཉིས་ཀ་ལ་འཇུག་པ་འདིར་གནས་ལ་བསྒྱུར་བ་ལྟར་ཡིན་ནོ། །ནི་རྒྱུ་གང་ཡིན་པ་དེ་ལ་ཆོས་ཀྱི་ཚིག་སྟེ། གནས་ཞེ ཅེས་བྱ་སྟེ། འོད་གསལ་དེ་ལས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད་པར་བྱའོ་ཞེས་པ་སྟེ། དགོངས་པས་བཤད་པའོ། །རྣལ་འབྱོར་པ་པ་མོས་གསང་བའི་སྣ་རྩེར་ཕྱག་མཚན་ཕྲ་མོ་སྒོམ་པ་རིམ་པ་གཉིས་ཀ་ལ་ཡོད་ཀྱང༌། འདིར་རྫོགས་རིམ་པའི་ཕྲ་མོ་སྒོམ་པ་ཡིན་པར་འདི་ལ་བརྟེན་ནས་འོད་གསལ་འགྲུབ་པར་བཤད་པའི་རིམ་པས་ཤེས་ལ། དེ་བོད་དུ་ཤིན་ཏུ་རྟོགས་དཀའ་བར་བྱུང་འདུག་ནའང༌། །དེ་རྟོགས་པར་བྱེད་ལུགས་རྣམས་འདིའི་མན་ངག་དུ་ལེགས་པར་གཏན་ལ་ཕབ་པ་ལས་ཤེས་པར་བྱའོ། ༈ །ད་ནི་འདོད་པའི་ཡོན་ཏན་ལྔ་ལ་རང་བཞིན་ཤེས་པས་ལོངས་སྤྱོད་པའི་སྒོ་ནས་རྫོགས་པའི་རིམ་པའི་སྤྱོད་པ་དང་རིམ་པ་དང་པོའི་སྤྱོད་པ་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་ཕྲ་མོའི་རྣལ་འབྱོར་བཤད་པའི་འོག་ཏུའོ། །དེ་ཉིད་དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་སྟོན་པར་མཛད་པས་ན་དེ་ཉིད་དོན་ཀུན་སྟོན་པ་པོའོ། །སྤྱོད་པ་ཀུན་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་དང༌། སྤྲོས་པ་མེད་པའི་སྤྱོད་པ་


JLD004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་སྤྱོད་པ་ཀུན་ནོ། །སྤྱོད་པ་གསུམ་པོ་དེ་རྣམས་ཀྱི་མཆོག་ནི་ལོངས་སྤྱོད་པ་དང༌། གྲོལ་བའི་སྤྱོད་པའོ། །ཞེས་འགྱུར་རྙིང་གཉིས་དང་པ་ཚབ་ཀྱིས་བསྒྱུར་བ་ནི་མི་ལེགས་ཏེ། སྤྱོད་པ་གསུམ་ག་སྤྱོད་པ་དེ་ཡིན་པས་སོ། །དེས་ན་ཆག་གིས་བྷུ་སུ་ཀུའི་སྤྱོད་པའོ་ཞེས་བསྒྱུར་བ་ལེགས་སོ། །དེ་ལ་བྷུཉྫ་ནི་ཟ་བའོ། །སཱུ་ཏཱ་ནི་གཉིད་ལོག་པའོ། །ཀུ་ཊི་ས་ར་ནི་བཤད་པར་འགྲོ་བའོ། །དེ་གསུམ་ཙམ་ཞིག་བྱེད་པ་མིན་པ་ཡེ་རྒྱ་ལ་བརྟེན་ནས་བདེ་སྟོང་བསྒོམ་པའོ། །འདི་ནི་ལེའུ་འདིར་བསྟན་པའི་རྫོགས་རིམ་གྱི་སྤྱོད་པའི་གཙོ་བོའོ། །དེ་རྣམས་ཀྱི་དག་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པས་སོ། །དེའི་ཕྱིར་གསང་བའི་དམ་པ འོ་ནི་ཁའོག་ནས་བཤད་པ་སྟེ་དེ་ཀབཀའ་སྩལ་པ་ནི། གགཟུགས་དང་ཞེས་བྱ་བ་ལ་སོགས་པའོ། ༈ །གཟུགས་དང་སྒྲ་དང་རོར་ལྡན་པ་ཞེས་བྱ་བ ས་ནི། དྲི་དང་རེག་བྱ་ཡང་མཚོན་པ་སྟེ། །ཕྱག་རྒྱའི་འདོད་ཡོན་ལྔ་ལ་ལོངས་སྤྱད་པར་དང་ལྡན་པར་ཞེས་པའོ། །སྤྱོད་པ་བྱེད་པ་པོ་རང་ཉིད་རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོའི་བདག་ཉིད་ཅན་དུ་ཤེས་ནས་ཏེ། བསྒོམས་ནས་སྒྲུབ་པ་པོས་ཟླ་བ་དྲུག་ཏུ་རྟག་ཏུ་བསྒོམ་པར་བྱའོ། །ཅི་ཞིག་བསྒོམ་པར་བྱ་ཞེ་ན། གསང་བའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་ནི་འོད་གསལ་བ་སྒོམ་པ་སྟེ། དེ་ཉིད་ཀྱིས་ལེགས་པར་མཆོད་ནས་བསྒོམ་པར་བྱའོ། ༈ །དེའི་ཚེ་ཁ་ཟས་ཁྱད་པར་བ་ནི་ཟས་སུ་བཤང་གཅི་ཞེས་བྱ་བ་ནི། བཤང་པ་དང་གཅི་བ་བཟའ་བར་བྱ་བའི་ཕྱིར་ཏེ། བཟའ་བར་བྱའོ། །དང༌། དེ་


JLD004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ལུས་ཀྱི་སྟོབས་རྒྱས་ནས་རིང་དུ་གནས་པ ར་བྱ་བ འི་ཕྱིར་དངོས་གྲུབ་ཀྱི་འབྲས་བུ་དོན་དུ་གཉེར་བ འི་སྒྲུབ་པ་པོས་བྱའོ། །ལུས་གནས་པ་དེས་བླ་ན་མེད་པའི་དེ་ཁོ་ན་ཉིད་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། དེ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་སྐྱོན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱོད་པའི་དུས་སུ་བཤང་གཅི་བཟའ་བར་བཤད་པའི་ཞར་ལ། རང་རིགས་ཀྱི་ཁྲོ་བོར་བསྐྱོད་ནས་དྲག་ལས་སོགས་བསྒྲུབ་པའི་སྐབས་སུ་ཤ་ལྔ་ལ་ལོངས་སྤྱོད་ཚུལ་སྟོན་པ་ནི། ཟས་སུ་ཞེས་བྱ་བ་ལ་སོགས་པ་ལ། ཤ་རྣམས་ཟ་བ་དང་ཞེས་བྱ་བ་ནི་མི་བསྐྱོད་བའི་རིགས་ཀྱི་སྒྲུབ་པ་པོ་རང་གི་ཟས་སུ་བྱ་བའི་ཕྱིར་དུ་དང༌། ཉེ་བར་ལོངས་སྤྱོད་པའི་དོན་དང༌། རྡོ་རྗེའི་རིགས་ཀྱི་ཁྲོ་བོའི་ལྷ་རྣམས་ལ་གཏོར་མར་དབུལ་བར་བྱ་བའི་ཕྱིར་དུ་ཏེ། གལ་ཏེ་ཤ་བརྟག་པར་ཏེ། ལོངས་སྤྱོད་པར་གྱུར་ན་དེའི་ཚེ་ཤ་ཆེན་པོ་མིའི་ཤ་ལ་བརྟག་པར་ཏེ། སྤྱད་པར་བྱའོ། །ཤ་ཆེན་ཟས་པའི་ཕན་ཡོན་ནི། གསང་བ་ནི་བསད་པ་ལ་སོགས་པའི་དྲག་པའི་ལས་ཏེ་སོ་། །ལས་དེ་སྒྲུབ་པ་པོ་དེ་ལ་ཕན་ཡོན་དུ་འབྱུང་བ་སྒྲུབ་པ་པོ་དེ་ཡི ས་ཡུལ་དུ་བྱས་པ་ཅན་སྟེ། མཐོང་བ་ནི་གསང་བའོ། །གསང་བ་དེ་གང་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་སྟེ། རྡོ་རྗེ་གསུམ་དངོས་དང་རྗེས་སུ་མཐུན་པ ར་ལུས་ངག་ཡིད་གསུམ་བདེ་བ་ལ་ལེགས་པར་གནས་པ་འབྱུང་བར་འགྱུར་བའོ། །དེ་དག་སྟེ། བསད་པ་ལ་སོགས་པ་


JLD004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་ཏུ་སྟེ་ལ་བསྟན་པར་མ་ཟད་ཀྱི། དངོས་གྲུབ་བསྒྲུབ་པ་ཐམས་ཅད་ཅེས་བྱ་བ་སྟེ། རི་ལུ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པ་རྣམས་ལ་ཡང་རང་གི་ལྷའི་རིགས་དང་མཐུན་པའི་ཁ་ཟས་བསྟེན་ན། རྣལ་འབྱོར་པ་དེའི་ལུས་དང་ངག་དང་ཡིད་བདེ་བ་ལ་ལེགས་པར་གནས་པ་སྐྱེ་བའོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམས་ཀྱི་ཉེ་བར་སྤྱད་པ་གསུངས་ནས། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་ཁྲོ་བོ་རྣམས་ཀྱི་ཉེ་བར་ལོངས་སྤྱོད་པ་བསྟན་པའི་ཕྱིར། གླང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་སྣང་གི་རིགས་ལ་ནི་གླང་པོ་ཆེའི་ཤ་དང༌། རིན་འབྱུང་གི་རིགས་ལ་ནི་རྟ་ཡི་ཤ་དང༌། །དེ་བཞིན་དུ་འོད་དཔག་མེད་ཀྱི་རིགས་ལ་ནི་དམ་པ་ཞེས་བྱ་བ་ནི་བ་ལང་གི་ཤ་དང༌། དོན་གྲུབ་ཀྱི་རིགས་ལ་ནི་ཁྱི་ཡི་ཤ། །བཟའ་བར་བྱ་ཞེས་བྱ་བ་ནི་ཤ་བཞི་པོ་དེ་རྣམས་བཟའ་བར་བྱ་བའི་ཕྱིར་དང༌། ལྷ་བཤོས་ཀྱི་ཕྱིར་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་ཁྲོ་བོའི་ཚོགས་ཀྱིས་བཟའ་བར་བྱའོ། །ཤ་ལྔ་པོ་དེ་རྣམས་མེད་ན་སྟེ། མ་འབྱོར་ན་ཇི་ལྟར་བྱ་ཞེ་ན། ཟས་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།གཞན་གང་ཡང་རུང་བའི་ཤ་དབུལ་ལོ། ཞེས་ཆག་གིས་བསྒྱུར་བ་ལྟར་ལེགས་པས་ཤ་ལྔ་ལས་གཞན་པའི་ཤ་གང་རུང་ལ་མི་ཤ་སོགས་སུ་བསམས་ལ་དབུལ་ལོ། །བཟའ་བ་ལ་སོགས་པ་གཞན་དག་ཀྱང་ཤར་དབུལ་ལོ། །པ་ཚབ་


JLD004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྒྱུར་བའི་རྒྱུད་ལས། ཙམ་པའི་ཟས་ཀྱིས་གསོལ་མི་བྱ། ཞེས་དང༌། དེའི་འགྲེལ་པར་ཙམ་པའི་ཟས་ནི་འབྲས་ཆེན་ཏེ། གསོལ་མི་བྱ་སྟེ། བཞེས་སུ་གཞུག་པར་མི་བྱ་སྟེ། ཙམ་པའི་ཟས་ནི་དྲག་པོའི་ལས་ལ་ལྷ་བཤོས་མ་ཡིན་པའི་ཕྱིར་རོ། ཞེས་འབྱུང་བ་ལྟར་དག་གོ །ཟས་ནི་འབྲས་ཆེན་ནོ། །གཞན་དག་ནི་འབྲུ་རྣམས་སོ། །དེ་དག་ཀྱང་མི་བཟའ་འམ་ཞེ་ན། བཟའ་བར་བྱ་སྟེ། ཁྲོ་བོ་རྣམས་ཀྱི་དྲག་པོའི་ལས་ལ་ནི་ཟས་གཞན་མི་དབུལ་བ་ཡིན་པས་སོ། ༈ །དྲག་ལས་སོགས་སོ་ས་ལ་རིགས་དང་མཐུན་པའི་གཏོར་མ་ལ་སོགས་པ་བྱས་པ་དེའི་འབྲས་བུ་སྟེ། ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་དེ་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་རྣམས་དང༌། བློ་ཅན་ཏེ་རང་གི་ཕྱག་རྒྱ་དང་བཅས་པ་རྣམས་དང༌། སངས་རྒྱས་ཏེ་མི་བསྐྱོད་པ་ལ་སོགས་པ་རྣམས་རིགས་སོ་སོ་བ་དེ་དང་འབྲལ་བའི་རང་གི་རིགས་ཀྱི་མཆོད་པ་ཏེ། གཏོར་མ་ལ་སོགས་པ་བྱས་པས་མཉེས་པར་འགྱུར་རོ། །ཡང་འདི་ཉིད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདི་ལྟ་བུ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། ཞེས་བྱ་བ་གསུངས་ཏེ། གཏོར་མའི་སྦྱོར་བ་འདི་ཡིས་ནི་མྱུར་ཞིང་རིངས་པར་སངས་རྒྱས་ཉིད་དེ་བྱང་ཆུབ་པ་ཉིད་ཐོབ་པར་འགྱུར་བའོ། །ཡེ་ཤེས་དང་ལྡན་པ་འབའ་ཞིག་འགྲུབ་པར་ཏུ་མ་ཟད་ཀྱི། འདོད་པའི་དབང་ཕྱུག་ཏུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འདོད་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཁམས་དབང་


JLD004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་འཇིག་རྟེན་ན། །གོ་འཕང་ལས་ནི་བྱེད་པར་འགྱུར། ཞེས་བྱ་བ་ལ། འདོད་པའི་ཁམས་ནི་སྟེ། དེའི་བྱེ་བྲག་བུད་མེད་ཐམས་ཅད་དེ། དེ་རྣམས་ཀྱི་ཡུལ་ལ་འདོད་པ་སྤྱོད་བའི་དགའ་བའི་དབང་ཕྱུག་ཏུ་འགྱུར་བའོ། །དེ་ཡང༌། རི་རབ་སུམ་ཅུ་རྩ་དྲུག་གི །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །དེ་སྙེད་ཀྱི་ནི་བུད་མེད་རྣམས། །ཡོན་ཏན་ཅན་ནི་བདག་གིར་འགྲུབ། ཅེས་འདི་ཉིད་ཀྱི་འོག་ལེའུ་བཅུ་གཉིས་པ་ནས་གསུངས་པའི་ཕྱིར་རོ། །འཇིག་རྟེན་ནི་ལས་ཀྱི་ས་འཛམ་གླིང་ངོ་འོ་། །གོ་འཕང་ནི་ཕྱིར་མི་ལྡོག་པའོ། །དེའི་ལས་ནི་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ནོ། །དེ་མཛད་པས་ན་གོ་འཕང་ལས་ནི་བྱེད་པར་འགྱུར་བའོ། །ཡོངས་སུ་བརྟགས་པ་བསྐྱེད་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་གཙོ་བོའོ། །འདི་ནས་རྫོགས་རིམ་པའི་ཕན་ཡོན་སྟོན་ནོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པས་ན་གཟི་བརྗིད་སྟེ། དེ་ཡོད་པས་ན་གཟི་བརྗིད་ཅན་ནོ། །རྙེད་པ་དང༌། བདེ་བ་དང༌། སྙན་པ་དང༌། བསྟོད་པ་ལ་ཆགས་པ་བཞི་དང༌། དེ་ལས་ལོག་པ་བཞི་ལ་སྡང་བའི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་རྫི་བས་ན་སྟོབས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་དང་ལྡན་པས་ན་མདངས་བཟང་བའོ་ངོ་། །རྟག་ཏུ་རབ་ཏུ་དགའ་བར་གྱུར་པས་ན་མཐོང་ན་ཡིད་དུ་འོང་བའོ། །དེ་ལྟ་བུའི་རྣལ་འབྱོར་ཆེན་པོ་དང་ལྡན་པའི་རྣལ་


JLD004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས་ནི་མཐོང་བ་སྟེ་མཐོང་བ་ནི་ཁོང་དུ་ཆུད་པའོ། །ཁོང་དུ་ཆུད་པ་དེ་ཡང་རྣམ་པ་གསུམ་སྟེ། མིག་དང༌། རྣ་བ་དང༌། ཡིད་ཀྱིས་སོ། །དེ་ལ་མཐོང་བ་ཙམ་གྱིས་འཇིག་རྟེན་ཏེ། སྐྱེ་གནས་སོགས་སྣ་ཚོགས་པས་རྣམ་པར་ཕྱེ་བའི་འགྲོ་བ་རྣམས་དབང་དུ་བྱེད་པར་འགྱུར་བ་སྟེ། དཔོན་འདི་འགྱུར་གསར་གཉིས་ལ་མེད་དོ། །པོ་ལ་སོགས་པ་ལྟ་བུར་མཐོང་བར་འགྱུར་བའོ། །དབང་དུ་འགྱུར་བ་ནི་དབང་ཐོབ་པའི་རྣམས་གྲངས་སོ། །བསྐུལ་མེད་པར་ཞེས་བྱ་བ་ནི། ཕྱིའི་སྔགས་དང་ཕྱག་རྒྱ་ལ་སོགས་པས་བསྐུལ་ཞིང་དྲངས་པ་མེད་པ་སྟེ། མཚན་མའི་ཏིང་འཛིན་བརྟགས་པའི་ལྷའི་རྣལ་འབྱོར་དང་སྔགས་བཟླས་པ་སོགས་ལ་གནས་པས། མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་འགྲུབ་པའི་འབྲས་བུ་འཐོབ་པར་མི་འགྱུར་རོ། ཞེས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་གསུངས་པའི་ཕྱིར། ཟུང་འཇུག་པ་ལ་ནི་བདེ་བ་སྟེ། དངོས་གྲུབ་ཐམས་ཅད་ཕྱིའི་སྔགས་དང་ཕྱག་རྒྱ་ལ་མི་ལྟོས་བར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བར་འགྱུར་བའོ། །འདི་ནི་ཞེས་པ་ནི་བཤད་མ་ཐག་པའོ། །ཁསངས་རྒྱས་ཀཐམས་ཅད་གཀྱི་ཞེས་བྱ་བ་ལ། ཐམས་ཅད་ནི་རྟོག་པའི་རྣལ་འབྱོར་བ་ཐམས་ཅད་དེ། དེ་རྣམས་ཀྱི་སྟེ། ལས་ཕུལ་དུ་བྱུང་བའི་སངས་རྒྱས་ཏེ་རྟོགས་པ་པོ་ཤིང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའོ། །དེ་རྣམས་ཀྱི་གསང་བ་ནི་སྦས་པའོ། །བྱང་ཆུབ་དམ་པ་ཞེས་བྱ་བ་ནི་བྱང་ཆུབ་དམ་པ་དེ་འཐོབ་པར་འགྱུར་བ་ལས་ཉེ་བར་


JLD004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པ་སྟེ། སྤྱོད་པ་ལ་ཡང་དེའི་མིང་བཏགས་པ། །ཡང་དག་སྔགས་ཀྱི་གསང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ལུས་ངག་སེམས་ལས་འདའ་བའོ། ཞེས་བྱ་བ་ནི། །ཐ་མལ་པའི་ལུས་དང་ངག་དང་སེམས་ལས་འདའ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཐ་མལ་བའི་ལུས་ཞེས་པ་འདི་ལ་ནི་སྒྱུ་མའི་སྐུ་དངོས་སུ་གྲུབ་པ་གཅིག་དགོས་ལ། དེ་ལ་ཡང་རིམ་པ་གསུམ་པའི་སྒྱུ་ལུས་དངོས་གྲུབ་པ་དང༌། དག་པའི་སྒྱུ་མའི་སྐུ་དང་པོར་གྲུབ་པ་དང༌། འབྲས་བུའི་སྐབས་གསུམ་ཡོད་པ་ལས། འདིར་ནི་བར་བའི་སྐབས་ཡིན་ཏེ། འདིར་རྫོགས་རིམ་པའི་སྤྱོད་པ་ནི་སྒྱུ་ལུས་གྲུབ་ནས་འོད་གསལ་གྱི་དོན་དུ་ཡིན་པར་ངེས་དོན་གྱིས་བཤད་པ་ལས་ཤེས་པའི་ཕྱིར་རོ། །ཐ་མལ་པའི་ལུས་སྤངས་པའི་དོན་ཤིན་ཏུ་རྟོགས་དཀའ་བར་ཡོད་པ་གཞན་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །སྤངས་ནས་གང་གིས་རྡོ་རྗེའི་རང་བཞིན་གྱི་ལུས་ཐོབ་པར་འགྱུར་བའི་དེ་ཁོ་ན་ཉིད་ནི་འདི་ལྟ་བུ་ཡིན་ནོ་ཞེས་པ་སྟེ། དེ་སྐད་དུ། རྣམ་རྟོག་མེད་པ་འོད་གསལ་ལ་གནས་པའི་སྔགས་པ༡་ནི། །འདི༢་ལྟ་བུ འི་ཏིང་ངེ་འཛིན་དང་ལྡན་པ་དག ནི། །ལམ་གཞན་དུ་བསྐལ་པ་མང་པོའི་གྲངས་ཀྱི་ངེས་པ་བཤད་པའི་དུས་ནི་ཡོངས་སུ་སྤངས་ནས། བླ་ན་མེད་པའི་གོ་འཕང་ཐོབ་པར་འགྱུར་རོ། ཞེས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་པ་སྟེ། དྲང་བའི་དོན་ཏོ། ༈ །ཞེས་པ་ཟླ་བ་དྲུག་དང༌། བཤང་གཅི་དང་ཤ་ལྔ་ཟ་བའི་ངེས་དོན་མ་


JLD004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་སྒྲས་ཟིན་ལྟར་བཤད་པའི་སྒོ་ནས་དྲང་བའི་དོན་ཞེས་བྱའི། སྔར་བཤད་པ་ཐམས་ཅད་བསྐྱེད་རིམ་ལ་བཤད་པའི་སྒོ་ནས་མིན་ཏེ། རྫོགས་པའི་རིམ་པ་དུ་མ་ཞིག་བཤད་པའི་ཕྱིར་རོ། །ཟླ་བ་དྲུག་བསྒོམ་པ་དང་བཤང་གཅི་དང་ཤ་ལྔ་བཟའ་བར་གསུངས་པ་སོགས་རྡོ་རྗེའི་ཚིག་འདི་དག་གི་ངེས་པའི་དོན་བཤད་པའི་རྒྱུད་ལུང་སྟོན་ཀྱི་རྗེས་སུ་འབྲངས་པས་རྣམ་པར་དབྱེ་བ་སྟེ། བཤད་པ་ལ་འཇུག་པར་བྱ་སྟེ། དེ་ནས་བདེ་གཤེགས་གཙོ་བོས་ཀྱང་། །གསང་བའི་དམ་པ་གསུངས་པ་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྤྱོད་མཆོག་དམ་པ་ཀུན་གསུངས་སོ། ༈ །མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། ཞེས་འབྱུང་བ་ལྟར། སྐད་ཅིག་གི་དུས་དང་ཐང་ཅིག་གི་དུས་དང་ཡུད་ཙམ་གྱི་དུས་དང༌། །ཟླ་ཕྱེད་ཀྱི་དུས་དང་ཟླ་བ འི་དུས་དང་ལོ་ཡི་དུས། །དྲུག་བསགས་པ་ལས། བསྐལ་པ་གཅིག་ཅེས་པ་འགྲུབ་པ་བཞིན་དུ། གཟུགས་དང་སྒྲ་དང་རོར་ལྡན་པ། ཞེས་པའི་གྲངས་གསུམ་གྱི་ངེས་དོན་སེམས་དབེན་གྱི་ཡེ་ཤེས་རླུང་གི་བཞོན་པ་དག་བཅས་པ། སོ་སོར་ཕྱེ་ན་དྲུག་ཟུང་དུ་བསྡེབས་ན་གསུམ་པོ་ལས་སྐད་ཅིག་པ་ནི་གཅིག་ལ་ཆུ་ལས་ཉ་འཕར་གྱི་ཚུལ་དུ་སྒྱུ་མའི་སྐུ་རྫོགས་པ་ལ། གཟུགས་དང་སྒྲ་དང་རོར་ལྡན། ཞེས་བརྗོད་དོ། །བསྐལ་བསྐལ་པ་ཞེས་པའི་རྐང་པ་གཉིས་པོ་འདི་འདིར་འབྱུང་བ་བཞིན་དུ། དགོངས་པ་ལུང་སྟོན་གྱི་འགྱུར་ལས་ཀྱང་འབྱུང་མོད་ཀྱང༌། །པ་ཚབ་ཀྱི་འགྱུར་ལས། གྲངས་གསུམ་བསྐལ་བ་གཅིག་ཅེས་པ། སྐད་ཅིག་མ་


JLD004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཅིག་ལ་བརྗོད། ཅེས་འབྱུང་ཞིང༌། ཆག་འགྱུར་ཡང་དེ་དང་དོན་འདྲ་ལ། མཁས་པ་གཞན་དག་ཀྱང་འདིའི་རྒྱ་དཔེ་ལ་དགག་ཚིག་མེད་པས་གྲངས་མེད་གསུམ་ཞེས་པ་འགྱུར་སྐྱོན་ཡིན་གསུང་པ་ལྟར་ལེགས་སོ། །པ་གྲངས་མེད་གསུམ་པོ་ནི། །སྐད་ཅིག་གཅིག་ཏུ་མཉམ་པར་བཤད། །ཟླ་བ་དྲུག་ཏུ་བསྒོམ་པར་བཤད་པ་ཡང་སོ་སོར་ཕྱེ་ན་དྲུག་ཏུ་འགྱུར་བ་ལས་སྒྱུ་མའི་སྐུ་འགྲུབ་པར་གསུངས་པ་དེ་ཉིད་ཡིན་ནོ། །ཁ བསམ་གཏན་གཉིས་ཀྱི་དངོས་པོ་མེད་པ་འོད་གསལ་དུ་བྱས་ནས་མངོན་པར་བྱང་ཆུབ་པའི། ཀདེ་འདྲ་བའི་རྫོགས་པར་ལོངས་སྤྱོད་པ། །སྒྱུ་མའི་སྐུ་དེ་ག སྐད་ཅིག་མར་རོ། །གཅིག་ཏུ་འགྱུར་བ་ནི་རྒྱལ་བ་རྣམས་ཀྱིས་བསྔགས་པ་སྟེ། །ཐོག་མཐའ་བར་གསུམ་གྱི་དུས་གསུམ་སྣང་མཆེད་ཐོབ་གསུམ་ལས་འདས་པ་སྟེ། དེ་གསུམ་དག་པ་ཡིན་པར་དགོངས་སོ ། །གཟུགས་དང་སྒྲ་དང་རོར་ལྡན་པ། །རྣལ་འབྱོར་པས་ནི་ཟླ་དྲུག་བསྒོམ། །་པར་བྱ་ཞེས་པའི་རྐང་བ་གཉིས་ཀྱི་དོན་ནི། རྫོགས་རིམ་པའི་སྤྱོད་པའི་དུས་སུ་ཡང་སྒྲས་ཟིན་ལྟར་འདོད་ཡོན་ལ་སྤྱོད་པ་བྱེད་པའོ། །མཆོད་ཆེན་འོད་གསལ་དུ་འཇུག་པ་དེ་ནི་བྱས་ནས་སུ་སྟེ། །དེའི་རྗེས་སུ་གསང་བའི་དེ་ཉིད་ཟུང་འཇུག་རྣམ་པར་བསྒོམ་པར་བྱའོ། ༈ །ཡུལ་དང་དབང་པོ་གཉིས། ཁདེ་གཉིས་འོད་གསལ་དུ་སྦྱོར་བ་ནི། །གཤང་གཅི་དང་གཟས་སུ་ཟ་བར་བྱེད་པའོ། །ཟ་ཚུལ་དེ་ལྟར་བྱས་ན་དེ་འདྲ་བ་སྟེ། དེའི་དངོས་གྲུབ་བྱེད་པ་ནི། །སྔར་བཤད་པའི་བཟའ་བ་རྣམ་པར་རྟོག་པ་མེད་པའི་འོ་། །དོན་གྱི་འོད་གསལ་


JLD004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དེ་ཉིད་དེ། ངོ་བོ་འདི་ནི་བླ་ན་མེད་པ་ཟུང་འཇུག་སྟེ། །བྱང་ཆུབ་ཀྱི་སེམས་གཅིག་འོད་གསལ་ལས་བྱུང་བའོ། །དེ་འདྲ་བའི་རྟོག་མེད་ལས་ཉོན་གྱིས་འདུས་ནི་མ་བྱས་པའི་ཤིང༌། །མི་རྟོག་པའི་དོན་ཟུང་འཇུག་ནི་འགྲུབ་པར་འགྱུར་རོ། །མཱྃ་མའི་མགོར་ཐིག་ལེ་ཡིད་མེད་གཉིས་བྱུང་ཞིང་། སྐལ་ལྡན་གྲགས་པའི་འགྲེལ་བཤད་དུ། །མཱ་མ་ཀཱིའི་མིང་ཡིག་གི་ཐོག་མ་ཡིན་པར་བཤད་པ་ནི་ཐིག་ལེ་མེད་པའོ། ཐུགས་རྗེ་ཞབས་ཀྱི་འགྲེལ་བཤད་དུ་མཱ་མ་ཀཱིའི་སྒྲ་ལ་མཐའི་ཡིག་གཉིས་ཕྱིས་ནས་ཐིག་ལེ་བྱིན་པར་བཤད་དོ། །དེ་ལྟར་སྣང་ཡང་འདི་ཤ་ཟ་བའི་ངེས་དོན་འཆད་པའི་སྐབས་ཡིན་ལ། དེ་ཡང་ཤའི་སྐད་དོད་ལ་མཾ་ས་ཞེས་འབྱུང་བའི་སྟེང་ནས་འཆང་པ་ཡིན་པས། ཆག་འགྱུར་ལས། མཾ་ནི་ཞེས་འབྱུང་བ་ལྟར་བྱ་དགོས་སོ། །མཱཾ་ནི་མཱ་མ་ཀཱིའོ། །དེ་བསྒྱུར་ན་བདག་མ་སྟེ། དེ་ནི་བདག་བྱིན་གྱིས་བརླབ་པ་དག་པའི་སྒྱུ་མའི་སྐུའོ། །ས་ནི་སཾ་བོ་དྷི་སྟེ་དེ་ནི་མངོན་པར་བྱང་ཆུབ་པ་དོན་གྱི་འོད་གསལ་ལོ། །མཱ་དང་ཀླད་ཀོར་གཉིས་སོ་སོར་ཕྲལ་ནས། ཀླད་ཀོར་ས་ཡིག་ལ་བྱིན་པའོ། །དེ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་བསམ་གཏན་ནི་མ་སའོ། །ནི་མཱ་མ་ཀཱིར་བཤད་དེ། །ས་ནི་མངོན་པར་བྱང་ཆུབ་པའོ། །དེ་འདྲ་བའི་བསམ་གཏན་ལ་དེ་ ལ་ནི་དགའ་བར་སྤྱོད་པ། །ཤ་ བཟའ་བར་བྱ་ཞེས་བྱ་བར་རྩ་བརྒྱུད་དེར་བཤད་དོ། །ཤ་ཟ་བའི་དོན་སྤྱིར་བཤད་ནས། བྱེ་བྲག་ཏུ་འཆད་བ་ནི་ནམ་མཁའི་ལྟར་མཐའ་ཡས་པ་འོད་གསལ་དང༌། རྣལ་འབྱོར་ནི། །སྦྱོར་བ་སྟེ། སྔ་མ་དང་དག་པའི་ཀུན་རྫོབ་གཉིས་སྦྱོར་བ་ནི་ཤ་ཆེན་དེ་ནི་རབ་ཏུ་བརྟག་པར་བྱ་བ་ཡིན་པར་རྩ་རྒྱུད་ལས་བཤད་དོ། །དེ་གོམས་པས་


JLD004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་གསང་བ་ཡི་ནི་གོ་འཕང་མཆོག །རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་མཐར་ཐུག་པ་ནི་མྱུར་དུ་སྟེ། ཚེ་འདི་ཉིད་ལ་འགྲུབ་པ། །ཡང་མཾ་སའི་སྒྲ་ལས་ས་མ་ཡ། དམ་ཚིག་དང་མཧཱ་ནི་ཆེན་པོ འོ་དེ་ཡི་སྔ་མ་ལ་ས་མ་ང་ནི་མཉམ་པ་ཉིད་དོ། །དེ་ཡང་འོད་གསལ་དང་སྒྱུ་ལུས་གཉིས་མཉམ་པར་ཞུགས་པའོ། །་གླང་ཆེན་དང་རྟ། །དང་དེ་བཞིན་དུ་ཁྱི་ལ་སོགས་པའི་ཤ། ཁ ཟུང་འཇུག་པའི་ཕུང་པོ་ལྔ་ལ་སོགས་པ་རིགས་ལྔའི་ངོ་བོར་བསྟན་ནོ། །ཀ རིགས་ལྔའི་རིགས་ཀྱི་དབྱེ་བས། །སྔར་ཇི་སྐད་བཤད་པ་ལྔས། དེ་དག་དང་གྲངས་མཉམ་པའི་འོ། །གརྣལ་འབྱོར་བ་གང་ཞིག་གཉིས་སུ་མེད་པ། །ཟུང་འཇུག་གི་བསམ་གཏན་ལ་དགའ་བ་ཞེས་བྱ་བ་ནི་ཟས། །སུ་ཟ་བར་བྱེད་པའོ། །ཁྃ་པ་ཚབ་ཀྱི་འགྱུར་ལས། ཁྃ་ཞེས་བྱ་བ་འཇིག་རྟེན་པ། །འཇིག་རྟེན་འདས་པའི་ངོ་བོར་འགྱུར། །ཞེས་བསྒྱུར་བ་བདེའོ། །ཁྃ་གྱི་ཟས་འབྲས་ཆན་ལ་སོགས་པ་ལྷ་ལ་བཤོས་སུ་མི་དབུལ་ཞེས་བྱ་བའི་ངེས་དོན་ནི། ཉན་རང་དང་ཕར་ཕྱིན་གྱི་མདོ་སྡེ་ལ་སྤྱོད་པའི་འཇིག་རྟེན་པ་དང༌། རྒྱུད་སྡེ་འོག་མའི་རྣལ་འབྱོར་གྲུབ་པའི་འཇིག་རྟེན་ལས་འདས་པས་ལོངས་སྤྱོད་པའི་ཏིང་ངེ་འཛིན་གྱི་ངོ་བོ་དེ་ཙམ་ཞིག་ལ། འདིའི་རྣལ་འབྱོར་བས་ལོངས་མི་སྤྱོད་བའོ། །ཞེས་བྱ་བའི་ངོ་བོ་ནི། །འཇིགས་རྟེན་པ་དང་འཇིག་རྟེན་འདས། །དེས་ན་གང་ཡང་ངམ། གང་དག་ལམ་འདིའི་རྣལ་འབྱོར་པ་འཇིག་རྟེན་ལས་འདས་པ་མཆོག །ཏུ་གྱུར་པ་མཁས་པའི་ཏིང་ངེ་འཛིན་ལ་ལོངས་སྤྱོད་པའི་ཟས་ཀྱི་གཙོ་བོ་ནི་རྣམ་པར་མི་རྟོག་པའོ། །དེ་བཞིན་ཉིད་འོད་


JLD004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དུ་རོ་གཅིག་པ། །དེ་ནི་ཟུང་འཇུག་འཁོར་བའི་མཐའ་དང་ཅིག་ཤོས་མྱ་ངན་ལས་འདས་པའི་མཐའ་གཉིས་སྤངས། །པ་དེ་ནི་ཡིན་ནོ། ༈ །དེ་ལྟ་བུའི་རྣལ་འབྱོར་བརྟུལ་ཞུགས་བཟང་པོ་འདིས། །བྱང་ཆུབ་སེམས་དཔའ་སོགས་ནི་སྔར་བཤད་པ་བཞིན་ནོ། །བློ་ཅན་དང༌། །སངས་རྒྱས་རྣམས་ནི་མཉེས་འགྱུར་ཞིང༌། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །འདོད་ཁམས་དབང་ཕྱུག་ཅེས་སོགས་ཀྱི་ཕན་ཡོན་ནི། གཏོར་མའི་ཕན་ཡོན་དུ་སྔར་གསུངས་པ་ཕལ་ཆེ་བ་ཡང༌། ཟུང་འཇུག་གི་ཕན་ཡོན་ལ་དགོངས་ནས་ཡིན་ནོ། །འཇིག་རྟེན་ན། །ལས་ཀྱི་གོ་འཕང་འཐོབ་པར་འགྱུར། །གཙོ་བོ་གཟི་ཆེན་སྟོབས་ཀྱིས་ཕྱུག །མདངས་དང་ལྡན་ཞིང་མཐོང་ན་དགའ། །མཐོང་པ་ཙམ་གྱིས་བསྐུལ་མེད་པར། །འཇིག་རྟེན་འདི་དག་དབང་དུ་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་བྱང་ཆུབ་དམ་པའོ། །ཡང་དག་སྔགས་ཀྱི་གས་བ་འདི། །རྡོ་རྗེ་གསུམ་ནི། ཐ་མལ་བའི་ལུས་ངག་ཡིད་གསུམ་མོ། དེ་ལས་འདས་པ་ནི་ཟུང་འཇུག་པའི་རྡོ་རྗེའི་སྐུ་གྲུབ་པ་དམ་པའོ། །གཙོ་བོ་དེ་བཞིན་གཤེགས་ཀུན་གྱི་སྟེ། །རྡོ་རྗེ་འཆང་གི་དམ་ཚིག་སྟེ། མཉམ་ཉིད་ཆེན་པོ་ཡིན་ཏེ་དམ་ཚིག་རྣམས་ཀྱི་མཆོག་གོ །ཅེས་བྱ་བ་སྟེ། ངེས་པའོ་དོན་ཏོ། ༈ །འོད་གསལ་དུ་ཞུགས་པའི་དེ་ཁོ་ན་ཉིད་རྣམས་པར་མི་འཇིག་པ་རྡོ་རྗེའི་སྐུ འི་ངོ་བོ་ཉིད་དུ་ཀགང་གིས་ལུས་དང་ངག་དང་ཡིད་རྣམས་གབྱིན་གྱིས་རློབ་ཅིང་སྟེ་སྐྱེད་པ་སྟོན་པའི་ཚིག་དེའི་གཞུང་གི་ཚོགས་ཀྱི་ལེའུ་ལ་ནི། སྐུ་དང་གསུང་དང༌།


JLD004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བྱིན་གྱིས་རློབ་པའི་ལེའུ་ཞེསབྱའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་དྲུག་པ་མཐའ་དྲུག་གི་བཤད་པའོ། ༈ །དེ་ལྟར་རྣལ་འབྱོར་པ་ཐ་མལ་པ་བསྐྱེད་རིམ་པ་དང༌། མཆོག་རྫོགས་རིམ་པ རྣམས་ཀྱི་སྤྱོད་པ་ལེའུ་དྲུག་པར་ཡང་དག་པར་བསྟན་ནས། རིམ་གཉིས་ཀྱི་སྤྱོད་པ་དེ་ཉིད་སྔ་མར་མ་ཟད་སླར་ཡང་སྤྲོས་ནས་ཏེ། རྒྱས་པར་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ༈ །དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེའི་ལམ་གྱི་དེ་ཁོ་ན་ཉིད་དེ། མི་སླུ་བ་ནི་ཡན་ལག་དྲུག་ནི་སོ་སོར་སྡུད་པ་སོགས་དྲུག་ལ་བྱས་ན་འོག་ནས་དེ་དྲུག་ཚང་བར་མི་སྟོན་པས་སངས་རྒྱས་རྗེ་དྲན་གྱི་ཡན་ལག་སོགས་དྲུག་ལ་བྱའོ་གོ་སྔགས་ཀྱི་སྤྱོད་པའི་མཆོག་མཆོག་ཅེས་པ་ཆག་འགྱུར་ལས་ཐོབ་བྱ་མཆོག་ཅེས་ཕྱིར་ལ་དྲངས་སོ། །ནི་ཐུན་མོང་གི་བསྒྲུབ་པ་བསྐྱེད་རིམ་མོ་འོ་། །དེ་དག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པ ར་བྱ་བ་མཆོག་ཐོབ་པ་ནི་རྡོ་རྗེ་འཆང་ཉིད་ཐོབ་པ་སྟེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །དེའི་དོན་གྱི་སྟེ། དེ་བརྗོད་བྱའོ་དོན་དུ་བྱས་པའི་ལེའུ་ནི་དེ་རབ་ཏུ་སྟོན་པའི་ཚིག་གི་ཚོགས་ཏེ་དེ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་བྱ་བར་སྦྱར་རོ། ༈ །འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ་འདོད་པ་ཐམས་ཅད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་


JLD004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་ནི། དབང་པོའི་ཤེས་པས་རྗེས་སུ་མྱོང་ཞིང་ཡིད་ཀྱི་ཤེས་པ ས་གོམས་པར་བསྟེན་པས་སོ། །ཇི་ལྟར་བསྟེན་ཞེ་ན། ཇི་ལྟར་འདོད་པ་ཞེས་གསུངས་ཏེ། ཇི་ལྟར་འདོད་པ་ཞེས་བྱ་བ་ལ། འདོད་པ་ནི་འདུན་པ་སྟེ། འདོད་ཡོན་གང་དང་གང་བསྟེན་པར་འདོད་པ་ནི་ཇི་ལྟར་འདོད་པ་དེ་ལྟར་བསྟེན་ནོ་འོ་། །དེ་ལ་འདོད་པ་ཞེས་སྨོས་པ ས་ནི་འི་རྣམ་པ་འང་འཛིན་ལ་ནི་དེའི་དོན་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་ངན་པ་དང༌། འབྲིང་དང༌། མཆོག་རྣམས། གཟུགས་རྡོ་རྗེ་ལ་སོགས་པར་གཅིག་པའི་རྣམ་པས་ཡུལ་དུ་བྱེད་པའོ། །དེའི་ཚེ་རྣལ་འབྱོར་བས་ཀྱང་གང་སྤྱད་ན་དབང་པོ་རྟེན་བཅས་རྣམས་རྒྱས་པ་དང་ཇི་ལྟར་རྗེས་སུ་མཐུན་པར་ཏེ། མཐུན་པ་རྣམས་ལོངས་སྤྱོད་པས་བསྟན་པར་བྱེད་པ་ནི་ཇི་ལྟར་འདོད་པ་ཞེས་བྱ་བའི་དོན་ཡིན་གྱི། རང་འདོད་པ་ཡིན་ཡང་དབང་པོ་རྒྱས་པ་དང་རྗེས་སུ་མི་མཐུན་པ་མི་སྟེན་ཞེས་པའོ་སྟེ་། འདོད་པའི་ལོངས་སྤྱོད་ཅེས་པའི་སྐབས་འདིར་སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་དངོས་སུ་མེད་ཀྱང་། རྩ་ཚིག་གི་ལྷག་མ ར་གདོན་ནོ་འོ་། །སྤྱོད་པ་སྤྱད་པ་དེས་ཅི་ཞིག་འགྲུབ་ཅེ་ན། འདི་ལྟ་བུ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུ་ནི་བཤད་མ་ཐག་པའོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་འདོད་ཡོན་གྱི་ཡུལ་རྣམས་དང་མིག་སོགས་ཀྱི་དབང་པོ་རྣམས་མཉམ་པར་སྦྱོར་བ་མི་འགོག་པར་ལོངས་སྤྱད་པས་སངས་རྒྱས་ཏེ་རྡོ་རྗེ་འཆང་ཉིད་མྱུར་ཞིང་སྟེ། རིངས་


JLD004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཚེ་འདི་ཉིད་ལ་ངེས་པར་འཐོབ་པར་འགྱུར་བའོ། ༈ །དེ་ལྟར་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་ནས་སྤྲོས་པ་མེད་པའི་སྤྱོད་པའི་དབང་དུ་མཛད་ནས། འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཡོན་ལ་རང་ཇི་ལྟར་འདོད་པ ར་བསྟེན་བྱ་སྟེ། ཞེས་བྱ་བ་ནི། སྒྲུབ་པ་པོ་བདག་ཉིད་ཡུལ་གང་འདོད་པ་དང་རྗེས་སུ་མཐུན་པ ར་བསྟེན་པའོ་དང༌་། ཡུལ་གང་ལ་སྤྱད་ན་ཇི་ལྟར་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་བསྐྱེད་པའི་གང་ཟག་འདོད་པའི་ཡོན་ཏན་ལྔས་བདག་སྟེ་རང་ཉིད་དང༌། གཞན་རྣམས་ལ་མཆོད་པར་བྱ་ཞིང་སྟེ་ཚིམ་པར་བྱའོ། །ཇི་ལྟར་ཚིམ་པར་བྱ་ཞེ་ན། རང་གི་ལྷ་ཡིས་སྦྱོར་བ་ཡིས་ཞེས་བྱ་བ་སྟེ། །རང་གི་ལྷ་ཡི་འདིར་དཔེ་ཁ་ཅིག་ལས། རང་གི་རང་བཞིན་གྱི་ཏིང་ངེ་འཛིན་གྱིས་སོ། ཞེས་པ་དང་། འགྱུར་གསར་གཉིས་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སོ། ཞེས་འབྱུང་ཡང་མི་ལེགས་ཏེ། འདིར་རིམ་པ་གཉིས་ཀའི་ཐུན་མོང་བའི་སྤྱོད་པ་ཡིན་པའི་ཕྱིར་དང༌། རང་གི་ལྷའི་རྣལ་འབྱོར་གྱིས་བྱ་བར་གསལ་བར་གསུངས་པའི་ཕྱིར་རོ། །ཚིགས་བཅད་གཉིས་ཀས་དབང་པོ་ལ་ཕན་འདོགས་པའི་ཡུལ་རྣམས་ལ་རང་གང་འདོད་པ་དང་མཐུན་པར་ལོངས་སྤྱོད་ཅེས་འདྲ་བར་འབྱུང་ཡང༌། སྔ་མ་སྤྲོས་བཅས་དང་ཕྱི་མ་སྤྲོས་མེད་ལ་སྦྱོར་བས་མི་ཟློས་སོ། །ཏིང་ངེ་འཛིན་གྱིས་སྤྱད་པར་བྱའོ་སོ་། །འདོད་ཡོན་ལ་ཅི་བདེར་ལོངས་སྤྱོད་དགོས་པ་དེ་ཉིད་ཀྱིས་ན་དཀའ་ཐུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ངལ་ཞིང་དུབ་པའི་སྦྱོར་བས་གཙུག་ལག་


JLD004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ལ་སོགས་པ་སྒྲུབ་པའི་དཀའ་ཐུབ་དང༌། ཤིང་དྲུང་པ་ལ་སོགས་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་སྟེ། ཡི་དམ་ལེན་པ་དང༌། མུ་སྟེགས་ཀྱི་བརྟུལ་ཞུགས་རི་ལས་མཆོང་ཞིང་མེར་འཇུག་པ་ལ་སོགས་པ་མི་བཟད་བ་སྟེ། དཀའ་སྤྱད་དེ་རྣམས་ཀྱིས་བསྟེན་ཅིང་སྟེ། གདུངས་བཞིན་པས་ནི་འགྲུབ་པར་མི་འགྱུར་ཏེ། ཞེས་པ་བྱང་ཆུབ་རྙེད་པར་མི་འགྱུར་རོ། །འོ་ན་ཐབས་གང་གིས་བྱང་ཆུབ་མྱུར་དུ་འགྲུབ་པར་འགྱུར་ཞེ་ན། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱིས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་འདོད་པ་ཐམས་ཅད་དོ། །དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པས་བསྟེན་པ་ནི་རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱེད་པ་སྟེ། དེས་ནི་མྱུར་དུ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོར་གྲུབ་པ་འཐོབ་པར་འགྱུར་རོ། ཞེས་པ་སྟེ་སྒྲ་ཇི་བཞིན་པའོ། ༈ །དེ་ལྟར་ལུས་གདུང་བའི་སྒོ་ནས་ཕྱག་རྒྱ་ཆེན་པོར་འགྲུབ་པ་ཐོབ་པ་ཡོངས་སུ་བཀག་ནས། སྒྲུབ་པ་པོའི་ཡིད་ཀྱི་གདུང་བ་ནི་བཟའ་བཏུང་ལ་སོགས་པ་ལ་ཧ་ཅང་སྲེད་དྲགས་པ་ལ་བརྟེན་ནས་ཡིད་ལ་སྡུག་བསྔལ་དྲག་པོ་བསྐྱེད་པ་དེ འང་དགག་པར་བྱ་བའི་ཕྱིར། སློངས་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པ་ལ་བརྟེན་ནས་བསླངས་པའི་སློངས་མོའི་ཟས་ཟ་བའི་ངང་ཚུལ་གྱིས་སྔགས་མི་བཟླས་ཞིང་སྟེ་བརྗོད་པར་མི་བྱའོ། །སློངས་མོ་ཟ་བ་ནི་ཕྱོགས་


JLD004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེ་བས་ན་སློང་དུ་འགྲོ་བ་དང་འདྲ་བར་ཡོངས་སུ་འཚོལ་བ་ལ་སོགས་པ་དམན་པ་ལ་ཧ་ཅང་ཆགས་དྲགས་ནས་འཇུག་པ་གཞན་རྣམས་དང་ལྡན་པས་ཀྱང་བཟླས་པར་མི་བྱའོ། །སློང་ལའང་དགའ་བར་མི་བྱའོ་ཞེས་བྱ་བ་ནི། སློང་བ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། སློང་བ་ལའང་ཧ་ཅང་མ་ཆགས་ཤིང་ཟས་ལ་ཧ་ཅང་ཞེན་པར་མ་གྱུར་པར་ཇི་ཙམ་གྱིས་ལུས་གནས་པར་འགྱུར་བ་ནི་ལམ་འདི་ཞུ་བདེ་གཙོ་བོར་སྒྲུབ་པ་ཡིན་ལ། དེ་ལ་ནི་དབང་པོ་རྟེན་བཅས་ཀྱི་ལུས་རྒྱས་པ་དགོས་པའི་ཕྱིར། སྲོག་འཚོ་བ་ཙམ་ལ་བྱར་མི་རུང་གི །བཟའ་བཏུང་སོགས་ལ་ཇི་ཙམ་ལོངས་སྤྱད་པས་བདེ་བ་འཕེལ་བའི་གྲོགས་སུ་འགྱུར་བ་དེ་ཙམ་ལས་ཐལ་ཆེས་པ་འགོག་པའོ། །འདི་ནི་ཤིན་ཏུ་སྤྲོས་མེད་པའི་ཁྱད་ཆོས་མིན་གྱི། སྤྱོད་པ་གཞན་གཉིས་ལའང་འདྲ་སྟེ། དཀའ་འགྲེལ་དུ་བཤད་པར་བྱའོ། །ཤིན་ཏུ་སྤྲོས་མེད་པའི་སྤྱོད་པ་བྱེད་པ་ལ་ལས་ཀྱི་ཕྱག་རྒྱ་དངོས་སུ་མེད་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱའི་འདོད་ཡོན་ལ་ཇི་ལྟར་འདོད་པར་ལོངས་སྤྱོད་པ་ནི་ཡོད་དོ། །དེ་ཙམ་གྱིས་ཆོག་ཤེས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པར་བྱའོ། །སྔར་བཤད་པ་དེ་ལྟ་བུའི་སྤྱོད་པ་རྣམས་ལ་གནས་པས་ཅི་ཞིག་བྱ་ཞེ་ན། འདོད་པ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཡི་གེ་གསུམ་མོ། །ཡན་ལག་ནི་ལུས་སུ་ཡང་བསྒྱུར་བས་མ་ཉམས་པ་ནི་ལྷའི་ལུས་ཀྱི་རྣལ་འབྱོར་དང༌། རང་ཉིད་དབྱེར་མི་ཕྱེད་པའི་སྒོ་ནས་འདོད་པ་ཀུན་ལ་ལོངས་སྤྱོད་པའི་སྔགས་པས་བཟླས་


JLD004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའོ། །དེ་ལྟར འདོད་ཡོན་ལ་ལོངས་སྤྱོད་པ་བྱས་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། ལུས་དང་ངག་དང་སེམས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཡོན་སྤྱི་དང༌། ཁྱད་པར་དུ་རིག་མའི་འདོད་ཡོན་ལ་སྤྱད་པས་ལུས་དང་ངག་དང་སེམས་རྣམས་ནི་བདེ་བར་གནས་པ་ལས་ནི་རྩེ་གཅིག་རྩེ་གཅིག་པའི་ཏིང་ངེ་འཛིན་ཐུན་མོང་བ་ལ་འདོད་ཡོན་ལ་སྤྱོད་པ་འདི་དགོས་པ་མ་ཡིན་གྱི། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རྩེ་གཅིག་པ་སྐྱེད་པ་ལ་འདི་དགོས་པ་ཡིན་པས་སོ་སོར་ཕྱེད་དགོས་སོ། །པའི་ཏིང་ངེ་འཛིན་དུ་ར་གྱུར་པ་འཐོབ་པ། །དེ་ཐོབ་ན་བྱང་ཆུབ་སྟེ་རྡོ་རྗེ་འཆང་ཆེན་པོ་ཉི་འཐོབ་ཅིང་ཡང་དག་པར་ཉམས་སུ་མྱོང་པ་རྙེད་པར་འགྱུར་བའོ། །དཀའ་སྤྱད་དྲག་པོ་སྤོང་བ་ལས་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི། གཞན་དུ་ཞེས་པའི་རྐང་པ་གཉིས་ཀྱི་དངོས་བསྟན་གྱིས་དཀའ་ཐུབ་ཀྱི་སྤྱོད་པའི་ཉེས་པ་དང་ཤུགས་ལ་བདེ་བར་སྤྱད་པའི་ཕན་ཡོན་སྟོན་པ་ཡིན་ཏེ། ཡང་བ་སྟེ། དུས་མ་ཡིན་པར་འཆི་བའི་རྒྱུ་རྐྱེན་རྣམས་མ་སྤངས་པས་འཆི་བའི་དུས་བྱས་ཤིང་འདི་ནས་ཤི་འཕོས་ནས་དམྱལ་བ་སྟེ་མནར་མེད་པ་ལ་སོགས་པར་ངེས་པར་སྲེག་པར་འོ་ན་སྔར་བཤད་པའི་མི་བཟད་པ་ཞེས་པའི་དཀའ་སྤྱད་བསྟེན་ན། ཉེས་དམིགས་དེ་གཉིས་སུ་འབྱུང་མོད་ཀྱང། དཀའ་ཐུབ་དང་སྡོམ་པ་གཉིས་བསྟེན་པ་ལ་དེ་གཉིས་འབྱུང་བ་མི་འཐད་པས། དཀའ་སྤྱད་སྤྱིའི་ཉེས་དམིགས་སུ་ཇི་ལྟར་བཟད་སྙམ་ན། མུ་སྟེགས་ཀྱི་དཀའ་སྤྱད་དང་


JLD004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདིར་ཞུགས་ནས་དབང་དང་དམ་ཚིག་ཐོབ་ཀྱང། དེ་སྤངས་ཏེ་དཀའ་སྤྱད་བྱེད་པ་གཉིས་ཀྱི་ཉེས་དམིགས་སྟོན་པས་སྐྱོན་མེད་དོ། །འགྱུར་རོ་ཞེས་པ་སྟེ། དྲང་བའི་དོན་ཏོ། ༈ །སློངས་མོ་ཟ་ཞིང་ཞེས་སོགས་ཀྱི་ངེས་དོན་ལུང་སྟོན་གྱི་ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། སློངས་མོའི་སྐད་དོད་བྷིཀྵ་ལ་ངེས་ཚིག་གི་ཚུལ་གྱིས་བྷིནྣ་ཐ་དད་དང་ཨ་ཀྵ་ར་ཡི་གེ་སྟེ། ཁཐ་དད་དུ་བྱེད་པ་ནི། ཀརླུང་དང་ཡི་གེ འི་གདངས་ག་སློངས་མོ་ཡིན་ལ། །དེ་ལྟར་བྱས་པའི་སྔགས་དེ་འདོན་པ་ནི་སློངས་མོ་དེ་ཟ་བ འོ་སྟེ། །ཆག་འགྱུར་ལས་སློངས་མོ་དེ་དག་ཟ་མི་འདོད་ཅེས་འབྱུང་ངོ་། །ཁདེ་དག་ཀསློངས་མོ་གཟ་བར་མི་འདོད་བ་ནི། རྣལ་འབྱོར་བ་གང་ཞིག་རླུང་དང་སྔགས་ཀྱི་གདངས་གཉིས་དབྱེར་མེད་དུ་བྱས་ནས་ཟློས་པར་དགའ་བ འོ་དེ་། །དེ་འདྲ་བའི་རྣལ་འབྱོར་པ་ཡི ས ཁ་དབུགས་འབྱུང་བ་དང༌། །རྔུབ་པ་དང་། ། ཀསྦྱོར་བ་སྟེ་དཀྱིལ་འཁོར་བཞི་ཡི་རླུང་གི་དེ་ཉིད་ལ་ནི་། །ཤེས་རབ་ལྷ་མོའི་རླུང་དང་ཐབས་མགོན་པོའི་རླུང་དུ་བྱས་པའི་ཀྱི་གཞིར་གནས་ནས། །༼ག༽གནས་པ་གསུམ་སྔགས་ཡི་གེ་གསུམ་དང་དབྱེར་མེད་དུ་བྱས་ཏེ་ཀྱི་ཡན་ལག་མ་ཉམས་པ་སྔར་བཤད་བཞིན་བཟླས། །པར་བྱའོ། །རྣལ་འབྱོར་དབང་པོ་ཉིན་མཚན་དུ། །བཟླས་བརྗོད་གྲངས་སུ་བྱས་པ་ནི། །ཁྲི་ཕྲག་གཉིས་དང་ཆིག་སྟོང་དང༌། །དེ་བཞིན་དྲུག་བརྒྱ་དག་ཏུ་འགྱུར། ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། །ལུང་སྟེན་ལས། དཀའ་ཐུབ་དང་སྡམ་པ་མི་བཟད་པ་ལ་ཡང་ངེས་དོན་གྱི་བཤད་པ་མཛད་པ་འདིར་མ་དྲངས་པ་ནི། གོང་མའི་འཕྲོས་ཀྱིས་ཤེས་སླ་བ་ལ་དགོངས་སོ། ༈ །ལམ་འདིར་འདོད་ཡོན་ལ་སྤྱོད་པ་དགོས་པ་ལ་ནན་ཏན་དུ་བསྟན་པའི་ཕྱིར་གསུངས་པ་ནི། འདས་


JLD004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སྔོན་བྱུང་བ འི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་རྣམས་ཀྱང་འདོད་ཡོན་ལ་སྤྱོད་པ་འདི་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་འཐོབ་པར་བསྟན་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །བྱང་ཆུབ་སེམས་དཔའ་ནི་པདྨ་དཀར་པོ་ལྟ་བུའི་གང་ཟག་ལ་སོགས་པའོ། །སྔགས་ཀྱི་སྤྱོད་པ་ནི་བྱ་བ འི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། གཉི་ག་སྟེ་རྣལ་འབྱོར་གྱི་འི་རྒྱུད་ལས་བཤད་པའི་སྤྱོད་པའོ། །དེ་དག་གི་མཆོག་ནི་རྣལ་འབྱོར་བླ་མེད་གྱི་སྤྱོད་པ་སྟེ་དེ་རྣམས་སྤྱོད་པའི་ངང་ཚུལ་ཅན་གང་ཡིན་པ་དེ་རྣམས་ཀྱིས་ནི་ཆོས་ཞེས་བྱ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །མི་གཡོ་བ་ནི་དོན་དམ་པའི་བདེན་པ་སྟེ་ཆོས་དང་ལྡན་པའི་མི་གཡོ་བ་ནི་ཆོས་མི་གཡོ་བའོ། །དེ་དག་ཟུང་དུ་འཇུག་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཉིད་ནི་དབང་ཕྱུག་ཐམས་ཅད་ཀྱི་གཞིར་གྱུར་པས་ན་མཆོག་སྟེ་ཕུལ་དུ་བྱུང་བའོ། །དེ་བརྙེས་པ་ནི་མངོན་སུམ་དུ་བྱས་པའོ། །བརྙེས་པ་དེ་ཡང་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཇི་ལྟར་འདོད་པར་བསྟེན་པ་ལ ས་ཡིན་ནོ་སོ་ཞེས་བྱ་བ འི་ཚིགས་སུ་བཅད་པ ས་ནི། འདོད་ཡོན་ལ་བསྟེན་པ་སྤངས་ན་རྩེ་གཅིག་པ་བྱང་སེམས་ཞུ་བའི་བདེ་བ་ཆེན་པོ་ཐོབ་བ ར་མི་འགྱུར་བའི་ཕྱིར་སླར་ཡང་དཀའ་ཐུབ་ལ་སོགས་པ་དགག་པར་མཛད་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །སྔོན་བྱོན་པའི་སངས་རྒྱས་དེ་རྣམས་ཀྱིས་བསྟེན་པར་གྱུར་པའི་ཡུལ་


JLD004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི། རེ་རེ་ཞིང་རྣམ་པ་གསུམ་གསུམ་དུ་བསྟན་ཅིང་གནས་ཀྱི་དགོད་པ་སྟེ། འདོད་ཡོན་བསྟེན་པའི་གཞི་འདིངས་པར་བྱ་བའི་ཕྱིར། ཆགས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་ཅན་ཞེས་པ་ལ་ཆགས་པ་ནི་ཡུལ་ཐོབ་པ་རྣམས་ལ་ཞེན་པ་ཡིན་ལ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་འདོད་ཅིང་སྤྱོད་ལམ་ཐམས་ཅད་དུ་བསྟེན་ཅིང་སློབ་པའོ། །འདི་དག་གིས་ནི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་དགའ་བ། དབང་པོ་རྣོ་བ། ཟུང་འཇུག་ཐོབ་པར་འདོད་པ་སྟེ་ཁྱད་པར་གསུམ་དང་ལྡན་པ་ཅིག་ལམ་འདིའི་རྟེན་དུ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱིས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་འདོད་པའོ། །སངས་རྒྱས་ཉིད་རབ་ཏུ་སྟེར་བའི་ཡོན་ཏན་དང་ལྡན་པས་ན་ཡོན་ཏན་ཡིན་ལ། འདོད་པ་ཡང་ཡིན་ལ་ཡོན་ཏན་ཡང་ཡིན་པས་ན་འདོད་པའི་ཡོན་ཏན་ཏེ། །ལྔ་པོ་དེ་དག་ནི་དབང་པོ་ལྔའི་ཡུལ་དུ་གྱུར་པ་ལ། སྤྱོད་ལམ་ཐམས་ཅད་དུ་བསྟེན་ཅིང་རྟག་ཏུ་བསླབ་པར་བྱའོ། །འདོད་ཡོན་ལ་བསྟེན་པ་དེ་ལྟར་བྱས་པས་ཅི་ཞིག་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་ངོ་བོ་ཉིད་སའི་སྙིང་པོ་ལ་སོགས་པ ར་བཤད་པ་རྣམས་ཏེ། ཡུལ་ལྔ་ཤིན་ཏུ་ཡིད་ཏུ་འོང་བ་ཡང་ཡང་ལོངས་སྤྱོད་པས་དབང་པོ་དེ་དག་མཉེས་པར་བྱ་བ་སྟེ་ཚིམ་ནས་རྒྱས་པར་འགྱུར་རོ་འོ། །སའི་སྙིང་པོ་སྟེ་མིག་ལ་སོགས་པ་མཉེས་ཤིང་ཚིམ་པས་ཅི་


JLD004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱེད་ཅེ་ན། བྱང་ཆུབ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ནི་ས་ལ་སོགས་པའི་ངོ་བོ་ཉིད་སྤྱན་ལ་སོགས་པའོ། །ཞེས་པ་ནི་དབང་པོ་ལྔ་རྒྱས་པས་དེ་རྣམས་ཀྱི་རྟེན་འབྱུང་བ་བཞི་རྒྱས་པར་འགྱུར་རོ། །དེ་རྣམས་དང་ལྡན་པའི་འོད་གསལ་བས་ཉོན་མོངས་པ་ངེས་པར་བསྲེགས་པའི་གཟི་བརྗིད་ཅན་ནི་བྱང་ཆུབ་ཉི་མ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་ལྟར་སྤྱན་ལ་སོགས་པ་དང་ལྡན་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུ་ཆགས་པར་བྱ་ཞིང་དགྱེས་པར་གྱུར་ལ་ཚིམ་པར་བྱའོ། །ཞེས་པ་ནི་དབང་པོ་དང༌། དབང་རྟེན་གྱི་ལུས་རྒྱས་པས་ཕུང་པོ་ལྔ་རྒྱས་པར་འགྱུར་རོ། །ཕུང་པོ་རྒྱས་ཚུལ་ནི། དབང་པོ་རྟེན་བཅས་ཀྱི་གཟུགས་ཕུང་སྟོབས་དང་ལྡན་པར་གྱུར་པ་ན། ལུས་ཀྱི་བྱང་སེམས་དཀར་པོ་འཕེལ་ལོ། །དེ་འཕེལ་བ་མན་ངག་བཞིན་དུ་གཏུམ་མོའི་མེས་བཞུས་པ་ན། ཐོག་མར་ལུས་དབང་ལ་བརྟེན་ནས་བདེ་བའི་ཚོར་བ་སོགས་རྒྱས་པར་འགྱུར་རོ། །དེ་བྱུང་བ་ན་ཡིད་ཀྱི་ཤེས་པའི་ཚོར་བ་བདེ་པ་སོགས་ཀྱང་རྒྱས་པར་འགྱུར་བ་འདི་ནི། འདོད་ཡོན་ལ་སྤྱད་པས་ལམ་གྱི་གྲོགས་སུ་འགྱུར་བ་རྣམས་ཀྱིའང་འདོད་ཡོན་ལ་སྤྱོད་པ་ལམ་དུ་བྱས་པའི་དགོས་པའི་གནད་དོ། ༈ །ཡུལ་ལྔ་རེ་རེ་ལ་གསུམ་གསུམ་དུ་བྱས་པའི་རྣམ་པ་གསུམ་པོ་བསྟན་པ་ནི་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། མིག་གི་ཡུལ་གཟུགས་ལ་རྣམ་པ་གསུམ་སྟེ། དམན་པ་དང་བར་མ་དང་མཆོག་གསུམ་དུ་རྣམ་པར་ཤེས་ཤིང་རྟོགས་པར་བྱས་ནས། དེ་ལས་མཆོག་ཏུ་གྱུར་ཞེས་


JLD004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལྷ་དང་རང་ལ་དངོས་སུ་མཆོད་པའི་ཚེ། ཡུལ་མཆོག་ཏུ་གྱུར་པ་དབུལ་ཞེས་པའམ། ཡང་ན་ཐ་མལ་བའི་གཟུགས་གསུམ་པོ་དེ་ལས་མཆོག་ཏུ་གྱུར་པ་དེ་གསུམ་ལྷར་བསྐྱེད་པ་དབུལ་བའི་དོན་ནོ། །པ་རང་གི་རིགས་ཏེ་རྣམ་སྣང་གི་རིགས་ཀྱི ས་གཙོ་བོ་བྱས་པའི་ལྷ་རྣམས་ལ་གཟུགས་སྣ་ཚོགས་པས་མཆོད་པར་བྱེད་པ་སྟེ། སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་གནས་པའི་སྔགས་པས་ལྷའི་འཁོར་ལོ་མཆོད་པར་བྱ་ཞིང་ཡང་དག་པར་ཚིམ་པར་བྱའོ། །དེ་ཉིད་བཅོམ་ལྡན་ཞེས་བྱ་བ འི་དེ་ཉིད་ནི་གཟུགས་ལ་རྣམ་པ་གསུམ་ཞེས་གང་གསུངས་པ་དེ། །གཞན་མ་ཡིན་པ་ནི་དེ་གསུམ་རྣམ་སྣང་དུ་བསྐྱེད་ནས་དབུལ་བའི་དོན་ནོ་འོ་། །སྣ་ཚོགས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་ཅན་ཏེ་དེ་ཉིད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །གཞི་ཞེས་པ་ནི་སྐུ་རྡོ་རྗེའི་སྤྲུལ་པ་ཀུན་གྱི་གཞིའོ། །དེ་བཞིན་དུ་རྣ་བའི་ཡུལ་སྒྲ་ལ་ཡང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་དེ་ལས་མཆོག་ཏུ་གྱུར་པ་རང་གི་རིགས་ཏེ། རིན་འབྱུང་གི་རིགས་ཀྱི ས་གཙོ་བོ་བྱས་པའི་ལྷ་རྣམས་ལ་དབུལ་བར་བྱས་ཞིང་སོ་སོར་བསྟབ་པར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་སྒྲ་རྣམ་པ་གསུམ་པོ་དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་གནས་ལས་གཞན་པ་མ་ཡིན་པའོ། །དེ་བཞིན་དུ་དྲི་ལ་རྣམ་པ་གསུམ་དུ་ཤེས་པར་བྱས་ནས་མཆོག་ཏུ་གྱུར་པས་སངས་རྒྱས་སོགས་པ་སྟེ། འོད་དཔག་མེད་ལ་སོགས་པའི་རིགས་ཅན་གྱིས་གཙོ་བོ་བྱས་པའི་ལྷ་རྣམས་ལ་དབུལ་བར་བྱ་ཞིང་ཉེ་བར་བསྟབ་པར་བྱའོ། །


JLD004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཅེས་བྱ་བ་ནི་དྲི་ཞེས་བྱ་བ་གང་ཡིན་པ་ཉིད་ནི་ཆོས་ཀྱི་འབྱུང་གནས་ཏེ་འོད་དཔག་ཏུ་མེད་པའོ། །རོ་ལ་ཞེས་བྱ་བ་ལ་སོགས་པ་ལ། །རོ་ལ་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། དེ་ལས་མཆོག་ཏུ་གྱུར་པ་ལས་ཀྱི་རིགས་ཅན་གྱི ས་གཙོ་བོ་བྱས་པའི་ལྷ་རྣམས་ལ་དབུལ་བར་བྱ་སྟེ། རོ་གསུམ་པོ་གང་ཡིན་པ་དེ་ཉིད་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའོ། །རེག་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རེག་བྱ་ལ་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། དེ་ལས་མཆོག་ཏུ་གྱུར་པ་བདག་གི་རིགས་ཏེ་རྡོ་རྗེའི་རིགས་ཅན་གྱིས་གཙོ་བོ་བྱས་པའི་ལྷ་རྣམས་ལ་དབུལ་བར་བྱ་ཞིང་ཚིམ་པར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་རེག་བྱ་གསུམ་པོ་གང་ཡིན་པ་དེ་ཉིད་ནི་མི་བསྐྱོད་པ་ཡིན་པའོ། །རིགས་བཞིའི་མཆོད་པའི་ལྷག་མ་མ་བཤད་པ་རྣམས་ནི་རིགས་དང་པོའི་སྐབས་ལས་ཤེས་པར་བྱའོ། ༈ །གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པས་ནི། བཤད་མ་ཐག་པའི་དོན་དེ་དག་ཉིད་བསྡུས་ནས་སྟོན་པར་མཛད་པ་ཡིན་ཏེ། དེ་ལྟར་གཟུགས་ལ་སོགས་པ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔ འི་ངོ་བོ་ཉིད་ཡིན་པས་ཡུལ་ལྔ་དེ་རྣམས་སུ་བསྐྱེད་པ་རྣམས་ཀྱི་འདོད་ཡོན་ལ་ཉིད་མཚན་རྟག་ཏུ་ལོངས་སྤྱོད་པར་བྱེད་པའི་སེམས་ཀྱི་མངོན་པར་འདུ་བྱེད་པ་སྐྱེད་པར་བྱ་ཞིང་སྦྱར་བར་བྱ་བའོ། །འདི་དེ་ཞེས་བྱ་བ་ལ་སོགས་པས་ནི་བཤད་མ་ཐག་པའི་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་ཞིང་སྤ་


JLD004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པ་སྟེ། སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པས་སྙིང་པོ་བཏུས་པ་ཡིན་ནོ། ༈ །དེ་ལྟར་གཟུགས་ལ་སོགས་པ་ཐབས་ཀྱི་སྟེ། ལྷ་ཕོའི་ངོ་བོ་ཉིད་དུ་བཞག་ནས། ཡང་ཡུལ་ལྔ་དེ་རྣམས་ཉིད་སྤྱན་ལ་སོགས་པ་ཤེས་རབ་ཀྱི་སྟེ། ལྷ་མོའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པར་བསྟན་པར་བྱ་བའི་ཕྱིར། གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་པ་ཚབ་གྱི་འགྱུར་ལས། ཡང་ན་སྔགས་པས་གཟུགས་སོགས་ཀྱི། །ལྷ་ཉིད་རྟག་ཏུ་བསྒོམ་པར་བྱ། ཞེས་གཟུགས་ལྷ་མོ་བཞིར་བསྒོམ་པ་ལ་ཡང༌། ཡང་གི་སྒྲ་ཡོད་པ་ལེགས་སོ། །ན་ཞེས་བྱ་བ་ནི་ཕྱོགས་ཏེ་ལུགས་གཞན་སྟོན་བར་བྱེད་པའི་ཚིག་གི་ཕྲད་དོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ནི་ལྷ་རྣམས་ཏེ་ཤེས་རབ་སྤྱན་མ་ལ་སོགས་པ་བཞིའི་ཀྱི་ངོ་བོ་ཉིད་དུ་རྟག་ཏུ་བསྒོམ་མོ། །དེ་ཡང་གཟུགས་སྤྱན་མ། སྒྲ་མཱ་མ་ཀཱི། དྲི་གོས་དཀར་མོ། །རོ་སྒྲོལ་མ་དང༌། མཱ་མ་ཀཱི་རིགས་གཉིས་འཛིན་པས་རེག་བྱ་ཡང་དེར་བསྒོམ་མོ། །ཡང་ཡུལ་ལྔ་པོ་དེ་རྣམས་ཉིད་ལ་གཟུགས་རྡོ་རྗེ་ལ་སོགས་པར་རིགས་ཀྱི་དབྱེ་བས་ཡོངས་སུ་གྱུར་བར་བསྟན་པའི་ཕྱིར། །ཡང་ན་ཞེས་བྱ་བ་གསུངས་ཏེ། རིགས་རྣམས་ཀྱི་ཚུལ་ནི་རིགས་ཀྱི་དབྱེ་བས་གང་རྣམ་པར་བསྒོམ་ཞིང་ཤེས་པར་བྱ་བ་དེ་ནི་རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་པ་སྟེ་ཁགཟུགས་རྡོ་རྗེ་ལ་སོགས་པ་ཀརིགས་ལྔ འི་རིགས་ལས་བྱུང་བ་དེ་རྣམས་ཀྱིས། གརིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་རིགས་ཀྱི་ཚུལ་དུ་སྒོམ་ཚུལ་ནི། གཟུགས་


JLD004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྡོ་རྗེ་མར་བསྒོམ་པ་ནས། རེག་རེག་རྡོ་རྗེ་མར་བསྒོམ་པའི་བར་ཏེ། རྣམ་སྣང་ལ་སོགས་པའི་རིགས་ཀྱི་དབྱེ་བ་ལྔས། གཟུགས་རྡོ་རྗེ་སོགས་སུ་ཕྱེ་བའི་ཚུལ་གྱིས་བསྒོམ་པའོ། །ཞིང་སྟེ། བསམ་ལ་ཞེས་པའོ། ༈ །ཡུལ་དང་ལྷ་དེ་རྣམས་ཀྱང་རྡོ་རྗེ་འཆང་ཆེན་པོ འི་ངོ་བོ ར་དམིགས་པར་བྱ་སྟེ། སྦྱོར་བ་སྟེ་ལྷར་དམིགས་པ་སོགས་ཀྱི་རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། རྡོ་རྗེ་སེམས་དཔ ར་བལྟའོ་འ་ཞེས་བྱ་བ་ལ་སོགས་པ་སྒྱུ་མ་བདེ་མཆོག་ལས་གསུངས་པའི་ཕྱིར་རོ། །སྤྱིའི་དོན་ལེའུ་དང་པོའི་འགྲེལ་པར། གཟུགས་ལ་རྣམ་གསུམ་ཞེས་སོགས་འདི་རྣམས་ཚུལ་བཞིར་བཤད་པར་གསུངས་པ་ལ་འདིར་ཡིག་དོན་མ་བྱུང་བ་ནི། སྔར་འདི་འདྲའི་རིགས་གཞན་བྱུང་བ་ལ་བཤད་པ་བཞིན་ནོ། །ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པའོ། ༈ །གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་ལུང་དུ་མ་བསྟན་པ་སྟེ། ཡུམ་བར་མ་བཏང་སྙོམས་པའི་དབྱེ་བས་ཡུལ རྣམ་པ་གསུམ་པོ་རིམ་བཞིན་དུ་སྣང་བ་གསུམ་གྱི་དང་པོ་ལས་བྱུང་བ འི་ཆགས་པའི་རང་བཞིན་དང༌། མཆེད་པ་ལས་བྱུང་བའི་ཆགས་པ་དང་བྲལ་བ འི་རང་བཞིན་དང༌། ཉེར་ཐོབ་ལས་བྱུང་བའི་བཏང་སྙོམས་ཀྱི་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རྣམས་ཀྱིས་ཡུལ་དུ་གྱུར་པ ར་ས་མིག་གིས་རྣམ་པར་ཤེས་པར་བྱས་ལ་ཏེ། རྗེས་སུ་མྱོང་བ་ནི་མཆོད་པའི་བདག་ཉིད་ཅན་ཏེ། མཆོད་པའི་རྫས་དང་དེ་ལེན་པ་མཆོད་ཡུལ་ཉེ་བར་མཚོན་པའི་དོན་གྱིས་ན་སྒྲུབ་པ་པོ་རང་ཉིད་མཆོད་པ ར་བྱ་བ་དང༌།


JLD004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་པས། རྣལ་འབྱོར་པས་བདག་ཉིད་ལ་མཆོད་པར་བྱའོ། །མཆོད་པའི་འཁོར་གསུམ་རང་རྡོ་རྗེ་འཆང་དུ་བྱས་པའི་ངོ་བོར་བལྟ་བ་དེ་བས་ན་སྣ་ཚོགས་པ་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད། རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཏེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་གཞི་ཡིན་ནོ་ཞེས་པ་སྟེ། གཞིའི་སྐད་དོད་ཨ་ལ་ཡ་ལ་ལི་ཡ་ཐིམ་པ་ལ་འཇུག་པས་རྣམ་པར་སྣང་མཛད་གང་དུ་ཐིམ་པར་གྱུར་པ་དེ་ནི་རྣམ་པར་སྣང་མཛད་ཀྱི་གཞི་སྟེ། རྣམ་པར་སྣང་མཛད་སྐྱེད་པར་མཛད་པའི་བཅོམ་ལྡན་འདས་ཚོགས་གཉིས་དང་ལྡན་པའི་སངས་རྒྱས་རྡོ་རྗེ་འཆང་བ་གང་ཡིན་པ་སྟེ། དེ་ཉིད་ནི་རྣལ་འབྱོར་བའོ། །དེ་བཞིན་ཞེས་པ་ནི་ཡུལ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བ་སྣང་བ་གསུམ་ལས་བྱུང་བའི་རང་བཞིན་གསུམ་གྱིས་ཡུལ་དུ་བྱས་པ། དབང་པའི་ཤེས་པས་མྱོང་བ་དང༌། མཆོད་པའིའཁོར་གསུམ་རང་རྡོ་རྗེ་འཆང་དུ་བསྐྱེད་པའི་ངོ་བོར་བྱས་ནས། དབུལ་པ་ཕྱི་མ་བཞི་ལ་ཡང་བསྒྲེ་བར་སྟོན་པའོ། །དུ་སྒྲ་རྣམ་པ་གསུམ་རྗེས་སུ་མྱོང་བ་ན་ལྷ་རྣམས་ལ་སྟེ། ཤེས་རབ་སྣང་བ་དང༌། ཐབས་མཆེད་པ་དང༌། ཉེ་བར་ཐོབ་པ་གསུམ་མཉམ་གཞག་ཏུ་ཉམས་སུ་མྱོང་བས་རང་ཉིད་རྡོ་རྗེ་འཆང་དུ་བྱས་པ་དང་ཡུལ་རྣམས་ལ་རྒྱས་བཏབ་སྟེ། བདག་ཉིད་ལ་དབུལ་བར་བྱའོ། །རིན་ཆེན་འབྱུང་གནས་གཙོ་ཞེས་བྱ་བ་ནི། འདི་ལས་རིན་པོ་ཆེ་རྣམས་འབྱུང་བས་ན་རིན་ཆེན་འབྱུང་གནས་གཙོ་སྟེ། སྣ་ཚོགས་པའི་བདག་ཉིད་ན་


JLD004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་པོ། །དེ་ཡང་རྣམ་པར་ཤེས་པ་སྣང་བ་གསུམ་གྱི་བདག་ཉིད་ཅན་དུ་མོས་པ་གང་ཡིན་པའི་རྣལ་འབྱོར་པ་ཅན་དེ་ཉིད་དོ། །དེ་བཞིན་དུ་དྲི་རྣམ་པ་གསུམ་དང་ཕྲད་ཅིང་ཡུལ་དུ་བྱེད་པ་ན་སངས་རྒྱས་ལ་སོགས་པ་སྟེ་སྣང་བ་ལ་སོགས་པ ས་སངས་རྒྱས་བཏབ་པའི་ཡུལ་དང་སྒྲུབ་པ་པོ་ལ་དབུལ་བར་བྱའོ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་ནི་འོད་དཔག་ཏུ་མེད་པའོ། །དེའོ་གཙོ་བོ་ནི་རྡོ་རྗེ་འཆང་ཆེན་པོར་བསྒོམས་པའི་རྣལ་འབྱོར་པ་དེ་ཉིད་དོ། །རོ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཐོགས་མེད་རྡོ་རྗེ་ནི་དོན་ཡོན་པར་གྲུབ་པའོ། །དེ་སྐྱེད་པའི་ངོ་བོ་ཉིད་ཀྱིས་འཆང་བར་མཛད་པས་ན་ཐོགས་མེད་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་ཆེན་པོ་སྒྲུབ་པ་པོར་བྱས་པ་དེ་ཉིད་དོ། །རེག་ལ་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་རིགས་ཏེ་བདག་ཉིད་ལ་དབུལ་བར་བྱའོ། །མི་བསྐྱོད་པའི་ཚུལ་ནི་མི་བསྐྱོད་པའི་སྐུ ར་སྣང་བ་བརྙེས་ཤིང་མི་བསྐྱོད་པ་རབ་ཏུ་སྐྱེད་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་མི་བསྐྱོད་པའི་ཚུལ་བརྙེས་པ་སྟེ། རྡོ་རྗེ་ཅན་ཞེས་པ་རྡོ་རྗེ་འཆང་ཆེན་པོར་བསྒོམས་པའི་རྣལ་འབྱོར་པ་དེ་ཉིད་དོ། །བརྙེས་པ་ཞེས་བྱ་བ་ནི་ཐོབ་པ་ནི་རྙེད་པའོ་ཞེས་ལུང་ལས་གསུངས་སོ། །ཆག་འགྱུར་ལས། རྙེད་པ་ཞེས་ཐོབ་པ་ལ། བརྙེས་ཞེས་པ་ནི་ལུང་ངོ༌། ཞེས་འབྱུང་ལ། དེའི་དོན་ནི། རྙེད་པ་ཞེས་གཅིག་ཚིག །ཐོབ་པ་ལ་བརྙེས་ཞེས་མང་ཚིག་ཏུ་བྱས་པ་ནི། ལུང་སྟེ་རྒྱལ་བའི་བཀའ་ཡིན་པས་སྒྲ་པ་དང་འགལ་ཡང་སྐྱོན་མིན་ཞེས་པའོ། ༈ །གཟུགས་ལ་ཞེས་བྱ་བ་ལ་སོགས་པའི་རྐང་པ་བཞིས་ནི།


JLD004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མ་ཐག་པའི་དོན་ཉིད་ཀྱི་ཉམས་སུ་ལེན་ཚུལ་གསལ་བར་སྟོན་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ལ་རྟག་ཏུ་ཞེས་པའི་རྟག་ཏུ་ནི་དུས་ཡིན་ལ་ནི་། དེ་ཡང་ཡུལ་ལྔ་འདས་པ་དང་མ་འོངས་པའི་སྐད་ཅིག་མ་སྟེ། དུས་ནི་གཟུགས་སོགས་ཀྱི་དངོས་པོར་མེད་ཅིང་གཟུགས་སྒྲ་སོགས་ལ་སེམས་སྦྱར་དགོས་པས་པར་གཟུགས་སོགས་ཀྱི་ད་ལྟར་གྱི་སྐད་ཅིག་མ འི་སྒོ་ན ས་ཡུལ་རྣམས་སེམས་རྣམ་པར་ཤེས་པ་གསུམ་གྱི་ངོ་བོར་བལྟས་ནས་དབུལ་བ་ལ་རང་གི་སེམས་སྦྱར་བར་བྱའོ་ཞེས་པ་སྟེ། དོན་བསྡུ་ན་གཟུགས་ལ་སོགས་པའི་ཡུལ་རྣམས་ནི་མཉམ་གཞག་ཏུ་ཉམས་སུ་མྱོང་བའི་སེམས་གསུམ་པོ་འདི་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་ཤེས་པར་བྱའོ། ཞེས་བྱ་བ་ཡིན་པར་དགོངས་སོ། །འདིས་ནི་གཟུགས་སོགས་ཀྱི་ཡུལ་རྣམས་ལ་སེམས་གསུམ་གྱི་ངོ་བོ་ཉིད་དུ་རྒྱས་འདེབས་པ། རྣལ་འབྱོར་བའི་བློ་སྦྱོང་ཚུལ་བསྟན་པ་ཡིན་གྱི། ཕྱི་དོན་བཀག་ནས་སེམས་ཙམ་དུ་སྟོན་པ་མ་ཡིན་ཏེ། དཔེར་ན་གཟུགས་སོགས་ལྷ་རྣམས་ཉིད་ཀྱི་ངོ་བོར་བལྟ་བར་བཤད་པས། ལྷ་མིན་པའི་གཟུགས་སོགས་ཁས་ལེན་པ་མི་འགལ་བ་བཞིན་ནོ། །འདི་དེ་ཞེས་བྱ་བ་སྟེ་བཤད་མ་ཐག་པ་སྣང་བ་སེམས་སྦས་ཀྱི་སྤྱོད་པ་ཉིད་སྒྲུབ་པ་པོ་གང་གིས་ཡོང་སུ་ཤེས་ནས་སྤྱོད་པ་ནི། སངས་རྒྱས་ཐམས་ཅན་ཀྱི་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ལ་སྦྱིན་པར་བྱ་བ་ཡིན་གྱི་ཙནྡན་ལྟ་བུ་ལ་སོགས་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་ན་གསང་བའོ། །སྙིང་པོ་བཏུས་པའོ་


JLD004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི། རྒྱུད་ཀྱི་གཅེས་པའི་དོན་ཡང་དག་པར་བླངས་ནས་བསགས་ཤིང་ཕུང་པོར་བྱས་པའི་ཕྱིར་ན་བཏུས་པའོ། །སྙིང་པོ་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་བཏུས་པ་ནི་བཤད་མ་ཐག་པའི་ཚུལ་ལོ། །གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པ་ལྟ་བུའི་སྔགས་པ་སྟེ་ཡན་ལག་མ་ཉམས་པར་རླུང་སྔགས་དབྱེར་མེད་དུ་ཟློས་པས་གཟུགས་ལ་སོགས་པ་རྣམ་པ་གསུམ་གྱིས་ཏེ། གསུམ་པོ་ལྷ་ཉིད་དུ་ཞེས་པ་དེ་ཡེ་ཤེས་གསུམ་གྱི་ངོ་བོ་ཉིད་དུ་བསྒོམ་ཞིང་ཤེས་པར་བྱའོ། ༈ །ཡེ་ཤེས་གསུམ་ངོ་བོ་ཉིད་ཀྱི་རང་བཞིན་གྱི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཟུགས་ལ་སོགས་པ་དེ་རྣམས་ལ་རིགས་ཏེ། ཆགས་པ་དང༌། ཆགས་པ་དང་བྲལ་བ་དང༌། ཆགས་པ་བར་མའི་རང་བཞིན་ཏེ་དེ་རྣམས་ཀྱི་དབྱེ་བ་ནི་ཁྱད་པར་གྱི་ཚུལ་ལོ། །དེ་རྣམས་རྣམ་པར་བསྒོམ་པ་ནི་རྗེས་སུ་མྱོང་བས་བསྒོམ་ཞིང་ཤེས་པར་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཕྱི་རོལ་ཏེ་ཐ་མལ་པའི་ཡུལ་དུ་མངོན་པར་ཞེན་པ་ཡོངས་སུ་བཟློག་ནས། ཡུལ་དེ་རྣམས་ལ་འདོད་ཆགས་ཆུང་དུ་དང་ལ་སོགས་པ ས་བསྡུས་པ་བར་མ་དང་ཆེན་པོར་གནས་པའི་འདོད་ཆགས་ལ་སོགས་པའི་རང་བཞིན་བརྒྱད་ཅུ་ལ་ཉིན་མཚན་གྱིས་ཕྱེ་བས་བརྒྱ་དྲུག་ཅུའི་ངོ་བོ་ཉིད་རྗེས་སུ་མྱོང་བས་


JLD004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །ཞེས་པའི་དོན་བསྡུ་ན། མཉམ་གཞག་ཏུ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་ཉམས་སུ་མྱོང་བ་ལས། བྱུང་བའི་རྗེས་ཐོབ་ཀྱི་སྐབས་ཀྱི་རང་བཞིན་གྱི་རྟོག་པ་ཉམས་སུ་མྱོང་བས། ཡུལ་རྣམས་ཡེ་ཤེས་གསུམ་གྱི་ངོ་བོར་ཤེས་པར་བྱ་བའི་དོན་ཏོ། །་སྟེ། སྦས་པའོ། །འདི་ནི་སྦྲོས་པ་མེད་པའི་སྤྱོད་པའོ། ༈ །གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ལ་སོགས་པ་གཟུགས་རྣམ་པ་གསུམ་གྱི་ཡུལ་ལ་ཤེས་པར་བྱ་ཞེས་པ་སྟེ། སྣང་བ་གསུམ་གྱི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པའི་རྒྱུད་ཀྱི་སྣང་བ་གསུམ་མ་འོ་། །མཆོད་པ ར་བྱེད་པ་ནི་འདོད་ཡོན་གྱི་རང་བཞིན་ཤེས་ནས་ལོངས་སྤྱོད་པའི་སྒྲུབ་པ་པོ་པའོ་། །མཆོད་པར་བྱ་ཞེས་པ་ནི་སྣང་བ་གསུམ་དང་འོག་ནས་བཤད་པའི་གཟུགས་གསུམ་འོད་གསལ་བའི་ངོ་བོ་ཉིད་དུ་ཡོངས་སུ་བསྟིམ་པ་སྟེ། ཐིམ་པར་བྱས་པ་འདི་ཉིད་ནི་བླ་ན་མེད་པའི་མཆོད་པ་སྟེ། འོད་གསལ་བ་ཞེས་གང་གསུངས་པ་དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཟུང་འཇུག་དེའི་སྐྱེད་པའི་རྒྱུར་གྱུར་བའི་ཕྱིར་འོད་གསལ་ལ་ཟུང་འཇུག་རྡོ་རྗེ་འཆང་གི་མིང་གིས་བཏགས་སོ་རོ་། །དེ་བཞིན་དུ་ཞེས་པ་ནི་སྣང་བ་གསུམ་དང་འོག་ནས་འཆད་པ་ལྟར་གྱི་ཡུལ་རེ་རེ་ལ་གསུམ་གསུམ་དུ་བྱས་པ་འོད་གསལ་དུ་གཞུག་པའི་མཆོད་པ་བྱ་བ་དང༌། འོད་གསལ་ལ་ཟུང་འཇུག་གི་རྡོ་རྗེ་འཆང་གི་མིང་གིས་བཏགས་པ་རྣམས་བསྒྲེ་


JLD004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྟོན་པའོ། །སྒྲ་ལ་སོགས་པ་རྣམས་ལ་ཡང་འོད་གསལ་བའི་ངོ་བོ་ཉིད་དུ་རྣམ་པར་ཤེས་པར་བྱ་སྟེ། ༈ །ཇི་སྐད་དུ་བཤད་པའི་རྒྱུད་ལུང་སྟོན་ལས་ཀྱང༌། ནང་ནི་སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་ཡུལ་ལྔའོ་དང་དེ་བཞིན་ཕྱི་རོལ་ནི་སྣོད་ཀྱི་ཡུལ་ལྔའོ་དང༌་། གཉིས་ག་ན་དབང་པོའི་རྟེན་ཁོག་པའོ། །དེ་གསུམ་རྗེས་སུ་མི་དམིགས་པ། འོད་གསལ་དུ་བཅུག་པའི་གཞུག་རྒྱུ་ནི་གཟུགས་ལ་སོགས་པ་རྣམ་པ་གསུམ་དུ་བཤད་པ་དེ་ཡིན་ཏེ། ལྷ་རྣམས་ལ་ནི་དབུལ་བར་བྱ།་ཞེས་པ་ནི་འོད་གསལ་དུ་གཞུག་པའི་དོན་ནོ། །ཞེས་གསུངས་པས། འདི་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ་མཐར་ཐུག་པའོ། །སྤྱན་མ་སོགས་པ་ཞིར་བསྒོམ་པ་དང༌། རྡོ་རྗེ་མ་ལྔར་བསྒོམ་པ་ཡང་གཟུགས་སོགས་ལྔ་ཡིན་ལ། དེ་རྣམས་འོད་གསལ་དུ་འཇུག་ཚུལ་ནི། སྔ་མ་དང་ཐ་དད་མེད་པས་འགྲེལ་པར་ཟུར་དུ་མ་བཤད་དོ། ༈ །ད་ནི་རྗེས་སུ་དྲན་པ་དྲུག་གསུངས་པ་ནི། སངས་རྒྱས་རྗེས་སུ་དྲན་པར་སྦྱོར་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་རྣམས་བསྒོམ་ཞེས་བྱ་བ འི་དོན་ནི། ཁ སྐུ་སྟེ་པ་ཚབ་ཀྱི་འགྱུར་ལས། །བསྒོམས་བཞིན་པས་ཐོབ་པ་ལས། ཞེས་འབྱུང་ངོ༌། ལུས་ཀ སྐུ་སོགས་གསུམ་སྒོམ་བཞིན་པས་ཞེས་ཐོབ་པ་ལ ས་རྗེས་དྲན་དང་པོ་གསུམ་སྒོམ་ཞེས་པའོ། །ག་སྒོམ་པ་ནི། རིགས་བརྒྱ་དང་ལྔ་དང་གསུམ་དང་རིགས་གཅིག་གིས་འི་རབ་ཏུ་དབྱེ་བས་ལུས་རྣམ་པར་དབེན་པ་སྒོམ་པར་བྱེད་པ་སྟེ། ངེས་ནི་རིགས་གཅིག་ལ་སོགས་པའི་སངས་རྒྱས་རྣམས་རྗེས་སུ་དྲན་པར་འགྱུར་རོ། །དེ་བཞིན་དུ་གསུང་བསྒོམ་པ་ནི་རྡོ་རྗེ་བཟླས་པའི་གོམས་པ་མཐར་ཐུག་པས་ཏེ། དེའི་


JLD004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ངག་རྣམ་པར་དབེན་པ་བསྒོམས་པར་བྱེད་པ་སྟེ། དེས་ནི། ཆོས་རླུང་དང་སྔགས་རྗེས་སུ་དྲན་པ ར་འགྱུར་རོ་འོ་། །ཐུགས་སྒོམས་པ་ནི་རང་བཞིན་གྱི་སྣང་བ་ཡེ་ཤེས་གསུམ་གྱི་འི་རིམ་གྱིས་སེམས་ཀྱི་དེ་ཁོ་ན་ཉིད་ལ་རྣམ་པར་རྟོག་པ་སྟེ། དེས་ནི་རྡོ་རྗེ་སྟེ། བདེ་སྟོང་དབྱེར་མི་ཕྱེད་པ་རྗེས་སུ་དྲན་པ ར་འགྱུར་རོ་འོ་། །རིགས་ནི་རྗེས་སུ་དྲན་པར་ཞེས་བྱ་བ་ལ། རིགས་ནི་ལུས་དང་ངག་དང་ཡིད་ཀྱི་དེ་ཁོ་ན་ཉིད་དོ། །དེའི་རྗེས་སུ་དྲན་པ་ནི་ཡེ་ཤེས་གསུམ་གྱིས་ངོ་བོ་ཉིད་ཀྱིས་རང་གི་ཡུལ་སོ་སོར་ཡོངས་སུ་ཤེས་པའོ། །སྦྱོར་བ་ནི་ཡེ་ཤེས་གསུམ་སྔ་མ་ཕྱི་མ་ལ་ཐིམ་པའི་ཚུལ་གྱིས་ཕྱིས་ཉེར་ཐོབ་ཀྱི་ཚེ་གཅིག་ཏུ་བྱས་པ་སྟེ། དཔེའི་འོད་གསལ་ཉེར་ཐོབ་ཏུ་བསྡུས་པའི་ལུགས་སོ། །དེ་བས་ན་ཡེ་ཤེས་གསུམ་པོ་ཡང་དག་པར་སྦྱོར་བ་ཆག་འགྱུར་ལས། སྦྱོར་བ་ལས་ཞེས་འབྱུང་ངོ། །དེ་ལས་འོ་། །ཐ་མལ་བའི་ལུས་ལ་བསྡིགས་པར་བྱེད་པས་ན་ཁྲོ་བོ་ནི་འོད་གསལ་མངོན་དུ་བྱེད་པའི་ཐབས་གྱི་ཡེ་ཤེས་ཀྱི་སྐུ་སྒྱུ་ལུས་སོ། །དེའི་རྗེས་སུ་དྲན་པ་ནི་བསྒོམ་པ་སྟེ། དེ་ཡང་ཉེར་ཐོབ་ཏུ་བསྡུས་པའི་དཔེའི་འོད་གསལ་གྱི་རླུང་སེམས་ཙམ་ལས་གཞན་གྱིས་བར་མ་ཆོད་པར་སྐྱེད་པ་སྟེ། བསྐྱེད་པ་དེས་ཁྲོ་བོ་རྗེས་སུ་དྲན་པ་དེ་བསྒོམ་པ ར་བྱ། །རིགས་དང་ཁྲོ་བོ་རྗེས་དྲན་གཉིས་ཀས་སྒྱུ་ལུས་བསྟན་ནོ། །ལྷ་ནི་ཕྱག་རྒྱ་ཆེན་པོའི་ཚུལ་སྟེ། སྐུའོ་ལོ་། །དེའི་རྗེས་སུ་དྲན་པ་ནི་ཆུ་ཟླ་ལ་སོགས་པའི་རྣམ་པས་སྟེ། དེ་རྣམས་དང་འདྲ་བར་ཡོངས་སུ་ཤེས་པའོ། །སྒྱུ་མའི་སྐུ་དེ་དང་སྦྱོར་


JLD004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྒྱུ་ལུས་དོན་དམ་པའི་བདེན་པ་འོད་གསལ་དུ་བཅུག་ནས་གཅིག་ཏུ་བྱས་པའོ། །འདིས་འོད་གསལ་བསྟན་ནོ། །ཆག་འགྱུར་ལས། སྦྱོར་བ་དེ་ལས་ཞེས་འབྱུང་ངོ། །དེ་བས་ན་གཅིག་ཏུ་རྗེས་སུ་སྦྱོར་བའི་འོད་གསལ་དེ་ལས་བསྒོམ་ཞེས་པ་ནི། བདེན་པ་གཉིས་ཀྱི་རྣམ་པས་དམིགས་ཤིང་བསྒོམས་ན་བྱང་ཆུབ་སྟེ་བདེ་བ་ཆེན་པོར་མཚན་ཉིད་གཅིག་པའི་རྡོ་རྗེ་འཆང་ཆེན་པོ་ཟུང་འཇུག་འཐོབ་པར་འགྱུར་པའོ། །བསྒོམས་ན་ཞེས་པའི་རྐང་པ་གཅིག་གིས་ཟུང་འཇུག་བསྟན་ནོ། །སྒྱུ་མ་འོད་གསུལ་དུ་འཇུག་པ་དང༌། དེ་ལས་ཟུང་འཇུག་ཏུ་ལྡང་བའི་དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པའི་རྒྱུད་ལུང་སྟོན་ལས། སྒྲུབ་པ་པོ་ཉམས་དགའ་པར་བྱེད་པ་སངས་རྒྱས་ཀུན་གྱིས་བསྟེན། །པ་བྷ་ག་ཞེས་པ་ནི་སྤྲོས་བ་ཞི་བ འི་འོད་གསལ་གཅིག་པུའི་མིང༌། །ངོ༌། དེར་ནི་རང་གི་སྟེ། བདག་བྱིན་གྱིས་བརླབ་པའི་སྐུ་དེ་ཉིད་འོད་གསལ་དང་གཉིས་སུ་མེད་པར་བྱུང༌། །བ་སྟེ། གྱུར་པ་ནི་རྡོ་རྗེ་ལིང་ག་བྷ་ག་དེ་ཉིད་དུ་སྦྱར་བར་བྱ། །བའོ། །དེ་ནི་སངས་རྒྱས་རྗེས་སུ་དྲན་པར་སྦྱོར་བ་སྟེ། །བྷ་ག ར་ལིང་ག་བཞག་པ་ཡིན་པར་བསྒྲགས། །པ་སྟེ། གསུངས་པའི་དོན་ནོ། །བྷ་གར་ལིང་ག་གཞུག་ཅེས་གསུངས་པ་ནི་འོད་གསལ་དང༌། སྒྱུ་མའི་སྐུ་གཉིས་སུ་མེད་པར་སྦྱོར་བ་སྟེ། །སངས་རྒྱས་ཏེ་ཟུང་འཇུག་གི་གཟུགས་སུ་བསྒོམ་པའོ། །ཟུང་འཇུག་གི་སྐུ་དེ་ལས་བློ་ལྡན་ཏེ། །ཤེས་རབ་ཅན་གྱིས་སྐུ་སྤྲོ་བ། །ནི་བ་སྤུའི་བུ་ག་ལས་བྱུང་ནས་ངའི་


JLD004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོར་གནས། །པའི་མཉམ་པ་མེད་པས་ཁྱད་པར་དུ། །འཕགས་པའི་སངས་རྒྱས་ཀྱི་སྤྲུལ་བའི་སྤྲིན་ཏེ་ཚོགས་རྣམས་དེར་སྤྲོ་བར་བྱ།ཞེས་གསུངས་པ་སྟེ། དགོངས་པས་བཤད་པའོ། །སྔར་གྱི་སངས་རྒྱས་རྗེས་དྲན་དང༌། འདིར་དྲངས་པའི་སངས་རྒྱས་རྗེས་དྲན་གཉིས་དོན་མི་གཅིག་ཀྱང༌། འདིར་དྲངས་པའི་བྷ་ག་དང་ལིང་ག་སྦྱོར་བ་སོགས་ཀྱི་ངེས་དོན་གྱི་བཤད་པ་རྣམས། ཁྲོ་བོ་དང་ལྷ་རྗེས་དྲན་དང༌། ཟུང་འཇུག་གི་དོན་བཤད་པའི་ཤེས་བྱེད་དུ་འགྲོ་བས་དྲངས་སོ། ༈ །དེ་ལྟར་དབེན་གསུམ་དང་སྒྱུ་ལུས་འོད་གསལ་གྱི་རྗེས་སུ་དྲན་པ་དྲུག་གི་སྒོ་ནས། ཟུང་འཇུག་པའི་ཡོངས་སུ་དག་པའི་ལྷའི་སྐུ་འདི་བསྐྱེད་པའི་ཚུལ་བསྟན་ནས། ད་ནི་རིམ་གཉིས་ཀྱི་རྣལ་འབྱོར་བ་ཐམས་ཅད་ཀྱི་ཡབ་ཡུམ་སྙོམས་པར་འཇུག་པ་ཐུན་མོང་བ འི་རིམ་པ་བསྟན་པར་བྱ་བའི་ཕྱིར། བུད་མེད་གཟུགས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་ཚོད་གཞོན་པ་ལོ་བཅུ་དྲུག་མ་ལ་སོགས་པ་དང་ལྡན་པའི་བུད་མེད་འགྲེལ་པར་རྙེད་ཅེས་འབྱུང་བ་ལྟར་བྱ་དགོས་པས། པ་ཚབ་ཀྱི་རྒྱུད་ཀྱི་འགྱུར་ལས། ལོ་གྲངས་བཅུ་དྲུག་མ་རྙེད་ནས། ཞེས་འབྱུང་བ་ལྟར་བྱ་དགོས་སོ། །རྙེད་ཅིང་སྟེ། སྐབས་དེར་ཇི་ལྟར་རྙེད་པའི་གཟུགས་སྟེ་དང་ཡན་ལག་མ་ཉམས་པའི་གཟུགས་དང་ལྡན་ཞིང་ཤིན་ཏུ་མཛེས་པས་མདངས་བཟང་བ་རྙེད་ནས་དང༌་། རབ་ཏུ་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་ཕྱག་རྒྱའི་ར་གཟུགས་ལ་སོགས་པའི་ཡུལ་གྱི་མཚན་ཉིད་ཀྱིས་བདག་ཉིད་ལ་མཆོད་པ་རབ་ཏུ་བརྩམ་


JLD004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །གང་གིས་མཆོད་ཅེ་ཞེ་ན། བྱིན་གྱིས་བརླབ་ཀྱི་གནས་གསུམ་གྱིས། ཞེས་བྱ་བ་སྟེ། ཡུལ་དུ་བྱིན་གྱིས་བརླབས་པ་སྟེ་བྱས་པ ས་ན་བྱིན་གྱིས་བརླབས་པ་སྟེ། འདོད་ཆགས་དང་ལ་སོགས་པས་བསྡུས་པ་ཆགས་བྲལ་དང་ཆགས་པ་བར་མའི་རང་བཞིན་གྱི་རྟོག་པ་གསུམ་མོ། །དེའི་གནས་ནི་ཡུལ་ཡིན་ལ་དེ་ལ་མང་དུ་ཡོད་ཀྱང་ཡིད་དུ་འོང་བའི་ཡུལ་རྣམས་ཏེ། དེ་ལྟར་བྱིན་གྱིས་བརླབས་ཀྱི་གནས་གསུམ་གྱིས་བྱིན་གྱིས་བརླབ་པའི་ཡུལ་ཡིད་དུ་འོང་བ་ཆུང་འབྲིང་ཆེན་པོ་གསུམ་པོ་དག་གིས་བདག་ཉིད་ལ་མཆོད་པར་བྱའོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་རེག་རྡོ་རྗེ་དང་སྙོམས་པར་འཇུག་པ་བཤད་ནས། རྣམ་པར་སྣང་མཛད་ལ་སོགས་པའི་སྙོམས་པར་འཇུག་པའི་ཚུལ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡིན་པས་ན། དེ་བཞིན་གཤེགས་པའི་འོ། །གཤེགས་པའི་རིགས་དེའི་ཕྱག་རྒྱ་གཞན་རྣམས་ཀྱི་གཙོ་བོར་གྱུར་པས་ན། བཙུན་མོའི་མཆོག་སྟེ།ཆག་འགྱུར་ལས། སྔར་བཤད་པ་དེ་ཞེས་འབྱུང་བ་ལེགས་སོ། །སྔར་བཤད་པའི་བུད་མེད་དེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བས་སྤྱན་མར་རྣམ་པར་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །སོགས་པའི་སྒྲས་ནི་མ་བཤད་པ་རྣམས་ཀྱང་བསྡུ་བའི་དོན་ཏེ། རྣམ་སྣང་གི་རིགས་ལ་སྤྱན་མར་བསྒོམ་པ་དེ་ཉིད་ཀྱིས་ནི་རིན་པོ་ཆེའི་རྣལ་འབྱོར་བས་ནི་བུད་མེད་དེ་མཱ་མ་ཀིར་བསྒོམ་


JLD004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། པདྨའི་རིགས་ཀྱིས་ནི་བུད་མེད་དེ་གོས་དཀར་མོ་དང༌། ལས་ཀྱི་རིགས་ཀྱིས་ནི་བུད་མེད་དེ་སྒྲོལ་མར་བསྒོམ་པར་བྱའོ། །ཞེས་བྱ་བར་སྦྱར་བར་བྱའོ་རོ་། །དེ་ལྟར་བསྒོམས་ནས་ཅི་ཞིག་བྱ་ཞེ་ན། དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་གཉིས་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོའོ། །དེའི་མཉམ་པར་སྦྱར་བ་ནི་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་འཁྱུད་པ་ལ་སོགས་པས་བསྡུས་པ་ཙུམྦྷ་ན་དང་སྙོམས་འཇུག་ལ་གནས་པའི་ལས་རྗེས་སུ་བསྟེན་པ་སྟེ། ཐབས་དེས་སངས་རྒྱས་ཏེ། འབྲས་བུའི་སྐབས་ཀྱི་རྡོ་རྗེ་འཆང་ཆེན་པོ་དེའི་དངོས་གྲུབ་སྟེ་མཆོག་ཏུ་དགའ་བར་སྟེ། དོན་གྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་མཚན་ཉིད་གཅིག་པ་སྟེ་དེ་འཐོབ་པར་འགྱུར་པའོ། ༈ །རིམ་པ་གཉིས་ཀྱིས་སྙོམས་པར་འཇུག་པའི་སྐབས་འདིར་སྔགས་ལ་རྗེས་སུ་གཞོལ་བ་བསྐྱེད་རིམ་པ་རྣམས་ཀྱི་སྙོམས་འཇུག་གི་ཆོ་གའི་བྱེ་བྲག་སྟེ། ཁྱད་པར་བསྟན་པར་བྱ་བའི་ཕྱིར། །ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རང་གི་ལིང་ག་རྡོ་རྗེ་རྩེ་ལྔ་པར་བསྐྱེད་དེ་ཡི་གེ་ༀ་གྱིས་ནོར་བུའི་ཆ་བྱིན་གྱི་བརླབས་པར་བསམ་པ་དང༌། ཨ་ལས་ཕྱག་རྒྱའི་པདྨ་པདྨ་འདབ་མ་བརྒྱད་པར་མངོན་པར་འདུ་བྱས་པ་སྟེ་བསྐྱེད་ལ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་སྔོན་དུ་འགྲོ་བ་དང་ལྡན་པས་ལས་ལ་གནས་པའི་ཚེ་ཡི་གེ་ཧཱུཾ་གི་གླུ་ལ་དང༌་། དགའ་བ་ཉིད་ཀྱིས་རང་གི་ཕྱག་རྒྱ་


JLD004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་བྱས་ལ། ཡི་གེ་ཕཊ་ཅེས་དག་ཏུ་བརྗོད་པ་ཀྱི་ས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྤྱི་བོ་ནས་དབབ་བྱར་སེམས་འབེབས་པ་ནི་ངག་དུ་བརྗོད་པས་ཡིན་ལ། བྱང་སེམས་འགག་པ་ནི་ནོར་བུའི་རྩེར་ཕཊ་ཡིག་གི་གཟུགས་བསྒོམ་པས་ཡིན་པས་མི་འགལ་ལོ། །༧འགྱུར་ཁ་ཅིག་ལས། བྱང་ཆུབ་ཀྱི་སེམས་དབྱུང་བར་བྱའི་ཞེས་འབྱུང་བ་ཡང༌། ནོར་བུའི་རྩེའི་བར་དུ་འབྱིན་པ་ཡིན་གྱི། དེའི་ཕྱི་རོལ་ཕྱག་རྒྱའི་པདྨ་ལ་སོགས་པར་འབྱིན་པ་ནི་གཏན་མ་ཡིན་ཏེ། སྙོམས་པར་འཇུག་པ་ནི་བདེ་ཆེན་བསྐྱེད་ནས་བདེ་སྟོང་སྒོམ་པའི་ཆེད་ཡིན་ལ། བདེ་བའི་རྟེན་ཕྱི་རོལ་དུ་ཕྱུང་ན་བདེ་བ་ཆེན་པོའི་གཞི་སྟོར་བའི་ཕྱིར་རོ། །པར་བྱའོ། །ཞེས་བྱ་བ་ནི། རྡོ་རྗེའི་ཚིག་འདིའི་དོན་ཡིན་ནོ། །རབ་ཏུ་བརྟག་པར་བྱ་ཞེས་བྱ་བ འི་རྒྱུད་ཚིག་འདིས་ནི། འདི་དག་ཐམས་ཅད་ནི་སྐུ་འགྱུར་རྙིང་དང་པ་ཚབ་ཀྱི་འགྱུར་ལས། སྐུ་གསུམ་ཞེས་འབྱུང་ཡང༌། ཆག་འགྱུར་ལས། བྱ་བའི་ངོ་བོ་འདི་དག་ཐམས་ཅད་ནི་རྣམ་པར་རྟོག་པ་ཙམ་སྟེ། ཞེ་འབྱུང་བ་ལགས་པས། རང་དང་ཕྱག་རྒྱ་ལྷར་བསྐྱེད་པ་དང༌། གསང་གནས་གཉིས་འདུ་བྱས་པ་ནི་རྣམ་པར་རྟོག་པས་བཏགས་པ་ཙམ་ཉིད་ཡིན་གྱི། དེ་ཁོ་ན་ཉིད་ཏེ་དེ་རྣམས་དངོས་ནི་མ་ཡིན་ནོ། ཞེས་སྟོན་ཏོ། །གསུམ་གྱི་གཟུགས་ཏེ་རྣམ་པར་རྟོག་པ་ཙམ་ཉིད་ཡིན་གྱི། དེ་ཁོ་ན་ཉིད་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །འོད་ཟེར་རྣམ་ལྔས་ཞེས་བྱ་བ་ལ་སོགས་པས་ནི། སྙོམས་པར་འཇུག་པའི་དུས་སུ་དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་རྣམས་ཀྱིས་རྡོ་རྗེ་དང་པདྨའི་ནང་དུ་ཡོངས་སུ་གང་བར་ཡབ་ཡུམ་གཉིས་ཀས་བསྒོམ་པར་བྱའོ། །དེ་ཞེས་པ་འདི་ཡང་པ་ཚབ་ཀྱིས་བསྒྱུར་བའི་རྒྱུད་ལས། ཡིད་འཕྲོག་མ་དེ་


JLD004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱ་ཞེས་འབྱུང་བ་དང་མཐུན་ནོ། །བྱ་བ་སྔར་བཤད་པའི་སངས་རྒྱས་སྤྱན་ནི་འབར་བཅས་ཟླ་འོད་ཅེས་བྱ་བ་ལ་སོགས་པས་དེའི་ཁྱད་པར་སྟོན་ཏེ། ཟླ་བའི་འོད་བཞིན་དུ་དཀར་པོ་འབར་བ་དང་བཅས་པས་སྣང་བ་དང་ལྡན་བཞིན་པར་ཡིད་དུ་འོང་ཞིང་ཡིད་འཕྲོག་པའི་བུད་མེད་བསྒོམ་པར་བྱ་ཞིང་བསམ་པ་འདིས་ནི་རིགས་ལྷག་མ་བཞིས་ཕྱག་རྒྱ་མ་མ་ཀཱི་ལ་སོགས་པར་བསྒོམ་པ་ཡང་ཉེ་བར་མཚོན་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །སྔར་གསུངས་པའི་རྗེས་སུ་དྲན་པ་དྲུག་ངེས་པར་སྟོན་པར་བཞེད་ནས་ཞེས་པའི་དོན་ནི་སྔར་བཤད་པའི་རྗེས་དྲན་དྲུག་དང༌། དེ་རྣམས་དང་མིང་མཐུན་པའི་འདིའི་རྗེས་དྲན་རྣམས་དོན་གཅིག་ཏུ་བྱས་ནས། སྔར་གྱི་རྗེས་དྲན་རྒྱས་པར་འཆད་པ་མ་ཡིན་ཏེ། མིང་མཐུན་ཡང་དོན་མི་གཅིག་པ་དུ་མ་འདུག་པའི་ཕྱིར་རོ། །དེས་ན་རྗེས་དྲན་དྲུག་གི་བཤད་ཟིན་གྱི་མཚམས་སྦྱོར་དུ་གསུངས་པ་བཞིན། །རྗེས་དྲན་དྲུག་གི་སྒོ་ནས་ཟུང་འཇུག་གི་ལྷ་སྐྱེད་པ་དེ། འདིར་རིགས་ལྔ་སོ་སོའི་སྒོ་ནས་རྒྱས་པར་འཆད་པ་སོགས་སྟོན་ནོ། ། །སངས་རྒྱས་རྗེས་དྲན་ཞེས་བྱ་བ་ལ་སོགས་པ རྐང་པ་གཉིས་ཀྱི ས་གནས་ཏེ་མདོར་བསྟན་པའི་གཞི་སྟོན་པར་མཛད་པ་ཡིན་ནོ་ཏེ་། ༈ །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི། རྒྱུད་ཀྱི་སྟོན་པ་པོ་རང་ཉིད་ཀྱིས་དྲི་བར་མཛད་ནས་རང་ཉིད་ཀྱིས་ལན་བསྟན་པ་ཡིན་ཏེ། སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། དེ་རྗེས་སུ་དྲན་པ་ནི་རྗེས་སུ་


JLD004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའོ། །དེ་ཉིད་ཡང་ནས་ཡང་དུ་བསླབ་པར་བྱ་བ་ཡིན་པས་བསྒོམ་པའོ། །བྷ་ག་ནི་དོན་དམ་པའི་བདེན་པའོ། །དེར་ཐིམ་པས་ན་ལིང་ག་སྟེ། ཞེས་པ་ནི་ལིང་ག་ལ་ལཱི་ཡ་ཏི་ཐིམ་པའི་དོན་ཡིན་པས་སོ། །གང་ཞིག་ཐིམ་པ་དེ་གང་ཡིན་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ། །བཞག་པ་སྟེ། བྷ་གར་ལིང་ག་བཞུགས་པ་ནི་འོད་གསལ་བ་ལ་རབ་ཏུ་ཞུགས་ནས། སངས་རྒྱས་ཀྱི་གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་བྱ་ཞིང༌། དོན་དམ་པའི་བདེན་པ་འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །བ་:ཆབ་:སྦུའི་བུ་ག་རྩེ་བར་ནས་བ་སྤུ་རྣམས་ཀྱི་བུ་ག་ནས་ཞེས་བྱ་བ་ལ། །བ་སྤུའི་བུ་གའི་རྩེ་མོ་ནས་ཏེ་བ་སྤུའི་བུ་ག་ནི་པདྨ་ལས་དང༌། །བ་སྤུའི་རྩེ་མོ་ནི་རྡོ་རྗེ་སྟེ་བ་སྤུ་དེ་གཉིས་ཀྱི་བར་ནི་སྦྱོར་མཚམས་ལ་བྱའོ། །དེ་ལས་མཁས་པས་ཏེ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཤེས་པས་སངས་རྒྱས་ཀྱི་སྤྲིན་ཏེ་རྣམ་པར་སྣང་མཛད་ཀྱི་སྤྲིན་སྤྲོ་བར་བྱ་ཞིང་དབྱུང་བར་བྱའོ། །དེ་ལྟར་སྤྲོ་ནས་ཏེ། སྤྲོས་བ་དེས་གངྒཱའི་ཀླུང་གི་བྱེ་བ་སྙེད་དང་མཉམ་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པར་གཏོགས་པའི་གཏི་མུག་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམས་སྤྱད་ནས་སླར་ལོག་ཏེ། རང་གི་ལུས་ལ་ཞུགས་པར་གྱུར་པ་ལས་རང་རྣམ་སྣང་དུ་སྤྲུལ་བ་ནི། ཟུང་འཇུག་པའི་དང་པོ་སྦྱོར་བ་ཡིན་ཏེ། རིགས་ལྷག་མ་བཞི་ལའང་ཤེས་པར་བྱའོ། །ར་བསམ་མོ། །ཆོས་རྗེས་དྲན་


JLD004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་ཆོས་ནི་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་ཆོས་ནི་འདིར་རྡོ་རྗེ་འཆང་ཆེན་པོ་སྟེ། རྣམ་པར་མི་འཇིག་པ་སྟེ། མི་ཤིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྤྲིན་རྣམས་ནི་འོད་དཔག་ཏུ་མེད་པའི་ཚོགས་ཏེ། དེ་སྔར་བཤད་པའི་རིམ་པས་སྤྲོས་ལ་བསྡུ་བར་བྱའོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །རྡོ་རྗེ་སེམས་དཔའི་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་སྤྲིན་རྣམས་ནི་མི་བསྐྱོད་པའི་སྤྲིན་རྣམས་སོ། །དེ་ལ་རིགས་ཀྱི་སྐད་དོད་ནི་ཀུ་ལཱ་སྟེ་ཀུ་ནི་ས འི་རྣམ་གྲངས་སོ་འོ་། །ལཱ་ཏེ་ནི་འཛིན་པའམ་ལེན་པ་ཡིན་པས་གང་ས་ཕྱོགས་དེར་གནས་པའི་སེམས་ཅན་དེ་རྣམས་ལ་རིན་པོ་ཆེ་བྱིན་པས་འཛིན་ཅིང་བདག་གིར་མཛད་པས་ན་ཀུ་ལཱ་ནི་རིགས་ཏེ་རིན་ཆེན་འབྱུང་ལྡན་ནོ། །སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །རིགས་ཀྱི་སྤྲིན་ནི་རིན་ཆེན་འབྱུང་ལྡན་གྱི་ཚོགས་རྣམས་སོ། །ཡང་དག་པའི་དམ་ཚིག་གིས་དམ་ཚིག་ཉམས་པ་ལ་ཁྲོ་བར་མཛད་པས་ན་ཁྲོ་བོ་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་རྗེས་སུ་དྲན་པའོ། །ཁྲོ་བོའི་དབང་པོ་ཞེས་བྱ་བ་ལ། །ཁྲོ་བོ་ནི་མི་བསྐྱོད་པའོ། །དེའི་དབང་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཁྲོ་བོའི་སྤྲིན་ནི་དོན་ཡོད་པར་གྲུབ་པའི་ཚོགས་སོ། ༈ །དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུའོ། །རྗེས་སུའི་དོན་ནི་ལོངས་སྐུ་དེའི་ཕྱི་ནས་རྗེས་སུ་དྲན་ཞིང་སེམས་པས་ན་རྗེས་སུ་དྲན་པ་སྟེ། སྤྲུལ་པའི་སྐུའོ། །སྤྲུལ་སྐུ་དེ་ཞེས་པ་ནི། དེ་ལྟར་གྱི་ལུས་ལེ་སྤྲུལ་


JLD004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་གྲགས་པ་དེའི་སྟོབས་རྒྱས་པར་བྱ་བའི་ཕྱིར་བསྒོམ་པ་ནི། དམ་ཚིག་རྗེས་སུ་དྲན་པ་བསྒོམ་པའོ། །རྗེས་སུ་དྲན་པ་དེ་གང་ཞེ་ན་སྒྲུབ་པ་པོ་བདག་གི་རྡོ་རྗེ་སྟེ། ལྕེའི་རྡོ་རྗེ་དང༌། པདྨ་སྟེ་རྐན་གྱི་པདྨ་དེ་དག་དང་ལྡན་པར་བྱ་བའོ། །ཇི་ལྟར་ཞེ་ན། དབང་པོ་གཉིས་ནི་མཉམ་སྦྱར་ཏེ། ཞེས་བྱ་བ་སྟེ། ལྕེ་རྩེ་དང་ལྕེ་ཆུང་བ་གཉིས་རྡོ་རྗེ་དང་པདྨ་དག་ལྟ་བུར་སྦྱོར་ཞིང་རེག་པ་སྟེ། དྲུད་པ་དེ་ལས། །རང་གི་ས་བོན་ཏེ་ཁུ་བ་ཀླད་རྒྱ་ན་གནས་པའི་བདུད་རྩི་དེའི་ཐིགས་པ་བསྐུལ་བས་ལྕེའི་སྟེང་དུ་འབབ་པའི་ཆ་རྣམས་འཐུངས་པ་ཡི་ཀྱི་ས་སངས་རྒྱས་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང༌། རྡོ་རྗེ་སེམས་དཔའ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་མཆོད་ཅིང་ཚིམ་པར་བྱའོ། །ལྕེ་ཆུང་གི་བདུད་རྩི་དབབ་པ་འཐུངས་པ་འདིས་ལུས་དང་ངག་དང་ཡིད་བདེ་བར་གནས་པ་སྐྱེ་བར་འགྱུར་རོ། ༈ །མཆོག་སྒྲུབ་པ་ལ་གནས་པ་ཟུང་འཇུག་པ་དེ་ཉིད་ཀྱི ས་ཕྱིའི་བུད་མེད་དང༌། ཡང་དག་པར་སྦྱོར་བས། བདུད་རྩི་འབྱིན་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། །དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ནི་ཕྱུང་བའི་དཀྱིལ་འཁོར་རོ། །དབང་པོ་ཞེས་པ་ནི་རང་གི་བྱ་བ་ལ་དབང་བྱེད་པས་ན་དབང་པོའོ། །དབང་པོ་གཉིས་ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དག་སྟེ། དེའི་མཉམ་པར་བཞག་པ་ནི་དེ་གཉིས་སྙོམས་པར་འཇུག་པའི་བྱ་བའོ། །བྱ་བ་དེ་ལ་མཁས་པ་ནི་འདོད་པའི་བསྟན་


JLD004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ནས་བཤད་པའི་འཁྱུད་པ་ལ་སོགས་པའི་སྒྱུ་རྩལ་གྱི་སྦྱོར་བ་ལ་བྱང་བའོ། །བདག་གི་ཁུ་བ་ནི་རང་གི་ས་བོན་ནོ། །དབྱུང་བ་ནི་མཁས་པ་རྣལ་འབྱོར་བ་ཆེན་པོས་རྩ་སྦུབས་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་ནས། སྙིང་གར་ཕྱིན་པ་རྡོ་རྗེའི་ལམ་ནས་ཕབ་པའོ། །དེས་ཇི་ལྟར་འགྱུར་ཞེ་ན། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ནི་དྲུག་པ་ལ་ལྟོས་ཏེ་རིགས་ལྔ་བུ་དང་ལྷ་ལྷག་མ་ཕོ་མོ་རྣམས་ཚ་བོ་དང་ལ་སོགས་པས་བསྡུས་པ་ཚ་མི འི་དཀྱིལ་འཁོར་ཡང་དག་པར་འབྱུང་བར་འགྱུར་རོ། །དཀྱིལ་འཁོར་གྱི་དོན་ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་ཏེ་དཀྱིལ་འཁོར་གྱི་སྐད་དོད་མཎྜ་ལ་ཞེས་པ་ལ་མཎྜ་སྙིང་པོ། བྷུ་ཥ་ནཾ་རྒྱན་ཏེ། སྙིང་པོ་ལ་བརྒྱན་པས་དཀྱིལ་འཁོར་རོ་འོ་། །དེ་ཉིད་གང་ཡིན་ཞེ་ན། སངས་རྒྱས་ཉིད་དོ། །དེའི་ཚུལ་དུ་བྱ་བ་ནི་སངས་རྒྱས་དེའི་རྒྱུར་གྱུར་པ་སྟེ། དེ་ལྟ་བུར་ཕྱུང་བའི་དཀྱིལ་འཁོར་བསྐྱེད་པར་བྱའོ་འདིར་སྔ་མ་རྣམས་ཕྱུང་བའི་དཀྱིལ་འཁོར་པ་རྣམས་ཕྱུང་སྟེ་མཛད་པ་མཛད་ནས། རང་རང་གི་གནས་སུ་འགོད་པ་ནི། །ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་ཏུ་བཞེད་དོ། །ཞེས་བྱ་བར་དགོངས་ཏེ། དགོངས་པས་བཤད་པའོ། ༈ །དེ་བཞིན་ཉིད་དང་ཟླ་བ་ལས་བྱང་ཆུབ་པའི་སྦྱོར་བ་དང་ས་བོན་དང་ཕྱག་མཚན་དང་སྐུ་རྫོགས་པ་ལས་བྱང་ཆུབ་པའི་རྗེས་སུ་སྦྱོར་བ་དང་དེ་ནས་སྤྲུལ་སྐུར་བསྒྱུར་བ་དང་མ་བསྒྱུར་བའི་ལུས་ལ་ལུས་དཀྱིལ་འགོད་པའི་ལྷག་པའི་སྦྱོར་བ་བྱས་ནས་རྣལ་འབྱོར་ཆེན་པོའི་


JLD004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་གང་ཞིག་བྱ་བ་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་འདི་ནི་བཅུ་གཅིག་པ་ལས་འབྱུང་བ་བཞིན་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། བཅུ་གཉིས་པ་ནས་འབྱུང་བ་བཞིན་གསོལ་བ་བཏབ་ནས་རང་ལ་བཅུག་པའི་རྗེས་སུ་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ནི་རྣམ་པར་སྣང་མཛད་དེ་དེའི་རྗེས་སུ་དོན་པ་ནི་རང་སྐུ་རྡོ་རྗེ་དེ་ཉིད་དུ་སྒོམ་པའོ། །སངས་རྒྱས་ཀུན་གྱི་ཞེས་པའི་དོན་ནི་དུས་གསུམ་དུ་གཤེགས་ཤིང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང་འབྲེལ་བའི་ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས་པར་སྤྲུལ་བའི་སྐུ་གང་ཡིན་པ་གང་ཞིག་ཡོད་པ་བདག་གི་སློབ་བཞིན་པར་གྱུར་པའི་ལུས་ཀྱང་དེ་ལྟ་བུའི་ངོ་བོར་གྱུར་ཅིག་པ་སྟེ། སངས་རྒྱས་ཀྱི་སྐུ་ཡི་རང་བཞིན་གྱིས་ཏེ། སྐུའི་ངོ་བོ་ཉིད་ཀྱི་རྒྱུར་གྱུར་ཅིག་ཅེས་གསོལ་བ་འདེབས་པའོ། །གསུང་ནི་འོད་དཔག་ཏུ་མེད་པའོ། །དེའི་ངོ་བོ་ཉིད་དུ་གྱུར་པས་ན་དེའི་རྗེས་སུ་དྲན་པའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཆོས་འོད་དཔག་མེད་ཀྱི་གསུང་གང་ཡིན་ཞེས་བྱ་བ་སྟེ། གང་:ཆག:གང་ཡིན་ཞེས་འཐོབ་པ་ལ། གང་ཞིག་ཅེས་འབྱུང་ངོ། །ཞེས་པ་རྒྱ་དཔེ་ལ་གང་ཡིན་ཞེས་པ་མེད་པའི་ལུགས་སོ། །ཡིན་ཞེས་བྱ་བ་ནི་ཐོབ་པར་གྱུར་པའོ། །གསུང་ནི་ངག་གོ །ཇི་ལྟ་བུ་ཞེ་ན། དེས་ཚིག་ཕུན་སུམ་ཚོགས་པ་ཞེས་བྱ་བ་སྟེ། ངེས་པར་བཤད་པ་ཡིན་པས་ན་ངེས་པའི་ཚིག་སྟེ་ཡང་དག་པ་གང་ཡིན་པ་དེ་ནི་ངེས་པའི་ཚིག་ཕུན་སུམ་ཚོགས་པའོ། །ངེས་པའི་ཚིག་སྨོས་པ་ནི་སོ་སོར་ཡང་དག་པར་རིག་པའི་ཕྱོགས་ཉེ་བར་མཚོན་པ་ཙམ་སྟེ།


JLD004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཆོས་དང་དོན་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཟུང་ངོ༌། །བདག་གི་ཚིག་ཀྱང་དེ་འདྲ་སྟེ་ཞེས་བྱ་བ་ནི། ངག་དེ་དང་འདྲ་བར་གྱུར་ཅིག་པའོ། །ཆོས་འཛིན་པ་དང་ཞེས་བྱ་བ་ནི། ཆོས་འཛིན་པ་དང་འདྲ་བར་གྱུར་ཅིག་ཅེས་པའོ། །ཐུགས་ནི་མི་བསྐྱོད་པའོ། །དེའི་རྗེས་སུ་དྲན་པ་སྟེ་དེ་ཉིད་ནི་སྒོམ་པའོ། །གསང་བའི་བདག་པོ་བློ་ལྡན་པ་ཞེས་བྱ་བ་ལ། གསང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །གུ་ཧྱ་ཀ་ནི་གསང་བ་པ་ཞེས་པ་སྟེ། དེའི་ཀ་ནི་ཀཻའི་སྐད་ཀྱི་བྱིངས་ནི་སྒྲོགས་པ་ལ འོ་ཞེས་པ ས་ཀཱ་ཡ་ཏི་དེ་གསུང་བར་མཛད་དོ་ཞིང་ཀ་ཐ་ཡ་ཏི་སྟོན་པར་མཛད་པ་སྟེ་དེས་ན་གསང་བ་པའོ། །དབང་བྱེད་པས་ན་བདག་པོ་སྟེ་གསང་བ་པ་རྣམས་ཀྱི་དབང་པོ་མཛད་ཅིང་དེ་ཁོ་ན་ཉིད་སྟོན་པ་རྣམས་ཀྱི་གཙོ་བོར་གྱུར་ཅེས་པའི་དོན་ཏོ། །བློ་ལྡན་པ་ཞེས་བྱ་བ་ལ། བློ་ནི་རེག་རྡོ་རྗེའོ། །ཐུགས་རྡོ་རྗེའི་ཡུམ་ལ་མཱ་མ་ཀཱི་དང་རེག་བྱ་རྡོ་རྗེ་མ་གཉིས་ཀ་འོང་བས། འདིར་རེག་རྡོ་རྗེ་ལ་བཤད་པ་མི་འགལ་ལོ། །དེ་གང་ལ་ཡོད་པ་དེ་ནི་བློ་དང་ལྡན་པའོ། །ཀུན་ནས་བཟང་བས་ན་ཀུན་ཏུ་བཟང་པོ་སྟེ་དེ་ལྟ་བུའི་མི་བསྐྱོད་པའི་ཐུགས་གང་ཡིན་པ། བདག་གི་སེམས་ཀྱང་དེ་དང་འདྲ་བར་གྱུར་ཅིག་པ་ནི། རྡོ་རྗེ་འཆང་བ་དང་བདག་ཀྱང་འདྲ་བར་གྱུར་ཅིག་ཅེས་གསལ་བ་འདེབས་པ་སྟེ། སྒྲ་ཇི་བཞིན་པའོ། །དེ་དག་གིས་ནི་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བསྟན་ནོ། ༈ །ད་ནི་ཁམཆོག་སྟེ་ཀསྒྲུབ་པ་རྫོགས་རིམ་མཐོན་


JLD004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གནས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པ་ཙམ་གྱིས་ཀྱང་བྱིན་གྱིས་བརླབ་པ་གསུམ་ ཡིན་པར་བསྟན་པའི་ཕྱིར། དེ་ལ་སེམས་ཅན་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ནི་སྒོ་ང་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། །དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་རྣམས་ཏེ་དེ་རྣམས་རྗེས་སུ་དྲན་པ་ནི་དེ་རྣམས་ཀྱི་དེ་ཁོ་ན་ཉིད་སྒོམ་པའོ། །ཇི་ལྟར་ཞེ་ན། སེམས་ཅན་ཀུན་གྱི་སྟེ་བཤད་མ་ཐག་པ་སྐྱེ་གནས་བཞི་རྣམས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཞེས་བྱ་བ འི་མཚན་ནི། དེ་གསུམ་མཚོན་པར་བྱེད་པའི་མཚན་ཉིད་དོ། །དེ་ཡང་འདི་ནི་སྐུ་སྟེ་ལུས་སོ་འོ་འདི་ནི་གསུང་ངོ༌། །འདི་ནི་ཐུགས་སོ། ཞེས་བརྟག་པའི་གཞིར་གྱུར་པ་སྟེ། མཐར་གཏུགས་པ་ནི་སེམས་ཡིན་ལ་འི་ཐུགས་ཏེ་སེམས་གཅིག་པུ་སྟེ། དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ཇི་འདྲ་བ་བདག་གི་སེམས་ཀྱང་ཡང་དེ་དང་འདྲ་བར་གྱུར་ཅིག་པའོ། །སེམས་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་འགྱུར་བ་དེ་ལྟ་བུ་ཅིའི་ཕྱིར་ཏེ་རྒྱུ་མཚན་གང་ལས་དེ་ལྟར་འགྱུར་ཞེ་ན། མཁའ་དང་མཚུངས་པར་སྤྱོད་གྱུར་ཅིག་ཅེས་པ་སྟེ། :པ་ཚབ:མཁས་པ་རྣམས་ཀྱིས་མཁའ་དང་མཚུངས། ཞེས་པ་སྟེ། ༼ཁ༽དེ་ཁོ་ན་ཉིད་རིག་པ་གོམས་པར་བྱས་པ་ལས་འོ་། །ཁགང་གི་ཕྱིར་མཁས་པ་རྣམས་ཀྱིས་གསེམས་དེ་ནམ་མཁའ་སྟེ་དེ་


JLD004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་དང༌། མཚུངས་པ་སྟེ། མཉམ་ཞིང་རོ་གཅིག་ཏུ་འདྲེས་པར་གྱུར་པས་སོ། །འདིས་ནི་ཐམས་ཅད་དུ་སོང་བ ས་ཏེ་འི་དབང་ཕྱུག་ཏུ་བསྟན་པས་ཐུགས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་རྫོགས་རིམ་པའི་གསུང་དང་སྐུ་བྱིན་གྱིས་རློབ་པ་ཉེ་བར་སྟོན་ཏེ། ངག་ཏུ་འདོན་ཅིང་བརྗོད་པར་བྱ་བ་ཡིན་པས་ན་སྔགས་ཏེ་ཚིག་ཐམས་ཅད་དོ། །དེ་རྣམས་ཀྱི་གཟུགས་སྟེ་ལུས་ནི་ཕུང་པོ་སྟེ་ངག་གི་ཚོགས་སོ། །སྐུ་དང་ཞེས་བྱ་བ་ནི། ཐུགས་གང་ཡིན་པ་འོག་ནས་འཆད་པའི་སྐུའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པ་དེ་ནི་སྐུ་དང་གསུང་དང་ཐུགས་ཐམས་ཅད་དོ། །:པ་ཚབ:ཐུགས་གང་ཞིག་སྐུ་ཞེས་བྱ་བར་བརྗོད་བཞིན་པར་སྐུའི་རང་བཞིན་དུ་ཡོངས་སུ་གྱུར་པ་དེ་ནི་སྐུ་གསུང་ཐུགས་སོ། ཞེས་འབྱུང་བའི་དོན་ནོ། །སྐུ་འདི་དང་འདི་ལྟ་བུའོ། ཞེས་བྱ་བར་བརྗོད་བཞིན་པ་ནི། ཐུགས་ཏེ་སེམས་གང་ཞིག་ཇི་ལྟར་བརྗོད་པའི་སྐུའི་རང་བཞིན་དུ་སྟེ། རྣམ་པར་ཡོངས་སུ་གྱུར་པ་དེ་ནི་སྐུ་གསུང་ཐུགས་སོ། །ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་སྔགས་ཀྱི་གཟུགས་དང་སྐུ་དང་གསུང་དང་ཐུགས་ཡིན་ལ། དེ་དག་རྗེས་སུ་དྲན་པ་སྟེ་དེ་ཉིད་ནི་བསྒོམ་པའོ། །དེ་གང་ཞེ་ན། སྔགས་ཀྱི་རྡོ་རྗེ་ཞེས་བྱ་བ་སྟེ། སྔགས་ནི་གསུང་ཡིན་ལ། །དེ་ཉིད་སྟོང་བ་ཉིད་དང་མི་ཕྱེད་པས་ན་རྡོ་རྗེའོ། །དེའི་སྐུ་གང་ཡིན་པ་ནི་ལུས་གང་ཡིན་པ་སྟེ། ལུས་ཀྱི་སྒྲའི་དོན་ཚོགས་པ་ཡིན་ལ་དང༌་། དེ་ཡང་འདིར་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་


JLD004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྒྲའི་ཚོགས་གང་ཡིན་པ་ལ་རྣམ་པར་བསྒོམ་ཞིང་ཀུན་ཏུ་རྟོག་པ་སྟེ་བརྟག་པར་བྱ་བ ས་ན་རྣམ་པར་བསྒོམ་པའོ། །གསུང་སྟེ་ཚིག་གིས་སྐུ་རྣམ་པར་བསྒོམ་པ་ནི་གསུང་གིས་སྐུ་ཡང་རྣམ་པར་བསྒོམ་པ་སྟེ། སྐུའི་དོན་ཚིག་ཏུ་བརྗོད་ཅིང་དེའི་ཚེ་ཡིད་ཀྱིས་སྐུ་ཞེས་བརྟགས་པ་ནི་གསུང་གིས་སྐུ་རྣམ་པར་བསྒོམ་པ་སྟེ། དེ་དང་འདྲ་བའི་སྐུ་ཞེས་བྱ་བ་ནི། གང་བཤད་མ་ཐག་པའི་སེམས་ཅན་ཐམས་ཅད་ཀྱི་སྔགས་ཀྱི་གཟུགས་ཏེ་ལུས་དང༌། སེམས་ཅན་དེ་རྣམས་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་དེ་ཁོ་ན་ཉིད་དང་རྡོ་རྗེ་འཆང་ཆེན་པོའི་སྐུ འི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པ་གང་ཡིན་པ་བདག་གི་ལུས་དང་ངག་ཀྱང་ཁརྟག་ཏུ་ཞེས་པ་ནི་དེ་ཀདང་འདྲ་བར་གྱུར་ཅིག་ཅེས་པའོ། །གདུས་གསུམ་དུ་སྟེ། དུས་ཐམས་ཅད་དུ་རྡོ་རྗེ་འཆང་དང་དབྱེར་མི་ཕྱེད་པར་རབ་ཏུ་འབྱུང་ཞིང༌། རྟག་པ་ཉིད་དུ་སྟེ། རྟག་ཏུ་ཡང་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་དེ་ལས་ངོ་བོ་ཉིད་ཀྱིས་འདའ་བར་དཀའ་བ་སྟེ། འདའ་མི་ནུས་པ། །ཞེས་བསྟན་ཏོ། །སྔགས་འཛིན་པ་དང་མཉམ་གྱུར་ཅིག་ཅེས་བྱ་བ་ལ། སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་འཛིན་པར་མཛད་པས་ན་སྔགས་འཛིན་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དགོངས་པས་བཤད་པའོ། ༈ །ད་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་བ་གི་དོན་དམ་པའི་དཀྱིལ་འཁོར་གྱི་སྟེ། དེ་ལ་འཇུག་པའི་རིམ་གྱིས། ཡང་དག་པའི་མཐའ་འོད་གསལ་ལ་འཇུག་པ་བསྟན་པར་


JLD004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དམ་ཚིག་ནི་ཕུང་སོགས་ཀྱི་སྤྲོས་པ་བསྡུས་པ་ལས། མི་འདའ་བའི་དོན་ཏེ་འོད་གསལ་བའོ། །རྗེས་སུ་དྲན་པ་ནི་སངས་རྒྱས་ཀྱི་སྒྱུ་མའི་སྐུ་བསྐྱེད་པའི་རྗེས་ཐོགས་ལ་དོན་དམ་པའི་བདེན་པ་རྟོགས་པ་སྟེ། དེར་འཇུག་པའོ་ནི་དེ་དྲན་པ་ནི་འོ་། །དེ་རྟོགས་པ་སྟེ་དེ་ཉིད་བསྒོམ་པའོ། །དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན་ཞེས་བྱ་བ་ལ། དམ་ཚིག་ནི་ཤེས་རབ་སྟེ་མ་དང་ཐབས་སྟེ་ཕ་གཉིས་མཉམ་པར་སུ་སྦྱོར་བས་སོ། །ཐབས་དེ་ལས་ཁུ་བ་ནི་ས་བོན་ན། ཕྱུང་བ་ནི་བཏོན་པའོ། །ཕ་མའི་ཁུ་ཁྲག་ལ་མངལ་དུ་བར་སྲིད་ཞུགས་པ་དེ་ནས་མེར་མེར་པོ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་ལ། དེ་ཉིད་ས་བོན་ལས་དང་མྱུ་གུ་འཕེལ་བ་དང་འདྲ་བར་བྱིས་པ་དང༌། གཞོན་ནུ་དང༌། དར་ལ་བབས་པའི་གནས་སྐབས་ཐོབ་པས། རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་སྟེ། ལུས་ཀྱི་དཀྱིལ་འཁོར་ཏེ། ཕུང་པོ་ཁམས་དང་སྐྱེ་མཆེད་ཡུལ་ཡན་ལག་རྣམས་ཡོངས་སུ་རྫོགས་ཏེ་མ་ཚང་བ་མེད་པར་གནས་ནས་འདོད་པའི་ཡོན་ཏན་ལྔ་རྗེས་སུ་མྱོང་བར་འགྱུར་བ་ནི་སྒྲུབ་པ་པོ་སྟེ། མངལ་སྐྱེས་གཅིག་གིས་བྱེད་པའི་དོན་ནོ་རོ་། །དེ་ནས་སྒྲུབ་པ་པོ་དེས་ཅི་ཞིག་བྱ་ཞེ་ན། ཆོ་ག་བཞིན། འབྲས་བུ་འདོད་པས་བཏུང་པར་བྱ་ཞེས་བྱ་བ་སྟེ། རྡོ་རྗེ་འཕྲེང་བ་ལས། །གཟུགས་ཕུང་


JLD004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་ཆོ་གས་བཏུང་ཚུལ་ལམ་གཞུག་ཚུལ་ནི། ཕུང་པོ་ལྔ་ཁམས་ལྔ་དབང་པོ་ལྔ་ཡུལ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཉི་ཤུ་རྩ་ལྔ་པོ འི་རིམ་གྱིས་འོད་གསལ་དུ་གཞུག་པ་རྣམ་གཞག་ཏུ་བཤད་པ་བཞིན་དུའོ་ནི་། ༡རང་གི་ཕུང་པོ་ལ་སོགས་པ་བཏུང་བ་སྟེ་དོན་དམ་པའི་བདེན་པར་འཇུག་པར་བྱའོ། །༣ དགོས་པ་དེ་ཅིའི་ཕྱིར་འཇུག་ཅེ་ཞེ་ན། འབྲས་བུ་འདོད་པས་ཏེ་འབྲས་བུ་ནི་དོན་གྱི་འོད་གསལ་བས་ཡོངས་སུ་དག་པའི་ཟུང་འཇུག་རྡོ་རྗེ་སེམས་དཔའི་སྐུའོ། །དེ་ལ་འདོད་པ་ནི་དོན་དུ་གཉེར་བ་སྟེ། དོན་གཉེར་དེས་དོན་དུ་གཉེར་བྱའི་འབྲས་བུ་དེ་ཐོབ་པའི་ཕྱིར་དུའོ་སོ་། །དེ་བཞིན་གཤེགས་པའི་ཚོགས་བསད་ན་ཞེས་བྱ་བ་ནི། ཇི་ལྟར་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་གྱིས་སོང་ཞིང་ཞུ་བ་སྟེ་ཐིམ་པ ར་གྱུར་པ་དེ་བཞིན་དུ། །སླར་ཡང་དེ་ནས་འོང་བས་ན་དེ་བཞིན་གཤེགས་པ་རྣམས་ཏེ། རྣམ་པར་སྣང་མཛད་ལ་སོགས་པར་མིང་བཏགས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་ཚོགས་བསད་ན་ཞེས་བྱ་བ་ནི་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱེད་པའི་མན་ངག་གིས་སྲོག་གི་དང་རྩོལ་བ་རླུང་འབྱུང་འཇུག་ལ་གནས་པ་དེ་བཅད་དེ་རླུང་ཟིན་པའི་དབང་གིས་ཀུན་རྟོག་དང་སྣང་བ་གསུམ་རིམ་གྱིས་ཐིམ་ནས་དོན་དམ་པའི་བདེན་པ་ལ་གཞུག་པར་བྱའོ། །བཅུག་པ་དེས་འབྲས་བུ་


JLD004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་འགྱུར་ཞེ་ན། དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར། ཞེས་བྱ་བ་སྟེ། ཤིན་ཏུ་མཆོག་ཏུ་གྱུར་བའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་བར་འགྱུར་བའོ། །བླ་མ་སྔ་མ་མང་པོས་དེ་ནི་འདི་ལྟར་སྟོན་པར་འགྱུར་ཏེ།ཞེས་པས་འགྲེལ་པས་གཞུང་དེ་དག་གི་དོན་བར་དོར་འཚང་རྒྱ་བ་ལ་སྦྱར་བ་ལ་འཁྲུལ་ནས་དེ་ཁོ་ནའི་དབང་དུ་བྱས་པར་སྨྲ་བ་ནི་མི་རིགས་ཏེ། སྤྱོད་བསྡུས་ལས། དེ་བཞིན་གཤེགས་པའི་ཞེས་པའི་རྐང་པ་གཉིས་རྫོགས་རིམ་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་སུ་སྦྱར་བས། ཚེ་འདིར་འཚང་རྒྱ་བ་ལའང་སྦྱར་དགོས་ལ། མདོ་བསྲེར་ལྷག་མོས་འོད་གསལ་དུ་བསྡུས་པ་ལ་སྦྱར་ཞིང༌། མདོར་བྱས་ལས། གཟུགས་ཕུང་གཏོགས་དང་ཞེས་སོགས་ཀྱང༌། སྐབས་དེ་ལ་སྦྱར་བས་བསྐྱེད་རིམ་ལ་ཡང་སྦྱར་དགོས་པའི་ཕྱིར་དང༌། རྣམ་གཞག་ཏུ་གཞིའི་འཆི་རིམ་ལ་ཡང་སྦྱར་བ་དང༌། འདིར་ཡང་རྣལ་འབྱོར་པ་ཐམས་ཅད་ཀྱི། ཞེས་གསུངས་པས། འདིར་བར་དོར་འཚང་རྒྱ་བ་ལ་སྦྱར་བ་ནི། གཞུང་དེ་དག་གི་དོན་གྱི་ཕྱོགས་གཅིག་ལ་དགོངས་ཏེ། སྐབས་དེ་རྣམས་སུ་དོན་དེ་རྣམས་ཚང་མ་ཚང་ཅི་རིགས་སུ་སྦྱར་རོ། །རྫོགས་པའི་གོ་རིམ་རྟོགས་པར་གྱུར་ཀྱང༌། གལ་ཏེ་བརྟུན་པ་ཅན་གྱི་བརྩོན་འགྲུས་ཅན་ཏེ། བརྩོན་འགྲུས་ཤིན་ཏུ་འབར་བ་མ་ཡིན་ན།ཞེས་པ་ནི་མཚོན་པ་སྟེ། སྤྱོད་བསྡུས་ལས། བརྩོན་འགྲུས་ཅན་ཡིན་ཡང་སྤྱོད་པ་བྱེད་པའི་ཡོ་བྱང་མ་འབྱོར་པས་སྤྱོད་པ་བྱེད་པ་མ་བྱུང་བ་གཉིས་ཀ་ལ་གསུངས་སོ། །དེའི་ཚེ་མིའི་འགྲོ་བའི་རྒྱུད་ཉིད་དུ་སྐུ་ཚེའི་དུས་བྱས་ནས་སྔར་བསྒོམས་པའི་དཔེའི་འོད་གསལ་དང༌། འཆི་བའི་འོད་གསལ་གཉིས་བསྲེས་པ་ལས་


JLD004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཏེ། འོད་གསལ་དེའི་རླུང་སེམས་ཙམ་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱེད་དོ། །དེས་ན་འདིས་བར་དོའི་ལུས་རང་དགའ་བ་མི་ལེན་པ་དང༌། དེ་ལྟ་ནའང་བར་དོར་འཚང་རྒྱ་བའི་ཐ་སྙད་མི་འགལ་ཏེ། རིམ་ལྔར་ཚེ་འདིར་བསྒྲུབས་པའི་སྒྱུ་ལུས་ལ་བར་དོའི་ཐ་སྙད་མཛད་པ་བཞིན་ནོ། ༈ །རྩ་རྒྱུད་ཀྱི་རྡོ་རྗེའི་ཚིག་འདི་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། དགོངས་པ་ལུང་སྟོན་པ་ཞེས་བྱ་བ་བཤད་པའི་རྒྱུད་ལས་ཀྱང༌། དམ་ཚིག་རྗེས་དྲན་རྣམས་ཀྱིས་ནི། །དེ་བས་ཚངས་དེ་ཡིས་ཚངས་པའི་ཐིག་:ཆག:ལེ་དབྱུང༌། ཞེས་པ་དང༌། :པ་ཚབ:དེ་ལས་ཞེས་འབྱུང་བ་དག་པས། དམ་ཚིག་གི་དོན་ཕོ་མོ་སྦྱོར་བ་ལ་བཤད་ལ། སྦྱར་བ་དེ་ལས་:པ་ཚབ:ཚངས་པའི་སྒྲས་བསྟན་པའི་ཐིག་ལེ་དབྱུང་ཞེས་སོགས་ཀྱི་དོན་སྔར་བཤད་པ་དང་འདྲའོ། །པ་ཤིན་ཏུ་དབྱུང་ཁ་རང་གི་ཕུང་སོགས་དངོས་པོ་མང་པའི་འོད་གསལ་དུ་གཅིག་ཏུ་སྦྱར་བ་ཡི་ཚུལ་གྱི ས། །ཀ དེ་འདྲ་བའི་སྒྲུབ་པ་པོ་མཁས་པས་ག རྡོར་འཕྲེང་ལས་གསུངས་པའི་ཆོ་ག་བཞིན་དུ་ཕུང་སོགས་བཏུང༌། །བ་སྟེ། འོད་གསལ་དུ་གཞུག་པར་བྱའོ། །དེ་བཞིན་གཤེགས་ཚོགས་ཆེ་བ་ནི། རང་གི་ཕུང་སོགས་སོ། །ཁདངོས་མེད་ཅེས་བྱ་བའི་འོད་གསལ་དུ་གཞུག་པའོ། །བསད་བསད་བའི་དོན་སྤྲོས་པའི་སྣང་བ་བསྡུས་པ་ཙམ་ལ་མི་བྱ་སྟེ། དེ་ནི་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་རྣམས་ལའང་ཡོད་ལ། འདིར་ནི་དེ་དག་དང་ཐུན་མོང་མ་ཡིན་པ་གཅིག་དགོས་པའི་ཕྱིར་རོ། །དེས་ན་བསད་བའི་དོན་སྲོག་བཅང་བ་ནི། སྲོག་གི་འབྱུང་འཇུག་བཅད་ནས་ཐིམ་པར་བྱས་པ། འཆི་རིམ་ཇི་བཞིན་


JLD004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་དགོས་པ་ནི། ལམ་འདིའི་འོད་གསལ་དུ་འཇུག་ཚུལ་ཐུན་མོང་མ་ཡིན་པར་གཟུང་བར་བྱའོ། །པ་ནི་སྟེ་། །བློ་སྟེ། རྣམ་དཔྱོད་ཁྱད་པར་ཅན་དང་ལྡན་པས་གསོད་ལུགས་སྔར་བཤད་པ་འདི་ལྟར་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པ་དང༌། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་ཀྱང༌།འཆི་བ་ཞེས་:པ་ཚབ:བྱ་རྣམ་རྟོག་འདིས། ཤེས་རབ་ཕ་རོལ་ཕྱིན་པར་འགྱུར་ཟེར། མི་རྟོག་པ་ཡིས་འཆི་བ་སྟེ། །རྣམ་རྟོག་གིས་འཆི་བ་ཞེས་བྱ་བར་བརྟགས་པའི་འཆི་བའི་འོད་གསལ་ནི་ཐབས་ལྡན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་ནོ། །འཆི་བའི་འོད་གསལ་ལས་སྒྱུ་མའི་སྐུར་ལྡང་པའི་སྐྱེ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན། །པའོ། །དེ་ཉིད་བར་དོར་འཚང་རྒྱ་བ་ལ་སྦྱར་རོ། །འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བ་དྲན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན། །པའོ།འདི་ཚེ་འདི་དང་བར་དོར་འཚང་རྒྱ་བ་གཉིས་ཀ་ལ་སྦྱར་རོ། །བྱང་ཆུབ་ནི་ཟུང་འཇུག་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན། །པའོ། །དེ་ཡང་སྒྱུ་མའི་སྐུ་འོད་གསལ་དུ་ཐིམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན། །པ་སྟེ་འབྲས་བུའི་སྐབས་སོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུལ་བྱའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་བྱེད་པའོ། །ཞེས་སྐབས་འདིར་ཤེས་བྱེད་དུ་དྲངས་པ་ནི་དང་པ་གཉིས་གཙོ་བོའོ། །གསུངས་པ་སྟེ།


JLD004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པས་བཤད་པའོ། ༈ །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པས་ནི། འོད་ཟུང་གི་དོན་སྔར་བཤད་པ་འདི་ཉིད་ལ་ངེས་པ་བརྟན་པར་བྱེད་པ་ཡིན་ཏེ། ཤེས་རབ་ནི་ཀུན་ཏུ་སྣང་བའོ། །རྩ་རྒྱུད་ཀྱི་སྐབས་འདིར་ཤེས་རབ་ལ་སོགས་པ་ཞེས་པའི་སྒྲ་གསལ་བར་མི་མངོན་པར་ཁོང་ན་ཡོད་པར་བྱས་པ་ཡིན་པར་བལྟ་བར་བྱ་སྟེ། ཁོང་ན་ཡོད་པ་དེ་བས་ན་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་རྣམས་ལ་ཤེས་རབ་ཅེས་བྱ་བ འི་མིང་གིས་བསྟན་པ་ཡིན་པར་འདོད་དེ། གསུམ་པོ་དེ་རྣམས་ཀྱི་ཕ་རོལ་ནི་མཐར་ཕྱིན་པ ས་ན་སྟེ། མཐར་སོན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་གང་ཞེ་ན། དོན་དམ་པའི་བདེན་པ ར་སོན་པའི་འོད་གསལ་གྱི་ཡེ་ཤེས་སོ་འོ་། །མཐར་འོད་གསལ་དུ་འགྲོ་བ་དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱིས་འདའ་བར་མི་བྱ་བ་ཡིན་པས་དམ་ཚིག་གོ །དེ་རིལ་བོར་འཛིན་པ་དང་རྗེས་སུ་འབྱེད་པའི་བསམ་གཏན་གཉིས་གྱི་རིམ་གྱིས་དྲན་པས་ན་རྗེས་སུ་དྲན་པའོ། །དེ་ཉིད་ལ་རྒྱུན་མི་འཆད་བར་སློབ་པས་ན་སྒོམ་པའོ། །རང་བཞིན་གྱིས་ནི་འོད་གསལ་བ་ཞེས་བྱ་བ་ལ་ཐམས་ཅད་ནི་ཀུན་ཏུ་སྣང་བ་ལ་སོགས་པ་སྣང་བ་གསུམ་པོ། །འདོད་ཆགས་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་དང་བཅས་པ་རྣམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་ཐམས་ཅད་སྟོང་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་ན་དྲི་མ་མེད་པ་སྟེ། རང་བཞིན་རྣམ་དག་གོ་འོ་། །འོད་གསལ་གཉིས་ལས་སྒྱུ་མ་


JLD004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ལུས་ལེན་པས་ན་ཡང་སྲིད་ཕྱི་མར་མ་སྐྱེས་པའོ། །དོན་གྱི་འོད་གསལ་གྱི་དོར་གཉིས་སུ་སྣང་བ་མེད་པས་ན་ཟག་པ་མེད་པའོ། །བྱང་ཆུབ་ནི་འབྲས་བུ་ཟུང་འཇུག་གོ་འོ་། །མངོན་པར་རྟོགས་པ་ནི་དེ་ཐོབ་པར་བྱེད་པའི་རྒྱུ་འོད་གསལ་སྟེ། འོད་ཟུང་ཐ་དད་དུ་མངོན་པར་ཞེན་པའི་རྟོག་པ་གཉིས་པོ་དེ་དག་ནི་ཟུང་འཇུག་གི་སྐབས་དེ་ན་ཡོད་པ་མ་ཡིན་ནོ། །ཁམས་ཀྱི་སྐད་དོད་དྷཱ་ཏུ་ལ། དྷ་ར་ནི། འཛིན་པར་བྱེད་པས་ཁམས་ཏེ་གནས་ནི་སྣོད་དོ་སོ་། །དེ་ལ་བརྟེན་ནས་འབྱུང་བར་འགྱུར་བས་འབྱུང་བ་སྟེ་གནས་པ་བཅུད་དོ་འོ་། །གནས་དང་གནས་པ་གཉིས་པོ་དེ་དག་ཀྱང་འོད་གསལ་བ་ལ་འཇུག་པ་དེ་ན་དམིགས་པར་མི་འགྱུར་ཏེ། དགོངས་པ་མ་ཡིན་པས་བཤད་པའོ། །ད་ནི་ཟུང་དུ་འཇུག་པའི་རིམ་པ་ཉིད་ཀྱིས་ལྡང་བ་སྟེ། བཞེངས་པའི་སྤྲུལ་བ འི་གནས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་སྐྱེས་པ་ནི་འཛིན་པའི་ཡན་ལག་གོ །དེའི་རྗེས་ཐོགས་ལ་དྲན་པ་ལྡང་བ་ནི་དྲན་པ་ཞེས་བྱ་ལ། དེ་སྒོམ་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ཏོ། །དེ་ཇི་ལྟ་བུ་ཞེ་ན། རང་བཞིན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་འགྱུར་གསར་རྙིང་ཀུན་ལས་འབྱུང་ཡང༌། རྩ་རྒྱུད་དུ་དེ་ནས་ཀྱི་སྒྲ་མ་བྱུང་ངོ༌། །འོན་ཀྱང་འགྲེལ་པ་དང་བསྟུན་ན་ཐམས་ཅད་ཅེས་པ་མེད་པར། དེ་ནས་རང་བཞིན་འོད་གསལ་བ། ཞེས་པ་ཡོད་པར་གསལ་


JLD004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཞེས་བྱ་བའི་སྒྲ་ནི་ཐ་མི་དད་པ་ནི་བར་མ་ཆད་པའི་རིམ་པ་སྟེ། དེ་ནས་ཏེ་འཛིན་པའི་ཡན་ལག་འོད་གསལ་གྱི་གི་འོག་ཏུ་བར་མ་ཆད་པར་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བར་སྦྱར་ཏེ། རང་བཞིན་ནི་ཀུན་རྫོབ་ཀྱི་བདེན་པ་དག་པའི་སྒྱུ་མའི་སྐུ། །འོད་གསལ་བ་ནི་དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་ཡེ་ཤེས་སྟེ། རང་བཞིན་དང་ལྡན་པའི་འོད་གསལ་བ་ནི་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །དེ་གང་ཡིན་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཇི་ལྟ་བུ་ཞེ་ན། ནམ་མཁའ་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའི་སྒྲས་ནི་དེ་ན་གནས་པའི་འཇའ་ཚོན་གྱི་དངོས་པོ་ཉེ་བར་མཚོན་ཏེ་དེ་དང་མཉམ་པ་སྟེ་འདྲ་བ ས་ནམ་མཁའོ། །རྒྱུ་དང་འབྲས་བུ་འོད་ཟུང་གཉིས་ངོ་བོ་ཐ་དད་པ་གཉིས་སུ་མེད་པས་ན་མཚན་མ་མེད་པའོ། །འཇིག་ཅིང་ཟད་པས་ན་འགྱུར་པའོ། །ཟད་པ་དེ་ལས་གཞན་པས་ན་མི་འགྱུར་པ་སྟེ། མི་ཟད་པའོ་དེ་ལས་བྱུང་བས་ན་མི་འགྱུར་བ་སྟེ། ལས་ཉོན་གྱི་དབང་གིས་སྐྱེ་བ་དང་འགག་པ་སྟེ་ཟད་པ་དང་བྲལ་བ་ཞེས་བྱ་བའི་བར་དུའོ། །གཉིས་མེད་གཉིས་སུ་མེད་མིན་ཞི་ཞེས་བྱ་བ་ནི། བདེན་པ་གཉིས་ཏེ་འོད་ཟུང་གཉིས་ངོ་བོ་དབྱེར་མེད་པའི་རོ་གཅིག་པ་ཡིན་པའི་ཕྱིར་གཉིས་སུ་མེད་པའོ། །ཡ་གཉིས་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཡིན་པས་ན་གཉིས་སུ་སྟེ་གཉིས་མེད་པའང་མིན་ནོ། །སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་


JLD004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་ཉིད་ཅན་ཡིན་པས་ན་ཞི་བའོ། །ཟག་པ་མེད་པས་ན་ཤིན་ཏུ་དྲི་མ་མེད་པའོ། །ལུས་ཀྱིས་རེག་པར་བྱ་བ འི་ཡུལ་མ་ཡིན་པས་ན་ནམ་མཁའི་བཞིན་ཏེ། དགོངས་པས་བཤད་པའོ། ༈ །དེ་ལྟར་ཟུང་འཇུག་པའི་ཆོས་ཀྱི་སྐུ་འོད་གསལ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་སུ་མེད་པའི་མཚན་ཉིད་ཅན་དུ་ངེས་པར་བྱས་པ་སྟེ། གཏན་ལ་ཕབ་ནས། དེ་ནི་སྤྲུལ་པའི་སྐུའི་གཞི་རྣམ་པར་དགོད་པའི་ཕྱིར། དེ་ལ་ཞེ་སྡང་གི་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་ནི་མི་བསྐྱོད་པ་སྟེ་ཐུགས་རྡོ་རྗེའོ། །དེའི་རིགས་ནི་རྒྱུད་ཀྱི་སྟོན་པ་རང་གི་བདག་ཉིད་ལས་ངེས་པར་བྱུང་བའི་ལྷ་རྣམས་ཀྱི་འཁོར་ལོ་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ལས་འཐོན་པ་སྟེ་མངོན་པར་བྱུང་བར་གྱུར་ཏོ། །ཞེས་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །རྩ་རྒྱུད་འདི་ཉིད་ཀྱི་ལེའུ་དང་པོ་ལས། རྣམ་སྣང་ལ་སོགས་པའི་ལྷ་ཕོ་རྣམས་ཀྱང་བུད་མེད་དུ་སྤྲུལ་པར་གསུངས་པའི་ཕྱིར་ན། རྗེས་འཇུག་ལ་ཡང་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་སྒྲུབ་པ་པོས། རང་གི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཆེན་པོས་མཆོད་དགོས་ལ། དེས་ན་རང་གི་སྟོན་པ་ལ་བདེ་ཆེན་བསྐྱེད་པའི་ཚད་དུ། རང་གི་ཕྱག་རྒྱ་དེས་བླ་ན་ཡོད་པ་མེ་ཏོག་ལ་སོགས་པའི་མཆོད་པ་དང་བཅས་པ་ལ་སོགས་པས་བསྡུས་པ་བླ་ན་མེད་པ་རེག་བྱའི་མཆོད་པ་བྱས་པ་ནི་རིགས་ཀྱི་མཆོད་པའོ། །རྗེས་སུ་དྲན་པ་ནི་ཕྱག་རྒྱ་ལ་བརྟེན་ནས་ཆགས་པ་ལ་


JLD004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཡེ་ཤེས་གསུམ་ཉམས་སུ་མྱོང་བ་སྟེ། དེ་ཉིད་ནི་བསྒོམ་པའོ། །ཕྱག་རྒྱ་ལ་བརྟེན་པ་དེ་ཇི་ལྟ་བུ་ཞེ་ན། བུད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ནི་བུ་མོའོ། །སེམས་ནི་རབ་བརྟན་པ་ནི་རང་བཞིན་བརྟན་པ་ལོ་གྲངས་བཅུ་གཉིས་ལོན་པ་ཐོབ་ཅིང་རྙེད་པའོ། །རིགས་ནི་པདྨ་ཅན་དང་ཞེས་བྱ་བ་ལ་སོགས་པ ས་བསྡུས་པ་གླང་པོ་ཅན་མ། རི་དྭགས་ཅན་མ། དུང་ཅན་མ་སྟེ་འི་རིགས་བཞིའོ། །བཞི་པོ་དེ་དང་སྦྱོར་བ་ནི་ཕྱག་རྒྱ་བཞི་པ་སོ་སོ་བ་དེར་སྙོམས་འཇུག་བྱས་པ་སྟེ་བྱེད་པའི། རབ་ཏུ་དབྱེ་བའི་ལས་ཀྱི་སྒོམ་པའི་སོ་། །འདི་ནི་སྡོམ་འབྱུང་ལས་ཕྱག་རྒྱ་བཞི་པོ་རེ་རེ་ལ་བསྟེན་ཚུལ་རེ་གསུངས་པ་ལྟ་བུའོ། །བདག་གི་ཞེས་བྱ་བ་ནི་སྒྲུབ་པ་པོ་བདག་ཉིད་ཀྱིའོ། །ཁུ་བ འི་སྐད་དོད་ནི་ཤུ་ཀྲ་ཞེས་བྱ་བ་སྟེ། དེའི་ཤུ་ལ་ཤོ་ཀ་ན་ཞེས་བྱ་བ་ནི་མྱ་ངན་ནོ། ཀྲ་ཀ་ཙ་ནི་སོག་ལེ་སྟེ་མྱ་ངན་སྡུག་བསྔལ་སོག་ལེ་ལྟར་གཅོད་པས་ན་ཤུ་ཀྲ་ཞེས་བྱ་སྟེ་མཆོག་ཏུ་དགའ་བ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ། །ཁུ་བ་སྟེ་བདེ་ཆེན་དེས་བདག་ཉིད་མཆོད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། འདོད་པའི་དབང་ཕྱུག་ཏུ་གསལ་བར་སྟོན་པ་ཡིན་ནོ། ༈ །རྗེས་སུ་དྲན་པ་སྔར་བཤད་པའི་འབྲས་བུ་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་མ་ཐག་པའི་རྗེས་སུ་དྲན་པ་བཅུ་དྲུག་ཡོངས་སུ་ཤེས་ནས་བསྒོམས་པས་ནི་དེ་བཞིན་གཤེགས་པ་སྟེ། རྣམ་


JLD004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱི་རྫུ་འཕྲུལ་དང་ལྡན་པའི་སྐུ་འཐོབ་པར་འགྱུར་བ་དང༌། །འདིས་ནི་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་དང་ནད་མེད་པའི་བདེ་བ་དམ་པས་ཡོངས་སུ་བསྡུས་པ་ཐུགས་རྡོ་རྗེའི་སྟེ། མི་བསྐྱོད་པ་དང་འབྲེལ་བའི་ཐུགས་ཀྱི་དབང་ཕྱུག་རབ་ཏུ་འཐོབ་པར་འགྱུར་ཏེ། རྫོགས་པའི་རིམ་པ་ཟུང་འཇུག་ལ་གནས་པ་ལ་ནི་ཡིད་ལ་གང་དང་གང་འདོད་པ་དེ་དང་དེ་འབད་པ་མེད་པར་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་འཛིན་པ་ནི་འོད་དཔག་ཏུ་མེད་པའོ། །དེའི་གསུང་ནི་དེ་དང་འབྲེལ་བའི་ངག་གི་དབང་ཕྱུག་འཐོབ་པའོ། །ཇི་ལྟ་བུ་ཞེ་ན། །སྒྲ་བརྙན་དང་མཚུངས་པར་སྒྲའི་ངོ་བོ་ཉིད་ཤེས་པ་ལ་ནི། གང་ཞིག་སྨྲ་བར་གྱུར་པ་དེ་ཐམས་ཅད་འབྱོར་པར་འགྱུར་བས་ན་ངག་གི་དབང་ཕྱུག་གོ་སྟེ་། སྲིད་པ་ཐ་མ་པ་ཡིན་ཞིང་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཚེ་འདི་ཉིད་ལ་ཞེས་བྱ་བས་ལས་ཀྱི་དབང་གིས་སྐྱེ་བར་འགྱུར་བ་དགག་པར་མཛད་པ་སྟེ།ཚིག་འདི་ནི་རིགས་དྲུག་ཅུ་པ་ལས་གསུངས་ཏེ། ལུང་ཕྱོགས་མཐུན་ཙམ་གྱི་ཤེས་བྱེད་དོ། །ཟུང་འཇུག་ཐོབ་ན་ཚེ་འདི་ཉིད་ལ་འཚང་རྒྱ་བར་ངེས་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་ཤིང་བྱ་བ་བྱས་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །ཟུང་འཇུག་གི་ཏིང་ངེ་འཛིན་འདི་ཉིད་ཀྱི་འབྲས་བུའི་ཁྱད་པར་བསྟན་པར་


JLD004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པའོ། ༈ །དངོས་གྲུབ་གང་སྔར་བཤད་པ་ལས་གཞན་ཕྲ་མོ་སྟེ། དངོས་གྲུབ་དམན་པ ར་བཤད་པ་རྣམས་ཞེས་བྱ་བ་ནི། སྔགས་ལ་རྗེས་སུ་གཞོལ་བ འི་བསྐྱེད་རིམ་པ་རྣམས་ལ་བསྐྱེད་རིམ་དེ་དང་འབྲེལ་བ་གཞན་དག་སྟེ། འཇིག་རྟེན་པའི་དངོས་གྲུབ་བཤད་པ་རྣམས་ཀྱང༌། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ལ་བདེ་བླག་ཏུ་འགྲུབ་པར་འགྱུར་བའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ་ཞེས་བྱ་བ་ནི། རྡོ་རྗེ་གསུམ་ནི་ཁམས་གསུམ་མོ། །དེ་མི་ཕྱེད་པ་ནི་རང་དང་ཁམས་གསུམ་གྱི་དེ་ཁོ་ན་ཉིད་དབྱེར་མེད་པའི་རྣམ་པར་བསྒོམ་པའི་རྒྱུ་དེས་ནི་ན་འགྲུབ་པར་འགྱུར་པ་ནི་བཟླས་པ་ཙམ་གྱིས་ཏེ། སྔར་བཤད་པའི་ཡན་ལག་མ་ཉམས་པར་ཏེ། སྔགས་ལུས་ཐ་མི་དད་པར་ཟློས་པའི་རྡོ་རྗེ་བཟླས་པ་ཙམ་གྱི་མཐུས་ཡིན་ཏོ། བཟླས་ཤིང་དེ་ཡང་བདེན་པ་མངོན་སུམ་དུ་མཐོང་བ་ཟུང་འཇུག་པས་ཡིན་ནོ་ས་སོ་། ༈ །གལ་ཏེ་རང་དང་ཁམས་གསུམ་ཐ་དད་པར་ཞེན་ནས་བསྒོམས་པར་གྱུར་ན་ནི། དེའི་ཚེ་འཇིག་རྟེན་པའི་དངོས་གྲུབ་ཀྱང་འགྲུབ་པར་མི་འགྱུར་ན། འཇིག་རྟེན་ལས་འདས་པའི་ལྟ་སྨོས་ཀྱང་ཅི་དགོས་ཞེས་ནུས་པ་གསུངས་པར་གྱུར་པ་ཡིན་ཏེ།ཞེས་པས་བསྐྱེད་རིམ་པས་དངོས་གྲུབ་བསྒྲུབ་པ་ལ་ཡང་


JLD004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པའི་དེ་ཁོ་ན་ཉིད་མང་དུ་བསྒོམ་དགོས་པར་བསྟན་ནོ། །རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་རྣམས། །ཐམས་ཅད་དེ་ཡི་ལོངས་སྤྱོད་དོ། ཞེས་གསུངས་པས་སོ། ༈ །སྔགས་སྤྱོད་པའི་མཆོག་གི་ལེའུ་ཞེས་བྱ་བ་ནི་སྔགས་འདོན་ཅིང་ཟློས་པས་ན་སྔགས་ཏེ་སྒྲུབ་པ་པོའོ། །དེ་རྣམས་ཀྱི་སྤྱོད་པ་ནི་སྤྲོས་པ་མེད་པ་ལ་སོགས་པ་གསུམ་ལ་སློབ་པའི་ངོ་བོ་ཉིད་དོ། །སྤྱོད་པ་གསུམ་པོ་དེ་ཉིད་ནི་ཐེག་པ་གཞན་དང་རྒྱུད་སྡེ་འོག་མའི་སྤྱོད་པ་ལས་ཕུལ་དུ་བྱུང་བས་ན་མཆོག་གོ །དེ་སྟོན་པའི་སྒྲའི་ཚོགས་ནི་ལེའུ་སྟེ་དེ་ལ་སྔགས་སྤྱོད་པ་མཆོག་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བདུན་པ་མཐའ་དྲུག་གིས་བཤད་པའོ།། །།སྔར་ལེའུ་བདུན་པར་བསྟན་པ་དེ་ལྟར་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་བླ་ན་མེད་པའི་མཆོད་པ་བྱའི་ཞེས་བསྟན་པར་བྱ་བའི་ཕྱིར་བཀའ་སྩལ་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ༈ །དེ་ནས་ཞེས་བྱ་བ་ནི་སྤྱོད་པ་ཐོབ་པའི་འོག་ཏུ་དཀོན་མཆོག་དཔལ་གྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། ཞེས་བྱ་བར་སྦྱར་རོ། །དཀོན་མཆོག་གི་སྐད་དོད་ནི་རཏྣ་དང༌། དེ་ཡང་རིན་པོ་ཆེ་ཡིན་པས་ཀུནྡ་


JLD004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་འདོད་དོན་རྫོགས་པར་བྱེད་པས་རིན་པོ་ཆེའོ་སོ་། །དེ་ཉིད་ནི་ཀེ་ཏུ་ཞེས་པ་དཔལ་དང་ཏེ་རྒྱལ་མཚན་གཉིས་ཀ་ལ་འཇུག་པས། རྒྱལ་མཚན་བཙུགས་པས་དགའ་བ་སྐྱེད་པ་བཞིན་དུ། །བྱང་སེམས་ཀྱིས་ཀྱང་ཡིད་དགའ་བར་བྱེད་པའི་ཕྱིར། །བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ལ་ནི་དཀོན་མཆོག་དཔལ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བར་གསོལ་བ་འདེབས་པ ར་བྱེད་པ་པོ་ཡིན་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་དཀོན་མཆོག་དཔལ་གྱིས་གསོལ་བ་བཏབ་བོ་རོ་། །བྷ་ག་ཝཱན་ལ་བྷ་གེ་བྱ་བ་སྠི་ཏ་ནི་བྷ་གར་བཞུགས་པ་སྟེ་དག་པའི་སྐུ་ཡིས་བྷ་གར་ཏེ་འོད་གསལ་ལ་བཞུགས་པས་ན་བཅོམ་ལྡན་འདས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །དབང་ཕྱུག་དམ་པ་ཞེས་བྱ་བ་ལ། དམ་པ་ནི་སྤྱན་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོར་གྱུར་པ་སྟེ། དམ་པའི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ་འདིས་ཞེས་བྱ་བ་ནི། འོག་ནས་འཆད་པའི་བསྟོད་པ་སྟེ་བསྟོད་པའི་རྒྱལ་པོ་དེས་གསོལ་བ་བཏབ་ཅིང་མཉེས་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། ། ༈ དེ་བསྟན་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ལྟར་འོད་ཟུང་གཉིས་སོ་སོར་མི་ཕྱེད་པའི་ཚུལ་གྱིས་མཛེས་པས་ན་རྡོ་རྗེ་སེམས་དཔའ་འོ། །འདིར་སེམས་དཔའི་དོན་མ་བཤད་པར་མཛེས་པ་ཞེས་པ་ནི། :ཆག་པ་ཚབ:འགྱུར་གཞན་ལ་རྒྱལ་པོར་བསྒྱུར་


JLD004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེའི་སྐད་དོད་རཱ་ཛ་ལ་ར་ཛ་ཏེ་མཛེས་པར་བྱའོ། དཱི་བྱ་ཏ་སྣང་བར་བྱས་པས་ནའོ། ཞེས་པའོ། །ཐེག་པ་ཆེ་ཞེས་བྱ་བ་ལ་མ་ཧཱནྟ་ཆེན་པོའོ། །ཡཱནྟི་འགྲོ་བར་བྱེད་པ་སྟེ་ནི་། སངས་རྒྱས་གང་གིས་སེམས་ཅན་གྲངས་ཤིན་ཏུ་མང་ཞིང་རིགས་ཆེ་བ་རྣམས་སངས་རྒྱས་ཉིད་དུ་སོན་པར་མཛད་པ་དེ་ནི་ཐེག་པ་ཆེན་པོ་སྟེ། དེ་ཡང་ཁྱེད་ཉིད་དོ། །ནམ་མཁའི་སྤྱོད་པ་རྣམ་སྤྱོད་པ་ཞེས་བྱ་བ་ལ། ནམ་མཁའ་ནི་དོན་དམ་པའི་བདེན་པའོ། །དོན་དམ་དེ ས་རྣམ་པར་དག་པ ར་བྱས་པའི་སྤྱོད་པ་ནི་ནམ་མཁའི་སྤྱོད་པའོ། །དེས་རྣལ་འབྱོར་པའི་རྒྱུད་རྣམ་པར་སྦྱོང་བར་མཛད་པས་ན་ནམ་མཁའི་སྤྱོད་པ་རྣམས་སྦྱོང་བའོ། །ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་ཅེས་བྱ་བ་ནི། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲ་བའི་སྤྱོད་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའོ། །དེས་ཕུལ་དུ་བྱུང་བས་ན་མཆོག་གོ །རྒྱལ་བར་གྱུར་པས་ན་རྒྱལ་བ་ནི་རང་སངས་རྒྱས་ལ་སོགས་པ་ཉོན་མོངས་པའི་དགྲ་ལས་རྒྱལ་བའོ་སྟེ་། དེ་རྣམས་ཀྱི་མཆོག་གིས་མཆོད་པ་བཤད་ཅིང་བསྟན་དུ་གསོལ་ཞེས་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། ༈ །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་རབ་སྟོན་པ། ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྦྱོང་བར་བྱེད་པ་ནི་རྡོ་རྗེ་ཐེག་པ་སྟེ། དེ་རབ་ཏུ་སྟོན་པར་མཛད་པས་ན་རྡོ་རྗེ་ཐེག་པ་རབ་སྟོན་པའོ། །ཆོས་ཐམས་ཅད་ནམ་མཁའི་དབྱིངས་དང་མཚུངས་པར་སྟོན་པས་ན་མཆོག་གོ །རྒྱལ་བ་ནི་དུས་གསུམ་དུ་གཤེགས་


JLD004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་བ་རྣམས་ཏེ། དེ་རྣམས་སྐྱེད་པར་མཛད་པས་ན་རྒྱལ་བའི་གཞིའོ། །མཆོད་པ་བཤད་དུ་གསོལ་ཞེས་བྱ་བ་ནི་བསྟན་པར་གསོལ་བའོ། །བག་ཆགས་མ་ལུས་པ་དང་བྲལ་ཞིང་འཁོར་བ་ཇི་སྲིད་པར་གནས་པའི་ཡེ་ཤེས་ནི་ཐར་པའོ། །དེ་ཐོབ་པར་བྱེད་པའི་རྒྱུ་ནི་ལམ་མོ། དེ་རབ་ཏུ་སྟོན་པ་ནི་འཆད་པར་མཛད་པའོ། །ཐེག་པ་གསུམ་ནི་འདིས་རང་རང་གི་བྱང་ཆུབ་ཏུ་འགྲོ་བས་ན་ཐེག་པ་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་མོ། །དེ་ཉིད་ནི་ལམ་སྟེ་དེའི་ངོ་བོ་ཉིད་ལ་རབ་ཏུ་གནས་པར་མཛད་པས་ན་ཐེག་པ་གསུམ་གྱི་ལམ་ལ་གནས་པ་སྟེ་བཅོམ་ལྡན་འདས་སོ། །སངས་རྒྱས་སྐལ་མཆོག་དག་པའི་བདག་ཅེས་བྱ་བ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་སྐལ་མཆོག་གོ །དེས་ན་དག་པའི་བདག་ཉིད་ཅན་གྱི་མི་མཆོག་མཆོད་པ་བཤད་དུ་གསོལ་ཞེས་པའོ། །བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་སྟེ། རང་བཞིན་དང་དབྱེར་མེད་པར་ཞུགས་པའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱས་པའི་སྤྱན་དང་ལྡན་པ་གང་ཡིན་པ་དེ་ནི་རྒྱས་པའི་སྤྱན་ནོ། །ཆོས་ཀྱི་འཁོར་ལོ་ནི་རྣམ་པ་བཅུ་གཉིས་པའོ་ཞེས་པ་ནི་བདེན་པ་རྣམས་ལ་སྡུག་བསྔལ་དང༌། ཀུན་འབྱུང་དང་འགོག་པ་དང་ལམ་མོ། །ཞེས་པ་བཞི་དང༌། རིམ་པ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱ་བ་དང༌། བསྒོམ་པར་བྱ་ཞེས་པ་བཞི་དང༌། ཡང་རིམ་པ་བཞིན་དུ་ཡོངས་སུ་ཤེས། སྤོངས༌། མངོན་


JLD004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་བྱས། སྒོམ་ཞེས་བྱ་བ་བཞི་སྟེ་བཞི་གསུམ་བཅུ་གཉིས་སོ། །ཆོས་འཁོར་དེས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་དུ་རབ་ཏུ་བསྐོར་བར་མཛད་པས་ན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་སྟེ། གདུལ་བྱའི་རྒྱུད་ལ་དོན་ཤེས་པར་བྱེད་པ། །རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་ཅན་ཡིན་པས་ན་སྐུ་དང་གསུང་དང་ཐུགས་ཤིན་ཏུ་དག་པ་སྟེ། རྡོ་རྗེ་ཐེག་པ་ཁྱེད་ལ་ཕྱག་འཚལ་ལོ། ཞེས་པ་སྟེ། དྲང་བའི་དོན་ཏོ། ༈ །འདོད་ཆགས་ཞེ་སྡང་གཏི་མུག་ཆེ་ཞེས་བྱ་བ་ནི། ཡེ་ཤེས་གསུམ་གྱི་སྒོ་ནས་བཅོམ་ལྡན་འདས་ལ་བོས་ནས་བསྟོད་པ་སྟེ། འདོད་ཆགས་ཞེས་པ་ནི་ཐབས་ཏེ་མཆེད་པ་དང༌། དེའི་ཀྱི་རང་བཞིན་དུ་གྲགས་པ་བཞི་བཅུའོ་ནོ་། །ཞེ་སྡང་ཞེས་པ་ནི་ཤེས་རབ་སྣང་བ་དང་ཀྱི་དེའི་རང་བཞིན་སོ་གསུམ་མོ་ནོ་། །གཏི་མུག་ཆེན་པོ་ཞེས་པ་ནི་མ་རིག་པ་ཞེས་པ་ཉེར་ཐོབ་དང༌། དེའི་རང་བཞིན་གྱི་རྟོག་པ་བདུན་ནོ། །རྡོ་རྗེ་ཐེག་པ་རབ་སྟོན་པ་ཞེས་བྱ་བ་ལ། རྡོ་རྗེ་ནི་འོད་གསལ་བའོ། །དེ་ཉིད་ནི་བཤད་མ་ཐག་པའི་རང་བཞིན་གྱིས་སྟེ། རང་བཞིན་དང་སྣང་བ་གསུམ་སྦྱོང་བས་ན་ཐེག་པའོ། །དེ་རབ་ཏུ་སྟོན་པས་ན་རྡོ་རྗེ་ཐེག་པ་རབ་ཏུ་སྟོན་པ་སྟེ། བཅོམ་ལྡན་འདས་སོ། །དབང་པོ་མཆོག་ཙམ་གྱིས་གཟུང་བ་ནི་གསང་བ་གྲུབ་པར་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་མིག་ཅན་གྱིས་མཐོང་བར་གསུངས་པ་ལྟར་ཡིན་པས་ན་ནམ་མཁའི་


JLD004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་མཚུངས་པའོ། །རིགས་གཞན་ཐམས་ཅད་ཀྱི་དང་པོར་གྱུར་པས་ན་མཆོག་གི་སྒྲ་དང་པོ་ལའང་འཇུག་པའོ། །མཆོག་གོ །རྒྱལ་གཞི་མཆོད་པ་བཤད་དུ་གསོལ་ཞེས་བྱ་བ་ལ། རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་གང་དུ་ཐིམ་པར་གྱུར་པ་དེ་ནི་རྒྱལ་བའི་གཞི་ནི་འོད་གསལ་བ། །མཆོད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཟུང་འཇུག་གོ་ནོ་། །བཤད་དུ་གསོལ་ཞེས་བྱ་བ་ནི་བཀའ་སྩལ་པར་གསོལ་བའོ། །ཐར་བའི་ལམ་ནི་རབ་སྟོན་པ་ཞེས་བྱ་བ་ནི། མི་སློབ་པའི་ཟུང་འཇུག་རྡོ་རྗེའི་སྐུ་ཉིད་ཀྱིས་ཚད་མེད་པའི་ལྷ་མོ་དང་སྙོམས་པར་ཞུགས་པས་འཁོར་བ་ཇི་སྲིད་པར་མཆོག་ཏུ་དགའ་བར་མཚན་ཉིད་གཅིག་པ་ལྷ་དང་མི་ལས་འདས་པའི་ཡོན་ཏན་ཏེ། དབང་ཕྱུག་བརྒྱད་ཀྱི་བདེ་བ་ཉམས་སུ་མྱོང་བ་ནི་ཐར་པའོ། །དེ་ཐོབ་པའི་ཐབས་སྟོན་པར་མཛད་པས་ན་ཐར་པའི་ལམ་རབ་ཏུ་སྟོན་པར་མཛད་པ་སྟེ་བཅོམ་ལྡན་འདས་སོ། །ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་གསུམ་པོ་ནི་ཐེག་པ་གསུམ་མོ། །དེ་ཉིད་ནི་རྣལ་འབྱོར་བ་རྣམས་ཀྱིས་བགྲོད་པར་བྱ་བ་ཡིན་པས་ན་ལམ་སྟེ། ལམ་དེས་དོན་དམ་པའི་བདེན་པའི་གྲོང་ཁྱེར་དེར་འཇུག་པར་མཛད་པས་ན་ཐེག་པ་གསུམ་གྱི་ལམ་ལ་གནས་པའོ། །བདེ་བ་ཐམས་ཅད་ཀྱི་བདག་ཉིད་སྒྲུབ་པར་མཛད་པས་ན་སངས་རྒྱས་སྐལ་མཆོག་གོ །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་དག་པའི་


JLD004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཅན་མི་མཆོག་ཁྱོད་ཀྱིས་མཆོད་པ་བཤད་པར་གསོལ་ཞེས་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པ ར་ཞུགས་པའི་འོད་གསལ་ལོ་འོ་། །སེམས་ནི་ཀུན་རྫོབ་ཀྱི་བདེན་པ་དག་པའི་སྒྱུ་མའི་སྐུ་སྟེ། བྱང་ཆུབ་དང་ལྡན་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོའོ། །རྒྱས་ཤིང་ཡངས་པའི་སྤྱན་ལྔ་གང་ཡིན་པ་དེ་ནི་རྒྱས་པའི་སྤྱན་ཏེ། དེ་ཡང་གང་ཞེ་ན། སྟོང་གསུམ་མཐོང་བ་ཤ་དང་སེམས་ཅན་གྱི་འཆི་འཕོ་དང་གང་དུ་སྐྱེ་བ་ཤེས་པ་ལྷ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་དང༌། གཞན་གྱི་རྒྱུད་ཚོད་རྟོགས་པ་ཆོས་དང༌། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་བྱང་ཆུབ་པ་མཁྱེད་པ་སངས་རྒྱས་ཀྱི་སྤྱན་ཞེས་གྲགས་པ་རྣམས་སོ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། ཞེས་བྱ་བ་ལ། ཆོས་ནི་འདུས་བྱས་པ་དང་འདུས་མ་བྱས་པ་སྟེ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ་དེ་སེམས་ཅན་གྱི་འཇིག་རྟེན་དུ་རབ་ཏུ་སྟོན་པར་མཛད་པས་ན་ཆོས་ཀྱི་འཁོར་ལོ་རབ་བསྐོར་བའོ། །ཡང་དག་པའི་མཐའ་འོད་གསལ་གྱིས་རྣམ་པར་དག་པར་བྱས་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡིན་པས་ན་སྐུ་དང་གསུང་དང་ཐུགས་ཤིན་ཏུ་དག་པ་སྟེ་བཅོམ་ལྡན་འདས་སོ། །རྡོ་རྗེའི་དོན་མི་འཇིགས་པ་སྟེ། མི་ཉམས་པའི་ཐེག་པའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་ཐེག་པ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་


JLD004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྟེ། ངེས་པའི་དོན་ཏོ། །གསོལ་བ་བཏབ་པའི་རྗེས་དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་པ་ཐམས་ཅད་ནམ་མཁའ་མི་འགྱུར་ཆེ་ཞེས་བྱ་བ་ལ། ཐམས་ཅད་ནམ་མཁའ་ནི་ཐམས་ཅད་སྟོད་པ་སྟེ། དེ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་བཅོམ་ལྡན་འདས་ཀྱང་ཐམས་ཅད་ནམ་མཁའོ། །མི་འགྱུར་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མི་འགྱུར་ཆེའོ། །ཐམས་ཅད་ཀྱི་དབང་འདི་ལ་བསྐུར་བར་གྱུར་པས་ན་ཐམས་ཅད་དབང་བསྐུར་རོ། །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛད་པས་ན་ཀུན་གྱི་དོན་ནོ། འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་ན་ཀུན་གྱི་དབང་པོའོ། །རྡོ་རྗེ་ནི་དོན་དམ་པའི་བདེན་པའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་རིན་པོ་ཆེ་དང་འདྲ་བས་ན་རིན་ཆེན་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེའི་ངོ་བོ་ཉིད་ཀྱིས་ཟུང་འཇུག་དེ་འཛིན་པར་མཛད་པས་ན་རྡོ་རྗེ་རིན་ཆེན་འཛིན་ཞེས་བྱ་སྟེ། །དགོངས་པ་མ་ཡིན་པས་བཤད་པའོ། །དེ་བཞིན་གཤེགས་པའི་མཆོད་པའི་མཆོག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་དུས་གསུམ་དུ་བཞུགས་པའི་རྒྱལ་བ་རྣམས་ཏེ། དེ་དང་འབྲེལ་བའི་མཆོད་པ་ནི་དེ་བཞིན་གཤེགས་པའི་མཆོད་པའོ། །བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པས་ཁྱད་པར་དུ་གྱུར་པས་ན་མཆོག་གོ །ཅིའི་ཕྱིར་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་གནས་པ་ཞེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་ཏེ་གདོད་


JLD004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནས་རྡོ་རྗེ་གསུམ་གྱིས་དེ་ཁོ་ན་ཉིད་མི་ཕྱེད་པ་ལ་ཡང་དག་པར་གནས་པའི་མཆོད་པའོ། །མཆོད་པ་དེ་ནི་ཁམས་གསུམ་པ་རྣམས་རྡོ་རྗེ་འཆང་རང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སུ་རང་བཞིན་གྱི་སྒོ་ནས་འདུས་པར་མཛད་པས་ན་སྐུ་དང་གསུང་དང་ཐུགས་སྐལ་མཆོག་གོ །རྒྱལ་བ་གོང་མ་རྣམས་འདི་ལས་འབྱུང་བར་འགྱུར་བས་ན་རྒྱལ་བ་འབྱུང་བའོ། །མཆོད་པ་དེ་བཤད་ཅེས་བྱ་བ་ལ་ནི་བཤད་དོ་ཞེས་བྱ་བ འི་དོ་མི་མངོན་པར་བྱས་པ་སྟེ། དགོངས་པས་བཤད་པའོ། ༈ །གང་ལས་རྒྱལ་བ་འབྱུང་བའི་མཆོད་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ན་ཆུང་གཞོན་ནུ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། ཡིད་དུ་འོང་བའི་གཟུགས་ཅན་ཡིན་པས་ན་ན་ཆུང་གཞོན་ནུའོ་ངོ༌། །མིག་ཡངས་ཤིང་བདེན་པ་གཉིས་ཀྱི་སྟེ། འོད་ཟུང་གི་བདག་ཉིད་ཅན་གྱི་མིག་ཡངས་པ་སྟེ། གཟིགས་རྒྱ་ཆེ་བ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་སྐུ་གང་ཡིན་པ་དེ་ནི་མིག་ཡངས་པ་དང་ལྡན་པ། །དེ་ཉིད་ཀྱི་ཁྱད་པར་ནི་མཚན་དཔེས་སྤྲས་པའི་གཟུགས་བཟང་བ་དང་གཞོན་པ་སྟེ། ལང་ཚོ་དར་ལ་བབ་པ ས་བརྒྱན་པ་ནི་ཞེས་བྱ་བའོ། །ལོ་གྲངས་ཉི་ཤུ་ལྔ་ལོན་པ་ཞེས་བྱ་བ་ནི་ཟུང་འཇུག་གི་ལྷའི་ཕུང་པོ་ལྔ་ཁམས་ལྔ་དབང་པོ་ལྔ་ཡུལ་ལྔ་ཡེ་ཤེས་ལྔ་སྟེ་ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའི་སྐུ་བདག་ལ་བྱིན་གྱིས་བརླབས་པའི་མཚན་ཉིད་ཅན་ནོ། །དེ་བཙལ་ཏེ། བླ་མའི་ཁ་ནས་ཏེ་


JLD004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་གདམས་པ་ལས་རང་གི་རྒྱུད་ལ་རྙེད་པ་སྟེ་ཐོབ་པ་དེ་ཉིད་ཀྱིས་བླ་ན་མེད་པའི་མཆོད་པ་རབ་ཏུ་བརྟག་ཅིང་བྱ་བ་སྟེ། ཡང་དང་ཡང་དུ་བསྒོམ་པར་བྱ་བ། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག་ཅེས་བྱ་བར་ཡང་སྦྱར་ཏེ། །བྱོལ་སོང་གི་སྒྲ་ཏིརྱ་ཀ་ནི་ལོགས་ན་ཡོད་པ་ལ་ཡང་བྱ་སྟེ། དེས་ན་ལོགས་ན་ཡོད་པའི་དོན་ནི་ཟུང་འཇུག་པའི་དཀྱིལ་འཁོར་གྱི་གཙོ་བོར་མ་ཟད་བདག་པོ་སྟེ་གཙོ་བོ་ལས་གཞན་པའི་འཁོར་གྱི་དཀྱིལ་འཁོར་གྱི་ལྷའི་སྐུ་རྣམས་ཀྱང་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་རབ་ཏུ་བརྟག་པ་སྟེ་གཟུང་བར་བྱ་སྟེ། དེ་ཐམས་ཅད་ཀྱང་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་བ་ཡིན་པའི་ཕྱིར་རོ། །ན་ཆུང་ཞེས་པའི་རྐང་པ་གསུམ་གྱིས་ཟུང་འཇུག་པའི་དང་པོ་སྦྱོར་བ་དང༌། བྱོལ་སོང་ཞེས་པ་གཅིག་གིས་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏེ། དེ་འདྲ་བའི་དཀྱིལ་འཁོར་སྒོམ་པ་ལ་གོམས་པར་བྱེད་པ་ནི་སངས་རྒྱས་རྣམས་དགྱེས་པར་བྱེད་པའི་བླ་ན་མེད་པའི་མཆོད་པའོ། དགོངས་པས་བཤད་པའོ། ༈ །ཁཤིན་ཏུ་ཡང་ཀའཇིག་རྟེན་ལས་གའདས་པའི་ཟུང་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་བསྟན་ནས། ད་ནི་བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། ས་ཕྱོགས་གཙང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བརྟག་པ་དང་བསླང་བ་བྱས་པའི་སའི་ཆ་ནི་ས་ཡི་ཕྱོགས་སོ། །ས་སྦྱང་བ་དང་ལ་སོགས་པ ས་བསྡུས་པས་གཟུང་བ་དང༌། བགེགས་ཞི་བའི་ཆོ་གའི་རིམ་པས་ཡོངས་སུ་


JLD004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ནི་གཙང་བའོ། །སྐྱེ་བོ་འདུས་པའི་འདུ་འཛི།་དང་བྲལ་བས་རྣམ་པར་དབེན་པའོ། །དེ་ནི་ས་སྦྱང་བ་སོགས་རྒྱས་པ་དགོས་པའི་གནས་སོ། །འམ་ཞེས་བྱ་བའི་སྒྲ་ནི་སྔ་མ་ལས་ཐ་དད་པའི་རིམ་པའི་ཕྱོགས་གཞན་ས་སྦྱང་བ་སོགས་རྒྱས་པ་མི་དགོས་པ་སྟོན་པ་ཡིན་པར་བལྟ་བར་བྱའོ། །རྒྱལ་བ་ཉིད་ཀྱི་རིགས་སུ་སྐྱེས་ཞེས་པ་ནི་སྔགས་པ་ཐེག་པ་འདིའི་སྒྲུབ་པ་པོ། །ཞི་བ་ནི་སྔ་མ་དེ་མིན་ཀྱང་སྐྱེ་བོ་དམ་པ་ཡོན་ཏན་ཅན་ནོ་འོ་། །དེ་རྣམས་ཀྱི་ཁྱིམ་དེ་རྣམས་ཀྱི་ཁྱིམ་དང་ཞེས་བཅོམ་:པ་ཚབ་ཆག:པ་དགོས་སོ། ནི་ཞི་བའི་གནས་རྣམས་ཏེ་ལྷའི་ཁང་པའོ། །དེ་ལྟ་བུའི་ས་ཕྱོགས་སུ་བཤང་པ་སྟེ་བའི་ལྕི་བ་དང༌། གཅི་བ་སྟེ་བའི་གཅིན་དང༌། བའི་མར་ལ་སོགས་པའི་བ་བྱུང་ལྔ་དང་ཆུ་སྟེ་ཆུ་གཙང་ཉི་ཚེས་སོ། །སོགས་པའི་སྒྲས་ཤིང་ཤུན་དྲི་བཟང་པོ་ལ་སོགས་པ་ཡོངས་སུ་གཟུང་སྟེ། དེ་ལྟ་བུའི་བཤད་བ་ལ་སོགས་པ་འདི་རྣམས་ཀྱིས་སྔར་བཤད་པའི་ས་ཕྱོགས་སུ་སྟེགས་བུ་སོགས་ལ་བྱུག་ཅིང་དཀྱིལ་འཁོར་བྲི་བར་བྱའོ། །འམ་གྱི་སྒྲ་ནི་མ་བཤད་པ་དག་ཀྱང་བསྡུ་བའི་དོན་ཏེ། དེས་ན་མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་དང་དེར་ཉེ་བར་མཁོ་བ་གཞན་རྣམས་ཀྱང་ཡོངས་སུ་གཟུང་ངོ༌། །མཆོད་རྫས་སྒྲུབ་པ་ལ་སོགས་པ་དེ་དགོས་པ་ཅིའི་ཕྱིར་བྱེད་ཅེས་ཞེ་ན། རྒྱལ་བ་མཆོད་ཕྱིར་ཞེས་པ་སྟེ། རང་གི་རིགས་ཀྱི་ལྷ་ལ་སོགས་པ་མཉེས་པར་བྱ་བའི་དོན་དུའོ་ཏོ་། །རྟག་པར་ཞེས་པ་ནི་ཉིན་རེ་ཞིང་མཆོད་པར་བ། །དེ་རྣམས་


JLD004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་འོག་ནས་གསང་དབང་བསྐུར་བའི་དཀྱིལ་འཁོར་ལ་བསམ་གཏན་དང་བྲིས་པ་གཉིས་བཤད་པའི་ཕྱི་མ་འདིར་བསྟན་པ་ཡིན་ལ། དེ་ཡང་རིམ་ལྔ་ལས་ཐུན་མོང་གི་དབང་དགུ་དང་བཅས་པའི་གསང་དབང་བསྐུར་བར་གསུངས་པས། དེའི་དབང་དུ་བྱས་ཀྱི་བུམ་དབང་བསྐུར་བ་དུས་སྔ་བར་རྫོགས་ནས། ཕྱིས་གསང་དབང་བསྐུར་བ་ལ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་མི་དགོས་སོ། ༈ །དེ་ལྟར་དཀྱིལ་འཁོར་བྲི་བ་དང༌། ད་མཆོད་པའི་ཡོ་བྱད་བསྒྲུབས་ནས། བསྒྲུབ་པའི་ཐབས་མདོར་བྱས་ལས་འབྱུང་བའི་རིམ་གྱིས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ལ། དེ་ནས་སྒྲུབ་པ་པོ་བདག་ཉིད་ཁདང་རང་གི་ཕྱག་རྒྱ་ལ་རིགས་ལྔ་སོགས་དགོད་པ་སེམས་དཔའ་སུམ་བརྩེག་གི་འོག་ཏུ་བྱ་སྟེ། དེ་ཡང་བསྟན་པའི་ཕྱིར ཀརིགས་ལྔར་བྱ་བ་སྟེ། རང་ལ་རིགས་ལྔ་དང་དེའི་རིགས་ཀྱི་ལྷ་ལྷག་མ་རྣམས་དགོད་པའི་ཤིན་ཏུ་རྣལ་འབྱོར་བྱ་བ་བསྟན་པའི་ཕྱིར། །གནུ་མའི་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུ་མའི་དབུས་ཞེས་བྱ་བ་ནི་སྙིང་གའི་གནས་སོ། །བར་ཞེས་བྱ་བ་ནི་མགྲིན་པ་ནས་སྙིང་ག་ཇི་སྲིད་པ་དེ་སྲིད་ཀྱི་བར་འདིར་ཡི་གེ་ཧཱུཾ་ལས་བྱུང་བའི་སྟེ་མི་བསྐྱོད་པའི་རིགས་དགོད་པའོ། །སྤྱི་གཙུག་མཐའ་ཞེས་བྱ་བ་ནི་སྤྱི་གཙུག་གི་མཐའི་སྒྲས་སྐྲ་མཚམས་ཉེ་བར་མཚོན་ཏེ་སྐྲའི་མཐའ་སྟེ་སྐྲའི་སྐྱེ་གནས་སྤྱི་གཙུག་ནས་སྐྲ་མཚམས་ཇི་སྲིད་པའི་བར་དུ་ཡི་གེ་ༀ་ལས་བྱུང་བའི་རྣམ་པར་སྣང་མཛད་དགོད་དོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ཤེས་པའོ། །བར་ཞེས་བྱ་བ་ནི་སྙིང་གའི་ཡ་མཐའ་དང་སྤྱི་གཙུག་གི་མ་མཐའ་སྐྲ་མཚམས་ཀྱི་བར་


JLD004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བར་དེ་ཡང་གང་ཡིན་ཞེ་ན། སྐྲ་མཚམས་ནས་མགྲིན་པའི་བར་རོ། །ལྐོག་མའི་ཕྱོགས་ཁའི་དཀྱིལ་འཁོར་ཏེ། དེར་ཡི་གེ་ཨཱཿ ལས་བྱུང་བའི་འོད་དཔག་ཏུ་མེད་པ་དགོད་པར་བྱའོ། །རྐང་བའི་བར་ཞེས་བྱ་བ་ནི་རྐང་པ་དང་བརླ་རྩའི་བར་དུ་ནི་རྐང་པའི་བར་རོ། །འང་དང་འདིར་དང་ཞེས་པ་དང༌། རྒྱུད་ལས་ཡང་ན་རྐང་པའི་བར། ཞེས་པའི་འགྱུར་རྙིང་གཉིས་མ་མཐུན་པས། པ་ཚབ་གྱིས། རྐང་བར་དུའང་ཞེས་པ་དང༌། འང་གི་སྒྲས་ནི་ཞེས་བསྒྱུར་བ་ལྟར་བྱའོ། །ཞེས་བྱ་བའི་སྒྲ་ནི་བར་དུ་དགོད་པར་མ་ཟད་རྐང་པ་གཉིས་སུ་འང་དགོད་ཅེ་ཞེ་ས་བསྡུ་བའི་དོན་ནོ་ཏེ་། དེར་ཡི་གེ་ཧཱ་ལས་བྱུང་བའི་དོན་ཡོད་པར་གྲུབ་པ་དགོད་པར་བྱའོ། །ལྟེ་བ་རྐང་བ་གསང་བ་ཞེས་བྱ་བ་ནི་འདིར་གསང་བ་ལ་ཞེས་འཐོབ་ཀྱང་བདུན་པ་དེ་མི་མངོན་པར་བྱས་པ་ཡིན་ཏེ། གནས་འདི་དག་ཏུ་ཡི་གེ་སྭ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་དགོད་པར་བྱའོ། །འདིར་སྤྱི་གཙུག་ནས་སྐྲ་མཚམས་པར་ལ་རྣམ་སྣང་དང༌། དེ་ནས་མགྲིན་པའི་བར་ལ་སྣང་མཐའ་དང༌། མགྲིན་པའི་མཐའ་ནས་སྙིང་གའི་བར་ལ་མི་བསྐྱོད་པ་དགོས་པར་བཤད་པ་ལྟར་ན། སྙིང་གའི་མཐའ་ནས་ལྟེ་བའི་བར་ལ་རིན་འབྱུང་དང༌། ལྟེ་བའི་མཐའ་ནས་རྐང་པ་གཉིས་ཀྱི་ཡ་མཐའ་བརླ་རྩ་བར་ལ་དོན་གྲུབ་དགོད་རྒྱུར་སྣང་ལ་འགྲེལ་པའི་ཚིག་ཟིན་ལྟར་ན། གསང་གནས་ཀྱི་རྩ་བ་ཡན་ལ་རིན་འབྱུང་དང༌། བརླ་རྩ་ནས་རྐང་སོར་བར་ལ་དོན་གྲུབ་འགོད་པ་འདྲ་བ་གཅིག་སྣང་སྟེ། གང་བྱས་ཀྱང་འདྲ་བར་མངོན་ན། འདིར་ༀ་ལ་སོགས་པ་བཞི་ལས་བྱུང་བའི་རིགས་བཞིའི་ལྷ་


JLD004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པར་གསུངས་པས། ལུས་དཀྱིལ་ལ་ལྷ་མི་བསྐྱེད་པར་ཡི་གེ་ཉིད་ལྷའི་རང་བཞིན་དུ་བསྒོམས་པ་ཡིན་ཞེས་པ་མི་འཐད་དོ། །རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔ། །རྒྱལ་བའི་སྲས་ནི་དེའི་རིགས་ཏེ་དེ་དག་གི་རིགས་ནི། དཔར་ན་རྣམ་སྣང་གི་རིགས་སྤྱན་མ། གཟུགས་རྡོ་རྗེ་མ། བྱམས་པ། ས་སྙིང་། གཤིན་རྗེ་གཤེད། མི་གཡོ་བ་སྟེ། དེས་རིན་འབྱུང་སོགས་གསུམ་གྱི་རིགས་ཀྱང་ཤེས་པར་བྱའོ། །རྒྱལ་བ་དང་རྒྱལ་བའི་སྲས་དག་ནི་རྒྱལ་སྲས་ཞེས་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དང་དེའི་རིགས་རྣམས་བསྒྲུབ་པའི་ཐབས་མདོར་བྱས་ལས་བཤད་པའི་ཆོ་གས། རིགས་ལྔའི་བདག་ཉིད་དང། དེའི་རིགས་སུ་གྱུར་པའི་ལྷ་རྣམས་རང་དང་ཕྱག་རྒྱའི་ལུས་ལ་དགོད་པ་ཇི་ལྟ་ཇི་ལྟ་བར་ཏེ། ཇི་ལྟར་རིགས་པ་བྱའོ་ཞེས་པའོ། །དེ་ལྟར་ན་ཡབ་ཀྱི་ལུས་དཀྱིལ་ལ་ལྷ་ཚང་བ་དང༌། ཡུམ་གྱི་ལུས་ལ་འགོད་པ་ན་ཁྲོ་མོ་བཅུ་བཞག་ནས་ཁྲོ་མོ་བཅུ་དང༌། བྱམས་པ་འཇམ་དབྱངས་ཀུན་བཟང་གསུམ་མདོར་བྱས་ལས་མ་བཀོད་པ་བཞིན་དུ་བྱའོ། ༈ །ཡུམ་ལ་ལྷ་རྣམས་འགོད་པ་དང༌། གསང་གནས་འདུ་བྱ་བ་སོགས་ཇི་སྲིད་པ་དེ་སྲིད་དུ་དེ་ལྟར་བྱས་པ་སྔོན་དུ་འགྲོ་བ འི་ཡབ་ཡུམ་སྙོམས་པར་འཇུག་པའི་ཐིག་ལེ་ལ ས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་སྲིད་པ་སྐྱེད་པའི་རིམ་པ་བཞིན་བསྟན་པར་བྱ་བའི་ཕྱིར། །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་རང་གི་ཕྱག་རྒྱའི་ཆོས་འབྱུང་བ་སྟེ་དེའི་དབུས་སུ་གནས་པའི་འོ་། །


JLD004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ་ཞེས་པའི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཐིག་ལེའོ་སོ་། །རྒྱ་མཚོ་ནི་མང་པོའོ། །བདག་ཉིད་ཟླ་བའི་དབུས་གནས་པར། ཞེས་པའི་ཟླ་བ་ནི། བཤད་མ་ཐག་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབུས་ན་གནས་པ་ནི་སྔར་དབུས་གནས་ཀྱི་དོན་དེ་ལས་བྱུང་བ་ལ་བཤད་པ་མང་པས་འདིར་ཡང་དེ་ལྟར་བྱ་ལ། བདག་ཉིད་ནི་རང་གི་ང་རྒྱལ་འཇོག་པའི་ལྷ་རྣམས་ཏེ། ལྷ་ཚང་པ་ཐིག་ལེ་སོ་སོ་ལས་སྐྱེད་ནས་ར་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །དེའི་འོག་ཏུ་བསྐྱེད་རིམ་ལ་མཁས་པས་མངལ་དུ་བསྐྱེད་པའི་དེ་བཞིན་གཤེགས་པ་རྣམས་འབྱིན་སྔགས་ཀྱིས་ཕྱུང་ལ་ཕྱིར་སྤྲོ་བར་བྱའོ། །ཞེས་པ་ནི་མཚོན་པ་ཙམ་སྟེ། སྤྲོས་ནས་མཛད་པ་མཛད། གཅིག་ཏུ་འདུས་ཡེ་ཤེས་པ་དང་འདྲེས་ནས་སླར་བྱོན་ཏེ། རང་གི་གནས་སུ་དགོད་པའི་བར་རོ། །ཞི་བ་རྡོ་རྗེ་འཛིན་ཅེས་པ་ལ་ཞི་བ་ནི་སེམས་རྩེ་གཅིག་པ་བརྟན་པ། །བརྟན་པོ་དེ་ཉིད་རྡོ་རྗེ་ལྟར་བརྟན་པས་ན་རྡོ་རྗེ་སྟེ་དེ་འཛིན་པས་ན་ཞི་བ་རྡོ་རྗེ་འཛིན་པ་སྒྲུབ་པ་པོ། །ཁབདག་ཉིད་ལ་ཀྱི་ཀ དེས་ཐུན་གྱི་མཐར་དཀྱིལ་འཁོར་སྙིང་གར་སྙིང་གར་ཏེ་:པ་ཚབ:བདག་ཉིད་ལ་ཞེས་འབྱུང་ངོ། །སྙིང་གར་ཏེ །གབསྡུ་བ་དག་ཀྱང་རབ་ཏུ་བྱའོ། །གལ་ཏེ་སྤྲོས་ཡ་:པ་ཚབ:བསྡུ་བར་འདོད་པར་གྱུར་ན་དེའི་ཚེ་བྱའོ་ཞེས་འབྱུང་ངོ༌། གལ་ཏེ་འདོད་ན་ཞེས་བྱ་བ་ནི་བསྡུ་བ ར་དང༌། ༡སྤྲོས་པ་ཏེ་སྔར་བསྐྱེད་པའི་དཀྱིལ་འཁོར་པ་རྣམས་བསྒོམས་པས་དུབ་སྟེ། ༣གང་འདོད་པར་གྱུར་པ་དེའི་ཚེ་ན་བྱའོ་ཞེས་བྱ་བར་དགོངས་སོ། །


JLD004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ལྟར་བདག་ཉིད་དང་དེའི་ལུས་དཀྱིལ་གྱི་ལྷ་བསྐྱེད་པ་བསྟན་ནས་བརྟེན་པའི་ལུས་དཀྱིལ་སྒོམ་པའི་སྔོན་དུ་ཡང་ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྐྱེད་པ་སྟོན་པ་ནི་རིན་པོ་ཆེ་སྣ་བཞི་ལ་སོགས་པའི་མཆོད་རྟེན་བྱ་སྟེ། ཞེས་གསུངས་པ་ལ་རིན་པོ་ཆེ་སྣ་བཞི་ནི་ཁམས་བཞིའི་ངོ་བོ་ཉིད་སྤྱན་ལ་སོགས་པ་བཞིའོ། །དེའི་རང་བཞིན་ཡིན་པས་ན་རིན་ཆེན་སྣ་བཞིའི་རང་བཞིན་ཏེ་རང་གི་ལུས་སོ་ནོ་། །དེའི་མཆོད་རྟེན་ནི་ལུས་དེ་ལས་གཞལ་ཡས་ཁང་བསྒོམ་པ་སྟེ། རྒྱུད་ཕྱི་མ་ལས། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱིས། བཞུགས་གནས་ཕོ་བྲང་ཡིན་པར་བཤད། ཅེས་རྩ་རྒྱུད་ལས། མཆོད་རྟེན་ཞེས་གསུངས་པའི་དོན་གཞལ་ཡས་ཁང་ལ་བཤད་པའི་ཕྱིར་རོ། །འོད་ཟེར་འཕྲེང་བ་ནི་དཀར་པོ་ལ་སོགས་པའི་འོད་ཀྱི་ཕྲེང་བ་སྟེ། དེ་རྣམས་ཀྱིས་ལུས་གཞལ་ཡས་ཁང་དུ་བསྐྱེད་པ་ལ་རྣམ་པར་བརྒྱན་ཞིང་མཛེས་པར་བྱས་པའོ། །ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱི་ཞེས་བྱ་བ་ནི། གཞལ་ཡས་ཁང་འདི་ཉིད་ཀྱི་ཁྱད་པར་གྱི་ངོ་བོ་སྟེ། ཡེ་ཤེས་ཀྱི་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དུས་གསུམ་ནི་དུས་གསུམ་དུ་བཞུགས་པ་སྟེ། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཞེས་པ་ཞིང་དུ་གྱུར་པ་ཡིན་པར་རྣམ་པར་བསམ་པ་སྟེ་རང་གི་ལུས་ཀྱི་སྟེ་ལུས་ལས་མཆོད་རྟེན་དུ་སྟེ་གཞལ་ཡས་ཁང་དུ་བསྒོམས་ལ། དེ་ནས་བརྟེན་པའི་ལུས་དཀྱིལ་སྒོམ་པ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་བར་དུ་བྱ་སྟེ། ༈ །སྔར་ལེའུ་བདུན་པར་བཤད་པའི་བདག་གི་བ་སྤུའི་བུ་ག་རྣམས་ལས་


JLD004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་དྲངས་ཏེ་ཕྱིར་སྤྲོ་བ་ནི། བསྐྱེད་པའི་རིམ་པ་ལ་བྱང་བའི་མཁས་པས་མཆོད་པའི་སྤྲིན་ཏེ་ཇི་ལྟར་འདོད་པའི་དོན་རྫོགས་པར་བྱེད་པས། སེམས་ཅན་གྱི་ཁམས་མཆོད་ཅིང་རྗེས་སུ་འཛིན་པར་མཛད་པས་ན། མཆོད་པ་སྟེ་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་སྤྲིན་ནི་ཚོགས་ཏེ་དེ་སྤྲོ་ཞིང་དབྱུང་བར་བྱའོ་ཞེས་པ་སྟེ། བདག་གིས་ཞེས་པའི་རྐང་པ་གཉིས་ཀྱིས་ནི་རྒྱུད་དུ་སྔར་མངལ་གྱི་ལྷ་སྤྲོ་བ་མ་བཤད་པ་འདིར་གསུངས་སོ། །སྒྲ་ཇི་བཞིན་པའོ། ༈ །ད་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་གཉི་གའི་ཐུན་མོང་གི་མཆོད་པའི་ཡན་ལག་བསྟན་པར་བྱ་བའི་ཕྱིར། མཁས་པས་ཨུཏྤལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པས་ཞེས་བྱ་བ་མེ་ཏོག་དང༌། ལྷའི་རིགས་ཀྱི་རྣམ་པར་དབྱེ་བ་ཤེས་པས་ཨུཏྤལ་ཏེ། དེ་ལ་དཀར་པོ་ལ་སོགས་པ་ཁ་དོག་རྣམ་པར་ལྔར་ཕྱེ་ལ། དེ་ཡང་དཀར་པོ་རྣམ་སྣང་ཞེས་སོགས་རིགས་རྣམ་པ་ལྔའི་དབྱེ་བས་ཤེས་པར་བྱ་བ་དང། །དེ་བཞིན་དུ་པདྨ་ལ་ཡང་ཁ་དོག་རྣམ་པ་ལྔར་ཕྱེ་བ་ལ་རིགས་ལྔར་ཤེས་པར་བྱའོ། །ཛཱ་ཏི འི་མེ་ཏོག་ནི་སྣ་མའི་མེ་ཏོག་རྣམ་གསུམ་སྟེ། སྔོ་དཀར་དམར་གསུམ་གྱི་ཁ་དོག་གསུམ་དུ་བྱས་ལ་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་བཞིན་དུ་མེ་ཏོག་ཀར་ནི་ཀཱ་ར་དང་མ་ལི་ཀཱ་དང་ཡཱུ་ཐི་ཀ་དང་མེ་ཏོག་ཀ་ར་བཱི་ར་བསམ་ཞིང་སྟེ། མེ་ཏོག་དེ་རྣམས་བསམ་གཏན་གྱི་སྟོབས་ཀྱིས་རབ་ཏུ་བསྐྱེད་དངོས་སུ་མ་འབྱོར་ན་ཡིད་ཀྱིས་བསྐྱེད་


JLD004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐལ་ལྡན་གྲགས་པས་བཤད་དོ། །ནས་སྔགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱའོ། ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ། ༈ །མེ་ཏོག་གི་མཆོད་པའི་ངེས་དོན་ལུང་སྟོན་གྱི་ལུང་གིས་བཤད་པར་བྱ་སྟེ། གང་ཞིག་རྩ་བ་དང་ཡན་ལག་གི་རླུང་ནི་བཅུར་བསྒྲགས་པ། དེ་ནི་པདྨ་ལྔ་དང༌། ཨུཏྤལ་ལྔའི་མིང། ཅན་བཅུའོ། རླུང་གི་དེ་ཉིད་ལྡང་འཇུག་གནས་གསུམ་ཞེ་ཅེ་ས་གྲགས་པའི་རྡོ་རྗེ་སྟེ། རླུང་སྔགས་དབྱེར་མི་ཕྱེད་པ་གསུམ་ནི་ཛཱ་ཏི འི་མེ་ཏོག་གཅིག་པུ་ལ་རིགས་གསུམ་དུ་འདོད་པའོ ། །ཀར་ནི་ཀཱ་ར་མ་ལི་ཀཱ། ཡཱུ་ཐི་ཀ་ར་བཱི་ར་བཞི་ནི། །གོ་རིམ་བཞིན་དུ་སྤྱན་སོགས་ལྷ་མོ་བཞི་སྟེ་ཏེ་། དེ་ཡང་དབང་ཆེན་ཏེ། ས་རླུང་ནས་རླུང་གི་རླུང་བཞི་སོགས་པར་འདིར་སྦྱར་ཏེ། རྩ་བའི་རླུང་བཞིའོ་རོ་། །ཟབ་མོ་རྡོ་རྗེ་བཟླས་པའི་རྣལ་འབྱོར་ལ་བརྟེན་ནས་དངོས་མེད་འོད་གསལ་གྱི་གོ་འཕངས་ལ་དགོད་པ་སྟེ། དེར་ཞུགས་ན ས། །ལྷ་རྣམས་ཀྱི་ནི་ཟུང་འཇུག་གི་སྐུར་སྦྱོར་བ་ནི། མཐའ་གཅིག་ཏུ་སངས་རྒྱས་ཀུན་མཉེས་པའི། །མཆོད་པ་ཆེན་པོར་མཆོད་པ་དེ་འགྱུར་རོ། །ངེས་དོན་དུ་བཤད་པ་དེ་ཉིད་མེ་ཏོག་གི་མཆོད་པ་ཡིན་པར་སྟོན་པས་དགོངས་ན ས་ཏེ། བ་ལ ། །ཕྱི་མའི་དུས་ཀྱི་སྐྱེ་བོས་དེའི་ངེས་དོན་མི་ཤེས་ཏེ། །དེ་མ་རྟོགས་པས་ན་སེམས་ཅན་དེ་རྣམས་ཀྱི། །དངོས་གྲུབ་མཆོག་རིང་དུ་གནས་པར་


JLD004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལྟར་མ་ཤེས་པས་ལམ་འདི་ནི་བདག་གི་སྐལ་པ་མིན་ནོ་ཞེས། །ཟེར་ནས་བདག་ཉིད་སྨོད་པར་བྱེད། །སྨོད་ལུགས་དེ་བཞིན་དུ་བདག་ཉིད་སྨད་པས་ན། །སངས་རྒྱས་ཐམས་ཅད་སྨད་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་སྨད་གྱུར་པས། །མྱ་ངན་ལས་འདས་པ་ལས་གཞན་དུ་སྟེ། རྒྱབ་ཀྱིས་ཕྱོགས་པར་འགྲོ།ཞེས་གསུངས་པ་སྟེ། ངེས་པའི་དོན་ཏོ། །ངེས་པའི་དོན་དུ་བཤད་པ་འདིས་ནི་རླུང་བཅུའི་ནང་ནས་ཁྱབ་བྱེད་དོར་བའི་རྩ་བའི་རླུང་བཞི་དང༌། ཡན་ལག་གི་རླུང་ལྔ་ལ་དམིགས་ནས་རླུང་སྔགས་དབྱེར་མེད་པའི་རྡོ་རྗེའི་བཟླས་པ་བྱས་པས་སྟོང་བ་བཞི་འདྲེན་པ་སོགས་བྱེད་པས་དངོས་གྲུབ་མྱུར་བ་དང༌། དེའི་གནད་མི་ཤེས་ན་དངོས་གྲུབ་རིང་བར་གསུངས་པས་ཟབ་མོ་རྡོར་བཟླས་ཀྱི་གནད་ཤེས་པར་བྱའོ། །ཡང་ཞུམ་དྲགས་ནས་རང་ལ་སྨོད་པ་ཡང་ཉེས་དམིགས་ཆེ་བར་གསུངས་པས། དེ་འབད་པས་དགག་པར་བྱའོ། ༈ །ད་ནི་རིམ་གཉིས་ཀྱི་རྣལ་འབྱོར་པ་གཉི་གའི་ཐུན་མོང་གི་གསང་བའི་དབང་བསྐུར་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དཔག་ཚད་བརྒྱ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོས་རེ་ཞིང་དཔག་ཚད་ཉི་ཤུ་རྩ་ལྔ་ཡོད་པས་ན་དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ་ཞེས་བྱའོ། །འཁོར་ལོའི་སྒྲས་ཉེ་བར་མཚོན་པས་འཁོར་ལོ་ནི་རྣམ་པར་སྣང་མཛད་ཉིད་ལ་བྱ་བར་འདོད་པས་དེའི་དཀྱིལ་འཁོར་ནི་འཁོར་ལོའི་དཀྱིལ་འཁོར་རོ། །བསྒོམ་བྱས་ལ་ཞེས་བྱ་བ་ནི་བསྐྱེད་པ་སྟེ། ཡིད་


JLD004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྐྱེད་པའི་བསམ་གཏན་གྱི་དཀྱིལ་འཁོར་རམ་སམ་ཡང་ན་ཐིག་ཚོན་གྱིས་བྲི་བས་ཏེ། བྲིས་པ་ལ་ཡིད་ཀྱིས་དཀྱིལ་འཁོར༌། བསྐྱེད་པར་བྱའོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་བཤད་པ་འདིར་ཡང་སྦྱར་བར་བྱའོ། །རྣམ་པར་མཁས་པས་རྟག་པར་ནི་ཞེས་པ་ནི་དཀྱིལ་འཁོར་དུ་མཚན་མ་འགོད་པ་ལ་བག་ཡོད་པས་དུས་ཐམས་ཅད་དུའོ། །རིགས་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་རྣམས་ཏེ། འདི་རྣམ་སྣང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་ཡིན་པས་མི་བསྐྱོད་པ་ཤར་དང༌། རིན་འབྱུང་སོགས་ལྷོ་ལ་སོགས་པའི་ཕྱོགས་སུ་དགོད་པར་བྱའོ། །དེ་ཡང་ཇི་ལྟར་འཁོར་ལོའི་དཀྱིལ་འཁོར་གྱི་སྒྲས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྟོན་པ་དེ་བཞིན་དུ་པདྨ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རལ་གྲིའི་དཀྱིལ་འཁོར་ནི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་རོ། །ཨུཏྤལ་ཞེས་བྱ་བ་ནི་རིན་པོ་ཆེ་སྟེ། ཏ་ཞེས་བྱ་བ་ནི་སྡེབ་སྦྱོར་གྱི་དོན་དང་མི་འགལ་བའོ། །ཞེས་པ་ནི་ཨུ་པ་ནི་རིན་པོ་ཆེའི་རིགས་ཀྱི་རྡོ་ཡིན་ལ། དེ་ལ་ཏ་ཡིག་བསྣན་པས་ནི་སྡེབ་སྦྱོར་དང་མཐུན་པའི་དོན་དུའོ། །འདི་ཆག་འགྱུར་དང་མཐུན་ཞིང་མཁས་པ་དག་ཀྱང་དེ་ལྟར་སྨྲའོ། །དེ་བས་ན་དེ་བཞིན་དུ་ཨུཏྤལ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཡིན་པར་མཁས་པས་བསྒོམ་ཞིང་ཤེས་པར་བྱའོ། །དེ་ཡང་དཔག་ཚད་ནས་བརྩམས་ཏེ་དཔག་ཚད་བྱེ་བའི་བར་གྱི་ཁྱོན་ཙམ་ཇི་ལྟར་འདོད་ཅིང་དགའ་བའི་དབང་དུ་དཀྱིལ་


JLD004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བྱའོ། །མཆོད་རྟེན་དང་འདྲ་བས་ན་མཆོད་རྟེན་ཏེ་དཀྱིལ་འཁོར་རོ། །རིན་པོ་ཆེ་སྣ་བཞིའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཡིན་པས་ན་རིན་ཆེན་སྣ་བཞི་པའོ། །གསལ་བ་ནི་ཤེལ་དང་འདྲ་བ་སྟེ་འདིས་ནི་ཁ་དོག་དཀར་པོ་ཡོངས་སུ་གཟུང་ངོ༌། །རང་བཞིན་དྲི་མ་མེད་ཅེས་བྱ་བ་ནི༌། ལེའུ་བཞི་པར་བཤད་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ཡིན་པས་སོ། །རིགས་རྣམས་ཏེ་རིགས་ལྔ་རྣམས་ཀྱི་གནས་དང་གཞིར་ཞེས་པ་འདི་གནས་སུ་བསྒོམ་ཞེས་པའི་གནས་དེ་ཡིན་ནོ། །གྱུར་པར་ཤེས་རབ་ཅན་ཏེ་གསང་བའི་དབང་བསྐུར་བ་ཤེས་པའི་རྣལ་འབྱོར་བས་མཆོད་པའི་ཕྱིར་ཏེ། གསང་བའི་དབང་བསྐུར་བའི་ཕྱིར་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །དཔག་ཚད་བརྒྱ་ཡི་ཞེས་པ་ནས། གནས་སུ་བསྒོམ་ཞེས་པའི་བར་ཀྱིས་སྔར་ས་ཕྱོགས་སུ་བྱུག་ཅིང་དཀྱིལ་འཁོར་བྱའོ། ཞེས་པ་རྒྱས་པར་བཤད་ལ། བསམ་གཏན་གྱིས་དཀྱིལ་འཁོར་ཡང་བསྟན་ནོ། ༈ །དེ་ལྟར་བླ་མའི་བྱ་བ་དབང་བསྐུར་བའི་སྔོན་དུ་དཀྱིལ་འཁོར་གཉིས་བྱ་བ་བསྟན་པའི་འོག་ཏུ་གསང་བའི་དབང་བསྐུར་བ་ཐོབ་པ ར་འདོད་པའི་སློབ་མས་ལྷ་དང་བླ་མ་ལ་གང་ཞིག་བྱ་བ་དེ་བསྟན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་ལ་སོགས་པའི་ཡུལ་ལྔའོ། །འདོད་ཡོན་ལྔ་པོ་དེ་རྣམས་ཀྱིས་དེ་ལ་ཞེས་བྱ་བ་སྟེ།


JLD004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་དཀྱིལ་འཁོར་ལ་བརྟེན་པར་གྱུར་བའི་ལྷ་རྣམས་དང༌། བླ་མ་ལ་མཆོད་པ་རྒྱ་མཚོ་སྟེ། མཆོད་པ་སྣ་ཚོགས་པའི་རྒྱ་མཚོ་བརྩམ་པར་བྱ་ཞིང་སྟེ། བརྩམ་བའི་བྱ་བ་ལ་འཇུག་པར་བྱའོ། །འདོད་པའི་ཡོན་ཏན་ལྔ་པོ་དེ་ཉིད་སྤྲོས་ཏེ་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པ་བདུན་ནོ་འོ་། ན་བཟའ་ནི་དར་དང་འདི་ལ་དར་ཆེན་:ཆག:དང་བ་དང༌། ཀ་ཤིའི་དར་ཞེས་ཀྱང་:པ་ཚབ:བསྒྱུར་རོ། །བ་ལ་སོགས་པ་སྟེ། མིག་གི་དབང་པོའི་ཡུལ་བསྟན་ནས། སོགས་པའི་སྒྲས་ནི་རྣ་བའི་དབང་པོ་ལ་སོགས་པ་དབང་པོ་ལྷག་མ་བཞི འི་ཡུལ་སྒྲ་སྙན་པ་དྲིན་ཞིམ་པ། རོ་ཞིམ་པ། རེག་བྱ་འཇམ་པ་རྣམས་སྟོན་པ་ཡིན་ནོ། །དེ་རྣམས་ཀྱིས་མཆོད་པ་དེ་དགོས་པ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་འདོད་པས་ཏེ་དྲི་མའི་རྙོག་པ་ཐམས་ཅད་འཁྲུད་པས་ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར་བྱང་ཆུབ་སྟེ། གསང་དབང་བསྐུར་བའོ། །དབང་དེ་འདོད་ཅིང་སྟེ། ཐོབ་པར་འདུན་པས་མཆོད་པར་བྱའོ། །རྟག་ཏུ་ཞེས་པ་ནི་ཇི་སྲིད་དུ་དབང་བསྐུར་བ་བརྩམས་ནས་ཡོངས་སུ་རྫོགས་ཀྱི་བར་དུ་ཉིན་རེ་ཞིང་མཆོད་ཅིང་མཉེས་པར་བྱའོ། །མཆོད་པ་རྣམ་པ་ལྔ་ནི་མེ་ཏོག་ལ་སོགས་པའོ། །དེས་མཆོད་པས་ན་མཆོད་པ་རྣམ་པ་ལྔའོ། །དེ་རྣམས་ཀྱི་མཆོག་ནི་དེ་དག་གི་ནང་ནས་ཤིན་ཏུ་ཕུལ་དུ་བྱུང་བས་སོ། །རྟག་ཏུ་ལྷ་རྣམས་དང་བླ་མ་མཉེས་པར་བྱའོ། ༈ །ལྷ་རྣམས་


JLD004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང་བླ་མའི་ཐུན་མོང་གི་མཆོད་པ་བསྟན་ནས། བླ་མའི་ཁྱད་པར་གྱི་མཆོད་པ་བསྟན་པའི་ཕྱིར། རིན་ཆེན་འབྱུང་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་ནི་འཁོར་བ་ཇི་སྲིད་པར་གནས་པ་འབྲས་བུའི་སྐབས་ཀྱི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ། །བདེ་ཆེན་དེ་སྐྱེད་པའི་ཞིང་དུ་གྱུར་པས་འབྱུང་གནས་སོ། །ན་ཆུང་ནི་ལང་ཚོ་མ་ཉམས་པའོ། །མཆོག་ནི་ཕྱག་རྒྱ་རིགས་བཞིའི་མཆོག །ཁབུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཀཔདྨ་ཅན་ཏེ་ནོ་། རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན་ཞེས་བྱ་བ་ནི། རིན་པོ་ཆེ་དཔག་ཏུ་མེད་པ་ཐ་དད་པ་དུ་མ་དང་། ༡གོས་དང་དྲི་དང་བྱུག་པ་ལ་སོགས་པས་བརྒྱན་པ་སྟེ། དེ་ལྟ་བུའི་བུ་མོ་ཡིད་དུ་འོང་བའི་གཟུགས་ཅན་དབུལ་བར་བྱའོ། །དེ་འབུལ་བ་དགོས་པ་ཅིའི་ཕྱིར་ཞེ་ན། སྒྲུབ་ཚེ་རྒྱུད་དུ་སྒྲུབ་ཚེ་ཞེས་པའི་ཚེ་ནི་འགྱུར་གསར་གཉིས་ལ་མེད་དོ། །རབ་ཏུ་འགྲུབ་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། བསྒྲུབ་ཅིང་བསྐྱེད་པ་ཡིན་པས་ན་སྒྲུབ་པ་སྟེ་འབྲས་བུ་ཐ་མལ་པ་ཐུན་མོང་གི་དངོས་གྲུབ་བོ་འོ་། །རབ་ཏུ་འགྲུབ་པ་ནི་ཁྱད་པར་ཅན་འགྲུབ་པ་སྟེ། གང་ཡིན་ཞེ་ན། སངས་རྒྱས་ཉིད་དེ་འདི་འགྲུབ་པའི་ཕྱིར་ཞེས་པ་ནི་འགྲུབ་པའི་རྒྱུར་དབུལ་བར་བྱ་བའོ། །གང་ལ་དབུལ་ན། སངས་རྒྱས་ཀུན་ལ་དབུལ་བར་བྱ་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅན་ཀྱི་རང་བཞིན་ཡིན་པས།


JLD004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གཅིག་པུ་ལའང་སངས་རྒྱས་ཐམས་ཅད་ཀྱི་སྒྲས་རྣམ་པར་བརྗོད་དེ་དེ་ལ་དབུལ་ཞིང་རབ་ཏུ་བསྟབ་པར་བྱའོ། ༈ །ཡུལ་བླ་མ་ལ་ཁྱད་པར་ཅན་གྱི་རྫས་དབུལ་བར་བྱ་བ༡་ལ འི་དབུལ་བར་བྱ་བའི་ཆོས་ལ་:པ་ཚབ:་འདི་ཙམ་ཞིག་ཏུ་ཡོངས་སུ་ཆད་པ་མེད་པར་ཞེས་འབྱུང་ངོ༌། །དོན་དུ་ འདི་ཙམ་ཞིག་ཏུ་ཞེས་ཚད་ཡོངས་སུ་ཆད་པ་མེད་པར་བསྟན་པར་བྱ་བའི་ཕྱིར། ཞིང་འདིར་རིན་ཆེན་སྣ་བདུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་རཱ་ག་དང༌། །ཨིནྡྲ་ནཱི་ལ་དང༌། བཻཌཱུརྱ་དང༌། མ་རྒད་དང༌། །རྡོ་རྗེ་དང་མུ་ཏིག་དང་བྱུ་རུ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བའི་ཞིང་འདི་ཉིན་རེ་ཞིང་དབུལ་བར་བྱ་བའམ། །ཁབུད་མེད་སྟེ། བཙུན་མོ་རིན་པོ་ཆེ་དང་སྐྱེས་པ་སྟེ། ཁྱིམ་བདག་དང༌། ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་འཁོར་ལོ་དང་རལ་གྲི་འཛིན་པའི་དམག་དཔོན་ཞེས་གྲགས་པ་བློན་པོ་རིན་པོ་ཆེ་ཡིན་གྱི། ཉེ་བའི་རིན་པོ་ཆེའི་རལ་གྲི་ནི་མ་ཡིན་ནོ། །དང་གླང་པོ་དང་རྟ་རིན་པོ་ཆེ་ཀཡང་ན། ག མཁས་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་མཁས་པས་ཉིན་རེ་ཞིང་དབུལ་བར་བྱའོ། །ཤེས་རབ་ཅན་ནི་རབ་ཀྱི་མཐར་ཐུག་པའི་ཞེས་པ་ལ་ཤེས་རབ་ཅན་ནི་རབ་ཏུ་གསལ་བའི་ཤེས་པ་དང་ལྡན་པའོ། །ཞེས་པ་ལྟར་


JLD004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཡེ་ཤེས་དང་ལྡན་ཞིང་ཡེ་ཤེས་འདོད་པས། བླ་མ་ལས་གཉིས་སུ་མེད་པའི་ཡེ་ཤེས་སོ་སོར་རྟོགས་པར་བྱ་བར་འདོད་ཅིང༌། བླ་མ་དེའི་མན་ངག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པའི་ཤེས་རབ་ཅན་གྱིས་དབུལ་བར་བྱ འོ་ཞིང༌་། དངོས་སུ་འབུལ་རྒྱུ་མེད་ན་བསམ་གཏན་གྱིས་ཏེ། བསྒོམས་ནས་ཀྱང་རྒྱལ་སྲིད་སྣ་བདུན་པོ་ཐམས་ཅད་བསྐྱེད་ནས་དབུལ་པ་པར་བྱའོ་ཞེས་པའོ། །འདི་ནི་མཆོད་པ་གཞན་ལའང་འདྲ་བས་ན་ཆུང་གིས་མཆོད་པར་གསུངས་པ་ལའང་བསམ་གཏན་གྱིས་ཀྱང་བསྐྱེད་ནས་བླ་མ་སོགས་ལ་ཕུལ་ན། རྒྱུ་མཐུན་གྱི་འབྲས་བུའི་གནད་ཀྱིས་ཁྱད་པར་ཤིན་ཏུ་ཆེའོ། ༈ །དེ་ལྟར་སློབ་མས་མཆོད་པའི་ཡོ་བྱད་ཐམས་ཅད་བསྟབས་ནས་ཏེ་བསྟབས་བ་ལ། བླ་མས་ཅི་ཞིག་བྱ་ཞེ་ན། བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་རིགས་སོ་སོ་བའི་དཀྱིལ་འཁོར་ཇི་ལྟར་བཤད་པ་དེ་ལྟར་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་བདག་པོའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེར་མཉམ་པར་བཞག་ནས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་འཛིན་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སློབ་མས་ཕུལ་བའི་ན་ཆུང་ལ་སོགས་པ་བླང་བར་བྱའོ། །སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ། ཞེས་པ་ནི། དེ་བཞིན་གཤེགས་པའི་ལྷའི་འཁོར་ལོའི་དབུས་སུ་རེག་པའི་བདེ་བ་དབུལ་ཞེས་སྦྱར་རོ་འོ་། །འདོད་ཆགས་ནི་བདེ་བ་ཆེན་པོའོ། །གང་ཟག་གང་གི་བློ་བདེ་བ་ཆེན་པོ་དེར་འཇུག་པ་དེ་དང་ལྡན་པ་ནི་འདོད་ཆགས་བློ་ཅན་ཏེ། འདོད་ཆགས་ཀྱི་བློ་ཅན་དེ་རྣམས་ཀྱི་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་རེག་པའི་


JLD004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་སྟེ། རིག་མ་རེག་རྡོ་རྗེ ར་བསྐྱེད་པ་དང༌། མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་དབུལ་བར་བྱའོ། ༈ །དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་གྱིས་ཡུམ་དང་སྦྱར་བའི་བདེ་བ་དབུལ་བའི་གཙོ་བོར་སྐྱེད་ལུགས་དེ་ཡང་ཇི་ལྟར་ཞེ་ན། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལས་སོགས་པ་གསུངས་ཏེ། གཙོ་བོར་བསྐྱེད་ཚུལ་ནི་ནམ་མཁའི་དབྱིངས་ནི་ནམ་མཁའ་སྟོང་པ་ཉིད་དེ། ཡེ་ཤེས་ཀྱི་ས་བསྐྱེད་པའོ་སྟེ་། སྟོང་པ་ཉིད་དེའི་དབུས་ན་གནས་པར། རྟེན་གྱི་དཀྱིལ་འཁོར་དང༌། དེར་ལྷག་མོས་ཀྱི་ལྷ་བཀོད་པ་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །དེ་ལྟར་ལྷག་མོས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསམས་ནས་དེ་ནས་ཅི་ཞིག་བྱ་སྙམ་ན། །ལྷག་མོས་ཀྱི་ལྷ་རྣམས་རང་ལ་བསྡུས་ཏེ། འོད་གསལ་དུ་གགཟུགས་ཀྱི་ཕུང་པོ་ལ་སོགས་པའི་ངོ་བོ ར་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ལུས་དཀྱིལ་འགོད་པའོ། །ཁའོད་གསལ་དུ་གཞུག་པ་དེ་ཅིའི་ཕྱིར་བྱེད་ཅེ་ན། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་མངོན་བྱང་ལྔས་རྡོ་རྗེ་འཆང་དུ་བསྐྱེད་པ་སྤྲུལ་སྐུར་བསྒྱུར་བ་ལ་སྤྲུལ་པའི་སྐུ་འཛིན་པར་བྱ་བའི་ཕྱིར་རོ། །ཀགཞུག་པར་བྱའོ། །ཅ ལྷག་མོས་འོད་གསལ་དུ་བཅུག་པ་དེ་ནས་བདག་གི་ལུས་མངོན་བྱང་རྣམས་ལས་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ཉིད་ཀྱི་ལུས་སུ་བསྐྱེད་པ་སྤྲུལ་སྐུར་བསྒྱུར་བ་དེ་དེ་བཞིན་གཤེགས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ལས་བསྒྲུབས་པར་ཡོངས་སུ་བསྐྱེད་པར་བྱས་


JLD004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཤིན་ཏུ་རྣལ་འབྱོར་གྱི་བར་དུ་བསྐྱེད་པ་འདི་ཙམ་གྱིས་ཀྱང་མཆོག་གིས། དཀྱིལ་འཁོར་རྒྱལ་མཆོག་ཚང་བར་བསྐྱེད་པའི་གཙོ་བོ་གང་ཡིན་དེའི་ང་རྒྱལ་འཛིན་པའི་བླ་མ་ལ་བདེ་བ་དབུལ་ཞེས་པའི་དོན་ནོ། །འདིར་རྡོ་རྗེ་འཆང་དུ་བསྐྱེད་བར་གསུངས་པ་ནི་རིགས་ལྷག་མ་ལྔ་ཡང་མཚོན་པ་ཙམ་སྟེ་སྔར་བཤད་ཟིན་ཏོ། །སྟེ་བྱས་པའི་བླ་མ་ལ་ཞེས་སྦྱར་རོ། །བླ་མ་ལ་བཤང་པ་སྟེ་ཡུལ་དང༌། གཅི་བ་སྟེ་དབང་པོ་ཡིན་པས་ན། རིག་མའི་གཟུགས་ལ་སོགས་པའི་ཡུལ་དང་དབང་པོ་རྣམས་ཀྱིས་ཏེ། དེའི་ལུས་ཀྱིས་བླ་མ་ལ་མཆོད་ཅིང་རྗེད་པས་ཚིམ་པར་བྱའོ། །རིག་མའི་མཆོད་པ་དེ་ཉིད་ནི་བཞིན་བཟང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བཞིན་བཟང་ཞེས་པ་ནི་དགའ་བས་སེམས་རབ་ཏུ་དང་བའི་ཡིད་ཚིམ་པར་བྱེད་པའི་ཕྱིར་ཏེ་ཡིད་དུ་འོང་བའོ། །ན་ཆུང་ནི་སློབ་མས་བསྟབས་པའོ། །བྱིན་གྱིས་བརླབས་ཀྱི་གནས་བསམས་ཏེ། ལུས་ལ་ལྷག་པར་གནས་པར་བྱེད་པས་ན་བྱིན་གྱིས་རློབ་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་གནས་ནི་ཡི་གེ་ༀ་ལ་སོགས་པའི་ས་བོན་རྣམས་ཏེ། དེ་རྣམས་ཕྱག་རྒྱའི་ལུས་ལ་སྔར་བཤད་པ་ལྟར་གནས་ཇི་ལྟ་བ་བཞིན་དུ་བསམ་ཞིང་རྣམ་པར་དགོད་པས། རིགས་ལྔས་བྱིན་གྱིས་བརླབ་པ་བྱས་ལ་སངས་རྒྱས་མཆོད་པ་སྟེ། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྙོམས་པར་འཇུག་པའི་


JLD004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཅན་རབ་ཏུ་བརྟག་ཅིང་ལྟ་ཚུལ་དེ་ལ་ལྷག་:ཆག:པར་གནས་པར་བྱའོ། །བྱིན་གྱིས་བརླབ་པར་བྱའོ། །འདི་ཉིད་ནི་ཕྱིའི་མཆོད་པ་ལ་ལྟོས་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་བྱ་སྟེ། ཆགས་པ་མཆེད་པ་དང༌། ཆགས་པ་དང་བྲལ་བ་སྣང་བ་དང༌། ཆགས་པ་བར་མ ཉར་ཐོབ་ཀྱི་འི་རིམ་གྱིས་ཉོན་མོངས་པ་རྣམ་པར་དག་པ ར་བྱེད་པའི་གནས་འོད་གསལ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། ༈ །[ ཆག་གིས། མིག་ཡངས་ཁུ་བ་བླངས་ནས་ནི། ཞེས་པ་ལ་སྙོམས་པར་འཇུག་པའི་མཆོད་པའི་འོག་ཏུ། མིག་ཡངས་ནི་བུད་མེད་ཏེ་ཁུ་བ་བླངས་ནས་ནི། ཕྱག་རྒྱའི་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་བླངས་ནས། བྱང་ཆུབ་ལས་མི་གཡོ་བའི་བསམ་པ་དང་ལྡན་པའི་ཕྱིར། བརྟན་པའི་བློ་དང་ལྡན་པ་སྟེ། རྡོ་རྗེ་སློབ་མས་བླ་མས་བྱོན་པ་འདིས་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ། ཞེས་བསམས་ནས་བཟའ་ཞིང་སྤྱད་པར་བྱའོ། །ཞེས་བསྒྱུར་བ་འདི་ཉིད་བདེའོ། །སྙོམས་པར་ཞུགས་པའི་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ནི། པདྨ་ལ་གནས་པའི་བླ་མའི་རྡོ་རྗེའི་བྱང་ཆུབ་ཀྱི་སེམས་དང༌། ཡུམ་གྱི་བྱང་ཆུབ་ཀྱི་སེམས་གཉིས་ཀ་དགོས་པས། ཡབ་དང་ཡུམ་ལས་ཐོབ་པའི་གསང་དབང་གཉིས་བསྐུར་བ་ཤེས་པར་བྱའོ། །མིག་བཟང་སྟེ་བུད་མེད་ཀྱི་ཕྱག་རྒྱའོ། །བརྟན་པའི་བློ་ལྡན་པ་སྟེ་བྱང་ཆུབ་ལས་མི་གཡོ་བའི་བསམ་པས་ཁུ་བ་བླངས་ནས་ཏེ། སྙོམས་པར་འཇུག་པའི་མཆོད་པའི་འོག་ཏུ་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་བླངས་ལ་བཟའ་བར་བྱ་སྟེ། སློབ་མ་ལ་བླ་མས་བྱིན་པ་འདིས་རང་གི་


JLD004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་བསམས་ནས་བཟའ་བར་བྱ་ཞིང་སྤྱད་པར་བྱའོ། ༈ །བླ་མས་ཀྱང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཕྱུང་བ་དུང་ཕོར་ལ་སོགས་པར་བཞག་ལ། དྲི་བཟང་པོ འི་ཆུ་དང་བསྲེས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྤྱི་བོར་གཏོར་ཞིང་འཐུང་དུ་གཞུག་ལ་སློབ་མ་དབང་བསྐུར་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཟླ་གསང་ཐིག་ལེ་ལས། ཁབྱང་ཆུབ་སེམས་ནི་ཀརིན་ཆེན་འབར་བ་ཞེས་པའི། །རྡོ་རྗེ་དང་པདྨའི་ནང་ནས་ཕྱུང་བས། །མ་ལུས་རྒྱལ་བ་རྣམས་ནི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་ལུས་སྐམས་པ་ནི་བདེ་བའི་རླན་དང་བྲལ་བའོ་ལ་། །རྣམ་པར་དག་པའི་རྡོ་རྗེ་ནི། ཐ་མལ་པ་སྦྱངས་ནས་རྡོ་རྗེར་བསྐྱེད་པ་སྟེ། དེས་པདྨ་ཡང་མཚོན་ནོ། །དེ་དག་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུ། །ནི་ཁམས་དཀར་དམར་རོ། །དྲི་མ་མེད་པ་ནི་ཡི་གེ་གསུམ་གྱིས་བསྔགས་ནས་སྦྱངས་བ་སོགས་བྱས་པ་དེས་སློབ་མའི་རིན་ཆེན་ནི་བྱང་ཆུབ་ཀྱི་སེམས་སོ། །༣སྤྱི་བོ ར་དབབ་པ་བྱས་ནས་དབང་བསྐུར་རོ། ཞེས་གསུངས་སོ། །རྒྱུད་ཕྱི་མའི་འགྲེལ་པ་ལས། མིག་ཡངས་སྔགས་ཀྱི་སྣོད་དུ་རུང༌། མེ་ཏོག་བཅས་ཤིང་ས་བོན་འབྱུང༌། །བླངས་ནས་གསང་བའི་དབང་བསྐུར་བ། སྔགས་པས་སློབ་མ་དག་ལ་སྦྱིན། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། དྲི་ཆུ་རྐང་དང་ཡང་དག་ལྡན། །ཞེས་


JLD004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐང་པ་དྲུག་གིས། བྱང་ཆུབ་སེམས་ནི་ཞེས་སོགས་ཀྱིས་བསྟན་པའི་གསང་དབང་བསྟན་པར་བཤད་དེ། །སློབ་དཔོན་གྱི་རྡོ་རྗེ་ཡུམ་གྱི་པདྨའི་ནམ་མཁའི་ཁམས་སུ་འཕྲད་པ་ལས་བྱུང་བའི་དྲི་ཆུ་དང་རྐང་སྟེ། ས་བོན་ཀུནྟ་ལྟ་བུ་གཉིས་ལ། ཡང་དག་ལྡན་ཞེས་པ་བདུད་རྩི་ཕྱི་མ་གསུམ་སྦྱར་བས་སྤྱི་བོར་གཏོར་ཞིང་འཐུང་དུ་གཞུག་པའོ། །རྡོ་རྗེ་པདྨའི་སྦྱོར་བ་ཡིས། རྡོ་རྗེ་ཅན་ཀུན་ཡང་དག་བསྡུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། དེ་དག་ཐམས་ཅད་སྙིང་གར་བསྡུ། རྡོ་རྗེའི་ལམ་ནས་ཕྱུག་ནས་སུ། །སློབ་མའི་ཁར་ནི་དབབ་པར་བྱ། །འདི་ནི་གསང་སྔགས་དེ་ཀུན་གྱི། དབང་བསྐུར་བ་ཡི་གོ་འཕང་མཆོག །ཅེས་པའི་ཚིགས་བཅད་གཉིས་ཀྱིས། གསང་དབང་མཆོག་བསྐུར་བ་སྟོན་པར་འགྲེལ་པར་བཤད་དོ། །ཡང་འགྲེལ་པར་ཟླ་གསང་ཐིག་ལེ་ལས། རྡོ་རྗེ་པདྨོ་ལས་དྲངས་པ། སྤོམ་པོ་དང་ནི་དབང་གིས་བླངས༌། རྡོ་རྗེ་རྐན་དུ་བཞག་པར་བྱ། ཞེས་དང༌། དེ་ནི་གསང་བ་ཞེས་བྱ་སྟེ། དབང་བསྐུར་བ་ཡི་ཐབས་མཆོག་གོ །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། རང་གི་ཁར་ནི་རྡོ་རྗེ་བཞག །སེམས་དཔའ་ཆེན་པོས་དྲངས་བྱས་ན། སེམས་ཀྱི་བྱང་ཆུབ་བདེ་བ་ཐོབ། འདི་ནི་མཆོག་ཏུ་གསང་བ་སྟེ། ཞེས་པ་རྣམས་གསང་དབང་ཕྱི་མའི་ཤེས་བྱེད་དུ་དྲངས་སོ། དེའི་རྐང་པ་དང་པོས་གསང་རྫས་སོ་སོ་བ་གཉིས་བསྟན། སྦོམ་པོ་ནི་མཐེ་བོང་ངོ། །དབང་ནི་རྡོ་རྗེ་མཁའ་འགྲོ་ལས། དབང་དུ་བྱ་བ་སྲིན་ལག་གསུངས། ཞེས་གསུངས་པ་ལྟར་སྲིན་ལག་སྟེ། དེ་གཉིས་ཀྱིས་བླངས་པའི་རྡོ་རྗེ་དང་པདྨའི་ཐིག་ལེ་ལྕེ་དང་རྐན་དུ་འཇོག་པའོ། །དེ་ནི་མཆོག་གི་གསང་དབང་ངོ༌། །སློབ་དཔོན་རང་གི་རྡོ་རྗེ་སློབ་མའི་ཁར་བཞག་པ་དེས་དྲངས་ནས་འཐུང་བ་ལས་བྱང་སེམས་ཀྱི་བདེ་བ་ཐོབ་པ་


JLD004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཆོག་ཏུ་སྟེ། ཤིན་ཏུ་གསང་པའི་གསང་དབང་དུ་བཤད་པའི་ཚུལ་གསུམ་མོ། བྱང་ཆུབ་སེམས་ནི་ཞེས་སོགས་ཀྱིས་བསྟན་པའི་གསང་དབང་འདི། །གསང་བ་གྲུབ་པ་དང༌། རིམ་ལྔ་དང་སྤྱོད་བསྡུས་ཀྱིའང་དགོངས་པའོ། །གསང་དབང་འདི་སྐལ་ངན་དང་གསང་དབང་བར་མ་སྐལ་བཟང་གི་དབང་དུ་བྱས་པ་མིན་ཏེ། སྔ་མ་བསྐུར་བ་དེ་ཉིད་ལ་ཕྱི་མ་འདི་བྱེད་པར་གསང་བ་གྲུབ་པ་ལས་གསུངས་པའི་ཕྱིར། ༈ །གསང་དབང་བསྐུར་བའི་ཕན་ཡོན་སྟོན་པ་ནི་འདི་ནི་ཞེས་བྱ་བ་ནི་གང་བཤད་མ་ཐག་པའི་མཆོད་པ་བསྟན་པས། གསང་བའི་དབང་བསྐུར་བ་སྟེ། དབང་དེ་ནི་སྔགས་རྣམས་ཐམས་ཅད་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བར་གྱུར་པ་སྟེ། དེ་རྣམས་ཀྱིས་གསུངས་པ། །སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ་ཞེས་བྱ་བ་ནི། མི་འཇིག་པ་སྟེ། རྡོ་རྗེ འི་སྐུ་དང་གསུང་དང་ཐུགས་དབང་འདིས་སྐྱེད་པས་སོ། །ཡེ་དགྲ་ནག་ལས་ཀྱང། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེའི་ལུས་ནི་རབ་ཏུ་བསྒྲུབ། །ཅེས་གསུངས་སོ། །ཤེས་རྡོ་རྗེ་ཅན་ནི་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །གསང་བ་ནི་བྱ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་འོག་མ་གསུམ་ལ་ཞུགས་པ་རྣམས་ལ་གསང་བ་ཡིན་པས་སོ། །སྔགས་ཀྱི་དངོས་གྲུབ་བྱེད་པ་ཞེས་པ་ལ། །སྔགས་ནི་འཇིག་རྟེན་པའི་དངོས་གྲུབ་རབ་ཏུ་སྟེར་བར་བྱེད་པ་སྟེ། ཨཱ་ལི་དང་ཀཱ་ལི་ལས་བྱུང་བ་སྟེ། སྦྲུལ་ཞེས་བྱ་བ་ལ་སོགས་པ་སྔགས་རིགས་


JLD004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་སྔགས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་མ་ཚང་བ་མེད་པ་འཇིག་རྟེན་པའི་དངོས་གྲུབ་སྐྱེད་པའོ། །ཐུན་མོང་གི་དངོས་གྲུབ་དེ་ཡང་དབང་བསྐུར་བ་འདིས་འགྲུབ་པར་བྱེད་པས་ན་སྔགས་རྣམས་དངོས་གྲུབ་བྱེད་པ་སྟེ། སྒྲ་ཇི་བཞིན་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བརྒྱད་པ་མཐའ་དྲུག་གིས་བཤད་པའོ། ༈ ། །།གསང་དབང་གིས་མཚོན་པའི་དབང་བསྐུར་བ་རྫོགས་པའི་སྒྲུབ་པ་པོས་སྲོག་གཅོད་སོགས་སྤོང་བས་བྱང་ཆུབ་སྒྲུབ་པར་མ་ཟད་རྨད་དུ་བྱུང་བ་སྟེ། མི་སྲིད་པ་ལྟར་སྣང་བའི་སྲོག་གཅོད་པ་སོགས་ཀྱི་འི་བྱ་བས་ཀྱང་བྱང་ཆུབ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ༈ །དེ་ནས་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་འོག་ཏུའོ། །རྒྱལ་པོ་དང་རྡོ་རྗེ་འཛིན་ནི་སྔར་བཤད་དོ། །ཐམས་ཅད་ནམ་མཁའ་ཞེས་པ་ནི། སངས་རྒྱས་ཀྱི་སར་སྟོང་པ་བཞི་ལུགས་མཐུན་དུ་འགྲོ་བ་དང་ལུགས་བཟློག་ཏུ་འོང་བ་མེད་པར་འདི་ཉིད་ཀྱི་འོག་ནས་འཆད་པས། ནམ་མཁའ་སྟེ། སྟོང་པ་བཞི་ནི་སློབ་པའི་སྐབས་སུ་སྟོང་པ་སྔ་མ་གསུམ་སྔ་མ་ཕྱི་མ་ལ་ཐིམ་པའི་སྒོ་ནས་འོད་གསལ་དུ་ཞུགས་པའོ་འོད་གསལ་གྱི་ཡེ་ཤེས་ཀྱི་རྒྱུན་མི་སློབ་པའི་ས་ན་ཡོད་པ་དེ འི་བདག་ཉིད་ཅན་གྱིས་ན་ཐམས་ཅད་ནམ་མཁའ་སྟེ་བཅོམ་ལྡན་འདས་སོ། །འོད་གསལ་དེ འི་ངོ་བོ་ཡིན་པ་ཉིད་ཀྱིས་ན་མི་འགྱུར་ཆེའོ། །ཐམས་ཅད་དབང་བསྐུར་ཞེས་བྱ་

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JLD004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། བྱ་བའི་རྒྱུད་དང་ལ་སོགས་པ ས་སྤྱོད་པ་དང་རྣལ་འབྱོར་རྒྱུད་ལ་ར་རབ་ཏུ་ཞུགས་པ་རྣམས་ཀྱི་དབང་བསྐུར་བའི་སྤྱོད་པ་ཐམས་ཅད་དོ། །གསུམ་པོ་དེ་རྣམས་ཀྱི་སྟེང་ན་གནས་པས་ན་ཁཐམས་ཅད་ཀྱི་ཀའོག་མ་གསུམ་གྱི་དབང་བསྐུར་པའི་སྤྱོད་པའི་གམཆོག་གོ །དབང་ཕྱུག་དམ་པ་ཀུན་དོན་གྱིས་ཞེས་བྱ་བ་ལ། དངོས་གྲུབ་འདོད་པ་ཀུན་ཏེ་ཐམས་ཅད་ཀྱིས། དོན་དུ་གཉེར་ཞིང་གསོལ་བ་འདེབས་པས་ན་ཀུན་དོན་གྱིས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའོ། །རིགས་ལྔ་པོ་དེ་རྣམས་ཀྱི་དབང་ཕྱུག་དམ་པ་ནི་དེ་བཞིན་གཤེགས་པ་དྲུག་པ་སྟེ། དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གསུམ་མི་ཕྱེད་པའི་དཀྱིལ་འཁོར་བཤད་དོ་ཞེས་བྱ་བར་སྦྱར་རོ། །སྐུ་གསུང་ཐུགས་ལ་ལོངས་སྤྱོད་པ་ཞེས་བྱ་བ་ནི། རྡོ་རྗེ་འཆང་བདག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཁལོངས་སྤྱོད་ལ་སྟེ་ཀདཀྱིལ་འཁོར་གང་དུ་གཉེ་བར་ལོངས་སྤྱོད་པར་མཛད་པ་དེ་ནི་སྐུ་གསུང་ཐུགས་ལ་ལོངས་སྤྱོད་པའོ། ཞེས་ཆག་འགྱུར་དང་མཐུན་ནོ། །རྡོ་རྗེ་མི་ཕྱེད་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མོ་འོ་། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཤིན་ཏུ་རྨད་དུ་བྱུང་བའི་དཀྱིལ་འཁོར་རོ། །སངས་རྒྱས་ཡེ་ཤེས་ཅན་གྱི་གསང་ཞེས་བྱ་བ་ནི།ཆག་འགྱུར་ལས། ཉམས་དགའ་ནི་རིན་པོ་ཆེའི་གང་ཟག་ཁོ་ནའི་ཡུལ་ཡིན་པའི་ཕྱིར་རོ། །མཆོག་ནི་ཤིན་ཏུ་


JLD004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་དུ་བྱུང་བའོ། །གཞན་ལ་མི་བསྟན་པས་གསང་བའོ། །གང་ལ་ཞེ་ན། སངས་རྒྱས་ཐེག་པ་ཅན་ལ་སྟེ། སངས་རྒྱས་པའི་མུ་སྟེགས་ཅན་རྣམས་སྐྲག་པར་བྱེད་པས་སོ། ཞེས་བསྒྱུར་བ་ལེགས་པས། རྒྱུད་དུ། སངས་རྒྱས་ཡེ་ཤེས་ཅན་གྱི་གསང༌། ཞེས་པའང་སངས་རྒྱས་ཐེག་པ་ཅན་ལ་ཞེས་བསྒྱུར་བ་ལྟར་བྱའོ། སངས་རྒྱས་པའི་མུ་སྟེགས་ཅན་ནི་ཐེག་དམན་པའོ། །སྲོག་གཅོད་སོགས་ཀྱིས་བྱང་ཆུབ་བསྒྲུབ་པ་འདི་བསྐྱེད་རིམ་མཐར་ཕྱིན་པས་བྱེད་པས། རིན་པོ་ཆེ་ལྟ་བུའི་གང་ཟག་ཁོ་ནའི་ཡུལ་ཞེས་པ་ནི། འདི་རྣམས་ཀྱི་ངེས་དོན་ལ་དགོངས་སོ། །ཤིན་ཏུ་མཆོག་ཏུ་གྱུར་པས་རིན་པོ་ཆེ་ལྟ་བུའི་གང་ཟག་གི་ཡུལ་ཡིན་གྱི། །མདོ་སྡེའི་ཐེག་པ་ལ་སོགས་པར་སངས་རྒྱས་ཀྱི་མུ་སྟེགས་ཅན་རྣམས་སྐྲག་པར་བྱེད་པས་མ་གསུངས་པས་སོ། །རྣམ་པ་དེ་ལྟ་བུ་འཇིག་རྟེན་དང་འགལ་བའི་ཚིག་གི་སྒོ་ནས་བྱང་ཆུབ་ཐོབ་པའི་ཐབས་བཤད་དོ་ཞེས་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། ༈ །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ཞེས་བྱ་བ་ནི་ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །ཞེས་པ་ནི་མངོན་བྱང་ལྔ་ལས་རྡོ་རྗེ་འཆང་དུ་བསྐྱེད་པ་ནས་སེམས་དཔའ་སུམ་བརྩེག་གི་བར་དུ་བྱེད་བའི་དོན་ནོ། །སྐལ་ལྡན་གྲགས་པས་ཀྱང༌། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་འཆང་གི་སྐུ་སྒོམ་པར་བཤད་དོ། །འདིར་བོད་ཀྱི་བླ་མ་རྣམས་ལེའུ་བཅུ་གསུམ་པར་བཤད་པ་བཞིན་དུ་ཉི་མ་ལས་བྱང་ཆུབ་པ་སོགས་ལས་མི་བསྐྱོད་པ་དྲག་པོར་བསྐྱེད་པ་དང༌། །རྡོ་རྗེ་འཆང་དུ་བསྒོམས་པ་ལྷག་མོས་


JLD004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་ལ་འཆད་པ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟར་ཡིན་ན་དེ་བཞིན་ཉིད་ལས་བྱང་ཆུབ་པའི་རྗེས་སུ། རྡོ་རྗེ་འཆང་དུ་བསྐྱེད་བ་དེ་ཡོངས་སུ་གྱུར་བ་ལས་མི་བསྐྱེད་པར་སྒོམ་པ་ཤིན་ཏུ་གསལ་བར་བཤད་པ་དང་འགལ་བའི་ཕྱིར་དང༌། ལེའུ་བཅུ་གསུམ་པར་བཤད་པ་ལས་འདི་ཚུལ་གཞན་ཡིན་པའི་ཕྱིར་རོ། །རིགས་པ་དེས་འོག་གི་རིགས་ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས་ཞེས་བྱ་བ་ནི། སྔར་རྡོ་རྗེ་འཆང་དུ་བསྐྱེད་པ་དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་དྲག་པོའི་སྐུར་བསྐྱེད་པའོ། ། འདི་བླ་མ་རྣམས་ཞལ་བཞི་ཕྱག་དྲུག་པར་འདོད། སྐལ་ལྡན་གྲགས་པས་ཞལ་གསུམ་ཕྱག་དྲུག་པར་བཤད་དོ། །སྔར་མངོན་བྱང་ལྔ་ལས་རྡོ་རྗེ་འཆང་དུ་བསྐྱེད་པ་དེ་ཉིད་གྱུར་བ་ལས་མི་བསྐྱོད་པར་བསྐྱེད་པར་བཤད་པས། དང་པོའི་མགོན་པོར་བསྐྱེད་ནས་སྤྲུལ་སྐུར་བསྒྱུར་བ་མི་དགོས་པར་རྡོ་རྗེ་འཆང་སྔོན་པོར་བསྐྱེད་པར་མངོན་ཏོ། འོག་མ་རྣམས་ལའང་ཤེས་པར་བྱའོ། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། ཞེས་བྱ་བ་ནི་ཕྱག་མཚན་གྱི་གཙོ་བོ་བཤད་པ་ཡིན་ཏེ། ཕྱག་ལྷག་མ་རྣམས་ཀྱི་ཕྱག་མཚན་གཞན་དག་ཀྱང་དགག་པ་ནི་མེད་དོ། །ཞེས་པ་ནི་ཕྱག་མཚན་གཞན་མི་འགོག་ཞེས་པའོ། །འོད་འཕྲོ་བ་ནི་མེ་སྟག་ལྟ་བུའི་འོད་ཟེར་རྣམ་པར་འཕྲོ་བ་སྟེ། འོད་ཟེར་དེ་རྣམས་ཀྱིས་མང་པོར་གྱུར་པ་སྟེ། འཐུག་པོ་དང་ལྡན་པའོ། །རྒྱུ་མཚན་དེ་ཉིད་ཀྱིས་ན་འོད་འབར་བ་དང་དཀར་པོ་ལ་སོགས་པའི་འོད་ཟེར་སྣ་ལྔས་རབ་ཏུ་གང་བའི་རྡོ་རྗེ་ཕྱག་གཡས་ཀྱི་དང་པོར་བསྒོམ་པར་བྱས་ལ། དེ་ནས་རྣལ་འབྱོར་བ་འདིས་ཁམས་གསུམ་ནི་ཆག་གིས་དུས་གསུམ་དུ་འབྱུང་


JLD004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞེས་བསྒྱུར་བ་ལྟར་རམ། ཡང་ན་དུས་གསུམ་པ་སྟེ། ས་འོག་ས་སྟེང་ས་བླའི་ཁམས་གསུམ་དུ་བྱུང་བའི་སངས་རྒྱས་སམ་དེ་བཞིན་གཤེགས་པ་སྟེ་བསད་ལས་བྱ་བའི་ཡུལ་གྱི་མཚན་ཉིད་ཚང་བའི་དགྲ་བོ་རྣམས་མདུན་དུ་བསྒོམས་ནས། རྡོ་རྗེས་ཕྱེ་མར་བརླག་པ་སྟེ། དགྲ་བོ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལོངས་སྤྱོད་ཀྱི་ཚོགས་དེ་རྡོ་རྗེ་དེས་ཕྱེ་མར་བརླགས་ལ་ནུབ་ནས་སྟེ། ནུབ་བ་དང་མེད་ཅིང་འཇིག་པར་གྱུར་བར་བསྒོམ་སྟེ། ༈ དེ་ལྟར་བཤད་མ་ཐག་པའི་དྲག་ལས་ཀྱི་བསམ་གཏན་གྱི་མཆོག་དེ་བསྒོམས་པས་ནི། ཐུགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་བ་སྟེ་སེམས་ཀྱི་དབང་ཕྱུག་འཐོབ་པར་འགྱུར་བའོ། །རྡོ་རྗེ་གསང་བ་བཤད་མ་ཐག་པ་འདི་ལྟ་བུས། བསད་ལས་ཀྱི་ཡུལ་གྱི་མཚན་ཉིད་ཚང་བའི་སེམས་ཅན་ཐམས་ཅད་བསད་ཅིང་སྟོང་པར་བྱས་པས་རྣམ་པར་གཞིག་པར་བྱའོ། །བསམ་གཏན་གྱི་ཁྱད་པར་འདི་ལྟ་བུས་རྣམ་པར་བཤིག་ན་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི་སྲས་ཏེ། བྱང་ཆུབ་སེམས་དཔར་སྐྱེ་བར་འགྱུར་རོ་བ་གསོད་པའི་ལས་སྒྲུབ་པ་འདི་ནི་ཞེ་སྡང་མི་བསྐྱོད་པའི་གི་རིགས་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་གི་དེ་ཁོ་ན་ཉིད་དེ་འདོད་པའི་དོན་ལ་མི་སླུ་བ། །བསད་ལས་སྒྲུབ་པ་འདིར་གང་ཞིག་སེམས་ཅན་གཅིག་པུ་ཞིག་བསད་པ་ལས། སེམས་ཅན་མང་པོར་མྱ་ངན་ལས་འདས་པ་འཐོབ་བར་འགྱུར་བའམ།


JLD004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་འགྱུར་བ་དེ་བྱས་ན་ཁ་ན་མ་ཐོ་བ་མི་སྐྱེད་བར་མ་ཟད་ཀྱི་ཏེ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་འཐོབ་པར་འགྱུར་གྱི། །དེ་འདྲ་ལས་གཞན་དུ་རང་གི་དོན་དུ་བསད་ལས་བྱས་ན་བསོད་ནམས་མི་འཐོབ་བར་མ་ཟད་སྡིག་པའི་ཕུལ་དུ་གྱུར་པ་སོགས་པ་ཡིན་ནོ། ཞེས་གསུངས་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། གཏི་མུག་གི་རིགས་ཀྱི་མ་བྱིན་པར་ལེན་པའི་དམ་ཚིག་གསུངས་པ་ཡིན་ཏེ། རྒྱལ་པོ་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་མི་ཤེས་པ་སྟེ། རྨོངས་ཤིང་མ་རིག་པ། །་དེས་ཐར་པ་སྒྲུབ་པ་ནི་སྟེ་།གཏི་མུག་གི་རིགས་རྣམ་སྣང་གི་སྒོ་ནས་སྒྲུབ་པའི་དོན་ཡིན་ཏེ། འོད་དཔག་མེད་ཀྱི་སྐབས་སུ། འདོད་ཆགས་ཐར་བ་རབ་སྒྲུབ་པ། ཞེས་གསུངས་པའི་རིགས་པས་སོ། །རང་དང་གཞན་གྱི་རྒྱུད་ལ་ཐར་བ་རབ་སྒྲུབ་པ་སྟེ། ཡང་དག་པའི་མཐར་ཐུག་པའི་ཡེ་ཤེས་འི་ཐོབ་པར་མཛད་པ་ནི་མི་ཤེས་ཐར་པ་རབ་སྒྲུབ་པའོ། །ངོ་བོ་ཉིད་ཀྱིས་དག་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་རང་བཞིན་རྣམ་དག་གོ་འོ་། །བདེ་འགྲོར་འཆིང་བའི་བསོད་ནམས་དང་ངན་འགྲོར་འཆིང་བའི་བསོད་ནམས་མ་ཡིན་པ་དག་གིས་མ་གོས་པ་ནི་གོས་པ་མེད་པའི་གློ་བུར་རྣམ་དག་གོ་འོ་། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཐམས་ཅད་ལ་ཞུགས་པའི་སེར་སྣའི་ཉོན་མོངས་པ་སེལ་བའི་བདག་ཉིད་ཀྱི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཤིན་ཏུ་སྟོན་པར་མཛད་བས་ན་བྱང་ཆུབ་སྤྱོད་


JLD004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བ་རབ་ཏུ་སྟོན་པས། སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པ་སྟེ་སྐྱེད་ཅིང་ཕྱིན་ཅི་མ་ལོག་པས་ན །ཡང་དག་པའི་རྫས་དགུག་པའི་དམ་ཚིག་བཀའ་སྩལ་བའོ། ༈ །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པའི་དོན་ནི། སྟོང་ཉིད་སྒོམ་པ་ལ་མང་དུ་བཤད་ཟིན་ཏོ། །འཁོར་ལོའི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་ཕྱག་རྒྱ་ཆེན་པོ་སྟེ། རྡོ་རྗེ་འཆང་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ལ། སངས་རྒྱས་ཐམས་ཅད་ཏེ། དཀྱིལ་འཁོར་པའི་ལྷ་ཐམས་ཅད་མངལ་དུ་རྣམ་པར་བསྒོམ་ཞིང་ཕྱིར་དབྱུང་པར་བྱའོ། །རིགས་ལྷག་མ་བཞི་གའི་སྐབས་སུ་དཀྱིལ་འཁོར་རྒྱལ་མཆོག་སྒོམ་པ་དང་། ཁྱད་པར་དུ་འདིར་དབྱུང་བར་བྱའོ་ཞེས་གསུངས་པས། མི་བསྐྱོད་པ་དང་རྣམ་སྣང་ལ་སོགས་པ་རིགས་ལྔར་བསྒྱུར་བའི་རྗེས་སུ་རང་རིགས་ཀྱི་ཡུམ་མཱ་མ་ཀཱི་དང་སྤྱན་མ་སོགས་སྐྱེད་པ་ནི། དང་པོ་སྦྱོར་བ་དང༌། ཡུམ་དང་སྙོམས་པར་ཞུགས་པ་ལས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པར་བྱ་ཞིང༌། །དེ་ནས་རིགས་སོ་སོའི་དམ་ཚིག་གི་ལས་སྒྲུབ་པ་ལས་རྒྱལ་མཆོག་བྱ་སྟེ། ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱའོ། །དེ་ནས་ལས་སྒྲུབ་པ་ཇི་ལྟ ར་བྱ་ཞེ་ན། རིན་ཆེན་ཀུན་གྱི་སྦྱོར་བ་ཡིས་ཞེས་བྱ་བ་གསུངས་ཏེ་རིན་པོ་ཆེ་ཐམས་ཅད་ནི་དཀར་པོ་ལ་སོགས་པའི་མདོག་དང་ལྡན་པའི་རིན་པོ་ཆེའི་རིགས་སོ། །དེའི་དོན་དུ་རབ་ཏུ་སྦྱོར་བ་ནི་རིན་ཆེན་ཀུན་གྱི་སྦྱོར་བ་ཡིས་ཏེ། རིན་པོ་ཆེ་འགུགས་པའི་དོན་དུ་རབ་ཏུ་སྦྱོར་བ་དེས་རྡོ་རྗེའི་གཟུགས་ཏེ། མི་


JLD004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སུ་རབ་ཏུ་བརྟག་པ་ཏེ། བསྒོམ་ཞིང་ཅིང༌་། རིན་པོ་ཆེ་ཡོད་བའི་གནས་སུ་དེ་རྣམས་གཏོང་བ་སྟེ། རིན་པོ་ཆེ་གང་དང་གང་དེ་བཞིན་གཤེགས་པ་གང་དང་གང་མདོག་མཐུན་པ་དེ་དང་དེ། གནས་དེ་ནས་གདོན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་དང་དེ་གཏང་བར་བྱ་སྟེ། དཔེར་ན་རིན་པོ་ཆེ་སྔོན་པོ་འགུགས་ན་མི་བསྐྱོད་པ་དེར་གཏོང་བ་ལྟ་བུ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བཏང་བ་སྟེ། སྤྲོས་ནས། སྒྲུབ་པ་པོས་གང་ཞིག་ཉམས་སུ་བླང་བ་དེ་བསྟན་པར་བྱ་བའི་ཕྱིར། ནོར་རྣམས་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། ཕྲོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫས་དགུག་པའོ། །དེ་ཡང་རྡོ་རྗེ་གསུམ་གྱིས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་སུ་རྣམ་པར་བསྒོམ་པ་སྟེ། དེ་ལ་སྐུའི་རྣམ་པར་བསྒོམ་པ་ནི་བ་སྤུའི་བུ་གའི་ཚོགས་ནས་བྱུང་བའི་འོད་ཟེར་དགུག་བྱའི་ནོར་དེའི་ཁ་དོག་དང་མཐུན་པའི་དཀར་པོ་ལ་སོགས་པའི་ཞགས་པ་རྣམས་ཀྱིས། གང་དགུག་པར་མངོན་པར་འདོད་པའི་རིན་པོ་ཆེའི་རིགས་ལ་སོགས་པའི་ནོར་བཅིངས་ལ་ནོར་བདག་གི་མི་མ་ཡིན་གྱིས་གཞན་དུ་སྤོ་བར་མི་ནུས་པའི་ཚུལ་གྱིས་མི་གཡོ་བར་བྱ་བ་སྟེ་བྱེད་པ། །གསུང་སྒོམ་པ་ནི་དེ་ནས་རང་གི་ལྕེ་པདྨར་བསྐྱེད་པའི་པདྨའི་འདབ་མ་ལས་བྱུང་བའི་ཡི་གེ་ཧྲིའི་ལྕགས་ཀྱུས་དྲངས་པའོ། །ཐུགས་སྒོམ་པ་ནི་


JLD004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་རང་གི་ཁྱིམ་དུ་གཞག་པར་ཡིད་ཀྱིས་བསྒོམ་པར་བྱ་བ་སྟེ། བྱེད་པ། ༈ །ནོར་གྱི་རྒྱ་མཚོས་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་བྱས་པས། སེར་སྣའི་ཉེས་པའི་རྙོག་མ་ཅན་གྱི་རྒྱུད་དང་ལྡན་པའི་རྫས་བདག་རྣམས་ཀྱི་སེར་སྣའི་སྒོ་ནས་བསགས་པའི་ལས་སྒྲིབ་རྣམ་པར་དག་པ ར་བྱེད་པ་གསུངས་ཏེ། ནོར་གྱི་རྒྱ་མཚོ་ནི་མི་ཟད་པའི་ཕྱིར་ན་རྒྱ་མཚོ་སྟེ་དེས་ཡོངས་སུ་གང་ཞིང་རྒྱས་པར་འགྱུར་པའོ། །ཡིད་བཞིན་ནོར་བུ་འདྲ་བར་འགྱུར་ཞེས་བྱ་བ་ནི། ཡིད་ལ་མངོན་པར་འདོད་པའི་དོན་རབ་ཏུ་སྐྱེད་པའི་ནོར་བུའི་བྱེ་བྲག་སྟེ། དེ་དང་འདྲ་བའི་ནོར་གྱི་རྒྱ་མཚོ་ཅན་གྱི་རྫས་ཀྱི་བདག་པོ་གང་ཡིན་པར་འགྱུར་པའོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འབྱོར་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་ལས་འདས་པའི་འབྲས་བུ་གསུངས་ཏེ། སངས་རྒྱས་ལས་སྐྱེས་པས་ན་སངས་རྒྱས་ཀྱི་སྲས་ཏེ་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་གཙོ་བོར་འགྱུར་བ་དང༌། དེ་ནས་དུས་ཕྱིས་དེ་བཞིན་གཤེགས་པར་ཡང་འགྱུར་བའོ། །ཐབས་ལ་མཁས་པས་གཞན་གྱི་ནོར་འཕྲོག་པ་འདི་ནི་རིགས་ཀྱི་རྒྱ་མཚོ་ཐམས་ཅད་ལས་ཞེས་བྱ་བ་ནི། མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་རྒྱ་མཚོའི་ནང་ནས་གཏི་མུག་གི་རིགས་ཏེ་རྣམ་པར་སྣང་མཛད་དང་འབྲེལ་བའི་ལྷ་རྣམས་ཀྱི་འཁོར་ལོའི་དེ་ཁོ་ན་སྟེ། མི་བསླུ་བ་ཡང་དག་པའི་གསང་བ་སྟེ། འདི་


JLD004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གོ །གང་ཟག་མཆོག་རྣམས་ལ་སྲོག་གཅོད་སོགས་གནང་བ་དེ་བས་ན་བཅོམ་ལྡན་འདས་ཀྱིས་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས། འདི་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྦྱིར་བཏང་ལ་མ་བྱིན་པར་ལེན་པ་ཐམས་ཅད་ལས་སླར་ལག་པར་བྱ་སྟེ། གཞན་དུ་ན་སྟེ་དམིགས་བསལ་ནི་སེམས་ཅན་གང་དག་སེར་སྣ་ཅན་འཇུངས་པའི་ནོར་མ་བྱིན་བར་ལེན་པ་ཞེས་བྱ་བ་ལ་སོགས་པ་ལུས་ངག་གི་བདུན་གནང་བ་གསུངས་སོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་ལ་འཇུག་པ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་རང་གི་རང་བཞིན་གཟུགས་གཞན་དུ་བསྒྱུར་བས་ཆགས་ཅན་གྱི་རྣམ་པར་ཤེས་པ་ཆགས་པར་མཛད་པའི་གཟུགས་སྣང་མཐའ་བསྐྱེད་པས་ན་འདོད་ཆགས་སོ། །ཐར་པ་འདོད་པ་རྣམས་ལ་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་གྱི་ཐར་པ་སྒྲུབ་པར་མཛད་པ་སྟེ། དེ་བས་ན་འདོད་ཆགས་ཐར་པ་རབ་སྒྲུབ་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་གསང་བ་དག་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པས་ན་དམིགས་མེད་པ་སྟེ། འོད་དཔག་ཏུ་མེད་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་འཁོར་ལོ་བཀའ་སྩལ་ཅིང་གསུངས་པའོ། ༈ །ནམ་


JLD004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་ཞེས་བྱ་བ་ལ་སོགས་པ་ལ། པདྨའི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་ཏེ། སྐུ་དེས་འོད་དཔག་ཏུ་མེད་པ་སྐྱེད་པར་མཛད་པའི་ཕྱིར་རྒྱུ་ལ་འབྲས་བུའི་མིང་གིས་ཉེ་བར་གདགས་པས་ན་སྔ་མ་བཞིན་ཏེ།ཞེས་པ་ནི་རྡོ་རྗེ་འཆང་སྒོམ་པ་ལ་འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་གསུངས་པ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་ནས་འོད་དཔག་ཏུ་མེད་པར་རབ་ཏུ་བསྒོམས་པའི། དང་པོ་སྦྱོར་བ་བྱས་ལ། དེ་ནས་སངས་རྒྱས་རྣམས་ཀྱིས་ཏེ་དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་གཞལ་ཡས་ཁང་གི་ནང་ཐམས་ཅད་དགང་ཞིང༌། གནས་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ། །འདིར་ལྷ་ཐམས་ཅད་སྐུ་མདོག་དམར་པོ་ལ། རྣམ་པ་ནི་ལྷ་མོའི་རྣམ་པ་ཅན། ཞལ་ཕྱག་གི་གྲངས་དང་ཕྱག་མཚན་ནི་སྒྲུབ་ཐབས་བཞིན་དུ་བྱའོ། །འདི་གང་ལ་འདོད་པ་སྤྱད་པས་གདུལ་བའི་བུད་མེད་དབང་དུ་བྱེད་པ་ཡིན་ན། འདིར་དེ་ལ་ཇི་ལྟར་བྱ་བ་མ་བཤད་པ་གང་ཡིན་སྙམ་ན། གླན་གྱིས་དབང་དུ་བྱ་རྒྱའི་བུད་མེད་དེ། རྣལ་འབྱོར་བཞིན་བུད་མེད་དུ་བསྐྱེད་པ་ཡིན་ཟེར་མོད་ཀྱང་། དེ་ནི་དོན་གཞན་ཡིན་པས་དང་པོ་སྦྱོར་བར་རིག་མ་འདུ་བྱ་བའི་སྐབས་སུ་དབང་དུ་བྱ་རྒྱུའི་བུད་མེད་གོས་དཀར་མོར་བསྐྱེད་པ་ཡིན་པས་རྟོགས་སླ་བ་ལ་དགོངས་ནས་ལོགས་སུ་གསལ་བར་མ་བཤད་དོ། །དཀྱིལ་འཁོར་དེར་རང་མ་གཏོགས་པའི་དཀྱིལ་འཁོར་པ་ཁཐམས་ཅད་ཀབུད་མེད་དང་སྐྱེས་པ་ལྟ་བུའི་རྣམ་པ་ཅན་ནི་གབུད་མེད་ལྟ་བུ་སྟེ། དེའི་རྣམ་པར་སྦྱར་བར་རྣམ་པར་བསྒོམ་ཞིང་བསམ་པའོ། །བུད་མེད་ལྟ་བུ་ནི་ལྷ་གཞན་ཐམས་ཅད་ལྷ་མོ་ལྟ་བུ་སྟེ། དེའི་


JLD004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བསྒོམ་པའོ། །དེ་ལྟ་བུའི་སྦྱོར་བས་ཏེ་ཡང་དག་པར་སྦྱར་བ་ནི་བུད་མེད་ཀྱི་རྣམ་པ་ལྟ་བུར་ཡོངས་སུ་གྱུར་པའོ། །དཀྱིལ་འཁོར་བ་གཞན་ཐམས་ཅད་བུད་མེད་དུ་སྒོམ་མཁན་རྡོ་རྗེ་འཆང་སྣང་མཐར་བསྒྱུར་བ་དེས། དང་པོ་སྦྱོར་བའི་སྐབས་སུ་ལྷའི་རྣལ་འབྱོར་ཇི་ལྟ་བུ ར་བསྒོམ་པར་བྱ་ཞེ་ན། དམ་ཚིག་བཞི་ཡི་སྦྱོར་བ་ཡིས་ཞེས་བྱ་བ་སྟེ། དམ་ཚིག་བཞི་ནི་རྣལ་འབྱོར་བཞི་སྟེ། རྣལ་འབྱོར་བཞི་པོ་དེས་ལྷའི་རྣམ་པ་ལྟ་བུར་བསྐྱེད་པས་ན་དམ་ཚིག་བཞི་ཡི་སྦྱོར་བ་ཞེས་བྱ་སྟེ། དམ་ཚིག་བཞི་ཡི་སྦྱོར་བས་ཏེ་རྣལ་འབྱོར་བཞི་བསྒོམས་པས་རང་སྣང་མཐར་བསྒྱུར་བ་དེས་འདིའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་གཞན་ཐམས་ཅད་བུད་མེད་ལྟ་བུར་བསྒོམ་པར་བྱའོ། ཞེས་བྱ་བར་སྦྱར་བར་བྱའོ། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། ཞེས་པ་འདིས་ནི་རིགས་སྔར་བཤད་པ་གཉིས་དང་། འོག་ནས་འཆད་པ་གཉིས་སྟེ་བཞི་ལ་དང་པོ་སྦྱོར་བའི་སྐབས་སུ་རྣལ་འབྱོར་བཞི་བསྒོམ་པ་མི་གསལ་བ་ཡང་འདི་ལ་དཔགས་ནས་ཤེས་པར་བྱ་བར་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་བསམ་གཏན་ནོ། །རྡོ་རྗེ་ཚུལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་སྟེ། རྡོ་རྗེ་ཐེག་པ་དེ་ལ་ནི་འདོད་པའི་དབང་ཕྱུག་གཙོ་བོ་ཡིན་པས་མཆོག་གོ །དེ་ལྟར་བསྒོམས་ནས་ཅི་ཞིག་བྱ་ཞེ་ན། །དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་ཆགས་པས་མཉེས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་ལྷ་མོ་དེ་དག་ཐམས་ཅད་ལ་སྣ་ཚོགས་པའི་དགའ་བ་ཞིང་


JLD004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རོལ་བའི་བྱ་བ་དག་གིས་སྐད་ཅིག་ལ་ཉེ་བར་སྤྱད་པར་བྱ་ཞིང་རོལ་བར་བྱའོ། ༈ །འདི་ཞེས་པ་ནི་བཤད་མ་ཐག་པའོ། །རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སྒྲུབ་པ་པོ་ཐམས་ཅད་ཀྱིའོ། །མི་ཕྱེད་སྐུ་གསུམ་སྒོམ་པའོ་ཞེས་བྱ་བ་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་ངོ་བོ་ཉིད་ཀྱི་སྐུ་གསུམ་མི་ཕྱེད་པ་བསྒྲུབ་ཅིང་སྐྱེད་ལ་སྒོམ་པ་སྟེ། འདི་ནི་འདོད་ཆགས་ཀྱི་རིགས་ཏེ་པདྨའི་རིགས་ཀྱི་དམ་ཚིག་ཏུ་བྱ་བའོ། །སྔགས་པས་ཞེས་པ་ནི། བསྐྱེད་པའི་རིམ་པ་ལ་བརྟན་པ་ནི་ར་རགས་པ་དང་ཕྲ་མོའི་བསྐྱེད་རིམ་མཐར་ཕྱིན་པར་བྱས་པ་ཡིན་ལ། འདི་ནི་རིགས་ལྔའི་ལས་སྦྱོར་འདིར་བསྟན་པ་ལྔ་ཀ་ལ་སྦྱར་རོ། །གནས་པས་བསྒོམ་པར་བྱ་ཞིང་སྒྲུབ་པ་ཉམས་སུ་བླང་བར་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དོན་ཡོད་པར་གྲུབ་པའི་དམ་ཚིག་ལ་འཇུག་པ་ཡིན་ཏེ། བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་སྔགས་ཀྱིས་ཏེ་འཇུག་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ནི་རྡོ་རྗེ་བཟླས་པའོ། །དེ ས་སྟོན་པས་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་སྒྲུབ་པར་མཛད་པས་ན་རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པའོ། །བདག་ཏུ་ཐ་སྙད་འདོགས་པའི་གཞི་ཐ་མལ་པའི་ཕུང་སོགས་དང་བྲལ་བ་གང་ཡིན་པ་དེ་ནི་བདག་མེད་པ་སྟེ། བདག་མེད་པ་དེ་ཉིད་ནི་སྒྱུ་མ་ལྟ་བུའི་སྐུ་དང་ལྡན་པས་རྡོ་རྗེ་འཆང་ཆེན་པོ་ལ་བྱའོ། །ཡང་ན་བདག་མེད་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །དེ་ལས་བྱུང་བས་ན་ཡེ་ཤེས་ལས་བྱུང་བ་སྟེ། འོག་ནས་འབྱུང་བའི་ཚིག་འདི་བཀའ་


JLD004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ་ཞེས་བྱ་བ་སྟེ་སྡུད་པ་པོའོ་ཚིག་གོ ། ༈ ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོར་བསྒོམ་པ་སྟེ། རྡོ་རྗེ་འཆང་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐོགས་མེད་སྟེ། དོན་ཡོད་པར་གྲུབ་པར་བསྒོམས་པའི་དང་པོ་སྦྱོར་བ་བྱས་ལ་དེའི་འོག་ཏུ་སངས་རྒྱས་ཐམས་ཅད་སྟེ་དཀྱིལ་འཁོར་པ་ཐམས་ཅད་བསྒོམ་པར་བྱའོ། །ཐམས་ཅད་གཟུགས་སུ་རྣམ་བསྒོམས་ནས། ཞེས་བྱ་བ་ལ། ཐམས་ཅད་གཟུགས་ཏེ་སེམས་ཅན་ཐམས་ཅད་རང་གི་མདུན་དེ་ཉིད་དུ་གནས་པར་རྣམ་པར་བསྒོམ་ཞིང་ཡོངས་སུ་ཤེས་པར་བྱའོ། །རྡོ་རྗེའི་ཚིག་གི་རྫུན་སྨྲ་བས་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་ཆོས་ཐམས་ཅད་ནི་རྫུན་པའོ་ཞེས་བྱ་བའི་རྡོ་རྗེའི་ཚིག་གི་དོན་ལ་ཡིད་གནས་པ ར་བྱ། །དེ་ནས་ཅི་ཞིག་བྱ་ཞེ་ན། རྒྱལ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་སྟེ། དེ་བཞིན་གཤེགས་བའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །འདིས་ནི། རྒྱལ་བ་ནི་དེ་བཞིན་གཤེགས་པ་དང་། དེ་དག་གི་གནས་ནི་སྙིང་པོའི་དོན་དུ་བསྟན་ཏེ་རྒྱུའི་དོན་ནོ། །རྒྱལ་བ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རྒྱལ་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྒྱལ་པ་ཐམས་ཅད་སྟེ་དེ་དག་བསླ་བར་བྱ་སྟེ། སེམས་ཅན་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཐམས་ཅད་བསླུ་བའོ། །སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དོ་ཞེས་བྱ་བའི་


JLD004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བརྗོད་ཅིང་སྟེ། བརྗོད་པར་བསྒོམ་མོ་ཞེས་བྱ་བའི་བར་དུ་སྟེ། དེ་སྔོན་དུ་བྱས་ནས་རྫུན་སྨྲ་དགོས་པའི་ཡུལ་ལ་དེ་སྨྲ་བར་བྱའོ། །དེ་ཡང་ལྷའི་བུ་ཆོས་ཐམས་ཅད་ནི་རྫུན་པ་སྒྱུ་མའོ། །དེ་ཡང་དེ་བཞིན་དུ་སྟོན་པར་བྱེད་དེ་དེས་ན་ང་ནི་རྫུན་དུ་སྨྲ་བའོ། ཞེས་གསུངས་པས་སོ། ༈ །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །སངས་རྒྱས་ཐམས་ཅད་ཀྱི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་ནམ་མཁའ་དང་འདྲ་བར་དངོས་པོ་སྟེ། རང་བཞིན་མེད་པ ར་སྟོན་པ ས་ནམ་མཁའི་གསུང་སྟེ་དྲི་མ་མེད་པའོ། །ཡེ་ཤེས་བློ་ཅན་ཀུན་གྱི་གསང༌། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བཤད། ཅེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་ལ་ལྷག་པར་མོས་པ་གང་ཡིན་པ་དེ་ནི་ཡེ་ཤེས་བློ་ཅན་ཏེ། སློབ་བཞིན་པའི་སྔགས་ཀྱི་དངོས་གྲུབ་རྣམས། དོན་གྲུབ་ཀྱི་དམ་ཚིག་འདིས་འགྲུབ་པར་བྱེད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། །རང་གི་དམ་ཚིག་རྫུན་གྱི་ཚིག་གིས་སེམས་ཅན་ཐམས་ཅད་འགུགས་པར་བྱེད་པ་སྟེ་འདུལ་བ་གང་ཡིན་པ་དེ་ནི་དམ་ཚིག་འགུགས་པའི་རིགས་ཏེ་དོན་ཡོད་པར་གྲུབ་པའི་རིགས་སོ། །དེའི་དམ་ཚིག་ གི་ཡང་དག་པ་ནི་དེ་ཁོ་ན་ཉིད་ནི་ཇི་ལྟ་བར་ཞུགས་པའི་དམ་ཚིག་གོ །དོན་ཇི་ལྟ་བ་བཞིན་སྤྲོ་བར་བྱའོ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་སྤྲོ་བ་སྟེ། བརྫུན་པ་སྒྱུ་མ་ལྟ་བུའི་དོན་ལ་ཡང་ནས་ཡང་དུ་བསླབ་པར་བྱ་སྟེ། འདི་བརྫུན་དུ་སྨྲ་བའི་ཁུངས་ནི་གཞན་རྣམས་བདེ་བར་


JLD004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཕྱིར་དང༌། སློབ་དཔོན་བདེ་བའི་རྒྱུ་དང་ནི། དཀོན་མཆོག་གསུམ་ལ་གནོད་པ་སྤང་བའི་དོན་དུ་ལ་། རྟག་པར་རྫུན་དུ་སྨྲ་བར་བྱ། ཞེས་གསུངས་པས་སོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་ལ་འཇུག་པ་ཡིན་ཏེ། བཅོམ་ལྡན་འདས་དེ་ཉིད་ནི་རྡོ་རྗེ་གསུམ་སྟེ། སྐུ་ལ་སོགས་པའི་རྡོ་རྗེ་བསྡུས་པ་ཡིན་པའི་ཕྱིར་རོ། །ཕྱེ་ཞིང་ཐ་དད་པར་བྱས་པ་ནི་ཕྱེད་པའོ། །མི་ཕྱེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་སྟེ་ཐ་མི་དད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་མི་ཕྱེད་གསུམ་མོ། །རྒྱལ་བ་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་གནས་ཏེ་བསྐྱེད་པའི་གནས་ནི་དྲུག་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་མི་ཕྱེད་པ་གསུམ་ཡང་ཡིན་ལ་རྒྱལ་བའི་གནས་ཀྱང་ཡིན་པས་འདི་ནི་རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས་སོ། །དངོས་གྲུབ་ནི་རྡོ་རྗེ་འཆང་བ་ཉིད་དོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་མཆོག་ཏུ་སྟོན་པར་མཛད་པས་ན་རྡོ་རྗེ་དངོས་གྲུབ་རབ་སྟོན་པའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའི་གསུང་སྟེ་དེ་བཀའ་སྩལ་བའོ། ༈ །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དམ་ཚིག་གི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡོངས་སུ་གྱུར་པ་ལས་དཀོན་མཆོག་དཔལ་སྟེ། རིན་འབྱུང་དུ་རྣམ་པར་བསྒོམ་པའི་དང་པོ་སྦྱོར་བ་


JLD004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་འོག་ཏུ། །གཟུགས་རྣམས་ཀུན་གྱིས་འདི་དག་དགང་ཞེས་བྱ་བ་ལ། གཟུགས་རྣམས་ཀུན་གྱིས་ནི་འཁོར་རྣམས་ཀུན་གྱིས་དེ་གཞལ་ཡས་ཁང་གི་ནང་འདི་དག་དགང་ཞིང་སྤྲོ་བར་བྱའོ། ༈ །རྩུབ་པའི་དག་ལ་སོགས་པ་ཞེས་བྱ་བ་ལ། རྩུབ་པ་ནི་བརྩེ་བ་མེད་པ་སྟེ། རྩུབ་པ་ཉིད་ཡིན་པས་ན་རྩུབ་པའོ། །རྩུབ་པ་ཡང་དེ་ཉིད་ཡིན་ལ་ངག་ཀྱང་དེ་ཉིད་ཡིན་པས་ན་རྩུབ་པའི་ངག་སྟེ། དེ་ལ་སོགས་པ་ཕྲ་མ་དང༌། ངག་བཀྱལ་པའི་ཚིག་སྨྲ་བའི་གི་ཐབས་དེས་འདུལ་བའི་སེམས་ཅན་རྣམས་བསྡུ་བའི་དོན་ཐམས་ཅད་འབྱུང་བར་འགྱུར་བ་སྟེ། དེས་རྡོ་རྗེ་འཆང་ཆེན་པོ་བསྟེན་ཅིང་མཉེས་པར་བྱས་ན་གཉིས་སུ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། ༈ །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་སྡུད་པར་བྱེད་པས་དམ་ཚིག་ཉེ་བར་སྡུད་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཀོད་པས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུས་གསུངས་སོ་ཞེས་བྱ་བ་སྟེ། དེ་ཡང་དྲང་བའི་དོན་ཏོ། ༈ །ལུང་སྟོན་གྱི་ལུང་གིས་དམ་ཚིག་ལྔའི་ངེས་དོན་བཤད་པ་བརྗོད་པར་བྱ་སྟེ། སྲོག་གཅོད་སོགས་ཀྱི་དྲང་དོན་གསུངས་པའི་འོག་དེ་ནས་དགོངས་གཞི་གང་ལ་དགོངས་ནས་གསུངས་པའི་ཆོས་གཅིག་པུ་སྟེ། མཚུངས་པ་མེད་པ་དམ་ཚིག་ལྔའི་ངེས་དོན་གྱི་དེ་ཉིད་དོན་གསུང་བ་སྟེ། གསུང་བའི་གཙོ་བོ་ཀུན་མཁྱེན་ཐམས་ཅད་རིག


JLD004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

།མགོན་ལ་ཕྱག་ན་རྡོ་རྗེ་གསོལ། །བ་བཏབ་བོ། །ཇི་ལྟར་བཏབ་ན། རྩ་རྒྱུད་ལས། དུས་གསུམ་པ་ཡི་སངས་རྒྱས་རྣམས། ཞེས་སོགས་ཀྱིས་སངས་རྒྱས་རྣམས་རྡོ་རྗེས་ཕྱེ་མར་རླག་པར་གསུངས་པ་ལ་དེ་བཞིན་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་དངོས་ཏེ་རོ་གཅིག་པའི། །དུས་གསུམ་དུ་བྱུང་བའི་སངས་རྒྱས་གང་ཡིན་པ། །ཆོས་སྐུ་གཅིག་པུ་སྟེ། གཞན་དང་མཚུངས་པ་མེད་པ་ལས་འཁྲུངས་པ་རྣམས། །ཇི་ལྟར་ན་སྔགས་པ་མི་བསྐྱོད་པར་བསྒོམས་པའི་ཕྱག་གིས་རྡོ་རྗེ་ཕྱེ་མར་རླག་བར་ནུས། གལ་ཏེ་དེ་ལྟར་ནུས་སུ་ཆུག་ཀྱང་སྐུ་དེ་ནི་ཕྱེ་མར་རླགས་པར་གྱུར་པ་ལས། །ཇི་ལྟར་ན་ཡང་དག་པའི་སེམས་ཏེ། ཐུགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། མི་འགྱུར་རོ། །ཁའདས་པ་ཡི་ནི་སྟོན་པ་དང༌། །ད་ལྟར་རྗེས་སུ་སྟོན་མཛད་དང༌། །ཀ སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་དགོས་པ་གམ་བྱོན་བའི་དུས་གསུམ་གྱི་སངས་རྒྱས་རྣམས། །སེམས་ཅན་ལ རྫོགས་པའི་བྱང་ཆུབ་སྩོལ་བ་པོ་ཡིན་པའི་ཕྱིར ། །མི་བསྐྱོད་བར་བསྒོམས་པའི་གཟུགས་ཅན་གྱི་ཕྱག་མཚན་གྱི་རྡོ་རྗེ་ཡིས། །མགོན་པོ་སངས་རྒྱས་དེ་རྣམས་ཇི་ལྟར་གཞོམ་པར་རིགས། །དེས་མཚོན་པའི་དམ་ཚིག་ལྔའི་དེ་ཉིད་དྲང་ངེས་སྣ་ཚོགས་པའི་བརྗོད་བྱའི་དོན་དང་ལྡན་པའི་ཚིག །གི་ངེས་དོན། མ་འོངས་པའི་གདུལ་བྱ་དེ་


JLD004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནི་ཇི་ལྟར་རྟོགས། །དེས་དོན་གང་ཞིག་ཤེས་པས་རྒྱལ་སྲས་རྣམས། །སངས་རྒྱས་ཀྱི་དགོངས་པའི་དོན་ལ་རྟོག་པ་སྟེ་ཐེ་ཚོམ་མེད་པར་འགྱུར་བ། །མ་འོངས་པའི་སྐྱེ་བོའི་དོན་དུ་ནི། །ངེས་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པོ། ༈ །དེ་ནས་རྡོ་རྗེ་འཛིན་པ་ཕྱག་རྡོར་གྱིས། སྨྲ་བའི། །འགྲོ་ལ་ཕན་པའི་ཚིག་གསན་ནས། །དེ འི་འོག་ཏུ་གཙོ་བོ་རྡོ་རྗེ་འཆང༌། །རིགས་ཀུན་གྱི་ཁྱབ་བདག་གིས་ནི་དྲང་དོན་གྱི་དམ་ཚིག་གསུངས་བར་མ་ཟད་སླར་ཡང་ངེས་དོན་གསུངས་པ་ནི ། །ཁལེགས་སོ་ཀབུ་ཁྱོད་གཆེར་ལེགས་སོ་ཏེ་། །ཀུན་ཏུ་བཟང་པོ་ཁྱོད་ལེགས་སོ། །ཞེས་ལེགས་སོ་གསུམ་གསུངས་པ་ནི། དྲི་བ་དེ་ལ་ཤིན་ཏུ་དགྱེས་པར་སྟོན་པའོ། །དགོངས་པས་གསུངས་བའི་ངེས་དོན་བཤད་པའི་དོན་དུ་ནི། །ཁྱོད་ཀྱིས་ང་ལ་གང་དྲིས་པ། །གསུངས་པའི་དོན་ཇི་ལྟ་ཇི་ལྟ་བར། །དེ་ནི་ང་ཡིས་བཤད་པར་བྱ། ༈ །རྩ་རྒྱུད་ལས། རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། ཞེས་པའི་མི་བསྐྱོད་པ་ནི་དེའི་ངེས་དོན་བཤད་པ་འདི་ན་རླུང་སེམས་ཙམ་ལས་སྤྲུལ་པའི་སྒྱུ་མའི་སྐུ་སྟེ། །དེ་ཡང་རྡོ་རྗེ་གསུམ་མི་ཕྱེད་པ་ཡིན་པས་སྐུ་དེ་རྡོ་རྗེ་ཞེས་བྱ་བ ར་འགྱུར་རོ། །མི་བསྐྱོད་པ་དེ་ཡི་ལག་པ་ཞེས་པ་ནི་འོད་གསལ་དུ་འཇུག་པའི་སྟོང་བ་གསུམ་པ་མ་རིག་པ་ཉེར་ཐོབ་ཡིན། །སྟེ། འོད་གསལ་ལེན་པར་བྱེད་པས་ལག་པའོ། །ལག་པ་དེར་ནི་འཛིན་པའི་རྡོ་རྗེ་ནི་འོད་གསལ་བའོ། །འོད་


JLD004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དེ་ལས་ཡེ་ཤེས་ཀྱི་རང་བཞིན་གྱི་དག་པའི་སྐུར་གྱུར་དེ། །དེ་ཡང་འོད་ཟེར་སྣ་ལྔས་ཡང་དག་པར་འབར། །ཞེས་པ་ནི། རྩ་རྒྱུད་ལས། འོད་འཕྲོ་མང་པོ་ཞེས་པའི་རྐང་པ་གཉིས་ཀྱི་དོན་ནོ། །རྩ་རྒྱུད་ལས། དུས་གསུམ་པ་ཡི་སངས་རྒྱས་རྣམས། །ཕྱེ་མར་བྱ་བར་གསུངས་པའི། ༼ཁ༽ཕུང་པོ་ལྔ་ལ་སོགས་པ་གང་བཤད་པ་རྣམས། ༼ཀ༽སངས་རྒྱས་ནི་སངས་རྒྱས་ལྔ་དང་སྤྱན་མ་ལ་སོགས་པར་༼ག༽ཏེ། །འདི་འོད་གསལ་དུ་གཞུག་རྒྱུ་ཡིན་པས་སྔར་བཤད་པའི་སྒྱུ་ལུས་ཀྱི་སྐབས་ཀྱི་ཕུང་སོགས་སོ། །༢ སྒྱུ་ལུས་རྡོ་རྗེ་གསུམ་གྱི་ངོ་བོར་སྐྱེས་པའོ། །རྩ་རྒྱུད་ལས་དུས་གསུམ་ཞེས། །པ་ནི། :ཁ༽སྒྱུ་ལུས་ཀྱི་སྐུ་ཡི་རྡོ་རྗེས་:ཀ༽:རྩ་རྒྱུད་ལས་ཕྱེ་མར་རླག་ཅེས་གསུངས་པས། །ནི། :ག༽:ཐ་མལ་པ་ཡི་ཕུང་པོ་སོགས་བཤིག་འདི་འོད་གསལ་དུ་ཞུགས་པ་ལ་སྦྱར་རྒྱུ་མིན་གྱི་སྒྱུ་ལུས་ལ་བྱ་དགོས་ཏེ། རྟོགས་དཀའ་བར་ཡོད་པས་གཞན་དུ་ཤེས་པར་བྱའོ། །པའོ། །སྲོག་གཅོད་ཀྱི་དམ་ཚིག་གི་ངེས་དོན་འདི་ནི་ཞེ་སྡང་གི་རིགས་ཡིད་དུ་འོང་བ ། །མི་བསྐྱོད་པའི་ཡེ་ཤེས་རྡོ་རྗེའི་རིགས་ལས་སྐྱེས། །པའི་རྫོགས་རིམ་གྱི་སྒྲུབ་པ་པོས་རྫོགས་རིམ་གྱི་ལམ་རྣམས་རྒྱུད་ལ་སྐྱེད་པའི་ཚུལ་ལོ། །རྩ་རྒྱུད་ལས། སྲོག་གཅོད་པའི་སེམས་ཅན་དེ་མི་འཁྲུགས་པ་དེ་ཡི་ཞིང་དུ་སྐྱེ་བ ར་གསུངས་པའི་དོན་ནི་སྔར་ལྟར་ལམ་བགྲོད་པས་མཆོག་གི །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་བའོ། ༈ །སྲོག་གཅོད་ཀྱི་དམ་ཚིག་བཤད་པའི་རྗེས་དེ་ནས་


JLD004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བདེ་བ་ཆེན་པོ། །ཡེ་ཤེས་ཀྱི་སྐད་དོད་ཛྙཱ་ན་ལ། ཛྙཱ་ནི་རྟོགས་པ་དང༌། ན་ནི་དགག་ཚིག་ཡིན་པས་སྣང་བ་གསུམ་གྱི་རྟོགས་པ་མེད་པ་འོད་གསལ་གྱི་ཡེ་ཤེས་ཀྱི་ཐར་པ་རབ་ཏུ་སྒྲུབ་པ་ལ་ཐུགས་རྗེ་ཞབས་ཀྱིས་བཤད་དོ་པོ་། །རང་བཞིན་གྱིས་དག་པ་དང་གོས་པ་མེད་པ་ནི་སྔར་བཤད་པ་བཞིན་ནོ། །བྱང་ཆུབ་ཀྱི་སྤྱོད་པ་གདུལ་བྱ་ལ་རབ་ཏུ་སྒྲུབ་པས། །ཕྱག་ན་རྡོ་རྗེ་འོད་ཆེན་པོ། །གསང་བ་ཀུན་གྱི་གཙོ་བོ་ལ། །བོས་ནས་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་སྒྲུབ་པ ར་བྱེད་པའི་རྣམ་སྣང་གི་དམ་ཚིག་དེ་ཉིད་གསུངས། །སོ། །རྩ་རྒྱུད་ལས། རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། ཞེས་གསུངས་པའི་རིན་ཆེན་ཀུན་ནི་འོད་གསལ་ལོ། །ཆོས་ནི་སྒྱུ་ལུས་སོ། །སྦྱོར་བ་ནི་སྒྱུ་མ་འོད་གསལ་དུ་རབ་ཏུ་འཇུག་པ འོ་ས་། །རྩ་རྒྱུད་ལས་རྡོ་རྗེ འི་གཟུགས་ནི་རབ་ཏུ་བརྟག །ཅེས་པ་ནི་འོད་གསལ་དུ་ཞུགས་པའི་འོག་ཏུ་ཟུང་འཇུག་གི་རྡོ་རྗེ་སེམས་དཔའི་སྐུ་འི་རྣམ་པར་བསྒོམས་པའོ་ཏེ་། །ཟུང་འཇུག་གི་ལུས་ཏེ་སྐུ་དེ་ཡིས་ནི་རྣམ་པ་ཀུན་ཏུ། །རྣམ་པར་སྨིན་པའི་ལུས་ཕྲོགས་པ་ནི། །རྫོགས་པའི་བྱང་ཆུབ་རབ་ཏུ་སྒྲུབ་པ། །འོ། །དེ་ནི་རྩ་རྒྱུད་ལས་རྫས་ཏེ་ནོར་རྣམས་ཐམས་ཅད་ཕྲོགས་པའོ། །ཞེས་གསུངས་བའི་དོན་ནོ། །དེ་ལྟར་བྱས་པ་དེས་ནི་ཡིད་བཞིན་གྱི་ནོར་བུ་དང་མཉམ་པ་སྟེ་འདྲ་བའི། །ནོར་གྱི་རྒྱ་མཚོས་རབ་ཏུ་འགེངས། །བ་སྟེ། རྩོལ་བར་བྱེད་པར་འགྱུར་རོ། །དམ་ཚིག་གི་ངེས་དོན་འདི་ནི་གཏི་མུག་རིགས་དག་གི་སྟེ། །


JLD004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་གི་རིགས་ཀྱི་རྫོགས་རིམ་བའི་དམ་ཚིག་གི་དེ་ཉིད་ངེས་དོན་གྱི་ལམ་རྣམས་རྒྱུད་ལ་སྐྱེད་ཚུལ་ཡིན་པར་བསྒྲགས་སོ། ༈ །རྩ་རྒྱུད་ལས་དཔག་མེད་ཚེ་ནི་རབ་བསྒོམ་ཞེས་གསུངས་པ་ནི། སྒྱུ་མའི་སྐུ། །འདིས་ནི་རིགས་ལྷག་མ་བཞི་སྒོམ་པར་གསུངས་པ་རྣམས་ཀྱིས་ཀྱང༌། སྒྱུ་ལུས་སྟོན་པར་ཤེས་དགོས་སོ། །རྩ་རྒྱུད་ལས། སངས་རྒྱས་རྣམས་ཀྱིས་ཐམས་ཅད་དགང༌། ཞེས་གསུངས་པའི་སངས་རྒྱས་ནི་སྒྱུ་མའི་སྐུ་དེར་ནི་ཡོད་པའི་ཕུང་པོ་ལ་སོགས་པའོ། །དགང༌། །བ་ནི། ཁཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་བདེན་པ་དང༌། ལྡན་པ་སྟེ། དབྱེར་མེད་ཏུ་ཞུགས་པའི། །ཀཕུང་པོ་ལ་སོགས་པ་རྣམས། གའོད་གསལ་དེར་གཞུག་པར་བྱ་བ་སྟེ། བྱེད་པ། །རྩ་རྒྱུད་ལས། དམ་ཚིག་བཞི་ཡི་སྦྱོར་བ་ཡིས། ཞེས་པའི་དམ་ཚིག་བཞི་ནི་སྟོང་པ་བཞི། །དེ་དང་རང་གི་སེམས་མཉམ་པར་ཏེ། དབྱེར་མེད་པར་སྦྱོར་བའི། །བྱང་ཆུབ་ཀྱི་ནི་ཚུལ་དེ་ཐབས་མཆོག་བྱ། །ཀུན་རྫོབ་སྒྱུ་མ་དང་ནི་དོན་དམ་འོད་གསལ་དག །འདི་ནི་རྩ་རྒྱུད་ལས་གསུངས་པའི་དབང་པོ་གཉིས་ཡིན་ལ། །ཟུང་དུ་འཇུག་པར་གྲགས་པ་ཡི། །གཉིས་པོ་དེ་དག་ངོ་བོ་ཐ་དད་པ་གཉིས་སུ་མེད་པར་སྦྱོར་བ་ནི་དབང་པོ་གཉིས་པོ་དེའི་སྦྱོར་བ། །ར་གསུངས་པའོ། །ཟུང་འཇུག་དེ་ལ་རྟག་ཏུ་མཉམ་པར་གཞག་པའི་སྦྱོར་བ་ཡིས། གནས་པ་ནི། རྩ་རྒྱུད་ལས། བུད་མེད་དེ་དག་ཐམས་ཅད་ལ་ཉེ་བར་སྤྱད། །ཅེས་


JLD004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་ནོ། །སྔར་བཤད་པའི་ངེས་དོན་འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཆེན་པོ་འོད་དཔག་མེད་ཀྱི་འི་ཚུལ་ཏེ་རིགས་ཀྱི་རྫོགས་རིམ་གྱི་སྒྲུབ་པ་པོས་རྫོགས་རིམ་གྱི་ལམ་རྣམས་རྒྱུད་ལ་སྐྱེད་པའི་མཆོག་གོ ། ༈ དེ་ནས་བཅོམ་ལྡན་འདས་རིགས་སྣ་ཚོགས་པ། །འི་བདག་ཉིད། རྡོ་རྗེ་མི་ཕྱེད་པ་གསུམ་རྒྱལ་བ་རྣམས་ཀྱི་བདག་པོ ། །རྡོ་རྗེ་འཆང་གི་དངོས་གྲུབ་རབ་ཏུ་སྟོན་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །རྣལ་འབྱོར་བ་གང་ཞིག་ཕྱི་དང་ནང་གི་བདག་ཉིད་ཏེ། ངོ་བོ་ཉིད་ཆེ ན་པོ ། །འདི་དག་ཐམས་ཅད་རྫུན་པ་སྒྱུ་མ་ལྟ་བུ ར་བརྗོད། །པ་སྟེ། རིམ་ལྔར། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། ཞེས་གསུངས་པ་ལྟར་རོ། །རང་དང་སེམས་ཅན་གཞན་ཐམས་ཅད་སྒྱུ་མའི་སྐུར་ལྟ་བའི་ཏིང་ངེ་འཛིན་ལ་བསླབས་པས་རྣམ་རྟོག་གི་འཆིང་པ་ལས་གྲོལ་བའི་བྱང་ཆུབ་ཐོབ་པར་བྱེད་པ་ནི་རྫུན་དུ་སྨྲ་བར་བྱ་བའི་ངེས་དོན་ནོ། །དེ་འདྲ་བ་འདི་ནི་དོན་ཡོད་གྲུབ་པའི་རིགས་ཀྱི་རྫོགས་རིམ་པས། རྫོགས་རིམ་གྱི་ལམ་རྣམས་རྒྱུད་ལ་སྐྱེད་པའི་ངེས་དོན་གྱི་དམ་ཚིག་གོ ། ༈ དེ་ནས་མགོན་པོ་རྡོ་རྗེ་འཆང་རིན་ཆེན་དབང༌། །སྟེ། རིམ་འབྱུང་གི་ངོ་བོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་བཞིན་ཉིད་དེ། དེ་ཁོ་ན་སྟོན་པ། །དངོས་གྲུབ་རྡོ་རྗེ་ལྟར། མི་མཐུན་ཕྱོགས་ཀྱིས་མེ་བྱེད་པའི་རབ་ཏུ་ཐོབ་པས། །དམ་ཚིག སྟེ། རྡོ་རྗེ་འཆང་གི གནས་


JLD004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཀའ་སྩལ་པ། །ཕུང་པོ་ལ་སོགས་པ་རང་བཞིན་མེད་པར་སྟོན་པའི་ཚིག །མཉན་བྱ་མིན་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱི་རྣར་མི་འོང་བ་གང་ཡིན་པ་ནི་རྩུབ་མོའི་ངག་གི་དེས་དོན་ནོ་སོགས་། །རྩུབ་ངག་སྨྲ་བ་དེ འི་ངེས་དོན་ནི་བདེ་སྟོང་དབྱེར་མེད་ལ་རྣལ་འབྱོར་པས་བསླབས་ན། །ཞེས་བྱ་བ་འདི་ནི་རིན་འབྱུང་གི་རིགས་ཀྱི་རྫོགས་རིམ་པའི་ལམ་སྐྱེད་ཚུལ་ལོ། །མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར། ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། །རྒྱུད་ལ་སྐྱེད་བྱའི་ལམ་སྒྱུ་མ་དང་འོད་ཟུང་སོགས་ལ་མི་མཐུན་པ་མེད་ཀྱང༌། དེ་རྒྱུད་ལ་སྐྱེད་པ་པོ་ལ་རིགས་ལྔའི་སྒྲུབ་པ་པོར་དབྱེར་ཡོད་པས་དེའི་དབང་དུ་མཛད་ནས་སོ་སོར་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པར་རིགས་སོ་སོའི་སྒྲུབ་པ་པོས་རྡོ་རྗེ་འཆང་ལྔ་བསྐྱེད་པར་གསུངས་པའི་ཕྱི་མ་སྒྱུ་ལུས་དང༌། ནམ་མཁའི་དབྱིངས་ཞེས་པ་རྣམས་འོད་གསལ་དུ་འཇུག་པ་ལ་སྔ་མ་རྣམས་འཆད་མོད་ཀྱང༌། འགྲེལ་པའི་དགོངས་པས་མི་བསྐྱོད་པ་སོགས་སྒོམ་པ་སྒྱུ་ལུས་ལ་བཞེད་པས། དེ་རྣམས་ལུང་སྟོན་གྱིས་མ་བཤད་པའི་ལུགས་སུ་བྱའོ། །འགྲེལ་པར་དྲངས་པ་འདི་རྣམས་ད་ལྟ་འགྱུར་བའི་ལུང་སྟོན་དུ། ལ་ལ་ཚིག་མི་འདྲ་ཡང་དོན་མཐུན་པ་མང་པོ་སྣང་མོད་ཀྱང༌། འདིར་དྲངས་པའི་ཚིག་དོན་གང་ཡང་མེད་པ་རྣམས་ནི་དེའི་རྒྱ་དཔེ་མ་དག་པར་ཤེས་པར་བྱའོ། ༈ །རྡོ་རྗེ་འཆང་ཆེན་པོའི་འཁོར་གྱི་ནང་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བཤད་མ་ཐག་པའི་དམ་ཚིག་གི་ཁྱད་པར་སྲོག་གཅོད་སོགས་


JLD004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་སྟོན་པའི་རྡོ་རྗེའི་ཚིག་རྣམས་ཀྱི། ངེས་པའི་དོན་མི་ཤེས་པའི་མ་འོངས་པའི་སེམས་ཅན་པདྨ་ལྟ་བུ་ལ་སོགས་པ་དབང་པོ་དམན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར། ཇི་སྐད་ཞུས་པ་དེ་སྡུད་པར་བྱེད་པ ས་སྟོན་པར་འདོད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དམ་ཚིག་ལྔ་བསྟན་པའི་འོག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་དད་མཉམ་པ་ཉིད་དུ་གྱུར་ཞེས་དམ་ཚིག་གི་སྐད་དོད་ས་མ་ཡ་ལ་ས་མ་ཏ་ཞེས་པ་མཉམ་པ་ཉིད་ལ་འཇུག་པས་འདི་ལྟར་བཤད་དོ། པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ །གང་ཡིན་ཞེ་ན། རྡོ་རྗེ་དཔལ་ཏེ་རྡོ་རྗེ་མཚན་པས་ན་ཕྱག་ན་རྡོ་རྗེའོ། །དེ་ལ་སོགས་པ་ནི་དེ་སྔོན་དུ་འགྲོ་བ་སྟེ། དང་པོར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། འཇིག་རྟེན་པ་དང་འགལ་བའི་ཚིག་དང་ལྡན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་སྟོན་པར་མཛད་པས་ངོ་མཚན་དུ་གྱུར་ཅིང་རྨད་དུ་གྱུར་ནས་ཐོགས་པ་མེད་པར་སྨྲ་བའི་སྒྲའི་རྡོ་རྗེའི་ཚིག་འོག་ནས་བཤད་པ་འདི་སྨྲས་པར་གྱུར་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་དྲི་བ་ནི། འཁོར་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ལམ་ཤེས་པ་སྐད་དུ་བཅོས་མར་འདྲི་བས། བཅོམ་ལྡན་འདས་ཉིད་ལ་ཇི་ལྟར་ཡོངས་སུ་ཞུས་པ་དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི་དེ་བཞིན་གཤེགས་པ་


JLD004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བདག་པོ་ཁམས་གསུམ་ལས་འདས་པས། རྡོ་རྗེའི་ཚིག་འདི་ཅིའི་སླད་དུ་གསུངས་ཞེས་བྱ་བར་སྦྱར་རོ། །ཁམས་ནི་དྷཱ་ཏུ་ལ་དྷཱ་ར་ཎ་འཛིན་པ་སྟེ། རང་གི་མཚན་ཉིད་འཛིན་པ་སྟེ། རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་བོ། །དེ་ལ འང་ཤེས་རབ་རབ་དང་འབྲིང་དང་ཐ་མའི་དབྱེ་བས་རྣམ་པ་གསུམ་མོ། །ཁམས་གསུམ་པ་སྟེ་ལས་འི་ཁྱད་པར་གྱིས་འདས་ཤིང་རྒལ་ལ། རྗེས་སུ་སྟེ་སླར་ཡང་དེར་མི་འགྲོ་བས་ན་ཁམས་གསུམ་ལས་འདས་པའོ། །དེ་ཉིད་ཀྱིས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་པ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཤེས་རབ་རབ་འབྲིང་ལ་སོགས་པའི་དབྱེ་བས་གནས་པ་དེ་ལས་འད ས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་མེས་བསིལ་བ་བྱེད་ཅེས་པ་བཞིན་ཏུ་རྨད་དུ་གྱུར་པ་སྟེ། ངག་གང་སྔོན་ཆད་མ་བྱུང་ལ་མི་སྲིད་པས་ན་ཡང་དག་པ་མ་ཡིན་པ་སྟེ། དེ་སྟོན་པའི་ཚིག་ནི་ཡང་དག་པ་མ་ཡིན་པའི་ཚིག་གོ །དེ་ཉིད་ནི་རབ་ཏུ་འཇུག་པར་བྱ་བ་ཡིན་པས་ན་ལམ་མོ། །མི་ཕྱེད་པས་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྗེས་སུ་འགྲོ་བ་ཡིན་པས་ན་གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་ཉིད་ནི་ཚིག་སྟེ། དེ་ལྟ་བུའི་ཡང་དག་པ་མ་ཡིན་པའི་ཚིག་གི་ལམ་རྡོ་རྗེའི་ཚིག་དེ་


JLD004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་སླད་དུ་གསུངས་ཞེས་ཞུས་པ་སྟེ། སྔོན་བྱུང་ལ་སངས་རྒྱས་དང་བྱང་སེམས་ཀྱི་འཁོར་གཉིས་དང༌། རྗེས་འཇུག་ལ་ཚོགས་དང་སློབ་མའི་འཁོར་གཉིས་ཀྱི་ནང་དུ་འགྱོད་པ་བསྐྱེད་པ་བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་གསུང་སྟེ་མ་གསུང་ཞིག་ཅེས་བྱ་བའི་བར་དུའོ། ༈ །བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ་གསན་ནས། བཅོམ་ལྡན་འདས་ཀྱི་འཁོར་དུ་འདུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། །བཅོམ་ལྡན་འདས་ཀྱི་དགོངས་པ་མངོན་པར་མ་རྟོགས་པ་ནི་མ་རྟོགས་པ་ལྟར་བཅོས་པའོ་ར་གཟིགས་ནས། ཇི་ལྟ་བ་བཞིན་དུ་ལན་བཏབ་པ་སྡུད་པར་བྱེད་པས་དེ་བསྟན་པའི་གནས་རྣམ་པར་བཞག་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ལ་སོགས་པའི་དོན་ནི་ལེའུ་དང་པོར་བཤད་ཟིན་ཏོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་འདི་ནི་ལན་ཏེ། རིགས་ཀྱི་བུ་ཞེས་བྱ་བ་ནི་བོད་པ་སྟེ། རིགས་ནི་རྡོ་རྗེའི་རིགས་ལ་སོགས་པའི་རིགས་རྣམས་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་རྣམས་རིགས་དེ་རྣམས་ལས་སྐྱེས་པས་ན་རིགས་ཀྱི་བུའོ། །སྲོག་གཅོད་སོགས་ཀྱི་དམ་ཚིག་ལ་ཐེ་ཚོམ་སྐྱེས་པའི་སྒོ་ནས་ངན་ཅིང་དམན་པའི་འདུ་ཤེས་ནི་དམན་པའི་འདུ་ཤེས་སོ། །འཇིག་རྟེན་གྱིས་སྨད་པའི་འདུ་ཤེས་ནི་སྨད་པའི་འདུ་ཤེས་ཏེ་བཤད་མ་ཐག་པ་དེ་


JLD004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་འདུ་ཤེས་གཉི་ག་ཡང་མ་སྐྱེད་ཅིག་ཅེས་པ་སྟེ་མ་བྱེད་ཅིག་ཅེས་བཀག་པའོ། །དམན་པའི་འདུ་ཤེས་སྐྱེད་པའི་ཉེས་པ་བསྟན་པར་བྱ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་གང་གིས་ན་དེ་ལྟར་མི་བྱ་ཞེ་ན། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་སྤྱོད་པ་ལ་ལྟོས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ནི་སྤྱོད་པའི་མཆོག་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ལ་ནི། སྲོག་གཅོད་པ་སོགས་བྱའོ་ཞེས་པ་ལྟ་བུ་འཇིག་རྟེན་དང་འགལ་བའམ། སྲོག་གཅོད་སོགས་སྤང་ངོ་ཞེས་པ་ལྟ་བུ་འཇིག་རྟེན་དང་མི་འགལ་བ་ཡང་རུང༌། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས་སྔགས་པ་རྣམས་ཅི་ནུས་པར་རབ་ཏུ་འཇུག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དེའི་ཕྱིར་སྲོག་གཅོད་པ་སོགས་ལ་འཇུག་པས་ཀྱང་སེམས་ཅན་གྱི་དོན་ཆེན་པོ་བྱེད་པས་སྨད་ན་སྡིག་སོག་པར་འགྱུར་རོ། །འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་བྱ་བ་ནི། སློབ་དཔོན་གང་དག་ལས་ལུང་བླངས་ཏེ་དེ་ཁོ་ན་ཉིད་ཟློས་ཤིང་འདོན་པས་ན་སྔགས་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་གོ །དེ་རྣམས་ཀྱི་སྤྱོད་པ་ནི་རྫོགས་པའི་གོ་རིམ་རྟོགས་པ་སྟེ། ཐོབ་ནས། གང་


JLD004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་མ་བཞག་པ་རྗེས་ཐོབ་ཀྱི་འི་སྦྱོར་བས་འཇིག་རྟེན་དང་འགལ་བ་ལ་སྤྱོད་པ་དེ་ཉིད་ནི་དེ་བཞིན་གཤེགས་པའི་སྤྱོད་པ་སྟེ། འདོད་ཆགས་ལ་སོགས་པའི་སྤྱོད་པ་ལ་སྤྱད་པས་ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་རགས་པའི་ལུས་ཡོངས་སུ་བརྗེ ས་ནས་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པ་ཡིན་པས་སོ། ༈ །དེ་ལྟར་སྤྱོད་པ་གཉིས་ཀྱི་དོན་མདོ་ཙམ་དུ་བསྟན་པ་བཤད་ནས། བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བས་སྤྱོད་པ་དེ་མཆོག་ཡིན་པར་སྒྲུབ་པ་བསྟན་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་འདི་ལྟ་སྟེ་ཞེས་བྱ་བའི་ཚིག་ཕྲད་ཀྱི་ཚོགས་ནི་དཔེར་ན་ཞེས་བྱ་བའི་ཚིག་ལ་འཇུག་གོ་ཞེས་པ་ལྟར་བྱའོ། །དེའི་དོན་ནི་འདི་ལྟ་སྟེ་ཞེས་མི་གསལ་བར་བཤད་པ་ནི། དཔེར་ན་ཞེས་པས་དོན་བྱེ་བྲག་པ་ལ་གསལ་བར་འཆད་པའི་དོན་ནོ། །ལྟ་སྟེ་ཞེས་བྱ་བ་ནི་ཚིག་གི་ཕྲད་ཀུན་འབྱུང་བ་སྟེ། དཔེར་ན་ཞེས་བྱ་བ་ནི་དོན་ལ་རབ་ཏུ་འཇུག་གོ །ནམ་མཁའ་ནི་དོན་དམ་པའི་བདེན་པ་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ། །ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་ལ་རྗེས་སུ་སོང་ཞིང་ཁྱབ་པའོ། །ཆོས་ཐམས་ཅད་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། ཆོས་དེ་རྣམས་ཀྱང་ནམ་མཁ འི་ཁོངས་སུ་འ་གཏོགས་པ་ནི་ཆོས་ཅན་དང༌། དེའི་ཆོས་ཉིད་དག་ནི་ངོ་བོ་དབྱེར་མི་ཕྱེད་པ་ཡིན་པའི་ཕྱིར་རོ། །འདོད་པའི་ཁམས་ན་མི་གནས་ཞེས་


JLD004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པས་ནི་དོན་འདི་ཉིད་རྣམ་པར་འགྲེལ་ཏེ། གཟུགས་ལ་སོགས་པ་རྣམས་འདོད་ཅིང་ཚོལ་བས་ན་འདོད་པ་སྟེ། རྒྱལ་ཆེན་རིས་བཞི་ལ་སོགས་པ་འདོད་པའི་ལྷ་རྣམས་སོ། །དེ་རྣམས་འཛིན་པས་ན་ཁམས་ཏེ་གནས་སོ། །དེ་རྣམས་ཀྱི་ཕུང་པོ་ལ་སོགས་པ་དེར་ཡང་མི་གནས་ཏེ། འདོད་པའི་ཁམས་ཀྱང་དོན་དམ་པའི་བདེན་པར་གཏོགས་པའི་ཕྱིར་རོ། །སྲིད་པ་གང་ན་གཟུགས་ཙམ་ལ་ཆགས་པ་དེ་ནི། གཟུགས་ཀྱི་ཁམས་སོ། །ཙམ་གྱི་སྒྲས་ནི་འདོད་ཡོན་ལ་ཆགས་པ་གཅོད་དོ། །སྲིད་པ་གང་ན་གཟུགས་ཀྱི་འདོད་ཆགས་དང་བྲལ་བས་ན་རྣམ་པར་ཤེས་པ་ཙམ་དུ་ཙམ་གྱི་སྒྲས་ནི་ཕྱི་དོན་རྣམ་ཤེས་ལས་ངོ་བོ་ཐ་དད་པ་གཅོད་ཀྱི། རྣམ་ཤེས་ཀྱི་བཞོན་པའི་རླུང་མི་གཅོད་དེ། དེ་གཉིས་དེར་ངོ་བོ་གཅིག་པའི་ཕྱིར་རོ། །གནས་པ་དེ་ནི་གཟུགས་མེད་པའི་ཁམས་ཏེ་དེ་དག་ན་ཡང་ཕུང་པོ་ལ་སོགས་པའི་ཆོས་རྣམས་མི་གནས་སོ། །ཞེས་པ་ནི་དོན་དམ་ལས་ངོ་བོ་ཐ་དད་པའི་ཚུལ་གྱི་མི་གནས་པའོ། །འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་ལ་སོགས་པའི་རིམ་གྱིས་གནས་པའི་དཀྱིལ་འཁོར་བཞི་གང་ཡིན་པ་རྒྱུ་བ་དང་མི་རྒྱུ་བའི་བཞིར་གྱུར་བ་དེ་ནི་འབྱུང་བ་ཆེན་པོ་བཞིའོ། །སྣོད་གཞན་གྱི་གཞིར་གྱུར་པའི་དཀྱིལ་འཁོར་ལ་མེའི་དཀྱིལ་འཁོར་ལོགས་པ་མེད་ཀྱང༌། རྣམ་གཞག་རིམ་པར་མེའི་རྡུལ་ཕྲ་རབ་རྣམས་


JLD004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གསུམ་གྱི་ཁྲོད་ན་གནས་པར་བཤད་པ་བཞིན་ནོ། །དེ་ལ་ཡང་མི་གནས་ཏེ་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱང་འོད་གསལ་བ་དོན་དམ་པའི་བདེན་པ་དང་ངོ་བོ་ཉིད་གཅིག་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །དེ་ལྟར་ཞེས་པ་ནི། གཞིའི་འོད་གསལ་ལས་ངོ་བོ་ཐ་དད་དུ་མེད་པའི་རྣམ་པ་འདི་ཉིད་ཀྱིས་སོ། །རྗེས་སུ་རིག་བར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་གྱི་དབང་འདི་ལྟ་བུ་མཁྱེན་ཅིང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ནི་བཤད་མ་ཐག་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་འདི་ལྟ་བུ་སྟེ། དེ་རྣམས་ཀྱི་དབང་ནི་དོན་དམ་པའི་བདེན་པ་ཆོས་གཞན་གྱི་རྒྱུ་དང༌། རང་གི་རྒྱུ་ལས་ཀྱང་རང་དབང་དུ་མ་གྲུབ་པ་ཉིད་ཅེས་པས་རྟེན་འབྲེལ་གྱི་དོན་སྟོང་ཉིད་ཀྱི་དོན་དུ་བསྟན་ནོ། །དེ་ལྟ་བུ་མཁྱེན་ཅིང་ཐུགས་སུ་ཆུད་ནས། སེམས་ཅན་རྣམས་ཀྱི་དམན་པ་ལ་སོགས་པའི་དབྱེ་བས་གནས་པའི་བསམ་པ་སྟེ། ལྷག་པར་མོས་པ་མཁྱེན་ཅིང་ཡོངས་སུ་ཕྱེ་ནས་ཆོས་ཏེ་གསུང་དུ་བརྟགས་པའི་མཚན་ཉིད་ཅན་སེམས་ཅན་རྣམས་ལ་འཆད་པར་མཛད་ཅིང་རབ་ཏུ་སྟོན་པར་མཛད་དེ། ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་དང་འདྲ་བར་འབད་པ་མི་མངའ་བས། སེམས་ཅན་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་སྟོན་པར་མཛད་པས། འདིར་ཇི་ལྟ་བ་བཞིན་དུ་སྟོན་པ་འབྱུང་བར་འགྱུར་རོ། །དེ་ལྟར་རྣམ་པ་འདི་ཉིད་ཀྱིས་ནམ་མཁའི་ཚིག་ངེས་པར་བརྗོད་པ་སྟེ། ནམ་མཁའ་དང་མཉམ་པ་སྟེ། འདྲ་བའི་སྟོང་ཉིད་ཀྱི་དོན་སྟོན་པའི་ངེས་


JLD004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ནི་ནམ་མཁའི་ཚིག་ངེས་པར་བརྗོད་པ་སྟེ། ངེས་པའི་ཚིག་དེས་ནམ་མཁའ་དེ་དང་མཉམ་པ་དེ་འདྲ་བ ར་དེ་བཞིན་གཤེགས་པའི་དམ་ཚིག་ཅེས་པ་བཤད་མ་ཐག་པ་དེ་དག་ཀྱང་སྟོང་པ་ཉིད་ཀྱི་ངོ་བོར་རྗེས་སུ་རིག་པར་བྱའོ། །འདིས་ནི་སྔགས་ཀྱི་སྤྱོད་པ་སྤྱད་པས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་འོད་གསལ་པ་དེར་འཇུག་པར་འགྱུར་བས་ན། སྤྱོད་པ་དེ་མཆོག་ཏུ་བསྒྲུབས་སོ། ༈ །དེ་ལྟར་ཆོས་ཐམས་ཅད་ཀྱི་དོན་དམ་པའི་བདེན་པ ར་ཞུགས་པས་རྣམ་པར་དག་པ་བསྟན་ནས། ཐེག་པ་གཞན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་དུ་མ་གྱུར་པའི་སྒྱུ་ལུས་རྡོ་རྗེའི་སྐུ་སྐྱེད་པའི་ཐབས་ཀྱི་བྲེ་བྲག་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུབ་ཤིང་ནི་འདིས་གཙུབས་པས་མེ་བསྐྱེད་པས་ན་གཙུབ་ཤིང་སྟེ་སྟེང་གི་ཤིང་བུའོ། །གཙུབ་སྟན་ནི་གཞི་སྟེ་མེ་གཙུབ་པའི་རྟེན་དུ་གྱུར་པའི་ཤིང་བུའོ། །མིའི་ལག་པ་ནི་བསྐྱོད་པའི་ཚེ་གཙུབ་པར་བྱེད་པ་སྟེ། གསུམ་པོ་དེ་དག་གི་རྐྱེན་ལ་བརྟེན་ཅིང་འབད་པས་དྲོ་བ་འབྱུང་ངོ༌། །དེའི་འོག་ཏུ་དུ་བ་རབ་ཏུ་འབྱུང་ངོ༌། །དུ་བ་འབྱུང་བའི་འོག་ཏུ་མེ་འབྱུང་ཞིང་འོད་དང་ལྡན་པའི་རྣམ་པར་འབར་བར་གྱུར་ནས་འདུས་ཏེ་འབྱུང་བར་འགྱུར་རོ། །མེ་དེ་ཡང་ཞེས་བྱ་བ་ནི་དྲོ་བ་དང་དུ་བ་དང་མེ་སྟེ་གསུམ་པོ་དེ་དག་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་པ་


JLD004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ན། རིགས་ངོ་དེར་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པའི་བསྐྱོད་པ་ལ་ཡང་མི་གནས་སོ། །དེ་ལྟ་བུར་ཞེས་བྱ་བ་ནི་ཇི་ལྟར་གཙུབ་ཤིང་ལ་སོགས་པ་རྣམས་ལ་དཔྱད་པ་ན། དྲོ་བ་ལ་སོགས་པ་གསུམ་པོ་སོ་སོར་འབྱུང་བ་དམིགས་སུ་མེད་དོ། །རིགས་ངོར་མེད་པ་དེ་ལྟ་མོད་ཀྱི་སྟེ། དེ་ལྟ་ནའང་རྒྱུ་རྐྱེན་ཚོགས་པ་ལས་དྲོ་བ་ལ་སོགས་པ་དེ་དག་ཉིད་གོང་ནས་གོང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སྔགས་ཀྱི་སྤྱོད་པ་སྤྱད་པས་སྟོང་པ་བཞིའི་ཡེ་ཤེས་སྐྱེད་པ་ཡང་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་རྗེས་སུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་པའི་ཕྱིར་ན་རོ་། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་སྟོང་པ་ཉིད་འོད་གསལ་གྱི་ཡེ་ཤེས་སོ་དོ་། །རྡོ་རྗེ་ནི་ཆེན་པོ་སྟོང་པ་ཉིད་དོ། །དམ་ཚིག་ནི་ཤིན་ཏུ་སྟོང་པ་ཉིད་དོ། །རྗེས་སུ་རིག་པར་བྱའོ་ཞེས་པ་ནི་སྟོང་པ་ཉིད་དེ་གསུམ་པོ་དེ་དག་གི་རྗེས་ཏེ། ཕྱི་ནས་རིག་ཅིང་ཤེས་པར་བྱ་བ་ཡིན་པས་ན་སྟོང་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ནི་དེ་ལྟར་རིག་པར་བྱའོ། །འགྲོ་བ་དང་འོང་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ཞེས་བྱ་བ་ནི་སྟོང་པ་སྟེ། སྣང་མཆེད་ཐོབ་གསུམ་གྱི་རིམ་གྱིས་འོད་གསལ་དོན་དམ་པའི་བདེན་པར་ལུགས་མཐུན་དུ་འགྲོ་བའོ། །འོད་གསལ་དེ་ལས་ཆེན་པོ་སྟོང་པ་ཉིད་


JLD004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིན་ཏུ་སྟོང་པ་ཉིད་དང་སྟོང་པ་ཉིད་ཐོབ་པ་ནི། ལུགས་བཟློག་ཏུ་འོང་བའོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་སྟོང་པ་བཞི་ལ་ལུགས་མཐུན་དུ་འགྲོ་བ་དང༌། ལུགས་མི་མཐུན་དུ་འོང་བ་མེད་པ་ཡོངས་སུ་གཟུང་སྟེ། དེ་ཡང་སྤངས་རྟོགས་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་ས་ལ་ནི་འཇུག་པ་དང་ལྡང་བ་མེད་པ་སྟེ། སངས་རྒྱས་རྣམས་ནི་འཁོར་བ་ཇི་སྲིད་པར་འོད་གསལ་ལས་མི་བཞེངས་པའི་ཕྱིར་རོ། །་འོ་། །སྔར་དོན་དམ་བཤད་པའི་སྐབས་སུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་དོན་དམ་དང༌། ཆོས་རྣམས་ངོ་བོ་དབྱེར་མེད་དུ་བཤད་པ་ན། དེ་ལྟ་ཡིན་ན་སྔགས་ཀྱི་སྤྱོད་པ་སྤྱད་པ་ལས། སྟོང་པ་བཞིའི་ཡེ་ཤེས་སྐྱེ་བའི་རྒྱུ་འབྲས་ཀྱི་རིམ་པ་མི་འཐད་དོ་སྙམ་པ་ལ། གཙུབ་ཤིང་ལ་སོགས་པ་དཔེར་བྱས་ནས། རིགས་ཤེས་ཀྱི་ངོར་རྒྱུ་འབྲས་མི་འགྲུབ་ཀྱང༌། ཐ་སྙད་པའི་ཚད་མའི་ངོར་འཇོག་པ་མི་འགལ་བར་བསྟན་ལ། དེ་ལྟར་ན་སྔགས་ཀྱི་སྤྱོད་པ་སྤྱད་པ་ལས་སྟོང་པ་བཞི་སྐྱེད་པ་ནི། རྡོ་རྗེའི་སྐུ་འགྲུབ་པའི་ཆེད་དུ་ཡིན་པས། སྔགས་ཀྱི་སྤྱོད་པ་མཆོག་ཏུ་གྲུབ། ཅེས་པའི་དོན་ནོ། ༈ །དེ་ལྟར་མཆོག་ཏུ་ཟབ་པའི་ཆོས་ཉིད་ཐོས་ཤིང་བཟུང་བས། འདིར་དགའ་བའི་ཡིད་ཀྱི་ཡིད་དང་རྗེས་སུ་མཐུན་པའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་སྐད་ཅིག་དེ་ཉིད་ལ་སྣང་བ་གསུམ་སྐྱེས་པས་ངོ་མཚར་དུ་གྱུར་པ་ཐོབ་པ་དང༌། དེ་ནས་ཆོས་ཉིད་འོད་གསལ་རྟོགས་པས་རྨད་དུ་གྱུར་པས་མིག་གདངས་ཤིང་ཐབས་ཀྱི་ཡེ་ཤེས་ཀྱི་སྐུ་སྐྱེས་


JLD004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ནས། འོག་ནས་བཤད་པའི་སོ་སོ་རང་གིས་རིག་པའི་ཆོས་ཉིད་སྟོན་པའི་ངོ་བོ་ཉིད་ཀྱི་ཚིག་འདི་སྐད་ཅེས་སྨྲས་པར་གྱུར་ཏོ། །རྨད་བྱུང་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྨད་བྱུང་ཆེན་པོའི་ཆོས་རྣམས་ནི་དོན་དམ་པའི་བདེན་པའོ། །དོན་དམ་དེས་ཐམས་ཅད་དུ་ཁྱབ་པས་ན་དེ་ཉིད་ནི་ནམ་མཁའ་དང་མཚུངས་པའོ། །ངེས་པའི་དོན་གྱི་ལུང་དང་བྲལ་བའི་རྟོག་གེ་པ་རྣམས་ཀྱིས་རྣམ་པར་བརྟག་པར་མི་ནུས་པས་རྣམ་པར་མི་རྟོག་པའོ། །ཀུན་རྫོབ་ཀྱི་བདེན་པ་སྒྱུ་ལུས་དེར་ཡོངས་སུ་དག་པས་ན་དག་པའོ། །དོན་དམ་པའི་བདེན་པ་དེ་ལ་ཡང་དག་པར་སྒྲིབ་ཅིང་ཀུན་ནས་འགེབས་ཞེས་པ་ནི་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་ཇི་ལྟ་བའི་ཡེ་ཤེས་ཀྱི་ངོར་སྐུའི་སྣང་བ་འདི་ཡང་ནུབ་དགོས་པའོ། །ལ། འདི་ཟུང་འཇུག་གི་སྐུ་ཡིན་པས་ས་ཐོབ་པའི་མིག་གི་དབང་པོའི་ཡུལ་དུ་གྱུར་པས་ན་ཀུན་རྫོབ་སྟེ་རྡོ་རྗེ་འཆང་བའི་སྐུའོ། །:ཆག:ཡང་གི་སྒྲ་ནི་སླར་ཞེས་པའི་དོན་ནོ། །ཞེས་འབྱུང་བ་ལྟར་ཏེ། དེའི་དོན་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པ་ན་སྒྱུ་མའི་སྐུ་སྟོང་བར་སྟེ། དག་པར་གྱུར་ནས། སླར་ཡང་ཟུང་འཇུག་གི་སྐུར་སྣང་བར་གྱུར་པའོ་ཞེས་པའོ། །འང་ཞེས་བྱ་བའི་སྒྲ་ནི་ཡང་ཞེས་བྱ་བའི་དོན་ཏེ། དོན་དམ་པའི་བདེན་པ་མངོན་པར་རྟོགས་པས་སྟོང་པར་གྱུར་ནས། ཡང་སྣང་བར་གྱུར་པའོ་ཞེས་གང་བཤད་པ་དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུའོ། ༈ །དོན་དམ་པ་ནི་འོད་གསལ་ཀྱི་ཡེ་ཤེས་སོ་བའོ་། །དེས་དག་


JLD004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པས་ན་དོན་དམ་པའི་དག་པ་སྟེ། དོན་དམ་པའི་དག་པ་ཡང་ཡིན་ལ་དེ་ཁོ་ན་ཉིད་ཀྱི་དོན་ཀྱང་ཡིན་པས་ན་རྡོ་རྗེ་འཆང་སྟེ། དེ་ཉིད་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་སྟོན་པའི་གཞུང་གི་ཚོགས་ཀྱང་དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་ཅེས་བྱ་སྟེ། དགོངས་པས་བཤད་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་དགུ་པ་མཐའ་དྲུག་གིས་བཤད་པའོ། ། ། །བསྒྲུབ་པ་མཆོག་རྫོགས་རིམ་དང་ཐ་མལ་པ་བསྐྱེད་རིམ་ལ་གནས་ཤིང་། དེ་གཉིས་རེ་རེས་ཀྱང་སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་གསུམ་པོ་གང་རུང་ལ་གོམས་པ་ཉམས་འོག་ཏུ་ཆུད་པའི་རྣལ་འབྱོར་པས་གང་གི་ཚེ་བསྒྲུབས་ཀྱང་དངོས་གྲུབ་རྙེད་པར་མ་གྱུར་ན་དེའི་ཚེ། རང་གི་ལྷ་ལ་སྙིང་པོ་བསྐུལ་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་པ་ཉེ་བར་སྟོན་པར་མཛད་པ་ཡིན་ཏེ། ༈ །དེ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །ཡང་འདུས་ཏེ་ཞེས་བྱ་བ འི་ཡང་གི་དོན་ནི་སྔར་ལེའུ་དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་བཤད་པའི་རིམ་པ་ལ་ལྟོས་ན་གྱི་ས་སོ། །བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེའི་དེ་ཁོ་ན་ཉིད་མངོན་པར་


JLD004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱང་ཆུབ་པ་ནི་བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་མཚན་ཉིད་ཅན་ནོ། །ཟུང་འཇུག་དེ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཡིན་པས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའོ། །གདུལ་བྱ་རྣམས་ཀྱི་བསམ་པའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་མཁྱེན་པས་ན། དེ་བཞིན་གཤེགས་པ་སྟེ་དེ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །སྔགས་ནི་ཨཱ་ལི་དང་ཀཱ་ལི་ལས་སྐྱེས་པ་རྣམས་ཏེ། སྦྲུལ་དང་མགོ་མེད་ཅེས་བྱ་བ་ལ་སོགས་པ་བཞི། །བཞི་པོ་དེ་རྣམས་ཀྱི་སྙིང་པོ་ནི། སྔགས་ཀྱི་གཙོ་བོ་སྟེ་ཡི་གེ་ༀ་ལ་སོགས་པ་གསུམ་མོ། །སྔགས་དེ་རྣམས་ཀྱི་དོན་ཀུན་བསྡུས་པ་ནི། ཡི་གེ་གསུམ་དུ་གསལ་བར་བྱས་པའོ། །སྐུ་དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་གསང་བར་བསྒྲགས་པ་ནི་གསང་བ་ཞེས་བཏགས་སོ། །དངོས་གྲུབ་ཆེན་པོའི་ཚུལ་ནི་དངོས་གྲུབ་ཆེན་པོའི་ཐབས་སོ། །དེ་རྣམས་ཀྱི་མཆོག་ནི་ཕུལ་དུ་བྱུང་བའོ། །ཡང་དག་པ་ནི་མི་སླུ་བ་སྟེ་དེ་ཁོ་ན་ཉིད་དེ་བཤད་དུ་གསོལ་ཞེས་པ་ནི། སྔགས་གང་གིས་སྙིང་པོ་བསྐུལ་བ་དེ་རབ་ཏུ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པའོ། ༈ །དེ་ནས་ཞེས་པ་ནི་ཞུས་པའི་འོག་ཏུའོ། །ཤེས་རབ་སྣང་བ་དང་ཐབས་མཆེད་པ་དང་ཉེ་བར་ཐོབ་པ་ལ་ལྟོས་པས་ཏེ་ལྟོས་ན་རྣམ་པར་མཛེས་པར་གྱུར་པ་འོད་གསལ་གྱི་ངོ་བོ་ཡིན་པས་ན་རྒྱལ་པོའོ། །ཐབས་ཀྱི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པས་


JLD004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་འཛིན་པའོ། །ཉོན་མོངས་ཀུན་ནི་འདོད་ཆགས་ལ་སོགས་པ་གསུམ་མོ། །གསུམ་པོ་དེ་རྣམས་ཀྱང་རང་རང་གི་སོ་སོའི་དབྱེ་བ་དང༌ ཕྱེ་བ་དེ་ལས་ཀྱང་སླར་ཡང་ཕྱེ་བའི་རྗེས་སུ་དབྱེ་བས་ཕྱེ་ན། ཤིན་ཏུ་མང་བས་ན་རྒྱ་མཚོ་དང་མཉམ་པའི་ཕྱིར། །ཉོན་མོངས་པ་ཀུན་གྱི་རྒྱ་མཚོའོ། །དེ་རྣམས་ཀྱི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལ་སོགས་པའི་རང་བཞིན་ཟིལ་གྱིས་མནན་ནས། མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱིས་འབྱུང་བར་མཛད་ཅིང་རོལ་པར་མཛད་པས་ན་གཙོ་བོའོ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རྗེས་སུ་སྲེག་པར་མཛད་པས་ན་འབར་བའོ། །རྒྱུ་མཚན་དེ་ཉིད་ཀྱིས་ན་དྲག་པོ་སྟེ་ཁྲོ་བོའི་བདག་ཉིད་ཅན་དུ་བྱུང་བའོ། །མིག་ཐ་མལ་པ་སྟེ། ཞི་བས་ཀྱང་རབ་ཏུ་རྒྱས་པའི་དྲག་པོའི་སྤྱན་བགྲད་པར་མཛད་པས་སྤྱན་ཡངས་པས་སོ། །གསུང་ནི་འདི་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ནི་གསུང་བ་ལ་རབ་ཏུ་འཇུག་པ་སྟེ། དེ་ལ་གཞལ་བར་མཛད་པ་ཡིན་པའི་ཕྱིར་རོ། ༈ །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་སོགས་པ་སྐུ་དང་གསུང་དང་ཐུགས་སུ་བསྒོམ་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ། མི་ཕྱེད་པའི་ཚུལ་གྱིས་སྒོམ་པ་ཡོངས་སུ་ཤེས་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྒོམ་པར་བྱའོ། །མི་ཕྱེད་པའི་ཚུལ་གྱིས་སྒོམ་ཚུལ་དུ་ཇི་ལྟར་ཡིན་ཞེ་ན། རྣམ་པར་མི་རྟོག་མི་དམིགས་པ་ཞེས་བྱ་བ་སྟེ། བྱ་བའི་ཁྱད་པར་


JLD004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ལུས་སོ། །འདི་ནི་ངག་གོ །འདི་ནི་ཡིད་དོ་ཞེས་དེ་ཁོ་ན་ཉིད་དུ་དེ་གསུམ་གྱི་དབྱེ་བ་བྱ ར་མེད་པར་རྟོགས་པས་ན་རྣམ་པར་མི་རྟོག་པའོ། །གསུམ་པོ་དེ་གཅིག་ལ་གཅིག་བརྟེན་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པས་ན་མི་དམིགས་པའོ། །གསུམ་པོ་དེ་དག་གི་རོ་གཅིག་པ་སྟེ། དོན་དམ་པར་རང་བཞིན་དབྱེ་བ་མེད་པ་ནི་མཉམ་པ་ཉིད་དེ། དོན་དམ་པར་དབྱེ་བ་མེད་པ་དེས་ན་གང་ན་ཡང་མི་གནས་པ་སྟེ། གནས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་མཉམ་པ་ཉིད་ཅེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་གིས། ལུས་ལ་སོགས་པ་དོན་དམ་པར་དབྱེར་མེད་པ་བསྒོམ་པར་རབ་ཏུ་བསྟན་ནས། སྡུད་པར་བྱེད་པས་སྙིང་པོ་ཡང་དག་པར་བསྐུལ་བའི་ཐབས་ཀྱི་ཏིང་ངེ་འཛིན་དང་མཐུན་པའི་གཞི་རྣམ་པར་དགོད་པ་མདོར་བསྡུས་ནས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་གྱིས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིགས་དྲུག་པ་དེ་རང་བཞིན་གྱིས་དག་པའི།་ཕ་རོལ་ཏུ་ཕྱིན་པ་ནི་སྤྱན་མ་ལ་སོགས་པའོ། །སྔགས་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་དག་གི་ཚུལ་ནི་ཕན་ཚུན་ཀུན་ཏུ་ཆགས་པ་སྟེ། དེ་ཉིད་ནི་མི་འཇིག་པ་སྟེ། ཟད་པར་མི་འགྱུར་བ་ཉིད་ཡིན་པས་ན་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཐུགས་རྩེ་གཅིག་ཏུ་བཞག་ཅིང་སྙོམས་པར་


JLD004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པར་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རང་ལ་གསོལ་བ་འདེབས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བོད་པའོ། །མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་འདི་ནི། འོག་ཏུ་འདི་བསྟན་པའི་སེམས་ཅན་གྱི་དོན་བྱ་བ་ལ་ཞེས་པ་དེ་དང་མངོན་པར་སྦྱར་རོ་སྦྱོར་བ་སྟེ་། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སྤངས་རྟོགས་ཡོངས་སུ་རྫོགས་པ་རྣམས་སོ་འོ་། །རིག་པ་ནི་ལྷ་མོ་རྣམས་ཏེ་དེ་རྣམས་ནི་ལྷན་ཅིག་སྤྱོད་པ་བཙུན་མོའི་གཙ་མ་དང་ལ་སོགས་པ ས་དེ འི་འོག་མའི་ལྷ་མོ་རྗེས་སུ་སྤྱོད་པའི་དབྱེ་བས་ཕྱེ་ན་བྱེ་བ་སྙེད་དེ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཞེས་བྱ་བ་ནི། དེ་རྣམས་ཚད་མེད་པ་ཉིད་ཡིན་པས་ཉེ་བར་མཚོན་པ་ཙམ་དུ་གྱུར་པ་སྟེ་དེ་རྣམས་དང་ཐབས་ཅིག་ཏུའོ། །སེམས་ཅན་ནི་ཡུལ་ལ་ཉེ་བར་ལོངས་སྤྱོད་པས་ཐར་པ་ཐོབ་པར་འདོད་པ་ལམ་དེའི་གདུལ་བྱ་རྣམས་སོ་འོ་། །དེ་རྣམས་ཀྱི་དོན་བྱ་བ་ནི་འདུན་པ་སྟེ་བསམ་པ་དང་རྗེས་སུ་མཐུན་པས་ཏེ་པར་བྱང་ཆུབ་ཐོབ་པར་མཛད་པའོ། །དེའི་བདག་ཉིད་ཀྱིས་:ཆག:ཏེ་མཛད་པ་དེ་ཐམས་ཅད་གར་གྱི་གནས་སུ་ཞུགས་པའི་གར་མཁན་གཅིག་


JLD004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆ་ལུགས་སྣ་ཚོགས་པར་སྟེན་པ་དང་འདྲུ་བར་རྡོ་རྗེ་འཆང་གཅིག་ཉིད་སྣ་ཚོགས་པའི་རྣམ་པ་ཅན་དུ་འཇུག་པས་གར་གྱི་རོལ་པ་དེ་སྟོན་པར་མཛད་དོ། །སྟེན་ཚུལ་དེ་ཇི་ལྟར་ཞེ་ན། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིན་རྟེན་ནི་སེམས་ཅན་རྣམས་སོ། །དེ་འཛིན་པར་བྱེད་པས་ན་འཇིག་རྟེན་གྱི་ཁམས་ཏེ་སྣོད་ཀྱི་འཇིག་རྟེན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ཏེ། དེ་དག་ཉིད་ཀྱི་མཐས་ཀླས་པ་ནི་མཐར་ཐུག་པ་སྟེ། འདིར་མཐར་ཐུག་པ་མེད་པ་ཉིད་ལ་མཐར་གྱུར་པ་ཞེས་པའི་མིང་གིས་བཏགས་པ་ཡིན་ལ། ཕྱོས་བཅུའི་འཇིག་རྟེན་གྱི་ཁམས་མཐས་ཀླས་པའི་འཇིག་རྟེན་གྱི་ཁམས་དེ་རྣམས་སུ། འདོད་པའི་ཡོན་ཏན་ལྔ་པོ་རྟག་ཏུ་ཡིད་ཚིམ་པར་བྱེད་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་རོལ་བ་ནི་རྣམ་པར་རོལ་བའོ། །དགྱེས་པ་ནི་སྣ་ཚོགས་པའི་དགའ་བས་ལྷ་མོ་རྣམས་དང་ལྷན་ཅིག་དགྱེས་པར་མཛད་པའོ། །ཡོངས་སུ་སྤྱོད་པ་ནི་རིག་པ་ལྷ་མོ འི་ཚོགས་ཀྱིས་ཡབ་ལ་ཚུར་མཆོད་ཅིང་ཡུམ་དེ་ལ་ཡང་ཡབ་ཀྱིས་སླར་ཡང་དགའ་བ་བསྐྱེད་པའི་མཆེད་པར་མཛད་པ་འཛིན་ཡོངས་སུ་སྤྱོད་པའོ། །ཡོད་ཀྱང་ཞེས་བྱ་བ་ནི་དོན་འདི་ལྟ་བུ་མཐའ་ཡས་ཡོད་པའོ། །དེ་དག་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་ཞེས་བྱ་བ་ལ། དེ་དག་ནི་དེ་བཞིན་གཤེགས་པ་རྣམས་དགྱེས་པའི་སྒོ་ནས། མཆོག་ཏུ་དགའ་བའི་བདེ་བ་


JLD004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་མྱོང་བར་མཛད་པ་དེ་དག་གོ །སྔགས་ནི་སྔགས་སྨྲ་བ་རྣམ་པ་བཞི་སྟེ། གང་ཞེ་ན། སྔགས་ཀྱི་མིང་སྦྲུལ་ལ་སོགས་པ་དང༌། སྔགས་ཀྱི་དོན་བསྟོད་པ་དང་བོད་པ་དང་བསྐུལ་བ་སོགས་དང༌། སྔགས་སྤེལ་བ་ནི་ཞི་རྒྱས་སོགས་སོ་སོ་ལ་ཤཱནྟི་ཀུ་རུ་སོགས་སྦྱར་བའོ་དང༌་། རྡོ་རྗེའི་ཚིག་སྒྲ་སྤངས་པ་ནི་སྔགས་ཡིད་ཀྱིས་ཟློ་བ། །སྔགས་ཀྱི་ཐབས་དེ་དག་གིས་ནད་ཞི་བ་ལ་སོགས་པའི་སྒྲུབ་པ་ལ་རབ་ཏུ་འཇུག་པ་ནི་སྔགས་སྤྱོད་པའོ། །དེ་ལ་མངོན་པར་བརྩོན་པ་ནི་དེ་ལ་སེམས་མངོན་པར་ཞུགས་པ་སྟེ། དེ་ལ་སྤྱན་རས་ཀྱིས་མི་འཚོའོ། །སྤྱན་རས་ཀྱིས་མི་འཚོ་བའི་རྒྱུ་བསྟན་པར་བྱ་བའི་ཕྱིར། ཀྱེ་མ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་མ་ཞེས་བྱ་བ་ནི་སྨད་པ་སྨོན་པ་ཞུམ་པ་ངོ་མཚར་བ་ལ་འཇུག་པ་ལས་འདིར་ནི་མ་གུས་པ་སྨད་པ། །འདི་དག་ནི་ཞེས་བྱ་བ་ནི་སྔགས་ལ་གཞོལ་བ་རྣམས་སོ། །ཞེས་པ་ནི་འདིར་བསྐྱེད་རིམ་པའི་སྐབས་ཡིན་ལ། དེ་ལ་ཡང་སྔགས་དང་ནང་ལ་མཆོག་ཏུ་གཞོལ་བ་གཉིས་ཡང་ཀྱང༌། སྙིང་པོ་བསྐུལ་དགོས་པ་ནི་སྔ་མའོ་ཞེས་སྟོན་པའོ། །དེ་བཞིན་གཤེགས་པ་ནི་དུས་གསུམ་དུ་བྱུང་བ་རྣམས་སོ། །སྔགས་ནི་འདོན་ཞིང་སློབ་དཔོན་རྣམས་ཀྱིས་ཤུབ་བུར་ཟློས་པ་གང་ཡིན་པ་དེ་ནི་སྔགས་ཏེ། སྔགས་བཟླ་བའི་ཡུལ་དེ་ལ་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །སྤྱོད་པ་དེར་འདྲེན་ཞིང་དེ་ཐོབ་པར་བྱེད་པས་ན་དེའི་ཚུལ་ལོ། །ཚུལ་


JLD004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་སྒྲ་དེ་ཡང་དོན་རྣམ་པ་བདུན་ལ་འཇུག་སྟེ་ཏེ་། དེ་གང་ཞེ་ན། དཀྱིལ་འཁོར་ཚོགས་དང་ཐབ་དང་ནི། །གཏོར་མ་འདུས་དང་གོ་རིམ་དང༌། །དེ་ཉིད་དང་པོར་སྔགས་ཀྱི་སྤྱོད་པ་ལ་དབང་བ་དེར་འདྲེན་པའི་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བ་དང༌། དེ་དང་སྐབས་གཞན་དུ་བྱ་བའི་ཚོགས་འཁོར་གྱི་ཆོ་ག་དང༌། རྒྱུད་སྣོད་དུ་རུང་ནས་རིམ་གྱིས་བསྒོམ་པར་བྱ་བའི་རིམ་པ་གཉིས་དང༌། རིགས་སོ་སོ་བ་བཞི་དང༌། ལས་ཐམས་ཅད་པའི་ཐབ་ཁུང་སོ་སོར་སྦྱིན་སྲེག་བྱས་པས་བཟླས་པའི་སྐྱོན་དག་པ་དང༌། ནུས་པ་བསྐྱེད་ཅིང་དངོས་གྲུབ་འགྲུབ་པར་བྱེད་པ་དང༌། དེ་རྣམས་ཀྱི་དུས་སུ་ཉེ་བར་མཁོ་བའི་འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་དང༌། དམ་ཚིག་ཅན་གྱི་རྣལ་འབྱོར་བ་ཕོ་མོ་ཕྱོགས་གཅིག་ཏུ་འདུ་བའི་རྣམ་གཞག་སྟོན་པ་དང༌། ཆོས་རྣམས་ཀྱི་ཡིན་ལུགས་དེ་ཁོ་ན་ཉིད་དེ་རྣམ་པ་བདུན་དུ་གྲགས་པ ། །དེ་ནི་གསང་སྔགས་ཀྱི་སྤྱོད་པའི་ཚུལ་ཞེས་བཤད་དོ། །ཅེས་བྱ་བའོ། །ཚུལ་གྱི་ཆོས་ཞེས་པའི་ཆོས་ཀྱི་སྐད་དད་ངྷརྨཱལ་ངྷརཎ་འཛིན་པ་ཡིན་ལ། འདིར་ཚུལ་དང་ཆོས་གཞི་མཐུན་དུ་བཤད་པ་ནི་ཚུལ་བདུན་པ་དེ་ཉིད་ཅེས་པ་སྟེ། དེ་ནི་གཙོ་བོར་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་ནས། དེ་འཛིན་པར་བྱེད་པའི་ཕྱིར་དེ་ཉིད་དེ་ལ་ཆོས་ཞེས་བྱའོ་སོ་། །རྣམ་པ་དེ་ལྟ་བུའི་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་བརྒྱུད་བའི་སྔགས་ཀྱི་སྤྱོད་པའི་ཚུལ་གྱིས་པ་ཚབ་ཀྱིས། སྔགས་ཀྱི་སྤྱོད་པའི་ཚུལ་གྱི་ཆོས་ལས་སོང་བར་གྱུར་བ་སྟེ། སོན་ཞིང་ཕྱི་རོལ་ཏུ་གྱུར་ཏོ་ཞེས་བསྒྱུར་བ་ལྟར་བྱའོ། །ཆོས་རྫོགས་པར་གྱུར་བ་ནི་ཕྱིར་བྱུང་བར་གྱུར་པའོ། །སྒྲ་པ་ལྟར་ན་


JLD004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལས་སོང་ཞེས་བྱ་བ་ཡིན་མོད་ཀྱི་ཆོས་ཞེས་བྱ་བ་ནི་ལུང་གི་ཚིག་རྒྱལ་བའི་བཀའ་ཡིན་པས། སྒྲ་གཙོ་བོར་མ་བྱས་པའི་དོན་ནོ་གོ་།འདིར་སྙིང་པོ་བསྐུལ་དགོས་པ་དེས་དྲན་པ་གཅིག་པ་མཐར་ཕྱིན་པའི་འོག་ཏུ་སྤྱོད་པ་གསུམ་ལ་བསླབ་ཀྱང༌། དངོས་གྲུབ་མ་རྙེད་པ་ནི་སངས་རྒྱས་རྣམས་མངོན་ཏུ་ཕྱོགས་ཏེ། དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབ་བ་མ་བྱུང་བས་ཡིན་ལ། དེའི་རྒྱུ་ཡང་ཆོས་ལས་ཕྱི་རོལ་དུ་གྱུར་པའོ། །སྙམ་དུ་དགོངས་པ་ཡིན་ཞེས་པའི་ཆོས་དེ་ཁོ་ན་ཉིད་ལ་བཤད་པ་ནི། སྔགས་ལ་གཞོལ་བའི་དབང་པོ་དམན་པ་འགའ་ཞིག་གིས་སྤྱོད་པའི་སྒོ་ནས་བདེ་སྟོང་སྦྱོར་བ་ལ་གོམས་པར་བྱས་ཀྱང་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་རྣམས་ཀྱང་འགྲུབ་པ་དང༌། དེའི་འོག་མ་རྣམས་མྱུར་དུ་འགྲུབ་པར་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་རློབ་པའི་རྟོགས་པ་མ་སྐྱེས་པས་ལན་ལ། དེ་འདྲ་བའི་བདེ་སྟོང་དབྱེར་མེད་ཀྱི་རྟོགས་པའི་ཆོས་ལས་ཕྱི་རོལ་དུ་གྱུར་ཞེས་པའི་དོན་ཏོ། །སྤྱན་རས་ཀྱིས་མི་འཚོ་སྟེ་ཞེས་བྱ་བ་ནི་མང་དུ་གཅེས་པར་མི་མཛད་པའོ། །ཞེས་པ་ནི་ཐུགས་བརྩེ་བ་ཆེན་པོས་མི་དགོངས་པ་མིན་གྱིས། སྒྲུབ་པ་པོ་ལ་མངོན་དུ་ཕྱོགས་ནས་དངོས་གྲུབ་འགྲུབ་པར་བྱིན་གྱིས་མི་རློབ་པའོ། ༈ །དེ་ལྟར་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་རྒྱབ་གྱིས་ཕྱོགས་པ་ནི་སྔར་བཤད་པ་ལྟ ར་རྡོ་རྗེ་འཆང་གིས་གཟིགས་ནས། དངོས་གྲུབ་འདོད་པ་དེ་རྣམས་རྗེས་སུ་གཟུང་བར་མཛད་པའི་ཕྱིར། དེ་བཞིན་གཤེགས་པ། །སྦྱན་རས་ཀྱིས་འཚོ་བའི་ཐབས། བཅོམ་ལྡན་འདས་ཇི་ལྟར་


JLD004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་མཛད་པ་དེ་བསྟན་པར་བྱ་བའི་ཕྱིར་སྡུད་པར་བྱད་པ་མ་དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདོད་ཡོན་ལ་རོལ་པ་ལ་སོགས་པའི་སྒོ་ནས་མཆོག་ཏུ་དགའ་བའི་བདེ་བ་རྗེས་སུ་མྱོང་བར་མཛད་པ་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོ་ལ་གཟིགས་པར་མི་མཛད་དེ། དེ་བས་ན་སྐྱེས་བུ་དམ་པ་དེ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་སྤྱན་རས་ཀྱིས་བཙའ་བར་བྱ་བའི་ཕྱིར་སྐྱེས་བུ་དམ་པ་སྒྲུབ་པ་པོ་དེ་རྣམས་ལ་མངོན་སུམ་དུ་མཛད་དེ། དངོས་གྲུབ་རྣམས་འགྲུབ་པར་བྱིན་གྱིས་བརླབ་པས་དད་པ་བསྐྱེད་པར་བྱ་བའི་ཕྱིར། འོག་ནས་བཤད་པ་འདི་གསུངས་པའོ། །དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བར་གྱུར་པའི་སྔགས་ཐམས་ཅད་ནི་སྦྲུལ་ལ་སོགས་པའི་གསང་སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་སྔགས་གང་གིས་ལྷ་རྣམས་ཀྱི་སྲོག་ཡང་དག་པར་བསྐུལ་བར་བྱེད་ཅིང་རབ་ཏུ་སད་པར་བྱེད་པ་དེ་ནི་སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་བསྐུལ་བར་བྱེད་པ་ཞེས་བྱ་བ་རབ་ཏུ་གསང་བ་སྟེ། སྣོད་མ་ཡིན་པ་རྣམས་ལ་མཆོག་ཏུ་སྦ་པར་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཏི་མུག་གི་རིགས་ཅན་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་དམ་ཚིག་གིས་སྐད་དོད་ས་མ་ཡ་ལ། སམྱཀ་ཡནྟི་ནི་ཡང་དག་པར་བྱོན་


JLD004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། རྟགཙྪ་ནྟི་གཤེགས་པའོ། །ཡང་དག་པར་བྱོན་ཅིང་གཤེགས་པས་ན་དམ་ཚིག་གོ །དེ་ལ་སྔགས་པ་རྣམས་ཀྱིས་དམིགས་ཤིང་ཡིད་ལ་བྱས་པས་ན་དམིགས་པ་སྟེ་དམ་ཚིག་དེ་ལ་དམིགས་པ་ནི་ཡི་གེ་ༀ་མོ། །དེ་བཞིན་དུ་ཞེས་པ་ནི་སྐུ་དང་ཞེས་པ་ནས་དམིགས་པའི་བར་རྣམས་སྔ་མ་དང་འདྲ་བར་སྟོན་པའོ། །རྡོ་རྗེ་འཛིན་ཞེ་སྡང་གི་རིགས་ཐམས་ཅད་ཀྱི་སྐུ་ལ་སོགས་པ་ལ་དམིགས་པ་ནི་ཡི་གེ་ཧཱུཾ་མོ། །ཆོས་འཛིན་པ་འདོད་ཆགས་ཀྱི་རིགས་ཐམས་ཅད་ཀྱི་སྐུ་ལ་སོགས་པ་ལ་དམིགས་པ་ནི་ཡི་གེ་ཨཱཿ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ་དེའི་སྐུ་སྤྱི་པོ་ལས་ཡི་གེ་ༀ། གསུང་མགྲིན་པ་ལས་ཡི་གེ་ཨཱ༔། ཐུགས་ཀ་ལས་ཡི་གེ་ཧཱུཾ། ཡི་གེ་གསུམ་ༀ་ནས་བརྩེགས་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་གསུངས་ཤིང་ཕྱུང་བར་གྱུར་པའོ། །གནས་དེ་རྣམས་ལས་གསུང༌། ལུགས་ཇི་ལྟ་བུ་ཞེ་ན། ཚིག་གི་ལམ་ངེས་པར་བརྗོད་པས་ཞེས་བྱ་བ་སྟེ། ཚིག་གི་ལམ་ནི་ཁ་སྟེ། རྡོ་རྗེ་འཆང་དེའི་ཞལ་ལོ། །ཞལ་དེ་ན ས་ངེས་པར་བརྗོད་པའི་ཞལ་ནས་ཡི་གེ་ཨཱཿ སྟོན་པའོ། །ཞལ་ནས་ཨཱཿ ངེས་པར་བརྗོད་པ་དེས། དེར་མ་ཟད་ཐུགས་ཧཱུཾ་ཡིག་དང་སྐུ་ༀ་ཡིག་དག་ཀྱང་གསལ་བའི་ཚིག་གིས་ཞལ་ནས་གསུངས་པ་དང༌། དུས་མཉམ་དུ་གནས་གསུམ་ལས་ཀྱང་ཡི་གེ་གསུམ་བྱུང་བ། །ཇི་ལྟ་བུའི་


JLD004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཞེ་ན། བུད་མེད་དབྱངས་བཅུ་གཉིས་དང༌། སྐྱེས་པ་གསལ་བྱེད་སོ་གསུམ་དང་། མ་ནིང་གི་རི་རཱྀ་ལྀ་ལཱྀ་བཞིའི་ངོ་བོ་ཉིད་ཀྱི་ཡི་གེ་རྣམས་ཏེ། དེ་རྣམས་ཡང་དག་པར་བསགས་ཤིང་གང་དུ་བསྡུས་པར་གྱུར་པ་དེ་ནི་སྔགས་བསྡུས་པ་སྟེ་དེ་ཡི་གེ་གསུམ་དུ་གསུངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་སྔགས་བསྡུས་པ་གསུངས་པའི་འོག་ཏུ་ཡི་གེ་གསུམ་པོ་འདི་གསུངས་ཙམ་གྱིས་ཏེ་བརྗོད་པའི་སྐད་ཅིག་ལ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་དང༌། སྲས་ཏེ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྡོ་རྗེ་འཆང་ཆེན་པོས་སྙིང་པོ་བསྐུལ་བའི་སྔགས་གསུངས་པས་རྗེས་སུ་གཟུང་བར་འོས་པའི་སེམས་ཅན་རྣམས་གཟིགས་པས་རབ་ཏུ་འདར་ཞིང་བརྒྱལ་བར་གྱུར་ཏོ། །རྡོ་རྗེས་སེམས་དཔའ་རྗེས་སུ་དྲན་ཞེས་བྱ་བ་ནི། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་སྟེ། སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་མཛད་པའི་ངོ་བོ་ཉིད་དྲན་པས། བརྒྱལ་བ་ནི་དགའ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་པ་སྟེ། གྱུར་པ་ཞེས་བྱ་བ་ནི་ཐོབ་པ་ལ་བྱའོ། ༈ །དེ་ནས་དེ་དྲན་པའི་འོག་ཏུ་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས། སྒྲུབ་པ་པོ་རྣམས་ལ་སྤྱན་རས་ཀྱིས་འཚོ་བ་ལ་ལྷ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བའི་ངོ་བོ་ཉིད་ཀྱི་དམ་ཚིག་འོག་ནས་བཤད་པ་འདི་གསུངས་སོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ནི་དེ་བཞིན་ཉིད་དེ་འོད་གསལ་ལོ། །དེའི་ངོ་


JLD004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བོར་འཇོག་ཅིང་བསླན་པས་ན་ནམ་མཁའི་དབྱིངས་ཞེས་པའི་དབྱིངས་ཀྱི་དོན་ཏེ་དམ་ཚིག་སེམས་དཔའོ། །དེ་ནི་རིགས་སུའི་ཟློས་པ་པོ་ཡིན་ཀྱང་འདིར་རྡོ་རྗེ་འཆང་དུ་སྐྱེད་པའི་དང་པོ་སྦྱོར་བ་བྱས་ནས་དེ་ལ་སེམས་དཔའ་གཞན་གཉིས་འགོད་པའོ། །དེའི་དབུས་ནི་སྙིང་ག་སྟེ་དེ་ལ་གནས་པར་བཀོད་པའི་དཀྱིལ་འཁོར་ཏེ། ཡེ་ཤེས་སེམས་དཔའ་རྡོ་རྗེ་འཆང་དམར་པོ་ཡུམ་དང་བཅས་པ་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །དེ་ཡི་སྟེ་ཡེ་ཤེས་སེམས་དཔའ་དེའི་དབུས་སུ་གནས་པ་ནི་ཡེ་ཤེས་སེམས་དཔའ་དེའི་སྙིང་གར་གནས་པ་སྟེ་ཡི་གེ་ཧཱུཾ་ནི་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱའོ། །གསུམ་པོ་དེ་དག་རང་གི་གཟུགས་སུ་སྟེ་རང་གི་ངོ་རང་གི་ངོ་བོར་རབ་ཏུ་:པ་ཚབ:་བརྟག་ཅིང་ཟེར། བོ་ཉིད་ཀྱིས་རབ་ཏུ་བརྟག་ཅིང་བསྐྱེད་པར་བྱའོ། །སེམས་དཔའ་གསུམ་པོ་དེ་རྣམས་ལས་ཏེ། དེའི་ནང་ནས་ཏིང་ངེ་འཛིན་གྱི་སེམས་དཔའ་རྡོ་རྗེའི་འོད་ཟེར་ཤས་ཆེར་འབར་ཞིང་རྣམ་པར་འཕྲོ་བ་རྣམ་པར་བསམ་པར་བྱ་སྟེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །དེ་རྣམས་ཀྱི་འོད་ཟེར་ནི་དཀར་པོ་ལ་སོགས་པའོ། །དེ་ཤས་ཆེར་འབར་བ་ནི་ཤིན་ཏུ་འབར་པའོ། །རྣམ་པར་འཕྲོ་བ་ནི་འབར་བར་གྱུར་པ་ཉིད་དུ་བསམ་པར་བྱ་བའོ། །སངས་རྒྱས་རྣམས་ཀྱི་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྤངས་རྟོགས་ཡོངས་སུ་རྫོགས་པའི ག་དང༌། སྤངས་རྟོགས་མ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཀདེ་བཞིན་


JLD004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ཁཀྱི་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ནི་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་སྟེ། :པ་ཚབ་ཆག:་ཏིང་ངེ་འཛིན་དམ་ཚིག་སེམས་དཔའ་ལས་བྱུང་བའི་དཀར་པོ་ལ་སོགས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཐུགས་ཀ་ནས་ནུས་པ་ཐམས་ཅད་དྲངས་པར་རྣམ་པར་བསྒོམ་ཞིང་བསམ་པར་བྱའོ། །དེ་ལྟར་སློབ་པའི་སྒྲུབ་པ་པོས་སྐད་ཅིག་མ་དེ་མ་ཐག་ཉིད་དུ་དྲངས་ཤིང༌། དམ་ཚིག་སེམས་དཔའ་ལ་བཙུག་པ་ཙམ་ཉིད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་ནས་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཇི་ལྟ་བུའི་ངོ་བོ་ཉིད་དུ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། ཞེས་པ་སྟེ། སྐུ་ལ་སོགས་པ་མི་ཕྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ཏོ། །ཆེན་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་དགྱེས་པར་བྱེད་པས་རྒྱལ་པོ་ཆེའོ། །ཀུན་ནི་རྒྱུ་བ་དང་མི་རྒྱུ་བའོ། །དེ་རྣམས་ཀྱི་གཙོ་བོ་ནི་ཚངས་པ་ལ་སོགས་པའོ། །དེ་རྣམས་ཀྱང་ཆད་པས་ཚར་གཅོད་པ་དང་རྗེས་སུ་འཛིན་པར་མཛད་པས་ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག་སྟེ། རྣམ་པ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །རང་གི་དཀྱིལ་འཁོར་ནི་རང་རྡོ་རྗེ་འཆང་དུ་བསྒོམས་པའི་རང་གི་ལུས་ཀྱི་དཀྱིལ་འཁོར་རོ། །དེའི་རང་གི་རྡོ་རྗེས་ཏེ་རང་གི་སེམས་ཀྱིས་བསྐྱེད་པའི་ཆོ་ག་འདི་ཉིད་དོ། །


JLD004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པ་གང་ཡིན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དུས་གསུམ་དུ་བྱུང་བ་རྣམས་ཀྱིའོ། །སྙིང་པོ་ནི་བརྟན་པར་གྱུར་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ། །དེ་རྣམས་ཀྱི་བསྡུས་པ་ནི་སངས་རྒྱས་བྱང་སེམས་གྱི་ནུས་མཐུ་རྣམས་བཀུག་པ འོ་སྟེ་། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་འདིས་བསྡུས་ཤིང་དྲངས་པས་ན་བསྡུས་པའོ། ༈ །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཉིད་དུ་བདག་ཉིད་བསྐྱེད་ནས།ཞེས་པ་ནི་གོང་དུ་བདག་ཉིད་རྡོ་རྗེ་འཆང་དུ་བསྐྱེད་པར་བཤད་པ་དེའོ། །འཁོར་གྱི་དཀྱིལ་འཁོར་ཇི་ལྟར་བསྐྱེད་པ་དེ་བསྟན་པར་བྱ་བའི་ཕྱིར། རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་སྔགས་ཀྱི་སྐྱེས་བུ་རྡོ་རྗེ་འཆང་དུ་བསྒོམས་ནས་རང་སྟེ་བདག་ཉིད་ཀྱི་གནས་བཞི་སྟེ་ཤར་ལ་སོགས་པའི་གནས་རྣམས་སུ་སྟེ། ཕྱོགས་བཞིར་གཟུགས་ཀྱི་ཚུལ་ཏེ། ལེའུ་གསུམ་པ་དང༌། མདོར་བྱས་ལས་ཇི་སྐད་དུ་གསུངས་པའི་སྐུ་མདོག་དང་ཕྱག་མཚན་གྱི་གཟུགས་ཀྱི་ཚུལ་དུ་བསྒོམ་མོ་འོ་། །ཞལ་གསུམ་ལྟ་བུའི་སྦྱོར་བ་ཡིས། ཞེས་བྱ་བ་ནི། ཆ་འདྲ་ཞིང་གསལ་བར་གཟུང་བ་ཡིན་པས་ན་ལྟ་བུ་སྟེ་འདོད་ཆགས་ལ་སོགས་པ་སྣང་བ་གསུམ་མོ་འོ་། །གསུམ་པོ་དེ་རྣམས་ཀྱིས་སྦྱོར་བས་ན་ཞལ་གསུམ་ལྟ་བུའི་སྦྱོར་བ་ཡིས། ཞེས་བྱ་བ་


JLD004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཞལ་གསུམ་པ་དེས་སྣང་བ་གསུམ་ཉེ་བར་མཚོན་པར་བྱས་པའོ། ཁ་དོག་ཁ་དོག་གི་སྐད་དོད་ཝརྣ་ཞེས་པ་ཡི་གེ་དང་ཁ་དོག་གཉིས་ཀ་ལ་འགྲོ་བ་ལ་འདིར་ཡི་གེ་ལ་བསྒྱུར་དགོས་སོ། །གསུམ་གྱིས་ཞེས་པ་ནི་ཡི་གེ་གསུམ་གྱིས་སྔགས་ཀྱི་སྐྱེས་བུ་སྟེ། རྣམ་པར་སྣང་མཛད་དང་ལ་སོགས་པ ས་རིན་འབྱུང་འོད་དཔག་མེད་དོན་གྲུབ་བཞི་གནས་བཞིར་བསྒོམ་ཞིང་བསམ་ལ་བསླབ་བར་བྱའོ། །རྡོ་རྗེ་འཆང་གིས་གཙོ་བོ་བྱས་བ་ན་མི་བསྐྱོད་པ་འདིར་མེད་དོ། །རྣམ་སྣང་སོགས་ཕྱོགས་བཞིར་བསྐྱེད་པའི་རིགས་པ་འདིས་ཇི་ལྟར་རྣམ་སྣང་སོགས་བཞི་པོ་སོ་སོའི་རང་གི་རིགས་དེ་དང་འབྲེལ་བའི་ལྷའི་ཚོགས་སྤྱན་མ་ནས་གནོད་མཛེས་ཀྱི་བར་སྤྲོ་བར་བྱས་པ་སྟེ། དེ་བཞིན་གཤེགས་པ་བཞིའི་གནས་ནི་ཉེ་བར་མཚོན་པ་ཉིད་ཀྱིས་ན། ལྷ་ལྷག་མ་དང༌། དེའི་གནས་ཀྱང་ཤེས་པར་བྱའོ་སོ་། །བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་སྐད་ཅེས་བཀའ་སྩལ་པའོ། ༈ །དེ་ལྟར་བསྡུས་པའི་དཀྱིལ་འཁོར་ལྷ་སོ་གཉིས་མངོན་པར་སྤྲུལ་པའི་དཀྱིལ་འཁོར་རྒྱལ་མཆོག་བྱས་ནས་ཡང་ཅི་ཞིག་བྱ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་དེ་བཞིན་གཤེགས་པའི་ཐུགས་ཡང་དག་པར་བསྐུལ་བ་ལའོ། །འདི་ནི་ཞེས་པ་ནི་འོག་ནས་བཤད་པའོ། །མཆོག་ནི་དམ་པའོ། །རྡོ་རྗེ་གསང་པ་ནི་དེ་བཞིན་གཤེགས་པའི་གསང་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་པ་མཆོག་གོ་འོ་། །སྙིང་གའི་དབུས་སུ་ཕྲ་མོ་


JLD004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། དཀྱིལ་འཁོར་རྣམས་ནི་བསམ་པར་བྱ། ཞེས་བྱ་བ་ལ་སོགས་པ་ལ། རྟེན་གྱི་དཀྱིལ་འཁོར་ཉིད་དང་ངོ་བོ་དབྱེར་མེད་པས་དཀྱིལ་འཁོར་པའི་ལྷ་རྣམས་ལ་དཀྱིལ་འཁོར་ཞེས་བྱའོ་སོ་། །དཀྱིལ་འཁོར་པའི་ལྷ་དེ་རྣམས་ཀྱི་རེ་རེའི་སྙིང་གའི་དབུས་སུ་ཆུད་པར་སྙིང་གའི་ཟླ་བ་ལ་གནས་པ་ཕྲ་བ་བསྒོམ་པར་བྱ་ཞིང་ཁྱད་བསྒོམ་:ཆག:པར་བྱ་བ་ཡིན་པས་རྣམ་བསྒོམ་བྱའོ། །དེ་ནི་རྣམ་པ་ཁྱད་པར་ལ་བཤད་པའོ། །པར་དུ་བསམ་པར་བྱ་བ་ཡིན་པས་ན་བསམ་པར་བྱ་སྟེ། ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཕྲ་བ་སྟེ་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་བའོ་ཞེས་བྱ་བའི་དུའོ། །ཡི་གེ་མཆོག་ཏུ་གྱུར་པའི་ཚིག ། །དེ་ཡི་དབུས་སུ་བསམ་པར་བྱ། ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའ་དེ་ཡི་དབུས་སུ་ཆུད་ཅིང་ཐུགས་ཀྱི་ཟླ་བར་ཆུད་པ་དེ་བཞིན་དུ་སོ་སོའི་ཡི་གེ་སྟེ་ཡི་གེའི་སྐད་དོད་ཨཀྵ་ར་མི་འགྱུར་བ་ལ་འཇུག་པའོ། མི་འགྱུར་བའི་ངོ་བོ་ཉིད་མཆོག་ཏུ་གྱུར་པ་ནི་སྙིང་གའི་མི་ཤིགས་པ་ལས་བྱུང་བའི་ཕྱིར་ཕུལ་དུ་བྱུང་བ་ཡིན་ནོ། །ཚིག་ནི་ཡི་གེ་ཧཱུཾ་མོ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། རྟག་ཏུ་སྦྱོར་བས་བསྒོམ་པར་བྱ་ཞེས་བྱ་བ་ནི། སྦྱོར་བས་ཞེས་པ་སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ་ཏིང་ངེ་འཛིན་གྱི་སེམས་དཔའོ། །ཧཱུཾ དེ་ལས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཁ་རྣམ་པར་གྱེས་པའི་ལྟེ་བར་ཧཱུཾ་གིས་མཚན་པ་བསམ་ཞིང་བསྒོམ་


JLD004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སྙིང་གའི་དབུས་སུ་ཕྲ་མོ་ཡི་ཞེས་པའི་རྐང་པ་དྲུག་གིས་བསྟན་ཚུལ་འདིས་ན་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་ཞེས་གྲགས་པའི་གསུམ་པོ་དེ་དག་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་གསུམ་ལྷ་ཐམས་ཅད་ལ་བསམ་ཞིང་བསྒོམ་པར་བྱའོ། ༈ །རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི ས་སྤྲོས་པའི་འོད་ཟེར་ནི། སངས་རྒྱས་རྣམས་ཀྱི་ནུས་མཐུ་འགུགས་བ་ལ་ལྕགས་ཀྱུ་དང་འདྲ་བས་ན་ཀྱོ་བ་སྟེ་གླང་པོ་ཆེ་འགུགས་པའི་ལྕགས་ཀྱུ་བཞིན་ནོ། །དེའི་སྦྱོར་པ་ནི་རྡོ་རྗེ་ཀྱོ་བའི་སྦྱོར་བ་སྟེ། རྡོ་རྗེ་ཀྱོ་བའི་སྦྱོར་པ་དེ་ལས། ཞེས་པ་འོད་ཟེར་སྤྲོས་པའི་འོད་ཀྱི་སྣང་བས་རྡོ་རྗེ་གསུམ་སྟེ། སེམས་དཔའ་སུམ་རྩེག་ཏུ་བྱས་པ་རྣམས་གསལ་བར་བྱས་པར་རྣམ་པར་བསྒོམ་པར་བྱའོ། །ཞེས་པའི་དོན་ནོ། །ཀྱོ་བའི་སྦྱོར་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ཡིས་སྙིང་ཁར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡིས་ཞེས་པ་རྡོ་རྗེ་གསུམ་གྱིས་ཏེ། སེམས་དཔའ་སུམ་རྩེག་གི་འོད་ཟེར་གྱིས་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་སྙིང་ཁ་སྟེ། བསྒྲུབ་པར་བྱ་བའི་ལྷ་རྣམས་ཀྱི་འི་སྙིང་ཁར་བརྡབ་པར་བྱ་ཞིང་བསྐྱོད་པར་བྱ་སྟེ། དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་སྤྲོས་པའི་འོད་ཟེར་གྱི་ཚོགས་རྣམས་གཅིག་ཏུ་གྱུར་བའི་འོད་ཟེར་གྱི་ཚོགས་ཀྱི་ལྕགས་ཀྱུས་བསྒྲུབ་པར་བྱ་བའི་ལྷའི་ཐུགས་ཀར་ཞེས་པ་སེམས་དཔའ་གསུམ་དུ་གྲགས་པ་བསྐུལ་པར་བྱའོ། །


JLD004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་:ཆག:ལྷ་ཡང་རབ་ཏུ་བསྐུལ་བར་བྱ། ཞེས་པ་ལ་ཡང་གི་སྒྲ་ནི་བསྡུ་བ་སྟེ་ཞེས་པ་ལྟར་བྱའོ། །དེའི་དོན་ནི་འོད་ཟེར་གྱི་ཀྱོ་བ་བཏང་སྟེ། ལྷ་རྣམས་ཀྱི་ནུས་མཐུ་བཀུག་ནས་རང་ལ་བསྟིམ་པར་མ་ཟད། ལྷ་གནོད་མཛེས་ཀྱང་རབ་ཏུ་བསྐུལ། ཞེས་པ་སྟེ་འཆད་པར་འགྱུར་རོ། །སྒྲས་ནི་ཇི་སྙེད་པའི་ལྷ་རྣམས་ཀྱི་ཚོགས་བསྐུལ་བར་བྱ་བའོ། །རྡོ་རྗེ་ལྕགས་ཀྱུས་བརྡབ་པས་སྒྲུབ་པ་པོ་ལ་དགོངས་པར་བྱ་བ་བསྐྱེད་པའི་འོག་ཏུ། པ་ཚབ:ལྷ་སྟེ་གནོད་མཛེས་རྒྱལ་པོ་བཀུག་ལ། དེ་རང་གི་མདུན་དུ་འདུག་སྟེ། བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ལུང་ནོད་པར་བསམས་ལ་གནོད་མཛེས་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དངོས་གྲུབ་སྦྱིན་པར་བསྐུལ་ཅིག་ཅེས་ལུང་སྟེ། བཀའ་བསྒོ་ཞིང་འོ་། །དེས་ཀྱང་སངས་རྒྱས་ཀྱི་ཞིང་དུ་བྱོན་ནས་མིང་འདི་ཞེས་བྱ་བའི་སྒྲུབ་པ་པོ་ཁྱེད་ཀྱི་བསྟན་པ་ལ་དགའ་ཞིང་། དངོས་གྲུབ་མྱུར་དུ་འགྲུབ་པ་དོན་དུ་གཉེར་བ་འདི་ལ་དངོས་གྲུབ་སྩོལ་བར་མཛོད་ཅིག་ཅེས་བསྐུལ་བ་དང༌། ཐུགས་ཀར་ལྕགས་ཀྱུས་བརྡབ་ནས་དེ་རྣམས་ཀྱི་ནུས་པ་བསྡུས་པ་དྲངས་ཏེ་རང་ལ་བཅུག་པར་བསམ་མོ། ༈ །འདི་ནི་ཞེས་པ་ནི་བཤད་མ་ཐག་པའི་ཆོ་ག་སྟེ། དེ་ནི་རྡོ་རྗེ་ཅན་ཐམས་ཅད་ཀྱི་ཞེས་པ་སྒྲུབ་པ་པོ་ཐམས་ཅད་ཀྱིའོ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །ཞེས་བྱ་བ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་སོ་ཏེ་། ཁདེ་རྣམས་ཀྱི་བྱང་ཆུབ་ཀྱི་གསེམས་སོ། །རབ་ཏུ་བསྒྲུབ་པའི་འགུགས་པའོ། །ཞེས་པ་ནི་དེ་རྣམས་ཀྱི་ཐུགས་ཀྱི་ནུས་པ་བསྒྲུབ་པ་པོ་ལ་འགུགས་པའོ། །


JLD004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་ཀྱོ་བ་བསྒོམ་པ་འདི་ནི། རྡོ་རྗེ་པདྨོ་རིགས་ལ་སོགས་ཞེས་བྱ་བ་སྟེ། རྡོ་རྗེ་དང༌། པདྨའི་རིགས་དང༌། སོགས་པ ས་ནི་དེ་བཞིན་གཤེགས་པ་དང༌། རིན་པོ་ཆེ་དང་ལས་ཀྱི་རིགས་ཀྱི་སྒྲུབ་པ་པོས་ཀྱང་ཉམས་སུ་བླང་བའོ། །འདིར་རིགས་ལྔ་པོ་སུའིཟློས་པ་པོ་ཡིན་ཀྱང་གཙོ་བོ་རྡོ་རྗེ་འཆང་གིས་བྱའོ། ༈ །འདི་ནི་ཞེས་པ་བཤད་མ་ཐག་པའི་སྙིང་ཁ་བསྐུལ་བ་སྟེ། དེ་བཞིན་གཤེགས་པའི་ཐུགས་རབ་ཏུ་བསྐུལ་བ་དེ་ནི་རོལ་མོ་ལྟར་འབྱུང་བས་ན་རོལ་མོའི་འབྱུང་བ་སྟེ། །ཇི་ལྟར་རོལ་མོ་ལ་གར་མཁན་ནི་གཅིག་པུ་ཉིད་ལས་བསྒྱུར་བས། ལྷའི་དབང་པོ་ལ་སོགས་པ་གཞན་དུ་ཡོངས་སུ་རྟོག་པར་བྱེད་དེ། །དེ་བཞིན་དུ་འདིར་ཡང་ཐུགས་རྡོ་རྗེ་གཅིག་པུ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་པོ་དང་བསྒྲུབ་པའི་ཚུལ་གྱིས་ཡོངས་སུ་རྟོག་གོ་ཞེས་བྱ་བའི་བར་དུའོ། ༈ །ཐུགས་ཡང་དག་པར་བསྐུལ་བ་འདི་ཡི་དུས་ཀྱི་ཚད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཡི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཡི་ནི་ཚུལ་མཆོག་འདི་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་ཐུགས་སྙིང་པོ་བསྐུལ་བའི་ཆོ་ག་གང་གིས་གདུལ་བྱ་ལ་དགོངས་པར་ཁྲིད་ཅིང་དྲངས་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཡི་ཚུལ་འདི་ནི་ཚུལ་གྱི་སྐད་དོད་ན་ཡ་ལ་ཚིག་གིས། ནཱི་ཡནྟེ་ཁྲིད་པ་དང༌། ཨ་ཀྲི་ཥྱ་དྲང་བར་བྱ་བ་ལ་འཇུག་པའོ། །ལོ། །ཐུགས་


JLD004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་དེ་ལ་མཆོག་ཏུ་གྱུར་ཅིང་ཕུལ་དུ་བྱུང་བས་ན་རྡོ་རྗེ་ཡི་ནི་ཚུལ་མཆོག་སྟེ། ཐུགས་བསྐུལ་བ་དེའི་ཆོ་ག་ནི། རྡོ་རྗེ་འཆང་གིས་གཅོ་བོ་བྱས་པའི་དང་པོ་སྦྱོར་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང་འོད་ཟེར་གྱིས་ཀྱོ་བ་དང༌། གནོད་མཛེས་གཏོང་བ་སོགས་ཀྱི་ལས་རྒྱལ་མཆོག་དང༌། ཕྱག་རྒྱ་ལ་བརྟེན་ནས་བདེ་བ་བསྐྱེད་དེ། ལུས་ངག་ཡིད་གསུམ་དེ་ཁོ་ནར་མ་གྲུབ་པའི་སྟོང་པ་ཉིད་ཀྱི་ལྟ་བ་དང་སྦྱར་ཏེ་སྒོམ་པ་དང༌། ཡི་གེ་གསུམ་གྱི་བཟླས་པ་བྱེད་པ་རྣམས་ཏེ། དེ་རྣམས་རྗེས་སུ་བསྒྲུབ་པར་བྱའོ། །ཞག་བདུན་པར་དུ་བྱས་ན་ནི་ཞེས་བྱ་བ་ནི། བརྩམས་པའི་ཉིན་མོ་ནས་བཟུང་སྟེ་ཉིན་ཞག་བདུན་གྱི་བར་དུ་བྱ་བའོ། ༈ །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཆོ་གའི་ཕན་ཡོན་གསུངས་པ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཅན་ནི་སྒྲུབ་པ་པའོ། །གསང་བ་ནི་བླ་མའི་ལུང་སྟེ། མན་ངག་ལས་རྙེད་པ་ཡིན་པས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་སོ། །འགྲུབ་པར་འགྱུར་བ་ནི་སྒྲུབ་པ་པོ་ལ་འགྲུབ་པོ་འོ་། །འཇིགས་ཤིང་ཞེས་བྱ་བ་ནི་འཇིགས་པར་གྱུར་པ་སྟེ། འགྲུབ་ཚུལ་ནི། སངས་རྒྱས་རྣམས་ཀྱིས་འདི་ལྟར་གྱིས་ལ་སྒྲུབས་ཤིག་དང་འགྲུབ་པར་འགྱུར་རོ་ཞེས་དམ་བཅས་པའི་དམ་ཚིག་ལས་འདའ་བས་འཇིགས་པའོ། །དེ་ལྟར་གྱུར་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་སྐྲག་གྱུར་ནས་ཞེས་བྱ་བ་སྟེ། ཐུགས་རྗེའི་དབང་དུ་གྱུར་པས། བར་དུ་གཅོད་པའི་བགེགས་མེད་པའི་ཐུགས་ཀྱིས་སྒྲུབ་པ་པོ་ལ་


JLD004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྩོལ་བར་གཟིགས་པར་འགྱུར་ཏེ། ཡིད་ལ་འདོད་པའི་དངོས་གྲུབ་སྩོལ་བས་རྗེས་སུ་འཛིན་པར་མཛད་པའོ། །རྗེས་སུ་གཟུང་བར་མཛད་ནས་ཅི་ཞིག་མཛད་ཅེ་ན། ཡིད་ལ་མགུ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ལ་མངོན་པར་མགུ་བས་དགའ་ཞིང་སྡུག་པར་གྱུར་པའི་དངོས་གྲུབ་རྒྱ་ཆེ་ཞིང་ཡངས་པའི་འཇིག་རྟེན་པ་རྣམས་དངོས་སུ་དང་འཇིག་རྟེན་ལས་འདས་པ་དབང་ཕྱུག་བརྒྱད་ལ་སོགས་པའི་མཚན་ཉིད་ཅན་བརྒྱུད་ནས་སྩོལ་ཅིང་སྟེར་བར་འགྱུར་རོ། །སུ་ཞིག་གིས་སྩོལ་བར་འགྱུར་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །སྔགས་ཀྱི་སྤྱོད་པའི་མཆོག་སྒྲུབ་པས་ཞེ་བྱ་བ་ནི། བྱང་ཆུབ་ཉིད་ལ་སློབ་པའི་གྲུབ་པའི་སྐྱེས་བུ་རྣམས་ཏེ། དེ་རྣམས་ཀྱིས་སྟེར་བར་འགྱུར་རོ།་སོ་། ༈ །སྔར་བཤད་པ་དེ་ལྟར་སྙིང་པོ་བསྐུལ་བའི་ཐབས་རྣམས་ལ་ནན་ཏན་ཏུ་མི་བྱེད་པའི་སྒྲུབ་པ་པོ་ཅིར་འགྱུར་ཞེ་ན། སྨོངས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་སྒྲུབ་པ་པོ་རྨོངས་པའི་བདག་ཉིད་ཅན་སྙིང་པོ་བསྐུལ་བར་བྱ་བའི་ཡུལ་འདི་ནི་མཐུ་ཆེན་པོ་དང་ལྡན་པའི་དེ་བཞིན་གཤེགས་པའོ། །བདག་ནི་མཐུ་ཤིན་ཏུ་ཆུང་བའི་ཐ་མལ་པའོ། །དེའི་ཕྱིར་བདག་གིས་དེ་བསྐུལ་མི་ནུས་སོ། ཞེས་གང་ཡོངས་སུ་རྟོག་པ་སྟེ། བརྟགས་ནས་


JLD004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པ་བསྐུལ་བ་མི་བྱེད་པ་དེ་ནི་རྨོངས་པའོ། །དེ་ལྟ་བུའི་གཏི་མུག་གི་བདག་ཉིད་ཅན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྨོངས་པའི་བདག་ཉིད་ཅན་ཏེ། དངོས་གྲུབ་སྒྲུབ་པ་དེ་ནི་སྒྲུབ་པ་པོས་ད་ཡི་སྲོག་གི་ཐ་མ་བར་དུ་ཡིན་ཏེ། དངོས་གྲུབ་སྒྲུབ་པའི་ལས་གང་གིས་དངོས་གྲུབ་ཏུ་འདོད་པ་སྟེ། དངོས་གྲུབ་འགྲུབ་ཏུ་རེ་བ འི་ལས་བྱད་པ་དེས་སྲོག་ཟད་པར་འགྱུར་གྱི་དངོས་གྲུབ་ཐོབ་པར་ཡང་མི་འགྱུར་ཏེ། སྙིང་པོ་ཡང་དག་པར་བསྐུལ་བ་དང་བྲལ་བའི་ཕྱིར་རོ། ཞེས་བྱ་བར་དགོངས་ཏེ། སྒྲ་ཇི་བཞིན་པའོ། ༈ །དེ་ལྟར་ཐུན་མོང་གི་སྒྲུབ་པ་བསྐྱེད་རིམ་ལ་ཞུགས་པ་སྔགས་ལ་གཞོལ་པ་རྣམས་ཀྱི་སྙིང་པོ་ཡང་དག་པར་བསྐུལ་བའི་སྦྱོར་བ་བསྟན་ནས། དེ་ནི་དངོས་གྲུབ་མཆོག་སྟེ། སྒྲུབ་པ་མཆོག་རྫོགས་རིམ་ལ་གནས་པ་རྣམས་ཀྱི་སྙིང་པོ་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །གསུང་ནི་འདི་སྐད་ཅེས་བྱ་བ་ནི་ཚིག་འདི་སྐད་དོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གསུངས་པའོ། ༈ །:ཆག:སྔགས་ནི་གསང་ཆེན་ནོ། །དེ་ལ་ཞུགས་པའི་སྐྱེས་བུ་གང་སུ་ཡང་རུང་བ་ནི། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པའོ། །ཞེས་འབྱུང་བ་ལྟར་བདེའོ། །དེའི་དོན་ནི་གསང་ཆེན་རྫོགས་རིམ་ལ་གནས་པའི་སྙིང་པོ་བསྐུལ་དགོས་པ་ཇི་སྙེད་


JLD004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སོ། །གང་སུ་ཡང་རུང་བའི་སྔགས་ཀྱི་གསང་བ་ལ་ཞུགས་པའི་སྐྱེས་བུ་ནི་སྔགས་ཀྱི་སྐྱེས་བུ་ཇི་སྙེད་པའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ནི་སྣང་མཆེད་ཐོབ་གསུམ་གྱིས་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པ་རྣམས་སོ། །སྣང་བ་གསུམ་གྱིས་བསྒྲུབས་པའི་ལུས་དེ་བཞིན་གཤེགས་པ་དེ་དག་གི ས་ཡོངས་སུ་གང་བས་ན་ཡོངས་སུ་རྫོགས་པ་དེའི་དོན་ནི། རྡོ་རྗེ་གསུམ་གྱི་ཡེ་ཤེས་སྣང་བ་གསུམ་ལས་བསྒྲུབས་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་ཕུང་སོགས། དེ་བཞིན་གཤེགས་པ་ལ་སོགས་པར་བཤད་པའི་སྐུ་དེ་རྫོགས་པ། །སྒྱུ་ལུས་གྲུབ་པ་དེ་རྣམས་ཀྱི ས་དངོས་པོ་ཐམས་ཅད་བརྟག་པ་ནི་དབང་པོ་གཉིས་ཀྱི་སྦྱར་བས་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ཏེ། དངོས་པོ་ཐམས་ཅད་བརྟག་པར་བྱ་ཞེས་བྱ་བ་ལ། དངོས་པོ་ཐམས་ཅད་ནི་བཤད་མ་ཐག་པ་དང༌། འོག་ནས་བཤད་པ་སྟེ་སྒྲུབ་པ་ནི་སྒྲུབ་པ་པོ་དང་སྒྲུབ་བྱེད་ཀྱི་ཐབས་དང་བསྒྲུབ་པར་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བ་ཇི་སྙེད་པ་ཐམས་ཅད་ནི་བརྟག་པར་བྱ་བའི་གཞི། །དེ་རྣམས་ཀྱི་བརྟག་པ་ནི་སྒྱུ་ལུས་པ་དེས་བསྐྱེད་པ་སྟེ། ལེའུ་བཅོ་ལྔ་བར་འཆད་པ་ལྟར་སྣོད་བཅུད་ཀུན། ཀུན་རྫོབ་པ་སྒྱུ་མའི་ངོ་བོར་བལྟ་བ་དང༌། དེ་ཐམས་ཅད་ཀྱང་དོན་དམ་འོད་གསལ་གྱི་ངོ་བོར་འཇུག་པ། །དེ་ནི་དབང་པོ་གཉིས་ཀྱི་སྦྱོར་པ་ཡིས་ཞེས་བྱ་བ་སྟེ། དབང་པོ་གཉིས་ནི་བདེན་པ་གཉིས་སོ། །དེ གཉིས་ཀྱི་འི་། །སྦྱོར་བ་ནི་གཅིག་ཏུ་འདུས་པ་སྟེ། ཟུང་འཇུག་གོ །ཟུང་འཇུག་དེས་འགྲུབ་པར་འགྱུར་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གང་ཅི་ཡང་རུང་བ་དེ་ཐམས་ཅད་འབད་རྩོལ་ཆེན་པོ་ལ་མི་ལྟོས་པར་འགྲུབ་པ་ནི་


JLD004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་གཉིས་ཀྱི་སྦྱར་བ་ཟུང་འཇུག་དང་བྲལ་བས་འགྲུབ་པར་མི་འགྱུར་རོ། །ཞེས་བྱ་བར་དགོངས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་བཤད་མ་ཐག་པའི་སྦྱོར་བས་སྒྲུབ་པ་རྫོགས་པར་བྱེད་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་སྔགས་ཀྱི་དམ་ཚིག་སྟེ་འདའ་བར་མི་བྱ་བ་གང་ཡིན་པ་དེ་ནི་སྔགས་ཀྱི་དམ་ཚིག་གོ །དེ་རྣམས་ཀྱི་བསྒོམ་པ་ནི་བསྒོམ་པའི་ཐབས་སོ། ༈ །རིག་མའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པས་ནི། དབང་པོ་གཉིས་ཀྱི་སྦྱོར་བ་ཟུང་འཇུག་འགྲུབ་པའི་ཐབས་གསུངས་པ་ཡིན་ཏེ། རིག་མའི་དབང་ཕྱུག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ལོ་འོ་། །དེར་ཞུགས་པས་ཕུང་པོ་ལ་སོགས་པ་རྣམས་མི་སྣང་བར་བྱས་པའི་སྤྱོད་པ་བྱས་ནས་མཐར་ཟུང་འཇུག་བསྐྱེད་ནས་དེ་བསྒོམ་པར་བྱའོ་ཞེས་སྟོན་པ་ནི་རྡོ་རྗེའི་སྦྱོར་བ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཞེས་གྲགས་པའི་སྦྱོར་བ་སྟེ། སྦྱོར་བ་ནི་གཅིག་ཏུ་བྱས་པ་ཟུང་འཇུག་ཡིན་ལ་དེ་བསྒོམ་པར་བྱ་བའོ། ༈ །དེ་ནས་ཟུང་འཇུག་གྲུབ་པར་གྱུར་ན་ཅི་ཞིག་བྱ་ཞེ་ན། ཆགས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པའི་བདེན་པ་ལ་ཞུགས་པའི་འོག་ཏུ་བདེན་པ་གཉིས་ཀྱི་བདག་ཉིན་ཅན་གྱི་རང་གི་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་སྐུ་བསྐྱེད་ལ། ཟུང་འཇུག་དེ ས་ཁམས་གསུམ་དུ་སེམས་ཅན་དེ་རྣམས་ཡོངས་སུ་མི་སྤོང་བ་ལོངས་སྐུ་སེམས་ཅན་གཞན་


JLD004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་མཐོང་བ་གཞན་གྱིས་མཐོང་བའི་དོན་དུ་སྤྲུལ་སྐུར་བསྒྱུར་བ འི་སྦྱོར་བ་བྱས་པས་སེམས་ཅན་རྣམས་ཀྱིས་དེ་མཐོང་ན ས་ཆགས་ཤིང་ཞེན་པའི་དང། ཆགས་པས་ལྟ་བ་ནི་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་ཚོགས་རྣམས་ཀྱིས་འདི་ནི་བདག་ཅག་གི་ཕའོ་ཞེས་བྱ་བ་ལ་སོགས་པའི་བློ་བསྐྱེད་དེ། ཆགས་པ་དང་བཅས་ཤིང་མང་དུ་གཅེས་པར་འཛིན་པའི་བལྟ་བས་ཏེ། བསམ་པས་ཟུང་འཇུག་དེ་ལ་ལྟ་བར་ཤེས་པར་བྱའོ། །འདི་ནི་ཞེས་པ་བཤད་མ་ཐག་པ་གང་ཡིན་པ་དེ་ནི་དམ་ཚིག་གི་དཀྱིལ་འཁོར་ཏེ། དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའི། །དེའི་དཀྱིལ་ནི་སྙིང་པོར་གྱུར་པའོ། །དེ་ལེན་ཅིང་འཛིན་པས་ན་དམ་ཚིག་གི་དཀྱིལ་འཁོར་ཏེ། དེ་གང་ཞེ་ན། སློབ་པའི་ཟུང་འཇུག་གིས་མི་སློབ་པའི་ཟུང་འཇུག་གི་སྙིང་པོ་ལེན་པས་ཆོ་གའོ། ༈ །དེ་ལྟར་དངོས་གྲུབ་འགྲུབ་པའི་ཐབས་དང་བཅས་ཤིང་དེ་གྲུབ་པའི་འབྲས་བུ་དང་བཅས་པའི་ཐུགས་ཡང་དག་པར་བསྐུལ་བ་བསྟན་ནས། འབྲས་བུ་དེ་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་རབ་ཏུ་འཇུག་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པར་ཡོངས་སུ་བརྟགས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །ཕུང་སོགས་དེ་རྣམས་ཀྱི་བདག་ཉིད་ནི་ངོ་བོ་ཉིད་དེ་དོན་དམ་པའི་བདེན་པ ར་ཞུགས་པའི་འོད་གསལ་ལོ་འོ་། །དེ་ལས་སྐྱེས་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་སྲས་ཏེ་རྡོ་རྗེ་འཆང་ཆེན་པོའི། །སངས་རྒྱས་


JLD004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་དབང་བསྐུར་བར་གྱུར་པས་ན་ཐམས་ཅད་དབང་བསྐུར་རོ། །དེ་ཉིད་ཀྱིས་ན་སངས་རྒྱས་ཀུན་གྱི་གཙོ་བོ་སྟེ་དེས་འོག་ནས་བཤད་པའི་གསུང་འདི་སྐད་ཅེས་བཀའ་སྩལ་པའོ། ༈ །འཇིག་རྟེན་ཁམས་ནི་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་ན་ཐ་མ་དང་འབྲིང་དང་མཆོག་གི་དབྱེ་བས་ཕྱེ་བའི་བུད་མེད་ཇི་སྙེད་ཡོད་པར་གྲགས་པ་ཀུན་གཟུགས་རྡོ་རྗེ་ལ་སོགས་པར་ཡོངས་སུ་བརྟགས་པ་སྟེ། བསྒོམས་ལ་སྤྱད་པར་བྱའོ་ཞེས་སྦྱར་རོ། །ཕྱག་རྒྱ་ཆེན་པོ་ནི་རྣམ་པ་གཉིས་ཏེ། གང་ཡིན་ཞེ་ན། བསྐྱེད་རིམ་པའི་སྔགས་ཀྱི་སྐུ་དང༌། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུའོ། །དེ་ལ་སོགས་སོགས་ཀྱི་སྐད་དོད་དང་པོ་ལའང་འཇུག་པས། དེའི་སྦྱོར་བ་:པ་ཚབ:དང་པོ་དེ་ཁོ་ན་ཉིད་ལ་དམིགས་པ་སྟེ། པའི་སྦྱོར་བ་ནི་དེ་ཁོ་ན་ཉིད་ལ་དམིགས་པ་སྟེ། དེ་ཁོ་ན་ཉིད་ལ་དམིགས་པའི་རྣལ་འབྱོར་དེས་གཟུགས་ལ་སོགས་པའི་ཡུལ་དེ་རྣམས་ཉེ་བར་ལོངས་སྤྱད་པར་བྱའོ། །བྱེ་བ་གྲངས་མེད་རྡོ་རྗེ་འཛིན། །སངས་རྒྱས་གནས་ནི་དེར་སྒྲོ་བྱ། ཞེས་བྱ་བ་ལ། བྱེ་བ་གྲངས་མེད་པའི་ཚད་དང་ལྡན་པའི་སངས་རྒྱས་གནས་ཏེ་སངས་རྒྱས་ཀྱི་སྤྲུལ་པ་འདི་ག གང་ནས་སྤྲོ་ན་ཟུང་འཇུག་སྤྲུལ་སྐུའི་ཕྱག་རྒྱ་ཆེན་པོ འི་ལ་པ་ཚབ་ཀྱི་འགྱུར་ལ་སོགས་མེད་ལ། ཆག་འགྱུར་ལས། ཕྱག་རྒྱ་ཆེན་པོའི་སྔོན་གྱི་སྦྱར་བ་དང༌། ཞེས་པ་ལྟར་ན། ཟུང་འཇུག་


JLD004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲུལ་སྐུར་བསྒྱུར་བའི་ཕྱག་རྒྱ་ཆེན་པོ་དེ་ཡི་སྔོན་ལ་ཟུང་འཇུག་ལོངས་སྐུ་དེ་ནས་སྤྲོ་བའི་དོན་ནོ། །སོགས་པའི་སྦྱོར་བ་དེར་ནི་སྟེ། དེ་ནས་སོ་རྡོ་རྗེ་འཛིན་ཅེས་ཀཔ་ཀརྡོ་རྗེ་ཅན་གྱིས་སྤྲོ་བར་བྱའོ་ཁཞེས་ཁབཅོམ་ལྡན་འདས་བྱང་ཆུབ་ཀྱི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། ༈ །བྱང་ཆུབ་འདི་ཡིས་ཐོབ་པར་འགྱུར། ཞེས་བྱ་བ་ནི་འདི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཡིན་ལུགས་ཇི་བཞིན་དུ་རྟོགས་པར་མཛད་པ་ལས་མི་གཡོ་བ ས་ན་བྱང་ཆུབ་སྟེ། དེ་ཟུང་འཇུག་གི་སྦྱོར་བ་འདི་ཡིས་ཐོབ་པར་འགྱུར་རོ། །བྱང་ཆུབ་དེ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུམ་པོ་མཁའ་འདྲ་བའི་ཞེས་བྱ་སྟེ། སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ནི་རེག་པར་བྱར་མེད་པས་ནམ་མཁའ་ལྟ་བུ་སྟེ། འབྲས་བུའི་བྱང་ཆུབ་དེ་འཐོབ་པར་འགྱུར་པའོ། །སློབ་བཞིན་པ་ལ་གནས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་བཞིན་པའི་བྱང་ཆུབ་སེམས་དཔའ་ལ་ཉེ་བར་གདགས་པ་སྟེ། བཏགས་ནས་རྒྱལ་བ་ཞེས་གསུངས་སོ་ས་ན་། རྒྱལ་བའི་ཡོན་ཏན་ཉིད་རྒྱལ་བ་སྟེ་དེ་རྣམས་ཀྱི་འབྱུང་གནས་སུ་འགྱུར་བ་ནི་ཇི་ལྟར་རྒྱ་མཚོ་རིན་པོ་ཆེ་ཀུན་གྱི་འབྱུང་གནས་སུ་གྱུར་བ་བཞིན་ནོ། ཟུང་འཇུག་སློབ་བཞིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལྟ་བུའི་བདེ་བ་དམ་པ་དང༌། ནད་མེད་པ་ལ་སོགས་པ་ཐོབ་ཅིང་ཚེ་རིང་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་ཚེ་སྟེ་དེས་


JLD004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཡོན་ཏན་རྣམས་འཐོབ་པར་འགྱུར་བ་སྟེ། དགོངས་པས་བཤད་པའོ། ༈ །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བའི་ལེའུའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །དེ་ལྟར་རིམ་པ་གཉིས་ཀྱི་རྣལ་འབྱོར་བ་གཉིས་ཀྱི་སྙིང་པོ་བསྐུལ་བ་རྣམ་པ་གཉིས་བཤད་ནས། རྟོག་པ་སྟེ། བཏགས་པ་བསྐྱེད་རིམ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་བ་རྣམས་ཀྱི་སྔགས་དང་ཡེ་ཤེས་ཀྱི་ལྷའི་སྐུ་རྣམ་པ་གཉིས་པོ་ལེའུ་དང་པོ་ལས་གསུངས་པ་གསལ་བར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཅིག་པ་གསུངས་ཏེ། ༈ །དེ་བཞིན་གཤེགས་པ་ཐམསཅད་ཀྱི་རྡོ་རྗེ་ནི་ༀ་ལ་སོགས་པའི་ཡི་གེ་གསུམ་མོ། །གསུམ་པ་དེས་བསྐྱེད་པར་གྱུར་པའི་སྐྱེས་བུའི་མཆོག་ནི་ལྷ་སྟེ་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལྷ་བསྐྱེད་ཚུལ་སྟོན་པ་དེ་ལ་ཐུགས་རྩེ་གཅིག་ཏུ་བཞག་ནས་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་འདི་གསུངས་ཏེ། དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་གསང་བར་གྱུར་པའི་རྡོ་རྗེ་རིག་པ་ནི་ༀ་ལ་སོགས་པ་ཡི་གེ་གསུམ་པོ་ཉིད་དོ། །དེ་རྣམས་ཀྱིས་གང་དུ་སྐྱེས་བུ་


JLD004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ལྷ་སྐྱེད་པའི་ལེའུ་དེ་གསུངས་སོ་ཞེས་པ་སྟེ་སྡུད་པ་པོའི་ཚིག་གོ ། ༈ ལེའུའི་མཚན་དོན་འདི་ཉིད་བཅོམ་ལྡན་འདས་ཀྱི་གསུང་གིས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་སྐྱེད་པར་བྱེད་པའི་ཡི་གེ་ༀ་ལ་སོགས་པ་ནི་རྡོ་རྗེ་གསུམ་ཡིག་སྟེ། དེ་ལས་སྔགས་ཐམས་ཅད་འབྱུང་བས་ན་སྔགས་ཀྱི་མཆོག་ཡིན་ལ། སྔགས་དེས་ཏེ། དེ་ལ་བརྟེན་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ་པར་བྱའོ། །ཕྱག་ཕྱག་རྒྱ་ཆེན་པོའི་སྐད་དོད་ལ་མ་ཧཱ་མུ་དྲཱ་ལ་པྲ་པུ་ཛྱ་ཏྭང་མཧཱ་ཏ່་ཞེས་པས། རབ་ཏུ་མཆོད་:པ་ཚབ་ཆག:པར་བྱ་བ་ཡིན་པའི་ཕྱིར་ཆེན་པོའོ། །མུ་ངཾ་དགའ་བ་ཧ་ར་ཥཾ་མགུ་བ་ཏྲ་བ་ཏི་སོང་ཞིང་གཙྪ་ཏི་སོན་པས་ཕྱག་རྒྱ་ཆེན་པོ་སྟེ། བསྡུ་ན་མཆོད་བྱ་ཆེན་པོ་དགའ་ཞིང་མགུ་བར་བྱེད་པ་དེར་སོང་ཞིང༌། དེར་སློབ་པ་ཕྱག་ཆེན་གྱི་དོན་ཡིན་ལ། རིགས་སོ་སོའི་ལྷའི་སྐུར་སྐྱེད་པ་ལ་ཡང་དོན་དེ་ཚང་བས་ཕྱག་ཆེན་ནོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་ས་འོག་ས་སྟེང་ས་བླ་ན་རབ་ཏུ་མཆོད་པ་ཡིན་པའི་ཕྱིར། མཆོད་པས་ཆེ་བའི་དགའ་ཞིང་མགུ་བར་འགྲོ་ཞིང་སོན་པར་གྱུར་པས་ན་ཕྱག་རྒྱ་ཆེན་པོའོ། །དེ་རྣམ་པར་བསྒོམ་པ་ནི་ཉམས་སུ་བླངས་པའོ། །བྱང་ཆུབ་ཐམས་ཅད་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟེ་སྐུ་ཕྱག་རྒྱ་ཆེན་པོ་དེ་འཐོབ་པ་ན་འོ་། །པ་ཚབ་ཀྱིས། བྱང་ཆུབ་ཐམས་ཅད་འདྲེན་བྱེད་པ། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། ཞེས་བསྒྱུར་བ་ལེགས་སོ། །ཡེ་ཤེས་རྡོ་རྗེ་ནི་སྒྲུབ་པ་པོ་སྟེ་དེས་བྱ་བའོ། །ༀ་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་


JLD004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི ས་གང་བྱེད་པའི་བྱ་བ་གང་ཡིན་པ་སྟོན་ཏེ། ཡི་གེ་ༀ་ནི་ཡེ་ཤེས་ཏེ་དེ་བཞིན་གཤེགས་པ་རྣམ་སྣང་གི་འི་སྙིང་པོ་སྟེ་ས་བོན་ནོ། །ༀ་ཡིག་དེས་རྣལ་འབྱོར་བའི་མི་ཕྱེད་པ་རྡོ་རྗེ འི་ལུས་ཏེ་སྐུ་སྐྱེད་པས་ན་རྡོ་རྗེ་སྐུ་ནི་ཐོབ་བྱེད་པའོ། །བྱང་ཆུབ་ནི་དེ་ཁོ་ན་ཉིད་འོད་གསལ་ལོ་དོ་། །འོད་གསལ་དེ་ལས་སྤྲུལ་ཅིང་བྱུང་བའི་བདག་ཉིད་གང་ཡིན་པ་དེ་ནི་བདག་མེད་པ་སྟེ་འོད་དཔག་ཏུ་མེད་པའོ། །འོད་དཔག་མེད་དེའི་ངོ་བོ་ཉིད་ནི་བདག་མེད་པ་སྟེ་བདག་མེད་པ་ནི་ཡི་གེ་ཨཱཿ། །ཡི་གེ་དེའི་ངོ་བོ་ཉིད་ཀྱིས་རྣལ་འབྱོར་བ་རྣམས་ཀྱི་མི་ཕྱེད་པ་རྡོ་རྗེ འི་གསུང་སྐྱེད་པར་བྱེད་པས་ན་རྡོ་རྗེ་གསུང་ནི་འཐོབ་བྱེད་པའོ། །:པ་ཚབ་ཆག:སྐུ་དང་གསུང་གི་རྟེན་དུ་གྱུར་སྐུ་དང་གསུང་ལ་བརྟེན་པར་གྱུར་པའི་ཐུགས་ནི་སྐུ་གསུང་ཐུགས་ཏེ། མི་བསྐྱེད་པ། །དེ འི་ངོ་བོ་ཉིད་ཀྱི་རྡོ་རྗེ་གསུམ་དང་མི་ཕྱེད་པས་ཐ་མི་དད་པ་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་མི་ཕྱེད་གསུམ་མོ། །ཐུགས་དེ་རྣལ་འབྱོར་བའི་རྒྱུད་ལ་སྐྱེད་པར་བྱེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་འཐོབ་པ་སྟེ་ཡི་གེ་ཧཱུཾ་མོ་ལ་། དེ་སྐད་ཅེས་ཁགསུངས་སོ། །ཀདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་ཀྱི་སྐྱེས་བུ་ནི་རྡོ་རྗེ་འཆང་ཆེན་པོས་འོ་། ༈ །བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོ་རིགས་སོ་སོའི་སྐུ་བསྐྱེད་པ་རིམ་པ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་རྡོ་རྗེ་ནི། ནམ་མཁའ་སྟོང་པ་ཉིད་སྒོམ་པ་ཡེ་ཤེས་ཀྱི་ས་ཏེ།


JLD004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་ཆོས་འབྱུང་དེར་ཆུད་ཅིང་གནས་པར་དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས་པ་བསམ་པར་བྱ་སྟེ། རྡོ་རྗེ་ཀུན་ནི་སྤྱན་ལ་སོགས་པ་ལྷ་མོ་བཞི་ཡིན་ལ། ལྷ་མོ་བཞིའི་ངོ་བོར་གྱུར་པའི་འབྱུང་བཞིའི་དཀྱིལ་འཁོར་དེ་རྣམས་ཀྱི་དཀྱིལ་འཁོར་རིམ་གྱིས་བསྒོམས་པ་རྣམས་གཅིག་ཏུ་འདྲེས་པ་ལས་བསྐྱེད་པའི་དཀྱིལ་འཁོར་ཏེ། རྡོ་རྗེའི་ས་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ་བའོ། །དེ་རུ་སྟེ་སའི་ཆ་དེའི་སྟེང་དུ་ཡི་གེ་བྷྲུཾ་གཞལ་ཡས་ཁང་སྐྱེད་པའི་རྒྱུར་གྱུར་པ་བསམ་པར་བྱའོ། །རྡོ་རྗེའི་སྤྲིན་ནི་དེ་བཞིན་གཤེགས་པའི་ཚོགས་ཏེ། ཡི་གེ་དེ འི་ཁྱད་པར་ནི་སེམས་ཅན་རྣམས་ཀྱི་ལྷག་པར་མོས་པའི་བསམ་པ ས་ཇི་ལྟ་བ་བཞིན་དུ་སྤྲོ་བ་ནི་འཕྲོ་བ་སྟེ། དེ་བསྐྱེད་ཅིང་འཛིན་པར་བྱེད་པས་ན་རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེད་པ་སྟེ་ཡི་གེ་བྷྲུཾ་མོ། །འདིས་ཡི་གེ་དེ་ལས་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བར་སྟོན་གྱི། ཡི་གེ་དེས་ལྷག་མོས་ཀྱི་དཀྱིལ་འཁོར་བསྐྱེད་པར་སྟོན་པ་མིན་ནོ། །པ་ཚབ་ཀྱི་འགྱུར་ལའང། མོས་པ་ཇི་ལྟ་བ་བཞིན་ཞེས་པ་ལས་མེད་དོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་བྷྲུཾ་སྟོན་ཏོ། །བྷཱུཾ་ཡིག་འདི་ནི་ཡེ་ཤེས་རྡོ་རྗེ་རྣམ་སྣང་གི་སྙིང་པོ་སྟེ་ས་བོན་ཡིན་ལ། དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་རྫོགས་པར་བསྒོམ་མོ། །དེ་ནས་ལྷག་མོས་སྒོམ་པ་དང༌། དེ་འོད་གསལ་དུ་སྡུད་པ་འོག་ནས་སྟོན་པ་ལྟར་བྱས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་བའི་རྗེས་སུ་རྡོ་རྗེའི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་ཡི་གེ་ཧཱུྃ་གནས་པར་བསྒོམ་པར་བྱ་བ་སྟེ། ཡི་གེ་ཧཱུྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་


JLD004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བཞིན་དུ་ཞེས་པ་ནི་གསལ་བའི་དཀྱིལ་འཁོར་ཟླ་བའི་དབུས་སུ་གནས་པར་ༀ་དང༌། ཆོས་ཀྱི་དཀྱིལ་འཁོར་པདྨའི་དབུས་སུ་གནས་པར་ཨཱཿ བསྒོམ་པར་གསུངས་པའི་དོན་ཡང་ཡི་གེ་ༀ་དང་ཨཱཿ ལས་བྱུང་བའི་ཟླ་བ་དང་པདྨའི་དཀྱིལ་འཁོར་ཡང་བསྒོམ་པར་བྱ་བའི་དོན་ནོ་འོ་། །དེ་ལྟར་དཀྱིལ་འཁོར་གསུམ་པོ་འོག་ཏུ་ཉི་མ། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་པདྨ་བསྐྱེད་ནས་པདྨའི་ལྟེ་བའི་སྟེང་དུ་ས་བོན་གསུམ་པོ་དེ་ཉིད་རྣམ་པར་དགོད་པར་བྱའོ་ཞེས་བྱ་བ་ནི། དངོས་སུ་མེད་ཀྱང་ཀླུ་སྒྲུབ་ཀྱི་མན་ངག་ཡིན་ནོ། །ཡི་གེ་བྷྲུཾ་གྱིས་གནས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་ཀྱི ས་ནི། སྔར་བཤད་པའི་དོན་སྔོན་དུ་གཞལ་ཡས་ཁང་བསྐྱེད་ནས་དེའི་འོག་ཏུ་དཀྱིལ་འཁོར་གསུམ་སྒོམ་པར་བཤད་པ་དེའི་གོ་རིམས་དེ་ཁོ་ན་ལྟར་བྱའོ་ཞེས་ངེས་པར་བྱེད་དེ་སྔར་བཤད་པའི་རིམ་པ་དེ་བཞིན་དུ་ཡི་གེ་བྷྲུཾ་གྱིས་གནས་བསྒོམས་ཏེ། རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ་ཞེས་པ་འདིས་སྔོན་དུ་གཞིའི་དཀྱིལ་འཁོར་བསམས་ལ། དེའི་འོག་ཏུ་དཀྱིལ་འཁོར་དེའི་དབུས་སུ་རྡོ་རྗེ་གསུམ་གྱི་ས་བོན་ལས་འབྱུང་བའི་ཉི་ཟླ་པད་གསུམ་གྱི་མཚན་མ་གསུམ་བསྒོམ་པར་བྱའི་གཞན་དུ་སྟེ། གཞན་མ་བསྒོམས་པར་དེ་གསུམ་སྒོམ་པ་དང༌། གོ་རིམས་བཟློག་ནས་སྒོམ་པ་ནི་མ་ཡིན་ནོ། །ཞེས་སྟོན་ཏེ།མདོ་བསྲེ་ལས། དཀྱིལ་འཁོར་གསུམ་གྱི་དབུས་སུ་ཡི་གེ་གསུམ་གནས་པར་སྒོམ་པར་གསུངས་པའི་དོན། སྐུ་གསུང་ཐུགས་བྱིན་བརླབས་ཀྱི་སྐབས་ལ་སྦྱར་བ་དང༌། ཡང་མདོ་བསྲེ་དང་རྣམ་གཞག་ལས། རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། ཞེས་པ་འདི་ལྷག་མོས་ཀྱི་གཙོ་བོ་སྐྱེད་པ་ལ་


JLD004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་དང། འགྲེལ་པའི་བཤད་པ་གཉིས་འགལ་བར་མི་བསམ་སྟེ། ཡབ་སྲས་ཀྱི་གཞུང་ནས་རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེ་ཡང་དོན་མི་འདྲ་བ་དུ་མ་ལ་སྦྱོར་བ་སྔར་ལེའུ་བདུན་པའི་སྐབས་སུ་བཤད་པ་བཞིན་ཡིན་པའི་ཕྱིར་དང༌། དགོངས་པ་ལུང་སྟོན་ལས་ཀྱང་། ཚིག་གཅིག་ལ་ཡང་སྣ་ཚོགས་དོན། ཞེས་འདུས་པའི་རྒྱུད་ཀྱི་ཚིག་གཅིག་ལ་ཡང་དོན་སྣ་ཚོགས་པ་ཡོད་པར་གསུངས་པའི་ཕྱིར་རོ། །མདོར་བྱས་ལས། ཐུགས་བྱིན་བརླབས་ཀྱི་སྐབས་སུ། ཧཱུཾ་ཡིག་གནས་པའི་རྟེན་ཉི་མ་ལ་བཤད་ཅིང༌། རྡོར་སེམས་ཀྱི་སྒྲུབ་ཐབས་སུ་དེའི་རྟེན་རྡོ་རྗེ་ལ་བཤད་པ་ཡང་མི་འགལ་ཏེ། དཔེར་ན་གསུང་བྱིན་བརླབས་ཀྱི་སྐབས་སུ་མདོར་བྱས་ལས། ཨ་ཡིག་ལྕེའི་སྟེང་དུ་བསྒོམ་པར་བཤད་ལ། མདོ་བསྲེ་ལས་ལྐོག་མར་བསྒོམ་པར་གསུངས་པ་དང་འདྲ་སྟེ། དེ་གཉིས་གང་བྱས་ཀྱང་ཆོག་པའི་ཕྱིར་རོ། ༈ །སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་སངས་རྒྱས་ཀྱི་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །སྙིང་པོ་ནི་མཚན་མ་དང་ཡི་གེ་གསུམ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་སྒོམ་པ་ཡིན་ཏེ་ཐུགས་ཀྱི་མཚན་མར་གྱུར་པ་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ནི་ཡི་གེ་གསུམ་མོ། །ཡི་གེ་གསུམ་བཀོད་པ་ལ་དམིགས་པ་དེས་གཞི་གང་ལ་སྟེ་དུ་སེམས་ཀྱིས་ཞེན་ཅིང་གནས་པའི་གཞི་དེ་ནི་སྐུ་གསུང་ཐུགས་ནི་མཉེས་བྱེད་པ་སྟེ། ཟླ་བའི་གཟུགས་དང་མཚན་ཟླ་བའི་གཟུགས་ཉི་ཟླ་:ཆག:ལ་སོགས་པའི་མཚན་མ་གསུམ་ཉེ་བར་འདྲེས་པ་ལས་བྱུང་བ་བསྒོམ་པར་བྱའོ། །མ་གསུམ་ཉེ་བར་གོམས་པ་བསྒོམ་པར་བྱའོ། །ཟླ་བ་ལས་བྱང་ཆུབ་པ་བསྒོམ་པ་དེ་ནས་


JLD004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱ་ཞེ་ཅེ་ན་ༀ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་དེར་སངས་རྒྱས་ཀྱི་སྐུ་ཞེས་བྱ་བར་ཡིད་ཀྱིས་བཏགས་པའི་ཡི་གེ་ༀ་དང༌། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ལམ་ཡི་གེ་ཨཱཿ དང༌། ཡེ་ཤེས་ཀྱི་རང་བཞིན་གྱི་ཚོགས་གང་ལ་ཡོད་པ་དེ་ནི། ཡེ་ཤེས་འཇིང་སྟེ་ཐུགས་སོ། །དེའི་ངོ་བོ་ཉིད་ནི་ཡི་གེ་ཧཱུཾ་མོ། །དེ་དག་གིས་ནི་ས་བོན་ལས་བྱང་ཆུབ་པ་སྟོན་ནོ། །དེ་ལྟ་ན་ཡི་གེ་གསུམ་འདི་ནི་ཡི་གེ་:པ་ཚབ:གསུམ་མོ་ཞེས་པ་ལྟར་བྱའོ། །པོ་འདི་ནི་བྱང་ཆུབ་ཚུལ་མཆོག་འདི་ཡིན་ཏེ་ཞེས་བྱ་བ་སྟེ། བྱང་ཆུབ་ནི་བདེ་བ་ཆེན་པོའི་གནས་འབྲས་བུའི་སྐབས་སོ། །དེར་འཁྲིད་ཅིང་ཐོབ་པར་བྱེད་པས་ན་ཚུལ་ཏེ། དེ་གང་ཡིན་ཞེ་ན། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་ཡང་དག་པར་བྱུང་བའི་མངོན་པར་བྱང་ཆུབ་པ་ལྔ་སྟོན་པ་སྟེ་མཚོན་པར་བྱེད་པའི་རྡོ་རྗེ་རྩེ་ལྔ་པ། །འདིས་ཕྱག་མཚན་ལས་བྱང་ཆུབ་པ་སྟོན་ལ། དེ་ཉིད་བྱང་ཆུབ་ཀྱི་ཚུལ་དུ་འཆད་པས་ན། ཡི་གེ་གསུམ་བྱང་ཆུབ་ཀྱི་ཚུལ་དུ་སྟོན་པ་མ་ཡིན་ནོ། །དེ་ཉིད་མཆོག་སྟེ་རིགས་ཐམས་ཅད་ཀྱི་དམ་པ་ཡིན་པའི་ཕྱིར་རོ་ཏེ་། །འདིར་མངོན་བྱང་ལྔ་ལས་རིགས་དྲུག་ཏུ་བསྐྱེད་པའི་བསྒྲུབ་ཐབས་མི་འདྲ་བ་དྲུག་ཡོད་པའི་ནང་ནས། རྡོ་རྗེ་འཆང་དུ་བསྐྱེད་པ་འདི་མཆོག་ཏུ་གསུངས་ལ། དེའི་གནད་ཀྱིས་མདོ་བྱས་དང་མདོ་བསྲེ་དང་རྣམ་གཞག་རིམ་པ་དང༌། རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས་ཐམས་ཅད་ལས། རིགས་དྲུག་པའི་དབང་དུ་བྱས་པའི་སྒྲུབ་


JLD004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཛད་ཀྱི། རིགས་ལྷག་མ་ལྔའི་སྒྲུབ་ཐབས་ལོགས་སུ་གསལ་བར་མ་མཛད་པར་ཤེས་པར་བྱའོ། །དེ་ནི་ཡི་གེ་གསུམ་པོ་འདི་ཡིན་ནོ། །དེ་ནི་ཞེས་པ་ནས་ཡིན་ནོ་ཞེས་པའི་བར་འགྱུར་གསར་གཉིས་ལ་མེད་དོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་དེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྒྲུབ་པར་བྱེད་པ་སྟེ། བསྐྱེད་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་རྫོགས་པར་བྱེད་པའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཁའདི་དག་ནི་ཀ རིགས་རྣམས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་གཡེ་ཤེས་ཀྱི་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པ་སྟེ་རབ་ཏུ་བསྟན་པ་ཡིན་ནོ། །དགོས་པ་ཅིའི་ཕྱིར་བསྟན་ཞེ་ན། སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །གང་ཟག་དེ་རྣམས་ཀྱི་ལམ་གྱི་སྐབས་ཀྱི་རྒྱུ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་སྟེ་འོད་གསལ་གྱི་རྒྱུ། །འབྲས་བུ་ནི་དོན་དམ་པའི་བདེན་པ ར་ཞུགས་པའི་འོད་གསལ་ལོ་སྟེ་། རྒྱུ་དང་འབྲས་བུ་དག་འབྱུང་བ་ཞེས་བྱ་བ་ནི་དེ་གཉིས་དབྱེར་མེད་པར་སྐྱེད་པ་ཞེས་པ་སྟེ། རྒྱུ་སྒྱུ་ལུས་དང་དེའི་འབྲས་བུ་འོད་གསལ་ལས་བྱུང་བའི་ཡོངས་སུ་དག་པའི་ཟུང་འཇུག་གི་ལྷའི་སྐུ་ཡིན་ལ། དེ་འགྲུབ་པའི་དོན་དུ་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པ་སྟེ་བསྟན་ནོ་འོ་། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱི་རིག་པ་ཞེས་བྱ་བ་རྟོག་པ་དང་ལ་སོགས་པ ས་རྒྱུད་ཅེས་བྱ་བ ར་བསྒྲགས་སོ་པ་ནི་། གང་བསྒྲགས་ན།


JLD004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དང་:པ་ཚབ:དམ་ཚིག་སོགས་རྣམས་དང༌། ཞེས་འབྱུང་བ་ལྟར་ཡིན་ལ། རྫོགས་པ་ནི་མི་བསྐྱོད་པ་ལ་སོགས་པའི་ལྷའི་སྐུར་རྫོགས་པར་བྱས་པ་སྔོན་དུ་ཐུན་བཞིའི་བསྙེན་པ་ལྷ་བསྒོམ་པའོ། །དམ་ཚིག་ནི་བསྲུང་བ་དང་བཟའ་བ་སོགས་དང་བཅས་པར་བསྒྲགས་པ་སྟེ། བཤད་པ་འདི་དག་གོ །དམ་ཚིག་དག་གིས་རྫོགས་པར་འགྱུར། ཞེས་བྱ་བ་སྟེ། དམ་ཚིག་ནི་བསྲུང་བ་དང་བཟའ་བ་ལ་སོགས་པ་དང་བཅས་པར་བཤད་པའོ། །རྫོགས་པར་འགྱུར་བ་ནི་སྔོན་དུ་བསྙེན་པ་དང་བཅས་པར་གསུངས་པའོ། །འདི་དག་ནི་སངས་རྒྱས་སྐྱེས་བུ་ནི་སྒྲུབ་པ་པོས་སྟེ་མི་བསྐྱོད་པ་ལ་སོགས་པ ར་བསྐྱེད་པ་ཉིད་དེ་ཁོ་ན་ཡིན་གྱི་ཏེ་དེ་ལས་གཞན་འབྲས་བུའི་སྐབས་མ་ཡིན་པའོ། །གང་གིས་བསྒྲགས་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ ས་:པ་ཚབ་ཆག:འི་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་དོན་འདི་ཉིད་ཉེ་བར་སྡུད་པར་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་ཡི་གེ་གསུམ་མོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བ་ཉི་མའི་དཀྱིལ་འཁོར་ལ་སོགས་པ་རྣམ་པ་གསུམ་མོ། །དེ་ལ་དེའི་དེ་ཁོ་པདྨའི་སྟེང་དུ་ཡི་གེ་གསུམ་བསྒོམ་པ་ལ་དེ་ཁོ་ན་ཉིད་ཅེས་པ་འདི་ཙམ་ཞིག་རྒྱུད་ན་ཡོད་ཀྱང་གསལ་བར་མེད་དོ། །ན་ཉིད་ནི་པདྨའི་སྟེང་གི་ཡི་གེ་གསུམ་མོ། །ཡེ་ཤེས་ཞེས་བྱ་བ་ནི་ཟླ་ཉི་སོགས་ཐམས་ཅད་འདྲེས་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །


JLD004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བཀོད་པའི་ཡི་གེ་གསུམ་ལས་བྱུང་བ་རྡོ་རྗེ་ཆེན་པོ་རྩེ་ལྔ་པའོ། །དེས་བྱིན་གྱིས་བརླབས་ཤིང་སྐྱེད་པས་ན་བྱིན་གྱིས་རློབ་པ་འགྱུར་རྙིང་གི་རྒྱུད་དུ། སྟེ། རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེའི་རྒྱུ་ནི་བྱེད་པ་སྟེ་དེ་སྐྱེད་པ་སྟོན་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །དབེན་དཔལ་ཞེས་འབྱུང་བ་ཡང༌། པ་ཚབ་ཀྱིས། བྱིན་གྱིས་རློབ་པའི་རྒྱུར་བསྒྱུར་བ་འགྲེལ་པ་དང་མཐུན་ནོ། །ཞིང་ཞེས་བྱ་བ་ལ་སོགས་པ་ནི། སྒྲུབ་པ་པོའི་སྒྲུབ་པ་ལ་ནན་ཏན་ལྷུར་བྱ་བའི་གནས་གསུངས་པ་ཡིན་ཏེ། དབེན་པ་ནི་སྐྱེ་བོ་འདུས་པའི་འདུ་འཛིན་དང་བྲལ་བར་རོ། །ཉམས་དགའ་བ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་དང་ལོ་མ་དང་ལྡན་པའི་ཤིང་རྣམ་པ་སྣ་ཚོགས་ཀྱི་ཡལ་གས་ཁེབས་པ། ཡིད་དུ་འོང་བའི་ཆུའི་ཚོགས་ཀྱིས་རྣམ་པར་མཛེས་པ། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འདུག་པའི་སྒྲུབ་པ་པོ་གང་ཡིན་པས་བཤད་མ་ཐག་པའི་མངོན་བྱང་ལྔས་རྡོ་རྗེ་འཆང་དུ་བསྐྱེད་པའི་སྦྱོར་བ་འདི་ནི་ཀུན་ཏུ་བརྩམ་ཞིང་བསླབ་པར་བྱ་སྟེ། དེས་ནི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ཏེ་རྡོ་རྗེ་འཆང་ཆེན་པོ་འགྲུབ་པར་བསྒྲུབ་པར་བྱའོ། །ཟླ་བ་ཕྱེད་ཀྱིས་ཞེས་བྱ་བ་ནི་ཟླ་ཕྱེད་ཀྱི་སྐད་དོད་པཀྵ་ཨེ་ཀ་ཕྱོགས་གཅིག་ཡིན་ལ། དེ་ལ་ངེས་ཚིག་གིས་ས་ནིས་སཔྲ་ཏྱ་ཡ་ཡིད་ཆེས་པ། ཀྵེ་ནི་བི་ཤ་ཡ་ཡུལ་ཏེ། བླ་མའི་གདམས་ངག་དང་ལྷ་རྣམས་ཀྱི་


JLD004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་ཡིད་ཆེས་པར་གྱུར་པ་སྟེ།ཨེ་ཀ་ནི་གཅིག་སྟེ་བསྐྱེད་རིམ་བསྒོམ་པ་དེ་ལ་གཅིག་ཏུ་ངེས་ཤིང་བརྟུན་པས་སམ་བརྩོན་པས་གསུང་དང་ཐུགས་འགྲུབ་པར་ཐེ་ཚོམ་མེད་པས་ངེས་པར་སྐུ་དང་གསུང་དང་ཐུགས་སྒྲུབ་པ་སྟེ།བསྐྱེད་རིམ་ལ་ཐུན་བཞི་བྱེད་པའི་རིམ་པ་འདིས་བསྐྱེད་པའི་རིམ་པ་ལ་སློབ་པའི་སྔགས་པས། རྫོགས་པའི་ཏིང་ངེ་འཛིན་མངོན་པར་རྟོགས་པར་ཏེ་ཐོབ་པར་བྱས་ན་ངེས་པར་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། ༈ །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བའི་བསྐྱེད་པའི་རིམ་པ་བསྒྲུབ་པ་ཡང་དག་པར་བསྟན་ནས། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་མཐའ་གཅིག་ཏུ་ལྷ་དྲན་པའམ། རང་དང་ལྷ་གཅིག་ཏུ་དྲན་པའི་དྲན་པ་གཅིག་པ་བསྐྱེད་རིམ་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བའི་དཀྱིལ་འཁོར་དམ་པ་ནི། ནམ་མཁའ་རྡོ་རྗེའི་དབུས་བསམས་ཏེ། ཞེས་བྱ་བ་ནི་དངོས་པོ་མེད་པར་བསྒོམ་པའི་དངོས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་རིམ་གྱིས། གཞལ་ཡས་ཁང་གི་ནང་དུ་ལྷ་སུམ་ཅུ་རྩ་གཉིས་རྣམ་པར་དགོད་པའི་མཐར་ཐུག་པར་ལྷག་པ་མོས་པས་སྙོམས་པར་ཞུགས་ཏེ། ༀ་ཤཱུ་ནྱཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཐམས་ཅད་དངོས་པོ་མེད་


JLD004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ལ། ༀ་ལ་སོགས་པའི་ཡི་གེ་གསུམ་གྱིས་ཟླ་བ་དང་ཉི་མ་དང༌། པདྨ་བསྐྱེད་ལ། པདྨའི་ལྟེ་བའི་སྟེང་དུ་ཡི་གེ་གསུམ་རྣམ་པར་བསམས་ནས། དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་གསལ་བའི་དཀྱིལ་འཁོར་ཏེ།སྔ་མ་མང་པོས་མདོར་བྱས་ལས། སྔགས་དང་པདྨ་ཉི་མ་དག །ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས། །ཟླ་བའི་དཀྱིལ་འཁོར་ཀུན་རྫོགས་པ། །བྱང་ཆུབ་སེམས་སུ་རྣམ་པར་བརྟག །ཅེས་གསུངས་པའི་དོན་དུ་བསམས་ནས། བར་གྱི་ཟླ་བ་ལ་པདྨ་དང་ཡི་གེ་གསུམ་ཡས་ཞུགས་དང༌། ཉི་མ་མས་ཞུགས་པའི་ཟླ་བ་དེ་ཉིད་ཟླ་བ་ལས་བྱང་ཆུབ་པའི་ཟླ་བར་འདོད་པ་ནི་དོན་མིན་ཏེ། འགྲེལ་པ་འདིར་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་གསལ་བའི་དཀྱིལ་འཁོར་ཏེ་ཞེས་ཟླ་ཉི་པད་གསུམ་སྔགས་དང་བཅས་པ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བ་བསྐྱེད་པ་མང་དུ་གསུངས་ལ། རྡོར་སེམས་ཀྱི་སྒྲུབ་ཐབས་སུ་ཡང་དེ་བཞིན་དུ་བཤད་ཅིང༌། མདོ་བསྲེ་ལས་ཀྱང༌། དེ་ཐམས་ཅད་བསྡུས་ནས་ཟླ་བའི་དཀྱིལ་འཁོར་འདྲ་བར་ཡོངས་སུ་གྱུར་པར་བལྟས་ལ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་མདོར་བྱས་ཀྱི་དགོངས་པ་སྟེང་འོག་གཉིས་ཟླ་བ་ལ་ཞུགས་པ་ལས་ཟླ་བ་ཕྱི་མ་བསྐྱོད་པའི་དོན་དུ་བྱའོ། །ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱའོ། །ཡེ་ཤེས་ཀྱི་ས་བསྐྱེད་པ་ནས་ལྷག་མོས་འོད་གསལ་དུ་སྡུད་པ་དང༌། མཚན་མ་གསུམ་དང་ཡི་གེ་གསུམ་དང༌། རང་གི་སྔགས་ཀྱི་དམ་ཚིག་བསྐྱེད་ཅེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་རྣམ་པར་བཀོད་ལ། དེ་ཡོངས་སུ་གྱུར་པ་ཟླ་བ་ལས་བྱང་ཆུབ་བའི་བར་འདིར་བཤད་པ་ནི། རིགས་ལྷག་མ་བཞི་ལ་ཡང་སྦྱར་དགོས་ལ། རྡོ་རྗེ་འཆང་གི་སྐབས་སུ་མ་བཤད་པ་ཡང་འདི་བཞིན་བྱའོ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད་ཅེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་རྣམ་པར་བཀོད་ལ། དེ་ཡོངས་སུ་


JLD004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་འཁོར་ལོར་བསྒོམས་ལ། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སེམས་དཔའ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམས་ལ། [དེ་ཇི་ལྟ་བུ་ཞིག་བསྒོམ་སྙམ་ན། བྷ་བྱ་ཀཱིརྟིས་མདོར་བྱས་ཀྱི་འགྲེལ་པར། རྣམ་སྣང་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་དྲིལ་བུ་འཛིན་པ་ལ་བཤད་དེ། དེའི་རིགས་པ་རིན་འབྱུང་འོད་དཔག་མེད་དོན་གྲུབ་གསུམ་ལའང་སྦྱར་རོ། །མི་བསྐྱོད་པ་ལ་རྡོ་རྗེ་འཆང་དང་འདྲ་པར་རྡོ་རྗེ་འཆང་དམར་པོའམ་ཡང་ན་རང་འདྲ་ཞལ་གཅིག་ཕྱག་གཉིས་པའོ། །དེའི་ཡང་ཐུགས་ཀར་ཡི་གེ་ༀ་ཏིང་ངེ་འཛིན་སེམས་དཔའ་ཞེས་གྲགས་པ་སྙིང་པོར་གྱུར་པ་འོད་ཟེར་ལྔ་སྟེ་འོད་ཟེར་རྣམ་པ་ལྔ་དང་ལྡན་པ་དགོད་པར་བྱའོ་བས་རྣམ་པར་སྣང་མཛད་མཆོག་ཏུ་བསྒོམས་པ་ནི་:པ་ཚབ་ཆག:ལ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སྤྲིན་ཆེན་པོ་སྟེ། རྣམ་པར་སྣང་མཛད་ཀྱི་ཚོགས་དེ་རྣམས་ཡི་གེ་ༀ་ལས་སྤྲོ་བར་ཏེ་འཕྲོ་བར་བསྒོམ་པར་བྱའོ། ༈ །འདི་ཡིས་ཞེས་པ་ཏིང་ངེ་འཛིན་འདི་ཡིས་སངས་རྒྱས་ཏེ་བསྐྱེད་པའི་རིམ་པ་ཤེས་པ་རྣམས་ཀྱི་བསྒྲུབ་བྱ་རྣམ་པར་སྣང་མཛད་ནི་ཀྱི་ཁརང་གི་རིགས་རྣམས་ཀརྒྱ་མཚོ་དང་འདྲ་བ་ཏེ་ར་གའབྱུང་པར་འགྱུར་བས་སོ་ན་རྣམ་སྣང་དེ་སྒྲུབ་པ་པོ་གང་གི་བསྒྲུབ་བྱ་ཡིན་པ་སྒྲུབ་པ་པོ་དེའི་ལུས་ཏེ། རྡོ་རྗེའི་སྐུ་འགྲུབ་པར་འགྱུར་རོ། །ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། ཞེས་བྱ་བ་ལ། ཤེས་པ་ལྔ་ནི་མིག་ལ་སོགས་པའི་


JLD004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ལྔ་རྣམས་ཏེ། ཤེས་པ་ལྔ་པོ་དེ་རྣམས་གང་ལ་གནས་པ་སྟེ། དམིགས་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་གང་ཡིན་པ་དེ་ནི་ཡེ་ཤེས་ལྔ་ལྡན་ཏེ། འདོད་ཡོན་ལྔ་པོ་དེ་ཉམས་སུ་མྱོང་བས་ཏེ། བསྟེན་པས་འཁོར་བ་ཇི་སྲིད་བར་གནས་པའོ། །སངས་རྒྱས་སྐུ་ནི་ཞེས་པ་ནི་མཚན་ཐམས་ཅད་དང་ལྡན་པའི་རྡོ་རྗེའི་སྐུའོ། །དེ་དང་འདྲ་བའི་མདོག་ནི་དེ་དང་འདྲ་བའི་རྫུ་འཕྲུལ་འགྲུབ་པའོ། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། ཞེས་པ་ནི། རྡོ་རྗེ་སེམས་དཔར་འི་ཀགཙོ་བོར་གགྱུར་ནས་བསྐལ་པ་གསུམ་དུ་གནས་པས་བཞུགས་པའོ། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར་ཞེས་པའི་ཟླ་ཕྱེད་ནི་སྔར་ལྟར་ཡིད་ཆེས་བ་སྟེ་ཏིང་ངེ་འཛིན་ལ་ཀུན་ཏུ་ཞེན་པ་ཙམ་གྱིས་འགྲུབ་ཏེ། ལུས་ངག་གི་བྱ་བའི་སྤྲོས་པ་ལ་ལྟོས་པ་མེད་པ་ཉིད་ཀྱིས་སོ་ཞེས་བྱ་བར་དགོངས་སོ་ཞེས་བཅོམ་ལྡན་འདས་སྐུ་རྡོ་རྗེ་གསང་བ་སྟེ་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཟླ་བའི་དཀྱིལ་འཁོར་རོ། །དེར་རྡོ་རྗེ་ནི་མི་ཕྱེད་བའི་ངོ་བོ་ཉིད་ཀྱི་འཁོར་ལོའོ། །དེའི་འོད་ཟེར་གྱི་བཀོད་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེ་སྐྱེད་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་འོད་ཟེར་བཀོད་པ་ཞེས་བྱའོ། ༈ །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཐམས་ཅད་བསྐྱེད་ལ་ཅེས་པ་ནི་རྣམ་སྣང་གི་སྐབས་བཞིན་དུ་ཡེ་ཤེས་ཀྱི་ས་ནས་ཟླ་བ་ལས་བྱང་ཆུབ་བའི་བར་རྣམས་བསྐྱེད་པའོ། །


JLD004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དཀྱིལ་འཁོར་ཏེ་ཟླ་བ་ལ་གནས་པའི་པདྨའི་མཆོག་དམར་པོ་འདབ་མ་བརྒྱད་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རང་གི་སྔགས་ཀྱི་སྐྱེས་བུ་འོད་དཔག་ཏུ་མེད་པ་བསྐྱེད་ལ་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམས་ནས། ངག་གི་ལམ་ཡེ་ཤེས་སེམས་དཔའ་ལ་ཏིང་ངེ་འཛིན་གྱི་སེམས་དཔའ་ཡི་གེ་ཨཱཿ བསམ་པ་སྟེ། ཁ་དོག་སྣ་ལྔ་པའི་པདྨ་ཆེན་པོ་མི་ཕྱེད་པའི་ངོ་བོ་ཉིད་འཇིག་རྟེན་དབང་ཕྱུག་གི་མཆོག་བསྒོམ་པ་སྟེ། རང་འོད་དཔག་ཏུ་མེ་པར་བསྐྱེད་པ་དེར་གཏོགས་པའི་སེམས་ཀྱི་འཇུག་པས་བཀོད་པའོ། །དམ་ཚིག་ཡེ་ཤེས་རྫོགས་བྱས་ཏེ། །ཚིག་གི་དམ་ཚིག་ལྔ་ཡི་མཆོག །ཅེས་བྱ་བ་ལ། དམ་ཚིག་ནི་དམ་ཚིག་གི་སེམས་དཔའོ། །ཡེ་ཤེས་ནི་ཡེ་ཤེས་སེམས་དཔའོ། །ཚིག་གི་དམ་ཚིག་ནི་ཏིང་ངེ་འཛིན་གྱི་སེམས་དཔའ་སྟེ། རྫོགས་པར་བྱ་བ་ནི་སེམས་དཔའ་གསུམ་པོ་དེ་དག་ངོ་བོ་དབྱེར་མེད་གཅིག་ཏུ་བྱས་ནས་བསྒོམ་པའོ། །སེམས་དཔའ་སུམ་བརྩེག་གི་ཚུལ་འདི་ཉིད་ཀྱིས་ནི་ལྔ་ཡི་མཆོག་སྟེ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་སེམས་དཔའ་གསུམ་བརྩེག་པ་བྱས་ནས་བསྒོམ་པར་བྱ་བའོ། །འདིས་རིགས་སོ་སོ་བ་ལྔ་སྒོམ་པ་ན་སེམས་དཔའ་སུམ་བརྩེག་བྱ་བར་སྟོན་གྱི། རིགས་ཐམས་ཅད་ཀྱི་ཁྱབ་


JLD004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྡོ་རྗེ་འཆང་སེམས་དཔའ་སུམ་བརྩེག་ཏུ་བྱ་བ་མི་འགོག་གོ ། ༈ ཆོས་ཀྱི་ཚིག་གི་ལམ་ནི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཏོ། །གནས་པ་ནི་ཡང་དག་པར་ཐོབ་པའོ། །རྡོ་རྗེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཆོས་ནི་དོན་དམ་པའི་བདེན་པ་སྟེ། ཆོས་དང་ལྡན་པའི་རྡོ་རྗེ་ནི་རྡོ་རྗེ་ཆོས་ཏེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ་དེ་འཐོབ་པར་འགྱུར་པའོ། །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་སེམས་དཔའོ། །གསུང་རྡོ་རྗེ་ནི་ཏིང་ངེ་འཛིན་སེམས་དཔའོ། །དམ་ཚིག་ནི་དམ་ཚིག་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་གང་དུ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། ༈ །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ཞེས་པ་ནི་རྡོ་རྗེ་འཆང་དང་མི་བསྐྱོད་པ་གཉིས་ཕྱག་མཚན་ལས་བྱང་ཆུབ་པའི་སྐབས་ཀྱི་རྡོ་རྗེ་རྩེ་ལྔ་པ་འདྲ་བར་སྟོན་ནོ། རྡོ་རྗེ་ཡོངས་སུ་གྱུར་པ་ལས་ནི་ལེའུ་གསུམ་པར་བཤད་པ་ལྟར་མི་བསྐྱོད་པར་བསྐྱེད་ཀྱི། རྡོ་རྗེ་འཆང་དུ་བསྐྱེད་ནས་བསྒྱུར་བ་མ་ཡིན་ནོ། །ཐམས་ཅད་བསྐྱེད་ལ། རང་གི་སྔགས་ཀྱི་སྐྱེས་བུ་དམ་ཚིག་གི་སེམས་དཔའ་བསྐྱེད་ནས། སེམས་དེ་ཡེ་ཤེས་སེམས་དཔའ་ལ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་ཡི་གེ་ཧཱུཾ་དེ་ལ་གནས་པ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་པར་བསམ་པར་བྱའོ། །དེ་ལྟར་སེམས་དཔའི་གསུམ་གྱི་བདག་ཉིད་ཅན། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་མི་བསྐྱོད་པའི་ཁ་དོག་ལྔ་པའི་འོད་ཟེར་ཅན་གྱི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པར་རྣམ་པར་བསྒོམ་


JLD004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའོ། །རྡོ་རྗེའི་རིགས་ཀུན་བསྡུས་པའི་དང་རྒྱལ་བ་ནི་འབྲས་བུའི་མི་བསྐྱོད་པའོ། །དེའི་གནས་ནི་རང་མི་བསྐྱོད་པར་བསྐྱེད་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །ཡེ་ཤེས་རྡོ་རྗེ་ནི་མི་བསྐྱོད་པའི་སྒྲུབ་པ་པོས་སོ། །བྱ་བ་ནི་བསྐྱེད་པའོ། ༈ །[དེ་ལྟར་སྔར་བཤད་པའི་རིགས་བཞི་ལ་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱ་བར་དངོས་སུ་མ་བཤད་ཀྱང༌། རྣལ་འབྱོར་དེ་གཉིས་བྱ་དགོས་ལ། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་མ་བཤད་པ་ནི་ཁ་བསྐང་བའམ་ཡང་ན་མངོན་རྟོགས་བསྡུས་པ་ལ་དགོངས་ཏེ། རིན་འབྱུང་དང་དོན་གྲུབ་གཉིས་ལའང་འདྲ་བར་ཤེས་པར་བྱའོ། དེ་ལྟར་རིམ་པ་དང་པོ་ལ་རྟག་པ་ཉིད་ཀྱིས་ཏེ། རྟག་ཏུ་ཉི་མ་རེ་རེ་ཞིང་ཐུན་བཞིར་བསླབ་པ་སྟེ། གོམས་པར་བྱས་ན། དེ་ལྟར་གོམས་པ་དེའི་རྒྱུད་ལ་རྫོགས་རིམ་ཚང་བར་སྐྱེ་བའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟུང་འཇུག་མངོན་པར་རྟོགས་ནས། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། སྟོན་པ་རྡོ་རྗེ་ཐུགས་འདྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་དང་མི་རྣམས་ལ་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །རྡོ་རྗེ་ནི་དོན་དམ་པའི་བདེན་པའོ། །ཐུགས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་དག་ལས་བསྒྲུབས་པས་ན་རྡོ་རྗེ་ཐུགས་འདྲ་བའོ། །ཡེ་ཤེས་ཡོན་ཏན་ནི་འདོད་པའི་དབང་ཕྱུག་ལ་སོགས་པ་བརྒྱད་དོ། །དེ་རྣམས་ཀྱི་རྒྱ་མཚོར་


JLD004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ནི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་ནི་དམ་ཚིག་གི་སེམས་དཔའོ། །ཐུགས་ནི་ཡེ་ཤེས་སེམས་དཔའོ། །གསང་བ་ནི་ཏིང་ངེ་འཛིན་གྱི་སེམས་དཔའ་སྟེ། དེ་ལྟར་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཅན་ཡིན་པས་རྡོ་རྗེ་ཐུགས་ཀྱི་གསང་བ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། ༈ །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་པའི་དོན་སྡུད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ནི་རྣམ་པར་སྣང་མཛད་ལ་སོགས་པ་གསུམ་མོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ཏེ་འདི་རྣམས་ཀྱི་ཏིང་ངེ་འཛིན་ཏེ། སྒྲུབ་ཐབས་ནི་གསལ་བར་མ་བཤད་ཀྱང་ལྔའི་མཆོག །ཅེས་པས་དེ་གཉིས་སེམས་དཔའ་སུམ་བརྩེག་ཏུ་བསྒོམ་པར་བཤད་ཅིང་རིགས་གཞན་བཞི་དང༌།ཐ་མི་དད་པར་ཏེ་འདྲ་བར་ཉེ་བར་བཏགས་པ་སྟེ། བཤད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་སྟེ། སྒྲ་ཇི་བཞིན་པའོ། ༈ །དེ་ལྟར་རྟོག་པ་སྟེ། བརྟགས་པའི་རྣལ་འབྱོར་བསྐྱེད་རིམ་གྱི་འབྲས་བུ་ཕན་ཡོན་གྱི་འི་ཚུལ་གྱིས་མཚོན་ནས་རྫོགས་པའི་རིམ་པ་བསྟན་ནས། མཚོན་དོན་གྱི་རྫོགས་རིམ་དེ་མངོན་སུམ་ཉིད་དུ་སྟེ། དངོས་སུ་བསྟན་བསྐྱེད་རིམ་གྱི་


JLD004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུར་བཤད་པའི་རྫོགས་རིམ་དེ་སྔར་སོ་སོར་མ་ཕྱེ་བར་མི་གསལ་བར་བསྟན་པ་དེ། སྐབས་འདིར་རིགས་དྲུག་གི་སྒྲུབ་ཐབས་ཀྱི་སྐབས་སུ། སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་འཁྱེར་བའི་ལམ་འཁྱེར་གྱིས། སྦྱང་གཞི་སྦྱོང་བ་བསྒོམས་པས་རྒྱུད་སྨིན་ནས་རྫོགས་རིམ་དངོས་ཀྱི་རྟོགས་པ་སྐྱེ་བ་ན། སྒྱུ་མའི་སྐུས་འཆི་རིམ་བཞིན་དུ་སྟོང་པར་འཇུག་པའི་འོད་གསལ་དང༌། དེ་ལས་བར་དོ་བཞིན་དུ་རླུང་སེམས་ཙམ་གྱི་སྐུར་ལྡང་བའི་ལོངས་སྐུ་དང༌། དེས་སྐྱེ་བ་ལེན་པ་དང་འདྲ་བའི་སྤྲུལ་སྐུ་འཛིན་པ་རྣམས་འདིར་སྟོན་པ་ཡིན་ནོ། །པར་བྱ་བའི་ཕྱིར། ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་དང་ཤེས་པ་གཉིས་ཀ་སྐད་དོད་གཅིག་པས་དོན་གྱིས་སྐབས་གང་བབས་ལ་བསྒྱུར་བ་ཡིན་པ་ལ། འདིར་ཤེས་པ་ལ་བསྒྱུར་ན་ལེགས་ཤིང༌། དེ་ལ་ཡང་བྱེད་པ་དང་ལས་སུ་བྱ་བ་གཉིས་ལས། འདིས་ཤེས་པར་བྱེད་པའི་ཤེས་པ་མིན་གྱི་ཤེས་པར་བྱ་བས་ན་ལས་སུ་བྱ་བ་ཡེ་ཤེས་སམ། ཤེས་པ་སྟེ་ཏེ་། ཤེས་བྱ་རྒྱུ་བ་སེམས་ཅན་དང་མི་རྒྱུ་བའི་སྣོད་དོ་འོ་། །སྣོད་བཅུད་དེའི་དཀྱིལ་འཁོར་ནི་ཚོགས་ཏེ་འཇིག་རྟེན་གསུམ་མོ། །གསུམ་པོ་དེའི་དབུས་སུ་རྡོ་རྗེ་ཆེན་པོ་སྟེ་རང་གི་ལུས་ཕྱག་རྒྱ་ཆེན་པོ་སྒྱུ་མའི་གཟུགས་སུ་བསྒོམ་པར་བྱ་ཞིང་སྟེ། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཉིད་དུ་བཞག་ནས་ལུས་རྣམས་ཀུན་ཏེ་རྒྱུ་པ་དང་མི་རྒྱུ་པ་རྣམས་ལ། ཡི་གེ་ཁྃ་ཞེས་གསུངས་པའི་དོན་ནི་སྐུ་དེ་ནམ་མཁར་ཏེ་འོད་གསལ་དུ་འཇུག་པར།བྱེད་པ་ཡིན་ཏེ་ས་རྗེས་སུ་གཞིག་པའི་བསམ་


JLD004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་རིམ་གྱིས་སྔོན་དུ་སྣོད་བཅུད་གཞནདངོས་པོ་མེད་པ་སྟེ་མི་སྣང་བར་བྱས་ལ། དེའི་རྗེས་སུ་སྒྱུ་མའི་ལུས་བདག་ཉིད་ཀྱང་རིམ་རིམ་པ་གསུམ་པའི་སྒྱུ་མའི་སྐུ་དོན་གྱི་འོད་གསལ་མངོན་དུ་བྱས་པའི་དུས་སུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འགྱུར་ལ། རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་གི་སྒྱུ་མའི་སྐུ་ནི། འོད་གསལ་དུ་ཞུགས་ནས་འཇའ་ཡལ་བ་ལྟར་མི་འགྱུར་བས། རྒྱུད་དང་འགྲེལ་པར་སྒྱུ་མའི་སྐུ་འོད་གསལ་དུ་འཇུག་པར་བཤད་པ་ཐམས་ཅད་རིམ་པ་གསུམ་པའི་སྒྱུ་མའི་སྐུ་ལ་གོ་བར་བྱའོ། །གྱིས་ཞུགས་པ་དེ་བྱས་ན། འོད་གསལ་གྱི་རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་མཉམ་པ་སྟེ། འདྲ་བ་དེར་འགྱུར་ཞིང་ཞེས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་སྒྱུ་མའི་སྐུ་དེ་དང་འོད་གསལ་གཉིས་གཅིག་ཏུ་འགྱུར་རོ། །ཁྃ་ཞེས་བྱ་བ་ནི་འོད་གསལ་བ་མཚོན་པའོ། །འོད་གསལ་དེ་ལ་ཡང་སངས་རྒྱས་ཏེ་དེ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དུ་བཤད་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཕུང་པོ་ལྔ་རྣམས་དང༌། བྱང་ཆུབ་སེམས་དཔའ་སྟེ་སའི་སྙིང་པོ་ལ་སོགས་པའི་ངོ་བོ་ཉིད་དུ་བཤད་པའི་མིག་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དང་ཡང་དུ་སྟེ། རྡོ་རྗེ་འཕྲེང་བ་ལས་གཟུགས་ཀྱི་ཕུང་པོར་གཏོགས་པ་ཞེས་བྱ་བ་ལ་སོགས་པའོད་གསལ་དུ་འཇུག་པར་བཤད་པའི་རིམ་གྱིས་སྐད་ཅིག་རེ་རེ་ཞིང་མཆོད་པ་སྟེ་:པ་ཚབ་ཆག:ར་གྱུར་པས་སོ་། །ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་དུ་རང་ཉིད་ལ་རབ་ཏུ་ཞུགས་པར་གྱུར་པས། ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་ངོ་བོ་ཉིད་ཀྱིས་རྟོག་པ་


JLD004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བརྟག་པར་བྱ་བ་ཡིན་པས་ན་ཀལྤ་བསྐལ་པ་གསུམ་སྟེ་ཡེ་ཤེས་གསུམ་མོ། །དེ་གང་དུ་:པ་ཚབ་ཆག:དང་མཉམ་པར་གྱུར་ཅིང་རྣམ་པར་ཞུ་བ་སྟེ་ཐིམ་པར་གྱུར་པ་གང་ཡིན་པ་དེ་ནི་བསྐལ་པ་གསུམ་གྱི་དམ་ཚིག་སྟེ་འོད་གསལ་བར་གནས་པའོ། །དེར་གནས་ན་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་སྐད་དང་བུདྡྷ་ནི་རྟོགས་པ་ལ་འཇུག་པས།སངས་རྒྱས་ནི་འདིར་ཡེ་ཤེས་གསུམ་ཡིན་ལ། ཡེ་ཤེས་གསུམ་པོ་དེས་ཀྱང་མཐོང་བར་མི་འགྱུར་བ་སྟེ། ཇི་ལྟ་བ་བཞིན་དུ་མི་མཐོང་བ་ནི་འོད་གསལ་དུ་ཞུགས་ན་ཇི་ལྟར་མཐོང་བ་མེད་ཅིང་སྣང་བ་མེད་པ་དེ་བཞིན་དུ་གནས་པའོ། །བཅོམ་ལྡན་འདས་ནམ་མཁའ་རྡོ་རྗེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏེ། །ཞེས་བྱ་བ་ལ། ནམ་མཁའ་རྡོ་རྗེ་ནི་འོད་གསལ་བའོ། །འོད་གསལ་དེ་ལས་འོད་ཟུང་གཉིས་མཉམ་པར་བྱུང་བར་གྱུར་པས་ན་ནམ་མཁའ་རྡོ་རྗེའི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པའོ། ༈ །འོག་ནས་བཤད་པའི་འོད་གསལ་ལས་ལྡང་པའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ནི་རིམ་པ་གསུམ་པའི་ཕྱག་རྒྱ་ཆེན་པོ་སྒྱུ་མའི་སྐུའོ། །དེའི་མི་སྣང་བ་ནི་དེ་འོད་གསལ་དུ་ཞུགས་པའོ། །དེ་ལས་བྱུང་བར་གྱུར་པས་ན་འབྱུང་བའོ། །བཀོད་པ་ནི་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རྩ་བ་མཐར་གཏུགས་པ་ན་རླུང་དང་སེམས་ཀྱི་བདག་ཉིད་ཅན་ཡིན་


JLD004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཏེ་། དེ་ལས་བསྒྲུབ་པའི་ཟུང་འཇུག་པའི་ཡེ་ཤེས་ཀྱི་སྐུའོ། །དེའི་འཕྲེང་བ་ནི་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་བའི་སྐུས་གཞན་དོན་ལ་རབ་ཏུ་འཇུག་པའོ། །དེའི་ཏིང་ངེ་འཛིན་གང་ལ་སེམས་ཀྱི་སྐད་ཅིག་མ་རྩེ་གཅིག་ཏུ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །ཏིང་ངེ་འཛིན་འོད་ཟུང་དེ་དག་ཐམས་ཅད་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། ཞེས་པའི་རྡོ་རྗེའི་དཀྱིལ་འཁོར་ནི་འོད་གསལ་བའོ་དེའི་དབུས་སུ་ཞེས་པ་ནི་འོད་གསལ་དེ་ལས་བྱུང་བའོ། །རང་སྔགས་སྐྱེས་བུ་ནི་འདིར་ཡོངས་སུ་དག་པའི་ཕྱག་རྒྱ་ཆེན་པོ་ལོངས་སྐུའི་གཟུགས་སུ་བསམ་ཞིང་བསྒོམ་མོ། །ལོངས་སྐུར་བསྐྱེད་པ་དེའི་འོག་ཏུ་སེམས་ཅན་ཐ་མལ་བའི་ཡུལ་དུ་གྱུར་པའི་ལུས་རགས་པའི་སྤྲུལ་པའི་སྐུ་ཡོངས་སུ་གཟུང་ལ། ཞེས་པ་ནི་ཟུང་འཇུག་པའི་ལོངས་སྐུ་དེ་སོ་སོ་སྐྱེ་པོས་དངོས་སུ་མ་མཐོང་བས། དེ་རྣམས་ཀྱི་དོན་དུ་འཛིན་པ་སྟེ། འདིས་ནི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་སྐུ་ལོགས་སུ་གྲུབ་ཀྱང༌། སྔར་གྱི་ཕུང་པོ་རགས་པ་ད་དུང་འཛིན་པའི་གནད་ཀྱང་ཤེས་བར་བྱའོ། །དེ་ལྟར་ལུས་རགས་པ་བཟུང་པའི་རྡོ་རྗེས་སུ་སྲོག་གི་དང་རྩོལ་པའི་རླུང་འབྱུང་རྔུབ་ཀྱི་སྐྱེ་བའི་ཡན་ལག་ཏུ་ཏེ་རྒྱུར་གྱུར་པའི་རྡོ་རྗེ་སྟེ་ཅིང་མི་ཤིགས་པའི་ཡི་གེ་ཧ་ཞེས་བྱ་བའི་ས་བོན་སྙིང་གར་བཞག་སྟེ། དེའི་འོག་ཏུ་འོད་ཟེར་རྣམ་པར་བསྒོམ་པར་བྱ་སྟེ། སྲོག་གི་དང་རྩོལ་བ་འབྱུང་


JLD004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྔུབ་ལ་གནས་པའི་འོད་ཟེར་ཏེ་རླུང་བཅུ་པོ་དེ་རྣམས་ཀྱི་བསྒོམ་པ་ནི། སྣ་བུག་གཡས་དང་ལ་སོགས་པས་གཡོན་དང་གཉིས་ཀ་ནས་རྒྱུ་བའི་དབྱེ་བས་འཇུག་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་ཞུགས་པའོ། །ཧ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྟོན་པ་སྟེ་མཚོན་པའོ། །མི་ཤིགས་པའི་ཡི་གེ་ལ་ཨ་དང་ཧཱུཾ་ཡང་བཤད་པ་ཡོད་དོ། །འདིར་ཟུང་འཇུག་པས་རགས་པའི་སྐུ་ལ་བརྟེན་ནས་རྡོར་བཟླས་བྱ་བར་གསུངས་ཏེ། ཞི་སོགས་ཀྱི་ལས་དང་མངོན་ཤེས་སོགས་བསྒྲུབ་པའི་དོན་དུའོ། །འཇམ་པ་ནི་རྣམ་པར་མི་འཇིག་པའོ། །དཔལ་ནི་འོད་གསལ་བའོ། །དེ་ལས་བྱུང་བས་ན་འཇམ་དཔལ་གྱི་དམ་ཚིག་དེ་ནི་ཟུང་འཇུག་ལོངས་སྐུའོ་གོ་།སྐུ་དེ་ལས་ཐོབ་པའི་ཕྱིར་མི་ལྡོག་པ་རྣམས་ཀྱིས་ཡང་དག་པར་ལོངས་སྤྱོད་ཅིང་ཡུལ་དུ་བྱས་པས་ན་དེ་ཉིད་ནི་ལོངས་སྤྱོད་པ་སྟེ་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་སོ། །དེ་ཐོབ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྤྲུལ་པའི་སྐུའི་སྐུ་དང་གསུང་དང་ཐུགས་གང་ལ་མངའ་བ་དེ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། །ས་བཅུ་ནི་འོད་ཟེར་རླུང་བཅུ་སྟེ། རླུང་དེ་ལ་རབ་ཏུ་གནས་པ་སྟེ། དམིགས་ནས་རྡོར་བཟླས་ཀྱིས་དངོས་གྲུབ་བསྒྲུབ་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །སེམས་དཔའ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེའི་བདག་ཉིད་ཀྱི་སྐུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་སྟེ། གང་བཤད་མ་ཐག་འདིས་ནི་རྡོ་རྗེ་བཟླས་པ་ལ་བསྔགས་ཤིང༌། དེའི་བྱེད་


JLD004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡང་ཟུང་འཇུག་པས་སྙིང་གའི་མི་ཤིགས་པ་ལས་བྱེད་པ་འདི་ལྟར་དུ་བྱ་བར་བསྟན་ཏེ། འདི་གནད་ཆེ་བར་ཡོད་ཅིང༌། ལེའུ་གསུམ་པར་ཕྲ་མོ་བསྒོམ་པ་མཐར་ཐུག་ཏུ་བཤད་པ་ཡང་འདི་ལ་བརྟེན་ནས་དཔྱད་ན་ཤེས་པར་འགྱུར་རོ། །པ་སྙིང་གའི་མི་ཤིགས་པ་ལས་རྡོར་བཟླས་བྱེད་པའི་རིམ་གྱིས་ཏེ་རིམ་པ་དེས་ངག་དབེན་བསྒོམ་པ་པོ་དེ་ནི་ཟུང་འཇུག་གི་བདག་ཉིད་འདི་ལྟ་བུ་ཐོབ་པར་འགྱུར་པའོ། ༈ །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གསལ་བར་བྱེད་དོ། །བདེན་པ་གཉིས་ཀྱིས་ཡོངས་སུ་གཟུང་བའི་གཟུགས་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ། །དེ་ཉིད་དམ་ཚིག་ཡིན་ལ་དེ་ཉིད་ནི་ཁམས་གསུམ་པ་རྣམས་ཚིམ་པར་བྱེད་པས་ན་ཟླ་བའོ། །འཁོར་བ་ཇི་སྲིད་པར་གནས་ནས་སེམས་ཅན་གྱི་དོན་མཛད་པས་ན་རྡོ་རྗེ་སྟེ། དེ་སྐྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ་དགོངས་པས་བཤད་པའོ། ༈ །བཤད་མ་ཐག་པ་ནི་ཟུང་འཇུག་ལོངས་སྐུ་བསྐྱེད་ནས་རགས་པའི་སྤྲུལ་སྐུ་བཟུང་བ་སྟེ། དེའི་རིམ་པས་བཟུང་བའི་སྤྲུལ་པའི་སྐུས་ནི་སྔ་མ་དང་རྗེས་སུ་མཐུན་པའི་རིམ་པས་བསྐྱེད་རིམ་པའི་སྐབས་སུ་མངོན་བྱང་ལྔ་ལས་ལོངས་སྐུ་རྡོ་རྗེ་འཆང་དུ་བསྐྱེད་པ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་བསྟན་ཞིང་6༌། དེའི་མིག་ལ་སོགས་པར་ཐླ່ཱ་སོགས་ཀྱི་ཡི་གེ་འགོད་པ་ཡིན་པས་བསྐྱེད་རིམ་པས་མངོན་ཤེས་བསྒྲུབ་པའི་སྐབས་འདིར། སྔར་བཤད་པ་ལྟར་རིགས་དྲུག་གི་དབང་དུ་བྱས་པའི་སྒྲུབ་ཐབས་དྲུག་ཡོད་ཀྱང༌། མངོན་བྱང་ལྔ་ལས་རྡོ་རྗེ་འཆང་བསྐྱེད་ནས། སྤྲུལ་སྐུར་བསྒྱུར་བའི་སྒྲུབ་ཐབས་དེ་ཁོ་ན་ལྟར་བྱ་དགོས་ཏེ། འཆད་འགྱུར་གྱི་ནམ་སྙིང་གི་སྐབས་སུ་


JLD004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། ཞེས་པའི་འགྲེལ་པར་རྡོ་རྗེ་འཆང་གི་ལུས་དཀྱིལ་སྒོམ་པར་གསུངས་པའི་ཕྱིར་རོ། །རྡོ་རྗེ་འཆང་དུ་བསྒོམས་པས་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་མི་བསྐྱོད་པ་སོགས་སུ་བསྒྱུར་པ་ཡང་མིན་ཏེ། སྤྲུལ་སྐུར་བསྒྱུར་བའི་མིག་སོགས་སུ་ཡི་གེ་རྣམས་དགོད་པར་གསུངས་པས་སོ། །འདིར་སྒྲིབ་སེལ་གྱི་སྐབས་སུ་དང་པོ་སྤྱོར་བ་བྱེད་པར་བཤད་པ་དང༌། རྡོ་རྗེ་འཆང་གི་ཤིན་ཏུ་རྣལ་འབྱོར་བྱེད་པར་བཤད་པས། དང་པོ་སྦྱོར་བ་དགོས་ལ། བླ་མ་རྣམས་ཏིང་ངེ་འཛིན་གསུམ་ག་མཛད་པ་ལྟར་ལེགས་པས་ཐམས་ཅད་ལ་ཏིང་ངེ་འཛིན་གཉིས་བྱས་པའི་འོག །ལས་རྒྱལ་མཆོག་གི་སྐབས་སུ། མིག་ནས་ལྕེའི་བར་བཞི་དབང་རྟེན་དང་བཅས་པ་དང༌། ལུས་དབང་གི་ཕྱོགས་གཅིག་གི་གནས་གསང་བའི་རྡོ་རྗེ་རྣམས་སྟོང་པར་སྦྱངས་ནས། ཁོང་སྟོང་དུ་བྱ་བ་དང་གནས་དེ་རྣམས་སུ་ཐླ່ཱ་ལ་སོགས་པའི་ཡི་གེ་འོད་འབར་བ་བཀོད་ཏེ། ས་སྙིང་སོགས་དང་ངོ་བོ་དབྱེར་མེད་དུ་སྒོམ་པ་དང༌། དབང་པོའི་ཡུལ་དུ་ཡུལ་ལྔ་ཐམས་ཅད་གསལ་བོར་བྱུང་བར་མོས་པ་ཡང་དང་ཡང་དུ་རྒྱུན་ལྡན་དུ་གོམས་པར་བྱས་པས། མིག་ལ་སོགས་པའི་མངོན་ཤེས་ལྔ་འགྲུབ་པར་འགྱུར་ཏེ། འདི་འདྲ་བ་རྣམས་ནི་ནང་ལ་གཞོལ་བའི་དངོས་གྲུབ་བསྒྲུབ་པའི་ལས་ཚོགས་ཡིན་ན། །འི་མིག་ལ་སོགས་པའི་སྐྱེ་མཆེད་རྣམ་པར་དག་པའི་སྒོ་ནས་འབྲས་བུ་མངོན་ཤེས་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། འོད་ཟེར་འབར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་མིག་གི་སྦུབས་སྟོང་པར་བྱས་པས་ཁོང་སྟོང་དུ་བྱ་བ་ཐོབ་པ་གང་ཡིན་པ་དེ་ནི་ནམ་མཁའ་སྟེ། དེའི་དབུས་སུ་ཆུད་པར་ཡི་གེ་ཐླ່ཱ་འོད་ཟེར་ཤིན་ཏུ་འབར་བ་སྟེ། ཉི་མ་དང་ཟླ་བའི་འོད་ཟེར་རྣམས་ཀྱིས་འབར་བར་གྱུར་པ་གང་གིས། མཚོན་ཆའི་སྐད་


JLD004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དོད་ཨསྟྲ་ལ་ངེས་ཚིག་གིས་ཨ་སྱ་ནྟི་འཕེན་པར་བྱ། ཀྵི་སྱནྟེ་གཞུག་པར་བྱ་བའོ། །འཕེན་ཅིང་བཅུག་པ་དེ་ནི་མཚོན་ཆ༡ འོ་འི་མཆོག་སྟེ། མཆོག་ནི་བརྒྱ་བྱིན་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་སོ། །བགེགས་དེ་འཇོམས་པའི་དོན་གྱི་མཚོན་ཆ་ཡིན་པས་ན་མཚོན་མཆོག་གོ །འཇོམས་ཚུལ་དེ་ཡང་ཡི་གེ་དེ་ལས་བྱུང་བའི་མིག་བསྐྱོད་པ་ལས་འོད་ཟེར་འཕྲོས་པས་བགེགས་ཐམས་ཅད་རྣམ་པར་འཇོམས་པས་ན་མཚོན་ཆའི་མཆོག་སྟེ་ཡི་གེ་ཐླ່ཱ་ངོ༌། །དེ་ནི་རྡོ་རྗེའི་ལུས་ངག་གིས་ཏེ། སའི་སྙིང་པོའི་ངོ་བོ་ཉིད་ཀྱིས་བསྒོམ་པར་བྱའོ། །རྡོ་རྗེའི་སྐུ་དང་འདྲ་བར་འགྱུར། ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་དང་འདྲ་པར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་གཟུགས་ཀྱི་དངོས་པོ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་མཐོང་བར་འགྱུར་བའོ། །ཐླ່ཱ་ཞེས་བྱ་བ་ནི། སྔར་བཤད་པའི་དོན་ས་སྙིང་སྟོན་པ་སྟེ་མཚོན་པའི་ས་བོན་ནོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་བཀོད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ནི་གནས་ཏེ་སའི་སྙིང་པོ་སྤྲུལ་བའི་གནས་ཡིན་པས་ན་དེ་ནི་ནམ་མཁའ་རྡོ་རྗེའི་དམ་ཚིག་གི་བཀོད་པའི་གནས་ཞེས་བྱ་ལ། དེ་སྟོན་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་བཤད་མ་ཐག་པའི་རིམ་པ་དང༌། འོག་ནས་བཤད་པ་དག་གིས། ལྷའི་མིག་དང་རྣ་བ་ལ་སོགས་པ་སྒོམ་པ་གང་ཡིན་པའི་རྣལ་འབྱོར་པ་དེ་ནི། པ་ཚབ་ཀྱིས། སངས་རྒྱས་མངོན་ཤེས་དམ་ཚིག་ནི། །


JLD004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་མངོན་ཤེས་ལྔ་འདྲར་འགྱུར། ཞེས་བསྒྱུར་བ་ནི་འགྲེལ་པ་དང་མཐུན་ནོ། །མངོན་པར་ཤེས་པ་ལྔ་དང་འདྲ་བ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་འགྱུར་བའོ། །མཚུངས་ལུགས་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་མངོན་ཤེས་དམ་ཚིག་མཆོག །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ནི་དུས་གསུམ་དུ་བྱུང་བའི་རྒྱལ་བ་རྣམས་སོ། །དེ་རྣམས་ཀྱི་མངོན་པར་ཤེས་པའི་དམ་ཚིག་མཆོག་ནི་ལྷའི་མིག་ལ་སོགས་པ་སྟེ། མངོན་ཤེས་ལྔ་པོ་དེ་རྣམས་ཀྱི་ཕྱོགས་གཅིག་ནས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ། །འདི་ནི་ཞེས་བྱ་བ་ནི་གང་བཤད་མ་ཐག་པའི་ལྷའི་མིག་གོ །དངོས་གྲུབ་ཐམས་ཅད་ཀྱི་ཞེས་བྱ་བ་ལ། ཐམས་ཅད་ནི་རང་དང་གཞན་གྱི་ཚོགས་ཏེ། དེ་རྣམས་ཀྱི་དངོས་གྲུབ་རྣམས་ཀྱིའོ། །སངས་རྒྱས་ཞེས་པའི་བུདྡྷ་ནི་ཁོང་དུ་ཆུད་པ་ཡིན་ལ་རང་གི་སེམས་སོ། །དེ་ ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་ཤིང་ཁོང་དུ་ཆུད་པས་ན་སངས་རྒྱས་མངོན་ཤེས་ཏེ། རྣལ་འབྱོར་བ་ཆེན་པོ་རྣམས་ཏེ་དེ་རྣམས་ཀྱི་མཆོག་བསྒྲུབ་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་ཡང་གཙོ་བོ་སྒྲུབ་པར་བྱེད་པའོ། ༈ །རྣ་བའི་མངོན་ཤེས་སྒྲུབ་པ་སྟོན་པ་ལ་སངས་རྒྱས་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐསམ་ཅད་དོ། །ཞེས་པ་ནི། མངོན་བྱང་ལྔས་རྡོ་རྗེ་སེམས་དཔའ་བསྒོམས་ནས་ལུས་དཀྱིལ་བསྒོམ་པའོ། །དམ་ཚིག་ནི་དམ་ཚིག་ཅེས་པ་འགྱུར་གསར་གཉིས་ལ་


JLD004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་དམ་པ་ནི་ཡོད་དོ། །དམ་པ་ནི་མཆོག་གི་དོན་ཡིན་ལ་དེ་ནི་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་ལྟར་མི་ཕྱེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་རབ་ཏུ་བསྒོམ་ཞིང་བསྐྱེད་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། ཞེས་བྱ་བ་ནི། རྣ་བའི་གནས་འོད་གསལ་བར་བསྒོམས་པའི་དབུས་སུ་གནས་པར་རོ། །ཡེ་ཤེས་ནི་ཕྱག་ན་རྡོ་རྗེ་སྟེ་དེ་བསྐྱེད་པར་བྱེད་པ་ཡི་གེ་ༀ་ནི་ཡེ་ཤེས་ༀ་ཡིག་:ཆག:ནི་བསྒོམ་པར་བྱ་ཞེས་པའོ། །རྡོ་རྗེ་དམ་ཚིག་གསུམ་ནི་ཕྱག་ན་རྡོ་རྗེའོ། །དེ་བསྒོམས་པས་ནི་ཞེས་པ་ནི་ༀ་ཡིག་དེ་ཕྱག་རྡོར་དེའི་རང་བཞིན་དུ་བྱས་པས་སོ། །མི་བསྐྱོད་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་སྒྲ་རྣམ་པ་སྣ་ཚོགས་པ་རྣམས་རྣ་བའི་ལམ་དུ་གྲག་པར་གྱུར་པ་ན་སྒྲ་གཅིག་འཛིན་པ་བཞིན་དུ་ཐམས་ཅད་འཛིན་པས་དེ་དང་འདྲ་བར་གྱུར་པས་ན། མི་བསྐྱོད་པའི་རྡོ་རྗེ་གསུམ་དང་རྣལ་འབྱོར་པ་རྣམས་འདྲ་བར་འགྱུར་རོ། ཞེས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས་ཏེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །མི་བསྐྱོད་པ་ཡི་སྐུ་འདྲ་དང་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པའི་སྐུའོ། །དེ་བཞིན་དུ་ཐ་མལ་པ་མ་ཡིན་པའི་གསུང་དང་ཐུགས་འཛིན་པས་གསུང་དང་ཐུགས་མཆོག་འདྲ་བ་འཛིན་ཞེས་བྱའོ། །འཇིག་རྟེན་ཁམས་ཞེས་བྱ་བ་ནི་རྟག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །མི་བསྐྱོད་རྡོ་རྗེས་མཆོད་པར་འགྱུར། ཞེས་བྱ་བ་ནི་རྣ་བ་ལ་གནས་པའི་ཕྱག་ན་རྡོ་རྗེས་མཆོད་ཅིང་སྟེ། དངོས་གྲུབ་ལ་ཁད་ཉེ་བར་བྱེད་པས་བསྙེན་པར་འགྱུར་རོ་འོ་། །མི་བསྐྱོད་


JLD004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག་ནི་མི་བསྐྱོད་པའོ། །དེ་ལས་བྱུང་བས་ན་མི་བསྐྱོད་པའི་དམ་ཚིག་ལས་མངོན་པར་བྱུང་བའི་རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ་དེ་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། ༈ །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་གསུངས་པ་ཡིན་ཏེ། ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པ་ནི་འོད་གསལ་བའི་དབུས་སུ་གནས་པ་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དེ་ནས་མངོན་བྱང་ལྔས་དང་པོའི་མགོན་པོར་བསྐྱེད་པ་སྤྲུལ་སྐུར་བསྒྱུར་ལ་ར་རོ་། །སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ་ཞེས་ཏེ་རྡོ་རྗེ་འཆང་ཆེན་པོའི་སྐུའི་དཀྱིལ་འཁོར་བསམ་པར་བྱའོ། །ནམ་མཁའི་རྡོ་རྗེ་རབ་བསྒོམས་ལ་ཞེས་བྱ་བ་ནི། རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་ཡང་སྣའི་དབང་པོ་ལ་ནམ་མཁའི་རྡོ་རྗེ་སྟེ། འོད་གསལ་བ་བསྒོམ་པའོ། །རིན་ཆེན་ནི་ནམ་མཁའི་སྙིང་པོ་སྟེ་དེ་སྐྱེད་པའི་ཡི་གེ་ༀ་རིན་པོ་ཆེ་རྣམ་པར་བསྒོམ་པར་བྱའོ། །རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། ཞེས་བྱ་བ་ལ། རྡོ་རྗེ་གསུམ་ནི་དྲི་ཡིད་དུ་འོང་མི་འོང་བར་མ་རྣམ་པ་གསུམ་སྟེ། དྲི་གསུམ་པོ་དེ་དང་མཉམ་པར་གྱུར་པར་མཛད་པའི་ཕྱིར་རྡོ་རྗེ་དམ་ཚིག་གསུམ་སྟེ། ནམ་མཁའི་སྙིང་པོའོ། །དེ་བསྒོམས་པས་ཞེས་པ་ནི། ༀ་ཡིག་དེ་ནམ་སྙིང་དེའི་ངོ་བོ་ཉིད་དུ་དམིགས་པས་རྡོ་རྗེ་གསུམ་འགྱུར་རྙིང་ལས། རྡོ་རྗེ་གསུམ་དཔག་མེད་འདྲར་འགྱུར། ཞེས་པ་ལ། པ་ཚབ་ཀྱིས། རྡོ་རྗེ་གསུམ་གྱི་ཏོག་


JLD004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འདྲར་འགྱུར། ཞེས་བསྒྱུར་རོ། །ཞེས་པ་རྡོ་རྗེ་འཆང་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་དྲི་ལ་སྤྱོད་པས་དེ་དང་འདྲ་བར་འགྱུར་བའོ། །ཞེས་དཀོན་མཆོག་དཔལ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྒོམ་པར་བྱེད་པ་ནི་ཐ་མལ་པ་མ་ཡིན་པའི་ལུས་དང་ངག་དང་སེམས་ཀྱིས་རྡོ་རྗེ་ཡིས་སོ། །དཀོན་མཆོག་དཔལ་གྱི་འོད་དང་འདྲ་ཞེས་བྱ་བ་ནི། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་དེ་དཀོན་མཆོག་དཔལ་དང་རྫུ་འཕྲུལ་འདྲ་བར་འགྱུར་བའོ། །སུ་ཞིག་དེར་འགྱུར་ཞེ་ན་བདག་མེད་བྱང་ཆུབ་ནི་འོད་གསལ་བའོ། །དེར་ཡེ་ཤེས་ནི་སྟོང་པ་ཉིད་བཞིའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཉིད་ནི་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པས་ན་གསང་བའོ། །དེ་དང་མཉམ་པའི་གནས་སུ་གྱུར་པའི་སྐུ་གང་ཡིན་པ་དེ་ནི་བདག་མེད་པའི་བྱང་ཆུབ་ཡེ་ཤེས་གསང་བ་འདྲ་བའི་གནས་ཏེ་སྒྲུབ་པ་པོའོ། །རིན་པོ་ཆེའི་དམ་ཚིག་དྲི་རྣམ་པ་གསུམ་གང་གིས་ལོངས་སྤྱོད་ཅིང་རྗེས་སུ་མྱོང་བ་དེ་ནི་རིན་པོ་ཆེའི་དམ་ཚིག་ལོངས་སྤྱོད་པ་རྡོ་རྗེ་སྟེ་ནམ་མཁའི་སྙིང་པོ་ཡིན་ལ་དེ་སྐྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། ༈ །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པས་ལྕེའི་མངོན་ཤེས་སྒྲུབ་པ་སྟོན་པ་ལ། སྔ་མ་ནམ་སྙིང་གི་སྐབས་སུ་བཤད་པ་བཞིན་དུ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་གཟུགས་བསྐྱེད་ལ་


JLD004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དེའི་ལྕེའི་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་ཅེས་པ་ཡང་དག་པའི་མཐའ་སྟེ། སྟོང་པ་ཉིད་དེ་བསྒོམས་ལ། ཆོས་ནི་འཇིག་རྟེན་གྱི་དབང་ཕྱུག་སྟེ། དེ་སྐྱེད་པར་བྱེད་པའི་ཡི་གེ་ༀ་ནི་ཆོས་ཀྱི་ༀ་སྟེ། འཇིག་རྟེན་དབང་ཕྱུག་གི་ངོ་བོར་ཡི་གེ་དེ་བསྒོམ་པར་བྱའོ། །རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ནི་རོ་རྣམ་པ་གསུམ་མོ། །དེ་དང་མཉམ་པར་གྱུར་པ་ཉིད་ནི་རྡོ་རྗེ་དམ་ཚིག་གསུམ་སྟེ་འཇིག་རྟེན་དབང་ཕྱུག་གོ །དེ་བསྒོམས་པས་ཞེས་པ་ནི་ལྕེ་ལ་ༀ་བསྒོམས་པ་དེའི་སྒོ་ནས་རོ་རྣམ་པ་གསུམ་རྗེས་སུ་མྱོང་བར་གྱུར་པས་སོ། །རྡོ་རྗེ་གསུམ་དཔག་མེད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་རོ་རྗེས་སུ་མྱོང་པས་དེ་དང་འདྲ་བར་འགྱུར་པའོ། །གང་འདི་ལྟར་དམིགས་པར་བྱེད་པ་དེ་ནི་ལུས་ལ་སོགས་པའི་གཟི་བརྗིད་འོད་དཔག་ཏུ་མེད་པ་དང་འདྲ་བར་འགྱུར་བའོ། །དབང་པོ་དམན་པ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ། ཐེག་པ་ཆེན་པོའི་ལམ་སྟེ་སངས་རྒྱས་ཉིད་དུ་འགྱུར་བའི་ལམ་དེའི་དོན་གྱི་ཐབས་ཡོད་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་ལམ་སྟེ། དེ་སྐྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འོད་དཔག་ཏུ་མེད་པ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་ཁམས་གསུམ་ན་གནས་པའི་རོ་ཐམས་ཅད་ལྕེའི་དབང་པོ་ན་


JLD004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་རོ་གཅིག་དང་འདྲ་བར་སྦྱོར་པ་ནི་འོད་དེ། དེས་མཛེས་པར་གྱུར་པའི་དཔལ་གང་ཡིན་པ་དེ་ནི་ཡོན་ཏན་དཔག་ཏུ་མེད་པའི་འོད་དཔལ་ཏེ་འཇིག་རྟེན་དབང་ཕྱུག་ཡིན་ལ། དེ་སྟོན་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། ༈ །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པས་ལུས་ཀྱི་མངོན་ཤེས་སྒྲུབ་པ་སྟོན་པ་ལ། སྔ་མ་བཞིན་དུ་དང་པོའི་རྣལ་འབྱོར་ཏེ་སྦྱོར་བ་བྱས་ཏེ། དམ་ཚིག་ༀ་རབ་ཏུ་བསྒོམས་ལ། རྡོ་རྗེ་ཨུཏྤ་ལ་ཁ་ཟུམ་པའི་རྣམ་པ་ཅན་བསྒོམ་པར་བྱའོ། ཞེས་བྱ་བ་ནི་ཀླུ་སྒྲུབ་ཀྱི་མན་ངག་གོ །དམ་ཚིག་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ་དེ་སྐྱེད་པར་བྱེད་པའི་ཡི་གེ་ༀ་ཡང་དམ་ཚིག་ༀ་ཡིན་ཏེ། འདིས་རེག་:པ་ཚབ:རེག་པའི་དབང་པོ་ཞེས་ཟེར། བྱ་ལ་རེག་པས་ལུས་ཀྱི་འི་དབང་པོའི་གནས་སུ་འོད་གསལ་བས་སྦྱང་བ་སྔོན་དུ་འགྲོ་བས། དེས་ཁན་སྒྲིབ་སེལ་དེའི་དམ་ཚིག་ཡི་གེ་ༀ་རབ་ཏུ་བསྒོམ་མོ་ས་ལ་། ཀདང་པོར་རྡོ་རྗེ་ཉིད་ཨུཏྤ་ལ་སྟེ། ཁ་ཟུམ་པའི་རྣམ་པས་ན་རྡོ་རྗེ་ཨུཏྤལ་ཞེས་བྱ་སྟེ་དེ་བསྒོམ་པར་བྱའོ། །ག རྡོ་རྗེ་གསུམ་ནི་རེག་བྱ་རྣམ་པ་མངོན་ཤེས་བསྒྲུབ་པ་ལ་རྣམ་གནས་དགོས་པ་ལ། འདིར་དབང་བོ་རྣམས་ཀྱི་གནས་སུ་ས་བོན་ལྔ་དང་སྐུ་ལྔ་བཀོད་ནས་དབང་པོའི་ངོ་བོར་སྒོམ་པ་ལས་གཞན་པའི་སྒྲུབ་ཚུལ་མ་བཤད་པ་ཇི་ལྟར་ཡིན་སྙམ་ན། འདིར་ས་སྙིང་དང་ཕྱག་རྡོར་གྱི་སྐབས་གཉིས་དང༌། རིགས་བཞིའི་སྐབས་སུ་རྣམ་གནས་མ་གསུངས་ཀྱང༌། རྣམ་སྣང་དང་ནམ་སྙིང་དང་འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་སེལ་གྱི་སྐབས་སུ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། ཞེས་གསུངས་པའི་དོན་རྡོ་རྗེ་གསུམ་ནི། དྲི་རོ་རེག་བྱ་ཡིད་དུ་


JLD004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འོང་མི་འདུ་བར་མ་གསུམ་དང༌། དམ་ཚིག་ནི་ས་མ་ཡ་ལ་ས་མ་ཏ་མཉམ་པ་ཉིད་ཀྱི་དོན། ཡུལ་གསུམ་ལ་མཉམ་པར་ཞུགས་པའི་ནམ་སྙིང་སོགས་གསུམ་སྒོམ་པ་ལ་བཤད་པའི་དོན་ནི། ནམ་སྙིང་སོགས་གསུམ་གྱི་ངོ་བོ་སྣའི་དབང་པོ་སོགས་གསུམ་དང༌། ཡུལ་དེ་ཐམས་ཅད་མཉམ་པོར་ཞུགས་པར་གསལ་བར་སྒོམ་པས་བསྟན་ལ། ལྷག་མ་མི་གསལ་བ་རྣམས་ལ་ཡང་དེ་ལྟར་དུ་ཤེས་པར་བྱའོ། །གསུམ་སྟེ་དེ་དང་མཉམ་པར་གྱུར་པས་ན་རྡོ་རྗེ་དམ་ཚིག་གསུམ་སྟེ། ༀ་ཡིག་དེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེའི་ངོ་བོར་བསྒོམས་པས་སོ། །རྡོ་རྗེ་གསུམ་ནི་གདོན་མི་ཟ་བར་གྲུབ་པ་རྡོ་རྗེ་འཆང་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་རེག་བྱ་དཔག་ཏུ་མེད་པ་རྣམས་ཕྱག་རྒྱ་གཅིག་གི་པདྨོར་གཏོགས་པའི་རེག་བྱ་མྱོང་བ་རྡོ་རྗེ་རྡོ་རྗེ་ཞེས་པ། པ་ཚབ་ཀྱི་འགྱུར་ལ་མེད་དོ། །དང་འདྲ་བར་རེག་བྱ་གཞན་རྗེས་སུ་མྱོང་བས་རྡོ་རྗེ་འཆང་དེ་དང་འདྲ་བར་འགྱུར་བའོ། །འདིའི་ཕན་ཡོན་བསྟན་པ་ནི་ལུས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དེ་ལྟར་སྒོམ་པ་དེ་ལུས་ལ་སོགས་པ་རྡོ་རྗེ་ཐོགས་མེད་དེ་དོན་ཡོད་པར་གྲུབ་པ་དེ་དང་འདྲ་བར་འགྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ནི་མཆོག་ཏུ་དགའ་བའི་བདེ་བ་སྟེ་དེ་འདི་ལ་ཡོད་པས་ན་དཔལ་ལྡན་ལུས་ཀྱི་མངོན་ཤེས་སྒྲུབ་པ་དེས་ཕྱག་རྒྱ་གཅིག་དང་སྙོམས་པར་ཞུགས་པ་ན་ཕྱག་རྒྱ་གཞན་དཔག་ཏུ་མེད་པའི་པདྨའི་རེག་བྱ་ཡང་རྗེས་སུ་མྱོང་བས་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཞུ་བ་དང༌། དེས་དྲངས་པའི་བདེ་བ་ཡང་


JLD004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་མྱོང་བར་འགྱུར་རོ། །ནོ། །ཡེ་ཤེས་ནི་སྒྲིབ་བ་ཐམས་ཅད་རྣམ་པར་སེལ་བའོ། །དེའི་རྒྱ་མཚོ་ནི་གནས་ཏེ་དོན་ཡོད་པར་གྲུབ་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་ནི་སེམས་ཅན་ཀུན་དོན་ཏེ། སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་སྐྱེད་པའི་མཚན་ཉིད་ཅན་ནོ། །གང་ལས་དེ་འབྱུང་བར་འགྱུར་བ་ནི་སེམས་ཅན་ཀུན་དོན་འབྱུང་བར་འགྱུར་རོ། ཞེས་བཅོམ་ལྡན་འདས་རྡོ་རྗེ་གདོན་མི་ཟ་བ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །དེ་ལས་འབྱུང་བ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གང་ཡིན་པ་སྟེ། དེའི་འོད་ཟེར་ནི་བདེ་བ་བསྐྱེད་པ་ལ་འོད་ཟེར་དེ་དང་འདྲ་བར་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྟེ། དེ་རྣམས་གང་དུ་འབྱུང་བའི་ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །དེ་ལྟར་ས་སྙིང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བོན་ལྔ་མིག་ལ་སོགས་པ་ལྔར་དགོད་པ་ལ་བརྟེན་ནས་མངོན་ཤེས་སྒྲུབ་པ་བསྟན་ནས། དེ་བཞིན་གཤེགས་པའི་སྐུ་དགོད་པས་ཀྱང་མངོན་ཤེས་བསྐྱེད་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ་དོ། །དེའི་དབུས་སུ་ཆུད་པས་ན་ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྟེ། དེའི་ངང་ནས་མངོན་བྱང་ལྔ་ལས་བསྐྱེད་པའི་རིམ་གྱིས་ལྷའི་སྐུར་རྫོགས་པའི་སངས་


JLD004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་དཀྱིལ་འཁོར་འོད་བཟང་པོ་སྟེ་རྡོ་རྗེ་འཆང་ཆེན་པོའི་སྐུར་བསམ་ཞིང་བདག་ཉིད་བསྒོམ་པར་བྱས་པའི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བྱེད་པ་ནི་དེ་བཞིན་གཤེགས་པ་གཞན་དགོད་པ་ལ་ཡང་འདྲའོ་ལ། ལས་རྒྱལ་མཆོག་ནི་རྡོ་རྗེ་འཆང་དེའི་མིག་གི་གནས་སུ་རྡོ་རྗེ་རྣམ་པར་སྣང་མཛད་རབ་ཏུ་བསྒོམས་ལ། སྐུ་གསུམ་ༀ་ནི་རབ་ཏུ་བསྒོམ་ཞེས་བྱ་བ་ལ། སྐུ་གསུམ་ༀ་ནི་རྡོ་རྗེ་རྣམ་པར་སྣང་མཛད་དོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི་རིམ་པ་བཞིན་དུ་བསྒོམ་ཞེས་བྱ་བར་སྦྱར་ཏེ་སྔོན་ལ་ༀ་དང་དེའི་རྗེས་སུ་རྣམ་སྣང་སྒོམ་པའོ། །རྣམ་སྣང་སྐུ་གཙོ་བོ་ཡིན་ཀྱང་གསུང་དང་ཐུགས་ཀྱང་ཕལ་པར་ལྡན་པས་སྐུ་གསུམ་ཞེས་པ་ནི་རྡོ་རྗེ་གསུམ་གྱི་ངོ་བོའི་རྣམ་པར་སྣང་མཛད་ཡིན་ཏེ། དེ་སྐྱེད་པའི་ཡི་གེ་ༀ་ནི་སྐུ་གསུམ་ༀ་སྟེ་དེ་མིག་གི་སྦུབས་སུ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དུ་སྐྱེད་པ་ཉིད་མིག་གི་དབང་པོའི་རང་བཞིན་དུ་བསྒོམ་མོ། །རྡོ་རྗེ་གསུམ་ནི་གཟུགས་རྣམ་པར་གསུམ་སྟེ། རྣམ་སྣང་མིག་གི་དབང་པོའི་ངོ་བོ་ཉིད་དུ་བསྒོམས་པ་ཉིད་ཀྱིས་དམ་ཚིག་གི་དོན་ཡུལ་གསུམ་དང་མཉམ་པར་དམིགས་པས་ན་རྡོ་རྗེ་དམ་ཚིག་གསུམ་ནི་རྣམ་པར་སྣང་མཛད་དོ། །དེ་མིག་ཏུ་བསྒོམས་ཤིང་རྣམ་པར་བསམས་པས་རྣམ་པར་སྣང་མཛད་དེ་རྡོ་རྗེ་འཆང་ཆེན་པོ་དང་སྔ་མ་བཞིན་དུ་དེ་མཉམ་པར་འགྱུར་རོ། །དེའི་ཕན་ཡོན་བསྟན་པ་ནི། ལུས་དང་


JLD004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་བསྒོམ་པའི་སྒྲུབ་པ་པོ་གང་ཡིན་པ་ལུས་ལ་སོགས་པའི་རྡོ་རྗེས་རྣམ་པར་སྣང་མཛད་དང་འདྲ་བའི་འོད་དེ་རྣམ་པར་སྣང་མཛད་དང་གཟི་བརྗིད་འདྲ་ཞིང་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། ཡེ་ཤེས་ཀྱི་ལུས་ཀྱིས་མངོན་པར་བྱང་ཆུབ་ཅིང་རྟོགས་པར་འགྱུར་བའི་ཕྱིར་ན་ཡེ་ཤེས་བྱང་ཆུབ་པའོ། །སྐུ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ༌། །དེ་སྒྲུབ་པར་བྱེད་པས་ན་སྐུ་གསུམ་མི་ཕྱེད་སྒྲུབ་བྱེད་འགྱུར་ཞེས་བྱའོ། ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལུས་དང་ངག་དང་སེམས་ཉིད་དུ་:པ་ཚབ:ཀྱིས་དམིགས་ཤིང་གཟུང་བས་ན་ལུས་དང་ངག་དང་ཡིད་དམིགས་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེའི་མིག་གི་དབང་པོའི་གནས་ན་གནས་ནས་གཟུགས་རྣམ་པ་གསུམ་ཤེས་ཤིང་མངོན་པར་རྟོགས་པས་ན་མངོན་པར་བྱང་ཆུབ་པའོ། །དེ་ཉིད་མི་ཤིགས་པར་ཏེ་མི་ཟློག་པར་འབྱུང་བས་ན་རྡོ་རྗེ་སྟེ་དེ་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་དེ་སྟོན་པར་བྱེད་པ་ལ་ནི་ལུས་དང་ངག་དང་ཡིད་དམིགས་པ་མངོན་པར་བྱང་ཆུབ་པའི་རྡོ་རྗེའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །རྣམ་པར་དབེན་པའི་ཞེས་བྱ་བ་ལ་སོགས་པས་ནི་མངོན་ཤེས་ལ་སོགས་པ་སྒྲུབ་པའི་སྒྲུབ་པ་པོའི་གནས་གསུངས་པ་ཡིན་ཏེ། སྐྱེ་བོ་འདུས་པའི་འདུ་འཛི་རྣམ་པར་སྤངས་པས་རྣམ་པར་དབེན་པའི་རིའི་རྩེ་མོ་མེ་ཏོག་དང་


JLD004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལ་སོགས་པས་བརྒྱན་པ་དང༌། ཀླུང་སྟེ་ཆུ་བོ་འབབ་པ་སྐྱེད་མོས་ཚལ་ལ་སོགས་པ་དང་ཉེ་བའི་ཕྱོགས་རྣམས་དང༌། དུར་ཁྲོད་ལ་སོགས་ཞེས་བྱ་བ་ལ། ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཤིང་གཅིག་པ་ནི་ཤིང་དེའི་གྲིབ་མས་ཤིང་གཞན་མི་ནོན། ཤིང་གཞན་གྱི་གྲིབ་མས་ཤིང་དེ་མི་ནོན་པའམ། ཡང་ན་རྒྱང་གྲགས་གཅིག་གི་ཁོར་ཡུག་ཏུ་ཤིང་གཞན་མེད་པའོ། །དང༌། ཁང་སྟོང་དང༌། ལྷའི་ཁང་པ་ལ་སོགས་པ་ཡིད་དང་མཐུན་པའི་གནས་གཞན་དག་ཏུ་ཡང་བསམ་གཏན་བསྡུས་པ་སྟེ། སའི་སྙིང་པོ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས་སུ་བྱ་བ་བཤད་མ་ཐག་པ་དེ་དག་བསྒོམ་པར་བྱའོ་ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ། ༈ །རི་བོ་རྣམ་པར་དབེན་པ་སྟེ། སྐྱེས་པ་གཞན་བསྟེན་པ་ལས་དབེན་པ་དང། ནུ་མ་དང་རྐེད་པ་རྒྱས་པ་ལ་སོགས་པ་དང་ལྡན་པའི་བུད་མེད་ཀྱི་རི་བོ་དང༌། ཁསྤྲུལ་འཚོང་སྟེ་སྨད་འཚོང་མ་ལ་སོགས་པའིཀ་འགོ་བ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་གབུད་མེད་ཀྱི་འགྲོ་བ་ནི་འི་ཀླུང་དང༌། འབབ་ཆུ་རྣམས་དང༌། འདྲ་བར་ཐུན་མོང་པའོ། །དུར་ཁྲོད་ཅེས་བྱ་བ་དུར་ཁྲོད་དང་འདྲ་བར་འཇིག་རྟེན་པ་རྣམས་ཀྱིས་སྨད་པ་གདོལ་བ་དང་ཁྲུས་མཁན་མོ་ལ་སོགས་པའི་བུད་མེད་ཀྱི་འགྲོ་བ་རྣམས་དང༌། ལྷན་ཅིག་ཏུ་བསམ་གཏན་བསྡུས་པ་སྔར་བཤད་པ་འདི་དག་བསྒོམ་པར་བྱའོ་ཞེས་བྱ་བ་ནི། ངེས་པའི་དོན་ཏོ། །འདིས་


JLD004_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལས་རྒྱ་ལ་བརྟེན་ནས་བསྒྲུབ་པར་བསྟན་ཏེ། དངོས་གྲུབ་སྒྲུབ་པ་ཕལ་ཆེ་བ་ལ་དེ་དགོས་སོ། ༈ །དེ་ལྟར་གནས་ཕུན་སུམ་ཚོགས་པ་བསྟན་ཅིང་རྣམ་པར་སྣང་མཛད་དགོད་བས་ལྷའི་མིག་བསྒྲུབ་བ་བྱས་ནས། རྣམ་སྣང་ལ་བཤད་པ་དེ་བཞིན་དུ་བདག་པོ་མི་བསྐྱོད་པ་ལ་སོགས་པ་དགོད་པས། ལྷའི་རྣ་བ་ལ་སོགས་པ་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར། མི་བསྐྱོད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པའི་ཡེ་ཤེས་སྐྱེད་པའི་ས་བོན་ཡི་གེ་ༀ་དེ་ཡོངས་སུ་གྱུར་པ་ལས་བྱུང་བ་ནི་རྡོ་རྗེ་མི་བསྐྱོད་པ་སྟེ། མི་བསྐྱོད་ཡེ་ཤེས་དག་ལ་སོགས། ཞེས་པ་ནི། མི་བསྐྱོད་པ་དང་སོགས་ཀྱི་བསྡུས་པ་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་པར་གྲུབ་པ་སྟེ། བཞི་པོ་དེ་རྣམས་སྔ་མ་རྣམ་སྣང་ལ་བཤད་པ་བཞིན་དུ་དབང་པོ་སོ་སོའི་གནས་སུ་རང་རང་གི་ས་བོན་ལས་རང་རང་གི་སྐུར་བསྐྱེད་ནས་རྣ་བའི་སྐྱེ་མཆེད་ལ་སོགས་པ་ལ། དགོད་དོ། དེ་ཡང་དབང་པོ་རྟེན་བཅས་རྣམས་འོད་གསལ་བ་ལ་དམིགས་པས་སྟོང་པར་སྦྱང་བ་སྔོན་དུ་འགྲོ་བས་བསྒོམས་ལ། མངོན་པར་ཤེས་པ་ལྔ་པོའི་སྦྱོར་བ་ཡིས། ཞེས་པ་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བས་སའི་སྙིང་པོ་ལ་སོགས་པའི་གནས་སུ་སྟེ་མིག་ལ་སོགས་བའི་གནས་སུ་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱི་སྐུ་སྒོམ་པ་དང་ཡུལ་ལྔ་པོ་ལྐོག་ཏུ་གྱུར་པ་ཐམས་ཅད་དབང་པོ་སོ་སོའི་ཡུལ་དུ་གསལ་བར་བྱུང་བར་བསྒོམ་པ་སྔར་བཤད་པ་བཞིན་བྱའོ། །

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


JLD004_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཆང་ཆེན་པོ་ནི་སྒྲུབ་པ་པོའོ། །དེ་རྣམས་ཀྱི་དམ་ཚིག་ཆེན་པོའི་རྡོ་རྗེ་ནི་མི་ཕྱེད་པའི་དམ་ཚིག་གོ །དེ་སྟོན་པར་མཁྱེན་པས་ན་དམ་ཚིག་ཆེན་པོའི་རྡོ་རྗེ་མངོན་པར་མཁྱེན་པ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། ཞེས་པ་སྟེ་སྒྲ་ཇི་བཞིན་པའོ། ༈ །བསྐྱེད་པའི་རིམ་པས་ས་བོན་རྣམ་པར་དགོད་པ་སྔོན་དུ་འགྲོ་བས། མངོན་པར་ཤེས་པ་ལྔ་བསྒྲུབ་པ་ཉེ་བར་བསྟན་ནས། རྫོགས་པའི་རིམ་པའི་མངོན་ཤེས་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་ལྔ་པ་ནི་དབང་པོ་རྣམ་པ་ལྔ་སྟེ། རྩེ་ལྔ་པའི་མདུང་ལྟར་ཡུལ་རྣམས་ལ་འབིགས་པའི་ཕྱིར་རོ། །དབང་པོ་ཡུལ་ལ་འཇུག་པ་དེ་ཉིད་ནི་རྡོ་རྗེ་ཆེན་པོ་སྟེ་མི་ཤིགས་པ་སྟེ་མི་བཟློག་པར་འབྱུང་བའི་ཕྱིར་རོ། །འབར་བ་ལྔ་ནི་རྣམ་པར་ལྡང་བ་སྟེ་རྒྱུ་བ་ལ་སོགས་པ་འོད་ཟེར་རྣམ་པ་ལྔ་སྟེ་དབང་པོའི་སྒོ་ནས་རྒྱུ་བའི་ཡན་ལག་གི་རླུང་ལྔའོ། །ལྔ་པོ་དེ་རྣམས་ཀྱིས་བརྒྱན་ཞིང་སྟེ་སྤུད་པ་ནི་རླུང་དེ་རྣམས་ཕྱིར་སྤྲོ་བ་དང་ནང་དུ་བསྡུ་བས་རང་ལ་ཞོན་པའི་རྣམ་ཤེས་ཡུལ་ལ་ཕར་འཇུག་པ་དང༌། ནང་དུ་ལྡོག་པ་སྐྱེད་པའོ། །གནས་ལྔ་ནི་གཟུགས་དང་སྒྲ་ལ་སོགས་པཡུལ་ལྔའོ། །ཡུལ་ལྔ་པོ་དེ་རུ་རབ་ཏུ་སྦྱོར་ཞིང་ཏེ་རབ་ཏུ་འབྱུང་བ་དང་། དེ་ནས་ལྡོག་པ་ལ་རྡོ་རྗེ་བཟླས་པ་བྱས་པས་རྡོ་རྗེ་མངོན་ཤེས་ཞེས་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། དེའི་མངོན་ཤེས་


JLD004_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བར་འགྱུར་བའོ། །མེ་སྟག་མང་པོ་འཁྲུག་པ་ཡི་ཞེས་པ་ནི་ཡན་ལག་གི་རླུང་ལྔ་རེ་རེ་ཡང་འོད་ཟེར་ལྔ་ལྔ་འཕྲོ་བ་ཡི་བདག་ཉིད་ཅན་ནོ། །ཡན་ལག་གི་རླུང་ལྔ་རང་གི་ཁ་དོག་ནི། རྒྱུ་བའི་རླུང་དམར། རྣམ་པར་རྒྱུ་བ་སྔོ། ཡང་དག་པར་རྒྱུ་བ་སེར། རབ་ཏུ་རྒྱུ་བ་དཀར། ངེས་པར་རྒྱུ་བ་ལྗང་ཞེས་རྗེ་རིན་པོ་ཆེ་འགོས་གསུང་ངོ༌། །རང་སྔགས་ནི་རང་གིས་ངང་གིས་སྔགས་ཟློ་བ་ནང་དུ་འཇུག་པ་དང་ལ་སོགས་པས་ནང་དུ་གནས་པ་དང་། ཕྱིར་ལྡང་བའི་རང་བཞིན་ཅན་གྱི་གདངས་ཡི་གེ་གསུམ་གྱི་གདངས་སུ་བཟློ་བའོ་མོ་། །དེ་རྒྱུན་མི་འཆད་པར་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་ཉིན་དང་མཚན་དུ་རབ་ཏུ་བསྐོར་བས་ན་འཁོར་ལོཏེ། དེ་བསྒོམས་པར་བྱའོ། །རྡོ་རྗེ་ལྔ་ནི་ཡན་ལག་གི་རླུང་གི་ཁ་དོག་ལྔ་སྟེ། རླུང་དེ་རྣམས་ཀྱི་སྦྱོར་བསྟེ་སྟོབས་ཀྱིས་དྲངས་པའི་རྡོར་བཟླས་བྱས་པས་རྡོ་རྗེ་མངོན་ཤེས་དང་འདྲ་བར་འགྱུར་རོ། ༈ །དེ་འདྲ་བའི་རྡོར་བཟླས་དེ་རྟེན་ཇི་ལྟ་བུ་ཞིག་གིས་བྱེད་པའི་རྟེན་སྟོན་པ་ནི་རྡོ་རྗེ་ནམ་མཁའ་ནི་འོད་གསལ་ལས་བཞེངས་པའི་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཡེ་ཤེས་སྐུའོ་སོ་། །སྐུ་དེའི་དཀྱིལ་དུ་ཆུད་པ་ནི་དེར་གནས་པའི་སྟེ། ༢ འཁོར་ལོ་སྟེ། དེ་ནི་དེའི་མིག་ལ་སོགས་པའི་དབང་པོའི་ཙཀྲ་ཞེས་པ་ཚོགས་ལའང་འཇུག་གོ །ཚོགས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུའི་ཁ་དོག་གིས་ཉེ་བར་མཚོན་པའི་འབར་བའི་འོད་ནི་དཀར་པོ་ལ་སོགས་པའི་འོད་ཟེར་ཏེ། འོད་ལྔ་པོ་དེ་རྣམས་དང་། འདྲ་ཞིང་བ་ནི་དེ་དང་མཉམ་


JLD004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་དོག་ཅན་གྱི་རླུང་མིག་ལ་སོགས་པའི་སྒོ་ནས་རྒྱུ་བ་བསམ་ཞིང་ཤེས་པར་བྱས་ནས་བའོ་། །སངས་རྒྱས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཡུལ་དེ་རྣམས་ལ་རླུང་ལྔ་འཇུག་པར་སྒོམ་པ་ནི་རླུང་སྔགས་མཉམ་པར་སྦྱོར་བས་བྱའོ་སོ་། །དེ་རྣམས་ཀྱི་དོན་ནི། ཟུང་འཇུག་ཤིན་ཏུ་ཕྲ་བའི་ལོངས་སྐུས་རགས་པའི་སྤྲུལ་སྐུའི་ལུས་བཟུང་ནས། དབང་པོ་ལྔའི་སྒོ་ནས་འཇུག་པའི་རླུང་ལྔ་ཕྱིར་འཕྲོ་བ་ན། ཡུལ་ལྔ་ཐམས་ཅད་གསལ་བར་བྱས་པར་བསམས་ནས། རླུང་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱས་པས་མངོན་ཤེས་ལྔ་འགྲུབ་པར་བསྟན་ན། །འདི་ལ་བླ་མ་གོང་མ་རྣམས་ཟུང་འཇུག་པའི་དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་གཉིས་བྱས་པའི་རྗེས་ལས་རྒྱལ་མཆོག་གི་ཆེ་འདི་བྱ་བར་བཞེད་དོ། །སངས་རྒྱས་ནི་འདིར་མི་སློབ་པའི་ཟུང་འཇུག་གི་ཕུང་པོ་ལྔའོ། །ཕུང་པོ་ལྔ་པོ་དེ་རྣམས་ཀྱི་གནས་ནི་མི་སློབ་པའི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་འདྲ་བར་འགྱུར་བ་ནི་ཕན་ཡོན་སྟོན་པའོ། །རྫོགས་རིམ་པས་སྣ་ལྕེ་ལུས་གསུམ་ལ་མངོན་ཤེས་སྒྲུབ་པ་ནི། རླུང་གི་སྟོབས་ཀྱིས་སྒྲུབ་པ་ཡིན་ཏེ། སྔོན་དུ་རླུང་ལ་དབང་ཐོབ་པས། སྣ་ལྕེ་ལུས་གསུམ་གྱི་རྣམ་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་གསུམ། དབང་པོ་དེ་གསུམ་དང་ཡུལ་གཉིས་ཀྱི་བར་དུ་ཆད་པའི་ཕྱི་རོལ་གྱི་ཡུལ་རྣམས་ལའང་ཞུགས་པར་བསྒོམས་པ་ན། རླུང་གི་མཐུས་དྲངས་ཏེ་རྣམ་ཤེས་ཡུལ་དེ་རྣམས་ལ་འཇུག་པར་ནུས་པའི་ཐབས་མཁས་ཆེན་པོས་སྒྲུབ་པ་ཡིན་པས། མངོན་པ་བ་སོགས་དང་མེ་འདྲ་བའི་རྒྱུ་མཚན་དེ་ལྟར་རོ། །


JLD004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གཞན་དག་སྟེ། འོད་གསལ་དུ་འཇུག་པའི་ཐབས་ཉེ་བར་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་ངྷའི་དོན་ནི་རྟོགས་པའི་ཕྱིར་ན་སངས་རྒྱས་ཏེ་དེ་ལ་ཡང་གཉིས་ལས། འདིས་རྟོགས་པ་མིན་གྱི་འདི་རྟོགས་པའོ། །གང་ཞིག་རྟོགས་ཞེ་ན། ཤེས་བྱའི་དཀྱིལ་འཁོར་རོ། །བདག་གི་ལུས་ནི་ཁམས་གསུམ་པའི་ལུས་སུ་ལྷག་པར་མོས་པའོ། །སྣང་མཛད་བཞག་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དུ་བརྟག་པའོ། །སྙིང་གར་ཡི་གེ་ༀ་བསམས་ལ། ཞེས་བྱ་བ་ནི། ཁམས་གསུམ་པའི་ལུས་ཀྱི་ངོ་བོ་ཉིད་དུ་བསམས་པའི་ཀྱི་སྐུ་རྡོ་རྗེའི་ཐུགས་ཀར་ཡི་གེ་ༀ་ཞེས་བྱ་བ་ཡེ་ཤེས་སེམས་དཔའ་བསམས་ལ་སྔགས་ལ་ཞེས་བྱ་བ། ཡེ་ཤེས་སེམས་དཔའ་ལ་རྣམ་པར་ཤེས་པ་བསྒོམ་པ་ནི་ཐིག་ལེའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་གྱི་སེམས་དཔའ་བསྒོམ་པར་བྱའོ། །དེ་ལྟར་སློབ་པར་བྱེད་པའི་རྣལ་འབྱོར་བས་སེམས་འགོག་པའི་རྡོ་རྗེའི་དབུས་སུ་ཆུད་པས་ཐིག་ལེར་སྒོམ་པ་ཡང་སྤངས་ནས། གང་གི་ཚེ་འོད་གསལ་པའི་མཐར་ཐུག་པར་གྱུར་པ་དེའི་ཚེ། རྣལ་འབྱོར་པ་དེ་སངས་རྒྱས་ཀུན་གྱི་མཆོག་རྡོ་རྗེ་འཛིན་པ་ཆེན་པོ་དེ་སྒྲུབ་པར་བྱེད་པས་ན་སངས་རྒྱས་ཐམས་ཅད་ཀྱི་མཆོག་སྒྲུབ་པར་འགྱུར་ཞིང༌། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་འདྲ་ལ། ཚོགས་གཉིས་དང་


JLD004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ལྡནཔས་དཔལ་ལྡན་ཏེ་དེ་ལྟ་བུར་འགྱུར་པའོ། །དེ་བཞིན་དུ་རང་གི་སེམས་ཁམས་གསུམ་པའི་སེམས་ཀྱི་ངོ་བོ་ཉིད་མི་བསྐྱོད་པར་བསྒོམ་པར་བྱའོ། །དེ་ནས་ཁམས་གསུམ་པའི་སེམས་ཀྱི་ངོ་བོ་ཉིད་དུ་བསམས་པའི་དམ་ཚིག་སེམས་དཔའི་སྙིང་གར་ཡི་གེ་ཧཱུཾ་ཡེ་ཤེས་སེམས་དཔའ་བསྒོམས་ནས། སེམས་ནི་ཐིག་ལེར་གྱུར་པར་བཞག་ཅེས་བྱ་བ། དམ་ཚིག་སེམས་དཔའི་སྙིང་གར་གནས་པའི་ཡེ་ཤེས་སེམས་དཔའ་ཞེས་གྲགས་པ་ལ། རང་གི་སེམས་ཐིག་ལེར་གྱུར་པ་ཏིང་ངེ་འཛིན་གྱི་སེམས་དཔའི་གཟུགས་ཅན་བཞག་གོ །རང་གི་གསུང་རྡོ་རྗེ་ཡང་སྔ་མ་བཞིན་དུ་ཁམས་གསུམ་པའི་རང་གི་ངོ་བོ་ཉིད་དུ་བསམས་ལ། དེ་ཚེ་དཔག་ཏུ་མེད་པར་རབ་ཏུ་བསྒོམས་ནས། དམ་ཚིག་སེམས་དཔའི་སྙིང་གར་ཡི་གེ་ཨཱཿ ཡེ་ཤེས་སེམས་དཔའ་བསམས་ཏེ། རྡོ་རྗེ་ཞེས་པ་རང་གི་སེམས་ཏིང་ངེ་འཛིན་སེམས་དཔར་གཏོགས་པ་གཞག་ཅིང་དགོད་པར་བྱའོ། །དེ་རྣམས་ཀྱི་དོན་བསྡུ་ན། ཤེས་བྱའི་དཀྱིལ་འཁོར་ནི་ཁམས་གསུམ་པའི་ལུས་ངག་ཡིད་གསུམ་མོ། །དེའི་དབུས་ནི་དེ་རྣམས་ཀྱི་ངོ་བོ་ཉིད་དོ། །དེར་གནས་པ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་ངོ་བོར་མོས་པའོ། །སྣང་མཛད་བཞག་པ་དང༌། མི་བསྐྱོད་པ་དང་ཚེ་དཔག་མེད་སྒོམ་པ་ནི། ལུས་གཉིས་དབྱེར་མེད་དུ་བྱས་པ་རྣམ་སྣང་དང༌། སེམས་གཉིས་དབྱེར་མེད་དུ་བྱས་བ་མི་བསྐྱོད་པ་དང༌། ངག་གཉིས་དབྱེར་མེད་དུ་བྱས་པ་འོད་དཔག་ཏུ་མེད་པར་བསྒོམས་པའོ། །དེ་ལྟར་དམ་ཚིག་སེམས་དཔའ་གསུམ་བསྒོམས་པའི་སྙིང་གར་ༀ་དང་ཨཱཿ དང་ཧཱུཾ་གསུམ་བསྒོམ་པ་ནི་ཡེ་ཤེས་


JLD004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའོ། །སྔགས་ཏེ་ༀ་ལ་རྣམ་པར་ཤེས་པ་སྟེ་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེ་དང༌། ཧཱུཾ་ལ་ཏིང་ངེ་འཛིན་སེམས་དཔའ་རང་གི་སེམས་ཐིག་ལེར་གྱུར་པ་དང༌། ཨཱཿ ལ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྟེ་རང་གི་སེམས་ཐིག་ལེར་གྱུར་པ་བཞག་གོ །དེ་ལྟར་སྒོམ་པའི་རྣལ་འབྱོར་བ་རང་གི་སེམས་འགོག་པའི་རྡོ་རྗེ་འོད་གསལ་གྱི་དབུས་སུ་ཆུད་པས། ཐིག་ལེར་སྒོམ་པ་ཡང་སྤངས་ནས་བསྒོམས་པས། འོད་གསལ་གྱི་མཐར་ཐུག་པར་སྟེ། བདེ་ཆེན་གྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་སྐྱེ་བར་འགྱུར་རོ། ༈ །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་བཤད་མ་ཐག་པའི་དམ་ཚིག་གསུམ་གྱི་ཕན་ཡོན་ཉེ་བར་སྡུད་པ་ཡིན་ཏེ། དམ་ཚིག་མཆོག་ནི་བསྐྱེད་པའི་རིམ་པ་བསྒོམ་པའོ། །དེའི་མཆོག་ཡིན་པས་ན་དམ་ཚིག་གི་མཆོག་གི་མཆོག་གོ །རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་དོ། །དེས་རང་གི་ལུས་དང་ངག་དང་ཡིད་རྡོ་རྗེ་དང་མི་ཕྱེད་པ་ཉིད་དུ་བསྒོམ་པ་ནི་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའོ། །འགོག་པའི་དམ་ཚིག་ནི་སྦྱོར་བ་ཡན་ལག་དྲུག་གི་ནང་ནས་འཛིན་པའི་ཡན་ལག་འོད་གསལ་ལོ་འོ་། །གང་གིས་ཤེས་པ་དེ་ནི་འགོག་པའི་དམ་ཚིག་ཡེ་ཤེས་སོ། །སངས་རྒྱས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་ཐ་མལ་པའི་ལུས་དང་བྲལ་ནས། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ལུས་ཡོངས་སུ་ལེན་པ་སྟེ། དེ་འཐོབ་ཅིང་རྙེད་པར་འགྱུར་བས་ན་སངས་རྒྱས་དངོས་གྲུབ་ཐོབ་འགྱུར་པའོ། ༈ །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་སེམས་དཔའ་སུམ་བརྩེགས་བསྒོམས་ནས་འོད་གསལ་དུ་འཇུག་པའི་དོན་འདི་ཉིད་ཚིག་གི་རྣམ་པ་གཞན་གྱིས་


JLD004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱ་བའི་ཕྱིར། རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནམ་མཁའ་ནི་འོད་གསལ་བའོ། །དེར་འཛིན་པས་ན་ནམ་མཁའི་དབྱིངས་ཏེ་ཁམས་གསུམ་པ་དེར་གནས་པར་བསྒོམ་པར་བྱའོ། །ཞེས་པ་འདིས་ཁམས་གསུམ་འོད་གསལ་དུ་གཞུག་པར་བཤད་པས། སྔ་མ་གསུམ་གཞིར་བཞག་པ་ལ་འདི་བསྣན་ན་རྡོ་རྗེ་གསུམ་གྱི་སྒོ་ནས་འོད་གསལ་དུ་འཇུག་པའི་རྗེས་གཞིག་བསྟན་ལ། སྔོན་དུ་སྣོད་བཅུད་སྡུད་པ་མེད་པར་སེམས་དཔའ་གསུམ་གྱི་སྡུད་རིམ་ཙམ་བྱེད་པ་ནི་རིལ་འཛིན་ནོ། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ་བ་ནི་སྐུ་རྡོ་རྗེའོ། །ཁམས་གསུམ་པའི་ལུས་དང་ངག་དང་སེམས་ལ་ཡི་གེ་ༀ་ཡེ་ཤེས་སེམས་དཔའ་བསྒོམས་ཏེ། ཁམས་གསུམ་པའི་ལུས་དང་ངག་དང་སེམས་ཉེ་བར་བཅོམ་ནས་ཡེ་ཤེས་ཀྱི་སྐུ་བསྒོམ་མོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། བསམས་ན་དེ་ནི་བསྐལ་པར་གནས། ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བའི་རྟོག་པ་ཡོངས་སུ་རྫོགས་པར་བྱེད་པས་སྐལ་བ་སྟེ། དེར་གནས་པ་ནི་འཁོར་བ་ཇི་སྲིད་པར་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་ནས། སྐྱེ་བོ་མ་ལུས་པའི་མངོན་པར་འདོད་པའི་དོན་རྫོགས་པར་ནུས་པས་གནས་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གསུང་དང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གཉིས་པོ་དག་ཀྱང་སྐུ་རྡོ་རྗེ་ལ་བཤད་པ་འདི་ཉིད་ཀྱིས་ཤེས་པར་བྱའོ། །དེ་ལྟར་བྱས་ན་རིལ་འཛིན་དང་རྗེས་གཞིག་རེ་


JLD004_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་ཡང་སྐུ་གསུང་ཐུགས་རྡོ་རྗེའི་སེམས་དཔའ་སུམ་བརྩེག་གི་རིལ་འཛིན་གསུམ་དང་རྗེས་གཞིག་གསུམ་དུ་ཤེས་པར་བྱའོ། །རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་གིས་ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པས་འགྲོ་བའི་དོན་རྟོག་ཅིང་རྫོགས་པར་བྱེད་པས་ན་རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོའོ། ༈ །སྐུ་དང་གསུང་ཐུགས་ཞེས་བྱ་བ་ལ་སོགས་པས་ནི་སྔར་བཤད་པའི་རིམ་གཉིས་བསྒོམས་པའི་ཕན་ཡོན་སྟོན་པ་ཡིན་ཏེ། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི་སྟེ་རྡོ་རྗེ་འཆང་ཆེན་པོའི་རིམ་གཉིས་ཀྱི་རྣལ་འབྱོར་པ་རྣམ་པ་གཉིས་པོ་འདི་ལ་བླ་མ་རྣམས་ཀྱིས་དབང་བསྐུར་ཞིང་ལམ་སྒོམ་པའི་གནང་བ་ཐོབ་པ་ཕྱིན་ཆད་ནས་བརྩམས་ཏེ། རྒྱུད་འདི་རྣལ་འབྱོར་པ་གང་ཞིག་རྒྱུད་ཀློག་པ་དང་གདུལ་བྱ་གཞན་རྣམས་ལ་སྟོན་པ་དང༌། སེམས་ཀྱང་རུང་ཞེས་བྱ་བ་སྟེ། གང་རང་ཉིད་ཀྱིས་དོན་ཡིད་ལ་སེམས་པའི་ཚུལ་གྱིས་སློབ་པ་སྟེ། གོམས་པར་བྱེད་པ་དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར་ཏེ། སྒོམ་པ་པོ་ཉིད་འབའ་ཞིག་རྡོ་རྗེ་འཆང་དུ་འགྱུར་བར་ཏུ་ནི་མ་ཟད་དོ་ཞེས་བྱ་བར་དགོངས་སོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ༀ་ལ་སོགས་པ་སྟེ། དེས་བསྐྱེད་པའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ནི་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ལོ་སྟེ་། དེ་ལས་ཡང་དག་བར་བྱུང་བའི་སྐྱེས་བུ་ཟུང་འཇུག་ནི་རིག་པའི་སྐྱེས་བུའོ། །དེ་


JLD004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་ཡེ་ཤེས་ཀྱི་དམ་ཚིག་ཡིན་པས་ན་མཆོག་སྟེ། གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་ནི་དེ་ཁོ་ན་ཉིད་ཀྱང་ཡིན་ལ། རིག་པའི་སྐྱེས་བུའི་མཆོག་ཀྱང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རྡོ་རྗེའི་རིག་པའི་སྐྱེས་བུ་མཆོག་གི་ལེའུ་སྟེ། དགོངས་པས་བཤད་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཅིག་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །ཀློག་གམ་ཡང་ན་སེམས་ཀྱང་རུང༌། ཞེས་གསུངས་པ་དེ་ལྟར་སྒོ་གསུམ་ཀྱི་ལས་ཀྱི་ལམ་རྣམ་པར་དག་པར་བྱེད་པའི་ཐབས་བསྟན་ནས། བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ཀྱི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་པ་དང་ཡོངས་སུ་ཐིམ་པ་ཚབ་ཆག །གྱུར་པ་བྱས་ནས་དངོས་གྲུབ་བསྒྲུབ་པ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་གསུངས་ཏེ། ༈ །ས་འོག་དང་ས་སྟེང་དང་ས་བླ་བའི་གདུལ་བྱ་རྣམས་ལ་སྟོན་པར་མཛད་པས་ན་སྟོན་པའོ། །དེ་ཉིད་ནི་དཀྱིལ་འཁོར་པ་རྣམའབྱིན་པ་པོ་ཡིན་པས་ན་སྐྱེད་པའོ། །ཡེ་ཤེས་མཆོག་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །གང་ཟག་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་འཇོག་པས་བསྒྲུབ་པར་མཛད་པས་ན་ཡེ་ཤེས་མཆོག་བསྒྲུབ་པའོ། །དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་


JLD004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པའོ། །དེ་རྡོ་རྗེ་གསུང་གིས་འོག་ནས་བཤད་པའི་མཚན་ཉིད་བཀའ་སྩལ་པའོ། ༈ །མཁའ་དང་མཚུངས་པ་ཞེས་བྱ་བ་ལ། ནམ་མཁའ་ནི་གོ་འབྱེད་པའོ། །ནམ་མཁའ་དེ་དང༌། དགག་བྱ་བཅད་པ་ཙམ་དུ་མཚུངས་པ་ནི་དོན་དམ་པའི་བདེན་པའོ། །དོན་དམ་བདེན་པ་དེ་དང་མཉམ་ཞིང་སྟེ་གཅིག་ཏུ་གྱུར་པ་ནི་མཁའ་དང་མཚུངས་པར་མཉམ་པར་གྱུར་པ་སྟེ། ཕུང་སོགས་ཐམས་ཅད་ཀྱང་དོན་དམ་པའི་བདེན་པའི་མཐར་ཐུག་པར་སོན་པའི་ཕྱིར་རོ། །དེ་ལྟར་ནམ་མཁའ་དང་མཉམ་པར་གྱུར་པའི་འོད་གསལ་ཐོབ་པས་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་ངོ་བོ་ཉིད་དོ། །དེ་ཉིད་ཀྱིས་ན་ཆོས་རྣམས་གདོད་མ་ནས་རང་བཞིན་གྱིས་དག་པ་ལ། ཟློས་གར་གྱི་རོལ་མོ་མཁན་གཅིག་ཉིད་སྣ་ཚོགས་སུ་བསྒྱུར་བ་བཞིན་དུ་རང་བཞིན་རྣམ་དག་གི་ངང་ནས་སྤྲོས་པར་གྱུར་པ་འོག་ནས་འཆད་པའི་ལྷའི་སྐུ་ལ་སོགས་པ་འདི་དག་རབ་ཏུ་བསྒོམ་པ་སྟོན་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །དངོས་གྲུབ་ཐམས་ཅད་བསྒྲུབ་པའི་གནས་བསྟན་པར་བྱ་བའི་ཕྱིར། དགོན་པ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོང་ལས་གཞུ་འདོམ་ལྔ་བརྒྱའི་རྒྱང་གྲགས་གཅིག་སོང་བ་ནི་དགོན་པ་ཡིན་ལ། དགོན་པ་ཆེན་པོ་ནི་གྲོང་ལས་དཔག་ཚད་བཅོ་ལྔ་སྤངས་པའི་བས་མཐའོ་འི་ས་ཕྱོགས་ཞེས་བྱ་བ་མཆོག་ཏུ་གྱུར་པའི་ས་ཕྱོགས་དང༌། ཆུའི་ཚོགས་ལ་སོགས་པས་ཡིད་


JLD004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་ཞིང་མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པའི་རི་བོ་དང་དེར་མ་ཟད་སྐྱེ་བོའི་འདུ་འཛིས་རྣམ་པར་དབེན་པའི་ས་ཕྱོགས་གཞན་རྣམས་སུ་ཡང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་གང་དུ་བསྡུས་ཤིང་བསགས་པར་གྱུར་པ་དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་པ་སྟེ། བསྒྲུབ་པར་བྱ་བ་སངས་རྒྱས་ཉིད་བསྒྲུབ་པར་བྱ་བ་སྟེ། དྲང་པའི་དོན་ཏོ། ༈ །གནས་ཀྱི་ངེས་དོན་ལུང་སྟོན་གྱི་ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། ༢ ནམ་མཁར་ཏེ་འོད་གསལ་ཏུ་བརྟག་པ་སྟེ་ཞུགས་པའི་སྦྱོར་བ་ཡིས། ༡ ཕུང་པོ་རྣམས། ༣ གྲོང་ལས་རིང་དུ་སོང་བའི་དགོན་པ་ཆེན་པར་འདོད། དོ། །མཚན་མ་འཛིན་པའི་དམིགས་གཏད་ཀྱིས་གནས་པ་མེད་པར་དེ་ཁོ་ན་ཉིད་ལ་གནས་པའི་སྦྱོར་བ་ཡིས། ཏེ་རྣལ་འབྱོར་གྱིས། གནས་པ་ཆེན་པོ་ནི་ས་ཕྱོགས་ཞེས་པ་ཡིན།ནོ། །ངེས་དོན་གྱི་སྐབས་འདིར་ནི་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ་ནི། ཤིང༌། ལྗོན་པའོ། འཇིག་རྟེན་ལས་འདས་མ་འདས་ཀྱི་དངོས་གྲུབ་སྣ་ཚོགས་པ་དང་ལྡན་པ་ནི་མེ་ཏོག་དང་ལྡན། པའོ། །ལོངས་སྐུས་སྤྲུལ་པའི་སྐུ་གཟུང་བ་ནི་འབྲས་བུས་ཡང་དག་པར་བརྒྱན། པའོ། ཟུང་འཇུག་གི་སྐབས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་སྟེ། རྟོགས་པའི་འོད་གསལ་ཆོས་སྐུ་ནི་རིའོ། །སྤྲོས་པའི་དངོས་པོ་མེད་པ་ཁདབེན་པ་ཀཉམས་དགའ་བ་ནིགའོ། །འབྲས་བུའི་རྡོ་རྗེ་འཆང་ཞེས་བྱ་བ་ནི་དབེན་གནས་དེར་བསྒྲུབ་པར་བྱ། ཞེས་བྱ་བ་སྟེ། ངེས་པའི་དོན་ཏེ། །


JLD004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཱྃ་ཞེས་བྱ་བ་ནི་འོག་ནས་འཆད་པའི་འཇམ་དཔལ་གྱི་ཏིང་ངེ་འཛིན་སྟོན་པ་སྟེ་མཚོན་པའི་ས་བོན་ནོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། མཉྫུ་ལ་ངེས་ཚིག་གིས་མཱ་ནཿ སྭ་བྷ་ཝེན། ཡིད་ཀྱི་རང་བཞིན་གྱིས། ཇུཥྱ་ཏེ་བསྟེན་པར་བྱ་ཞིང་ཅིང་སེ་བྱ་སྟེ་བསྙེན་པར་བྱ་བ་ཡིན་པས་ན་འཇམ་པ་སྟེ་སྒྱུ་མའི་སྐུའོ། །དེ་ཉིད་ནི་རྟོག་པས་མི་ཕྱེད་པ་ཉིད་པས་ན་རྡོ་རྗེའོ། །དེའི་རབ་ཏུ་བསྒོམ་པ་ནི་རྡོ་རྗེ་འཇམ་པ་སྒྱུ་ལུས་རབ་ཏུ་བསྒོམ་པར་བྱ་བའོ། །གང་དུ་བསྒོམ་ཞེ་ན། རང་གི་ལུས་དང་ངག་དང་སེམས་ཀྱི་རྡོ་རྗེ་ལབསྒོམ་མོ་འོ་། །རང་གི་ལུས་ལ་སོགས་པ་འབའ་ཞིག་ཏུ་ཡང་བསྒོམ་པར་མ་ཟད་ཀྱི། རང་ཉིད་ལ་བསྒོམས་པ་དེ་ནས་ཁམས་གསུམ་པའི་ལུས་དང་ངག་དང་སེམས་ལ་སྤྲོས་པས་ཏེ་དེ་རྣམས་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཁྱབ་པར་བསྒོམ་ མོ་ཀྱང་བྱས་ཏེ། སྒོམ་པ་དེ་བྱས་ནས་ནི་རྡོ་རྗེ་འཇམ་པ་དང་འདྲ་པར་འགྱུར་རོ། །དཔག་ཚད་བརྒྱ་ཡི་ཞེས་བྱ་བ་ལ་སོགས་པ་ལ། དཔག་ཚད་བརྒྱ་པ་ནི་དཔག་ཚད་བརྒྱ་སྟེ་ཁྱོན་དེ་ཙམ་དུ་ཆེ་ཞིང་ཚད་མེད་གྲངས་མེད་པའོ། །རྡོ་རྗེ་འབར་བ་ནི་རང་གི་སྒྱུ་མའི་སྐུ་གང་ཡིན་པ་དེ་ནི་འབར་བའི་རྡོ་རྗེ་སྟེ་དེའི་འོད་ཀྱི་སྣང་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པས་ན་རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིའོ། །སྒྱུ་མ་ལྟ་བུའི་སྐུ་མངའ་བས་ན་དག་པའི་བདག་ཉིད་དོ། །སྒྱུ་མའི་སྐུ་དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གསལ་བར་བྱེད་


JLD004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་སྣང་བར་འགྱུར་བའོ། །དེས་འདི་ལྟར་གྱུར་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་ནམས་ཀྱང་སྟེ་ནམ་ཡང་མཐོང་བར་མི་ནུས་ན། སོ་སོ་སྐྱེ་པོ་ཕལ་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་ཅེས་བྱ་བ་ནི། འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེ་ནི་སྒྱུ་ལུས་མ་ཐོབ་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་མཐོང་ཞིང་མི་རེག་པ་ཉིད་ཀྱིས་ན་ཏིང་ངེ་འཛིན་འདི་ནི་མི་སྣང་བ་ཞེས་བྱའོ། ༈ །སྒྱུ་མའི་རང་བཞིན་གྱི་སྐུ་སྔར་བཤད་པ་མཚན་སོ་གཉིས་ཀྱིས་བརྒྱན་པ་དང༌། འོད་ཀྱིས་འཇིག་རྟེན་གྱི་ཁམས་འགེངས་པའི་སྒྱུ་ལུས་འདི་ཉིད་འོད་གསལ་དུ་དག་པར་བྱེད་པར་གསུངས་པས། འདི་རིམ་པ་གསུམ་པའི་སྒྱུ་ལུས་ཡིན་ལ། དེ་ལ་འདི་འདྲ་བའི་ཡོན་ཏན་ཡོད་པ་མ་ཤེས་ན་བོད་ཀྱི་སྒྱུ་ལུས་ཀྱི་གདམས་ངག་བཞིན་དུ་སྒྱུ་ལུས་ཀྱི་ཡོན་ཏན་ཕྱོགས་རེའང་མེད་པ་ལ་སྒྱུ་ལུས་སུ་ངོ་སྤྲོད་པར་འགྱུར་རོ། །འདི་ཉིད་འོད་གསལ་བས་རྣམ་པར་སྦྱངས་པས་ཏེ་དག་པར་བྱས་པས། ཟུང་འཇུག་བསྒྲུབ་པར་བྱ་བའི་ཕྱིར། རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མི་ཕྱེད་གསུམ་ནི་ཐུགས་ཏེ། སེམས་སོ། །སེམས་དེ་ལས་བྱུང་བའི་ཡུལ་ལྔ་དང་དབང་པོ་ལྔ་རྣམས་ཀྱིས་སོ། ཞེས་པ་ནི་བཤང་གཅི་སོགས་ཀྱིས་སྟོན་ཏེ།བཤང་གཅི་ནི་ཡུལ་དང་དབང་པོ་རྣམས་ཏེ། ཡུལ་དབང་དེ་ཕན་


JLD004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་བསྲེས་པས་ན་དམ་ཚིག་ལྔ་རྣམས་ཀྱིས་སོ། །ཞེས་པ་ནི་ཡུལ་དབང་ལྔ་ཚན་གཉིས། དམ་ཚིག་གི་དོན་མཉམ་པ་ཉིད་དེ། དེ་ཡང་གཟུགས་རྡོ་རྗེ་སོགས་དང་ས་སྙིང་སོགས་ཀྱི་ལྷར་མཉམ་པ་ཉིད་དུ་བལྟས་ནས། འདོད་ཡོན་ལ་སྤྱད་པས་སེམས་དབེན་གྱི་སྣང་བ་གསུམ་སྐྱེད་པའོ། །ལྕགས་གསུམ་ལས་བྱུང་བ་ནི་སྣང་བ་རྣམ་པ་གསུམ་དང་ལྡན་པའི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་བྱས་ཤིང་སྐྱེད་ནས། ཁ་སྟེ་འོད་གསལ་བར་རིལ་པོར་འཛིན་པའམ་རྗེས་སུ་གཞིག་པ་དག་གིས་བཅུག་ནས་བསྒོམ་པར་བྱའོ། །འོད་གསལ་བ་དེར་སངས་རྒྱས་ཀུན་གྱིས་ཏེ་རྟོག་གེ་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང་ཡུལ་མ་ཡིན་པའི་ཐུགས་ཀྱི་ཡེ་ཤེས་ཀྱི་སྐུ་ཏེ་ཞུགས་པར་བསྒོམ་པར་བྱའོ། །གང་དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་དེ་ནི་དེ་མ་ཐག་ཏུ་རྣལ་འབྱོར་པ་དེ་འོད་གསལ་ལས་ལྡང་བ་སྟེ་ལངས་པར་གྱུར་པའི་ཟུང་འཇུག་གི་མཚན་ཉིད་ཅན་ཉིད་དུ་རྡོ་རྗེ་འཇམ་པ་དང་འོད་འདྲ་བར་འགྱུར་རོ་ཞེས་པ་སྟེ། དགོངས་པས་བཤད་པའོ། ༈ །དེ་ལྟར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ཏིང་ངེ་འཛིན་ཉེ་བར་བསྟན་ནས། འཁོར་ལོའི་རིགས་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པ་ཉེ་བར་བསྟན་པར་བྱ་བའི་ཕྱིར། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོསྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ར་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ལ། །འདི་ནས་བཟུང་སྟེ་གདུལ་བྱའི་སེམས་འདུན་པའི་དགུག་པའི་ལས་སྒྲུབ་པའི་


JLD004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྣམས་ནི། ནང་ལ་མཆོག་ཏུ་གཞོལ་བའི་ལས་ཚོགས་ཡིན་ལ། དེ་རྣམས་སྒྲུབ་པ་ལ་བསྲུང་བའི་འཁོར་ལོ་ནས་བཟུང་བའི་དང་པོ་སྦྱོར་བ་དང། རང་རིག་ཀྱི་ལས་རྒྱ་སྤྱན་མ་ལ་སོགས་པར་བསྐྱེད་པ་ལ་བརྟེན་ནས་དཀྱིལ་འཁོར་རྒྱལ་མཆོག་གཉིས་བྱེད་པ་འདྲའོ། །ས་བོན་ལས་བྱང་ཆུབ་པའི་སྐབས་སུ་ༀ་ལ་སོགས་པའི་ཡི་གེ་རེ་རེ་བ་ལས་བྱེད། ལས་རྒྱལ་མཆོག་གི་དུས་སུ་རང་རང་གི་སྐབས་ཀྱི་ལས་སྒྲུབ་པ་རྣམས་བྱེད་ཅེས་རྗེ་རིན་པོ་ཆེ་འགོས་ཀྱི་གསུང་རྒྱུན་འཛིན་པའི་བླ་མ་གང་མ་རྣམས་བཞེད་དོ། །ལས་རྒྱལ་མཆོག་གི་དུས་སུ་རྒྱུ་དངུལ་ལམ་དུང་ངམ་ལྕགས་ལས་བྱས་པའི་འཁོར་ལོ་ཁྲུ་གང་པ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་དང་བཅས་པ་མདོག་དཀར་པོ་བ་ཕན་ཚུན་བསྣོལ་མར་འཕྲོ་བ་ལྟ་བུའི་འོད་ཟེར་རྣམས་ཀྱིས་བརྒྱན་པ་འོད་ཟེར་མདངས་ཅན་འཕྲོ་བ་བྱས་ལ་ཡི་གེ་གསུམ་བཟླས་པའི་དྲིའི་ཆུས་བསང་བདུད་རྩི་ལྔས་བྱུགས་པས་བསྲུང་བ་བྱས་ལ། བསྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག །བསང་སྦྱངས་ཏེ་རང་གི་སྔགས་ཏེ། རྣམ་པར་སྣང་མཛད་བསྐྱེད་པའི་ཡི་གེ་ༀ་ལས་འཁོར་ལོ་ཇི་སྐད་བཤད་པ་བཞིན་བསྐྱེད་ལ། མདུན་དུ་བསྒོམས་ནས། སངས་རྒྱས་ཐམས་ཅད་ཀྱི་སྟེ། དེ་བཞིན་གཤེགས་པརྣམ་སྣང་གིའི་རིགས་དང་ལྡན་པའི་བཞུགས་པའི་གནས་ཏེ། གཞིར་གྱུར་པར་བསྒོམས་ལ། ཞེས་པ་ལྟར་ན་འཁོར་ལོའི་ལྟེ་བའི་ནང་དུ་རྣམ་སྣང་དང༌། དེའི་རིགས་ཀྱི་ལྷ་བདུན་བསྒོམ་པ་འདྲ་བ་ཅིག་སྣང་ཡང༌། རྣམ་སྣང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་བ་དེ་འདྲ་བ་ཐུན་བཞིར་བསྒོམ་པའོ། །ཇི་སྲིད་དུ་འཁོར་


JLD004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པོ་དྲོ་བར་གྱུར་པའམ་དེ་ལས་དུ་བ་འཐུལ་བའམ་རབ་ཏུ་འབར་བར་གྱུར་པའི་རྟགས་རབ་འབྲིང་ཐ་གསུམ་མཐོང་བ་དེ་སྲིད་དུ་བསྒོམས་ལ། རྟགས་ང་བྱུང་བ་དང་འཁོར་ལོ་དེ་ལག་ཏུ་བླངས་ནས་འདུག་པའི་རྣལ་འབྱོར་བ་གང་ཡིན་པ་དེ་ནི་སངས་རྒྱས་དང་འདྲ་བ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ཀུན་གྱི་མཆོད་པའི་གནས་སུ་འགྱུར་རོ། ༈ །དེ་ལྟར་འཁོར་ལོའི་སྒོ་ནས་དངོས་གྲུབ་ཐོབ་པའི་རིག་པ་འཛིན་པའི་མཐུ་བསྟན་པར་བྱ་བའི་ཕྱིར། རི་རབ་སུམ་ཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་རབ་སུམ་ཅུ་རྩ་དྲུག་གི་ཚད་ཀྱི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཚད་ཀྱི་རྗེས་སུ་འབྲང་པའི་འཁོར་ནི་འཁོར་ལོའི་རིག་པ་འཛིན་པ་དེ་ལ་འབྱུང་བར་འགྱུར་རོ། །འཁོར་ཇི་ལྟ་བུ་ཞེ་ན། འཁོར་ཐམས་ཅད་ཀྱང་རྡོ་རྗེ་འཛིན་པའི་འཁོར་དང་འདྲ་བར་རྣམ་པར་མི་འཇིག་པ་སྟེ། མི་ཕྱེད་པའི་འཁོར་དུ་འགྱུར་ རོ་འི་ངོ་བོ་ཉིད་དོ། །ཏིང་ངེ་འཛིན་གང་གིས་འཁོར་ལོའི་རིགས་ཀྱི་རིགས་འཛིན་རྣམས་དང་མཉམ་པར་འགྲོགས་པ་ཐོབ་པ་དེ་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། ༈ །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེའི་རིག་འཛིན་སྒྲུབ་པ་སྟོན་པ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་འདྲ་བར་བལྟ་བར་བྱ་བ་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པ་དང༌། ལས་རྒྱལ་མཆོག་གི་དུས་སུ་ལྕགས་ལས་བྱས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་སོར་བརྒྱད་པ་ལ་བྱུགས་པ་དང་བསྲུང་བ་བྱས་ནས། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་འཇོག་པའོ། །རྡོ་རྗེ་ཆེན་པོ་དེ་བསང་སྦྱངས་ནས་སྟེ། རང་


JLD004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྔགས་ནི་ཡི་གེ་ཧཱུཾ་སྟེ། དེས་རྡོ་རྗེར་བསྐྱེད་དོ་མོ། །དཀྱིལ་འཁོར་ནི་ནམ་མཁའི་དཀྱིལ་འཁོར་རོ། །ཞེས་པ་ནི་མདུན་དུ་གཞལ་ཁང་བསྐྱེད་པའི་ནང་གི་ནམ་མཁའ་འོ། །རྡོ་རྗེ་ཀུན་གྱི་གནས་ཡིན་པར་བསམ་པ་ནི། རྡོ་རྗེའི་ལྟེ་བའི་ནང་དུ་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་ལྷ་ཀུན་སྒོམ་པའོ། །དེ་ལྟར་བསྒོམས་པས་སྔར་བཞིན་རྟགས་བྱུང་བ་དང༌། རྡོ་རྗེ་ལག་ཏུ་བླངས་པས། རི་རབ་ཞེས་སོགས་ཀྱིས་བསྟན་པའི་ཕན་ཡོན་འབྱུང་ངོ༌། ༈ །བུད་མེད་རྣམས་འདི་ལ། :པ་ཚབ:དེ་སྙེད་ཀྱིས་ནི་བུད་མེད་དག །ཡོན་ཏན་གནས་རྣམས་དེ་ཡིར་འགྱུར། ཞེས་འབྱུང་བ་ཤིན་ཏུ་གསལ་ལོ། །ཡོན་ཏན་ཅན་གྱི་གནས་སུ་འགྱུར་ཞེས་བྱ་བ་ནི། འདོད་པའི་དབང་ཕྱུག་ཏུ་འགྱུར་བར་སྟོན་ཏེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བའི་ཕྱིར་རོ། །དྲག་པོ་དག་གིས་ཕྱག་བྱས་པ་ཞེས་བྱ་བའི་ལྷག་པའི་ཚིག་གིས་ནི་ཁམས་གསུམ་གྱིས་ཕྱག་བྱ་བ་ཉིད་དུ་སྟོན་ཏེ། དྲག་པོ་ནི་ཁམས་གསུམ་གྱིས་ཕྱག་བྱས་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཆེན་པོར་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོར་འགྱུར་པའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི། །དམ་ཚིག་ནི་ས་མ་ཏ་མཉམ་པར་ཨཏྣ་ཏི་འགྲོ་ཞིང་གཙྪནྟི་བཞུད་པས་ན་མཉམ་པ་དམ་ཚིག་སྟེ། རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་རྣམས་དང་མཉམ་པར་འཇུག་པ་ཡིན་པས་རྡོ་རྗེའི་དམ་ཚིག་ནི་རང་གི་ལྷན་ཅིག་སྤྱོད་པ་ཡིད་དུ་སྡུག་པའི་བུད་མེད་རྣམས་ཏེ། དེ་དང་དེ་རྣམས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །ཙན་དན་ནམ་ཟངས་ལ་པདྨ་ཆེན་པོ་དམར་པ་འདབ་མ་བརྒྱད་པ་བྱ་བ་དང༌། དེ་ལ་བྱུགས་པ་སོགས་སྔར་དང་འདྲ་ལ། རང་གི་སྔགས་ཨཱཿ


JLD004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོ་རྗེ་ཆོས་ཀྱི་པདྨ་དཀྱིལ་འཁོར་གྱི་དབུས་སུ་བསམ་མོ། །ཆོས་རྣམས་ཀུན་ནི་འོད་དཔག་ཏུ་མེད་པའི་རིགས་དང་ལྡན་པའི་ལྷ་རྣམས་སོ། །ལྷ་དེ་རྣམས་ཀྱི་གནས་ནི་བསྐྱེད་པའི་གཞིའོ། །ཞེས་པ་དེའི་ལྟེ་བར་ལྷ་རྣམས་བསྐྱེད་པའོ། །དེ་ལ་ཐུན་བཞིར་བསྒོམས་པས་རྟགས་གསུམ་གང་རུང་བྱུང་བ་ལག་ཏུ་བླངས་པའི་ཕན་ཡོན་ནི་རྡོ་རྗེ་ཆོས་ནི་འཇིག་རྟེན་དབང་ཕྱུག་སྟེ། དེ་དང་འདྲ་བར་འགྱུར་བའོ། ༈ །རི་རབ་ཅེས་བྱ་བ་ལ་སོགས་པ་ལ། རི་རབ་སུམ་ཅུ་རྩ་དྲུག །ལས་བྱུང་བའི་རྡུལ་ཕྲ་རབ་ཇི་སྙེད་པ་གང་ཡིན་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་དག་པའི་བདག་ཉིད་ནི་པད་མའི་རིགས་ཀྱི་སངས་རྒྱས་ཏེ་ཐབས་ཀྱི་ངོ་བོ་ཉིད་རིག་འཛིན་ཕོ་དང༌། མཆོད་པའི་མཆོག་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་རིག་འཛིན་མོ་དང༌། དེ་རྣམས་ཀྱི་དཀྱིལ་འཁོར་ཏེ་ཚོགས་དེར་འཇོག་པར་བྱེད་ཅིང༌། སྔགས་དང་ཕྱག་རྒྱ་རིག་འཛིན་ཕོ་མོའི་ཚོགས་ཐམས་ཅད་སྒྲུབ་པ་པོ་ལ་རང་གི་བདག་པོར་ལྟ་བ་ཉིད་ཀྱིས་སྒྲུབ་པ་པོ་ལ་དབང་བསྐུར་བསྟེ་དབང་སྟེར་བར་བྱེད་དོ་འོ་། །ཞེས་བྱ་བའི་བར་དུའོ། །པདྨོ་ན་པདྨའི་རིགས་དང་ལྡན་པའི་རིག་འཛིན་རྣམས་སོ། །དེ་རྣམས་དང་མཉམ་པ་ནི་ཏིང་ངེ་འཛིན་གང་ལ་དབྱེར་མི་ཕྱེད་པའི་དོན་དེ་ལ་དེ་སྐད་ཅེས་བྱའོ། ༈ །ཡེ་ཤེས་ལྔ་ལྡན་ཞེས་བྱ་བ་ལ་སོགས་པའི་དོན་ནི་ལེའུ་བཅུ་གཅིག་པར་བཤད་ཟིན་ཏོ། །གསང་བ་གསུམ་ལ་བསྙེན་བཀུར་བྱེད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་སྐུ་དང་གསུང་དང་ཐུགས་


JLD004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསང་བ་གསུམ་ལ་བསྙེན་བཀུར་བྱེད་ཅིང་རྟོགས་པར་འགྱུར་བ་སྟེ་དེའི་བདག་ཉིད་ཅན་དུ་འགྱུར་རོ། ཞེས་བྱ་བའི་བར་དུའོ། །འོད་ཟེར་ ལྔ་དང་ལྷག་པ་དང་ཆད་པ་མེད་པར་མཉམ་པའི་མདོག་གང་ཡིན་པ་དེ་ནི་འོད་ཟེར་ལྔ་ཡི་མདོག་འདྲའི་འོད་ཟེར་ཡང་འོད་ཟེར་ལྔ་མཉམ་པ་ཞེས་པའི་དོན་ནོ་དོ་། །གནམ་ལྕགས་སམ་ལྕགས་གཞན་བཟང་པོ་ལས་བྱས་པའི་རལ་གྲི་ལྗང་གུ་དང༌། དེ་ལ་བྱུག་བསྲུང་སོགས་བྱ་བ་སྔར་དང་འདྲ། རལ་གྲི་འོད་ཟེར་ལྔ་འབར་བ་རང་གི་སྔགས་ཧཱ་ལས་བསྐྱེད་རང་གི་སྔགས་ཀྱི་ཞེས་བྱ་བ་ནི་རང་གི་སྔགས་ལས་ཞེས་བྱ་བར་རིགས་སོ། །རལ་གྲི་ནི་འོད་ཟེར་ལྔ་པ་གང་ཡིན་པའོ། །དེར་དོན་གྲུབ་ཀྱི་རིགས་ཀྱི་ལྷ་རྣམས་ཐུན་བཞིར་བསྒོམས་པས་རྟགས་བྱུང་བ་དང༌།མིག་ཡངས་ནི་བསྒྲུབ་པ་པོའོ། །ལག་ན་ཐོགས་པ་ནི་ལག་གིས་བླངས་པའོ། ༈ །དེའི་ཕན་ཡོན་ནི་རྡོ་རྗེ་གསུམ་ལས་བྱུང་བའི་རིག་པ་ནི་སྔགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་སྟེ། དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་པས་ན་རྡོ་རྗེ་གསུམ་རིག་འཛིན་པར་འགྱུར་ཞེས་བྱའོ། །ཁམས་གསུམ་པོ་ཀུན་གྱི་གང་རྫུ་འཕྲུལ་ཆེ་བའི་ཆེ་བ་དེ་རྣམས་ཀྱིས་མཆོད་པ་དང༌། ཚངས་པ་སྟེ་ཚངས་པའི་གཙོ་བོ་དང་དབང་པོ་སྟེ་བརྒྱ་བྱིན་དང་ལྷ་མིན་ཏེ་ལྷ་མ་ཡིན་གྱི་གཙོ་བོ་དེ་དག་གིས་ཀྱང་ཕྱག་བྱས་པར་འགྱུར་བ་དང༌། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་གཅིག་བུ་དཔའ་བ་སྟེ་དེར་བདག་པོར་གྱུར་པས་སོ། །གསང་བ་ནི་ཐ་མལ་བའི་སྒྲུབ་པ་ལ་གནས་པའོ། །


JLD004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱི་མཆོག་ནི་གཙོ་བོ་སྟེ་དེར་འགྱུར་བའོ། །གང་རྣམས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ཏེ་སྒྲུབ་པ་པོ་གང་འདོད་ཅིང་གང་གསོལ་བ་འདེབས་པ་རྡོ་རྗེ་ཐུགས་ལས་རབ་ཏུ་བྱུང་ཞིང་ཡིད་ལ་ཀུན་ཏུ་རྟོག་པའི་དེ་ལྟ་བུ་སྟེ་དེ་འདྲ་བའི་ངོ་བོ་ཉིད་ཀྱི་དངོས་གྲུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེར་ཞིང་སྩོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རལ་གྲི་ནི་རལ་གྲི་ཐམས་ཅད་དེ་དེ་དང་དབྱེར་མེད་པས་ཏིང་ངེ་འཛིན་ཀྱང་རལ་གྲི་ཐམས་ཅད་ཅེས་བྱའོ། །འདིར་རྒྱུད་ལས་རིན་པོ་ཆེའི་ཕྱག་མཚན་ལ་བརྟེན་པའི་བསྒྲུབ་པ་མ་གསུངས་པ་ལ། སྔ་མ་ཁ་ཅིག །ཕྱག་མཚན་གཞན་བཞི་ལ་རང་བཞིན་གྱིས་གྲུབ་པའི་སེམས་ཅན་གྱི་དོན་བྱ་བའི་ནུས་པ་མེད་ལ། རིན་པོ་ཆེའི་ཕྱག་མཚན་ལ་ནུས་པ་དེ་ཡོད་པས། དེ་ལ་བརྟེན་པའི་སྒྲུབ་པ་མ་གསུངས་སོ་ཞེས་པ་ནི་ཤིན་ཏུ་མི་རིགས་ཏེ། རིན་པོ་ཆེས་ནི་ཕྱག་མཚན་གྱི་དངོས་གྲུབ་ཀྱི་ཆའི་ཆ་ཙམ་དུ་ཡང་མི་ཆོག་པའི་ཕྱིར་རོ། །དེས་ན་གསང་འདུས་ལུགས་གཞན་ནས་གསེར་ལ་སོགས་པའི་རིན་པོ་ཆེ་ལ་བརྟེན་པའི་བསྒྲུབ་བ་བཤད་པ་ལྟར་ཡིན་ལ། འདིར་མ་བཤད་ཀྱང་ཤུགས་ཀྱིས་ཤེས་པར་ནུས་སོ། ༈ །དེ་ལྟར་འཁོར་ལོ་དང་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་བསྟན་ནས། ད་ནི་ཕྱི་རོལ་གྱི་རྫས་ལས་བྱུང་བའི་རི་ལུའི་དངོས་གྲུབ་མ་ཡིན་པ་སྔགས་ཉིད་ཀྱིས། རི་ལུའི་དངོས་གྲུབ་ངེས་པར་བསྟན་པར་བྱ་བའི་ཕྱིར། ༀ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།རྣམ་སྣང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ལ། ལས་རྒྱལ་མཆོག་གི་དུས་སུ་ཡི་གེ་ༀ་ཉིད་ཙ་ན་ཀའི་འབྲས་བུ་སྟེ་མོན་སྲན་


JLD004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའུའི་ཚད་ཙམ་གྱི་རི་ལུ་བསམས་ལ། དབུས་ཏེ་རི་ལུༀ་ཡིག་གི་འི་། ནང་དུ་རང་གི་ལྷ་ཡིན་གཟུགས་ཏེ་ས་བོན་ༀ་ལས་བདག་པོ་རྣམ་སྣང་གི་འི་གཟུགས་སུ་བསམས་ལ་ཁ་སྟེ་མགོའི་སྒོ་སྤྱི་བོར་རླུང་ནང་དུ་འཇུག་པའི་རང་བཞིན་དུ་རྣམ་པར་བསམས་ཤིང༌། བསྒོམ་པ་ཡང་དང་ཡང་དུ་བསླབ་པར་བྱའོ། །གང་དེ་ལྟར་སློབ་པ་དེ་ནི་དེ་མ་ཐག་ཏུ་སྟེ་དེ་ནས་བརྩམས་ནས། བྱང་ཆུབ་སེམས་དཔའ་དང་འོད་འདྲ་བར་འགྱུར་ཏེ། བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །སེམས་དཔའ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་དག་མི་གཉིས་པར་གནས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་དང་འདྲ་བའི་འོད་དེ་རྫུ་འཕྲུལ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའི་འོད་འདྲར་འགྱུར་ཞེས་བྱ་སྟེ་སྒྲུབ་པ་པོ་དེ་ལྟ་བུར་འགྱུར་བའོ། །གཟི་བརྗིད་བལྟ་བར་དཀའ་བས་ན་ཉི་མ་ཤར་བའི་འོད་འདྲ་ཞིང་ཞེས་བྱའོ། །ཛམྦུ་ཆུ་བོའི་གསེར་གྱི་མདོག་ཅེས་བྱ་བ་ནི་ཕན་ཡོན་ནོ། །དེ་བཞིན་དུ་ཞེས་པ་ནི། སྔགས་ཀྱི་རི་ལུའི་ནང་དུ་ས་བོན་ལས་སྣང་མཐར་བསྐྱེད་པའོ། །ཡི་གེ་ཨཱཿ རླུང་ནང་དུ་གནས་པའི་བདག་ཉིད་ཅན་མདོག་དམར་པོ་ཁ་སྟེ་ལྐོག་མའི་གནས་སུ་བསམ་པའོ། །བྱང་ཆུབ་ཡེ་ཤེས་ནི་རྡོ་རྗེ་འཆང་ཆེན་པོའོ། །ཡི་གེ་ཧཱུཾ་ཡང་གི་སྒྲས་རི་ལུའི་ནང་དུ་ས་བོན་ལས་མི་བསྐྱོད་པར་བསྐྱེད་པའོ། །ཡང་རི་ལུའི་གཟུགས་ཀྱིས་སྙིང་ཁའི་པདྨ་དཀར་པོའི་སྟེང་དུ་རླུང་ཕྱིར་ལྡང་པའི་བདག་ཉིད་ཅན་དུ་བསམ་པར་བྱའོ། །འདིར་གནས་གསུམ་དུ་བཀོད་པའི་ཡི་གེ་གསུམ་གྱི་


JLD004_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རླུང་ལྡང་འཇུག་གནས་གསུམ་གྱི་ངོ་བོར་སྒོམ་པ་ཡིན་གྱི། བྲིས་པའི་རྣམ་པ་ཅན་གྱི་ཡི་གེ་གསུམ་དང་རླུང་སྦྱར་ནས་རྡོར་བཟླས་བྱེད་པ་མིན་ནོ། །སྔགས་ཀྱི་རི་ལུ་ཕྱི་མ་གཉིས་ཀྱང་རང་རང་གི་ཏིང་ངེ་འཛིན་གསུམ་དང་སྦྱར་ལ། ཐུན་བཞིར་བསྒོམ་པ་ཡང་སྔར་དང་འདྲའོ། ༈ །ཕྱི་རོལ་གྱི་ཕྱག་མཚན་ལ་བརྟེན་ནས་རིག་འཛིན་སྒྲུབ་པར་མ་ཟད་ད་ནི་སྔགས་ཀྱི་སྐུ་ཡི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་ཀྱང་རིག་འཛིན།གྲུབ་པ་བསྟན་པར་བྱ་བའི་ཕྱིར། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རིགས་ལྔ་ལ་མཁའ་དབྱིངས་ལྔ་ནི་ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡིན་ཏེ། དེས་དང་པོ་སྦྱོར་བ་གཞན་ཡང་མཚོན་ནོ། །ཟླ་ཉི་ལ་སོགས་པའི་གདན་ལྔ་ནི། དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་རྣམས་ཀྱི་གདན་ནོ། འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་ཆེན་པོའི་རིགས་སྒོམ་པར་གསུངས་པ་ནི། ཕྱག་མཚན་གྱི་གཙོ་བོ་ལྔ་སྟོང་པའི་ངང་ལས་འཁོར་ལོ་སོགས་ལྔར་བསྐྱེད་པ་ལ་རྣམ་སྣང་སོགས་ཀྱིས་གཙོ་བོ་བྱས་པའི་དཀྱིལ་འཁོར་བསྐྱེད་ནས་སྒོམ་པ་ལ་བླ་མ་རྣམས་འཆད་དོ། །ནམ་མཁའ་ཡི་དབྱིངས་ནི་དེ་བཞིན་ཉིད་དོ། །དེར་གསལ་བའི་དཀྱིལ་འཁོར་ཏེ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས་ལ། དེའི་དཀྱིལ་དུ་གནས་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ནས། དེའི་ལག་ཏུ་འཁོར་ལོ་རྩིབས་བརྒྱད་པ་བསྒོམས་ན། འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །ཕྱག་གི་འཁོར་ལོ་སྒོམ་པ་སོགས་འདི་དག་གི་ལས་སྒྲུབ་ཚུལ་ཇི་ལྟར་བྱ་ཞེ་ན། འཁོར་ལོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ཆེན་པོའི་རིགས་ནི་རྣམ་


JLD004_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་མཛད་ཀྱི་རིགས་ཀྱི་ལྷ་རྣམས་ཏེ། :ཆག:སྔ་མ་བཞིན་ཞེས་འབྱུང༌། དེ་དང་པོ་ལྷ་དེ་རྣམས་སྔ་མ་ཕྱི་རོལ་གྱི་ཕྱག་མཚན་ལ་བརྟེན་པའི་སྐབས་སུ་བཤད་པ་བཞིན་དུ་འཁོར་ལོའི་ལྟེ་བར་ལྷ་རྣམས་བསྐྱེད་པའོ། །བསྒོམས་ལ་སངས་རྒྱས་སྐུར་ནི་རབ་སྦྱོར་ཞིང་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས། ཡེ་ཤེས་འདི་ནི་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་སྒྲུབ་པ་འདི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་སྒྲུབ་པ་པོས་བསྒྲུབ་པར་བྱའོ། །མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ལ་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་དབུས་སུ་གནས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་མི་བསྐྱོད་པར་བདག་ཉིད་བསྒོམ་པ་སྟེ། ལག་ཏུ་རྡོ་རྗེ་ཞེས་བྱ་བ་ནི་སྔ་མ་རྣམ་སྣང་ལ་བཤད་པ་བཞིན་དུ་རྡོ་རྗེ་ལ་གནས་པའི་དཀྱིལ་འཁོར་བསྐྱེད་དོ་ནོ་། །དེ་བཞིན་དུ་ནམ་མཁའི་དབྱིངས་ལ་རིན་པོ་ཆེ་བསམས་ལ། དེའི་དབུས་སུ་གནས་པར་རིན་ཆེན་རྡོ་རྗེ་སྟེ་རིན་ཆེན་འབྱུང་ལྡན་དུ་བདག་ཉིད་བསྒོམ་མོ། །ལག་ཏུ་རིན་ཆེན་ཞེས་བྱ་བ་ནི་བཤད་ཟིན་པ་ནི་ཕྱག་མཚན་ལ་ལྷ་སྒོམ་ཚུལ་རྣམ་སྣང་ལྟར་བྱ་བའི་དོན་ཏོ། །ནམ་མཁའི་དབྱིངས་ལ་ཆོས་ཀྱི་དབྱིངས་ཏེ་པདྨ་འདབ་མ་བརྒྱད་པ་བསམས་ལ། དེའི་དབུས་སུ་གནས་པར་ཚེ་དཔག་ཏུ་མེད་པར་བདག་ཉིད་རབ་ཏུ་བསྒོམས་ནས། པདྨ་ལ་ལྷ་སྒོམ་པ་སོགས་ཐམས་ཅད་སྔ་མ་རྣམ་སྣང་གི་སྐབས་བཞིན་དུ་བསྐྱེད་པར་བྱའོ། །ནམ་མཁའི་དབྱིངས་ལ་


JLD004_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་དབུས་སུ་གནས་པ་སྟེ་སྣ་ཚོགས་རྡོ་རྗེ་ལ་གནས་པར་རོ། །གདོན་མི་ཟ་བ་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་བཤད་ཟིན་པ་ཡང་རིན་འབྱུང་དང་འདྲའོ་ཏོ་། ༈ །དེ་ལྟར་རིགས་ལྔའི་ཕྱག་མཚན་ཕྱི་ནང་གི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ལ་བརྟེན་པའི་བསྒྲུབ་པ་བཤད་ནས། གཞན་ཡང་ཁྲོ་བོའི་རྒྱལ་པོའི་མཚན་མ་ལ་བརྟེན་ ནས་སོགས ༧འགྱུར་གསར་གཉིས་ལ་སོགས་མེད་དོ། །པ་དག་ཀྱང་ བསྒྲུབ་པར་བྱའོ། ཞེས་བསྟན་པར་བྱ་བའི་ཕྱིར། རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། [སྟོབས་པོ་ཆེའི་རྩེ་གསུམ་དང༌། འདོད་རྒྱལ་གྱི་ཡེ་ཤེས་ཀྱི་ལྕགས་ཀྱུ་དང༌། སོགས་ཀྱིས་ཁྲོ་བོ་ལྷག་མའི་ཕྱག་མཚན་བཟུང་ངོ༌། །རྡོ་རྗེའི་ཁྱད་རྡོ་རྗེའི་སྦྱོར་བོས་བསྒྲུབ་པར་བྱ། ཞེས་འབྱུང་ངོ་། །པར་གྱིས་བསྒྲུབས་ན་ཞེས་བྱ་བ་ནི། མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པ་སྟེ་མི་བསྐྱོད་པའི་བསམ་གཏན་དེས་ནི་ཏྲི་ཤུ་ལ་ལ་སོགས་པ་འདི་དག་འགྲུབ་པར་འགྱུར་རོ། །ཁྲོ་བོ་བཅུ་གང་གི་ཕྱག་མཚན་གྱིས་སྒྲུབ་ཀྱང་མི་བསྐྱོད་པའི་ཏིང་ངེ་འཛིན་གསུམ་གྱིས་བྱའོ། །སྒྲུབ་པ་པོ་གང་གིས་བསྒྲུབ་ཅེ་ན། སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡིས་ཞེས་བྱ་བ་གསུངས་ཏེ། སྐུ་གསུང་ཐུགས་ནི་སྒྲུབ་པ་པོ་གང་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་དངོས་པ་སྤངས་ནས། ཕུལ་དུ་བྱུང་བའི་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་པོར་སྒྲུབ་པར་ནུས་པའི་བསྐྱེད་རིམ་མཐར་ཕྱིན་པ་དེ་ནི། སྐུ་གསུང་ཐུགས་ཀྱི་བསྒྲུབ་པ་སྟེ་དེས་འགྲུབ་པར་འགྱུར་གྱི་གཞན་དག་གིས་ནི་


JLD004_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །དམ་ཚིག་ཆེན་པོ་ནི་ཐེག་པ་ཆེན་པོའོ། །དེའི་དངོས་གྲུབ་ནི་བཤད་མ་ཐག་པ་སྟེ། དེ་སྟོན་པའི་རྡོ་རྗེ་ནི་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་ཉེ་བར་སྡུད་པའོ། ༈ །བཤད་ཟིན་པ་དང་འཆད་འགྱུར་གྱི་དངོས་གྲུབ་བསྒྲུབ་པའི་ཐབས། ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེའི་རིགས་ལ་སོགས་པ་ལས་བྱུང་པའི་ཕྱག་རྒྱ་རྣམ་པ་བཞི་དང་ངམ། ཡང་ན་ཤིང་གཅིག་དྲུང་སྟེ་གཅིག་པུ་ཉིད་དང་ངོ༌། །མཚན་མ་གཅིག་ཅེས་པ་ནི་རབ་ཏུ་མཉམ་པ་སྟེ། རང་གི་རིགས་དང་མཐུན་པའི་ཆ་ལུགས་འཛིན་པའི་ཕྱག་རྒྱ་མ། །ཞི་བའི་གནས་ནི་གདོལ་པ་ལ་སོགས་པའི་བུད་མེད་རྣམས་ཏེ། དེ་དག་ལས་ཇི་ལྟར་རྙེད་པའི་བདེ་ཆེན་སྐྱེ་བའི་གནས་རྣམས་སུ། རྡོ་རྗེ་སྟེ་ཡེ་ཤེས་གསུམ་པོ་དགུག་ཅིང་རྣལ་འབྱོར་པ་གང་གིས་རྗེས་སུ་མྱོང་བ་དེ་ནི་རྡོ་རྗེ་དགུག་པ་ཞེས་པ་ཕྱག་རྒྱ་དང་འི་སྙོམས་པར་ཞུགས་པའི་མཚན་ཉིད་དེ་དེ་བསྒྲུབ་པར་བྱའོ། །ཁྱད་པར་གྱིས་ཞེས་པ་ནི་ཕུལ་དུ་བྱུང་བའི་ཐབས་དེས་དངོས་གྲུབ་བསྒྲུབ་པར་བྱ་བ་སྟེ། ཕྱག་རྒྱའི་ཡུལ་དང་སྙོམས་པར་འཇུག་པ་ལས་གཞན་པའི་ཐབས་དག་ནི་དངོས་གྲུབ་བསྒྲུབ་པ་ལ་འཇུག་པ་བུལ་པ་སྟེ་འགྲུབ་ཐག་རིང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྩ་བར་ཁྱད་པར་གྱིས། ཞེས་ཐབས་དེ་ཁྱད་པར་དུ་འཕགས་པར་གསུངས་སོ། །


JLD004_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པར་བཤད་པའོ། ༈ །དེ་ལྟར་ཕྱག་མཚོན་གྱི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཁྱད་པར་ཅན་རྟོགས་པ་སྟེ་ཐོབ་པས་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སེམས་རང་ལ་འདུན་པར་བྱ་བའི་ཕྱིར། སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་གསུམ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རང་རྡོ་རྗེ་ཅན་གྱི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བྱ་བའོ་ནོ་། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་སྔགས་ཡི་གེ་གསུམ་ལས་བསྐྱེད་པའི་ཀྱི་སྐྱེས་བུའོ། །བསམ་ཞེས་བྱ་བ་ནི་བདག་ཉིད་རྡོ་རྗེ་འཆང་དེར་བསྐྱེད་པའོ། །ཁསངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །ཡེ་ཤེས་བློ་ལྡན་ནི་གཉིས་སུ་མེད་པའི་ཡེ་ཤེས་འདོད་པ་རྣམས་སོ། །:པ་ཚབ:སངས་རྒྱས་ཡེ་ཤེས་བློ་ལྡན་རྣམས། །རླུང་གི་དཀྱིལ་འཁོར་མཆོག་གནས་པ། ཞེས་འབྱུང་བ་ལྟར་བྱའོ། །སངས་རྒྱས་ཡེ་ཤེས་བློ་ལྡན་ཞེས་པ་འདི། སྔ་མ་རྣམས་པཎྜི་ཏ་ལ་འདོད་དེ། དེ་བཀུག་ནས་དེ་ལ་གདམས་པ་ཉན་པ་ལ་འཆད་དོ། །འོན་ཀྱང་ལམ་འདིའི་སྐལ་བ་དང་ལྡན་པའི་གདུལ་བྱ་དམ་པ་རྣམས་བཀུག་ནས་ལམ་ལ་སྦྱོར་བ་ལ་བཤད་ན་འགྲིག་གོ །ཀ སྐུ་གསུང་ཐུགས་ཀྱི་ཀྱོ་བ་ཏང་ཞེས་བྱ་བ་ནི། དེ་ནས་བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱོ་བ་ཏང་སྟེ་འོད་ཟེར་ལྕགས་ཀྱུ་ལྟ་བུའི་གི་རང་བཞིན་དུ་བསམ་པའོ། །དེ་ལྟར་སེམས་པ་དེ་དགོས་པ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཡེ་ཤེས་བློ་ལྡན་དགུག་པའི་ཕྱིར་རོ། །གགང་ཟག་ཁྱད་པར་ཅན་དགུག་


JLD004_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་ཀྱི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་གི་དབང་དུ་བྱས་པའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་ཚེ་ཡི་གེ་ཡྃ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཡོ་བའི་གཟུགས་ཅན་བསམ་ལ། དགུག་པར་བྱ་བའི་བསྒྲུབ་པར་བྱ་བ་དེ་རླུང་དེར་བཞག་སྟེ། དགུག་རྒྱུ་དེའི་ལུས་དང་ངག་དང་ཡིད་ལ་བདག་ཉིད་ཀྱི་སྐུ་གསུང་ཐུགས་སེམས་དཔའ་གསུམ་གྱི་འོད་ཟེར་གྱི་ཀྱོ་བ་ཏང་བཏང་ལ། ལྕགས་ཀྱུས་སྙིང་ག་ནས་དྲངས་ནས་ཞགས་པས་བཅིངས་ཏེ་རིམ་གྱིས་རིམ་གྱིས་བདག་གི་གམ་དུ་འོངས་ཏེ་རླུང་གི་དཀྱིལ་འཁོར་ལས་བབས་ནས། ཡི་གེ་ལྃ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་ལ་འདུག་སྟེ། རང་ལ་གུས་པས་འདུད་པ་བྱེད་པར་བསམ་མོ། །སངས་རྒྱས་དགུག་པ་ཞེས་བྱ་བ་ནི། གང་བཤད་མ་ཐག་པའི་དགུག་པའི་ཆོ་ག་དེ་ནི་སྐྱེ་བོ་ལམ་འདི་ལ་སྐལ་བ་དང་ལྡན་པའི་སེམས་དགུག་པའི་དམ་པ་ཡིན་ཏེ། རྒྱུད་གཞན་དག་དང་ :པ་ཚབ:ཏུ་ནི་ཆོ་ག་ ཐུན་མོང་མ་ཡིན་པའོ། ༈ །དགུག་པའི་སྦྱོར་བ་འདི་ཉིད་ཀྱིས་དམ་ཚིག་ལས་བྱུང་བ། ཕྱོགས་བཅུ་ན་གནས་པའི་ལྷ་མོ་རྣམས་ཀྱང་བཀུག་ལ་ཉེ་བར་ལོངས་སྤྱད་པར་བྱ་ཞིང་རང་གི་ལུང་བསྒོ་བ་སྒྲུབ་པ་ལ་གཟུད་པར་བྱའོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་ནི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་དགུག་པ་ནི་གཞན་གྱིས་མི་ཕྱེད་པའི་དགུག་པའོ། ༈ །རྣམ་པར་


JLD004_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ཀྱི་འཁོར་ལོ་ཆེན་པོ་ནི་རྣམ་པར་སྣང་མཛད་ཀྱི་མཚན་མར་གྱུར་པའི་འཁོར་ལོ་སྟེ། རྣམ་པར་སྣང་མཛད་ཀྱི་རིགས་དང་ལྡན་པ་རྣམས་ཀྱི་སྐྱེད་པའི་རྒྱུར་གྱུར་པའི་ ཕྱིར་རོ། །༢ རྒྱལ་བའི་གནས་སོ་ལྕགས་ཀྱུ་བསམས་ནས་ནི་ཞེས་བྱ་བ་ནི། འཁོར་ལོ་ལྕགས་ཀྱུས་མཚན་པ་དེ་ཀྱོ་བ་ཏང་འདྲ་བ་བྱུང་བར་བསྒོམས་ལ་བསྒྲུབ་པར་བྱ་བའི་སྙིང་གར་བཏང་སྟེ་སྔ་མ་བཞིན་དུ་དགུག་པར་བྱའོ། །བཤད་མ་ཐག་པའི་རིམ་པ་འདི་ཉིད་ཀྱིས་མཚན་མ་སྟེ། ཕྱག་མཚན་ལྷག་མ་ལྕགས་ཀྱུས་མཚན་པ་རྣམས་ཀྱིས་ཀྱང་དགུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་པདྨ་ལ་སོགས་པས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་འོག་ས་སྟེང་ས་བླའི་ཁམས་གསུམ་གྱི་དམ་ཚིག་ནི་གནོད་སྦྱིན་མོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དགུག་པ་ནི་ཁམས་གསུམ་གྱི་དམ་ཚིག་དགུག་པའོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པར་ཡོངས་སུ་བསྐྱེད་པའི་ལྷའི་སྐུ་དེ་རྒྱས་འདེབས་པའི་དུས་སུ་སངས་རྒྱས་ཀྱི་སྐུ་སྟེ་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་རྣམ་པར་བསྒོམས་ལ། ལག་ཏུ་སྟེ་དེའི་ལག་པར་སྐུ་དང་གསུང་དང་ཐུགས་ཏེ་བསྒྲུབ་པར་བྱ་བའོ། །ཞེས་པ་ནི་བསྒྲུབ་བྱ་ཁུགས་པའི་ཚེ་རང་གི་ལག་པས་སྒྲུབ་བྱ་བཟུང་བར་སེམས་པའོ། །ཀྱོ་བ་ལ་སོགས་རབ་ཏུ་བསྒོམ་ཞེས་


JLD004_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། རྩ་བར་ལྕགས་ཀྱུ་ལ་སོགས་སྒོམ་ཞེས་རྣམ་དབྱེ་གཉིས་པར་ཡོད་པ་དེ་ཀྱོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་རྣམ་དབྱེ་གསུམ་པར་བླང་བར་བྱ་བ་སྟེ། བཟུང :པ་ཚབ:་བར་བྱའོ། །ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ག་ནས་དྲངས་ནས་མགྲིན་པ་ཞགས་པས་བཅིངས་ཏེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས་བཀུག་སྟེ། མདུན་དུ་སླེབ་པ་དང་རླུང་ལས་བབས་ཏེ། ལཾ་ལས་བྱུང་བའི་ས་ལ་འདུག་པ་དེ་རང་རྡོ་རྗེ་འཆང་དུ་བསྒོམས་པའི་ལག་པས་བཟུང་ནས་རྒྱས་གདབ་པར་བྱའོ་ཞེས་བྱ་བར་དགོངས་སོ། །རྒྱས་འདེབས་བྱེད་ལུགས་ལ་འཆད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང༌། རྒྱས་བཏབ་པ་འདི་ལྟ་བུའི་སྦྱོར་བ་ཡིས། ཞེས་གསུངས་པའི་རྐང་པ་གཉིས་ཀྱི་དོན། རྣམ་པའི་མཆོག་རྣམས་ཞེས་པ་ནས། རྡོ་རྗེ་དང་ནི་འདྲ་བར་འགྱུར། ཞེས་པའི་བར་གྱི་འགྲེལ་པར་གསུངས་སོ། །དེའི་དོན་ནི། རྒྱས་བཏབ་པ་ནི་རང་གི་བསྒོ་བ་ལས་མི་འདའ་བར་བྱེད་པ་ཡིན་ལ། དེའི་བྱེད་ཚུལ་ནི་རང་གི་ལུས་རྡོ་རྗེ་འཆང་དུ་སྒོམ་པ་དང༌། ལྕེ་རྡོ་རྗེར་བསྐྱེད་ནས་ༀ་ཨཱཿ ཧཱུཾ་ཆེ་གེ་མོ་མ་མ་བ་ཤཾ་ཀུ་རུ་ཨཱཿ །ཞེས་པའི་སྔགས་འདོན་པ་དང་སྔགས་དེའི་དོན་བསྒྲུབ་བྱ་འདི་ཞེས་བྱ་བ་ཁྱོད་ཇི་ལྟར་འདོད་པར་བདག་གི་དབང་དུ་གྱུར་པར་མཛོད་ཅིག །ཅེས་པ་ཡིད་ལ་སེམས་པ་གསུམ་གྱི་སྒོ་ནས་རྒྱས་བཏབ་ན་རྡོ་རྗེ་གསུམ་དུ་འགྱུར་བའོ། །རྒྱས་བཏབ་པ་འདི་ལྟ་བུ་ཡི་སྦྱོར་བ་ཡིས་ནི་སྒྲུབ་པ་པོ་དེ་ནི་གནས་ཏེ་རྡོ་རྗེ་སེམས་དཔའི་གོ་འཕང་ངོ༌། །དེའི་ལས་ནི་དེ་ཉམས་སུ་ལེན་པའི་བྱ་བ་དེ་བཀུག་པ་དེ་ལ་བརྟེན་ནས་བྱེད་པར་འགྱུར་པས་ན་ལས་བྱེད་པར་འགྱུར་ཞེས་བྱའོ། ༈ །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་


JLD004_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་བཤད་མ་ཐག་པའི་རྒྱས་འདེབས་པའི་དོན་ཉིད་རྣམ་པར་འགྲེལ་ཏེ། རྡོ་རྗེའི་སྐུ་ནི་རང་གི་ལུས་སོ། །དེ་བསྒོམ་པ་ནི་ཇི་སྐད་དུ་གསུངས་པའི་མཚན་ཉིད་དང་ལྡན་པར་རྡོ་རྗེ་འཆང་དུ། བསྒོམ་པ འོ་ནི་། དེ་ལྟར་བྱས་པས་རང་གི་ལུས་རྣམ་པར་སྣང་མཛད་དུ་བྱ་བ་སྟེ་བྱེད་དོ་འོ་། །ལྕེ་ཉིད་རྡོ་རྗེ ར་བསྐྱེད་པ་ཡིན་པས་ན་རྡོ་རྗེའི་ལྕེའོ། །དེའི་སྦྱོར་བ་ནི་སྔགས་འདོན་པའོ། །དེས་ནི་གསུང་སྟེ་འོད་དཔག་ཏུ་མེད་པ་དེ་དང་འདྲ་བར་འགྱུར་རོ་ཞེས་པ་སྟེ་འོད་དཔག་ཏུ་མེད་པ་ཉིད་དུ་བྱེད་པའོ། །རང་གི་ལྷའི་ང་རྒྱལ་དང་ལྡན་པས་ལག་པར་གནས་པའི་བསྒྲུབ་པར་བྱ་བ་བཟུང་སྟེ། བཟླས་པར་བྱ་བའི་སྔགས་ཀྱི་དོན་བསམས་ན་རྡོ་རྗེ་འདྲ་བར་འགྱུར་རོ་ཞེས་བྱ་བ་ལ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བ་སྟེ། སྔགས་དོན་སེམས་པ་འདི ས་ནི་མི་བསྐྱོད་པ་ཉིད་དུ་བྱེད་པའོ། །དེ་ཡང་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྒྲུབ་བྱ་ལ་རྒྱས་འདེབས་པའི་རྣམ་པ་འདི་དག་གིས་གསང་བ་གསུམ་སྟེ་སྐུ་དང་གསུང་དང་ཐུགས་དེ་དང་མཉམ་པར་འགྲོ་ཞིང་སྐུ་ལ་སོགས་པའི་ངོ་བོར་གྱུར་པས་ན་གསང་གསུམ་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་མཆོད་པའི་མཆོག་ནི་མཆོད་པ་སྟེ། སྒྲུབ་གྲོགས་ཕྱག་རྒྱའི་འདོད་ཡོན་ལྔའི་རང་གི་ངོ་བོ་ཉིད་གནས་ལུགས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་སྒོ་ནས་དེ་དག་དང་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་མཆོད་པས་མཆོད་ནས་རབ་ཏུ་བསྒྲུབ་པར་བྱ་ཞིང་བཤད་


JLD004_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་པའི་དགུག་པའི་སྦྱོར་བ་འདི་རྫོགས་པར་བྱའོ། ༈ །ད་བཤད་མ་ཐག་པའི་ཆོ་ག་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་གསང་བ་སྟེ་སྦ་བར་བྱ་བ་དང༌། སྙིང་པོ་སྟེ་མཆོག་ཏུ་གྱུར་པ་རྣམས་གང་གིས་བསགས་ཤིང་བསྡུས་པར་གྱུར་པའི་ཆོ་ག་དེ་ནི་གསང་བའི་སྙིང་པོ་བསྡུས་པ་ཡིན་ཞེས་བྱའོ། །གསང་བ་ཆེན་པོ་ནི་ལྷ་ལ་སོགས་པ་དགུག་པའོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པར་གྱུར་པ་གང་ཡིན་པ་དེ་ནི་གསང་བ་ཆེན་པོའི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་ཅེས་གསུངས་སོ་ཞེས་བྱ་བ་ནི་སྡུད་པ་པོའོ་ཚིག་གོ ། ༈ ལས་ཀྱི་རིགས་སོ་སོའི་དབྱེ་བས་ཤ་གང་ལ་ཉེ་བར་ལོངས་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེ་བ་ནི་མི་སྟེ་དེ་རྣམས་ཀྱི་ཤ་ནི་ཤི་བའི་རོ་ལས་བྱུང་བས་ན་དམ་ཚིག་མཆོག་སྟེ་དེས་འབྱུང་པ་ལ་གཏོར་མ་བྱིན་ལ། རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་རང་གི་ལུས་བསྒྲུབ་པར་བྱས་ན། ནམ་མཁའ་ལ་གནས་པ་འཐོབ་པར་འགྱུར་རོ། །དེ་ཡང་བཟའ་བའི་ཕྱིར་དུ་བསད་པའི་ཁ་ན་མ་ཐོ་བ་མེད་པར་རྙེད་པའི་མིའི་ཤས། བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ལ།གཏོར་མ་ནི་མཚོན་པ་ཙམ་སྟེ་ལེའུ་དྲུག་པར་བཤད་པ་ལྟར་རང་ཟ་བ་དང༌། ལྷ་ལ་དབུལ་བ་ཡང་ཤ་དེས་བྱ་སྟེ། གཞན་རྣམས་ལ་ཡང་དེ་ལྟར་སྦྱར་རོ། །


JLD004_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་སྤྱོད་ལ་ཉིད་བསྒྲུབ་པར་བྱའོ། ཞེས་པའི་དོན་ནོ། དམ་ཚིག་མཆོག་གིས་ཞེས་བྱ་བ་ནི་ཤ་ཆེན་ལ་སོགས་པ་བཤང་གཅི་དང་ལྡན་པ་ནི་དམ་ཚིག་མཆོག་སྟེ། ཤ་དེས་རིག་པ་འཛིན་པ་ཉིད་བསྒྲུབ་པར་འདོད་ན་གཏོར་མ་སྦྱིན་པར་བྱའོ། །གླང་པོ་ཉིད་ཀྱི་ལུས་རང་ཤི་བ་དེའི་ཤ་ལས་མངོན་པར་ཤེས་པ་ལྔ་འདོད་པས་གཏོར་མ་སྦྱིན་པར་བྱའོ། །དེ་བཞིན་དུ་རྟའི་ཤས་ནི་མི་སྣང་བ་ཡི་དངོས་གྲུབ་བསྒྲུབ་བར་བྱའོ། །ལས་ཀྱི་དབྱེ་བས་གསུངས་པའི་ཤ་སོ་སོ་བ་རྣམས་མ་རྙེད་པ་ལ་ཆོ་གར་བྱ་བ་སྟེ་བྱེད་ལུགས་བསྟན་པར་བྱ་བའི་ཕྱིར། ཁྱི་ཤ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་གཞན་མ་རྙེད་ན་ཁྱིའི་ཤས་ནི་སྔར་བསྟན་པའི་དངོས་གྲུབ་རྣམས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་བཞིན་དུ་ཁ་ན་མ་ཐོ་བ་མེད་པའི་བ་ལང་གི་ཤ་ལ་ཉེ་བར་ལོངས་སྤྱོད་པས་རྡོ་རྗེ་སྟེ་དབང་དུ་བྱ་བ་བསྒྲུབ་པར་དཀའ་བ་རྒྱལ་པོ་ལ་སོགས་པ་དགུག་པ་བསྒྲུབ་པར་བྱའོ། །ཁ་ན་མ་ཐོ་བ་མེད་པའི་ཤ་མེད་ན་ཆོ་གར་བྱ་བ་བསྟན་པར་བྱ་བའི་ཕྱིར། ཤ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བཤད་པའི་ཤ་རྣམས་མ་རྙེད་ན་ཟས་གཞན་ལ་ཤ་དེ་རྣམས་སུ་བསྒོམས་པས་ཤ་རྣམས་བསྐྱེད་པར་བྱའོ། །ཡང་ན་བག་ཕྱེ་ལ་སོགས་པ་ལས་མིའི་གཟུགས་ལ་སོགས་པ་ལྔ་བྱས་ལ། བྱས་པ་དེའི་ངོ་བོ་ཉིད་ལས་ཏེ་མ་བསད་པར་སྲོག་དང་བྲལ་


JLD004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམས་ནས་དེའི་ཡན་ལག་གིས་ཏེ་ཐབས་ཀྱིས་བསྒྲུབ་པར་བྱའོ། །རྡོ་རྗེ་སྦྱོར་བ་སྟེ། གཞན་གྱིས་མི་ཤིགས་པའི་ཁ་ཟས་ཀྱི་ཆོ་ག་བཤད་མ་ཐག་པ་འདི་བྱས་ན། སྒྲུབ་པ་པོ་ལ་སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ་པར་མཛད་ཅིང་མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་འཐོབ་པར་འགྱུར་རོ། ༈ །རིགས་ལྔའི་ལྷ་རྣམས་ཀྱི་བདག་ཉིད་ཀྱི་ལུས་རྒྱས་པར་བྱ་བའི་ཕྱིར་ཚིམ་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། རྣམ་པའི་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་དཔེའི་རྣམ་པའི་མཆོག་རྣམས་ཀུན་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསམས་ལ། དེའི་འོག་ཏུ་དམ་ཚིག་སེམས་དཔའ་དེའི་སྙིང་གའི་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡེ་ཤེས་དམ་ཚིག་སྟེ་ཡེ་ཤེས་སེམས་དཔའ་བསྒོམས་ནས། འཕགས་པ་ཡབ་སྲས་ཀྱི་གཞུང་གཞན་རྣམས་ལས། ཞལ་ཕྱག་གི་རྣམ་པ་ཅན་གྱི་ཡེ་ཤེས་སེམས་དཔའ་སྒོམ་པ་གསལ་བར་མ་བྱུང་བ་ལ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས། ཡེ་ཤེས་སེམས་དཔའ་དམར་པོ་ཕྱག་གཉིས་པ་ཁ་སྦྱོར་གྱི་སྦྱོར་བས་ལུས་ཐམས་ཅད་ཚིམ་པར་བྱེད་པ་སྒོམ་པར་གསུངས་ཤིང༌། ཐུགས་རྗེ་ཞབས་ཀྱི་ཀྱང་ཡུམ་དང་བཅས་པ་དེ་བཞིན་དུ་བཤད་དོ། །ཏིང་ངེ་འཛིན་སེམས་དཔའ་ནི་ཧཱུཾ་ཡིག་ནག་པོར་བཤད་དེ། འདི་རྡོ་རྗེ་འཆང་གི་དབང་དུ་བྱས་པའོ། །དེའི་ཡང་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསམ་ཞིང་དབུ་བརྒྱན་ཏེ། སྤྱི་གཙུག་གི་གནས་


JLD004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྡོ་རྗེ་འཛིན་པ་ཞེས་བྱ་བ་རྡོ་རྗེ་འཆང་ཆེན་པོ་འདི་དཀར་པོ་ཕྱག་གཉིས་པར་ཐུགས་རྗེ་ཞབས་ཀྱིས་བཤད་དེ་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པའོ། །སྦྱོར་མཚམས་ནས་ཟླ་བའི་འོད་ཟེར་གྱི་ཚོགས་དང་འདྲ་བའི་བདུད་རྩི་འཇོག་པས། སངས་རྒྱས་ཐམས་ཅད་དེ་ཀྱི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་གྱི་སེམས་དཔའ་ཞེས་བྱ་བར་གྲགས་པ་གསུམ་ཚིམ་ཞིང༌། མཉེས་པར་འགྱུར་པར་བསམ་པར་བྱ་སྟེ་བཤད་མ་ཐག་པ་འདི་ནི་དམ་ཚིག་ཐམས་ཅད་ཀྱི་མཆོག་ཡིན་ཞིང་ཁྱད་པར་དུ་གྱུར་པ་ཡིན་པས་དམ་ཚིག་མཆོག་གོ །དེ་ལྟ་བུའི་མཆོག་ཏུ་འགྱུར་པའི་དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག་གི་བསམ་གཏན་རབ་ཏུ་བྱ་བ་སྟེ་བསྒོམ་པར་བྱ་བའོ། །དམ་ཚིག་མཆོག་གིས་ནི་སྒྲུབ་པ་པོས་སོ། །དམ་ཚིག་ཐམས་ཅད་ནི་སྒྲུབ་པ་པོ་དེ་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་འཆང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་འབབ་པ་སྟེ་ཏེ་དེས་ཚིམ་པར་འགྱུར་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །རིགས་ཀྱི་དབྱེ་བས་ལྕེའི་བསྐྱེད་ཆོག་སོ་སོར་བསྟན་པར་བྱ་བའི་ཕྱིར། ལྕེ་ཡི་དམ་ཚིག་རྡོ་རྗེ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེ་ནི་རིགས་ལྔའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་མི་བསྐྱོད་པའི་རིགས་ཏེ་མི་བསྐྱོད་པའི་སྐུ་དེར་གནས་ནས་ལྕེ་ལ་ཧཱུཾ་:པ་ཚབ་ཆག:ཡིག་རྡོ་རྗེ་ཅན་ ཏེ རྡོ་རྗེ་ཅན་གྱི་ཧཱུཾ་སྟེ། ཧཱུཾ་ཡོངས་སུ་གྱུར་པ་


JLD004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྕེ་རྡོ་རྗེར་བསྒོམས་ཏེ། ཟས་ལ་སོགས་པ་བཟའ་བཏུང་གང་ཅི་ཡང་རུང་བ་ལ་སྤྱོད་པ་དེ་དག་བདུད་རྩི་ལྔ་ཡི་སྦྱོར་བས་ཏེ་བདུད་རྩི་ལྔར་བསྐྱེད་པར་བྱས་ནས་ཉེ་བར་སྤྱོད་ཅིང་ཟོས་ན་རྡོ་རྗེ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཤིན་ཏུ་སྦྱངས་པ་འཐོབ་པར་འགྱུར་རོ་ཏེ་བཤད་མ་ཐག་པའི་ཟས་སུ་བྱ་བའི་མཚན་ཉིད་འདི་ནི་རྡོ་རྗེའི་ཚུལ་མཆོག་སྟེ་རྡོ་རྗེའི་རིགས་ཀྱི་བྱེད་ཚུལ་ཡིན་ཏེ། དེ་བཞིན་དུ་ཡི་གེ་ཨཱཿ དང་ཡི་གེ་ༀ་གྱི་དམ་ཚིག་དག་གིས་ཀྱང་བྱ་སྟེ། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ལྕེ་ལ་ཨཱཿ ཡོངས་སུ་གྱུར་པའི་མཚན་ཉིད་ཅན་པདྨ་བསམ་པར་བྱ་ལ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་ཡི་གེ་ༀ་ཡོངས་སུ་གྱུར་པ་ལས་ལྕེ་འཁོར་ལོར་བསམ་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་གསུམ་གྱིས་ནི་རིན་འབྱུང་དང་དོན་གྲུབ་ཀྱི་རྣལ་འབྱོར་པས་ལྕེ་སྭ་དང་ཧཱ་ལས་རིན་པོ་ཆེ་དང་རལ་གྲིར་བསྐྱེད་པ་དང༌། བཟའ་བཏུང་བདུད་རྩི་ལྔར་བསྐྱེད་ནས་ལོངས་སྤྱོད་པ་ཡང་ཤེས་པར་བྱ་ལ། རིགས་ལྔའི་རྣལ་འབྱོར་བས་ནི་དེ་ལྔའི་རིགས་ཀྱི་ལྷའི་རྣལ་འབྱོར་པ་ཡང་སྟོན་པར་གཟུང་ངོ༌། །སྔ་མ་ཁ་ཅིག་འདི་བསྙེན་པའི་དུས་ཡིན་གྱི་ལས་སྒྲུབ་པའི་དུས་མིན། ཞེས་ཟེར་བ་ལྟར་མི་བྱ་བར་བསྙེན་བསྒྲུབ་གཉིས་ཀ་ལ་ཤེས་པར་བྱའོ། ༈ །འདི་ལྟ་བུ་ཡི་ཟས་སུ་བྱས་པའི་སྦྱོར་བས་ནི་སྐུ་ལ་སོགས་པ་ལས་སུ་རུང་པ་ཐོབ་ནས། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ། །རྡོ་རྗེ་དམ་ཚིག་ནི་བདུད་


JLD004_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྩིར་བྱེད་པའི་མཚན་ཉིད་ཅན་གྱིས་བསམ་གཏན་གྱི་ཁྱད་པར་རོ། །བདུད་རྩི་ཕྲེང་བ་ནི་བདུད་རྩིའི་ཚོགས་ཏེ་རྡོ་རྗེའི་དམ་ཚིག་གིས་བདུད་རྩིའི་ཕྲེང་བ་གང་དུ་བསྐྱེད་པའི་ཏིང་ངེ་འཛིན་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། ༈ །བསྐྱེད་པའི་རིམ་པའི་རྣལ་འབྱོར་པའི་བྱ་བའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྟན་ནས། ད་ནི་རྫོགས་པའི་རིམ་པ་ཟུང་འཇུག་ལ་གནས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་གི་འི་དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་ཏེ། སྣང་བ་གསུམ་མོ། །དམ་ཚིག་གི་དོན་ནི་གསུམ་པོ་དེ་འོད་གསལ་གང་དུ་མཉམ་པར་ཐིམ་པར་གྱུར་པ་དེ་ནི་རྡོ་རྗེ་དམ་ཚིག་གསུམ་སྟེ། དོན་དམ་པའི་བདེན་པ་ཡིན་ལ་དེ་དང་རོ་གཅིག་ཏུ་ཞུགས་པའི་ཡེ་ཤེས་དེ་ཉིད་ནི་གྲུབ་མཆོག་གོ །དེ་ལས་སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་མཚན་ཉིད་ཅན་གྱི་སྐུ་གསུམ་པོ་སྟེ། དེའི་རྡོ་རྗེ་གང་ལ་ཡོད་པ་དེ་ནི་སྐུ་གསུམ་རྡོ་རྗེ་ཅན་ཏེ་འབྲས་བུའི་རྡོ་རྗེ་འཆང་ཆེན་པོའོ། །འགྱུར་བ་ནི་འབྱུང་བའོ། ༈ །དེ་ལྟར་སྤངས་རྟོགས་ཡོངས་སུ་རྫོགས་པའི་ཆོ་འཕྲུལ་དང་ནུས་མཐུ་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུ་ན་རྣམ་པར་:པ་ཚབ:གནས་པ། སེམས་ཅན་གྲུབ་པ་ཀུན་གྱི་ཞེས་


JLD004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདེའོ། །རྫོགས་པར་གྱུར་པས་གནས་པའི་སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་རྒྱ་མཚོར་འགྱུར་བས་ན་ནོར་བུ་ཡིད་བཞིན་རྒྱ་མཚོར་འགྱུར་ཞེས་བྱ་སྟེ་དེ་དང་འདྲ་བར་དགོས་འདོད་ཀུན་འབྱུང་བར་འགྱུར་བའོ། །རྡོ་རྗེའི་བདག་ཉིད་ནི་རྡོ་རྗེའི་སྐུའོ། །སྣང་བར་བྱེད་ཅིང་རང་གི་ལུས་ཀྱི་འོད་ཉིད་ཀྱིས་གསལ་བར་བྱེད་པས། སྣང་བར་བྱེད་པ་སྟེ་དེས་ཁྱབ་པར་བཤད་པའོ། །འཁོར་ལོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་དེ་དེ་དང་འབྲེལ་བའི་དངོས་གྲུབ་ནི་འཁོར་ལོའི་དམ་ཚིག་གྲུབ་པའོ། །དེ་ཉིད་མཆོག་སྟེ་དེ་ལ་སངས་རྒྱས་ཀྱི་སྐུ་དང་འདྲ་བར་འགྱུར་ཞིང་དེ་དང་མཚུངས་པར་འགྱུར་བའོ། །དེ་ལྟར་མི་བསྐྱོད་པ་ལ་སོགས་པ་དང་རབ་ཏུ་འབྲེལ་པའི་དངོས་གྲུབ་ཀྱི་རྒྱུ་ནི་དེའི་ཉེ་བར་མཚོན་པ་ལས་ཤེས་པར་བྱའོ། །གངྒཱའི་བྱེ་སྙེད་ཅེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་དངོས་པོ་སྟེ་རིགས་ལྔ་དང་འབྲེལ་པའི་དངོས་གྲུབ་ཐམས་ ཅད་ཀྱིས་ གྲུབ་པས་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་སྤྱོད་པར་འགྱུར་རོ། །དམ་ཚིག་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཐམས་ཅད་ནི་མཁའ་འགྲོ་དང་མཁའ་འགྲོ་མའི་དམ་ཚིག་ཐམས་ཅད་དེ་དེ་རྣམས་ཀྱི་དམ་པའོ། །དེ་རྣམས་ཀྱི་རིག་པ་ནི་དེ་སྒྲུབ་པའི་སྔགས་ཡིན་ལ། དེ་འཛིན་པར་


JLD004_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་ན་རིག་པ་འཛིན་པ་སྟེ་དེ་རྣམས་ཀྱི་ཡང་གཙོ་བོར་འགྱུར་བའོ། །རྡོ་རྗེ་སྐུ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྐུ་ནི་རབ་བསྒོམས་པས། ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒོམས་པས་སོ། །ཐམས་ཅད་དམ་ཚིག་མཆོག་ཏུ་འགྲུབ་ཅེས་བྱ་བ་ནི། བཤད་མ་ཐག་པའི་མཁའ་འགྲོ་ལ་སོགས་པའི་དམ་ཚིག་མཆོག་འགྲུབ་པར་འགྱུར་བའོ། །མི་སྣང་གྱུར་པ་ཐམས་ཅད་ལ། ཞེས་བྱ་བ་ནི་ངག་གི་བྱ་བ་དང་ལུས་ཀྱི་ཡན་ལག་མི་སྣང་བར་གྱུར་པ་ལ་གནས་ནས་པའོ། །སྟོང་ཁམས་དག་ནི་སྣང་པར་བྱེད་ཅེས་བྱ་བ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྣང་བ་གཅིག་གིས་སྣང་བར་བྱེད་པས་ཀྱང། སངས་རྒྱས་ཀུན་ལས་དངོས་གྲུབ་ཐམས་ཅད་དང་འབྲེལ་བའི་ཕུན་སུམ་ཚོགས་པ་རྣམས་འཕྲོག་ཅིང་ལེན་པར་བྱེད་པ་དང༌། ལྷ་ཡི་མཆོག་སྟེ་བརྒྱ་བྱིན་ལ་སོགས་པ་དེ་རྣམས་ཀྱི་བུ་མོ་བཀུག་ནས་ཉེ་བར་ལོངས་སྤྱོད་པ་རྗེས་སུ་མྱོང་བར་འགྱུར་བའོ། །གངྒཱའི་ཞེས་བྱ་བ་ལ་སོགས་པ་ལ། གངྒཱའི་བྱེ་མའི་ཚད་སྙེད་ཀྱི་རྒྱལ་བ་རྣམས་རྡོ་རྗེ་གསུམ་སྟེ་རྡོ་རྗེ་འཆང་ཆེན་པོ་དེའི་གནས་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྟེ། དེ་ན་བཞུགས་པ་རྣམས་རང་གི་ལག་པའི་མཐིལ་དུ་བཞག་པའི་སྐྱུ་རུ་ར་བཞིན་དུ་རྡོ་རྗེའི་མིག་གིས་ཏེ་ལྷའི་མིག་ཤིན་ཏུ་ཕྲ་ཞིང་རྣམ་པར་དག་པས་མཐོང་བར་འགྱུར་བའོ། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན། གང་སྒྲར་གྲགས་པ་སེམས་ཀྱིས་ཟིན་


JLD004_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྱུང་བ་ལས་བྱུང་བ་ངག་སྨྲ་བ་ལྟ་བུ་དང༌ སེམས་ཀྱིས་མ་ཟིན་པ་ལས་བྱུང་བ་ཆུའི་སྒྲ་སོགས་དང༌། ཟིན་མ་ཟིན་གཉི་འོ་ན་སློབ་དཔོན་འདིས་མཛད་ཟེར་བའི་དབུ་མ་ཕུང་པོ་ལྔ་བར། ཟིན་མ་ཟིན་གཉིས་ཀ་ལས་བྱུང་བའི་སྒྲ་མེད་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་འདི་ལ་ཁ་གཡར་བྱས་པའི་གཞུང་མང་དུ་སྣང་བ་བཞིན། འདི་ཡང་དེ་རྣམས་དང་འདྲ་བ་ཡིན་པས་སྐྱོན་མེད་དོ། །གའི་འབྱུང་བ་ཆེན་པོ་ལས་འབྱུང་བ་ལག་པས་རྔ་ལ་བརྡབས་པའི་སྒྲ་ལྟ་བུ་ཇི་སྙེད་པ་དེ་ཐམས་ཅད་རྣ་བའི་དྲུང་ན་འཁོད་པ་བཞིན་མངོན་ཤེས་ཏེ་རྫུ་འཕྲུལ་གྱིས་ཐོས་པར་འགྱུར་རོ། །པ་ཚབ་ཀྱིས། གང་དག་སྒྲར་ནི་བསྒྲགས་པ་རྣམས། །མངོན་ཤེས་ཁྱུ་མཆོག་གིས་ཐོས་འཆད། །རྣ་བར་འཁོད་བཞིན་ཐོས་པར་འགྱུར། ཞེས་དང༌། དེ་ཐམས་ཅད་མངོན་ཤེས་ཁྱུ་མཆོག་གིས་ཏེ། མངོན་ཤེས་ནི་རྫུ་འཕྲུལ་ཏེ། དེ་ལ་ཁྱུ་མཆོག་གི་མངའ་བདག་གཙོ་བོས་རྣ་བའི་བུ་གར་སོང་པའི་སྒྲ་བཞིན་དུ་ཐོས་པར་འགྱུར་རོ། །ཞེས་བསྒྱུར་རོ། །འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱིས་མཚན་པའི་འཇིག་རྟེན་གྱི་ཁམས་རྣམས་ན་སེམས་ཅན་རྣམས་རོལ་མོ་པའི་གར་མཁན་དང་འདྲ་བར་སྣ་ཚོགས་པར་བྱུང་བའི་སེམས་ཞེས་བྱ་བ། རང་བཞིན་བརྒྱ་དྲུག་ཅུའི་རྒྱུར་གྱུར་པ་རིག་པར་འགྱུར་རོ། །འཁོར་བ་དག་ན་གནས་པ་ཡི། ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་འཁོར་བ་ཐོག་མ་མེད་པར་


JLD004_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལྔར་ཡོངས་སུ་འཁོར་བ་དེར་འབྱུང་བའི་སྔོན་གྱི་གནས་ཏེ་སྔོན་གྱི་སྐྱེ་བ་གཏན་ཚིགས་ཏེ་ལུས་ཀྱི་ཁྱད་པར་རྣམས་ཞག་གསུམ་ལོན་པ་བཞིན་ཏེ། ཞག་གསུམ་འདས་པ་བཞིན་དུ་དྲན་པར་འགྱུར་རོ། །གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་བདག་ཉིད་ཀྱི་ལུས་ལ་སངས་རྒྱས་སྤྲིན་ལ་སོགས་པས་བརྒྱན་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་ལྷ་རྣམས་ཀྱི་འཁོར་ལོས་བརྒྱན་ནས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པར་གནས་ནས། རྡོ་རྗེ་འཕྲུལ་མཆོག་ཅེས་བྱ་བ་ནི་འོད་གསལ་བ་སྟེ། དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་རྫུ་འཕྲུལ་མཆོག་ལྡན་ནོ། །འགེངས་པ་ནི་སྤྲུལ་པ་སྤྲོ་བའོ། །དམ་ཚིག་མངོན་པར་མཁྱེན་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་བའོ། ༈ །དེ་ལ་མངོན་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་སྤྱན་ཞེས་བྱ་བ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྤྱན་ནི་འོད་གསལ་བ་བསྒོམས་པས་དྲི་མ་རྣམ་པར་དག་པ ར་བྱས་པ ས་གཟིགས་པ་གང་ཡིན་པ་དེ་ནི་རྡོ་རྗེའི་སྤྱན་ཏེ་དེ་བཞིན་དུ་རྡོ་རྗེའི་སྙན་དང༌། རྡོ་རྗེའི་ཐུགས་དང༌། རྡོ་རྗེའི་གནས་དང༌། རྡོ་རྗེའི་རྫུ་འཕྲུལ་བཞི་པོ་གཞན་དག་ལ་ཡང་རྡོ་རྗེ་བཞི་ནི་རྡོ་རྗེ་འཆང་དང༌། འོད་གསལ་བསྒོམས་པས་དག་པར་བྱས་པའི་གསན་པའི་སྙན་དང༌། ཐུགས་ཀྱིས་སེམས་ཅན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་དྲན་པ་དང༌། ལུས་ཀྱི་བཀོད་པ་དཔག་ཏུ་མེད་པའི་རྫུ་འཕྲུལ་སྟོན་པ་ལ་ཡང༌། རྡོ་རྗེའི་མིག་ལ་བཤད་པ་


JLD004_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྦྱར་བར་བྱའོ། །འདི་དག་གིས་གཞན་གྱི་དོན་དུ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་མངོན་པར་ཤེས་པ་ནི་ལྷའི་མིག་ལ་སོགས་པའོ། །དེས་དོན་འགྲུབ་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །སངས་རྒྱས་སྐུ་དང་འདྲ་བར་འགྱུར། ཞེས་བྱ་བ་ནི། ཇི་ལྟར་སངས་རྒྱས་ཀྱི་སྐུ་དཔག་ཏུ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་དོན་བྱ་བ་ཡང་མཐའ་ཡས་པའོ། ༈ །དེ་ལྟར་གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་ནས་ཇི་ལྟར་གནས་པར་འགྱུར་ཞེ་ན། གངྒཱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གངྒཱའི་བྱེ་མའི་ཚད་སྙེད་ཀྱི་གྲངས་མེད་པའི་མི་ཕྱེད་པའི་འཁོར་གྱི་གཡོག་རྣམས་མཆོད་པའི་ཚོགས་དང་བཅས་ཤིང་ལྷའི་བཞོན་པ་ལ་ཞོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་མདུན་དུ་བདར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་རྣམ་པར་སྤྱོད་ཅིང་གནས་པར་འགྱུར་རོ། །འབྲས་བུའི་ཕྱོགས་གཅིག་འབྲས་བུའི་ཕྱོགས་གཅིག་གོ །ཞེས་ཡར་ལ་བཅད་པ་ལེགས་ཏེ། སྔར་བཤད་པའི་ཡོན་ཏན་དེ་རྣམས་མཆོག་གྲུབ་པའི་སྐབས་ཀྱི་ཡོན་ཏན་གྱི་ཕྱོགས་གཅིག་ཙམ་བརྗོད་པའོ་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །གོ ། ༈ བཞུགས་པའི་ཚིག་གླེང་གཞི་ལས་སམ་ནས་བརྩམས་ནས འདི་ཡན་ཆད་དུ་ཅི་ལྟར་རིགས་པར་ཏེ་སྐབས་སུ་གང་བབས་པར་མཆོག་རྫོགས་རིམ་གྱི་སྒྲུབ་པ་དང་ཐ་མལ་པ་


JLD004_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་པའི་སྒྲུབ་པ་ཉེ་བར་བསྟན་ནས། ད་ནི་བསྐྱེད་པའི་རིམ་པའི་བསྒྲུབ་པའི་ཡན་ལག་བསྙེན་བསྒྲུབ་བཞི་སླར་ཡང་གསལ་བར་བྱ་བའི་ཕྱིར། བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། [བསྙེན་པའི་སྐད་དོད་སེ་བ་ལ་སེ་བྱ་སྟེ་བསྙེན་པར་བྱ། ཨ་ལཾ་བྱ་ཏེ་དམིགས་པར་བྱ་བའོ། །བསྙེན་པར་བྱ་ཞིང་དམིགས་པར་བྱ་བ་ཡིན་པས་ན་བསྙེན་པ་སྟེ། ཡེ་ཤེས་ཀྱི་སའི་ཆ་དེ་བཞིན་ཉིད་སྒོམ་པ་ཡིན་ལ་དེ་ཉིད་ནི་འདའ་པར་མི་བྱ་བས་དམ་ཚིག་གོ །དེ་བཞིན་ཉིད་སྒོམ་པ་དེ་ནས་རྡོ་རྗེའི་སའི་ཆ་དང་ལ་སོགས་པས་བྷྲུཾ་ལས་གཞལ་ཡས་ཁང་བསྐྱེད་པ་ནས་ལྷག་མོས་འོད་གསལ་དུ་བསྡུས་པའི་བར་རྣམས་ཡང་དག་པར་སྦྱར་ཞིང་སྟེ་བསྐྱེད་པ་ནི་བསྙེན་པའི་དམ་ཚིག་སྦྱོར་བ་སྟེ། ཡན་ལག་དང་པོའོ། །སྟོང་པ་ཉིད་ལ་དམིགས་པ་ཉེར་སྒྲུབ་ལ་ཕྱིར་གཅོད་པ་འདི་དང༌། ཆག་འགྱུར་དུ་འབྱུང་བ་ནི་མི་ལེགས་པས། པ་ཚབ་ཀྱིས་ཡན་ལག་དང་པོ་སྟོང་པ་ཉིད་ལ་དམིགས་པའོ། ཞེས་པ་ལྟར་བྱའོ། །རྒྱུད་ཕྱི་མའི་འགྲེལ་པར་ཡང་ལྷག་མོས་འོད་གསལ་དུ་སྡུད་པ་བསྙེན་པ་ལ་སྦྱར་རོ། །སྟོང་པ་ཉིད་དམིགས་ནས་སྟོང་པའི་ངང་ལས་ཧཱུཾ་ལས་ཉི་མ་ལ་སོགས་པ་དམིགས་པ་ནི་ཉེ་བར་སྒྲུབ་པ་སྟེ། ཉེར་སྒྲུབ་དེ་ཉིད་ཀྱི་ལུས་ལ་ༀ་ལ་སོགས་པའི་སྔགས་རྣམ་པར་དགོད་པའི་མཐར་ཐུག་པར་འབྱུང་བ་ནི་ཉེ་བར་སྒྲུབ་པ་འབྱུང་བ་སྟེ། ཡན་ལག་གཉིས་པའོ། །སྒྲུབ་པའི་དོན་གྱི་དམ་ཚིག་དང་ཞེས་བྱ་བ་ནི། རང་གི་སྒོ་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་སྒྲུབ་པ་


JLD004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བཞག་པའི་དོན་དུ་གསོལ་བ་འདེབས་པ་ནི་སྒྲུབ་པའི་དོན་གྱི་ཞེས་པའོ། །དམ་ཚིག་སྟེ་མཉམ་པར་གྱུར་པས་ན་དམ་ཚིག་ཅེས་བྱ་བས་རང་དམ་ཚིག་སེམས་དཔའ་ལ་ཏིང་ངེ་འཛིན་གྱི་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་བཀོད་ནས་སེམས་དཔའ་གསུམ་ངོ་བོ་དབྱེར་མེད་དུ་མཉམ་པར་བྱེད་པ་ནི་སྒྲུབ་པའི་དོན་གྱི་ཆེད་དང་དམ་ཚིག་སྟེ། ཡན་ལག་གསུམ་པའོ། །ལྷག་མ་དཀྱིལ་འཁོར་གྱི་རྒྱལ་བ་མཆོག་དང༌། ལས་ཀྱི་རྒྱལ་པོ་མཆོག་གི་མཐར་ཐུག་པ་ནི་གཞན་གྱི་དོན་ཆེན་པོ་སྒྲུབ་པས་ན་སྒྲུབ་པ་ཆེན་པོ་སྟེ་དེ་ནི་ཡན་ལག་བཞི་པའོ། །དེ་ལྟར་ཡན་ལག་བཞི་པོ་ཤེས་པར་བྱས་ལ། རྡོ་རྗེའི་བྱེ་བྲག་སྟེ། རིགས་ལྔའི་རིགས་ཀྱི་བྲེ་བྲག་གིས་ཏེ་དབྱེ་བས་དེ་ནས་ཞེས་པ་བསྙེན་བསྒྲུབས་ཡན་ལག་བཞི་སྒོམ་པ་སྔོན་དུ་བཏང་པ་དེའི་འོག་ཏུ་ལས་:པ་ཚབ་ཆག:ལས་རྣམས་ཏེ་བཤད་པ་དང་འཆད་པ་ཞེས་འབྱུང་ངོ༌། །རྣམས་ཞེས་བྱ་བ་འོག་ནས་འཆད་པ་དང༌། སྔར་བཤད་པ་རྣམས་བསྒྲུབ་པར་བྱའོ་༧ རྗེ་རིན་པོ་ཆེ་འགོས་ཀྱི་བཞེད་པས་རྒྱུད་འདིའི་ལས་ཚོགས་རྣམས་སྒྲུབ་པ་ལ་སྐབས་ལ་གང་བབས་ཀྱི་ལྷ་སོ་སོའི་དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་སྐབས་སུ་གང་བབས་ཀྱི་ལས་སྒྲུབ་པར་བཞེད་པ་ནི། རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། ཞེས་གསུངས་པ་རྩ་འགྲེལ་གྱི་དགོངས་


JLD004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། ལས་རྒྱལ་མཆོག་གི་འོག་ཏུ་ལས་ཚོགས་བྱ་བ་ནི། བསྙེན་པའི་དུས་ལ་དགོངས་ཤིང༌། མདོ་བསྲེ་ལས་ཞི་སོགས་ཀྱི་ལས་སྒྲུབ་པ་ཐམས་ཅད་ལས་རྒྱལ་མཆོག་ཏུ་གསུངས་པ་ནི་སྒྲུབ་བའི་དུས་ཀྱི་ལས་རྒྱལ་མཆོག་གོ །ཞེས་བྱ་བ་སྟེ་མདོར་བསྟན་པའོ། ༈ །བསྙེན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པས་ནི་མདོར་བསྟན་པའི་བསྙེན་བསྒྲུབ་ཀྱིས་ཡན་ལག་བཞི་རྒྱས་པར་སྟོན་པ་ཡིན་ཏེ། སྟོང་པ་ཉིད་ལ་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ནི་བསྙེན་པའོ། །དེ་ཉིད་ལ་སེམས་རྩེ་གཅིག་ཏུ་འཇོག་པར་བྱེད་ཅིང་དེའི་དོན་སེམས་ལ་འཇོག་པས་ན་ཏིང་ངེ་འཛིན་ནོ། །རབ་ཏུ་སྦྱོར་བ་ནི་ཡང་དག་པར་སྦྱོར་བའོ། །དེ་གང་ཞེན། རྡོ་རྗེའི་སའི་ཆ་ལ་སོགས་པ་ནས་དཀྱིལ་འཁོར་གྱི་འཁོར་ལོའི་བར་དུ་ལྷག་པར་མོས་པས་བསྐྱེད་པ་སྟེ། བསྙེན་པའི་ཏིང་ངེ་འཛིན་དང༌། རབ་ཏུ་སྦྱོར་བ་ནི་བསྙེན་པའི་ཏིང་ངེ་འཛིན་རབ་སྦྱོར་བ་སྟེ་དེ་བྱས་ལ། དེ་ཙམ་དུ་མ་ཟད་ༀ་ཤཱུ་ནྱ་ཏཱ་ཞེས་བྱ་བའི་སྔགས་ཀྱི་དོན་རབ་ཏུ་རྣམ་པར་དཔྱད་པ་ལས་བྱུང་བའི་བྱང་ཆུབ་ཀྱི་མཆོག་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་བསྒོམ་པར་བྱ་བའི་བར་རོ། །དེ་བཞིན་ཉིད་ལས་བྱང་ཆུབ་བ་དེ་བྱས་ནས། ༈ ཉི་མ་དང་ཟླ་བ་དང་པདྨ་ལ་སོགས་པའི་རིམ་གྱིས་གོང་ནས་གོང་དུ་བཞག་ལ། དེའི་སྟེང་དུ་ཡི་གེ་གསུམ་རྣམ་པར་བཀོད་དེ་དེ་ཐམས་ཅད་བསྡུས་པ་ལས། ཟླ་བའི་དཀྱིལ་འཁོར་བསམ་ཞིང་དེའི་སྟེང་དུ་ཡང་ཡི་གེ་གསུམ་པོ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་རིགས་དྲུག་སོ་སོའི་ཕྱག་མཚན་ནོ། ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས་རིགས་དྲུག་གི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་པ་ནི། ཉེ་བར་ཏེ་ཉེ་


JLD004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་གན་དུ་ཞེས་པ་ནི་གམ་དུ་ཞེས་ཀྱང་འབྱུང་བ་དང་འདྲ་སྟེ་རང་གི་རྩར་མངོན་དུ་གྱུར་པའི་དོན་ནོ། །གན་དུ་སྒྲུབ་ཅིང་བསྐྱེད་པས་ན་ཉེ་བར་བསྒྲུབ་པའོ། །གྲུབ་པ་ནི་མངོན་བྱང་ལྔ་ལས་ཕྱག་རྒྱ་ཆེན་པོ འི་སྐུ་གྲུབ་པའོ། །དེའི་མཆོག་མཆོག་གི་སྐད་དོད་ནི་དང་པོ་དང་ཐོག་མ་ལའང་འཇུག་པས། འདིར་ཐོག་མར་ༀ་ཡིག་འགོད་པ་ལ་བྱའོ། །ནི་ཐོག་མར་གྱུར་པ་ༀ་:ཆག:ལ་སོགས་པའི་སྔགས་རྣམས་ཏེ་གང་ལ་ཉེ་བར་སྒྲུབ་པ་གྲུབ་མཆོག་སྔགས་ཀྱི་ཡི་གེ་མ་ལུས་པར་རྣམ་པར་བཀོད་པའི་ཕྱག་རྒྱ་ཆེན་པོའོ། ཞེས་འབྱུང་བ་གོ་བདེའོ། །ༀ་ལ་སོགས་པའི་སྔགས་གང་ཡིན་པ་དེ་ནི་ཉེ་བར་སྒྲུབ་པ་གྲུབ་མཆོག་ལའོ། །སྔགས་ཀྱི་ཡི་གེ་མ་ལུས་པར་རྣམ་པར་བཀོད་ལ་ཕྱག་རྒྱ་ཆེན་པོའི་གཟུགས་དེ་ལ་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་ནས་གནོད་མཛེས་ཀྱི་བར་དེ་རྣམས་ཀྱི་སྐྱེ་མཆེད་ནི་གཟུགས་:པ་ཚབ:ཀྱི་ཕུང་པོ་ལ་སོགས་པ་དེ་རྣམས་ཀྱིས་རྣམ་པར་དཔྱད་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ། །དེ་ཡང་གཟུགས་ཕུང་ནས་རྐང་མཐིལ་གྱི་བར་སོ་གཉིས་སོ། །དེ་རྣམས་ཀྱི་ཁརྣལ་འབྱོར་གྱི་རིམ་པ་བཞིའི་ནང་ནས་རིམ་འདིར་བཤད་པའི་རིམ་པ་གསུམ་པ་རྣམ་གཞག་རིམ་པའི་རིམ་པ་གསུམ་པ་ལ་འདོད་པ་དང༌། རྡོར་སེམས་ཀྱི་སྒྲུབ་ཐབས་ཀྱི་རིམ་པ་གསུམ་པ་ལ་འདོད་པ་ནི་དོན་མིན་ཏེ། རྣམ་གཞག་གི་རིམ་པ་གསུམ་པར་ཤིན་ཏུ་རྣལ་འབྱོར་སྒོམ་པ་མ་བཤད་པའི་ཕྱིར་དང༌། རྡོར་སེམས་


JLD004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲུབ་ཐབས་སུ། རྒྱུ་དང་འབྲས་བུ་ཤེས་ནས་སྒོམ་པ་མ་བཤད་པའི་ཕྱིར་རོ། །པ་གསུམ་པ་ཤིན་ཏུ་རྣལ་འབྱོར་སྒོམ་པའི་ཚུལ་རྣམ་གཞག་རིམ་པ་ལས་གསུངས་པའི་གོ་རིམས་ཀྱིས་ཏེ་རིམ་པ་དེས་ངེས་པར་བྱས་ལ། སྟེ་ངེས་པར་བྱ་བ། རྒྱུ་ལུས་ལ་ལྷ་དགོད་ཚུལ་དང་དེ་ལྟར་བཀོད་ནས་བསྒོམས་པའི་འབྲས་བུ་ཡོངས་སུ་ཤེས་ནས་བསྒོམས་པའོ་པས་ཀརྣམ་པར་དཔྱད་ཉེ་བར་སྒྲུབ་པ་ཞེས་པའི་རྐང་པ་གཉིས་ཀས་ཉེར་སྒྲུབ་སྟན་དགོས་པས། སྔར་མངོན་བྱང་ལྔ་ལས་ཕྱག་རྒྱ་ཆེན་པོའི་སྐུ་བསྐྱེད་པ་ཉེར་སྒྲུབ་ཏུ་བཤད་པ་ལ་འཁྲུལ་ནས། དེ་ཙམ་ཞིག་ཉེར་སྒྲུབ་ཏུ་འདོད་པར་མི་བྱའོ། །པ་ནི། ༈ །དེ་ལྟར་བྱས་ནས་སྒྲུབ་ཅིང་སྟེ། རང་གི་སྒོ་གསུམ་བྱིན་གྱིས་བརླབ་པ ར་བྱ་བ འི་ཕྱིར། རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་རང་ལ་བཅུག་པའི་སྒོ་ནས་མཉེས་པར་བྱས་པ་གང་ཡིན་པ་དེ་ལ་ནི་བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས་ཞེས་བྱ་བའི་བར་དུ་གསུངས་ཏེ། སྒྲུབ་པ་དང་བསྐུལ་བ་གཉིས་ནི་རྣམ་གྲངས་སོ། །བསྐུལ་བ་དེ་གང་ཞེན། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་:ཆག:གཉིས་གཉིས་ཞེས་འབྱུང་ངོ༌། །སོ། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །ཞེས་བྱ་བ་ལ། སྔགས་ནི་ཡི་གེ་ༀ་ལ་སོགས་པ་སྟེ། ཏིང་ངེ་འཛིན་སེམས་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་ནི་དང་པོ་སྦྱོར་བའི་སྐབས་སུ་བདག་པོ་དྲུག་འོང་བས། དེ་ལ་རྡོ་རྗེ་འཆང་དང་མི་བསྐྱོད་པ་ཡིན་ན་ཧཱུཾ་ཡིག་དང༌། ལྷག་མ་བཞི་ལ་ༀ་སྭ་ཨཱཿ ཧཱ་བཞི་ཏིང་ངེ་འཛིན་སེམས་དཔར་བྱ་སྟེ། དཀྱིལ་འཁོར་པ་གཞན་གཙོ་བོར་སོང་བ་


JLD004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ཅི་རིགས་པར་ཤེས་པར་བྱའོ། །དཔའ་ དང༌། བདག་པོ་དང་ཞེས་པ་འགྱུར་གསར་གཉིས་ལ་མེད་དོ། །བདག་པོ་དང༌༢ ཡེ་ཤེས་སེམས་དཔའ་རྣམས་ནི་སྔགས་ཀྱི་བདག་པོ་སྟེ། རིགས་སོ་སོའི་རིགས་ཀྱི་དབྱེ་བས་ཕྱེ་བའི་ཡེ་ཤེས་སེམས་དཔའ་ཅི་ལྟར་རིགས་པར་བསྒོམ་པ་ནི་སྔགས་ཀྱི་བདག་པོ་བསྒོམས་པ་ཡིས་ཞེས་བྱའོ། །ཐུགས་རྗེ་ཞབས་ཀྱིས་ཡེ་ཤེས་སེམས་དཔའ་ནི་རྡོ་རྗེ་འཆང་བཞིན་དུ་དང༌། ཏིང་ངེ་འཛིན་སེམས་དཔའ་ནི་རང་རང་གི་ཁ་དོག་ཅན་སྒོམ་པར་བཤད་པའི་སྔ་མ་ནི། འགྲེལ་པར་ཡེ་ཤེས་སེམས་དཔའ་རིགས་ཀྱི་དབྱེ་བས་སྒོམ་པར་གསུངས་པ་དང་འགལ་བས། སྙིང་པོ་བསྐུལ་བའི་སྐབས་ལྟ་བུ་དམིགས་བསལ་ཅན་མ་གཏོགས་པའི་སྐབས་སུ། རྣམ་སྣང་ལ་སོགས་པ་གཞན་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་དང༌། དེའི་ས་བོན་གྱི་ཡི་གེ་ཏིང་ངེ་འཛིན་སེམས་དཔར་བྱའོ། ། ༈ སྒྲུབ་པ་ཆེན་པོ་ཞེས་གསུངས་པའི་སྒྲུབ་པ་ཆེན་པོ་དེ་བསྐྱེད་པར་བྱེད་པའི་ཚེ་ན་ཡེ་ཤེས་རྡོ་རྗེ་ཅན་གྱིས་ཏེ། སྒྲུབ་པ་པོ་རང་གི་ལྷག་པའི་ལྷའི་སྦྱོར་བ་སྟེ་རྣལ་འབྱོར་དང་ལྡན་པའི་སྔགས་པས། རང་རིགས་ཀྱི་ཕྱག་རྒྱ་འདུ་བྱ་བ་དང་རྡོ་རྗེ་དང་པདྨ་མངོན་པར་འདུ་བྱས་པ་སྔོན་དུ་འགྲོ་བའི་སྙོམས་པར་འཇུག་པ་བྱས་ལ། ཡུམ་གྱི་པདྨའི་ནང་དུ་ཐེག་ལེ་དང་ལྷ་རང་རང་གི་མངལ་དུ་བསྐྱེད་པ་ལ་རང་རང་གི་ས་བོན་ༀ་ལ་སོགས་པ་ལས་བསྐྱེད་པ་དང༌། བཛྲ་དྷྲིཀ་ལ་སོགས་པའི་མཚན་སྔགས་ལས་བསྐྱེད་པ་གཉིས་ཡོད་པས་གང་རུང་གི་ཆོག་མོད་ཀྱང༌། མདོར་བྱས་ལོ་ཆེན་གྱིས་བསྒྱུར་བ་དག་པ་རྣམས་ལས་འབྱུང་བ་ནི། ས་བོན་


JLD004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྐྱེད་སྔགས་དང༌། མཚན་སྔགས་རྣམས་འབྱིན་སྔགས་སུ་མཛད་པའོ། །སྔགས་བཛྲ་དྷྲིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་སོ་གཉིས་པོ་དེ་ལས་བྱུང་བའི་རྡོ་རྗེ་ཅན་ཏེ། དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་རྣམས་ཏེ་ཐམས་ཅད་ནི་རང་སྔགས་རྡོ་རྗེ་ཅན་ནོ། །དེ་རྣམས་ཀྱི་གཟུགས་ཏེ་ཕྱག་རྒྱ་ཆེན་པོའི་གཟུགས་བསྒོམས་ནས།ཞེས་པས་ནི་དཀྱིལ་འཁོར་རྒྱལ་མཆོག་རྫོགས་པར་བསྒོམ་པ་སྟོན་ནོ། །དབུ་རྒྱན་ལ་ནི་བདག་པོ་བསམ། ཞེས་བྱ་བ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་རལ་པ་དང༌། རལ་བའི་དབུ་རྒྱན་ལ་ནི་བདག་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་བསམས་ལ། ཞེས་པ་དང༌། ལེའུ་བཅོ་ལྔ་པ་དང་མདོར་བྱས་ལས་རིགས་ལྔ་ཀ་ལ་མི་བསྐྱོད་པའི་དབུ་རྒྱན་བཤད་པ་ནི་མི་འགལ་ཏེ། དེ་གཉིས་གང་བྱས་ཀྱང་ཆོག་བར་སྟོན་པའི་དོན་ཡིན་གྱི་ངེས་བཟུང་མིན་པའི་ཕྱིར་རོ། །རྣམ་སྣང་སོགས་དེའི་རིགས་ལྷག་མ་སྤྱན་མ་ལ་སོགས་པ་རྣམས་ཀྱི་དབུ་རྒྱན་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བསམས་ན་འགྲུབ་པར་འགྱུར་རོ། ཞེས་བྱ་བ་དངོས་གྲུབ་འཐོབ་པར་འགྱུར་པ་སྟེ། སྒྲ་ཇི་བཞིན་པའོ། །སྒྲུབ་ཆེན་ལ་ལས་རྒྱལ་མཆོག་ཀྱང་ཡོད་མོད་ཀྱང༌། འདིར་རྒྱུད་ནས་མ་གསུངས་པ་ནི། འདི་ཉིད་ཀྱི་སྐབས་གཞན་ནས་གསུངས་པས་ཁ་འགེངས་པ་ལ་དགོངས་སོ། ། ༈ དེ་ལྟར་བསྙེན་པ་ཉེར་སྒྲུབ་བསྒྲུབ་པ་གསུམ་གྱི་སྦྱོར་བ་བཞི་དང་བསྒྲུབ་པ་ཆེན་པོ འི་རིམ་གྱིས་རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་སྟེ་བྱས་པས་རྒྱུད་སྨིན་པར་བྱེད་པ་བསྟན་ནས། ད་ནི་འཆད་པའི་ཡན་ལག་དྲུག་


JLD004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིམ་གྱིས་འབྲས་བུའི་རྡོ་རྗེ་འཆང་ཆེན་པོར་རྫོགས་པར་བྱ་བ་གསུངས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་བ་དང་མཆོག་གི་སྟེ་ཐུན་མོང་མ་ཡིན་པའི་བསྙེན་པའི་དབྱེ་བ་ཡིས། །བསྙེན་པ་ལ་བྱེ་ན་རྣམ་པ་གཉིས་སུ་འགྱུར། །ཐ་མལ་ཐུན་མོང་བའི་དོན་ནི། ལམ་འདིའི་རྣལ་འབྱོར་ལ་མཆོག་སྒྲུབ་པ་དང༌། འཇིག་རྟེན་པའི་དངོས་གྲུབ་དོན་དུ་གཉེར་བ་གཉི་གས། དང་པོར་བསྒྲུབ་པ་ནི་བསྐྱེད་རིམ་མོ། །པ འམ་ཐུན་མོང་བ་ནི་རྡོ་རྗེ་བཞིས། །་རྡོ་རྗེ་བཞི་ཞེས་པ་ནི་འདིར་སྒྲུབ་ཐབས་བསྡུས་པ་ཙམ་སྟོན་པ་མིན་གྱི་བསྐྱེད་རིམ་སྤྱིར་སྟོན་པའི་སྐབས་ཡིན་པས། སྔར་བཤད་པའི་བསྙེན་བསྒྲུབ་ཡན་ལག་བཞི་ལ་བྱའོ། །འོ་ན་སྔ་མ་འདིར་མ་འདུས་པའི་བསྐྱེད་རིམ་པའི་ཉེར་སྒྲུབ་སོགས་དགོས་པས་དེ་གང་ཡིན་སྙམ་ན། འདི་ནི་རྒྱུད་ཕྱི་མའི་འགྲེལ་པ་དང་བསྟུན་ན། སྔར་བཤད་པའི་བསྐྱེད་རིམ་པའི་སྙིང་པོ་བསྐུལ་བ་ནི་ཉེར་སྒྲུབ་དང༌། བསྐྱེད་རིམ་པའི་སྤྱོད་པ་དང་ལྷ་ལ་དྲག་ཤུལ་བྱེད་པ་ནི་སྒྲུབ་པར་གསལ་ལ། སྒྲུབ་ཆེན་ནི་རྒྱུད་ཕྱི་མ་རྩ་འགྲེལ་གཉིས་ཀ་ལས་མི་གསལ་ཡང། འགྲེལ་པ་འདིར་ལས་རྒྱལ་མཆོག་སྒྲུབ་ཆེན་དུ་བཤད་ལ། མདོ་བསྲེ་ལས། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ཐམས་ཅད་ལས་རྒྱལ་མཆོག་ཏུ་བཤད་པ་ནི། བསྙེན་པའི་དུས་ཀྱི་ལས་རྒྱལ་མཆོག་མིན་ཞིང༌། སྒྲུབ་ཆེན་གྱི་ལས་རྒྱལ་མཆོག་ཡིན་པས་དེ་ཉིད་ལ་འདིར་སྒྲུབ་ཆེན་དུ་བྱའོ། །དེ་ལྟར་བཤད་པའི་བསྙེན་བསྒྲུབ་བཞི་ལ་སྒྲུབ་ཐབས་ཀྱི་བསྙེན་བསྒྲུབ་བཞི་ལྟར་སྔ་ཕྱིའི་གོ་རིམས་ངེས་པ་མི་སྣང་ངོ༌། །སྒྲུབ་པ་ཡིན་ལ། ཐུན་མོང་མ་ཡིན་པའམ་མཆོག་ཐུན་མོང་མ་ཡིན་པ་


JLD004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྐྱེད་རིམ་མཐར་ཕྱུང་བའི་རྫོགས་རིམ་པ་ཉིད་ཀྱིས་བསྒྲུབ་པའི་ཡན་ལག་དྲུག་ལ་སོགས་པའི་རྫོགས་རིམ་མོ། །ནི་སོར་སྡུད་སོགས་ཡན་ལག་དྲུག་གིས་སྒྲུབ་པའོ་སོ་། ༈ །ཞེས་བྱ་བའི་དོན་མཆོག་གི་བསྙེན་པ་བསྟན་པར་བྱ་བའི་ཕྱིར། བསྙེན་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་ཅིང་སྟེ་ཐར་པ་མཆོག་གི་དངོས་གྲུབ་འདོད་པའི་རྫོགས་རིམ་པ་རྣམས་ཀྱིས་བསླབ་པར་བྱ་བ་ཡིན་པས་ན་བསྙེན་པའོ། །དེ་ལྟར་འདོད་པའི་ཐར་པ་དེ་གང་ཡིན་ཞེ་ན། སྒྲིབ་གཉིས་ཡོངས་སུ་དག་པའི་ཟུང་འཇུག་གི་ལྷའི་སྐུའོ། །འབྲས་བུ་དེ་ནི་ཡེ་ཤེས་བདུད་རྩི་སྟེ། སློབ་ལམ་པའི་ཡན་ལག་དྲུག་གི་སྦྱོར་བས་བྱ་ཞིང་བསྐྱེད་པར་བྱའོ། །འདི་ནི་རྒྱུད་ཕྱི་མ་ལས། མཆོག་ནི་ཡེ་ཤེས་བདུད་རྩི་ཉིད། །སྦྱོར་བ་དྲུག་གིས་བྱ་བ་ཡིན། ཞེས་གསུངས་པ་ཇི་ལྟ་བ་བཞིན་ཡིན་ནོ། །འདིའི་འགྲེལ་པར་མཆོག་གི་ཞེས་འབྱུང་བ་བདེའོ། །ཐམས་ཅད་དུ་ནི་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་དུའོ། །ཞེས་པ་ནི་ཡན་ལག་དྲུག་ག་ཚང་བའི་བདག་ཉིད་ཀྱི་ལམ་རྫོགས་པར་བསྐྱེད་པའི་དོན་ནོ། །རྟག་ཏུ་ནི་དྲུག་པོ་དེ་དུས་ཐམས་ཅད་དང་སྤྱོད་ལམ་ཐམས་ཅད་དུ་བསྒོམ་མོ་འོ་། །ནི་ཞེས་བྱ་བ་ནི་པ་ཚབ་ཀྱི་འགྱུར་ལས། བསྙེན་པའི་ཡེ་ཤེས་བདུད་རྩི་ཡི། །ཁོ་ནས་ཐམས་ཅད་དུ་བརྟག་བྱ། ཞེས་དང༌། ཁོ་ནའི་སྒྲ་ནི་ངེས་པར་བཟུང་པའོ། ཞེས་འབྱུང་ངོ༌། །ངེས་པའོ་འདི་ནི་ཞེས་པ་ནི་ཡེ་ཤེས་བདུད་རྩི་ཞེས་བྱ་བའི་སྒྲུབ་བྱེད་ཡན་ལག་དྲུག་གི་སྦྱོར་བའོ། །སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །སྔགས་ནི་སྤྲུལ་ཞེས་


JLD004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པའི་དྲང་དོན་དང་ངེས་དོན་གྱི་སྔགས་རྡོ་རྗེ་བཟླས་པའོ། །དེའི་དེ་ཁོ་ན་ཉིད་ནི་ལྷའི་དེ་ཁོ་ན་ཉིད་ཟུང་འཇུག་མཐར་ཐུག་པའོ་དོ་། །སྔགས་དེ་དག་གི་དོན་ནི་འབྲས་བུ་སྟེ། འབྲས་བུ་དེ་ཡན་ལག་དྲུག་གིས་སྒྲུབ་པས་ན་སྔགས་ཀྱི་དེ་ཉིད་དོན་བསྒྲུབ་པ་ཞེས་པ་སྟེ། བསྡུ་ན་སྔགས་ཀྱི་དེ་ཉིད་ཀྱི་དོན་མཐར་ཐུག་པ་སྒྲུབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་སྦྱོར་བ་ཡན་ལག་དྲུག་ཡིན་ནོ་ཞེས་པ། །དེ་བས་:ཆག:གང་གི་ཕྱིར་ན་སྒྲུབ་པའི་ཡན་ལག་དྲུག་པོ་འདི་དག་གིས་བསྒྲུབས་ཏེ། དེ་བས་ན་སྟེ་དེའི་ཕྱིར་ཡན་ལག་དྲུག་པོ་དེ་ཉིད་ཀྱིས་བསྙེན་ པ་ལ་སོགས་འགྱུར་གསར་གཉིས་ལ་སོགས་མེད་པ་ལྟར་བྱའོ། །པ་བྱའོ། །གལ་ཏེ་ཡན་ལག་དྲུག་ག་བསྙེན་པར་བྱེད་ན་རྫོགས་རིམ་ལ་བསྙེན་བསྒྲུབ་ཡན་ལག་བཞིར་བྱེད་པ་མི་འཐད་དེ། ཡན་ལག་དྲུག་པོ་དེར་མ་འདུས་པའི་རྫོགས་རིམ་འདིར་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་ཤིན་ཏུ་བདེན་པ་ལྟར་སྣང་མོད་ཀྱང༌། ནཱ་རོ་བའི་རྒྱུད་ཕྱི་མའི་འགྲེལ་པ་ལ་བརྟེན་ནས་བཤད་ན། སྔར་བཤད་པའི་རྫོགས་རིམ་པའི་སྙིང་པོ་བསྐུལ་པ་སྤྱོད་བ་ལ་བརྟེན་ནས་བྱེད་པ་དེ་རྫོགས་རིམ་གྱི་ཉེར་སྒྲུབ་དང༌། རྫོགས་རིམ་པའི་སྤྱོད་པ་གཞན་དང་དྲག་ཤུལ་སྒྲུབ་པ་དེ་སྒྲུབ་པ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་ཟུང་འཇུག་ལོངས་སྐུ་ནི་བསྙེན་པར་བཞག་ལ། ཟུང་འཇུག་པས་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་བ་སྒྲུབ་ཆེན་ནོ། །སྒྱུ་ལུས་པས་སྤྱོད་པ་དང་མ་འབྲེལ་བར་འོད་གསལ་སྒོམ་པ་ནི་བསྙེན་པར་བཞག་དགོས་ལ། དེ་བཞིན་དུ་སྤྱོད་པ་དང་མ་འབྲེལ་བའི་སེམས་དབེན་སྒོམ་པ་ཡང་བསྙེན་པའོ། །དེ་ལྟར་བཤད་པའི་བསྙེན་བསྒྲུབ་བཞི་ལ་སྔ་ཕྱིའི་གོ་རིམས་ངེས་པ་ནི་མི་སྣང་ངོ༌། །


JLD004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་གི་བསྙེན་པ་དེའི་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་རེ་རེ་ནས་བཤད་པ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པའི་དབྱེ་བ་ལ་ཡན་ལག་དྲུག་ཏུ་ནི། །བྱས་ནས་མཆོག་གི་དངོས་གྲུབ་ཏུ་བསྒྲུབ་པར་བྱའོ། །དེ་ལྟར་བྱེད་པ་དེ་ལས་གཞན་དག་གིས་ནི་ཞེས་པ་དྲུག་པོ་དེ་དང་བྲལ་ནས་བསྐྱེད་རིམ་གྱིས་བསྒྲུབས་པར་གྱུར་ན། །དེ་ཙམ་གྱིས་དངོས་གྲུབ་མཆོག་འགྲུབ་པར་ཏུ་མི་འགྱུར་རོ། །་ཞེས་པའི་དོན་ཡིན་གྱི་རྫོགས་རིམ་ལས་གཞན་དུ་གྱུར་པའི་བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུ་མིན་པར་སྟོན་པ་གཏན་མིན་ནོ། ༈ །སོ་སོར་སྡུད་དང་བསམ་གཏན་དང། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །མདོར་བསྟན་པ་འདི་རྒྱས་པར་བཤད་པར་བྱ་བའི་ཕྱིར། དབང་པོ་བཅུ་པོ་རྣམས་ཀྱི་ཡང༌། །ཡང་ཞེས་པ་འདི་ཆག་འགྱུར་ལ་མེད་ཅིང་འགྲེལ་པར་ཡང་དེ་ལ་བཤད་པ་མེད་དོ། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་དཔྱོད་དང་དགའ་བ་དང༌། །དེ་བཞིན་བདེ་བ་ཉིད་དང་ཡང༌། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །གསང་


JLD004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ་བྱུང་:པ་ཚབ།:ནི་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །དགའ་ལ་རེག་པ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་:པ་ཚབ:ཐམས་ཅད་ནམ་མཁའ་ལ་རབ་གནས། གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པ་བཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མེ་མར་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་སྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་


JLD004_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བཏགས་པ་ཡིན། ཞེས་གསུངས་སོ། ༈ །སོ་སོའི་བཤད་པ་བསྟན་པར་བྱ་བའི་ཕྱིར། དབང་པོ་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པའི་དབང་པོ་རྣམས་དང་དབང་པོ་དེ་རྣམས་ཀྱི་ཡུལ་གཉི་ག་ནི་དབང་པོ་སྟེ། ཡུལ་རྣམས་ལའང་དབང་པོའི་སྒྲ་ཉེ་བར་བཏགས་ནས་དབང་པོ་བཅུར་བཤད་དོ། །དབང་པོ་བཅུ་པོ་ཡུལ་དང་ཡུལ་ཅན་དེ་རྣམས་ཀྱི་རང་གི་འཇུག་པ་ནི། ཡུལ་ཁཇི་ལྟར་ཡིན་པ་དེ་ལྟར། དབང་པོ་ཀརང་ཉིད་ཀྱི་གགཟུགས་སོགས་ལྔ་གཟུང་བ་དང་མིག་སོགས་ལྔ་འཛིན་པའི་རང་བཞིན་གྱིས་འཇུག་པ་ནི་རང་གི་འཇུག་པའོ། །འཇུག་པ་དེར་གནས་པས་ན་རང་གི་འཇུག་གནས་སོ། །ཐམས་ཅད་དུ་ནི་ལའི་དོན་ནོ། །གཟུགས་སོགས་ལྔ་པོ་རེ་རེ་ལ་ཡང་དམན་པ་དང་བར་མ་དང་མཆོག་གི་བྱེ་བྲག་གིས་ཕྱེ་བའི་ཡུལ་རྣམས་སོ། །འདོད་པ་སོ་སོར་རྒྱུད་གཞན་ལས་སོ་སོར་སྡུད་པའི་དོན་ཡུལ་ལྔ་ལ་ཕར་མི་གཏོང་བར་ཚུར་བཀུག་ནས་སེམས་ནང་དུ་འཛིན་པ་ལ་བཤད་པ་དང༌། འདིར་ཡུལ་ལྔ་ལ་ཡང་ཡང་སྤྱོད་བ་སོར་སྡུད་ཀྱི་དོན་དུ་བཤད་པ་གཉིས་མི་འགལ་ཏེ། སྔ་མ་ནི་སྔར་སྲོག་དབུ་མར་མ་ཚུད་པ་གཅིག་གིས་དབུ་མ་སྦྱོང་བའི་དོན་དུ་སྒོམ་པའི་སྐབས་ཡིན་པས། དེ་ལ་ནི་ཡུལ་ལ་འཕྲོ་བ་འགུགས་དགོས་ལ། འདིར་བཤད་པ་ནི་སྲོག་བསྡུས་པ་ལས་ལྷན་སྐྱེས་ཀྱི་དགའ་བ་མཉམ་གཞག་ཏུ་དྲངས་པའི་རྗེས་ཐོབ་ཏུ། ཡུལ་ལ་འཕྲོ་བ་ཡེ་འགོག་པར་གང་ཤར་


JLD004_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྣང་བ་ལ་སྔར་གྱི་བདེ་བ་དྲན་ནས་རྒྱས་བཏབ་པས། ཡུལ་སྣང་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་བ་ལ་དགོངས་པའི་ཕྱིར་དང༌། རྒྱུད་ཕྱི་མའི་སོར་སྡུད་སོགས་ཀྱི་དོན་རྣམས་ནཱ་རོ་བས་རྒྱུད་ཕྱི་མའི་འགྲེལ་པར་སྒྲོན་གསལ་བཞིན་དུ་བཤད་ཅིང༌། དབང་མདོར་བསྟན་གྱི་འགྲེལ་པར་དུས་འཁོར་བཞིན་བཤད་པའི་ཕྱིར་རོ། །དེས་ན་སོར་སྡུད་ལྟ་བུ་གཅིག་གི་རྡོ་རྗེའི་ཚིག་ལ་ཚུལ་མི་འདྲ་བ་མང་དུ་འོང་བ་མི་ཤེས་བར་བཤད་པ་གཅིག་ཁོ་ན་ཚད་མར་བྱས་ནས་གཞན་སྤོང་བ་དང༌། མི་འགྲིག་བཞིན་དུ་དོན་གཅིག་ཏུ་འཆད་པ་ནི་ཐོས་རྒྱ་ཆུངས་པ་དང༌། བློ་དམན་པར་སྟོན་པ་ཙམ་མོ། །སྡུད་པས་ན། ཞེས་བྱ་བ་ནི། འདིས་འདོད་པ་དང་འདི་འདོད་པ་གཉིས་ལས་འདིར་ནི་གཉིས་པ་སྟེ་འདོད་ཅིང་ཆགས་པར་བྱ་བ་ཡིན་པས་ན། འདོད་པ་སྟེ་གཟུགས་ལ་སོགས་པ་ལྔའོ། །དེ་རྣམས་ལ་དབང་པོ་རྣམས་ཀྱིས་གང་སོ་སོར་ཡང་དང་ཡང་དུ་སྡུད་ཅིང་འདི་ཐུན་མོང་གི་བསྙེན་པ་རྡོ་རྗེ་བཞི་མཐར་ཕྱིན་ནས་མཆོག་གི་བསྙེན་པ་ལ་འཇུག་པའི་རྣལ་འབྱོར་བའི་དབང་པོས་ཡུལ་ལོངས་སྤྱོད་པ་ཡིན་མོད་ཀྱང༌། དེ་ཙམ་ཞིག་སོར་སྡུད་བསྒོམ་པའི་ལམ་མ་ཡིན་ཏེ། དེ་ནི་ཡིད་ཀྱི་ཤེས་པ་ཉིད་ལ་བཞག་དགོས་པའི་ཕྱིར་རོ། །དེས་ན་ཡན་ལག་དྲུག་གི་ཡ་གྱལ་གྱི་སོར་སྡུད་ནི། དབང་པོས་ཡུལ་ལ་ལོངས་སྤྱོད་པའི་ཚེ་མཉམ་གཞག་གི་ལུས་དབེན་གྱི་བདེ་བ་ཆེན་པོའི་བདེ་སྟོང་གིས་རྒྱས་བཏབ་ནས་ལོངས་སྤྱོད་པའི་རྣལ་འབྱོར་ཡིན་པས། སོར་སྡུད་ནི་རྗེས་ཐོབ་ཏུ་སྐྱེད་པའི་ལུས་དབེན་ནོ། །ལེན་པས་ན། །སོ་སོར་སོ་སོའི་སྐད་དོད་པྲ་ཏཱི་ནི་རྟེན་འབྲེལ་གྱི་སྐབས་སུ་ཚིག་གསལ་ལས་ཕྲད་པ་དང་ཟློས་པའི་དོན་དུ་བཤད་དོ། །སོ་སོར་ཐར་པའི་སྐད་དོད་པྲ་ཏཱི་མོཀྵའི་དོན་མཛོད་ལས་


JLD004_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་ཐར་བའི་དོན་དུ་བཤད། པྲ་ཏཱིཙྪའི་དོན་སོ་སོར་བཞེས་པའི་དོན་དུ་བཤད་པ་མང་ཡང༌། འདིར་ནི་ཟློས་པའི་དོན་ཡང་དང་ཡང་དུ་ཤེས་བ་ལ་བཟུང་ངོ༌། །དེས་ན་སྒྲོན་མ་རབ་གསལ་ལས་གཟུགས་སོགས་རེ་རེ་ལ་སྤྱོད་པ་གཟུགས་སོགས་སོ་སོར་སྡུད་པའི་དོན་དུ་བཤད་པ་ནི་འདིའི་དོན་མིན་ནོ། །སྡུད་པ་ལ་ཡང་དོན་མང་དུ་ཡོད་ཀྱང་འདིར་ནི་ཁྲལ་བླངས་པ་ལ་ཁྲལ་བསྡུས་ཟེར་བ་ལྟར་ཡིན་ལ། ད་ཡང་འདོད་ཡོན་ལྔ་ལ་ཡང་ཡང་སྤྱོད་པའོ། །སྡུད་པ་ཞེས་བྱ་སྟེ། ཡན་ལག་དང་པོའི་བཤད་པའོ། ༈ །སོ་སོར་སྡུད་པ་རྣམ་པར་སྦྱང་ཞེས་པ་ནི་སོར་སྡུད་ཀྱི་སྐབས་སུ་བསམ་གཏན་གྱི་སྐབས་ལྟར་ཡུལ་རྣམས་ལྷར་བལྟ་བ་མེད་པས་སྣང་པ་རང་དགའ་བ་དེ་ལྟར་བསྒོམས་ནས་སྤྱོད་པའི་དོན་དུ་བསམ་གཏན་བསྒོམ་པ་ཡིན་ནོ། །བར་བྱ་བའི་དོན་དུ་ཡན་ལག་གཉིས་པ་བསྟན་པའི་ཕྱིར། འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ལྔ་ནི་དབང་པོ་ལྔའི་ཡུལ་དུ་གྱུར་པ་གཟུགས་ལ་སོགས་པ་ལྔའོ་ནི་མདོར་བསྡུས་ནས་ཏེ་དབང་པོ་རྣམས་དང་གཅིག་ཏུ་གྱུར་ནས་སོ། །ཞེས་པ་ནི་དབང་པོ་དང་ཡུལ་ཡུལ་ཅན་དུ་ལྷན་ཅིག་ཏུ་འདུས་པའི་དབང་པོ་དང་ཡུལ་གཉིས་ཀའོ། །སངས་རྒྱས་ལྔ་ནི་མིག་ལ་སོགས་པའི་དབང་པོ་ལྔ་སྟེ། དེ་རྣམས་ཀྱི་སྦྱོར་བ་ནི་མིག་ལ་སོགས་པ་ལྔ་རྣམ་སྣང་ནས་མི་བསྐྱོད་པའི་བར་གྱི་ཁཡང་དག་པར་སྦྱོར་བས་ཀསངས་རྒྱས་ལྔ་རུ་གསྦྱོར་བ་ཡིས་ཏེ། དེ་བས་ན་གཟུགས་ལ་སོགས་པ་རྣམས་ཀྱང་སངས་རྒྱས་རིགས་ལྔ་ཡིན་ནོ། །ཞེས་དེ་རྣམས་ཀྱང་སངས་རྒྱས་ལྔར་སྦྱོར་རོ། །སྦྱོར་ལུགས་དེ་ལྟར་གྱུར་པའི་ཐ་མལ་གྱི་སྣང་བ་


JLD004_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པའི་བརྟག་པ་དེ་ནི་བསམ་གཏན་ཞེས་བཤད་དོ། །བསམ་གཏན་སྤྱིའི་མཚན་ཉིད་བཤད་པའི་སྐབས་འདིར། བསམ་གཏན་གྱིས་ཡུལ་དབང་ལྷར་སྒོམ་པར་བཤད་པ་ནི་མཚོན་པ་ཙམ་སྟེ། ལུས་དབེན་གྱི་སྐབས་ལྟར་ཕུང་སོགས་ལྷར་སྒོམ་པ་ཡང་ཤེས་པར་བྱ་ལ། ལྷའི་སྐུ་ཁོ་ན་སྒོམ་པར་མི་བཟུང་སྟེ་ལྷའི་དེ་ཁོ་ན་ཉིད་སྒོམ་པ་ཡང་དགོས་པར་རྒྱས་བཤད་ཀྱི་སྐབས་ལས་ཤེས་སོ། །དེ་ཡང་རྟོག་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། རྟོག་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་དབྱེ་བ་བཤད་པའོ། །གསང་བ་སྟེ་གསང་སྔགས་ཀྱི་རྒྱུད་ནི་ཐམས་ཅད་དུ་བཤད་པའི་དབང་པོ་དང་ཡུལ་དང་དབང་པོའི་ཤེས་པ་ནི་གསང་བ་གསུམ་སྟེ། དབང་པོ་ལྔ་དང་དབང་པོའི་ཤེས་པ་ལྔ་དང་དེའི་ཡུལ་ལྔ་རྣམས་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་གང་རགས་པའི་རྣམ་པར་རྟོག་པ་དེ་ནི་རྟོག་པའོ། །རྟོག་པ་དེའི་ལོངས་སྤྱོད་ཡུལ་དེ་ཉིད་ལ་ ཞིབ་ཏུ་རྣམ་པར་དཔྱོད་པ་ནི་ གནས་པ་ལ་ དཔྱོད་པའོ། །འདི་གཉིས་ཀྱང་རྗེས་ཐོབ་ཏུ་སྐྱོང་བའི་ལུས་དབེན་ནོ། །དེ་ལྟར་རྟོག་དཔྱོད་ཀྱིས་དཔྱད་ནས་བདེ་བས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར་ཕྱོགས་པས་ཡུལ་སྣང་རྣམས་བདེ་བ་འབར་བའི་གྲོགས་སུ་སོང་ནས་གང་ཚོར་བ་ཡིད་བདེ་བའི་མཚན་ཉིད་ཅན་མྱང་བ་དེ་ནི་དགའ་བ་ལ་རེག་པའོ། །བདེ་བས་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས་ལུས་ཤིན་ཏུ་སྦྱངས་པ་དང་ལ་སོགས་པས་སེམས་ཤིན་ཏུ་སྦྱངས་


JLD004_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཅན་གྱི་ཤིན་སྦྱངས་ཀྱི་བདེ་བ་གང་ཐོབ་པ་དེ་ནི་བདེ་བས་བསྡུས་པའོ། །ཚུལ་དེས་དགའ་བདེ་འཐོབ་ཚུལ་ནི། དང་པོར་འོག་སྒོའི་ཕྲ་མོ་བསྒོམས་པའི་དབང་གིས་བདེ་བ་ཆེན་པོ་ཐོབ་པ་ན། དེས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་བྱས་ཏེ་བསྒོམས་པས། སྟོང་པ་ཉིད་རྟོགས་པའི་ཡིད་བདེ་ཁྱད་པར་ཅན་རེག་པ་སྟེ་འཐོབ་པ་དང། སྟོང་ཉིད་རྟོགས་པའི་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་འཐོབ་བོ། །དེ་ལྟར་སྦྱངས་པ་སྟེ་གོམས་པ་ལས་རབ་ཀྱི་མཐར་ཐུག་པར་སོན་པའི་ཕྱིར། ཤེས་པ་སྟེ་མིག་ལ་སོགས་པ་དྲུག་གི་འཇུག་པའི་རྣམ་པར་ཤེས་པ་དང༌། ཤེས་བྱ་སྟེ་གཟུགས་ལ་སོགས་པ་ནས་ཆོས་ཀྱི་ཁམས་ཀྱི་བར་དུ་བྱུང་བ་ནི་ཤེས་དང་ཤེས་བྱ་བྱུང་བའོ། །དེའི་ཟད་པ་ནི་སེམས་ཀྱི་གཟུང་བ་དང་འཛིན་པ་རྒྱངས་ཆད་དུ་སྣང་བའི་རགས་པའི་གཉིས་སྣང་གཞན་གྱིས་སྟོང་པ་ཉིད་དེ། དེ་བས་ན་གཉིས་སྣང་རགས་པ་ལོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་སེམས་རྩེ་གཅིག་པ་ལ་ནི་རང་སེམས་ཞེས་བྱའོ། །དེ་ལྟ་བུའི་སེམས་དེ་ནི་སངས་རྒྱས་ཀུན་གྱི་དངོས་པོ་སྟེ་རང་བཞིན་སྟོང་པ་ཉིད་ལ་ཞུགས་ཤིང་ཞི་བ་སྟེ། སྣང་བ་ཙམ་ཞེས་པ་ནི་སྣང་བ་གསུམ་གྱི་བདག་ཉིད་སྟོང་པ་གསུམ་མོ། །ཙམ་གྱི་སྒྲས་ཀུན་རྟོག་རྣམས་དེའི་དུས་ན་ཡོད་པ་གཅོད་དེ། ཞི་བའི་དོན་ནོ། །ནམ་མཁའ་ནི་སྟོང་པ་ཉིད་ཡིན་པས་ཐམས་ཅད་སྟོང་པ་བཞི་པའོ། །དེ་ལ་རབ་ཏུ་གནས་པ་ཞེས་པ་ནི་སྟོང་པ་གསུམ་རིམ་གྱིས་ཐིམ་ནས། ཐམས་ཅད་


JLD004_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་གཅིག་བུའི་མཐར་ཐུག་པར་འགྱུར་རོ། །དང་ཐམས་ཅད་སྟོང་པར་གཅིག་ཏུ་པ་ཚབ་ཀྱིས། དེ་ནི་ཐམས་ཅད་སྟོང་པ་ཉིད་གཅིག་བུའི་མཐར་ཐུག་པར་འགྱུར་ཏེ། ཞེས་བསྒྱུར་བ་བདེའོ། །མཐར་ཐུག་པར་འབྱུང་བར་འགྱུར་ཏེ།འདི་ནི་སྔར་རབ་ཀྱི་མཐར་ཐུག་པར་སོན་པ་ཞེས་བཤད་པ་དེ་ཡིན་ནོ། །ཡན་ལག་གཉིས་པའི་དབྱེ་བ་རྣམ་པ་ལྔའོ། །སངས་རྒྱས་ཞེས་པའི་རྐང་པ་གཉིས་ཀྱང་སེམས་རྩེ་གཅིག་པའི་བཤད་པར་སྣང་བས་སེམས་རྩེ་གཅིག་པ་ལ་སྟོང་པ་བཞིར་བྱའོ། །དེ་བཞིན་དུ་རྡོ་རྗེ་འཕྲེང་བའི་སྦས་བཤད་ཀྱི་ཁམས་འབྱུང་བ་བཞི་སྤྱན་སོགས་བཞིར་སྒོམ་པའི་ལུས་དབེན་གྱི་སྐབས་སུ་ཡང༌། རླུང་དང་མེ་དང་ཆུ་དང་ས། །སྤྱན་ལ་སོགས་པ་བཞི་པོ་སྟེ། །ཡེ་ཤེས་བདག་ཉིད་ཅན་གསུམ་དུ། །ཤེས་བྱ་སངས་རྒྱས་བྱང་ཆུབ་སྟེར། ཞེས་ཡེ་ཤེས་གསུམ་སྐྱེ་བ་གཅིག་བཤད་པ་ནི། སྒྲོན་གསལ་ལས། བསམ་གཏན་གྱི་སྐབས་སུ་སྟོང་པ་བཞི་འབྱུང་བར་བཤད་པ་དང་ཤིན་ཏུ་མཐུན་ལ། སྟོང་པ་བཞི་པ་ནི་དཔེའི་འོད་གསལ་ཡིན་ཏེ། དེ་ཉེར་ཐོབ་ཀྱི་ནང་དུ་བསྡུས་ནས་སེམས་དབེན་ཚུན་ཆད་དུ་སྟོང་པ་གསུམ་དུ་གསུངས་ཀྱང༌། དཔེའི་འོད་གསལ་ལོགས་སུ་བྱས་ན་སྟོང་པ་བཞིར་འགྱུར་རོ། །འདིའི་སྐྱེ་ཚུལ་ཁུངས་དང་བཅས་པ་ནི་རིམ་ལྔ་གསལ་སྒྲོམ་ལས་ཤེས་པར་བྱའོ། ༈ །ཡེ་ཤེས་ལྔ་ཡི་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ཡེ་ཤེས་ལྔའི་རང་བཞིན་ཞེས་པའི་རྐང་པ་བཞིས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པ་དང༌། རྐང་པ་དང་པོ་གཉིས་དང་རིན་ཆེན་ཞེས་པ་ནས་རང་སྔགས་ཞེས་པའི་བར་གྱིས་སྟེང་གི་སྣ་སྒོར་རྡོར་བཟླས་བྱེད་པའི་འོད་ཀྱི་ཐིག་ལེ་སྒོམ་པ་དང༌། སྙིང་གར་ཞེས་པ་མན་


JLD004_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་རྐང་པ་ཕྱེད་དང་གཉིས་ཀྱིས་སྙིང་གའི་སྣ་རྩེར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དགོས་པ་དང་བཅས་པ་བསྟན་ཏེ། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་སྒོམ་པའི་སྲོག་རྩོལ་གསུམ་སྒོམ་པའོ། །ཡེ་ཤེས་ལྔ་དང་འབྱུང་བ་ལྔ་དང༌། རླུང་ལྔ་སྦྱོར་ཚུལ་དང་རྩ་བར་པདྨའི་སྣ་རྩེར། ཞེས་པ་མ་དག་པ་ཡིན་པར་ལེའུ་དྲུག་པར་བཤད་ཟིན་ནོ། །ལྔ་ཡི་རང་བཞིན་གྱི་དབུགས་ཏེ། ཡང་ཡེ་ཤེས་ལྔའི་དབུགས་དེ་ཉིད་ས་ལ་སོགས་པའི་བདག་ཉིད་ཅན་རང་གི་རྡོ་རྗེའི་བུ་ག་ལས་བྱུང་ནས། རིག་མའི་པདྨའི་སྣ་ཡི་རྩེ་མོར་ཁགོང་བུའི་གཟུགས་ཀྱིས་ཏེ།ཀབྱང་ཆུབ་ཀྱི་སེམས་ཀྱི་གཐིག་ལེའི་གཟུགས་ཀྱིས་སྒོམ་པར་བྱའོ། །རླུང་རྣམས་ཐིག་ལེའི་ངོ་བོར་འགྱུར་ཚུལ་ནི། ལེའུ་དྲུག་པའི་སྒྲོན་གསལ་ལས། ཐབས་ཤེས་སྙོམས་པར་འཇུག་པའི་དུས་སུ་སྟེང་ན་གནས་པའི་སྲོག་རྩོལ་གྱི་རླུང་སྙོམས་འཇུག་གི་དགའ་བས་དྲངས་པས་ཆགས་པའི་མེས་ཞུ་ནས་ཐིག་ལེར་འགྱུར་པར་བཤད་དོ། །སྔར་ཡེ་ཤེས་དང་འབྱུང་བའི་དབུགས་སུ་བཤད་པའི་དབུགས་དེ་ཉིད་གྱེན་དུ་དབང་པོའི་སྒོར་འགྲོ་བའི་དབུགས་ནི་ཁ་དོག་སྣ་ལྔ་པ་སྟེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱིས་ན་རིན་པོ་ཆེའོ། །སྲོག་ནི་འཚོ་བའོ། །རྩོལ་ཞིང་རིང་དུ་སྤྲོས་པ་གང་ཡིན་པ་དེ་ནི་སྲོག་གི་དང་རྩོལ་བ་ཞེས་བྱ་བ ར་རྩ་རྒྱུད་ལས་བཤད་དོ། །ཅེས་བྱ་བར་ཤེས་པར་བྱ་པ་ཚབ་ཀྱིས། གང་གིས་བསྲིང་ཞིང་རིང་དུ་མཆེད་པར་བྱེད་པས་ན་དེ་ནི་སྲོག་རྩོལ་ཞེས་བསྒྱུར་བ་བདེ་ལ། དོན་ནི་གང་གིས་སྲོག་སྟེ་ཚེ་རིང་དུ་བསྲིང་བར་བྱེད་པའི་རླུང་ལ་སྲོག་རྩོལ་དུ་བརྗོད་པའོ། །རྩོལ་བའི་སྐད་དོད་ཨ་ཡཱ་མ་ཞེས་པ་འབད་པ་དང་འགོག་པ་དང་མཆུར་རིང་བ་རྣམས་ལ་འཇུག་པ་ལས། འདིར་ནི་ཕྱི་མ་


JLD004_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སྲོག་དང་རྩལ་བ་ཞེས་པ་ནི་འགྱུར་ནོར་བའོ། ཞེས་བོད་ཀྱི་མཁས་པ་ང་གསུང་ངོ༌། །དེས་ན་རྒྱུད་གཞན་ནས་སྲོག་འགོག་པ་སྲོག་རྩོལ་གྱི་དོན་དུ་བཤད་པ་ནི་འགོག་པའི་སྟེང་ནས་ཡིན་ལ། འདིར་ནི་རིང་དུ་བསྲིང་པའི་སྟེང་ནས་བཤད་པས་སྲོག་རྩོལ་གྱི་སྒྲ་དོན་མི་འདྲ་ཡང༌། ལམ་དེས་རོ་རྐྱང་གི་རླུང་འགོག་པར་འདྲའོ། །སྟེ། སྟེང་གི་སྒོར་འགྲོ་བའི་རླུང་དེ་ཉིད་འཇུག་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཉིན་དང་མཚན་དུ་རང་གི་ངང་གིས་ཟློས་པར་གྱུར་པའི་ཕྱིར་རོ། །རང་སྔགས་སོ་:པ་ཚབ་ཆག:ཞེས་ཡར་བཅད་དོ། །སྙིང་ཁར་ཏེ་རང་གི་སྙིང་ཁའི་པདྨ་ལ་རྩ་འདབ་བརྒྱད་པའི་དབུས་སུ་ཨ་ཐུང་ལ་སོགས་པ་མི་ཤིགས་པའི་ཐིག་ལེ་བསམས་པའོ་ནས་དེ་ལྟར་བསྒོམས་པའི་དགོས་པ་ནི་སྲོག་ནི་རླུང་རྣམས་སོ། །ཐིག་ལེ་ནི་མི་ཤིགས་པའོ། །དེ ར་གྱུར་པར་བཞག་པ་ནི་དེར་གཏོགས་པར་དགོད་ཅེས་པ་མི་ཤིགས་པའི་ཐིག་ལེ་ལ་རླུང་རྣམས་སྡུད་པའོ། །ཅེས་བྱ་བ་མི་ཤིགས་པར་གཏོགས་པར་དགོད་པ་སྟེ་ཡན་ལག་གསུམ་པའོ། ༈ །རང་ནི་གཟུགས་ལ་སོགས་པའི་ཡུལ་ལྔ། །དབང་པོ་ནི་མིག་ལ་སོགས་པ་ལྔ་སྟེ། དེ་ལ་ཡུལ་དང་དབང་པོ་གཉིས་དགག་ཅིང་སྟེ་ངེས་པར་ཐིམ་པ་ནི་དེ་གཉིས་འཆི་རིམ་བཞིན་དུ་ཐིམ་པ་ནི་རང་དབང་དགག་པ་ཞེས་པའི་དོན་ནོ་ནས་། རིན་ཆེན་དགག་པ་ནི་དབང་ཤེས་ཐིམ་པ་དེའི་འོག་ཏུ་ཡུལ་དུ་སྣང་བ་དང་མིག་སོགས་ཀྱི་དབང་པོའི་རྟེན་དུ་གྱུར་པའི་རིན་པོ་ཆེ་སྟེ། ཡིད་ཀྱི་རྣམ་ཤེས་ཀྱི་སེམས་ཀྱི་རིན་པོ་ཆེ་རགས་པ་སྲོག་གི་དང་རྩོལ་བ་རླུང་རགས་པ་དང་བཅས་པར་དགག་ཅིང་སྟེ་ནུབ་ཅིང་ཐིམ་པར་གྱུར་པའི་


JLD004_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་གང་ཡིན་པ་དེ་ནི་འཛིན་པ་ཡིན་པར་བཤད་དེ། དེ་གང་ཞེ་ན། ཡང་དག་པའི་མཐའ་འོད་གསལ་གྱི་ཡེ་ཤེས་ཞེས་བྱ་བ་སྟེ་སེམས་གསུམ་རིམ་གྱིས་ཐིམ་ནས་འོད་གསལ་དུ་ཞུགས་པའོ། །འདིས་འོད་གསལ་དུ་ཞུགས་པའི་སྔོན་དུ་དབང་ཤེས་ཀྱང་ཐིམ་པར་བསྟན་པ་ནི་དཔེ་དང་དོན་གྱི་འོད་གསལ་གཉིས་ཀ་ལ་འདྲ། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མར་ཉེར་འཛིན་འབྱུང་བར་འགྱུར། ཞེས་བྱ་བ་ལ། འགོག་པའི་རྡོ་རྗེ་ནི་འོད་གསལ་བའོ། །དེར་གྱུར་པ་ནི་སེམས་འོད་གསལ་དེར་ཞུགས་ནས་དབྱེར་མེད་དུ་གྱུར་པའོ། །དེ་ལ་སྔོན་དུ་རྟགས་འཆར་ཚུལ་ནི་མཚན་མ་རྣམས་ཀྱི་ཉེ་བར་འཛིན་པ་ནི་མཚན་མར་ཉེར་འཛིན་ཏེ་མཚན་མར་སྣང་བའོ། །འབྱུང་བར་འགྱུར་བ་ནི་སྐྱེ་བར་འགྱུར་བའོ། །དེ་ལྟར་སྐྱེ་བའི་མཚན་མའི་ཁམས་ནི་རྣམ་པ་ལྔར། བྱང་ཆུབ་རྡོ་རྗེ་རྡོ་རྗེ་འཆང་གི ས་གསུངས་པ་ཡིན་ནོ །ཞེས་བྱ་བ་ནི། སྒྲུབ་པ་པོའི་ལུས་ཀྱི་ས་ཆུ་ལ་ཐིམ་པར་གྱུར་པ་ལས་སྨིག་རྒྱུ་དང་འདྲ་བར་སྣང་བར་འགྱུར་བ་ནི་མཚན་མ་དང་པོའོ། །དེ་བཞིན་དུ་ཆུ་མེ་ལ་ཐིམ་པར་གྱུར་པ་ལས་དུ་བ་ལྟ་བུ་སྟེ་གཉིས་པའོ། །མེ་རླུང་ལ་ཐིམ་པར་གྱུར་པ་ལས་ནམ་མཁའ་སྣང་བར་གྱུར་པ་མེ་ཁྱེར་ལྟ་བུ་སྟེ་གསུམ་པའོ། །ཁམས་ཕྲ་བ་ནི་རླུང་སྟེ། དེ་ཡང་རང་བཞིན་གྱི་རྟོག་པ་ཆེར་གཡོ་བར་བྱེད་པའོ། །རླུང་དེ་ཀུན་ཏུ་སྣང་བ་གསུམ་གྱི་དང་པོ་སྣང་བར་དུ་སོང་བ་སྟེ་ཐིམ་པ་ལས་མེ་མར་ལྟར་སྣང་བའི་ཚོགས་ཀྱི་ངོ་བོ་ཉིད་ནི་བཞི་པའོ། །རང་བཞིན་གྱི་ཀུན་ཏུ་སྣང་བ་གསུམ་སྔ་མ་ཕྱི་མ་ལ་ཐིམ་པར་གྱུར་པ་ལས་སྤྲིན་མེད་པའི་ནམ་མཁའ་


JLD004_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་ཞིང་རྟག་ཏུ་སྣང་བ་འོད་གསལ་བ་ཙམ་དུ་གྱུར་པ་ནི་ལྔ་པའོ། །སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བ་སྟོང་པ་སྔ་མ་གསུམ་ལའང་ཡོད་མོད་ཀྱང༌། ཁྱད་པར་ཅན་ནི་བཞི་པའི་གནས་སྐབས་སོ། །མཚན་མ་ལྔ་པོ་དེ་དག་གིས་མྱ་ངན་ལས་འདས་པ་དོན་གྱི་འོད་གསལ་ཐོབ་པར་འགྱུར་རོ། །ས་ཆུ་ལ་ཐིམ་པ་སོགས་ལས་སྨིག་རྒྱུ་སོགས་འབྱུང་བར་བཤད་པ་དེ་ཡང་ཇི་སྐད་དུ་ལས་མཐའ་རྣམ་འབྱེད་ནི་ཀླུ་བྱང་གི་གཞུང་ཡིན་གྱི། ལས་མཐའ་རྣམ་འབྱེད་ཅེས་པའི་མདོ་ཡིན་ཞེས་སྐལ་ལྡན་གྲགས་བ་ཟེར་བ་ལྟར་མིན་ནོ། །ལས་ཀྱི་མཐའ་རྣམ་པར་འབྱེད་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་འགྱུར་ཞིང༌། །རླུང་ཡང་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་གཟུང་བ་སྟེ་འཛིན་པ་དེ་ཉིད་ནི། །འོད་གསལ་བར་ཡང་འཇུག་པ་ཡིན། ཞེས་གསུངས་གཞུང་དེར་ལུང་དེ་དག་གིས་གཞིའི་འཆི་རིམ་བསྟན་ཀྱང༌། དེ་དང་ལམ་གྱི་འོད་གསལ་དུ་འཇུག་པ་གཉིས་སྨིག་རྒྱུ་བཞིན་དུ་འཆར་བ་སོགས་འདྲ་བས་འདིར་དྲངས་སོ། །པ་ལས་ཤེ ས་སོ། །བརྟན་པར་གྱུར་ཅིང༌། སྟེ་འོད་གསལ་དུ་རྣམ་པར་དག་པར་གྱུར་ནས། རྡོ་རྗེའི་ལམ་ནས་ཏེ་སྨིག་རྒྱུ་སོགས་ཀྱི་གོ་རིམས་ལས་འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་གྱིས་འོད་གསལ་བར་འཇུག་པས། ནམ་མཁའི་ཁམས་ཏེ་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲོ་བར་བྱ་ཞིང༌། ཆོས་ཀྱི་སྐུའི་ཚུལ་གྱིས་ཁྱབ་པར་བྱའོ། །ཞེས་པ་ནི་སྣོད་བཅུད་ཀུན་གྱི་ཆོས་ཉིད་ལ་བློས་ཁྱབ་པར་བྱེད་པའི་དོན་ནོ། །དེ་དག་ནི་འཛིན་པའི་ཡན་ལག་ཅེས་བྱ་བ་བཞི་པའོ། །སྒྲོན་གསལ་ལོ་ཆེན་གྱིས་བསྒྱུར་བ་ལས། རང་དབང་ཞེས་པའི་རྐང་པ་དང་པོ་གཉིས་ཀྱི་བཤད་པ་རྫོགས་མ་ཐག །འདི་ནི་འཛིན་པ་ཞེས་བྱ་བའི་ཡན་ལག་བཞི་པའོ། ཞེས་འབྱུང་ཞིང། པ་ཚབ་ཀྱི་འགྱུར་ཡང་དེ་དང་འདྲའོ། །འགོས་འགྱུར་ལས། སྐབས་འདིར་དེ་དག་ནི་འཛིན་པའི་ཡན་ལག་ཅེས་བྱ་བ་


JLD004_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའོ། །ཞེས་གཞུང་དེ་རྣམས་ཐམས་ཅད་འཛིན་པའི་ཡན་ལག་གི་གཞུང་དུ་མཛད་པ་བཞིན་དུ་ཆག་འགྱུར་ལས་ཀྱང་འབྱུང་ངོ༌། །དེ་ལྟར་རྒྱ་དཔེ་ལ་གཉིས་ཡོད་པར་སྣང་ཡང་འགོས་འགྱུར་ལྟར་ལེགས་པ་ནི་འགྲེལ་པའི་བཤད་པས་ཤེས་སོ། ༈ །དེ་ལྟར་བདག་ཉིད་འོད་གསལ་བར་སོང་བར་རྣམ་པར་བསྒོམ་ཞིང་སྟེ་མངོན་སུམ་དུ་བྱས་ནས། གང་སྔོན་རྗེས་སུ་དྲན་པ་སྨིག་རྒྱུ་འདྲ་བ་ལ་སོགས་པའི་རྣམ་པས་ཡང་དག་པའི་མཐའ་ཐོབ་པ་དེ་དང་འདྲ་ཞིང༌ སྨིག་རྒྱུ་ལ་སོགས་པའི་གོ་རིམས་སྔར་བཤད་པ་དེ་ཉིད་སྔར་ལུགས་མཐུན་དུ་འོད་གསལ་དུ་ཞུགས་པའི་ཚེ་སྨིག་རྒྱུ་སོགས་ཀྱི་རྣམ་པས་ཞུགས་པ་བཞིན་དུ། ལུགས་ཟློག་གི་ཚེ་ཡང་རིམ་པ་དེ་བཞིན་དུ་ལྡང་བར་བཤད་པས། འོད་གསལ་ལས་ཉེར་ཐོབ་སྐྱེ་བ་ནས་བཟུང་སྟེ། སྣང་བའི་འོག་ཏུ་མར་མེ་དང༌། དེ་ནས་མེ་ཁྱེར་དང༌། དེ་ནས་དུ་བ་དང་། དེ་ནས་སྨིག་རྒྱུ་ལྟ་བུའི་བར་རྣམས་སྐྱེའོ། །ཀྱི་རིམ་གྱིས་སྤྲོ་བར་བྱ་ཞིང་བསྐྱེད་པར་བྱ་སྟེ། བཤད་མ་ཐག་པ་དེ་དག་ནི་རྗེས་སུ་དྲན་པ་ཞེས་བཤད་པ་ཡིན་པར་ཤེས་ཤིང་ཁོང་དུ་ཆུད་པར་བྱའོ། །སོ་སོར་སྣང་བ་དེ་ལས་སྐྱེ་ཞེས་བྱ་བ་ལ། སོ་སོར་སྣང་བ་ནི་ཡང་དག་པར་རིག་པ་འོད་གསལ་གྱི་ཡེ་ཤེས་སྟེ། འོད་གསལ་དེ་ལས་རྗེས་སུ་དྲན་པའི་ཡན་ལག་སྐྱེ་བར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །ཞེས་ནན་ཏན་དུ་གསུངས་པ་


JLD004_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ནི། འོད་གསལ་དུ་འཇུག་པ་ལ་ལུགས་མཐུན་དང་ལུགས་ཟློག་གཉིས་ཡོད་པ་ལས་རྗེས་དྲན་དེ་གཉིས་གང་གི་སྐབས་དང་སྦྱར་སྙམ་པ་ལ་འོད་གསལ་ལས་ལུགས་ཟློག་ཏུ་ལྡང་བའི་རིམ་པ་ལ་བཤད་དགོས་ཀྱི། དེ་ལས་གཞན་ལུགས་མཐུན་དང་སྦྱོར་བ་མིན་ནོ་ཞེས་ངེས་པར་བྱ་བའི་དོན་དུ་ཡིན་ནོ། །དེ་ལྟར་ན་དོན་གྱི་འོད་གསལ་ལས་ལུགས་ཟློག་ཏུ་ལངས་པའི་སྣང་བ་གསུམ་ནས་སྨིག་རྒྱུའི་བར་ནི་རྗེས་དྲན་ཡིན་པས། རྗེས་སུ་དྲན་པ་ཞེས་བཤད་དོ། ཞེས་པ་སྐབས་འདིར་འོང་བ་ནི་དོན་གྱི་རིམ་པའོ། །༈ཐབས་དང་ཞེས་བྱ་བ་ལ་སོགས་པ་ལ། ཐབས་ཀ ནི་དང་ཀཤེས་རབ་ནི་སྙོམས་པར་འཇུག་པ་ནི་སྟེ་ཁཀུན་རྫོབ་ཀྱི་བདེན་པ་དག་པའི་སྒྱུ་མའི་སྐུ་དང་ཁདོན་དམ་པའི་བདེན་པ་ལ་གསུངས་ཀྱང་དེ་དང་རོ་གཅིག་པའི་འོད་གསལ་གྱི་ཡེ་ཤེས་སོ་འི་ངོ་བོ་དབྱེར་མེད་དུ་སྦྱོར་བ འོ་ས་དངོས་པོ་ཐམས་ཅད་དེ། རྒྱུ་བ་བཅུད་དང་མི་རྒྱུ་བ་སྣོད་ཀྱི་ངོ་བོ་ས་གནས་པ་དེ་མདོར་བསྡུད་པ་གོང་བུའི་ཚུལ་གྱིས་ཏེ། ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས། རྒྱུ་བ་དང་མི་རྒྱུ་བ་དེའི་དབུས་སུ་ཟུང་དུ་འཇུག་པའི་བདག་ཉིད་ཅན། རྡོ་རྗེ་འཆང་ཆེན་པོའི་གཟུགས་རྣམ་པར་བསྒོམ་པར་ཤེས་པར་བྱའོ། །གཅིག་ཏུ་བྱ་ཚུལ་ནི་བརྟན་གཡོ་ཐམས་ཅད་ཀྱི་རྩ་བ་ནི་རླུང་སེམས་ཙམ་དུ་ཟད་ཅིང་དེ་ཡང་ཟུང་འཇུག་གི་སྐུ་གཅིག་ཏུ་བསྐྱེད་པའོ། །འོད་གསལ་ལས་ཆུ་ལས་ཉ་ལྡང་གི་ཚུལ་དུ་རིམ་པ་འདི་ཉིད་ཀྱིས་ཡུད་ཀྱིས་ཞེས་པ་སྟེ་སྐད་ཅིག་ཙམ་གྱི་སྒྲས་འོད་གསལ་ལས་གཞན་གྱིས་བར་ཆོད་པ་གཅོད་དོ། །ཙམ་གྱིས་སོ། །ཡེ་ཤེས་


JLD004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་བྱེད་པ་ཞེས་པ་སྟེ་ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པ་ནི་ཏིང་ངེ་འཛིན་ཏེ་ཡན་ལག་དྲུག་པ་ཡིན་པར་བཤད་དོ། ༈ །འདུས་པའི་རྩ་རྒྱུད་དང་རྒྱུད་ཕྱི་མར་མ་ཟད་དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། སྔགས་དང་ཡེ་ཤེས་ཀྱི་སྐུའི་ལྷ་བསྐྱེད་པའི་དབྱེ་བ་འདུས་པར་བཤད་པ་འདི་ཉིད་གསལ་བར་གསུངས་ཏེ། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་པའི་རྣལ་འབྱོར་དང་ཡོངས་སུ་བརྟགས་པའི་རྣལ་འབྱོར་དང་:ཆག:བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། རྣལ་འབྱོར་ཞེས་འབྱུང་པ་ལེགས་སོ། །གཟུགས་ཉིད་ཡོངས་སུ་རྫོགས་པ་སྟེ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །སྔགས་ཀྱིས་བྱིན་བརླབས་ང་རྒྱལ་བསྐྱེད། །འགྱུར་གསར་གཉིས་ཀ་ལས། བྱིན་བརླབས་ཙམ་གྱིས་ང་རྒྱལ་བསྐྱད་ཅེས་འབྱུང་སྟེ། སྔགས་ཞེས་པ་ནི་མེད་དོ། །ཙམ་གྱིས་ནི་ས་བོན་སོགས་ལས་བསྐྱེད་པ་གཅོད་པས་ལྷ་དེར་དཀྲོངས་བསྐྱེད་དུ་བྱིན་གྱིས་བརླབས་པ་ཙམ་གྱིས་ལྷ་དེའི་ང་རྒྱལ་བསྐྱེད་པ་ནི། ཁརྣལ་འབྱོར་ཀབྱིན་གྱིས་བརླབས་པའི་གཡིན་པར་གསུངས། །བྱང་ཆུབ་སེམས་ནི་དག་པ་ནི་སྟོང་པར་བསྒོམས་ནས་ཐ་མལ་གྱི་སྣང་བ་དག་པར་བྱེད་པའོ་དང༌། གསང་སྔགས་ས་བོན་ནི་ལྷ་སོ་སོའི་ས་བོན་ལ་སོགས་པའི་སྔགས་སྐྱེ ས་བ འི་ཆེ ན་པོ་ལས། །༣ཕྱག་རྒྱའི་ཚོགས་སུ་བརྟགས་པ་སྟེ་སོ་སོའི་ཕྱག་མཚན་དུ་བསྐྱེད་པ་ཡིས། །རིམ་གྱིས་ལྷའི་གཟུགས་ནི་རྫོགས་པར་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་བརྟགས་པའི་རྣལ་འབྱོར་ཡིན་པར་


JLD004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཆོ་ག་ཡིན་པར་གསུངས་ཁ དཀྱིལ་འཁོར་པའི་ལྷ་:པ་ཚབ:རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡུད་ཀྱིས་ཡེ་ཤེས་རྫོགས་པ་ནི། ཞེས་འབྱུང་ངོ་། །བསྡུ་བ་དང་སྤྲོ་བར་བྱ་བ་ལས་ཏེ་བྱེད་པ་པོ། །ཀམཚན་དང་དཔེ་བྱད་ཀྱི་རྣམ་པའི་མཆོག་ཀུན་དང་ལྡན་པའི་སྐུ་དག །ག འོད་གསལ་ལས་སྐད་ཅིག་སྟེ་ཡུད་ཙམ་གྱི་ཡེ་ཤེས་ཀྱི་སྐུ ས་རྫོགས་པ། །ར་བཞེངས་པའི་ཟུང་འཇུག་ནི། རྫོགས་པའི་རྣལ་འབྱོར་ཞེས་བྱ་བར་བརྗོད་དོ། ། ཞེས་གསུངས་པའི་རྣལ་འབྱོར་དང་པོ་གཉིས་ནི་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་ཡིན་ལ། རྣལ་འབྱོར་གསུམ་པ་ནི་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུའོ། །རྒྱུད་འདི་སློབ་དཔོན་ཀུན་སྙིང་གིས་རྣལ་འབྱོར་རྒྱུད་དུ་བཀྲལ་ཡང༌། འདིར་དེ་མི་འདོད་དེ་གསང་འདུས་བཞིན་ནོ། །ཞེས་འབྱུང་བ་དང༌། ༈ རྒྱུ་དྲར་མ་ཟད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང༌། དག་པ་དང་མ་དག་པའི་ལྷའི་རྣལ་འབྱོར་རྣམ་པ་གཉིས་སྟོན་ཏེ། གསང་བའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པའི་ལྷའི་སྐུ་ནི་དེ་ཁོ་ན་ཉིད་ཇི་བཞིན་དུ་རྟོགས་པའི་ངོ་བོ་སྟེ་མཚན་མ ར་འཛིན་པ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པའི་སྐུ་ནི་མཚན་མ ར་འཛིན་པ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སུ་བདེན་པར་བཟུང་པའོ་སོ་། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་བྱ་བ་གཉིས་འགྲུབ་པར་འགྱུར་ཏེ །མཚན་མ་དང་བཅས་པས་ནི་མཚན་


JLD004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་ཀྱང་གི་སྒྲས་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་འགྲུབ་པར་སྟོན་ནོ། །འགྲུབ་པར་འགྱུར་རོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་:པ་ཚབ:རྟག་ཏུ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་འགྲུབ་ཏུ་རུང༌། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བསྟེན་པར་བྱ། ཞེས་བྱ་བ་སྟེ། སྤྱོད་རྒྱུད་ཁུངས་སུ་དྲངས་པ་ནི་འདུས་པར་བཤད་པའི་སྔགས་དང་ཡེ་ཤེས་ཀྱི་སྐུ་ནི། མ་དག་པ་དང་དག་པའི་ལྷའི་སྐུ་ཡིན་པའི་ཆ་ནས་ལུང་ཕྱོགས་མཐུན་དུ་དྲངས་པའོ། །འདིར་སྦྱོར་བ་ཡན་ལག་དྲུག་བཤད་པ་ལ་དགོངས་པས་བཤད་པའོ། །ཞེས་པ་ནི་རྫོགས་རིམ་པའི་བསྙེན་པ་ཡན་ལག་དྲུག་ལ་ཡེ་ཤེས་བདུད་རྩི་ཞེས་པ་དང། མིག་སོགས་ལྔ་ལ་སངས་རྒྱས་ལྔ་ཞེས་པ་དང༌། རླུང་ལྔ་ལ་ཡེ་ཤེས་ལྔ་དང༌། འབྱུང་བ་ལྔ་དང༌། རིན་ཆེན་ཁ་དོག་སྣ་ལྔ་པ་ཞེས་པ་དང༌། སེམས་ཐིམ་པ་ལ་རིན་པོ་ཆེ་འགོག་པ་ཞེས་དོན་གཞན་ལ་དགོངས་ནས་སྒྲ་འགལ་བས་བཤད་པ་ལ་དགོངས་པ་ཡིན་གྱི། དེ་ཐམས་ཅད་ལ་དགོངས་བཤད་ཀྱི་མཚན་ཉིད་ཚང་མི་དགོས་པ་ནི་དགོངས་བཤད་གཞན་ལ་ཡང་མང་ངོ༌། ༈ །དེ་ལྟར་ལྷའི་རྣལ་འབྱོར་རྣམ་པ་གཉིས་བསྟན་ནས། ད་ནི་སྒྲུབ་པའི་གནས་བསྟན་པར་བྱ་བའི་ཕྱིར། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་དེ་བཞིའི་ཚིག་གི་དོན་གོ་སླའོ། །བཅོམ་ལྡན་འདས་སྐུ་གསུང་ཐུགས་དབྱེར་མི་བྱེད་པས་རྡོ་རྗེ་ཡང་ཡིན་ལ། མཆོག་གི་དངོས་གྲུབ་ཀྱི་ངོ་བོ་ཡང་ཡིན་པས། སྒྲུབ་པ་ཆེན་པོ་རྡོ་རྗེ་འཆང་གིས་དེ་སྐད་ཅེས་བཀའ་


JLD004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ། །དྲང་བའི་དོན་ཏོ། ༈ །སྐབས་འདིར་ངེས་དོན་ལུང་སྟོན་གྱི་ལུང་གིས་བཤད་པ་བརྗོད་པར་བྱ་སྟེ། མེ་ལོང་ཞེས་བྱ་དགོན་པ་ཆེ། །མཉམ་ཉིད་ཅེས་བྱ་ས་ཕྱོགས་སོ། །སོ་སོར་རྟོག་བྱ་རབ་ཏུ་དབེན། །རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ནི་རི་བོ་ནགས། །བྱ་བ་སྒྲུབ་པའི་ཆུ་ངོགས་སུ། །རིགས་དྲུག་པ་རྡོ་རྗེ་འཆང་ཉིད་ནི་གནས་དེ་རྣམས་སུ་འཐོབ་ཅེས་གསུངས་པའི་བདེ་བ་ཆེན་པོ་ཐོབ་པའོ།དྲངས་པ་དེ་རྣམས་རྒྱུད་ཀྱི་དོན་བླངས་པ་ཡིན་གྱི་ཚིག་གཞན་དུ་ཡོད་ཅེས་སྨྲ་བ་ནི། རྣམ་པར་མ་བརྟགས་པ་ཡིན་ཏེ། འགྲེལ་པར་དྲངས་པ་འདི་ཉིད་དག་པར་བྱ་དགོས་པའི་ཕྱིར་རོ། །ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། ༈ །དེ་ལྟར་རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་གནས་ཕུན་སུམ་ཚོགས་པ་བསྟན་པ་བྱས་ནས། རིམ་གཉིས་ཀྱི་རྣལ་འབྱོར་པ་དེ་རྣམས་ཉིད་ཀྱི་སྒྲུབ་པ་སྔར་རྒྱས་པར་བཤད་པ་ལ་ལྟོས་ཏེ་མདོར་བསྡུས་པ་བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱེད་པའི་རིམ་པ་ལ་གནས་པ་སྒྲུབ་ཐབས་མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱི་ཕྱིར། དུ་གསུངས་པའི་རྡོ་རྗེ་བཞི་པོ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བཤད་པ་ནི། རྡོ་རྗེ་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཅེས་པ་ནི་ཡེ་ཤེས་ཀྱིས་སྒོམ་པ་ནས་ལྷག་མོས་འོད་གསལ་དུ་བསྡུས་པའི་བར་རོ། །འདི་ལྟར་བཤད་པ་རྣམས་མངོན་རྟོགས་དངོས་གཞིའི་དབང་དུ་བྱས་པ་སྟེ། དེས་སྒྲུབ་ཐབས་དངོས་ཀྱི་སྔོན་དུ་འགྲོ་བའི་ཡན་ལག་བསྲུང་འཁོར་སོགས་ཀྱང་ཤེས་པར་བྱའོ། །རྡོ་རྗེ་


JLD004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ས་བོན་བསྡུས་པའོ། །ནི་ཧཱུཾ་ཡིག་ལས་ཉི་མ་བསྐྱེད་པ་ནས་ཟླ་བའི་སྟེང་དུ་ས་བོན་འབྲུ་གསུམ་འགོད་པ་དང༌། དེ་བསྡུས་པ་སྟེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་བསྐྱེད་པའི་བར་རོ། །རྡོ་རྗེ་གསུམ་པ་གཟུགས་ཉིད་རྫོགས་པ་ནི་མངོན་བྱང་ལྔ་ལས་སྐུ་རྫོགས་པ་དང་དེ་ལ་བརྟེན་ནས་ལུས་དཀྱིལ་གྱི་སྐུ་རྫོགས་པའོ་སྟེ་། །རྡོ་རྗེ་བཞི་པ་ཡི་གེ་དགོད་པ་ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་དང༌། ཏིང་ངེ་འཛིན་སེམས་དཔའི་ཡི་གེ་དང༌། རིག་མའི་ལུས་ལ་ཡི་གེ་འགོད་པ་དང༌། རྡོ་རྗེ་དང་པདྨའི་ཡི་གེ་འགོད་པ་སྟེ། མངོན་རྟོགས་བསྡུས་པའི་ལུགས་ཀྱི་རྡོ་རྗེ་བཞིའོ། །རྒྱུད་ཕྱི་མའི་འགྲེལ་པར། འབྱིན་པའི་ཡི་གེ་ལ་སོགས་པས་ལྷ་རྣམས་བསྐྱེད་པ་སྟེ། ཞེས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་ཡི་གེ་ཡང་ཡི་གེ་འགོད་པར་མཛད་པ་ནི། རྡོ་རྗེ་བཞི་བསྐྱེད་རྒྱས་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་ཡང་ན་ཞེས་པའི་གནད་ཀྱིས་བསྡུས་པ་ལ་བྱ་དགོས་སོ། །བརྟུལ་ཞུགས་བརྟན་པས་ཞེས་པའི་རྐང་པ་ལྷག་མ་གསུམ་གྱི་བཤད་པ་འོག་ནས་འབྱུང་བ་ནི་རིམ་པ་གཉིས་ཀ་ལ་སྦྱར་རོ་། །འོ་། །ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ། ༈ །བསྐྱེད་རིམ་ལ་གནས་པས་རྡོ་རྗེ་བཞིས་བསྙེན་པ་བྱ་བར་མ་ཟད་མཆོག་གི་སྒྲུབ་པ་རྫོགས་རིམ་ལ་གནས་པ་རྣམས་ཀྱིས་ཀྱང༌། རྡོ་རྗེ་བཞིས་བསྙེན་པ་བསྡུས་པ་བྱ་བར་བསྟན་པ་ལ། ཡང་ན་ཞེས་པ་ནི་དྲང་དོན་གྱི་རྡོ་རྗེ་བཞིས་བསྙེན་པ་བྱ་བ་ལས། ཡང་ན་ངེས་དོན་གྱི་རྡོ་རྗེ་བཞིས་བསྙེན་པ་བྱ་ཞེས་པའོ། །ངེས་དོན་ལྟར་ན་རྡོ་རྗེ་རྣམ་པ་བཞི་ནི་སྟོང་པ་ཉིད་རྣམ་པ་བཞི་ཡིན་ཏེ། སྟོང་པ་བཞི་པོ་དེས་བསྙེན་པ་བྱ་ཞིང་སྟེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་


JLD004_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་འབད་པར་བྱའོ། །འོ་ན་བསྙེན་པའི་ཡན་ལག་དྲུག་ཏུ་ནི། ཞེས་སོགས་ཀྱིས་གསུངས་པ་ལྟར་ཡན་ལག་དྲུག་ག་ཚང་བས་བསྙེན་པ་བྱ་དགོས་པ་མ་ཡིན་ནམ། སྟོང་པ་བཞི་ཙམ་གྱིས་བསྙེན་པ་བྱ་བ་ཇི་ལྟར་རིགས་སྙམ་ན། སྐྱོན་མེད་དེ་བསྙེན་པ་ལ་ཡན་ལག་དྲུག་ཡོད་ཅིང་དེ་དྲུག་ཚང་བ་བྱ་དགོས་ནའང༌། འདིར་བསྙེན་པ་སྟོང་པ་བཞིར་བསྡུས་པ་ནི། སོར་བསམ་གྱི་ངོ་བོར་ལུས་དབེན་གྱི་སྐབས་སུ་ཡང་སྟོང་པ་བཞི་དྲངས་ནས་མཉམ་རྗེས་སུ་སྐྱོང་བ་ཡིན་ལ། དེ་བཞིན་དུ་སྲོག་རྩོལ་ངག་དབེན་གྱིས་སྐབས་སུ་ཡང་སྣ་རྩེ་གསུམ་གྱི་སྲོག་རྩོལ་གསུམ་བསྒོམས་པའི་མཐུས་སྟོང་པ་བཞི་དྲངས་ནས་སྒོམ་པ་ཡིན་ཞིང༌། ཕྱི་ནང་གི་ཐབས་གཉིས་ལ་བརྟེན་ནས་སེམས་དབེན་སྒོམ་པ་དང༌། སྒྱུ་ལུས་གྲུབ་ནས་བསམ་གཏན་གཉིས་ཀྱིས་འོད་གསལ་སྒོམ་པ་དང༌། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་གི་ཕྱིར་སྤྱོད་པ་བྱེད་པ་ཐམས་ཅད་ཀྱང་སྟོང་པ་བཞི་དྲངས་ནས་མཉམ་རྗེས་སུ་སྐྱོང་བ་ཤ་སྟག་ཡིན་པས། དོན་འདི་རྟོགས་པར་བྱ་བའི་ཕྱིར་དུ་བསྙེན་པ་བསྡུ་ན་སྟོང་པ་བཞིར་བཤད་པ་འདི་ལེགས་པར་ངེས་དགོས་པ་ཡིན་ནོ། །བརྟུལ་ཞུགས་བརྟན་པ་ནི་བརྩོན་འགྲུས་བརྟུལ་པ་སྟེ་རབ་ཏུ་འབར་བ་ཅན་གྱིས་བསྙེན་པ་བྱའོ་སོ་། །སྐུ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་བདག་མཉམ་པར་གྱུར་པ་ནི་རྡོ་རྗེ་འཆང་གི་ངོ་བོར་བལྟ་བ། །ད་ལྟར་དེ་ལྟར་བཤད་མ་ཐག་པའི་རྡོ་རྗེ་བཞི་དག་གིས་བསྒོམས་ཤིང༌། སྟེ་འདོད་ཡོན་གྱི་ངོ་བོ་ཉིད་ཡོངས་སུ་ཤེས་པས་འདོད་ཡོན་ལམ་དུ་བྱེད་པའི་ཚུལ་གྱིས་བསླབས་ན་དངོས་གྲུབ་སྟེ་ཕྱག་


JLD004_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཞིང༌། མྱོང་བར་འགྱུར་བ་སྟེ། ངེས་པའི་དོན་ཏོ། ༈ །དུས་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་རྐང་པ་བཞིས་གཙོ་བོའི་ཡུམ་དང་བཅས་པའི་ལྷ་མོ་ལྔ་དང་ལྷན་ཅིག་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་གཅིག་སྟོན་ནོ། །པ་ལ། དུས་བཞི་ནི་ལྷ་མོ་བཞི་རྣམས་ཏེ།ཞེས་པ་ནི་སྦྱན་སོགས་བཞིའི་རིགས་ཀྱི་ཕྱག་རྒྱ་པདྨ་ཅན་སོགས་བཞིའོ། །དེ་རྣམས་ཀྱི་རབ་ཏུ་སྦྱོར་བ་ནི་འཁྱུད་པ་ལ་སོགས་པའི་རྣམ་པས་ཕྱག་རྒྱ་དེ་རྣམས་མཉེས་པར་བྱས་པ་སྟེ་དེས་ན་དུས་བཞི་དག་ཏུ་རབ་སྦྱོར་བས་སོ། །བློ་དང་ལྡན་པ་ནི་ཤིན་ཏུ་དགའ་བ འི་བསྟན་བཅོས་ནས་བཤད་པའི་སྒྱུ་རྩལ་རྣམས་ཤེས་པའི་སྒྲུབ་པ་པོས་རབ་ཏུ་སྦྱོར་བ། །གནས་ལྔར་ཞེས་བྱ་བ་ནི་ལྷ་མོ་བཞིའི་གནས་ན་གནས་པ་དེ་རྣམས་ཀྱི་གཟུགས་ལ་སོགས་པ་ཁྱད་པར་ཅན་ཏེ་ཤིན་ཏུ་ཡིད་དུ་འོང་བའི་གྱི་ཡུལ་ལྔ་མངོན་དུ་གྱུར་པ་རྣམས་ལ་སྦྱོད་པ་སྟེ། དེ་རྣམས་ཀྱི་གཟུགས་སྡུག་པ་ལ་ལྟ་བ་དང་སྒྲ་སྙན་པའི་གླུ་ཉན་པ་དང༌། ལུས་དང་གོས་ལ་བྱུགས་པའི་དྲི་ཞིམ་པོ་སྣོམ་པ་དང༌། མ་མཆུའི་སྦྲང་རྩིའི་རོ་འཇིབ་པ་དང༌། ལུས་ཀྱི་རེག་བྱ་ལ་རེག་བར་བྱེད་པ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། བློ་དང་ལྡན་པ་སྒྲུབ་པ་པོ་དེས་ཡི་གེ་ༀ་རང་གི་རྡོ་རྗེའི་རྩེ་མོ འི་བུ་ག ར་བསྒོམས་ནས་ཡེ་ཤེས་རྡོ་རྗེ་སྟེ། ༀ་དེས་བྱིན་གྱིས་བརླབས་པའི་རང་གི་རྡོ་རྗེས་དགའ་བ་སྟེ་རིག་མ་ལ་རོལ་བར་བྱས་ལ། སྡོམ་པ་སྟེ་བདེ་བ་དམ་པ་ཞེས་པ་ནི་སྡོམ་པའི་སྐད་དོད་སམྦྷ་ར་ལ་སཾ་ནི་བདེ་བ་དང༌། བ་ར་ནི་མཆོག་གོ །བདེ་བ་དེ་:པ་ཚབ:བསྟབ་ཅིང་བསྟན་ཅིང་སྟེ་


JLD004_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་བྱའོ། །ཞེས་པ་ནི་རིག་མ་དང་མཉམ་པར་སྦྱར་བ་ལས་གཉིས་ཀ་ལ་ལྷན་སྐྱེས་ཀྱི་བདེ་ཆེན་སྐྱེ་བ་ལ་དགོངས་ནས་བདེ་བ་མཆོག་རིག་མ་ལ་སྦྱིན་པར་གསུངས་སོ། །འདི་ལྟར་བྱེད་པ་ནི་ཕན་ཡོན་གྱི་སྐབས་ནས། བསྐྱེད་རིམ་ལ་གསུངས་པ་དང༌། ༀ་ཡིག་གིས་བྱང་སེམས་ཕྱིར་འཕོ་བ་འགོག་པར་བཤད་ཅིང༌། རྫོགས་རིམ་པའི་སྦྱོད་པའི་སྐབས་ཡིན་ན། ཡི་གེ་སྒོམ་པ་ལ་མི་ལྟོས་པར་རླུང་སྟོབས་ཉིད་ཀྱིས་བྱང་སེམས་ཕྱིར་འཕོ་བ་འགོག་པ་ཡིན་པས་སྦྱོད་པ་འདི་བསྐྱེད་རིམ་པ་ལ་སྦྱར་རོ། ༈ །དེ་ལྟར་སྤྱོད་པ་བྱེད་པའི་རྐྱེན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་ཅིང༌། དགའ་བའི་བསྟན་བཅོས་ལ་ལེགས་པར་བསླབས་པའི་ཕྱག་རྒྱ་རྣམས་དང་ལྷན་ཅིག་བདེ་བ་ཆེན་པོ་སྟོང་ཉིད་ཀྱི་ལྟ་བ་དང་དབྱེར་མེད་པའི་ཏིང་ངེ་འཛིན་གྱི་དོན་ལ་སློབ་པར་བྱེད་པ་དག་གི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། ཞག་བདུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱེད་རིམ་མཐར་ཕྱུང་ཞིང་དེ་ནས་སྤྱོད་པ་བྱས་པའི་བསྐྱེད་རིམ་པ་དབང་པོ་རབ་ཀྱི་འཇིག་རྟེན་པའི་དངོས་གྲུབ་ཀྱི་དུས་ནི་ཉིན་ཞག་བདུན་ནོ། །དབང་པོ་འབྲིང་གིས་ནི་ཟླ་བ་ཕྱེད་དེ་ཉིན་ཞག་བཅོ་ལྔའོ། །དབང་པོ་ཐ་མས་ནི་ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་ཏེ། ཟླ་བ་ཕྱེད་ཀྱིས་ལྷག་པའི་ཟླ་བ་ནི་ཟླ་བ་ཕྱེད་དང་གཉིས་ཏེ་དེས་དབང་པོ་ཐ་མས་འགྲུབ་པར་འགྱུར་རོ། །རྫོགས་རིམ་པས་མཆོག་གི་དངོས་གྲུབ་འགྲུབ་པའི་ཐབས་ཀྱི་གཙོ་བོ་ཟུང་འཇུག་སྟོན་པ་ལ་རྡོ་རྗེ་ནི་ཡུལ་གྱི་འོད་གསལ་བའོ། །དམ་ཚིག་ནི་ས་མ་ཏ་མཉམ་པ། ས་མ་ཡ་དུས། ཨེ་ཀ་ཀཱ་


JLD004_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་དུས་གཅིག་པ་སྟེ་ཡུལ་གྱི་འོད་གསལ་དེ་དང་ཡུལ་ཅན་གྱི་ཡེ་ཤེས་གཉིས་རོ་མཉམ་ཞིང་དུས་གཅིག་ཏུ་ཞུགས་པར་གྱུར་པ་ལ་བརྟེན་ན ས་རྫོགས་པར་གྱུར་པ་སྟེ། རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །ཟུང་འཇུག་དེ་བསྒྲུབས་ཤིང་སྟེ་དེར་གྱུར་བར་བདག་ཉིད་བསྐྱེད་ན་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་བདག་ཉིད་ཅན་མྱུར་ཞིང་རིང་པོ་མི་ཐོགས་པར་འཐོབ་པར་འགྱུར་རོ། ༈ །རྟོག་པ་སྟེ་བརྟགས་པའི་ཏིང་ངེ་འཛིན་བསྐྱེད་རིམ་ལ་གནས་པའི་དངོས་གྲུབ་འགྲུབ་པའི་དུས་ཀྱི་དབྱེ་བ་བསྟན་ནས། སྔགས་ཀྱི་སྐུ་དེ་ལས་བཟློག་པའི་ཏིང་ངེ་འཛིན་མཆོག་ཡེ་ཤེས་ཀྱི་སྐུ་ལ་གནས་པའི་རྫོགས་རིམ་པའི་དངོས་གྲུབ་འགྲུབ་པའི་དུས་ཀྱི་ངེས་པ་བསྟན་པར་བྱ་བའི་ཕྱིར། ཞག་གྲངས་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་པོ་པའི་སེམས་ཅན་བསྐྱེད་རིམ་པ་རྣམས་ལ་ནི་ཞག་བདུན་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་གིས། རབ་ཏུ་བསྐུལ་ནས་ང་ཡིས་སྔོན་ཏེ་སྔར་ཞག་བདུན་དང་ནི་ཞེས་སོགས་སུ་རྒྱས་པར་སྤྲོས་ཏེ་བསྟན་ཅིང་བཤད་དོ། །ད་ནི་ཏིང་ངེ་འཛིན་མཆོག་ལ་གནས་པའི་བཤད་པ་ཡིན་ནོ་ཞེས་པ་ཅིག་དངོས་སུ་མ་བྱུང་ཡང༌། ཚིགས་བཅད་གཅིག་གི་ཕྱེད་སྔ་མ་ཞག་གྲངས་བྱེ་བྲག་ཅེས་པའི་རྐང་པ་གཉིས་ཀྱི་དགོངས་པར་ཤུགས་ཀྱིས་འཐོབ་པའོ། །དགོངས་པ་ནི་སྔ་མ་བཞིན་ཏེ། སྒྲ་ཇི་བཞིན་པའོ། །ཟླ་བ་ཕྱེད་ནི་པཀྵ་ཞེས་པ་ཕྱོགས་དང་ཟླ་ཕྱེད་གཉིས་ཀ་ལ་འཇུག་ཀྱང༌། འདིར་ཕྱོགས་ལ་བསྒྱུར་དགོས་ཤིང་ནང་གི་བཤད་པ་མཛད་པ་རྩ་བར་མ་


JLD004_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས། པ་ཚབ་ཀྱིས། ཕྱོགས་ཀྱི་ནང་དུ་འགྲུབ་པར་འགྱུར་ཞེས་བསྒྱུར་བ་ལྟར་དགོས་སོ། །ཕྱོགས་ནི་ཐབས་ཀྱི་ཕྱོགས་ཀུན་རྫོབ་དང་ཤེས་རབ་ཀྱི་ཕྱོགས་དོན་དམ་པའོ། །དེ་གཉིས་ཀྱི་ནང་ནི་བར་ཏེ། གང་ཡིན་ཞེ་ན། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གཉིས་སུ་མེད་པའི་རྣམ་པས་གནས་པ་དེ་ལས་ཟླ་བ་ཕྱེད་ཀྱིས་དངོས་གྲུབ་སྟེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་གསུངས་སོ། །གང་གིས་གསུངས་ཤེ་ན། གསང་བ་མཆོག་ལས་བྱུང་བ་ཞེས་བྱ་བ་སྟེ། གསང་བའི་མཆོག་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུང་པ་སྟེ། དགོངས་པས་བཤད་པའོ། ༈ །བཤད་མ་ཐག་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་བསྙེན་པའི་དུས་སུ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་སྟེ་བཏང་ན ས་ཕྱིས་དངོས་གྲུབ་སྒྲུབ་པ་ལ་འཇུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་གི་རྒྱན་ནམ་ཚིག་ཕྲད་དེ། སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་དེ་ལ་སྟེ་དེའི་ནང་ནས་ཞེས་པ་སྟེ་གཞན་ལ་ཡང་དེ་ལྟར་ཤེས་པར་བྱའོ། །འདི་ནི་ཞེས་པ་གསུམ་ནི་སྐབས་སོ་སོའི་བྱིན་གྱིས་རློབ་པའོ་ནོ་། །ལྷ་གང་གི་མཐུས་སྒྲུབ་པ་པོས་རྡོ་རྗེའི་སྐུ་ཉེ་བར་ཐོབ་ཅིང་སྟེ་ཐོབ་པར་སྒྲུབ་པ་པོ་སྒྲུབ་པར་བྱེད་པ་ལ་སྣོད་དུ་རུང་བར་བྱེད་པས་ན་ཉེ་བར་སྒྲུབ་པ་སྟེ། ལུས་བྱིན་གྱིས་རློབ་པའི་


JLD004_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྡོ་རྗེའི། །ཁ སྒྲུབ་པ་པོའི་ལུས་དེར་སྡུད་ཅིང་སྡོམ། དེ་ལ་གསོལ་བ་འདེབས་པའི་ཐབས་ཀྱིས་གཔས་ན་ཉེ་བར་སྒྲུབ་པའི་སྡོམ་པ་སྟེ། དེ་ཡང་རྣམ་པར་སྣང་མཛད་དོ། །རྣམ་སྣང་དེའི་ཡུལ་ལ་གསོལ་བ་འདེབས་པ་ནི་འོག་ནས་བཤད་པའི་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ་སྟེ་། སངས་རྒྱས་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་སྐུ་རྣམ་སྣང་དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་པས་ན་སངས་རྒྱས་སྐུ་འཛིན་ནོ། །དཔལ་ནི་སངས་རྒྱས་སྤྱན་ནོ། །སྤྱན་དེ་གང་ལ་ཡུམ་དུ་ཡོད་པ་དེ་ནི་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེས་རྡོ་རྗེ་གསུམ་སོ་སོར་མི་ཕྱེད་པ་ཉིད་ཀྱིས་གཅིག་པའི་བདག་ཉིད་དུ་བསྒོམས་པར་བྱས་པ་བདག་གི་ལུས་བྱིན་གྱིས་བརླབས་པའི་གནས་སུ་རབ་ཏུ་གནས་པར་མཛོད་ཅིག་པ་སྟེ། སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བྱིན་གྱིས་རློབས་ཤིག་པའོ་དོ་། །དེ་ལྟར་བདག་པོ་ལ་གསོལ་བ་བཏབ་ནས། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ། རྣམ་སྣང་གཙོ་བོ་དེའི་འཁོར་རྣམས་ལ་གསོལ་བ་འདེབས་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་གསུང་བྱིན་གྱིས་བརླབ་པ་ལ་འཇུག་པ་ཡིན་ཏེ། སྒྲུབ་པ་པོ འི་གསུང་སྟེ་ངག་གི་ངོ་བོ་ཉིད་ལ་གནས་ནས་དེ་གསུང་རྡོ་རྗེའི་ངོ་བོར་སྒྲུབ་ཅིང་སྐྱེད་པ་ཡིན་པས་ན་སྒྲུབ་པའོ། །ཁ སྒྲུབ་པ་པོའི་ངག་དེར་སྡུད་ཅིང་སྟེ་ཀགསོལ་བ་འདེབས་པའི་ཐབས་ཀྱིས། གདབྱེར་མེད་པར་སྡོམ་པས་ན་སྒྲུབ་


JLD004_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡོམ་པ་སྟེ་འོད་དཔག་ཏུ་མེད་པའོ། །དེའི་ཡུལ་ལ་གསོལ་བ་འདེབས་པ་ནི་འོག་ནས་བཤད་པའི་ཚིགས་སུ་བཅད་པའོ། །ཆོས་ནི་འོད་དཔག་ཏུ་མེད་པའོ། །གསུང་གི་ལམ་ནི་གསུང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དཔལ་ནི་གོས་དཀར་མོ་སྟེ་དེ་དང་ལྡན་པས་དཔལ་ལྡན་ནོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཐུགས་བྱིན་གྱིས་བརླབ་པ་གསུངས་པ་ཡིན་ཏེ། སྒྲུབ་པ་ཆེན་པོ་ནི་ཐུགས་ཆེན་པོ་མི་བསྐྱོད་པ། །ཐུགས་དེ་ལ་གནས་ནས་སྒྲུབ་པ་པོ་སེམས་ལ་དབང་ཐོབ་པ་ལ་སྦྱོར་བས་ན་སྒྲུབ་པ་ཆེན་པོའོ། །སྒྲུབ་པ་པོའི་སེམས་དེར་དབྱེར་མེད་དུ་སྡུད་པས་ན་སྡོམ་པ་སྟེ་མི་བསྐྱོད་པའོ། །མི་བསྐྱོད་པ་དེའི་ཡུལ་ལ་གསོལ་བ་འདེབས་པ་ནི་ཚིགས་སུ་བཅད་པའོ། །རྡོ་རྗེ་ལྟ་བུ ར་མི་ཕྱེད་པ་མི་གནས་པའི་མྱ་ངན་ལས་འདས་པའི་ཐུགས་ནི་རྡོ་རྗེ འི་ཐུགས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པའི་མཐར་མ་ཆགས་པ་སྟེ་མ་ལྷུང་བ། །དེ་ལྟ་བུའི་ཐུགས་འཛིན་པར་མཛད་པས་ན་རྡོ་རྗེ་ཐུགས་འཛིན་ཏེ་མི་བསྐྱོད་པའོ། །མཱ་མ་ཀཱི་དང་ཡང་དག་པར་ལྡན་པས་ན་དཔལ་ལྡན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། ༈ །དེ་ལྟར་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་མཐར་ཐུག་པས། ལེའུ་འདིར་ལྷའི་རྣལ་འབྱོར་རྒྱས་པར་བསྟན་ནས། རང་གི་ལུས་ངག་ཡིད་གསུམ་དང་ལྷའི་སྐུ་གསུང་ཐུགས་གསུམ་ངོ་བོ་དབྱེར་མེད་པར་ལྟ་བ་དེ་


JLD004_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ངེས་པར་ཏེ་གདོན་མི་ཟ་བར་བྱའོ་ཞེས་བྱ་བའི་སྒོ་ནས་ཉེ་བར་སྡུད་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་སྣང་དང་དབྱེར་མེད་པར་སྒོམ་པ་ཡིན་པས་ན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའོ། །དེ་བཞིན་དུ་ཆོས་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་འབྱོར་པའོ། །གལ་ཏེ་རྨོངས་པའི་བདག་ཉིད་ཅན་ལམ་འདིར་ཞུགས་ཕྱིན་ཆད་རང་གི་སྒོ་གསུམ་དང་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དབྱེར་མེད་དུ་ལྟ་བ་རྒྱུན་ལྡན་དུ་བྱ་དགོས་པའི་མན་ངག་མ་ཐོབ་པས་རྨོངས་པས་ཟིལ་གྱིས་མནན་ནས་འདས་པར་གྱུར་ཅིང༌། སྟེ། རང་གི་སྒོ་གསུམ་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་སུ་བྱིན་གྱིས་བརླབ་པ་དང་བྲལ་ནས་གསུམ་ཚན་དེ་གཉིས་ཐ་དད་པ་ཉིད་ཀྱིས་རྟོག་ན་ཚལ་པར་འགས་པ་ནི་སོ་སོར་རིང་དུ་གྱེས་པ་སྟེ་དེ་དང་འདྲ་བར་:པ་ཚབ་ཆག:རྫོགས་པའི་རིམ་པ་ལས་ཟེར་ཤིང༌། བསྐྱེད་པའི་རིམ་པ་ལས་རིང་དུ་གྱུར་པར་འདིར་ངའི་ཚིག་ལ་ཡིད་གཉིས་དང་སོམ་ཉི་མ་བྱེད་ཅིག་ཅེས་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་རྡོ་རྗེ་བཞི་ནི་རྡོ་རྗེའི་སྦྱོར་བའོ། །རིམ་པ་གཉིས་ཀྱི་རྡོ་རྗེ་བཞི་པོ་དེ་ལེའུ་འདིར་བཤད་པའི་སྐུ་གསུང་ཐུགས་བྱིན་བརླབ་དང་འོད་གསལ་དུ་འཇུག་པའི་ཐབས་འདིས་མཉམ་པར་བྱས་པས་ན་དམ་ཚིག་གོ །དེ་ཉིད་ནི་


JLD004_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན་སྒྲུབ་པའོ། །རྫོགས་པའི་རིམ་པ་ཐོབ་པར་བྱེད་པས་ན་མཆོག་གོ །བསྟན་པ་ནི་རབ་ཏུ་བཤད་པའོ། །ལེའུ་ནི་གཞུང་གི་ཚོགས་སོ། །ལེའུ་དང་པོ་ནས་བཅུ་གཅིག་པའི་བར་གྱི་ལེའུ་སོ་སོའི་མིང་ལ་ལྟོས་པས་ན་བཅུ་གཉིས་པ་སྟེ། སྒྲ་ཇི་བཞིན་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཉིས་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །རིམ་པ་གཉིས་ལ་སློབ་པ་ལ་འཇུག་པའི་རྣལ་འབྱོར་པ་རིམ་པ་གཉིས་ལ་བརྟན་ཞིང་སྤྱོད་པ་བྱས་པ་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་རང་དང་བསྟན་པ་ལ་མོས་པར་བྱ་བའི་ཕྱིར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཙམ་དུ་མ་ཟད། ཚར་བཅད་དང་རྗེས་འཛིན་གྱི་ལས་ཀྱི་ཚོགས་རྣམས་ཀྱང་ཉམས་སུ་བླང་བར་བྱའོ་ཞེས་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གསུམ་པ་གསུངས་ཏེ། ༈ །དེ་ནས་ནི་རིམ་གཉིས་ཀྱི་བསྙེན་པ་ལ་སོགས་པའི་ཆོ་ག་བཤད་ཟིན་པའི་འོག་ཏུའོ། །འདོད་པའི་དབང་ཕྱུག་ལ་སོགས་པ་བརྒྱད་དང་ལྡན་པས་བཅོམ་ལྡན་འདས་སོ། །བདེ་གཤེགས་ཀུན་ནི་མི་བསྐྱོད་པ་ལ་སོགས་པའོ། །ཡེ་ཤེས་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་གཙོ་བོ་ཡིན་པས་ན་མཆོག་སྟེ། དེ་འཛིན་པས་ན་ཡེ་ཤེས་རྡོ་རྗེའི་མཆོག་འཛིན་པའི་དེ་བཞིན་གཤེགས་པའི་འཁོར་དང་ངོ༌། །སེམས་ཅན་ཀུན་གྱི་དོན་ནི་དགོས་པ་


JLD004_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཞི་བ་ལ་སོགས་པའོ། །དེའི་དོན་དུ་ཡང་དག་པར་བྱུང་བ་ནི་བརྩོན་པ་མཛད་པ། །དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྟེ་སའི་སྙིང་པོ་ལ་སོགས་པའོ། །བློ་ལྡན་ནི་ཕྱག་རྒྱ་དང་ལྡན་པ་སྟེ། དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱག་འཚལ་ཞིང་མཆོད་ནས་གསུངས་སོ། །ཞེས་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་པས་ན་ཐུབ་པའི་སྐད་དོད་མུ་ནྱ་ལ་མ་ན་ཡིད་དེ་ཐུགས་སོ། བརྟྟི་འཇུག་པ་སྟེ་བཞུགས་པའོ། །ཐུབ་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་ཡང་དག་པར་སྦྱིན་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པས་ན་དོན་ཀུན་རྡོ་རྗེ་ཅན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པ་ཆེན་པོ་ཡིན་པས་ན་སྟོན་པ་ཆེ་སྟེ་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ལ་ཕྱག་འཚལ་ནས་སོ་འོ་། །བདེན་པ་གཉིས་ཡོངས་སུ་མཁྱེན་པས་ན་དམ་ཚིག་དེ་ཉིད་མཁྱེན་པ་སྟེ། དེ་ལ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་མཆོད་དེ་རྡོ་རྗེའི་དབྱངས་འདི་གསུངས་པ་སྟེ། ལས་ཀྱི་ཚོགས་ལ་གསོལ་བ་འདེབས་པའི་ཚིག་ནི་རྡོ་རྗེའི་དབྱངས་ཡིན་ལ། དེ་གསུང་བར་མཛད་པ་སྟེ། སྒྲ་ཇི་བཞིན་པའོ། ༈ །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །གང་ལ་ངོ་མཚར་ཞེ་ན། སངས་རྒྱས་ཀྱི་ཚུལ་ཏེ་དེ་འཁྲིད་པའི་ཐབས་ནི་སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་གི་སྦྱོར་བའོ། །རྡོ་རྗེ་བཞི་འདའ་རྡོ་རྗེ་བཞི་ལས་:པ་ཚབ:འདས་པའི་ཕྱིར་ན་བཟང་པོའོ། ཞེས་འབྱུང་སྟེ་


JLD004_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གྱི་རྡོ་རྗེ་བཞི་ལས་འདས་པའོ། །པར་མི་བྱ་བ་ཡིན་པས་བཟང་པོའོ། །སྦྱོར་བ་ཡན་ལག་དྲུག་གི་བསྔགས་པ་བསྟན་ནས་བདེན་པ་གཉིས་བསྲེས་པ་ཟུང་འཇུག་ལ་མངོན་པར་བསྟོད་པ་གསུངས་པ་ནི། ཡང་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ནི་སྦྱོར་བ་དྲུག་གོ །དེའི་ཚུལ་ནི་བདེན་པ་གཉིས་ཀྱི་ངེས་པར་སྦྱོར་བ་ཟུང་འཇུག་གོ་འོ་། །དེ་ཉིད་ཕུལ་དུ་བྱུང་བས་མཆོག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་ཀྱི་གི་སྙིང་པོའི་དོན་བསྡུས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཨེ་མའོ་ཞེས་བྱ་བ་ལ། ཆོས་ནི་བདེན་པ་གཉིས་སོ། །དེའི་ཚུལ་ནི་གཅིག་ཏུ་བྱས་པའོ། །དེ་ཞི་བ་ནི་སྤྲོས་པ་རྣམས་དང་བྲལ་བའོ། །གཞན་ཡང་ཨེ་མའོ་ཞེས་བྱ་བ་ལ་སོགས་པས་ནི་བསྟོད་པ་ཉེ་བར་སྡུད་པ་ཡིན་ཏེ། སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་ཚུལ་ནི་བྱང་ཆུབ་འཐོབ་པའི་ཐབས་སོ། །བརྟན་པ་ནི་མི་ཕྱེད་པ་སྟེ་ཉན་ཐོས་ལ་སོགས་པས་མི་ཤིགས་པའི་ཕྱིར་ཏེ། དགོངས་པའི་བཤད་པའོ། །མ་སྐྱེས་པ་ཡི་ཞེས་བྱ་བ་ལ་སོགས་པ་ལ།ཁམ་སྐྱེས་ཤིང་ཞེས་པ། དབུ་མ་རྩ་བ་ལས། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། ཞེས་གསུངས་པ་ལྟར་གཟོད་མ་ནས་ངོ་བོ་ཉིད་ཀྱིས་སྐྱེ་བ་ཞི་བ ར་རྟོགས་པ་ལ་བརྟེན་ནས་འི་ཀཆོས་ཕུང་པོ་ལ་སོགས་པ་རྣམས་ལ་གབྱང་ཆུབ་འཐོབ་པར་བྱེད་པའི་ངོ་བོ་ཉིད་ཀྱིས་ཕུལ་དུ་བྱུང་ཞིང་


JLD004_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་ཡིན་པ་དང་མ་སྐྱེས་ཤིང་རྣམ་པར་མི་རྟོག་པ་སྟེ། དེ་ཁོ་ན་ཉིད་ལ་བརྟག་པ་དང་བྲལ་ཞིང་སྟེ་བརྟག་མི་བཟོད་ཅིང་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཡོད་པར་འགྱུར་གསར་གཉིས་ལ་བདེན་ཞིང་ཞེས་པ་མེད་དོ། །བདེན་ཞིང༌།༢ཡང་དག་པ་རྣམས་ཏེ། དེ་ལྟར་གྱུར་པའི་ཆོས་རྣམས་ལས་ཡན་ལག་དྲུག་གི་སྦྱོར་བའི་ཐབས་ཀྱིས་ཡེ་ཤེས་འབྱུང་བ་སྟེ། རྡོ་རྗེ་སེམས་དཔའ་སྐྱེ་བར་བཅོམ་ལྡན་འདས་ཀྱིས་མང་དུ་གསུངས་ཤིང་བཀའ་སྩལ་པ། དེ་ནི་ངོ་མཚར་འདིའི་ངོ་མཚར་ཆེ་ལུགས་ནི། ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཀྱང་མེད་བཞིན་དུ་རྒྱུ་འབྲས་འཇོག་པ་འཐད་པའོ། །ཆེའོ་ཞེས་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །དེ་ལྟར་བསྟོད་པས་བཅོམ་ལྡན་འདས་མ་ཉེས་པར་བྱས་ནས་མངོན་པར་འདོད་པའི་དོན་གྱི་ཕྱིར་གསོལ་བ་འདེབས་པ་བསྟན་པར་བྱ་བའི་ཕྱིར། སྔགས་རྣམས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་རྣམས་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལི་ལས་བྱུང་བ འི་སྦྲུལ་ལ་སོགས་པ་རྣམས་སོ། །སྔགས་དེ་གང་དུ་བསགས་ཤིང་བསྡུས་པ་ནི་སྔགས་བཟླ་བར་གསུངས་པ་ཐམས་ཅད་ཀྱི་ངེས་དོན་མཐར་གཏུགས་ན་རླུང་སྔགས་དབྱེར་མེད་དུ་བཟློ་བའོ། །བསྡུས་པའོ། །རྡོ་རྗེ་བཟླས་པ་ནི་དོན་ཏེ་འབྲས་བུ་ཡོད་པའི་བཟླས་པའོ། །ཡེ་ཤེས་ཆེན་པོ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །སྐུ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལྟར་བསྒོམས་


JLD004_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པ་དེའི་རླུང་ནང་དུ་འཇུག་པ་དང་གནས་པ་དང་ལྡང་བའི་ཚུལ་གྱིས་འཇུག་པའི་གནས་ནི་དཀྱིལ་འཁོར་བཞིའི་རླུང་ཏེ་དེ་བཤད་དུ་གསོལ་ཞེས་པའོ། །རྡོ་རྗེ་བཟླས་པ་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སྟེ། རྡོ་རྗེ་མི་ཕྱེད་པ་གསུམ་བསྒོམས་པའི་སྒྲུབ་པ་པོ་གང་གིས་འཐོབ་པར་འགྱུར་བ་དེ་བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་བཟླས་པ་ནི་རྡོ་རྗེའི་བཟླས་བརྗོད་དོ། །དེའི་སྦྱོར་བ་ནི་འཇུག་པ་ལ་སོགས་པའི་ཚུལ་གྱིས་རླུང་སྔགས་དབྱེར་མེད་དུ་ཡོངས་སུ་ཟློས་པའོ། །དེ་ཡིས་སངས་རྒྱས་ཀུན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ཅིང་བདག་གིར་མཛད་པའོ། །རྡོར་བཟླས་ནི་སྔགས་ཐམས་ཅད་ཀྱི་ངེས་དོན་གྱི་སྔགས་ཟློ་བ་ཡིན་པས། སྔགས་བཟླས་པས་རྒྱལ་བ་སྲས་བཅས་ཀྱི་ཐུགས་བསྐུལ་ནས། རང་ལ་བྱིན་གྱིས་རློབ་པའི་དགོས་པ་རྣམས་རྡོར་བཟླས་ཀྱིས་སྒྲུབ་པས་མཆོག་ཏུ་གྱུར་པའོ། །རིགས་དང་ཞེས་བྱ་བ་ལ་སོགས་པ་ལ། གསང་སྔགས་ཐམས་ཅད་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པའི་རིགས་ཏེ་ཚོགས་རྣམས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ནི་རྡོར་བཟླས་ཀྱི་ཡི་གེ་གསུམ་སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་འི་ངོ་བོ ར་སྟོན་པ། །གསང་སྔགས་ཟློས་པ་ནི་རྡོ་རྗེ་བཟླས་པའོ། །དེ་རིང་ཞེས་


JLD004_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ད་ལྟའོ། །གསུངས་ཤིག་པ་ནི་བཀའ་སྩོལ་ཅིག་པའོ། །རྡོ་རྗེ་བཟླས་པ་དེ་དགོས་པ་ཅིའི་ཕྱིར་ཞུ་ཞེ་ན། ཡེ་ཤེས་ཡེ་ཤེས་:པ་ཚབ:རྒྱ་མཚོའི་གསན་དོན་དུའོ། ཞེས་འབྱུང་ངོ༌། །རྒྱ་མཚོ་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །གསན་པ་ནི་དེས་བཀའ་སྩལ་པ་དེ་ཐོས་ནས་ཤེས་པའི་དོན་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་པ་ནི་ལམ་ལ་སློབ་བཞིན་པ་ལ་གནས་པའོ། །སངས་སངས་:པ་ཚབ:རྒྱས་དུས་གསུམ་ལས་བྱུང་བ། ཞེས་བྱ་བ་ནི་འཇུག་པ་དང་གནས་པ་དང་ལྡན་པའི་བདག་ཉིད་ཅན་ནོ། །བྱུང་བ་ནི་རྫོགས་པའོ། །དེ་དག་གང་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ་སྦྱོར་བཞིན་པ་རྣམས་སོ། །དེའི་དོན་ནི་དུས་གསུམ་ནི་རླུང་ལྡང་འཇུག་གནས་པ་གསུམ་མོ། །དེ་ལས་བྱུང་བའི་སངས་རྒྱས་ནི་རླུང་གསུམ་ལས་བྱུང་བའི་གདངས་གསུམ་རྫོགས་པའོ། །དེ་དག་ཀྱང་གང་ཡིན་ཞེ་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་ཡི་གེའི་གདངས་དང༌། རླུང་གི་གདངས་གསུམ་དབྱེར་མེད་དུ་སྦྱོར་བཞིན་པའོ། །སངས་རྒྱས་ཞེས་པ་ནི་རྡོ་རྗེ་ཅན་ཞེས་པའི་དོན་ནོ། །རྒྱས་དུས་གསུམ་ལས་བྱུང་རྣམས་ཞེས་པ་ནི། འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཅན་དུ་གྱུར་པའོ། །བྱུང་བ་ནི་རྫོགས་པའོ། །གང་ཞེ་ན། སློབ་པའི་རྣལ་འབྱོར་པའོ། །རྡོ་རྗེ་སྔགས་ནི་རབ་བསྒོམས་པས། ཞེས་བྱ་བ་ནི། རྡོ་རྗེ་བཟླས་པ་ཡོངས་སུ་ཤེས་པས་སོ། །ཡེ་ཤེས་མཉམ་མེད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་ཐོབ་པར་འགྱུར་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པའོ། ༈ །དེ་ནས་


JLD004_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གསོལ་བ་བཏབ་མ་ཐག་ཏུའོ། །ནམ་མཁའ་རྡོ་རྗེ་ནི་དོན་དམ་པའི་བདེན་པའོ། །ཡེ་ཤེས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉི་ག་ལས་བྱུང་བས་ནམ་མཁའ་རྡོ་རྗེ་ཡེ་ཤེས་ལས་བྱུང་བ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །བྱེད་ཅེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་འཆང་དེ་ཉིད་ཀྱི་ཁྱད་པར་སྟོན་པ་ཡིན་ཏེ། ཞི་བ་ལ་སོགས་པའི་བྱ་བ་རྣམས་བསྐྱེད་པས་ན་བྱེད་པའོ། །རང་གི་དབང་དུ་གྱུར་པ་མ་ཡིན་པ་སྟེ་རང་གིས་བཟློག་པར་མི་ནུས་པ་གཞན་གྱིས་བྱས་པའི་མངོན་སྤྱོད་དང་ལ་སོགས་པ ས་དབང་གི་འི་ལས་གཅོད་པས་ན་སྐྱེད་པའོ། །དམ་པ་ནི་ཚངས་པ་ལ་སོགས་པའོ། །དེ་རྣམས་ཀྱི་མཆོག་ནི་དགྲ་བཅོམ་པ་ལ་སོགས་པའོ། །དེ་རྣམས་པས་ཀྱང་ལྷག་པར་གྱུར་པས་དམ་པ་མཆོག་གི་གཙོས་ཏེ། བཅོམ་ལྡན་འདས་ཉིད་དེ་དེས་རང་ཉིད་ཀྱི་རྡོ་རྗེ་བཟླས་པ་འདི་གསུངས་ཤིང་བཀའ་སྩལ་པའོ། ༈ །སྔགས་ཀྱི་དོན་ཀུན་ཞེས་བྱ་བ་ལ་སོགས་པ་ལ། གསང་སྔགས་ཐམས་ཅད་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པའོ། །སྔགས་དེ་རྣམས་ཀྱི་དོན་བསྡུས་པ་ནི་ཡི་གེ་གསུམ་མོ། །ཡི་གེ་གསུམ་པོ་དེའི་བཟླས་པ་ནི་རླུང་ནང་དུ་འཇུག་པ་ལ་སོགས་པ་གསུམ་གྱི་གདངས་དང་དབྱེར་མེད་པ་ཟློ་བའོ་མོ་། །རླུང་སྔགས་དེ་རྣམས་མི་ཕྱེད་པར་ཟློ་བ་ཡོད་པ་ལ་ནི་རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན་པ་སྟེ། རྡོ་རྗེ་གསུམ་གྱི་ཡི་གེ་དང་རླུང་གཉིས་མི་ཕྱེད་པ་དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་བཟླས་པ་གསུངས་སོ་ཞེས་བྱ་བར་སྦྱར་ཏེ་


JLD004_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་རྡོ་རྗེ་བཟླས་པའི་སྒྲ་བཤད་བསྟན་ཏོ་། །རོ་། །རྡོ་རྗེ་བཟླས་པ་དེ་རྣམ་པར་དབྱེ་བ་སྟེ་བཤད་པར་བྱ་བའི་ཕྱིར་རྡོ་རྗེ་དབྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། :པ་ཚབ:[ དབྱེ་བ་གསུམ་ལ་རྡོ་རྗེའི་མཐར། །བཀོད་པ་རྡོ་རྗེ་གསུམ་ཞེས་བྱ། ཞེས་འབྱུང་བ་དང་འགྲེལ་པའི་བཤད་པ་མཐུན་ནོ། །དབྱེ་བ་གསུམ་ནི་སྐུ་རྡོ་རྗེ་ༀ་ལ་སོགས་པའི་དབྱེ་བ་གསུམ་མོ་འོ་། །དེའི་བཟླས་པ་ནི་རྡོ་རྗེའི་མཐར་ཐུག་པ་ནི་རྡོ་རྗེ་འཛིན་པ་གཅིག་པུའི་མཐར་ཕྱིན་པའོ། །:པ་ཚབ:[ ཞེས་པ་ནི་རྡོ་རྗེ་འཆང་ནི་རྡོ་རྗེ་གསུམ་མི་ཕྱེད་པ་ཡིན་ལ། དེ་ཡང་འདིར་རྡོར་བཟླས་བྱས་པས་མཐར། འཇུག་གནས་ལྡང་གསུམ་གྱི་རྡོ་རྗེ་གསུམ་མི་ཕྱེད་པར་སྙིང་ཁའི་རྩ་འཁོར་གྱི་དབུས་ཀྱི་རྡོ་རྗེ་འཛིན་པ་མི་ཤིགས་པའི་ཐིག་ལེ་ལ་ཞུགས་པ་ཡིན་ཏེ། །ལེའུ་དྲུག་པའི་འགྲེལ་པར་སྙིང་ག་ན་གནས་པའི་རྡོ་རྗེ་སེམས་དཔའ་བསྐུལ་ཞེས་བཤད་པ་བཞིན་ནོ། །ཡི་གེ་གསུམ་གྱི་བཀོད་པ་ནི་རླུང་ནང་དུ་འཇུག་པ་ལ་སོགས་པའི་རང་གི་ངོ་བོ ཡི་གེ་གསུམ་གྱི་གདངས་སུ་ར་ཡོངས་སུ་ཤེས་པ ས་བཟློ་བ་སྟེ། དེ་ནི་རྡོ་རྗེ་གསུམ་གྱི་བཟླས་པ་ཞེས་བྱའོ་ཞེས་ཤེས་པར་བྱའོ། །བཟླས་པ་འདིའི་ཡུལ་ཅན་ལ་རྟེན་ཅན་ཞེས་གསུངས་པ་མང་བས་ཡུལ་ཏེ་རྟེན་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་བཟླས་པའི་གནས་ནི་ཉེ་བར་ལེན་པའི་ལུས་སོ་འོ་། །དེ་གང་ཡིན་ཞེ་ན། གཞི་དུས་ཀྱི་སྐྱེ་བ་སྤྲུལ་པའི་སྐུ་ཞེས་པའི་སྤྲུལ་པའི་སྐུའི་ལུས་དང༌། ཟུང་འཇུག་པས་སྤྲུལ་སྐུའི་ལུས་ལེན་པའོ། །ལུས་དེ་ཡོད་པ་ལ་བརྟེན་


JLD004_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྲོ་བ་རྣམ་པ་གསུམ་པོ་འཇུག་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྡོར་བཟླས་ཀྱི་བྱ་བ་རྫོགས་པར་བྱའོ། །འདིར་སྔ་མ་རྣམས་སྐབས་འདི་རྣམས་སུ་རྡོར་བཟླས་བྱ་བར་གསུངས་པ་ཐམས་ཅད་ཟུང་འཇུག་པས་ཞི་སོགས་ཀྱི་ལས་སྒྲུབ་པའི་རྡོར་བཟླས་ཁོ་ན་ལ་འཆད་མོད་ཀྱང༌། རྫོགས་རིམ་པའི་བསྙེན་པའི་དུས་སུ་རྡོར་བཟླས་བྱས་པས་སྟོང་པ་རྣམས་འདྲེན་པ་ལ་ཡང་སྦྱར་དགོས་པར་སྣང་ངོ༌། །འདིའི་ཕན་ཡོན་ནི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་བཟླས་པ་བཤད་མ་ཐག་པ་འདི་ཡིས་ནི། རྡོ་རྗེ་གསུམ་སྟེ་སྐུ་ལ་སོགས་པའོ། །དེའི་ཐུགས་ནི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཐ་མི་དད་པ་མི་ཕྱེད་པ ར་གྱུར་པའི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བར་འགྱུར་བའོ། ༈ །བླ་སྟེ་གོང་ན་མེད་པའི་རྫོགས་རིམ་པའི་མཆོད་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཞེས་བྱ་བ་ནི་ཟུང་འཇུག་པས་རྣམ་སྣང་ལ་སོགས་པའི་སྤྲུལ་པའི་སྐུ་འཛིན་པ་སྒོམ་ཞིང་སྟེ་བསྐྱེད་ནས། སངས་རྒྱས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་ཀྱི་འམ་ལ་མཆོད་པའི་མཆོག་གི་ཁྱད་པར་བརྟག་པར་བྱའོ། །གང་གིས་ཤེ་ན། ཡེ་ཤེས་རྡོ་རྗེ་སྟེ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཟུང་འཇུག་ལ་གནས་པས་སོ། །རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ་སྔ་མ་རྡོ་རྗེ་


JLD004_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་དང་འདྲ་བར་བཤད་པ་བཞིན་ནོ། །ཕྱི་རོལ་གྱི་མེ་ཏོག་སོགས་ཀྱི་མཆོད་པ་ལ་མངོན་པར་ཞེན་པ་སྤང་པར་བྱ་བའི་ཕྱིར། སླར་ཡང་ཡང་གི་སྒྲས་ནི་སྔར་གསུངས་པའི་མཆོད་པའི་མཆོག་དེ་ཉིད་འདིར་འཆད་པའོ། །སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་མཆོད་པའི་མཆོག་བརྟག་པ ར་བྱ་བར་གསུངས་པ་དེ་ནི་ཞེས་པ་མ་ལུས་པའི་མཆོད་པའི་ཚོགས་རྣམས་ཁབསམས་ནས་ཀའཇིག་རྟེན་གྱི་ཁམས་རྣམས་སུ་གསངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སུ་བསྒོམས་ནས་མཆོད་པ་བྱ་བ་སྟེ། བྱེད་པའོ། །དེ་ཇི་ལྟར་ཡིན་ཞེ་ན། འདོད་ཡོན་དང་རིན་ཆེན་སྣ་བདུན་ལ་སོགས་པ་བླ་ན་ཡོད་པ་དང་བཅས་པའི་མཆོད་པའི་ཚོགས་འཇིག་རྟེན་གྱི་ཁམས་ཁྱབ་པར་སྤྲུལ་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་ངོ་བོ ར་གྱུར་པར་ཡེ་ཤེས་རྡོ་རྗེས་ཁོང་དུ་ཆུད་པར་བྱ ས་ནས་མཆོད་བའོ། །ཟུང་འཇུག་པས་འདི་ལྟར་བྱས་ནས་མཆོད་པའི་ཆ་ནས་བླ་ན་མེད་པ་ཞེས་བྱ་ལ། ཉེར་སྦྱོད་དང་འདོད་ཡོན་སོགས་ནི་བླ་ན་ཡོད་པར་འཇོག་པས་མི་འགལ་ལོ། །འདི་ནི་ཞེས་པ་ནི་འདི་ལྟ་བུའི་ཡོངས་སུ་ཤེས་པའོ། །བྱང་ཆུབ་མཆོག་ཐོབ་པའོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐྱེད་པ་སྟེ་ཕན་ཡོན་ནོ། ༈ །དེ་ལྟར་དབང་པོ་རབ་དང་ལྡན་པ་རྫོགས་རིམ་པའི་མཆོད་པ་བསྟན་ནས། དབང་པོ་ཐ་མལ་པ་བསྐྱེད་རིམ་པ་རྣམས་ཀྱི་མཆོད་པ་ཡང་བསྟན་པར་བྱ་བའི་ཕྱིར། ཡང་ན་དབྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ན་ཞེས་བྱ་


JLD004_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རྫོགས་རིམ་པའི་མཆོད་པ་ལས་རྣམ་པ་གཞན་སྟོན་པའི་ཚིག་གི་ཕྲད་དོ། །དབྱེ་བ་རྣམ་གསུམ་གྱིས་ཞེས་བྱ་བ་ནི་ལྷ་རེ་རེའི་སྤྲུལ་པ་ཡང་སྐུ་ལ་སོགས་པའི་དབྱེ་བ་རྣམ་པ་གསུམ་གྱིས་ཞེས་པ་ནི་སྤྱན་མ་ལྟ་བུ་གཅིག་སྤྲོས་པ་དེས་སྤྲུལ་པ་ལ་ཡང༌། རྡོ་རྗེ་གསུམ་གྱི་ལྷ་ཚོགས་དུ་མ་ཞིག་སྤྲུལ་པའོ། །སོ་སོར་ཐ་དད་པར་ཞེས་པ་ནི་ཐུན་མིང་དུ་བྱེད་པ་མིན་པར་རེ་རེ་ནས་སྤྲུལ་པའོ། །སྤྲོ་ཞིང་ཞེས་པ་ནི་རང་གི་ལུས་ཀྱི་དཀྱིལ་འཁོརལས་ལྷ་རྣམས་ཉེ་བར་འབྱིན་པའི་བྱ་བ་བྱེད་པའོ། །སྤྲུལ་པའི་དཀྱིལ་འཁོར་པ་རྣམས་ཀྱི་སྟེ་ལ་བདེན་པར་ཉེ་བར་དམིགས་པའི་མངོན་ཞེན་དགག་པར་བྱ་བའི་ཕྱིར། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་བདག་མེད་པ་སྟེ། ལྷ་དེ་རྣམས་ཀྱི་སྐུ་ལ་སོགས་པ་དངོས་པོ་སྟེ་རང་བཞིན་མེད་པ ར་རང་གི་ཡེ་ཤེས་ཀྱི་སེམས་ཏེ། སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཟིན་པར་བྱས་ནས་ལྷ་རྣམས་ཡང་དག་པར་སྤྲོ་ཞིང་བློའི་ཡུལ་དུ་གསལ་བར་བྱའོ། ། འདིས་ནི་མཆོད་པ་བྱེད་པའི་ལྷ་རྣམས་ཀྱི་རྣམ་པ་གསལ་བ་དང༌། མི་དམིགས་པར་རྟོགས་པའི་ལྟ་བས་ཟིན་པར་བྱས་ནས་མཆོད་དགོས་པར་བསྟན་ནོ། །སྤྲོས་པའི་ལྷ་རྣམས་ཀྱིས་མཆོད་པ་ཇི་ལྟར་བྱ་བ་སྐབས་འདིར་མ་བཤད་ཀྱང༌། སྔར་བླ་ན་མེད་པའི་མཆོད་


JLD004_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་མཆོད་རྫས་མ་ལུས་པས་འཇིག་རྟེན་གྱི་ཁམས་ཁྱབ་པར་སྤྲུལ་ནས་སངས་རྒྱས་ཐམས་ཅད་ལ་མཆོད་པར་བཤད་པས་གོ་ནུས་པ་ལ་དགོངས་སོ། །བཤད་པ་འདི་ལ་བརྟེན་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲུལ་པ་ལ་ཡང་རེ་རེ་ལས་དུ་མ་སྤྲུལ་པ་དང༌། རྣམ་པ་གསལ་བ་དང༌། ལྟ་བས་ཟིན་པར་བྱེད་པར་རྟོགས་པར་བྱ་བ་ཡིན་ཀྱང༌། དེ་ཁོ་ན་ལ་འཆད་པ་ནི་དོན་མ་ཡིན་ནོ། །རང་ལས་སྤྲོས་པའི་ལྷ་རྣམས་མཐར་རང་ལ་གཞུག་པའི་ཁ་སྦྱར་བ་བསྟན་པར་བྱ་བའི་ཕྱིར། བརྗོད་ནས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སྟེ་རང་གིས་སྤྲུལ་པའི་ལྷའི་སྐུ་བརྗོད་པ་སྟེ། གང་དུ་སྤྲུལ་པའི་གནས་ནས་བསྐྱོད་ནས་སླར་འོང་སྟེ། གནས་དེ་ནས་ཚུར་ལ་སྤྲོ་བ་སྟེ། རང་གི་ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་ཏེ་ངོ་བོར་བདག་ཉིད་དུ་སྟེ་ལ་བཞག་པ་སྟེ་བཞུག་པ ར་བྱ་བའོ་འདིས་ནི་ཐུན་གྱི་མཐར་དཀྱིལ་འཁོར་བའི་ལྷ་རང་ལ་བསྡུ་བ་སྟོན་ནོ། །་དང་མཆོད་པའི་དོན་དུ་སྤྲོས་པ་རྣམས་ཀྱིས་མཆོད་པའི་ལས་རྫོགས་ནས་ཏེ། རྫོགས་པའི་འོད་ཏུ་རང་ལ་སྡུད་པའི་ཁ་སྦྱར་བར་བྱ་བའི་གནས་སྐབས་སུ་མཆོད་ལྷ་རྣམས་རབ་ཏུ་བསྡུ་བ་སྟེ། ཏིང་ངེ་འཛིན་གྱི་སེམས་དཔར་གཞུག་པར་བྱ སྟེ་འོ་། །འདིས་ནི་སྤྲོ་བའི་ཚེ་ན་ཏིང་ངེ་འཛིན་སེམས་དཔའ་ལས་སྤྲོ་བ་ཡང་ཤེས་པར་བྱའོ། །འདི་ནི་ཞེས་པ་ནི་བཤད་མ་ཐག་པའོ། །ཡེ་ཤེས་ཀྱི་སྤྱན་ཕྱེ་བ་ནི་ཡེ་ཤེས་ཀྱི་མིག་རྣམ་པར་གདངས་པ་རྣམས་ཀྱིའོ། །སངས་རྒྱས་རྣམས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིའོ། །འདི་བསྐྱེད་རིམ་པའི་མཆོད་པ་ཡིན་ཀྱང༌། རིན་པོ་ཆེ་ལྟ་བུའི་གང་ཟག་གི་ཡིན་པར་གསུངས་པ་མི་འགལ་ཏེ། དེ་ལ་


JLD004_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྐྱེད་རིམ་ལ་གནས་པའི་སྐབས་ཡོད་པའི་ཕྱིར་རོ། ༈ །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །ཐབས་གང་གིས་རྣམ་སྣང་དེ་མངོན་པར་བྱང་ཆུབ་ཅིང་སྟེ་རྫོགས་པར་བྱེད་པ་དེ་ནི་སྐུ་ཡི་རྡོ་རྗེ་རྫོགས་པའི་བྱང་ཆུབ་སྟེ་ཡི་གེ་ༀ་གྱི་དོན་སྒོམ་པའོ་མོ་། །དེའི་འདིར་:པ་ཚབ:དེ་ནི་རྣ་བའི་ལམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་དངོས་པོ་དང༌། རང་བཞིན་དང་བྲལ་བའི་ཕྱིར་དངོས་པོ་མེད་པ་ཉིད་དུ་ཡོངས་སུ་ཤེས་པ་ཞེས་བསྒྱུར་བ་ལེགས་སོ། །དེའི་དོན་ནི་ༀ་ཞེས་པའི་སྒྲ་དེ་ལ་དཔྱད་པ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཅི་ཡང་མེད་པར་རྟོགས་པ་ནི། ༀ་དེའི་དངོས་པོ་མེད་པ་སྟེ་རང་བཞིན་མེད་པ་དཔྱོད་པའོ། །དེ་ལྟར་ཡིན་ཀྱང་ༀ་གྱི་སྒྲ་དེ་རྣ་བས་ཐོས་སུ་ཡོད་པ་ནི་དངོས་པར་ཡོད་པར་སྟེན་ཏེ། འདིས་ནི་སྒྲ་རང་བཞིན་གྱིས་གྲུབ་པ་མེད་པར་གཏན་ལ་ཕབ་པ་ན། རྣ་བའི་ཤེས་པ་སྒྲ་དེ་འཛིན་བྱེད་དང༌། སྒྲ་དེའི་གཟུང་བྱར་འཇོག་ཐུབ་པའི་བྱ་བྱེད་ཐམས་ཅད་མི་རུང་བའི་ཆད་སྟོང་འགོག་པས། དེ་ལས་བཟློག་པའི་དོན་དུ་རྟོགས་པ་དགོས་པར་བསྟན་ནོ། །གཟུང་བ་མེད་པ་ནི་སྤྱོད་ཡུལ་ཇི་ལྟ་བ་བཞིན་དུ་མེད་པའི་དངོས་པོ་དང་ངོ་བོ་ཉིད་དང་བྲལ་བས་དངོས་པོ་མེད་པ་ཉིད་དུ་ཡོངས་སུ་ཤེས་པ་དེ་ནི་དངོས་དང་དངོས་མེད་རྣམ་དཔྱད་པ་སྟེ། དེ་ནི་སངས་རྒྱས་ཀྱི་སྐུ་ཞེས་བྱ་བར་བཤད་དེ། ༀ་ཡིག་གི་སྒྲ་ལ་རྟག་ཆད་ཀྱི་མཐའ་དང་བྲལ་བར་ལྟ་བ་དེ་ནི་སྐུའི་བཟླས་པ་ཞེས་བྱ་བ་སྟེ། སྐུ་ༀ་ཡིག་གི་དོན་ལ་ཡང་ཡང་སེམས་པས་ན་བཟླས་པའམ་ཟློས་པའོ། །འདིས་གཞན་གཉིས་ཀྱང་ཤེས་པར་བྱ། །གསུང་གི་དམ་ཚིག་ནི་འོད་དཔག་ཏུ་མེད་པའོ། །དེའི་


JLD004_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱང་ཆུབ་པ་ནི་དེ་རྫོགས་པར་བྱེད་པའི་ཡི་གེ་ཨཱཿ། །ཨཱཿ ཡིག་དེ་སྒྲས་བརྗོད་ཅིང་རྣ་བའི་དབང་པོས་འཛིན་པས་སྒྲའོ། །དེ་ལས་བཟློག་པ་ནི་སྒྲ་མིན་པ་སྟེ།སྒྲ་ཡིན་མིན་དུ་འཇོག་ཚུལ་ནི་སྔར་བཞིན་ནོ། །རྣ་བས་ཟིན་པ་སྟེ་བཟུང་བ འམ་མ་ཟིན་པ་སྟེ་མ་བཟུང་བ་ཡིན་ཞེས་པའི་བར་དུའོ། །༢བརྟག་པ་ནི་སྒྲ་དང་སྒྲ་མིན་པ་ལ་རྣམ་པར་དཔྱད་པའོ། །དེ་ནི་གསུང་གི་རྡོ་རྗེའི་བཟླས་པར་བཤད་ཅེས་བྱ་བའོ། །ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པའོ། །དེའི་རྫོགས་པའི་བྱང་ཆུབ་པ་ནི་དེ་རྫོགས་པར་བྱེད་པའི་ཡི་གེ་ཧཱུཾ་མོ། །ཧཱུཾ་དེའི་གནས་པའི་ནི་འགྱུར་གསར་གཉིས་ལ་ནི་མེད་དོ། །རྡོ་རྗེ་ནི་དེ འི་ངོ་བོ་ཉིད་ཡིན་ལུགས་སོ་དོ་། །དེའི་རྣམ་པར་དཔྱད་པ་ནི་ཐུགས་ཀྱི་ཡི་གེའི་ངེས་དོན་ཇི་ལྟ་བ་ཉིད་ཇི་ལྟར་ཡིན་པ་ཡོངས་སུ་ཚོལ་བ་སྟེ།ཚོལ་ལུགས་ནི་སྔར་བཞིན་ནོ། །དེ་ནི་ཐུགས་ཀྱི་བཟླས་པ་ཞེས་བྱའོ། ༈ །དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་སྒོ་ནས་རྡོ་རྗེ་ཡི་གེ་གསུམ་གྱི་དེ་ཁོ་ན་ཉིད་ལ་དམིགས་ནས་བཟླས་པ་སྟེ་ཡང་ཡང་སེམས་པ་བཤད་ནས། རྡོ་རྗེ་བཟླས་པའི་གཙོ་བོ་རླུང་སྔགས་དབྱེར་མེད་དུ་བཟློ་བ་བསྟན་པར་བྱ་བའི་ཕྱིར། དོན་གྱི་རྗེས་འགྲོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ༀ་ལ་སོགས་པའི་དོན་ནི་རླུང་ནང་དུ་འཇུག་པ་ལ་སོགས་པ་གསུམ་སྟེ། གསུམ་པོ་དེ་རྟོགས་ཤིང་སྟེ་གསུམ་པོ་དེའི་རྗེས་སུ་ཡིད་འགྲོ་བའི་བཟླས་པ་གང་ཡིན་པ་དེ་ནི་དོན་གྱི་རྗེས་འགྲོའི་བཟླས་པའོ། །རྒྱུ་


JLD004_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དེས་ན་ངོ་ངོ་བོ་ཉིད་:ཆག:བྱུང་བ་ནི་ངོ་བོ་ཉིད་དེ་མི་ཤིགས་པ་ལས་བྱུང་ཞིང༌། བཟང་པོ་ཡིས་ཏེ་རྒྱུན་མི་འཆད་པར་ཞེས་འབྱུང་བ་ལེགས་ལ། དེའི་དོན་ནི་རྡོར་བཟླས་བྱེད་པ་ན་སྙིང་གའི་མི་ཤིགས་པ་ལས་འབྱུང་བའི་ཚུལ་གྱིས་བཟླ་བའི་དོན་ནོ། །བོ་ཉིད་མེད་ཅིང་དངོས་པོ་དང་བྲལ་ཞིང་མི་ཤིགས་པས་བཟང་ལ། ཉིན་མཚན་ཀུན་ཏུ་རྒྱུན་མི་འཆད་པར་རྣམ་པར་འཕྲོ་བའི་ཚུལ་གྱིས་དུས་གསུམ་གྱི་སངས་རྒྱས་ཏེ་འཇུག་གནས་ལྡང་པའི་དུས་གསུམ་དུ་བྱུང་བའི་དེ་བཞིན་གཤེགས་པ་རིགས་བཞིའི་ངོ་བོར་བཤད་པའི་དཀྱིལ་འཁོར་བཞིའི་རླུང་རྣམས་ལ་རྣམ་པར་དཔྱད་ཅིང་སྟེ་རླུང་སྔགས་དབྱེར་མེད་དུ་སྦྱར་བ་ཡོངས་སུ་ཤེས་པས་བཟླས་ན་གོམས་པའི་མཐར་རླུང་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔར་བཤད་པའི་སྙིང་གའི་མི་ཤིགས་པ་ལ་ཐིམ་པའི་ཚུལ་གྱིས་སྟོང་པ་བཞི་རྟོགས་པ་གང་ཡིན་པ་དེ་ནི་འདོད་དོན་སྟེར་བའི་རིན་པོ་ཆེ འི་ན་བཟླས་པ་ཞེས་བཤད་དོ། ༈ །རླུང་རྣམས་མི་ཤིགས་པ་ལ་ཐིམ་པའི་འོག་ཏུ་ཡང་ལྡང་བ་ན་ཡན་ལག་གི་རླུང་གི་རྡོ་རྗེའི་བཟླས་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཞིང་ཞེས་པ་སྙིང་གའི་པདྨ འི་དབུས་ཀྱི་མི་ཤིགས་པ་ལས་ཐམས་ཅད་དུ་སྟེ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སུ། སྐུ་ཡི་སྤྲིན་རྣམས་ཏེ་མི་ཤིགས་པས་ཏེ་གཞན་གྱིས་མི་བཟློག་པའི་ཕྱིར་བཞུད་ཅིང་ནང་དུ་བྱོན་པ་དང་གནས་པའི་


JLD004_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་དོན་ཏེ། ནང་དུ་འཇུག་པ་དང་གནས་པ་དང་ལྡང་པའི་བདག་ཉིད་ཅན་གྱི་སྤྲོ་བ་གང་ཡིན་པ་དེ་ནི་ཡུལ་ལ་ཐོགས་པ་མེད་པར་འཇུག་པའི་ཡན་ལག་གི་རླུང་གི་རྡོ་རྗེའི་བཟླས་པ་ཞེས་བཤད་དོ། ༈ །དེ་ལྟར་ཡིད་ཀྱི་བཟླས་དེ་ལྟར་རླུང་སྔགས་དབྱེར་མེད་དུ་འཇུག་པ་ལ་ཡིད་གཏོད་པའི་བཟླས་པ་ཡིན་པས་ཡིད་བཟླས་སུ་བཤད་ཀྱི། བསྐྱེད་རིམ་པའི་ཡིད་བཟླས་དང་ཡེ་མི་འདྲ་བ་ཕྱེད་དགོས་སོ། །པ་བཤད་ནས། ངག་གི་བཟླས་པ་བསྟན་པར་བྱ་བའི་ཕྱིར། ཁྲོ་བོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་བསྐྲད་པ་ལ་སོགས་པའི་ཆོ་ག་སྟེ། དེ་ཡོངས་སུ་ཤེས་པས་སོ། །རང་གི་རྡོ་རྗེ་ནི་རང་གི་ལྕེ་སྟེ་ལྕེ་དེས་སྔགས་ཀྱི་སྒྲ་བསྒྲགས་ཤིང་སྐད་དུ་འདོན་པའོ། །དཀྱིལ་འཁོར་ནི་ལུས་ཏེ་དེ་ནི་རང་གི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དུ་བསྒྲགས་པ། །སྔགས་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ཡི་གེའི་ཚོག་ནི་ཡི་གེ་ༀ་ལ་སོགས་པའོ། །གྲགས་པ་ནི་རང་ངམ་གཞན་གྱིས་ཐོས་པར་རོ། །དེ་ལྟ་བུའི་བཟླས་པ་ནི་ཁྲོ་བོའི་བཟླས་པ་ཞེས་བྱའོ། ༈ །འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །འདོད་ཡོན་དེའི་དོན་གྱིས་མྱོས་པར་གྱུར་པ་ནི་འདོད་པ་དེ་ཚོལ་བ་ལྷུར་ལེན་པ ས་ངལ་བ། །ཀུན་ཏུ་སྐྱོབ་ཅིང་ཕན་པར་དགའ་བ་ནི་རང་པ་ཚབ་ཀྱིས། རང་དོན་ཕུན་ཚོགས་ཀྱི་མཐར་ཐུག་པ་མེད་པའི་


JLD004_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། ཞེས་ལྷུར་ལེན་པ་དང་སྦྲེལ་ནས་བསྒྱུར་ཞིང༌། ཀུན་ཏུ་སྐྱོབ་ཅིང་ཕན་པར་འདོད་པས་ཞེས། སེམས་ཅན་གཏི་མུག་གནས་ལ་འཇོག་པའི་ཀུན་སློང་དུ་བསྒྱུར་རོ། །ཆག་གིས། སེམས་ཅན་དོན་ལ་ཕན་པ་དགའ་མེད་ནི། རང་གི་དོན་གཅིག་ཏུ་ངེས་པའི་ཕྱིར་རོ། ཞེས་གཏི་མུག་ཅན་གྱི་སེམས་ཅན་ལ་བཤད་དོ། །དེ་ལྟར་མི་འདྲ་བ་མང་ཡང་ཆག་འགྱུར་ལྟར་ལེགས་པ་འདྲའོ། །གི་དོན་ཕུན་སུམ་ཚོགས་པའི་མཐར་ཐུག་པས་སོ། །སེམས་ཅན་དེ་རྣམས་གཏི་མུག་སྟེ་རྣམ་པར་སྣང་མཛད་དོ། །དེའི་གནས་ནི་གཏི་མུག་རྣམ་པར་དག་པ་འོད་གསལ་སྟེ། འོད་གསལ་དེར་འཇོག་པར་གང་སེམས་དཔའ་དེ་ནི་གཏི་མུག་བཟླས་པ་ཞེས་བྱའོ། ། ཟུང་འཇུག་པས་གཏི་མུག་ཅན་གྱི་སེམས་ཅན་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་འཇུག་པ་མཛད་པས་དེ་ལ་དངོས་སུ་ཕན་འདོགས་པ་ཡིན་ཏེ། གཞན་གཉིས་ལའང་དེའི་རིགས་པ་ཤེས་པར་བྱའོ། །འདོད་ཆགས་ནི་བུད་མེད་དང་སྐྱེས་པ་ཕན་ཚུན་ཆགས་པའོ། །འདོད་ཆགས་དེ་བརྟན་པས་ན་རྡོ་རྗེའོ། །དེ་ལས་བྱུང་བའི་ཚིག་ནི་དེ་ལས་སྐྱེས་པའི་ཚིག་གོ །ལུས་དང་ངག་སེམས་ལ་གནས་པའི། ཞེས་བྱ་བ་ནི། ལུས་ལ་སོགས་པ་ཡིད་དུ་འོང་བར་གཏོགས་པའི་དོན་བརྗོད་པའི་ཚིག་ཕན་ཚུན་དུ་ཐོས་པའོ། །སེམས་ཅན་ནི་འདོད་ཆགས་ཅན་དེ་རྣམས་སོ། །འདོད་ཆགས་རྒྱ་མཚོ་ནི་འོད་དཔག་ཏུ་མེད་པའོ། །དེའི་གནས་ནི་འདོད་ཆགས་རྣམ་པར་དག་པ་སྟེ། དེར་འཇོག་པར་རྣལ་འབྱོར་པས་གང་སྒོམ་པ་དེ་ནི་འདོད་ཆགས་


JLD004_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ཞེས་བཤད་དོ། །ཞེ་སྡང་ནི་སེམས་ཅན་ལ་མངོན་པར་འཁུ་བ་སྟེ་དེ་ཉིད་ནི་བརྟན་པས་ན་རྡོ་རྗེའོ། །དེ་ལས་བྱུང་བའི་སེམས་ནི་ལུས་དང་ངག་དང་སེམས་ལ་གནས་པའི་ཞེ་སྡང་ཅན་ནི་ལུས་ལ་སོགས་པའི་ཡུལ་མཁྱེན་ནས། སེམས་ཅན་ཞེས་པ་ཞེ་སྡང་དང་ལྡན་པ་རྣམས་ཞེ་སྡང་སྟེ་མི་བསྐྱོད་པའོ། །དེའི་གནས་ནི་འོད་གསལ་བ་སྟེ་དེར་བཞག་པའི་བྱ་བ་གང་ཡོངས་སུ་ཤེས་པ་དེ་ནི་ཞེ་སྡང་གི་བཟླས་པ་ཞེས་བྱའོ། ༈ །དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དེ་ཉིད་ནི་འོད་གསལ་བའོ། །དབུ་མ་དམ་ཚིག་རྡོ་རྗེ་ཅན་ཞེས་པའི་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་དབུ་མ་དམ་ཚིག་ནི་དབུས་ཏེ་སྙིང་པོར་གྱུར་པ་འོད་གསལ་ལོ་འོ་། །དེ་ཉིད་དམ་ཚིག་རྡོ་རྗེ་ཡི་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱི་བཟླས་པ་མ་ནིང་སྟེ་དངོས་པོ་སྟེ་རང་བཞིན་མེད་པའི་བཟླས་པ་ཞེས་བཤད་དེ།མ་ནིང་ཕོ་མོ་ཕྱོགས་གཅིག་པའི་མཐར་མ་ལྷུང་བ་དང་འདྲ་བར་འོད་གསལ་སྒོམ་པ་ཡང་མཐར་མ་ལྷུང་བའོ། །དགོངས་པས་བཤད་པའོ། ༈ །འདོད་ཆགས་དེ་ཉིད་ཅེས་བྱ་བ་སྟེ། ཁ་སྦྱོར་ལས་ཆགས་པ་མཆེད་པ་མ་ཡིན་ཆགས་བྲལ་སྣང་བ་མིན། །དབུ་མ་ཉེར་ཐོབ་ཏུ་དམིགས་པར་མི་འགྱུར་རོ། ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཡང་དག་པའམ་དེ་ཁོ་ན་ཉིད་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ་དོ་། །དེའི་དོན་ནི་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེ་ཤེས་པས་ན་འདོད་ཆགས་དེ་ཉིད་དོན་སྒོམ་པའོ། །


JLD004_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེ་གང་ལ་བདག་པོར་ཡོད་པར་གྱུར་པ་གང་ཡིན་པ་དེ་རྣམས་ནི་རྡོ་རྗེ་བདག་པོ་སྟེ། དེ་ཐམས་ཅད་ནི་རྡོ་རྗེ་འཆང་གི་སྒྲུབ་པ་པོ་ཕོ་མོ་རྣམ་པ་གཉིས་སོ། །སེམས་ཅན་ཀུན་ལ་ཕན་འདོད་པའི་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ༌། །འདོད་ཆགས་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་ཆགས་པ། །དེ་ལ་བརྟེན་ནས་རྡོ་རྗེ་འཆང་རྫོགས་པར་མཛད་པ་ནི་མཐར་ཕྱིན་པར་མཛད་པའོ། ༈ །འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་ནི་སྐྱེས་པ་འབའ་ཞིག་གིས་ཚེ་འདི་ལ་འགྲུབ་པ་སྒྲུབ་པར་མ་ཟད་ཀྱི། བུད་མེད་ཀྱི་རྟེན་གྱིས་ཀྱང་ཚེ་འདི་ལ་འགྲུབ་པ་སྒྲུབ་པར་བྱེད་དོ། ཞེས་བསྟན་པར་བྱ་བའི་ཕྱིར། རིག་པ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་ཆེན་མོ་ནི་རྒྱུད་ལེགས་པར་སྦྱངས་ཤིང་འདོད་པའི་བསྟན་བཅོས་ལ་ལེགས་པར་བསླབས་པའི་ཕྱག་རྒྱའོ། །སྤྱན་ལ་སོགས་པ་ནི་སྤྱན་སོགས་བཞིའི་རིགས་ཅན་གྱི་བུད་མེད་པདྨ་ཅན་ལ་སོགས་པ་བཞི། །འདོད་པ་ནི་གཟུགས་ལ་སོགས་པའི་འདོད་ཡོན་ལྔ་ལ་སྤྱོད་པ། །འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་དེ་རྣམས་ཀྱི་མངོན་པར་འདོད་པའི་དོན་ནི་ཆགས་པ་དེ་རྣམས་པར་དག་པ ར་བྱེད་པའི་འོད་གསལ་ལོ་འོ་། །དེ་ལ་བརྩོན་པ་ནི་དེ་བསྒོམ་པ་ལྷུར་ལེན་པའོ། །འདོད་པའི་ལོངས་སྤྱོད་ནི་


JLD004_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་སོ། །ཇི་ལྟར་འདོད་པ་ནི་ཇི་ལྟར་བདེ་བར་རོ། །བསྟེན་ན་ཞེས་པ་ནི་བསླབས་པར་གྱུར་པའོ། །འགྲུབ་པར་འགྱུར་བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་འགྱུར་བ་སྟེ།ཐབས་ཀྱིས་ཤེས་རབ་མ་ལ་བརྟེན་ནས་སྟོང་པ་བཞིའི་ཡེ་ཤེས་བསྐྱེད་པ་དེ་བསྒོམས་ནས། འཚང་རྒྱ་བ་བཞིན་དུ། ཤེས་རབ་མས་ཀྱང་ཐབས་ལ་བརྟེན་ནས་སྟོང་པ་བཞི་བསྐྱེད་པའི་འོད་གསལ་བསྒོམས་པས་ཚེ་འདིར་འཚང་རྒྱ་བའི་གནད་ཤེས་པར་བྱའོ། །སྒྲ་ཇི་བཞིན་པའོ། ༈ །གཏི་མུག་དམ་ཚིག་ལས་བྱུང་བ། ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་གི་དམ་ཚིག་ནི་རྣམ་པར་སྣང་མཛད་དོ། །དེ་ལས་བྱུང་བ་ནི་རྣམ་སྣང་དེ འི་རིགས་ལས་སྐྱེས་པ ས་སྙིང་ལ་སོགས་པ། །རིག་པའི་རྒྱལ་པོ་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བ་ལ་སོགས་པའོ། །རྡོ་རྗེ་ཅན་ནི་སའི་སྙིང་པོ་ལ་སོགས་པའོ། །མ་ནིང་དག་གི་གནས་འགྲུབ་པ་ཞེས་བྱ་བ་ལ། མ་ནིང་ནི་འོད་གསལ་དང་ཟུང་འཇུག་གོ །དེ་དག་གི་གནས་ནི་ཡི་གེ་ༀ་ལ་སོགས་པ་གསུམ་མོ་སྟེ་། གནས་དེ་བཟླས་པས་འགྲུབ་པ་ནི་དེ་ལས་བྱུང་བའི་དངོས་གྲུབ་དམ་པ་ནི་བྱང་ཆུབ་རབ་ཏུ་སྟེར་ཞིང་འགྲུབ་པར་འགྱུར་བའོ། །འདི་ནི་རྒྱུད་འདིར་འཕྲེང་སྔགས་མ་བྱུང་བའི་ལྷ་རྣམས་ཀྱི་སྒོ་ནས་བཟླས་པས་དངོས་གྲུབ་བསྒྲུབ་ན་ཡི་གེ་གསུམ་གྱི་བྱ་བར་སྟོན་པ་ཡིན་ཞེས་བླ་མ་སྔ་མ་རྣམས་གསུང་ངོ༌། །ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །ཞེ་སྡང་ནི་མི་བསྐྱོད་པ་ཡིན་ལ། དེའི་གི་གནས་ཏེ་ས་བོན་ནི་ཡི་གེ་ཧཱུཾ་སྟེ་དེ་ལས་སྐྱེས་པ་ནི་དེ་ལས་བྱུང་བའོ། །


JLD004_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་ལ་རྟག་ཏུ་བརྩོན་པ་ནི་གདུག་པ་རྣམས་འདུལ་བའི་ལས་ཅན་ནོ། །མཆོག་གི་ཆོས་ཅན་ནི་བརྩོན་འགྲུས་ཤིན་ཏུ་བརྟུལ་བ་ཅན་གྱི་སྒྲུབ་པ་པོའོ། །གསོད་པའི་དོན་གྱིས་ཞེས་བྱ་བ་ནི་དྲག་པོའི་ལས་ཀྱིས་སོ། །འགྲུབ་པར་འགྱུར་བ་ནི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པ་སྟེ། དྲང་བའི་དོན་ཏོ། ༈ །གཏི་མུག་གི་དམ་ཚིག་ནི་མ་རིག་པའོ། །མ་རིག་པ་དེ་ལས་བྱུང་བ་ནི་ཉེ་བར་ལེན་པའི་ཕུང་པོ་བླངས་པའོ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ནི་ལུས་བླངས་པའི་སྐྱེས་པ་དང་བུད་མེད་དོ། །མ་ནིང་ནི་མ་རིག་པ་ཉེར་ཐོབ་སྟེ་དེ་ལུགས་བཟློག་གི་ཚེ་འབྱུང་བ འི་གནས་ནི་འོད་གསལ་བ་སྟེ། དེར་དེ་:པ་ཚབ:ལས་ཏེ་མངོན་སུམ་དུ་བྱེད་པ་ལས་གྲུབ་པ་ནི་རྫོགས་པའོ། །ཞེས་འབྱུང་བའི་དོན་ནི་འོད་གསལ་མངོན་སུམ་དུ་བྱས་པ་ལས་ཟུང་འཇུག་ཏུ་རྫོགས་པའོ། །དེ་མངོན་སུམ་དུ་བྱེད་པས་གྲུབ་པ་ནི་རྫོགས་པའོ། །དེ་ལྟར་རྫོགས་པའི་དངོས་གྲུབ་དམ་པ་ནི་དངོས་གྲུབ་ཁྱད་པར་ཅན་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །རབ་ཏུ་སྟེར་བ་ནི་སྒྲུབ་པ་པོ་རྣམས་ལ་སྩོལ་བར་མཛད་པའོ། །ཁྲོ་བོ་ནི་ཐབས་ཀྱི་རང་བཞིན་གྱི་རྟོག་པ་བཞི་བཅུའོ་ནོ་། །ཞེ་སྡང་གི་གནས་ནི་ཤེས་རབ་ཀྱི་རང་བཞིན་གྱི་རྟོག་པ་སོ་གསུམ་མོ་བོ་། །དེ་གཉིས་ཀྱིས་ཉེར་ཐོབ་ཀྱི་རང་བཞིན་བདུན་ཡང་མཚོན་ནོ། །དེ་ལས་སྐྱེས་པ་ནི་སྣང་བ་དེ་རྣམས་ལས་བྱུང་བའོ། །གསོད་ལ་རྟག་ཏུ་བརྩོན་པ་ནི་འཆི་འཚེ་བའི་:པ་ཚབ་ཆག:བདག་ཉིད་ཅན། ཞེས་འབྱུང་བའི་དོན་ནི་རྟག་ཏུ་རང་བཞིན་བརྒྱད་ཅུའི་རྟོག་པ་ལ་འཚེ་བར་བྱེད་པའི་འོད་གསལ་ལོ། །བའི་


JLD004_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན་ནོ། །མཆོག་གི་ཆོས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་དེ་གང་ལ་ཡོད་པ་དེ་ནི་མཆོག་གི་ཆོས་ཅན་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །དེ་ལྟར་གྱུར་པའི་རང་བཞིན་རྣམས་:པ་ཚབ་ཆག:གྱིས་གསོད་པའི་དོན་ཏེ། གསོད་པ་ནི་ཕུང་པོ་ལ་སོགས་པ་དངོས་པོ་མེད་པར་བྱས་པ་སྟེ་འོད་གསལ་ཏུ་འཇུག་པ། །དེའི་དོན་ནི་བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པ་ལས་རྡོ་རྗེ་འཆང་ཆག་གིས། རྡོ་རྗེ་འཆང་དུ་བསྐྱེད་པའོ། །མཆོག་གི་ཆོས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་གང་ལ་ཡོད་པ་དེ་ནི་མཆོག་གི་ཆོས་ཅན་ཏེ། རིན་པོ་ཆེའི་གང་ཟག་གིས་གསོད་པའི་དོན་དེས་བསྒྲུབ་པར་འགྱུར་ཞིང་རང་བཞིན་རྣམས་དབང་དུ་འགྱུར་བའོ། ཞེས་བསྒྱུར་བའི་གོ་རིམས་བདེའོ། །ཉིད་དུ་སྐྱེས་པའོ། །དེའི་རང་བཞིན་གྱིས་འགྲུབ་པར་འགྱུར་ཞིང་དབང་དུ་འགྱུར་བའོ། །སྐྱེས་བུ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་སྟེ། ངེས་པའི་དོན་ཏོ། ༈ །རྡོར་བཟླས་སོགས་བསྟན་པ་ལས་གཞན་ཡང་ལས་བསྒྲུབ་པའི་བསམ་གཏན་གཞན་དག་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་རང་རྣམ་སྣང་དུ་བསྒོམས་ལ། དེའི་ཐུགས་ཀའི་ཡེ་ཤེས་འཁོར་ལོ་ཅན་ཏེ་ཡེ་ཤེས་སེམས་དཔའི་སྙིང་ཁའི་དབུས་སུ་སྟེ་ཐུགས་ཀའི་དབུས་སུ་གནས་པར་འཁོར་ལོ་ཞེས་པ་རྣམ་པར་སྣང་མཛད་ཀྱི་མཚན་མ་བསྒོམ་སྟེ། སྒོམ་ལུགས་ཇི་ལྟ་བུ་ཞེ་ན། ཡེ་ཤེས་སེམས་དཔའི་ཐུགས་ཀར་གསལ་

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


JLD004_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་ཏེ་ཟླ་བའི་དཀྱིལ་འཁོར་བསྒོམས་ལ་ཟླ་བ་དེའི་དབུས་སུ་འཁོར་ལོ་གནས་པར་བསམ་མོ། །དབུས་སུ་ནི་འཁོར་ལོའི་དབུས་སུའོ། །འཁོར་ལོའི་དོན་སྒོམ་མོ་ཞེས་བྱ་བ་ནི། འཁོར་ལོས་དོན་སྒྲུབ་པས་ན་འཁོར་ལོའི་དོན་ནི་གང་ལ་ཞི་བའི་ལས་བསྒྲུབ་པའི་བསྒྲུབ་པར་བྱ་བ འི་གང་ཟག་སྟེ་དེ་བསྒོམ་པར་བྱའོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རྣམ་པར་སྣང་མཛད་ཀྱི་སྦྱོར་སྦྱོར་བ་ཞེས་པ་རྣམས་རྣལ་འབྱོར་དུ་བྱའོ། །བ་དང་ལྡན་པས་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། འཁོར་ལོ་རྣམ་པར་བསྒོམས་ལ་བསྒྲུབ་པར་བྱ་བ་བཀུག་སྟེ། དེར་བཅུག་ལ་བཞག་སྟེ། ཞི་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཞི་བའི་ལས་བྱའོ། །སྔ་མ་རྣམ་སྣང་གི་རྣལ་འབྱོར་དང་ལྡན་དགོས་པ་དེ་བཞིན་དུ་རང་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་རང་གི་ཐུགས་ཀར་ཡེ་ཤེས་རྡོ་རྗེ་ཅན་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་སྟེ། དེར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་བསྒོམས་ལ་དེར་རྡོ་རྗེ་བསྒོམས་ལ་དེར་རྡོ་རྗེ་སྔགས་ཀྱི་དོན་སྒོམ་པར་བྱ་སྟེ། རྡོ་རྗེའི་སྔགས་ནི་ཡི་གེ་ཧཱུཾ་མོ། །ཧཱུཾ་ཡིག་དེས་དོན་དུ་གཉེར་ཞིང་གཟིར་བ་སྟེ་འོད་ཟེར་སྤྲོས་ནས་བསྒྲུབ་བྱ་རང་གི་སྙིང་གར་འགུགས་པ ར་བྱེད་པས་ན་རྡོ་རྗེའི་སྔགས་དོན་ནི་བསྒྲུབ་པར་བྱ་བ འི་གང་ཟག་སྟེ་དེ་སྒོམ་པར་


JLD004_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རང་ཉིད་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་དང་ལྡནཔས་རང་གི་ཐུགས་ཀར་རིན་ཆེན་ཡེ་ཤེས་ཅན་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རིན་པོ་:པ་ཚབ:སྣ་ཚོགས་རྡོ་རྗེའི་སྟེང་ན་གནས་པའི་རིན་པོ་ཆེ་རྣམ་པར་བསྒོམས་ནས་ཟེར། ཆེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་རིན་པོ་ཆེ་རྣམ་པར་བསྒོམས་ལ། དེར་རིན་པོ་ཆེའི་སྔགས་ཀྱི་དོན་བསྒོམས་པར་བྱ་སྟེ། རིན་ཆེན་སྔགས་ནི་ཡི་གེ་སྭའོ། །ཡི་གེ་དེས་དོན་དུ་གཉེར་ཞིང་རྒྱས་པར་འགྱུར་བས་ན་རིན་ཆེན་སྔགས་དོན་ནི་གང་ལ་རྒྱས་པའི་ལས་བསྒྲུབ་པར་བྱ་བ འི་གང་ཟག་སྟེ་དེ་བསྒོམ་པ་ལ་ཡང་དེ་སྐད་ཅེས་བྱའོ། །རང་ཉིད་འོད་དཔག་མེད་ཀྱི་སྦྱོར་བ་དང་ལྡན་པས་པདྨོ་ཡེ་ཤེས་ཅན་ཏེ་རང་གི་སྙིང་ཁར་བཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཆོས་ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་པ་སྟེ། སྣ་ཚོགས་པདྨ་ལ་གནས་པའི་པདྨ་དམར་པོ་བསམས་ལ། དེར་པདྨའི་སྔགས་ཀྱི་དོན་བསྒོམ་པ་སྟེ་པདྨའི་སྔགས་ནི་ཡི་གེ་ཨཱཿ། །དེས་དོན་དུ་གཉེར་ཞིང་དབང་དུ་བྱེད་པས་ན་པདྨའི་སྔགས་དོན་ནི་གང་ལ་དབང་གི་ལས་བསྒྲུབ་པར་བྱ་བ འི་གང་ཟག་སྟེ་དེའི་དོན་སྒོམ་པར་བྱའོ། །དོན་ཡོད་པར་གྲུབ་པའི་སྦྱོར་བ་དང་ལྡན་པས་རལ་གྲི་ཡེ་ཤེས་ཅན་ཏེ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དམ་ཚིག་གི་དཀྱིལ་འཁོར་གྱི་དབུས་ན་གནས་པ་སྟེ། སྣ་ཚོགས་རྡོ་རྗེའི་སྟེང་ན་གནས་པའི་རལ་གྲི་བསམ་པར་བྱའོ། །


JLD004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རལ་གྲིའི་སྔགས་ཀྱི་དོན་བསྒོམ་པ་སྟེ། རལ་གྲིའི་སྔགས་ནི་ཡི་གེ་ཧཱའོ། །ཧཱ་ཡིག་དེས་དོན་དུ་གཉེར་བར་བྱ་ཞིང་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་ཀྱིས་སྒྲུབ་པར་བྱེད་པས་ན་རལ་གྲིའི་སྔགས་དོན་ནི་དབང་དུ་བྱ་བའི་ལས་བསྒྲུབ་པར་བྱ་བ་སྟེ་དེ་སྒོམ་པར་བྱའོ། ༈ །དེ་ལྟར་རིགས་ལྔའི་སྒོ་ནས་ཞི་སོགས་ཀྱི་ལས་སྒྲུབ་པའི་ལས་རྒྱལ་མཆོག་སྔར་བཤད་པ་འདི་ཉིད་ཀྱི་ཆོ་གའི་ལྷག་མ་དཀྱིལ་འཁོར་རྒྱལ་མཆོག་ལྔ་བྱེད་པ་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ཀུན་ནི་འཁོར་ལོ་སྟེ་སྣམ་སྣང་དང་ལ་སོགས་པ ས་རིགས་ལྷག་མ་བཞི འི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་ངོས་རྣམ་པ་བཞི་རྣམས་སུ་སངས་རྒྱས་ལྔ་རྣམས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་གོ་རིམས་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་དབུས་ཀྱི་གཙོ་བོ་གང་གིས་བྱེད་པའི་གོ་རིམས་བཞིན་ཡིན་ཏེ། མི་བསྐྱོད་པས་གཙོ་བོ་བྱེད་ན་རྣམ་སྣང་ཤར་དུ་འོང་བ་དང་། རིགས་ལྷག་མ་བཞིས་གཙོ་བོ་བྱེད་ན། གང་གཙོ་བོར་སོང་བ་དེའི་ཤུལ་དུ་མི་བསྐྱོད་པ་འགྲོ་བ་བཞིན་ནོ། །དགོད་པར་བྱའོ། །འོད་ཟེར་ལྔ་ཡི་བྱེ་བྲག་གིས། ཞེས་བྱ་བ་ནི། ལས་དང་རྗེས་སུ་མཐུན་པའི་ཁ་དོག་ནི་རྣམ་སྣང་གིས་ཞི་བའི་ལས་བསྒྲུབ་ན་ལྷ་ཐམས་ཅད་དཀར་པོ། མི་བསྐྱོད་པས་དྲག་ལས་བསྒྲུབ་པ་ལ་ནག་པོ་དང་སྔོན་པོ། རིམ་འབྱུང་གི་རྒྱས་པ་སྒྲུབ་པ་ལ་སེར་པོ། སྣང་མཐའ་དབང་ལས་སྒྲུབ་པ་ལ་དམར་པོ། འོག་ནས་དོན་གྲུབ་ཀྱི་སྒོ་ནས་དབང་


JLD004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལས་སྒྲུབ་པར་བཤད་པའི་སྐབས་སུ་བསྒྲུབ་བྱ་ལ་ཁ་དོག་སྣ་ཚོགས་པའི་བདུད་རྩི་དབབ་པར་གསུངས་པ་ལ་བརྟེན་ནས། བླ་མ་སྔ་མ་རྣམས་མདོར་བྱས་བཞིན་ཁ་དོག་སྣ་ཚོགས་པར་བཞེད་ལ། གསང་འདུས་ལུགས་གཞན་ནས་དོན་གྲུབ་ཀྱིས་གཙོ་བྱས་ཐམས་ཅད་དམར་པོར་བཤད་དོ། །འདིར་ནི་འོད་ཟེར་ལྔའི་བྱེ་བྲག་གིས། ཞེས་གསུངས་པའི་དོན་ཁ་དོག་ལྔ་ལ་བཤད་པས། དམར་པོར་བྱས་ན་ཁ་དོག་ལྔ་མི་ཚང་ཞིང༌། ཁ་དོག་སྣ་ཚོགས་པ་ཁ་དོག་ལྔའི་ཡ་གྱལ་གཅིག་མིན་པས་ལྗང་གུར་བྱའོ། །གིས་སྤྲོ་བར་བསྒོམ་མོ། །དེས་ཅིར་འགྱུར་ཞེ་ན། བྱང་ཆུབ་སྟེ་ཞི་བ་ལ་སོགས་པ་རང་གིས་གང་མངོན་པར་འདོད་པའི་འབྲས་བུ་འགྲུབ་པ་འཐོབ་པར་འགྱུར་རོ། ༈ །ད་ནི་བསྐྱེད་རྫོགས་ཀྱི་རིམ་པའི་དབྱེ་བས་ལྷ་སྤྲོ་བ་བསྟན་པར་བྱ་བའི་ཕྱིར། སྔགས་རྣམས་ཞེས་བྱ་ལ་སོགས་པ་གསུངས་ཏེ། སྔགས་རྣམས་ཐམས་ཅད་ནི་སྒྲུབ་པ་པོ་ཐམས་ཅད་ཀྱི་སྟེ། སྤྲོ་བ་ནི་ལྷ་རྣམས་ཡིད་ཀྱིས་སྤྲུལ་བའོ། །བྱེ་བྲག་རྣམ་པ་གཉིས་ནི་རྫོགས་པའི་རིམ་པ་དང་མ་རྫོགས་པ །སྟེ་སྔ་མའི་ཅིག་ཤོས་བསྐྱེད་རིམ་པའི་བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས་སོ། །བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཀྱི་ལྷ་སྤྲོ་བ་བསྟན་པར་བྱ་བའི་ཕྱིར། སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་རྡོ་རྗེ་ལ་སོགས་པའི་བྱེ་བྲག་གིས་ལྷ་རྣམས་ཕར་ལ་སྤྲོ་བ་དང༌། ཚུར་ལ་བསྡུ་བ་སྟེ་བསྡུས་ནས་རང་གི་གནས་སུ འི་དགོད་པས་ལྷ་རྣམས་སྤྲོ་བ་དང་བསྡུ་བ་བྱའོ། །རྡོ་རྗེ་


JLD004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྒོ་ནས་སྤྲོ་བསྡུ་བྱེད་ཚུལ་དེ་ཉིད་གསལ་བར་བྱ་བའི་ཕྱིར། ལུས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ཡི་ངོ་བོ་ཉིད་ནི་ལུས་ཀྱིས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དོ། །སེམས་ཀྱིས་ནི་བདག་ཉིད་ཀྱི་སེམས་ཐུགས་ཀྱི་ངོ་བོ་ཉིད་དེ་མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་སོ། །ངག་ནི་བདག་ཉིད་ཀྱི་ཚིག་གི་ཚོགས་ཀྱིས་སོ། །གསུང་གི་ངོ་བོ་ཉིད་ནི་འོད་དཔག་ཏུ་མེད་པའི་རང་བཞིན་གྱིས་སོ། །དེ་རྣམས་ཀྱི་དོན་ནི་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བལྟས་ལ་ལྷའི་སྤྲོ་བསྡུ་བྱ་ཞེས་པའི་དོན་ནོ། །ཐབས་དེས་ལྷ་རྣམས་མཆོད་པར་ཤེས་ནས་སྤྲོ་བསྡུ་བྱས་ན་མཆོད་པའི་གནས་ཏེ་འདོད་པའི་དོན་ཡང་དག་པར་འགྲུབ་པ་འཐོབ་པར་འགྱུར་ཞིང་རྙེད་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་རོ། །རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བ་དེ་རྣམས་ཀྱི་འཁོར་ལོ་ནི་མི་ཕྱེད་པར་ཚོགས་པའམ་བསྡུས་པ་སྟེ་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་གཅིག་ཏུ་བསྡུས་པ་དེས་རྡོ་རྗེ་ལྔ་རྣམས་ཞེས་པ་སྟེ། རིགས་ལྔ་འདུས་པའི་རྡོ་རྗེ་འཆང་ཆེན་པོ་དེ་རྣམ་པར་སྒོམ་པར་བྱའོ། །ཞེས་པས་ནི་ཟུང་འཇུག་པས་ལྷ་བསྡུས་ཏེ་བསྒོམ་པ་བསྟན་ལ། དེས་ཟུང་འཇུག་པས་དཀྱིལ་འཁོར་རྒྱལ་མཆོག་གི་


JLD004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྤྲོས་ཏེ་སྒོམ་པ་ཡང་ཤེས་པར་བྱ་བ་ནི་རྫོགས་རིམ་པའི་ལྷ་སྤྲོ་བསྡུ་བྱེད་ཚུལ་ལོ། ༈ །དེ་ལྟར་རིགས་ལྔའི་དཀྱིལ་འཁོར་རྒྱལ་མཆོག་བཤད་པ་དེའི་སྔོན་དུ་འགྲོ་བ་དེ་ལྔའི་དང་པོ་སྦྱོར་བ་སྟོན་པ་ནི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ལ། བཤད་མ་ཐག་པའི་སྐུ་རྡོ་རྗེ་འགྱུར་རྙིང་གི་རྒྱུད་ལས། སྐུ་གསུང་རྡོ་རྗེ་ཞེས་འབྱུང་བས། དམ་ཚིག་སེམས་དཔའ་སྐུ་རྡོ་རྗེ་ཁོ་ན་མིན་ལ་རྡོ་རྗེ་གཉིས་ཀྱིས་ཐུགས་རྡོ་རྗེ་ཡང་མཚོན་པས་ན། བསྡུ་ན་གསུམ་ཡིན་ཀྱང་ཕྱེ་ན་རིགས་ལྔ་ཀའི་དམ་ཚིག་སེམས་དཔའོ། །སྟེ་དམ་ཚིག་སེམས་དཔའི་དབུས་སུ་ཞེས་བྱ་བ་དམ་ཚིག་སེམས་དཔའ་རྣམས་ཀྱི་སྙིང་ཁར་བདག་པོ་སྟེ། ཡེ་ཤེས་སེམས་དཔའི་རང་གི་གཟུགས་ཞེས་བྱ་བ་རང་བཞིན་གྱི་གཟུགས་བསམས་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀར་རང་སྔགས་རྡོ་རྗེའི་གཟུགས་ཞེས་བྱ་བ་ཏིང་ངེ་འཛིན་སེམས་དཔའི་གཟུགས་ཏེ་སྐུ་བསམ་པར་བྱའོ། །འདིས་དང་པོ་སྦྱོར་བའི་སྐབས་ཀྱིས་སེམས་དཔའ་སུམ་བརྩེག་བསྟན་པས། དེས་མཚོན་ནས་དང་པོ་སྦྱོར་བའི་ལྷ་ལྷག་མ་རྣམས་ཀྱང་གཟུང་ངོ་། །དེ་ལྟར་རིགས་ལྔའི་ཏིང་ངེ་འཛིན་གྱི་སྒོ་ནས་ཞི་སོགས་ཀྱི་ལས་བསྒྲུབ་པར་བསྟན་པ་འདི། ནང་ལ་མཆོག་ཏུ་གཞོལ་བའི་དབང་དུ་བྱས་ལ། དེས་རྒྱུད་ནས་བཤད་པ་བཞིན་དུ་རྫོགས་པར་འགྲུབ་པ་ལ་དྲན་པ་གཅིག་པ་དང་རྟོག་པའི་རྣལ་འབྱོར་མཐར་ཕྱིན་ནས་སྤྱོད་པ་བྱས་པ་དགོས་ཀྱང༌། རྗེས་མཐུན་པའི་ལས་ཚོགས་ནི་བསྐྱེད་རིམ་ལ་ལེགས་པར་སྦྱངས་བའི་དེ་ལྟའི་རྣལ་འབྱོར་བས་ཀྱང་འགྲུབ་པས་སྐབས་གཉིས་སུ་ཤེས་པར་བྱའོ། ༈ །ཡང་གི་སྒྲས་ནི་བསྐྱེད་རིམ་པས་ཞི་སོགས་བསྒྲུབ་


JLD004_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་ཟད། ཟུང་འཇུག་པས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་རླུང་བཞི་ལ་བརྟེན་པའི་རྡོར་བཟླས་ཀྱིས་ཞི་སོགས་ཀྱི་ལས་བསྒྲུབ་པ་སྟོན་པའོ། །དཀྱིལ་འཁོར་རྣམ་པ་བཞི་སྟེ་ཆུ་ལ་སོགས་པའི་དཀྱིལ་འཁོར་རྣམ་པ་བཞི་པོ་དག་ཁ་དོག་རྣམ་པ་བཞི་ཞེས་བྱ་བ་དཀར་པོ་ལ་སོགས་པར་ཀུན་ཏུ་བརྟགས་ཤིང་བསམས་ལ། སྙིང་གར་ཏེ་ཆུ་ལ་སོགས་པའི་དཀྱིལ་འཁོར་གྱི་དབུས་སུ། སྔགས་ཞེས་པ་ཡི་གེ་ༀ་ལ་སོགས་པ་དེ་རྣམས་ཀྱི་དོན་འཇུག་པ་ལ་སོགས་པ་སྟེ། དེ་རྣམས་བསྒོམ་ཞིང་ཡོངས་སུ་ཤེས་པར་བྱའོ། །རྡོ་རྗེ་རྣམ་པ་བཞི་ནི་ཆུ་ལ་སོགས་པའི་དཀྱིལ་འཁོར་བཞི་སྟེ། དེ་ཡི་ལས་ནི་ཞི་བ་ལ་སོགས་པའོ། །དེ་རྣམས་བསམ་གཏན་རྡོ་རྗེ་ཅན་ཞེས་པ་རྣལ་འབྱོར་པས་ལས་དེ་དག་བྱེད་ཅིང་རྫོགས་པར་བྱེད་པའི་ཆོ་ག་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་ཟུང་འཇུག་པ་ཐམས་ཅད་ཀྱི་མཆོག་ཏུ་བཟང་ཞིང་རྟག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་ལས་བརྒྱུད་པ་ལས་འོངས་པ་ཡིན་ནོ། །དེ་བས་ན་གསང་བ་སྟེ་ལས་དང་པོ་པ་བསྐྱེད་རིམ་པ་རྣམས་ཀྱི་སྟེ་དང་ཐུན་མོངས་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་བཞི་པོ་དེ་དག་ཞི་བ་སོགས་ལས་ཀྱི་བྱེ་བྲག་གིས་སོ་སོར་བསྟན་པར་བྱ་བའི་ཕྱིར། ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བ་ནི་རིམས་ཀྱིས་མཚོན་པའི་ནད་ཐམས་ཅད་དང་ལ་སོགས་པ ས་བགེགས་ལ་སོགས་པ་སེལ་བར་བྱེད་པའི་མཚན་ཉིད་ཅན་གྱི་ལས་ལ་ནི་སྤྱན་གྱི་ཚུལ་ཏེ། སྤྱན་མའི་ཁ་དོག་ལྟར་ཁ་དོག་དཀར་པོ་སྣ་བུག་གཉིས་ཀ་ནས་དལ་བའི་རང་བཞིན་ཅན་དུ་རྒྱུ་བའི་གྱི་ཆུའི་དཀྱིལ་


JLD004_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྲོག་འཛིན་གྱི་རྡོར་བཟླས་བསྒོམ་པར་བྱའོ། །རྒྱས་པ་སྟེ་ནོར་འཕེལ་བར་བྱ་བ་དང་ཚེ་དང་བསོད་ནམས་དང་ཤེས་རབ་དང་ཏིང་ངེ་འཛིན་ལ་སོགས་པ་རྒྱས་པ་ལ་ནི་རྣམ་པར་སྣང་མཛད་ལ་གནས་ཏེ་ཞེས་བྱ་བར་སྦྱར་ཏེ། གསེར་ཞུན་མ་ལྟར་རྣམ་པར་མཛེས་ཤིང་འབར་བས་ན་རྣམ་པར་སྣང་མཛད་སྟེ་རིན་ཆེན་འབྱུང་ལྡན་ནོ། །རིན་འབྱུང་དེའི་གནས་ནི་ཁ་དོག་སེར་པོར་སྣང་བ་སྣ་བུག་གཉི་ག་ལས་དྲག་ཏུ་འབྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་ཐུར་སེལ་གྱི་རླུང་སྔགས་གཉིས་སྦྱར་བའི་རྡོར་བཟླས་བྱའོ་རོ་། །དེ་བཞིན་དུ་དབང་ལ་ནི་རྡོ་རྗེ་པདྨོ་ཅན་ཞེས་བར་སྦྱར་ཏེ། དབང་ཞེས་པ་རང་དང་ཆོས་ལ་མ་ཆགས་པ་རྣམས་རྗེས་སུ་ཆགས་པར་བྱ་བའི་ཕྱིར། པདྨོ་རྡོ་རྗེ་ཅན་འོད་ཟེར་དམར་པོའི་རང་བཞིན་ཅན་སྣ་བུག་གཡས་ཀྱི་སྒོ་ནས་འབྱུང་བ་མེའི་དཀྱིལ་འཁོར་གྱེན་རྒྱུའི་རླུང་སྔགས་སྦྱར་བའི་རྡོར་བཟླས་བསྒོམ་མོ། །མངོན་སྤྱོད་དེ་བསད་པ་དང་ལ་སོག་པ ས་བསྐྲད་པ་དང་དབྱེ་བ་སོགས་ཀྱི་དྲག་པོའི་ལས་རྣམས་ལ་ནི་རྡོ་རྗེ་ཁྲོ་བོ་སྟེ། འོད་ཟེར་ནག་པོའི་ངོ་བོ་ཉིད་གཡོན་གྱི་སྣའི་སྒོ་ནས་འབྱུང་བ་རླུང་གི་དཀྱིལ་འཁོར་མཉམ་གནས་ཀྱི་རླུང་སྔགས་སྦྱར་བའི་རྡོར་བཟླས་བསྒོམ་མོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་བཤད་མ་ཐག་པའི་དཀྱིལ་འཁོར་བཞི་པོ འི་རྡོར་བཟླས་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་སྟེ། རྫོགས་རིམ་པའི་སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་བ། ཞེས་པ་སྦ་བར་བྱ་བ་དང་། སྐུ་གསུམ་


JLD004_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་སྟེ་རྡོ་རྗེ་འཆང་ཆེན་པོས་བསྟན་པའོ། །སྔགས་རྣམས་ཀུན་ནི་ཞེས་པ་ཟུང་འཇུག་པས་རྡོར་བཟླས་ཀྱི་ལས་སྒྲུབ་པ་འདི་ནི། བསྐྱེད་རིམ་ལྟར་ལས་སོ་སོ་ལ་ལྷ་སོ་སོ་དགོས་པ་ལྟ་བུ་མ་ཡིན་པར་ལྷ་ཐམས་ཅད་དང་འབྲེལ་བར་གྱུར་པའི་བྱ་བའི་རོལ་མོ་སྟེ་ཞི་བ་ལ་སོགས་པའི་ལས་གསུངས་པའོ། །དེས་མཚན་པ་ནི་མཚན་པར་བྱས་པའི་གསང་བའོ། ཞེས་བྱ་བར་སྦྱར་རོ། ༈ །ལས་རྣམ་པ་བཞིའི་ནང་ནས་མངོན་སྤྱོད་ཀྱི་ལས་འདིར་:ཆག:མངོན་སྤྱོད་དཀའ་བ་ཉིད་དུ་བསྟན་པའི་ཕྱིར་ཞེས་དང༌། མངོན་སྤྱོད་བྱ་:པ་ཚབ:དཀའ་བ་བསྟན་པའི་ཕྱིར་ཞེས་ཚུལ་གསུམ་བྱུང་བའི་དང་པོ་ནི་མིན་ཏེ། འདིར་དེ་ལས་རྣམས་ཀྱི་ནང་ནས་དཀའ་ཞེས་མ་བསྟན་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། བྱེད་ལུགས་ཀྱི་ཆོ་ག་ཤེས་པ་ནི་མི་དཀའ་ལ། བྱེད་མཁན་མཚན་ཉིད་ཚང་བ་དཀའ་བ་ནི་དངོས་གྲུབ་སྟོབས་ལྡན་གཞན་སྒྲུབ་པ་ལ་ཡང་མཚུངས་སོ། །དེས་ན་བཀར་ཏེ་ཞེས་བསྒྱུར་བ་ལེགས་སོ། །བཀར་ཏེ་བསྟན་པར་བྱ་གསུང་བར་བཞེད་པས། :པ་ཚབ:ཟེར། བ་ལ་དེ་རྣམ་པར་ཕྱེ་བས་མངོན་སྤྱོད་བྱ་བ་དེ་ཉིད་ཀྱི་ཡུལ་བསྟན་པར་བྱ་བའི་ཕྱིར། མ་དད་སྨྲ་བའི་ཞེས་བྱ་ལ་སོགས་པ་གསུངས་ཏེ། མ་དད་པ་ནི་རྗེས་སུ་གཟུང་བར་བྱ་བའི་སྣོད་མ་ཡིན་པ་སྟེ། དཀོན་མཆོག་གསུམ་དང་ལ་སོགས་པས་རྡོ་རྗེ་ཐེག་པ་སོགས་ལ་སྨོད་པར་སྨྲ་བའི་སེམས་ཅན་ལོག་པར་ལྟ་བ་ཅན་དང༌། རྡོ་རྗེ་རྡོ་རྗེ་:ཆག:སློབ་དཔོན་ཏེབླ་མ་དང༌། རྡོ་རྗེ་ཅན་ནི་རྡོ་


JLD004_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མོ་སྟེ། དེ་རྣམས་ལ་སྨོད་པ་ཞེས་ཀྱང་ཟེར་རོ། །སློབ་དཔོན་ཏེ་བླ་མར་གྱུར་པ་དེ་རྣམས་ལ་སྨོད་པ་དང༌། གཞན་ཡང་གདུག་པའི་སེམས་ཅན་ཏེ་མཚམས་མེད་པ་ལ་སོགས་པ་བྱེད་པ་རྣམས་ལའང་རབ་ཏུ་བསྐུལ་བ་སྟེ། ཆེ་གེ་མོ་སོད་ཅིག་ཅེས་བྱ་བ་ལ་སོགས་པ། བསྐུལ་བའི་མཚན་ཉིད་ཅན་གྱི་ལས་འོག་ནས་གཤད་པ་འདི་དག་བྱའོ། །ཡེ་ཤེས་ཆེན་པོའི་འཁོར་ལོའི་རྡོ་རྗེ་ནི་རིགས་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་དེ་སྐད་ཅེས་གསུངས་པའོ། ༈ །ཁམས་སུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པ་དྲག་པོའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་དུས་སུ་ཁམས་གསུམ་ན་གནས་པ་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པར་གཏོགས་པའི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུར་ཞེས་བྱ་བ་སངས་རྒྱས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་སྒྲུབ་པ་པོས་རྣམ་པར་བསྒོམ་ཞིང་ལྷག་པར་མོས་ནས། དགྲ་བོས་ཞེས་པ་གང་ལ་དྲག་ལས་བྱ་བའི་ཡུལ་བསྒྲུབ་པར་བྱ་བའི་དགྲ་བོ་རྡོ་རྗེ་གནོད་སྦྱིན་སྲིན་པོར་བསྒྱུར་ལ་དེ ས་སེམས་ཅན་དེ་རྣམས་ཐམས་ཅད་བསད་པར་བསམ་ཞིང་སྟེ་བསྒོམས་ནས་སོ། །དེ་ནས་ལས་རྣམས་བརྩམ་པར་བྱ། ཞེས་བྱ་བ་ནི། བཤད་མ་ཐག་པའི་རིམ་པས་དགྲ་བོ་འདིས་སྡིག་པ་འདི་ལྟར་བྱས་


JLD004_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་སངས་རྒྱས་རྣམས་ལ་སྡིག་པ་ཉེ་བར་བསྒྲགས་པ་བྱས་ལ་ཁ་སྦྱར་དབྱེ་ཁ་སྦྱར་དབྱེ་བ་ནི་བསྲུང་བ་དང་བྲལ་བར་བྱེད་པ་སྟེ། བསྒྲུབ་བྱའི་ལུས་གང་ཡིན་པ་དཀྱིལ་འཁོར་དུ་བསྒོམས་ནས། དེའི་ལུས་ལ་གནས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ། འདིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསད་དོ། །རྡོ་རྗེ་སློབ་དཔོན་ལ་སྨད་དོ། །མཚམས་མེད་ལྔ་ལ་སོགས་པའི་ཉེས་པ་ཆེན་པོ་བྱས་སོ། ཞེས་དེའི་ཉེས་པ་བསྒྲགས་ཏེ། འདིའི་སྐྱབས་མ་མཛད་པར་འདི་ཆོམས་ཤིག་ཅེས་བཀའ་བསྒོས་པས། བསྒྲུབ་བྱ་དེ་རྣམས་ལྷ་དེས་བཅོམ་ནས་བསྒྲུབ་བྱའི་ལུས་ལས་ཕྱིར་བཏོན། དེའི་རྣམ་པ་ཐམས་ཅད་ནས་དྲངས་ཏེ། རང་གི་ལུས་ཀྱི་ལྷའི་འཁོར་ལོ་ལ་བཅུག་པར་བསྒོམ་པ་སྟེ། རྒྱུད་ཕྱིར་མར། བསྒྲུབ་བྱའི་ལུས་གང་ཡིན་པ་ལའང༌། །དཀྱིལ་འཁོར་རྣམ་པར་བསྒོམས་ནས་སུ། །དེ་ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒྲགས་པར་བྱ། །དེ་ནས་དེ་རྣམས་དེས་བཅོམ་ནས། །བྱུང་བར་གྱུར་པར་རྣམ་པར་བསྒོམ། །དངོས་པོ་ཀུན་གྱི་རྣམ་བསྒོམས་ནས། །དངོས་པོ་ཀུན་གྱིས་དྲངས་ནས་ནི། །དེ་ནས་རང་གི་འཁོར་ལོར་བཞུགས། ཞེས་གསུངས་སོ། །བ་སྔོན་དུ་འགྲོ་བས་ཏེ་སྔོན་བཏང་ནས་ཆད་པས་བཅད་པ་བསད་ལས་དངོས་གཞི་བརྩམས་པ ར་བྱའོ། ༈ །ལས་དེ་བྱེད་པ་ལ་སྔོན་དུ་དང་པོ་སྦྱོར་བ་བྱེད་ཚུལ་ནི་ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དང་པོར་རེ་ཤིག་སྒྲུབ་པ་པོས་ལྷག་མོས་ཡན་ཆད་སྔོན་དུ་བཏང་བའི་མཐར་ནམ་མཁའི་དབུས་སུ་གནས་པ་སྟེ། ལྷག་མོས་འོད་གསལ་བའི་ནང་དུ་ཆུད་པར་བྱས་པའི་དེ་བཞིན་ཉིད་ལས་


JLD004_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་པ་དང༌། ཉི་ཟླ་པདྨ་ཡི་གེ་གསུམ་དང་བཅས་པ་བྱས་ལ་དེའི་འོག་ཏུ་དེ་རྣམས་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་བདག་ཉིད་ཉི་མའི་དཀྱིལ་འཁོར་ལྟ་བུར་ཡོངས་སུ་གྱུར་པར་བསམས་ནས་དེའི་སྟེང་དུ་ས་བོན་ལས་བྱང་ཆུབ་པ་ཧཱུཾ་རིང་པོ་དང་དེ་ནས་ཕྱག་མཚན་ལས་བྱང་ཆུབ་པ་ཧཱུཾ་རིང་པོ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཕྱོགས་བཞིའི་རྭ་རྣམས་དབུས་རྭ་ལ་མ་རེག་པར་ཁ་སྟེ་རྭ་ཕྱིར་གྱེས་པ་བསམས་ལ། སྐུ་རྫོགས་པ་ལས་བྱང་ཆུབ་པ་ཕྱག་མཚན་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་བཞི་གནག་པ་མཆེ་བ་གཙིགས་པ་ཨིནྡྲ་ནཱི་ལའི་མདོག་ཅན་ཕྱག་དྲུག་པ། རྣམ་པའི་མཆོག་རྣམས་ཀུན་དང་ལྡན། ཞེ་བྱ་བ་ནི། ཁྲོ་བོའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱི་ཁྱད་པར་དང་ལྡན་པ་གཡས་བསྐུམ་གཡོན་བརྐྱང་བས་བཞུགས་པ། དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྡོ་རྗེ་སེམས་དཔར་མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམ་མོ། །ཞེས་པས་ནི་དང་པོ་སྦྱོར་བ་བསྟན་ཏེ། ལེའུ་དགུ་བར་བསད་ལས་སྒྲུབ་པ་ལ། སྔོན་དུ་རྡོ་རྗེ་འཆང་ཞི་བ་བསྒོམས་ནས་མི་བསྐྱོད་པ་དྲག་པོར་བསྒྱུར་བ་དང་དོན་མི་གཅིག་གོ ། ༈ དྲག་པོའི་དཀྱིལ་འཁོར་རྒྱལ་མཆོག་བྱེད་ཚུལ་ནི་དུས་གསུམ་དམ་ཚིག་ནི་བཤད་མ་ཐག་པའི་རྡོ་རྗེ་འཆང་དྲག་པོའོ་ངོ་། །དེ་ལས་བྱུང་བའི་སངས་རྒྱས་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་གྱི་ལྷའི་ཚོགས་ཏེ། དེ་རྣམ་པར་བསྒོམས་ལ་སངས་རྒྱས་ཀྱི་འཁོར་ལོ་སྟོབས་ཆེ་བ་


JLD004_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དྲག་པོའི་ལྷ་ཚོགས་བཤད་མ་ཐག་པའི་ལྷ་ཕོ་འདི་རྣམས། དབུས་ཀྱི་རྡོ་རྗེ་སེམས་དཔ འ་དྲག་པོ འི་ལག་པ་གཡས་པ་སྟེ་གཡས་ལོགས་སུ་བསམ་པར་བྱའོ། །ལྷ་ཕོ་རྣམས་གཡས་ཕྱོགས་སུ་དགོད་པར་དངོས་སུ་བསྟན་པའི་དོན་གྱི་ཤུགས་ཀྱིས་ནི་རིགས་ལྔའི་བདག་ཉིད་ཅན་གྱི་དྲག་མོའི་ལྷ་མོའི་འཁོར་ལོ་དགུའི་ཚོགས་ནི་གཡོན་དུ་བྱའོ། ཞེས་བྱ་བ་ནི་འཕགས་མཆོག་གི་མན་ངག་གོ །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། ཞེས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་སྤྱན་དྲངས་ཏེ་སོ་། །སངས་རྒྱས་སྐུ་ཡི་བྱེ་བྲག་གིས། ཞེས་བྱ་བ་ནི། རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་ལྷ་སོ་གཉིས་སུ་སོ་། །བསྡུས་ཏེ་གོང་བུའི་ཚུལ་གྱིས་སུ། ཞེས་བྱ་བ་ནི། རང་རྡོར་སེམས་དྲག་པོར་བསྐྱེད་པའི་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཇི་ལྟ་བ་བཞིན་དུ་ཐམས་ཅད་དྲག་པོར་རིགས་གཅིག་ཏུ་བྱས་ལ། ལྷ་རྣམས་ཀྱི་ཚོགས་དེ་དག་རང་གི་ལུས་ལ་དེ་དག་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཚུལ་གྱིས་གཞུག་པར་བྱ་ཞིང་གཟུང་བར་བྱའོ། །ཡང་གཞུག་པར་བྱས་པའི་འོག་ཏུ་ཡེ་ཤེས་འཁོར་ལོ་ཅན་ཏེ་ཡེ་ཤེས་པའི་ལྷ་རང་གི་ཀྱི་ལུས་ལ་བཅུག་ནས་གནས་པ་རྣམས་ཀྱི་སྤྲོ་བ་སྟེ་འབྱིན་པའི་བྱ་བ་དག་བྱའོ། །ཞེས་པའི་དོན་ནི་རྡོར་སེམས་དྲག་པོས་སྔོན་ལ་ཡེ་ཤེས་པའི་དཀྱིལ་འཁོར་རང་ལ་གཞུག །དེ་ནས་རིག་མ་དང་མཉམ་པར་སྦྱར་བ་ལས་ལུས་ཀྱི་ལྷ་རྣམས་ཡུམ་


JLD004_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་པདྨར་ཞུ་བ་ལས་ལྷ་སོ་གཉིས་མངལ་དུ་བསྐྱེད། ཕྱིར་སྤྲོས་པ་རྣམས་ཀྱིས་མཛད་པ་མཛད་ནས། སླར་འདུས་པའི་ཚེ་ལྷ་ཕོ་ཐམས་ཅད་གཡས་དང༌། མོ་ཐམས་ཅད་གཡོན་དུ་དགོད་པར་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་དེ་རྣམས་སྤྲོ་ཚུལ་དང༌། ཉམས་ཇི་ལྟ་བུ ར་བསྒོམ་ཞེ་ན། ཁྲོ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོས་པས་འཁྲུག་པ་ལ་སོགས་པའི་རང་གི་ངོ་བོར་བསམས་ལ། སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྲོ་བས་ཞེས་བྱ་བ་ནི་ཡིད་དོ། །འཁྲུགས་པ་ནི་ལུས་ཀྱིས་སོ། །དེའི་ཕྱིར་མི་སྡུག་འཇིགས་སུ་རུང་པའི་གཟུགས་ཞེས་བྱ་བ་གསུངས་ཏེ། མི་སྡུག་པ་ཉིད་ནི་སྨིན་མ་བསྐྱོད་པ་དང་སྤྱན་དམར་པ་དང༌། ཞལ་མཆེ་བ་གཙིགས་པ་དང་ལྡན་པའི་ཕྱིར་རོ། །འཇིགས་སུ་རུང་བ་ནི་སྐུ་ཆེ་བ་དང་ལྡན་ཞིང་སྦྲུལ་སྐ་རགས་སུ་བཅིངས་པ་ལ་སོགས་པས་བརྒྱན་པས་འཇིགས་སུ་རུང་པའི་གཟུགས་ཅན་ནོ། །མཚོན་ཆ་སྣ་ཚོགས་མཆོག་འཛིན་པ་ནི་དགྲ་སྟ་དང་ཐོ་བ་ལ་སོགས་པ་ཕྱག་ན་བསྣམས་པའི་ཕྱིར་ཏེ་དེ་ལྟ་བུ་བསྒོམ་པར་བྱའོ་རོ་། །གསོད་པའི་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དོན་ནི་བཀའི་བྱེ་བྲག་གོ །དེ་འབའ་ཞིག་སེམས་དཔའ་ནི་གདུག་པ་ཆེན་པོ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་ཅིང་སུན་འབྱིན་པའི་གདུག་པ་རྣམས་གསོད་ཅིང་འཇོམས་པའོ། །རྡོ་རྗེ་འགྱུར་རྙིང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་རང་ཉིད་དམ། ཞེས་པ་དང༌། འགྲེལ་པའི་འགྱུར་གཉིས་མི་ལེགས་པས། ཆག་གིས། རྡོ་རྗེ་


JLD004_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རང་ཉིད་ཀྱང༌། ཞེས་བསྒྱུར་བ་འགྲེལ་པའི་བཤད་པ་དང་མཐུན་ནོ། །སེམས་དཔའ་གསོད་པར་བསྒོམ། ཞེས་བྱ་བ་ནི། གལ་ཏེ་རྡོ་རྗེ་སེམས་དཔའང་འདི་ལྟ་བུའི་མ་རུངས་པར་གྱུར་ན་དེ་ལ་ཡང༌ ཁྲོ་བོ་འདི་རྣམས་ཀྱིས་འཚེ་ན་སེམས་ཅན་གདུག་པ་ཅན་གཞན་རྣམས་ལ་འཚོ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྔགས་མཁན་བདག་ཉིད་ཀྱི་ནུས་པ་སྟོན་པ་ཡིན་ནོ། ༈ །འགྱོད་པ་སྟེ་དེ་མ་ཐག་ཏུ་བཤད་པའི་ལས་དེ་འགྲུབ་བམ་མི་འགྲུབ་སྙམ་པའི་ཐེ་ཚོམ་བཟློག་པར་བྱ་བའི་ཕྱིར། སངས་རྒྱས་སྐུ་གསུམ་ཞེས་བྱ་བ་ལ་སོགས་འགྱུར་གསར་གཉིས་དང༌། འགོས་འགྱུར་ཁ་གཅིག་ལས། སྒྱུ་མ་ལྟ་བུའི་ནུས་པ་ཞེས་འབྱུང་ཡང༌། དཀྱུས་ན་ཡོད་པ་འདི་ཉིད་དག་གོ་པ་གསུངས་ཏེ། སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །ཆོས་ཀྱི་སྐུ་ལ་སོགས་པའི་མཆོག་སྟོན་པའི་ལུང་སྩོལ་བར་མཛད་པས་ན་སྐུ་གསུམ་མཆོག་སྩོལ་བའོ། །རྡོ་རྗེ་གསུམ་ནི་ལུས་ངག་ཡིད་གསུམ་དང་ལྡན་པའི་སེམས་ཅན་རྣམས་ཏེ་དེ་རྣམས་ཀྱི་དཀྱིལ་འཁོར་གྱི་གནས་ཞེས་པའི་དཀྱིལ་འཁོར་ནི་ཁམས་གསུམ་ཡིན་ལ་ཁམས་གསུམ་པ་རྣམས་དང་རྡོ་རྗེ་འཆང་གཉིས་རང་བཞིན་རྣམ་དག་གི་དེ་ཁོ་ན་ཉིད་དབྱེར་མེད་པས་རྡོ་རྗེ་འཆང་དེའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་གྱི་གནས་ནི་རྡོ་རྗེ་འཆང་ངོ་སོ། །དངོས་གྲུབ་ནི་མངོན་པར་འདོད་པའི་དོན་ཏེ། རྡོ་རྗེ་འཆང་དེ ས་སྒྲུབ་པ་པོ་ལ་སྟེར་བར་འགྱུར་རོ། །རྨོངས་པ་འགྱུར་


JLD004_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་གི་རྒྱུད་ལས། རྨོངས་པས་གྲུབ་པ་མི་སྟེར་ན། འཆི་བར་འདིར་ནི་གདོན་མི་ཟ། ཞེས་འབྱུང་ལ། པ་ཚབ་ཀྱི་འགྱུར་ལས། རྨོངས་བདག་ཉིད་ཀྱིས་དངོས་གྲུབ་གསོལ། །འདི་ལ་ཐེ་ཚོམ་ཡོང་མི་བྱ། ཞེས་དང༌། ཆག་གིས་བསྒྱུར་བ་ཡང་དེ་དང་འདྲ་བས་དངོས་གྲུབ་སྟེར་བ་ལ་ཐེ་ཚོམ་མེད་པའི་དོན་དུ་བཤད་དོ། །དེ་ལྟར་མི་མཐུན་པ་སྣང་བ་ནི་བསྒྱུར་གཞིའི་རྒྱ་དཔེའི་ཁྱད་དུ་འདུག་ཅིང༌། རྨོངས་པས་ཞེས་པའི་ཚིག་ཟིན་ལ་བལྟས་ན། འགྱུར་རྙིང་ལྟར་བྱ་དགོས་པ་འདྲ་བ་ཅིག་སྣང་ནའང་འདིར་དངོས་གྲུབ་འགྲུབ་པ་ལ་ཐེ་ཚོམ་མེད་པར་བཤད་དགོས་པར་སྣང་བས་རྨོངས་པ་ནི་ཆག་འགྱུར་ལས། གཞན་གྱི་སྐུ་དྲིན་ལ་རག་ལས་པས་རྨོངས་པ་ནི། རྨོངས་བདག་ཉིད་དོ། ཞེས་འབྱུང་བ་ལྟར་བླ་མའི་སྐུ་དྲིན་ལ་རག་ལས་ནས་དངོས་གྲུབ་འགྲུབ་པ་ལ་བྱའོ། །ནི་དངོས་གྲུབ་གཞན་ལ་རག་ལས་པས་རྨོངས་པས་ན་རྨོངས་པའོ། །འདིར་ཞེས་པ་ནི་དངོས་གྲུབ་མི་སྟེར་བ་ལའོ། །ཐེ་ཚོམ་ནི་ཡིད་གཉིས་མི་བྱ་བའོ། །དྲག་པོའི་ཆོ་ག་འདི་ནི་ཉིན་འགྱུར་རྙིང་གི་རྒྱུད་ལས། ཉི་མ་བདུན་དུ་འདི་བྱས་ན། །སངས་རྒྱས་དངོས་གྲུབ་སྟེར་བར་འགྱུར། ཞེས་པ་ལྟར་མི་བྱ་བར། :པ་ཚབ:ཉི་མ་བདུན་དུ་འདི་བྱ་སྟེ། །སངས་རྒྱས་ཀྱིས་ཀྱང་འགྲུབ་མི་འགྱུར། ཞེས་འབྱུང་བ་འགྲེལ་པའི་བཤད་པ་དང་མཐུན་ནོ། །ཞག་བདུན་དུ་བྱའོ། །གཞན་དུ་ཉིན་ཞག་བདུན་ཚུན་ཆད་ཀྱིས་ནི་སངས་རྒྱས་ཀྱིས་ཀྱང་མི་འགྲུབ་བོ། ༈ །དེ་ལ་འདིར་སྦྱོར་བ་སྟེ་རྣལ་འབྱོར་མདོར་བསྡུས་ན་ནི་འདི་ཡིན་ཏེ་བཤད་མ་ཐག་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་དྲག་པོར་བདག་ཉིད་བསྐྱེད་ལ། ཇི་སྐད་བཤད་པའི་ཁྲོ་བོའི་ལྷ་རྣམས་སྤྲོ་བར་བྱས་ལ། དེའི་དབུས་ན་གནས་པའི་


JLD004_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་མཛེས་ལ། དགྲ་བོ་ཁུག་ཅིག་ཅེས་པའི་ལུང་བསྒོ ས་བས་གནོད་མཛེས་དེས་དགྲ་བོའི་མགྲིན་པ་ཞགས་པས་བཅིངས་ནས་སྙིང་ག་ནས་ལྕགས་ཀྱུས་དྲངས་པར་འགྱུར་བཞིན་དུ་སྟེ་པ་རླུང་གི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་མེའི་དཀྱིལ་འཁོར་ལ་བསྐྱོན་ནས་བསྒྲུབ་པར་བྱ་བ་སྐྲ་གྲོལ་ཞིང་ལུས་ཏིལ་མར་གྱིས་བསྐུས་པ། སྲོག་:པ་ཚབ་ཆག:ཁ་སྦྱོར་དབྱེ་བ་ཟེར་བྱེ་བ་སྐྱབས་མེད་པ་འགྱོད་པ་སྐྱེས་པ་མདུན་དུ་བཀུག་པར་རྣམ་པར་བསམས་ལ་དེ་ནས་སྤྲོས་པའི་ཁྲོ་བོའི་ལྷ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་པས་གཅོད་པར་བྱེད་ཅིང་སྲོག་དང་བྲལ་བ་སྟེ་ཕྲལ་ནས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བསྒོམ་པར་བྱའོ། ༈ །རྡོ་རྗེ་དམ་ཚིག་ནི་ཁྲོ་བོ་རྣམས་སོ། །དེ་རྣམས་ཀྱི་ཡེ་ཤེས་ནི་འདི་ལྟར་རྣམ་པར་གཙེས་ཤིག་ཅེས་བྱ་བ་ཁོང་དུ་ཆུད་པར་བྱ་བ་སྟེ། དེ་ནི་རྡོ་རྗེའི་དམ་ཚིག་ཡེ་ཤེས་ཡིན་ལ། དེ་ཉིད་བཀའི་འཁོར་ལོ་སྟེ་རྣམ་པར་འཚེ་བའི་ཕྱིར་རོ། །དེའི་ཕྱིར་ཏིང་ངེ་འཛིན་འདི་ལ་ཡང་དེ་སྐད་ཅེས་བྱའོ། ༈ །དེ་ལྟར་མི་བསྐྱོད་པའི་རྣལ་འབྱོར་པའི་བཀའི་འཁོར་ལོ་དང་པོར་ཡང་དག་པར་བསྟན་ནས། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་བཀའི་འཁོར་ལོ་ཡང་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་ཇི་སྐད་དུ་གསུངས་པའི་མངོན་བྱང་ལྔའི་རིམ་པས་བདག་


JLD004_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྣམ་པར་སྣང་མཛད་ཀྱི་སྐུར་བསྐྱེད་པའི་དང་པོ་སྦྱོར་བ་བྱས་ལ། དེའི་འོག་ཏུ་དུས་གསུམ་དམ་ཚིག་ལས་བྱུང་བ་ཞེས་པ། རིག་མ་དང་སྙོམས་པར་ཞུགས་པ་ལས་རྣམ་སྣང་མ་གཏོགས་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྐྱེད་པའི་མི་བསྐྱོད་པ་སྤྲོས་ཏེ། རང་ལ་བཅུག་པའི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་གྲགས་པ་ཆེན་པོ་ཁྲོས་པ་རྣམ་པར་བསམས་ལ། དེའི་ཕྱག་ཏུ་འཁོར་ལོའི་ཚབ་མར་རྡོ་རྗེ་མེ་སྟག་རྣམ་པར་འཕྲོ་བས་འཁྲུགས་པའི་རྡོ་རྗེ་ཁ་གྱེས་པ་བསྣམས་པར་བསྒོམ་མོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས་ཞེས་བྱ་བ་རང་གི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་ནི་། རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས་ཏེ་བུད་མེད་ལྷ་མོ་དང་སྐྱེས་པ་ལྷ་ཕོ འི་བྱེ་བྲག་གིས་བྱུང་བ་ཐམས་ཅད་རང་གི་ལུས་ཀྱི་ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དྲག་པོའི་སྐུར་རིགས་གཅིག་ཏུ་བྱས་ཤིང་ལྷ་སོ་གཉིས་སུ་བསྡུས་ནས་དྲངས་ལ་དེ་བཞིན་གཤེགས་པ་དེ་དག་བདག་གི་ལུས་ལ་གཟུད་ཅིང་གཞུག་གཞུག་པ་འདི་རྣམ་སྣང་ལ་བསྒྱུར་པའི་སྐབས་སུ་བྱའོ། །གོ །སྤྲོ་བ་རྡོ་རྗེ་ཐམས་ཅད་ཀྱི་སྟེ། དེ་ནས་རིག་མ་དང་སྦྱར་བ་ལས་རང་གི་ལུས་ལ་གནས་པའི་དཀྱིལ་འཁོར་པ་རྣམས་ཀྱི་སྤྲོ་བ་སྟེ། དཀྱིལ་འཁོར་པ་རྣམས་ཡུམ་གྱི་པདྨར་ཞུ་བ་ལས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་རྣམས་ཕྱི་རོལ་ཏུ་འབྱིན་པའི་བྱ་བ་དེ་དང་སྤྲོས་པ་རྣམས་


JLD004_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་གཡས་གཡོན་དུ་དགོད་པ་ཡེ་ཤེས་མཆོག་གི་གཉེན་ཏེ་སྒྲུབ་པ་པོས་བྱའོ། །དེ་ནས་ལས་རྒྱལ་མཆོག་བྱ་བ་ནི་སྔར་བཞིན་དགྲ་བོའི་སྡིག་པ་བསྒྲག་པ་ཅན་གྱི་ཁ་སྦྱོར་དབྱེ་བ་དང༌། གནོད་མཛེས་བསྐུལ་ནས་དགྲ་བོ་དགུགས་པ་རྣམས་བྱས་ལ་ཁྲོ་བོ་རྣམས་སྤྲོས་ཏེ་དེ་རྣམས་ལ་བཀའ་བསྒོ་བའི་ཚུལ་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་རྡོ་རྗེ་ཅན་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ནོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་དེའི་སྲས་རྣམས་བདག་ལ་གསོན་ཅིག་པའོ། །ཅི་ཞིག་ཅེ་ན། བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་དཔལ་ལྡན་རྡོ་རྗེ་ཅན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བ། ཞེས་བྱ་བ་ངེས་པར་རྫོགས་པར་བྱེད་པ་དེ་ནི་བདག་ཡིན་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་འགའ་ཞིག་འདིར་བདག་གི་བསྒོ་བ་མི་བྱེད་ཅིང་འདས་ན་རང་གི་ལག་ན་གནས་པའི་རྡོ་རྗེ་ཀུན་ནས་རབ་ཏུ་འབར་བའི་གཟུགས་ཅན་འབར་བས་ཀུན་ནས་བསྐོར་བའི་རྡོ་རྗེ་འདི་ཡིས་སྐུ་གསུམ་ལས་བྱུང་སྐུ་གསུམ་ལས་བྱུང་འདི། འགྱུར་གསར་གཉིས་ལྟར་ན་དགོས་བྱ་ལ་བྱེད་ཀྱང༌། དེའི་དོན་རྡོ་རྗེ་གསུམ་


JLD004_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྱུར་པ་ལ་བཤད་པས། འགྱུར་རྙིང་ལྟར་འགེས་བྱེད་ལ་སྦྱར་ན་ལེགས་སོ། །བ་སྟེ། སྐུ་གསུམ་གཅིག་ཏུ་གྱུར་པས་དགས་པར་བགྱི་ཞིང་ཕྱེ་མར་བྱའོ། །དེས་ན་དེ་ཞིག་པར་འགྱུར་ཞིང་སྟེ་ཕྱེ་མར་རྣམ་པར་འཇིགས་པར་འགྱུར་བ་འདིར་གདོན་མི་འཚལ་ལོ། །ཞེས་པ་སྟེ་བདག་ཉིད་བདག་པོ་ཡིན་པར་སྟོན་ཏོ། །ད་ལྟར་བཀའ་བསྒོས་པའི་འོག་ཏུ་གསད་ལས་དངོས་གཞི་བྱའོ། ༈ །འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་དོ། །དེ་ལས་བྱུང་བ་ནི་ཡེ་ཤེས་རྡོ་རྗེ་ཡིན་ལ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ་ཏིང་ངེ་འཛིན་འདི་ལ་ཡང་མིང་དེ་སྐད་ཅེས་བྱའོ། །རྣམ་སྣང་ལ་བཤད་པ་དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་གསུམ་གྱི་དྲག་ལས་སྒྲུབ་པ་ལ་འི་ཡང་རིགས་གསུམ་པོ་དེ་རྡོར་སེམས་སུ་ཡོངས་སུ་གྱུར་པར་སྦྱར་བར་བྱའོ། །དེ་ཡང་ལྷག་མོས་འོད་གསལ་དུ་བསྡུས་པ་སོགས་ཀྱི་མངོན་བྱང་ལྔ་ལས་རིགས་གསུམ་དུ་བསྐྱེད་པའི་དང་པོ་སྦྱོར་བ་དང༌། དེ་ནས་སངས་རྒྱས་རྣམས་སྤྱན་དྲངས་ཏེ་ལྷ་དྲག་པོ་སོ་གཉིས་སུ་བསྡུས་པ་རང་ལ་འཇུག་པ་དང༌། དེ་ནས་རིག་མ་དང་སྦྱར་བ་ལས་ལྷ་དེ་རྣམས་པདྨར་ཞུ་བ་ལས། དཀྱིལ་འཁོར་རྒྱལ་མཆོག་དྲག་པོར་བསྐྱེད་པ་དང༌། ཕྱིར་སྤྲོས་ཏེ་གཡས་གཡོན་དུ་དགོད་པའི་དཀྱིལ་འཁོར་རྒྱལ་མཆོག་བྱེད་པ་དང༌། ལས་རྒྱལ་མཆོག་གི་དུས་སུ་ཁྲོ་བོ་སྤྲོ་བ་སོགས་དང༌། བཀུག་པ་ན་བཀའ་བསྒོས་ཏེ་གསད་ལས་དངོས་གཞི་བྱེད་པ་རྣམས་འདྲ་བར་སྦྱར་རོ། ༈ །གཙོ་བོ་རིགས་ལྔའི་བཀའི་འཁོར་ལོ་བསྟན་པར་མ་ཟད་ལྔ་པོ་དེའི་འཁོར་ཁྲོ་བོ་བཅུ་པོ་རྣམས་ཀྱི་བཀའི་འཁོར་ལོ་ཡང་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན་ཞེས་པའི་རྡོ་རྗེ་ཅན་ནི་བདག་ཉིད་


JLD004_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མོས་ཀྱི་རྡོ་རྗེ་འཆང་དུ་བསྐྱེད་པའོ། །སངས་རྒྱས་དེའི་དཀྱིལ་འཁོར་ནི། ལྷག་མོས་ཀྱི་ལྷ་ལྷག་མ་རྣམས་སོ་དོ་། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། ཞེས་པ་ནི་ལྷག་མོས་ཀྱི་ལྷ་རྣམས་འོད་གསལ་བར་ཞུགས་པར་བསམ་པ་སྟེ། དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དེས་མཚོན་པའི་མངོན་བྱང་ལྔ་པོ་དེ་ལས་རང་གི་རྡོ་རྗེ་ཞེས་བྱ་བ་རང་ཉིད་གཤིན་རྗེ་གཤེད་དུ་བསྐྱེད་པའི་དང་པོ་སྦྱོར་བ་བྱའོ། །དེ་ནས་འོག་གི་དུས་གསུམ་སངས་རྒྱས་ཞེས་སོགས་ཀྱི་དོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ་རང་གཤིན་རྗེ་གཤེད་དུ་བསྐྱེད་པའི་སྐུ་གསུང་ཐུགས་ལ་གཞུག་པ་ནི་སྔར་བཤད་པ་བཞིན་དུ་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་རྒྱ་མཆོག་སྒོམ་པ་ནི། གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཆེ། ཞེས་པས་སྟོན་པ་ལ། དེའི་འཁོར་ལོ་ཆེ་ནི་གཙོ་བོ་གཤིན་རྗེ་གཤེད་ཀྱི་འཁོར་གྱི་ལྷ་སོ་གཅིག་སྟེ། གཙོ་བོ་དང་བཅས་པ་སྔར་བཅུག་པའི་ལྷ་རྣམས་ཞུ་བ་ལས་ཡུམ་གྱི་པདྨར་བསྐྱེད་པའོ། །ཀྱི་འཁོར་ལོ་ཆེ་སྟེ་འཁོར་དང་བཅས་པ་རབ་ཏུ་བརྟག་པར་བྱའོ། །དུས་གསུམ་སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །སེམས་དཔའ་རྣམས་ནི་བྱམས་པ་ལ་སོགས་པ་རྣམས་ཀྱང་སྐུ་གསུམ་དཀྱིལ་འཁོར་ཏེ། སྐུ་དང་གསུང་དང་ཐུགས་ལ་ཞུགས་པར་བརྟག་པར་བྱའོ། །གཤིན་རྗེ་གཤེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་སྟེ་ཕྱིས་ཀྱང་ཞེས་པ་ནི་མངའ་དུ་ལྷ་བསྐྱེད་པའི་འོག་ཏུའོ། །སངས་རྒྱས་ཞེས་བྱ་བ་ཞི་བའི་ངོ་བོར་གནས་པ་རྣམས།ཞེས་པ་ནི་མངའ་དུ་ཞི་བར་


JLD004_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་སྤྲོ་བ་ན་དྲག་པོར་བྱེད་པ་མིན་གྱི། བསྙེན་པའི་དུས་སུ་ཞི་བར་གནས་པའི་ལྷ་རྣམས་འདིར་དྲག་པོར་བསྐྱེད་ནས་གཤིན་རྗེ་གཤེད་དང་འདྲ་བའི་ཁྲོ་བོར་སྤྲོ་བའི་དོན་ནོ། །སྤྲོས་པ་རྣམས་ཚུར་བཀུག་སྟེ་ཕོ་མོ་རྣམས་གཡས་གཡོན་ཏུ་དགོད་དོ། །གཤིན་རྗེ་གཤེད་ཀྱི་མདོག་:པ་ཚབ:རྣམ་པ་འདྲ་བར་ཟེར། དང་འདྲ་བར་སྤྲོ་བར་བྱའོ། །དེ་བཞིན་གཤེགས་པ་དང་སེམས་དཔའ་རྣམས་སྤྲོས་པས། དུས་གསུམ་ལ་བཞུགས་པ་ཞེས་པ་འགྱུར་རྙིང་ལས། དུས་གསུམ་ལ་བཞུགས་སེམས་ཅན་དང༌། ཞེས་དང༌། དེ་བཞིན་ཞེས་པ་ནས། སྤྲོས་པས་ཞེས་པའི་བར་མི་བདེ་བས། སེམས་ཅན་:པ་ཚབ:དུས་གསུམ་བྱུང་བ་རྣམས། ཞེས་པ་དང༌། སེམས་ཅན་ནི་སྤྲོས་པའི་དེ་བཞིན་གཤེགས་པ་སྟེ། ཞེས་འབྱུང་བ་ལྟར་བདེ་ལ། དོན་ནི་ཤིན་ཏུ་ཞི་བའི་སྐུ་གསུམ་གྱི་བདག་ཉིད་ཅན་ཡང་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་དྲག་པོར་སྤྲོས་པ་འདི་ལྟ་བུ ར་བསྒོམ་པར་བྱའོ། ཞེས་པའོ། །དེ་ནས་ལས་རྒྱལ་མཆོག་བྱ་བ་ནི་གདུག་སེམས་ཅན་ཞེས་པ་ནི་བྱ་བ་མ་ཡིན་པ་བྱེད་པ་དང་ལྡན་པའི་སེམས་ཡོད་པའི་དགྲ་བོ་རྣམས་ཏེ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་ཞུགས་པ་རྣམས་ལྷ་རྣམས་ཤིན་ཏུ་ཁྲོས་པས་གསོད་པར་བསྒོམ་པར་བྱའོ། ༈ །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་བཀའ་ནི་གདུག་པ་རྣམས་གཞོམ་པའི་ཕྱིར་བསྐུལ་བའོ། །དེ་ཉིད་ནི་གཙོ་བོར་གྱུར་པས་ན་དཀྱིལ་ཏེ་སྙིང་པོའོ། །དེ་ལེན་ཅིང་འཛིན་ལ་བདག་གིར་བྱེད་པས་ན་དཀྱིལ་འཁོར་ཏེ། དེ་གང་ཡིན་ཞེ་ན་དཀྱིལ་འཁོར་གྱི་བདག་པོ་གཤིན་རྗེ་གཤེད་ཉིད་དོ། །


JLD004_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཐམས་ཅད་ནི་ལྷག་མོས་ཀྱི་རྡོ་རྗེ་འཆང་ཆེན་པོའོ། །ལྷག་མོས་འོད་གསལ་དུ་བསྡུས་པ་དེ་ལས་བྱུང་བ་ནི་ཁ་ཅིག་ཚིག་ཕྱི་མ་གཉིས་པོ་འདི་ལ་བརྟེན་ནས། དང་སྦྱོར་དུ་རྡོ་རྗེ་འཆང་དུ་བསྐྱེད་པ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་དུ་སྐྱེད་ཅེས་པ་ནི་དོན་མིན་ཏེ། སྔར་དེ་བཞིན་ཉིད་ལས་བྱང་ཆུབ་པ་ལས། གཤིན་རྗེ་གཤེད་དུ་བསྐྱེད་པར་བཤད་པའི་ཕྱིར་དང༌། དམ་ཚིག་ཐམས་ཅད་ཅེས་སོགས་ཀྱི་དོན་ནི། སྔར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །གཤིན་རྗེ་གཤེད་དེ། གཤིན་རྗེ་གཤེད་དེ་དང་ནུས་པ་མཉམ་ཞིང་དྲག་པོའི་གཟུགས་སུ་གཅིག་པ་ནི་སྐུ་གསུམ་གྱི་ཡེ་ཤེས་རྡོ་རྗེ་སྟེ། འཁོར་གྱི་ཁྲོ་བོ་དགུ་རྣམས་སོ། །ཞེས་པ་འདིས་ཁྲོ་བོ་ལྷག་མ་དགུའི་ཏིང་ངེ་འཛིན་གསུམ་ཡང་གཤིན་རྗེ་གཤིད་བཞིན་དུ་བྱ་བར་བསྟན་ཏོ། །ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་བཀའི་འཁོར་ལོ་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་ལྷ་ལྔ་རྣམས་དང༌། ལྔ་པོ་དེའི་རིགས་ཀྱི་ལྷ་མོ་སྤྱན་མ་ལ་སོགས་པ་རྣམས་ཀྱི་བཀའི་འཁོར་ལོ་སྦྱར་བར་བྱའོ། །རང་སྔགས་ནི་རྣམ་སྣང་ལ་སོགས་པ་རང་གི་རིགས་དང་འབྲེལ་བ་བྱམས་པ་ལ་སོགས་པ་བརྒྱད་དོ་འོ་། །དེ་རྣམས་ཀྱི་དོན་ནི་དང་པོ་སྦྱོར་བའི་སྐབས་སུ་མངོན་བྱང་ལྔ་ལས་སྐུ་མདོག་ཕྱག་མཚན་སོགས་མདོར་བྱས་ཇི་ལྟ་བ་བཞིན་དུ་


JLD004_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེའི་ཡོན་ཏན་ནི་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་བྱམས་པ་ལ་སོགས་པ་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོར་སེམས་དྲག་པོའི་ཁྲོ་བོའི་གཟུགས་ཀྱིས་ཏེ། དེ་དག་གིས་བཀའི་འཁོར་ལོ་བྱ་བའམ་སམ་ཡང་ཞེས་པའི་དོན་བྱམས་པ་ལ་སོགས་པ་རྣམས་རྡོར་སེམས་དྲག་པོར་བསྒྱུར་བའམ། ཡང་ན་རང་གི་རིགས་ཀྱི་ཁྲོ་བོ་བསྒྱུར་ཞེས་པའི་དོན་མིན་ཏེ། རྒྱུད་ལས། རྡོ་རྗེའམ་ཞེས་པ་དང་། ཡོན་ཏན་ནམ་ཞེས་དང་། ཡང་ན་གཙུག་ཏོར་ཞེས་པ་གསུམ་འབྱུང་བ་ནི་ཚན་པ་དེ་གསུམ་གྱི་སྒོ་ནས་བཀའི་འཁོར་ལོ་སྦྱོར་བའི་འདམ་དར་གསལ་བར་གསུངས་པའི་ཕྱིར་རོ། །བྱམས་པ་ལ་སོགས་པ་ཁྲོ་བོར་བསྒྱུར་བ་ནི་ལྷ་མོ་རྣམས་ལའང་ཤེས་དགོས་སོ། །ན་གཙུག་ཏོར་ཏེ་སྟེང་གི་ཆར་གནས་པའི་ཁྲོ་བོའི་རྒྱལ་པོ་དེ་དང་མཉམ་ཞིང་མཚུངས་པར་གྱུར་པས། གཙུག་གཏོར་དམ་ཚིག་ཅེས་པ་ནི་ཁྲོ་བོ་ཐམས་ཅད་དེ་དེ་རྣམས་ཀྱི་སྒོ་ན ས་ཀྱང་བཀའ་ཡི་འཁོར་ལོ་སྦྱར་བར་བྱའོ། ༈ །སྔར་བཤད་པའི་བཀའི་འཁོར་ལོའི་དགོས་པ་ལས་དགོས་པ་གཞན་དག་སྟེ་སྒྲུབ་ཐབས་ཀྱི་སྐབས་སུ་བསྲུང་འཁོར་སྒོམ་པ་སོགས་ཀྱི་དགོས་པ་བསྟན་པའི་ཕྱིར། སྔགས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀུན་ཞེས་བྱ་བ་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་བཅུ་བགེགས་བྱེད་པ་རྣམས་བསྲུང་བའི་ཕྱིར་ཏེ་བཟློག་པར་བྱ་བའི་ཕྱིར། ཡེ་ཤེས་མཆོག་རྡོ་རྗེ་ཅན་ཞེས་བྱ་བ་སྒྲུབ་པ་པོས་ཞེ་སྡང་རྡོ་རྗེས་གཙོ་བོ་བྱས་པའི་ཁྲོ་བོ་བཅུའི་བཀའི་


JLD004_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་འདི་བྱའོ། །འདི་ནི་ཞེས་པ་ནི་བཀའི་འཁོར་ལོའོ། །བཤད་མ་ཐག་པའི་བགེགས་རྣམ་པར་གཞིག་པ། །དེ་དགོས་པ་ཅིའི་ཕྱིར་བྱ་ཞེ་ན། རྡོ་རྗེ་ཐམས་ཅད་དེ་སྒྲུབ་པ་པོ་ཐམས་ཅད་ཀྱི་བྱང་ཆུབ་བསྲུང་བའི་དོན་དུ་ཞེས་བྱ་བ་བྱང་ཆུབ་བསྒྲུབ་པའི་སེམས་བགེགས་ཀྱིས་གཞན་དུ་རྣམ་པར་གཡེང་བར་བྱེད་པ་དེ་ལས་བསྲུང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་ནི་བཀའི་འཁོར་ལོའི་དགོས་པ་གཞན་བསྟན་པ་ཡིན་ཏེ། སྒྲ་ཇི་བཞིན་པའོ། ༈ །བསྐྱེད་རིམ་པར་མ་ཟད་ད་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཡང་གདུག་པ་ཚར་བཅད་པའི་ཐབས་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུག་པའི་བསམ་པས་སྣང་ཞིང་འབར་བས་ན་འགྱུར་རྙིང་གི་རྒྱུད་ལས། ཆོས་ཀྱི་སྣང་མཛད་ཅེས་པ་མ་དག་གོ །རྣམ་པར་སྣང་མཛད་སྟེ་སྒྲུབ་པར་བྱ་བའོ། །བསྒྲུབ་བྱ་དེའི་སྐུ་མཆོག་གི་སྒྲ་དོན་མཐའ་དག་ལས་བྱུང་བའི་སྐུ་གསུམ་དམ་ཚིག་ནི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་གྱི་ཆོས་སོ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། ཞེས་བྱ་བ་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་སྟོང་པ་འོད་གསལ་དུ་ཞུགས་པ ར་གྱུར་པར་བསམས་ནས་གདན་དུ་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བའི་གཟུགས་ཟུང་འཇུག་པ་རང་གི་སྐྱེ་བ་དང་གནས་པའི་གཞི་འོད་གསལ་དུ་ཞུགས་པ ར་གྱུར་པར་བརྟག་པར་བྱའོ། །ནམ་མཁའ་ཡི་དབྱིངས་འོད་


JLD004_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་བསྒྲུབ་བྱའི་སྒོ་གསུམ་རླུང་འོད་ཟེར་རྣམ་པ་ལྔ་ཙམ་དུ་བལྟ ས་ལ་འོད་ཟེར་རྣམ་པ་ལྔ་པོ་དེས་ཡོངས་སུ་གང་ཞིང་ཁྱད་པར་རྣམ་པར་བསྒོམ་མོ། །ཟུང་འཇུག་པ་བདག་ཉིད་ཀྱིའང་རང་གི་ཡི་གེ་ནི་ངག་གོ །གནས་ནི་ལུས་སོ། །ཡེ་ཤེས་ནི་སེམས་ཏེ་གསུམ་པོ་དེ་དག་ཐུགས་ཀྱི་རྣམ་པ་སྟེ་སྒྱུ་མ་ལྟ་བུར་སྒོམ་པར་བྱའོ། །ཡང་དེའི་འོག་ཏུ་སངས་རྒྱས་རྣམས་ནི་ཞེས་བྱ་བ་སྟེ། བསྒྲུབ་བྱ་བཤད་མ་ཐག་པའི་རླུང་འོད་ཟེར་ལྔ་པ་ཙམ་དུ་བལྟས་པ་དེ་སེམས་ཙམ་དུ་གནས་པར་བསྒོམས་ལ། རང་གི་སྐུ་ཕྱག་རྒྱ་ཆེན་པོར་བསྡུ་བར་བྱ་ཞིང་གཞུག་པར་བྱའོ། །དེ་དག་ཐམས་ཅད་ནི་ཐུགས་ཀྱི་རྡོ་རྗེར་བྱས་:ཆག:བྱས་ནས་སུ་ཟེར། པའི་ཕྱིར། ཞེས་པ་ནི་སེམས་ཙམ་མོ་ཞེས་ཤེས་པར་བྱས་ལ། སྐུ་གསུམ་ལ་ཞེས་བྱ་བ་རང་གི་ལུས་དང་ངག་དང་ཡིད་ལ་དེ་དག་གཟུད་ཅིང་གཞུག་པ་འདིས་ནི་མངོན་པར་འདོད་པའི་དོན་དགྲ་བོ་བསད་པ་དང༌། བསད་པ་མི་བསྐྱོད་པའི་ཞིང་དུ་སྐྱེ་བ་སོགས་རྫོགས་པར་འགྱུར་རོ། །རྡོ་རྗེ་ནི་གཞིག་པར་དཀའ་བ་སྟེ། བསྒྲུབ་པར་བྱ་བའོ། །དེ་འཇིག་པར་བྱེད་པ་ནི་སྔགས་རིན་པོ་ཆེ་སྟེ་སྦྱོར་བ་སྟེ་རྣལ་འབྱོར་གྱི་འི་ཁྱད་པར་འོད་གསལ་དུ་གཞུག་པའོ རོ། །དེའི་རབ་ཏུ་སྣང་བར་བྱེད་པ་ནི་གསལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དགོངས་པས་བཤད་པའོ། །འདི་ཟུང་འཇུག་པས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་བསད་པའི་བསམ་པས་


JLD004_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་འོད་གསལ་དུ་གཞུག་པ་སོགས་བྱས་པས་མངོན་སྤྱོད་བྱ་དགོས་པའི་ཡུལ་རྣམས་ཚར་གཅོད་པར་ནུས་པའོ། ༈ །སྣོད་མནན་པ་ལ་གཉིས་ལ། བསྐྱེད་རིམ་པས་རེངས་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། རྣམ་པའི་མཆོག་ཅེས་བྱ་བ་ལ་སོགས་པ་རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། ཞེས་གསུངས་ཏེ། དེ་ལ་དང་པོར་བདག་ཉིད་བདག་པོ་རྡོ་རྗེ་འཆང་གི་འི་རང་བཞིན་དུ་བསྐྱེད་པའི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་བྱས་ལ་ལས་རྒྱལ་མཆོག་གི་དུས་སུ་སྣོད་ཆུས་བཀང་བ་མདུན་དུ་བཞག །རང་ཉིད་ཆུའི་སྟེང་གི། ནམ་མཁའི་དབུས་སུ་འདུག་པར་མོས་སྟེ། སངས་རྒྱས་ཞེས་པ་ཆུའི་ནམ་མཁ འི་ཁམས་འ་དང་ཆུའི་རླུང་གི་རྡུལ་དང་ཆུའི་མེ འི་རྡུལ་དང་ཆུ་ཉིད་ཀྱི་རྡུལ་དང་ཆུའི་སའི་རྡུལ་གྱི་ངོ་བོ་ཉིད་རྣམས་རིམ་པ་བཞིན་དུ་ཧཱུཾ་ལས་མི་བསྐྱོད་པ་དང་ལ་སོགས་པ ས་ཡྃ་ལས་དོན་གྲུབ་ཀྱི་རང་བཞིན་རླུང་གི་དཀྱིལ་འཁོར་སྔོན་པོ་དང༌། དེའི་སྟེང་དུ་རྃ་ལས་འོད་དཔག་མེད་ཀྱི་རང་བཞིན་མེ་དཀྱིལ་དམར་པོ་དང༌། དེའི་སྟེང་དུ་བྃ་ལས་རིན་འབྱུང་གི་རང་བཞིན་ཆུ་དཀྱིལ་དཀར་པོ་དང༌། དེའི་སྟེང་དུ་ལྃ་ལས་རྣམ་སྣང་གི་རང་བཞིན་སའི་དཀྱིལ་འཁོར་སེར་པོ་རྣམས་གོང་ནས་གོང་དུ་གོ་རིམས་བཞིན་བཀོད་ནས་སྲ་ཞིང་མཁྲེགས་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་ནམ་ཞིག་ན་ཆུ་དེ་རྐང་ལག་གིས་མནན་བཟོད་པ་བྱུང་བ་ན། རྒྱ་མཚོ་ལ་སོགས་པའི་ཆུ་ཡི་སྟེང་དུ་བཅག་པར་བྱ ས་ཀྱང་མི་འབྱིང་བ་སྟེ་སྒྲ་ཇི་བཞིན་


JLD004_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ༈ །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའི་སྣོད་གནོན་པ་བསྟན་པར་བྱ་བའི་ཕྱིར། རྐང་པ་མཉམ་གཞག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་མཉམ་གཞག་སྦྱོར་བ་ཡིས། ཞེས་བྱ་བ་ནི། བདེན་པ་གཉིས་ཀྱི་རྐང་པ་གཉིས་མཉམ་པར་བཞག་པའི་སྦྱོར་བ་སྟེ། ཟུང་འཇུག་གི་སྐུ་གཅིག་ཏུ་བྱས་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་དེས་སྤྱི་བོ་ཞེས་བྱ་བ་ཆུའི་སྟེང་དུ་རྐང་པ་བསྒོམ་པ་ཞེས་བྱ་སྟེ། བཅག་པར་བྱའོ་ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་ཞེས་བྱ་བ་དྲུག་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ནི་བསྐྱེད་རྫོགས་པའི་རྣལ་འབྱོར་པ་རྣམ་པ་གཉིས་སོ། །གཉིས་པོ་དེ་རྣམས་ཀྱིས་རྒྱ་མཚོ་ལ་སོགས་པར་རྐང་པས་གནོན་པ་ཞེས་བྱ་བ་འཆག་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ། དགོངས་པས་བཤད་པའོ། ༈ །བཅུད་གནོན་པ་ལ་ངག་གནོན་པ་ནི་དབང་ཆེན་ཞེས་བྱ་བ་ལ་སོགས་པ་ལ་ནང་ལ་གཞོལ་བས་རང་གི་ལྷའམ་རྡོ་རྗེ་འཆང་གི་སྒོ་ནས། ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱས་ལ། ལས་རྒྱལ་མཆོག་གི་དུས་སུ་དབུས་སུ་སྟེ་བསྒྲུབ་པར་བྱ་བའི་མུ་སྟེགས་དང་གཞན་ཕས་ཀྱི་རྒོལ་བ་རྩོད་པ་བྱེད་པའི་ཁའི་བུ་གར་དབང་ཆེན་གྱི་དཀྱིལ་འཁོར་ཞེས་བྱ་བ་ལྃ་ལས་བྱུང་བའི་མདོག་སེར་པོ་རྡོ་རྗེ་གཉིས་ཀྱིས་མཚན་པ་བསམས་ལ། དེའི་སྟེང་དུ་ཁྲོ་བོ་སྟེ་ཡི་གེ་ཧཱུཾ་རིང་པོ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་མེ་འབར་བ་བཞག་པས་


JLD004_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ཞིང་ཁ་བཀབ་པར་བསམ་མོ་ལ་། སྤྱི་བོར་ཞེས་བྱ་བ་བསྒྲུབ་པར་བྱ་བའི་མགོ་ལ་ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེའོ། །དེ་ཉིད་:པ་ཚབ:དེ་ཡི་སྤྱི་བོར་ལས་ཀྱི་ནི། །རྡོ་རྗེ་གནས་མནན་བསྒོམ་པར་བྱ། ཞེས་དང༌། དེ་ཉིད་ནི་གནས་ཏེ་དེ་མནན་པས་ཏེ། དེར་གནས་པའི་བདུད་རྩི་འཁྱིལ་བ་ཞེས་པ་བདེའོ། །ནི་རྐང་པ་སྟེ་དེས་གནོན་པ་ནི་དེར་གནས་པའི་བདུད་རྩི་ཐབ་སྦྱོར་ནི་སེར་པོ་རི་རབ་ལྟར་ལྕི་བ་གཡོན་བརྐྱང་གིས་སྣ་ཚོགས་རྡོ་རྗེ་གནོན་པ་བསྒོམ་པར་བྱ་བའོ། །མུ་སྟེགས་ཅན་ཐམས་ཅད་ནི་གཅེར་བུ་པ་ལ་སོགས་པའོ། །ཕས་ཀྱི་རྒོལ་བ་ནི་སྔ་མ་ལས་གཞན་པའི་ཕྱིར་རྒོལ་བ་ལས་དེ་བྱ་བར་འོས་པ། །དེ་རྣམས་ཀྱི་འཁྲུལ་འཁོར་ནི་ལུས་ལ་སོགས་པ་སྟེ་དེ་གནོན་པའོ། །ཏིང་ངེ་འཛིན་དེ་གང་དུ་འབྱུང་བ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །གཞན་གྱི་དཔུང་གནོན་པ་སྟོན་པ་ནི་རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་དང་པོ་སྦྱོར་བ་བྱས་ལ། རྡོ་རྗེ་འཆང་དེའི་གཟུགས་ཡོངས་སུ་བསྒྱུར་ནས་གཙུག་ཏོར་སོགས་ཀྱི་ཁྲོ་བོ་གཞན་གང་ཡང་རུང་བའི་གཟུགས་བཟུང་སྟེ། རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་རང་གི་འཁོར་དང་བཅས་པའི་ལྷ་སོ་གཉིས་བསྐྱེད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་གི་དུས་སུ་གེ་སར་སེར་པོའི་མདོག་འདྲ་བ་སྟེ་པདྨའི་གེ་སར་གྱི་རྡུལ་ལྟར་སེར་པོའི་མདོག་འདྲ་བ་དང་ལྷ་ཐམས་ཅད་ཀྱང་རིའི་རྒྱལ་པོ་ལྟ་བུ་སྟེ་ཚད་རི་རབ་


JLD004_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བ་སྤྲོས་ཏེ་གླང་པོ་ཆེ་དང་རྟ་དང་ཤིང་རྟའི་བཞོན་པ་ཅན་དང་དཔུང་བུ་ཆུང་རྐང་ཐང་སྟེ་ཡན་ལག་བཞིའི་དཔུང་གི་སྟེང་དུ་བསམས་ནས། ཡན་ལག་བཞིའི་སྤྱི་བོར་ས་དཀྱིལ་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཁྲོ་བོ་དེ་རྣམས་ཀྱིས་གཡོན་བརྐྱང་གིས་གནོན་པར་རབ་ཏུ་བསྒོམས་ལ་དགྲའི་དཔུང་ས་འོག་ཏུ་སོང་བར་བསམ་མོ། །སངས་རྒྱས་ནི་རེངས་པར་བྱ་བ འི་ལས་སྦྱོར་ལ་མཁས་པ་སྟེ། དེ་རྣམས་ཀྱི་དཔུང་ཡང་གནོན་པར་བྱེད་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ལ་ཐེ་ཚོམ་མི་བྱའོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་དྲུག་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དཔུང་ཐམས་ཅད་ནི་སངས་རྒྱས་ཀྱི་ཞེས་པ་སྔར་ལྟར་རོ། །དཔུང་ཐམས་ཅད་ཏེ་དེ་གནོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །དགྲ་བོ་སྐྲག་པ་ཞེས་བྱ་བ་ལ་སོགས་པ་ལ། དགྲ་བོ་སྟེ་དམ་པའི་ཆོས་སྤོང་བར་བྱེད་པ་སྐྲག་པའི་དམ་ཚིག་སྟེ། དགྲ་བོའི་དཔུང་གིས་རང་ལ་འཇིགས་པ་བསྐྱེད་པ ར་བྱེད་པའི་དུས་སུ་འོག་ནས་བཤད་པའི་བསམ་གཏན་འདི་རབ་ཏུ་བརྟག་པར་བྱའོ། །:ཆག:སངས་རྒྱས་ཀྱིས་ཀྱང་སྟེ། ལས་དང་པོ་པ་རྣམས་ཀྱིས་ཀྱང་གལ་ཏེ་སྦྱོར་བ་འདི་བགྲོད་ཅིང་བསླབས་ན། གསལ་བར་འགྱུར་བར་འཇིག་རྟེན་དུ་སྣང་བར་


JLD004_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེས་པ་འདི་བདེའོ། །སངས་རྒྱས་ཏེ་ལས་དང་པོ་པ་རྣམས་ཀྱིས་ཀྱང་གལ་ཏེ་སྦྱོར་བ་འདི་ལས་འདས་ཤིང་བཟླས་ན་འགས་པར་འགྱུར་བ་སྟེ་འཇིག་རྟེན་དུ་སྣང་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །གསུངས་སོ་ཞེས་བྱ་བ་ནི་སྦྱོར་བ་ཡང་དག་པར་བསྟན་པའོ། །འདི་ལ་མི་བསྐྱོད་པའི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། ལས་སྦྱོར་གྱིས་དུས་སུ་ཧཱུྃ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཁ་གྱེས་པ་བྱུང་བར་གྱུར་པའོ། །ཚད་དུ་སྟེ་ཞེས་པ་ནི་དབྱིབས་ཏེ་དེའང་རྡོ་རྗེ་རྩེ་ལྔ་པ་ལ་འོག་སྟེ་ལྟེ་བ་མན་ཆད་ཕུར་བུའི་དབྱིབས་སུ་བྱས་པ། དེ་ནས་སྟེང་དུ་མིག་ལ་སོགས་པའི་ཡན་ལག་དང་ལྡན་པས་ཏེ་ལྟེ་བ་མན་ཆད་རྩེ་གཅིག་པའི་རྣམ་པ་ཅན་ལ་སྟོད་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་སྒྲུབ་པ་པོས་བསྒོམས་ལ། སྙིང་ཁ་སྟེ་བསྒྲུབ་པར་བྱ་བའི་སྙིང་ཁར་ཕུར་བུ་དེས་བཏབ་ཅིང་བཅད་ཅིང་གཏུབ་པར་བརྟག་ཅིང་བསྒོམ་པར་བྱའོ། །སངས་རྒྱས་:པ་ཚབ:སངས་རྒྱས་ནི་རྒྱུད་དང་སྔགས་ཀྱི་ལས་ལ་མཁས་པའོ། །ཞེས་ཟེར་རོ། །ནི་རྒྱུད་དང་སྔགས་ཀྱི་རིགས་སོ། །དེ་རྣམས་ཀྱི་དཔུང་ནི་ཚོགས་སོ། །ཁྲོས་པ་ནི་ཕྱིར་ཏེ་ཚུར་རང་ལ་རྒོལ་བར་གྱུར་པའོ། །འཇིགས་པར་འགྱུར་བ་ནི་འདུལ་བར་འགྱུར་བར་འདིར་གདོན་མི་ཟའོ། །དགྲ་ནི་དགྲ་བོ་རྣམས་ཏེ་དེ་རྨོངས་པ་ནི་མཐོ་རིས་ཐོབ་འདོད་སོགས་ཀྱི་དགེ་བའི་བསམ་པས་ཀྱང་ཡིད་དང་མི་མཐུན་པ་ཕྱུགས་ཀྱི་མཆོད་སྦྱིན་སོགས་ལ་འཇུག་པའོ། །དེ་ལ་གནོད་པར་བྱེད་པ་ནི་སྲོག་འཇིག་པར་བྱེད་པ་སྟེ་ཏིང་ངེ་འཛིན་


JLD004_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །བདུད་དང་ལ་སོགས་པ ས་མ་མོ་སོགས་ཀྱིས་བཏང་བ འི་རྣམ་པར་འཚེ་བ་རྣམས་ཞི་བའི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། གྲོང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོང་ནི་རྒྱལ་པོའི་ཕོ་བྲང་ངོ༌། །གྲོང་ཁྱེར་ནི་སྐྱེ་བོ་རྣམས་གནས་པའི་ཕྱོགས་གཅིག་གོ །ལྗོངས་ཞེས་བྱ་བ་ཡང་སྐྱེ་བོ་མང་པོ་གནས་པ་ལ་བྱ་བ་སྟེ། དེར་འོག་ནས་བཤད་པའི་སྦྱོར་བ་བྱ་བའོ། །དེ་ཡང་རྣམ་སྣང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ལ། ལས་རྒྱལ་མཆོག་གི་སྐབས་སུ་ནད་ཀུན་སྤོང་བ་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བའི་ནུས་པ་བསྟན་པ་ཡིན་ཏེ། དེ་ལ་དང་པོར་སྒྲུབ་པ་པོས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དམིགས་པ་སྟེ་བསྐྱེད་ནས་ནད་པ་རྣམས་གནས་པའི་གྲོང་གི་སྟེང་བར་སྣང་གི་ཕྱོགས་སུ་ༀ་ལས་བྱུང་བའི་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཤིང་ཏ་ལའི་ཚད་ཙམ་གྱི་རྡོ་རྗེ་ཆེན་པོ་རྩེ་མོ་ལྔ་པ་འོད་ཟེར་ལྔ་དང་ལྡན་པ་བསྒོམས་ལ། དེ་ལས་བྱུང་བའི་འོད་ཟེར་ཚོགས་སྲེག་པའི་སྐལ་པ་ལྟ་བུ་སྟེ། དུས་མཐའི་མེ་བཞིན་དུ་གནས་པ་དེས་སེམས་ཅན་ནད་པ་རྣམས་ཀྱི་སྡིག་པ་ཐམས་ཅད་སྲེག་པར་བསམས་ལ། དེའི་འོག་ཏུ་སླར་ཡང་རྡོ་རྗེ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེ་དེར་རབ་ཏུ་བསྡུ་བར་བྱ་སྟེ་སེམས་ཅན་རྣམས་རྡོ་རྗེའི་ལྟེ་བའི་ནང་དུ་གཞུག་པར་བྱའོ། །སྤྲོ་བ་ཞེས་པ་ནི་རྡོ་རྗེ་དེ་ལས་བཅུག་པའི་སེམས་ཅན་ཕྱིར་འབྱིན་པ་དག་ཀྱང་བྱ་ཞིང་


JLD004_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླང་ངོ༌། །འབྱིན་པ་ཇི་ལྟར་བྱ་ཞེ་ན། ནོར་བུ་རིན་ཆེན་ཞེས་པ་པདྨ་རཱ་ག་ལ་སོགས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ཡིད་ལ་རེ་བ་སྐོང་བའོ། །འོད་ནི་ཚོན་ཤེལ་གྱི་ནོར་བུ་ལྟར་དྭངས་པའི་ལུས་ཀྱི་ཁ་དོག་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་འོད་དེ་རྣམས་ཀྱིས་ཉེ་བར་མཚན་པའི་ཆོས་ཀྱི་སྤྲིན་ཞེས་བྱ་བ་བཤད་མ་ཐག་པའི་འོད་ཟེར་གྱིས་སྡིག་པ་སྲེག་པའི་རིམ་པས་སྦྱངས་པའི་སེམས་ཅན་གྱི་ཚོགས་ནོར་བུ་ལྟར་ཤིན་ཏུ་དྭངས་ཤིང་འོད་དང་ལྡན་པ་རྡོ་རྗེ་ལས་ཕྱིར་ཕྱུང་བ་བསྒོམ་ཞིང་སྟེ་རང་རང་གི་གནས་སུ་ཟླ་བ་ལ་དགོད་དོ། །དེ་ལྟར་བཀོད་ནས་ཀྱང་དེའི་འོག་ཏུ་འཆད་འགྱུར་གྱི་རིམ་པ་འདིས་དབང་བསྐུར་བ་ནི་ཡང་དག་པར་བྱ་བ་སྟེ། ནམ་མཁའི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་ཚོགས་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པར་བསྒོམས་ལ། དེ་ལྟར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འབབ་པས་སེམས་ཅན་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བར་བྱའོ་སྟེ་ནད་ལ་སོགས་པའི་ཕྱི་ནང་གི་དྲི་མ་རྣམས་སྦྱངས་པར་བསམ་མོ། །ཞེས་བྱ་བ་ནི་འཕགས་པའི་མན་ངག་གོ ། ༈ དེ་ལྟར་བྱས་པའི་ཕན་ཡོན་སྟོན་པ་ནི་རྡོ་རྗེ་བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི་དོན་དུ་བསྟན་པའི་རྡོ་རྗེའི་བསམ་གཏན་བཤད་མ་ཐག་པ་འདི་ཡིས་ནི་དགང་དཀའ་བ་སྟེ།


JLD004_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ཉམས་སྟོབས་ཟད་པ་རྣམས་ཀྱང་རབ་ཏུ་འགེངས་ཤིང་ཡན་ལག་རྒྱས་པར་འགྱུར་རོ། །དེ་ལྟ་བུའི་བསམ་གཏན་གྱིས་སྟོབས་ཀྱིས་ལུས་རྒྱས་པ་བསྒྲུབ་བྱ་ལ་སྦྱིན་པའི་རྡོ་རྗེ་ཞེས་པ་སྟེ། དེ་འདྲ་བའི་སྦྱིན་པ་ཕུལ་དུ་བྱུང་བ་དེ་རབ་ཏུ་བསྒོམ་ཞིང་གསལ་བར་བྱེད་པས་ན་སྦྱིན་པའི་རྡོ་རྗེ་སྒོམ་བྱེད་པའོ། །དེ་ལྟར་སྒོམ་པར་བྱེད་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་དཔལ་ནི་ཕུན་སུམ་ཚོགས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ཏེ་དེར་ཏེ་དེ་དང་འདྲ་བར་འགྱུར་བའོ། །ས་ཕྱོགས་དེ་བྱིན་གྱིས་བརླབས་པ་ནི་དེར་ཞེས་བྱ་བ་ནི་སེམས་ཅན་གྱི་རྟེན་དུ་གྱུར་པའི་ས་དེར་སངས་རྒྱས་རྣམ་པར་སྣང་མཛད་དང་ཆོས་ཆེན་འོད་དཔག་ཏུ་མེད་པ་དང་རྡོར་སེམས་མི་བསྐྱོད་པའི་ཚོགས་ཀྱིས་ལེགས་པར་བྱིན་གྱིས་བརླབས་པར་སྤྲོ་བར་ཏེ་བསམ་ཞིང་བསྒོམ་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་སུ་ཡང་གྲོང་ཁྱེར་ལ་སོགས་པའི་གནས་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ཅིང་ཡོངས་སུ་སྐྱོང་བར་མཛད་པ་སྟེ། བཤད་མ་ཐག་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་སྐྱོན་མེད་པ་སྟེ། མི་སླུ་བའི་སྐུའི་གསང་བ་ལུས་བསྲུང་བར་བྱེད་པའོ། །ནད་ཐམས་ཅད་ནི་རིམས་ལ་སོགས་པའོ། །དེ་རྣམས་མེད་པར་བྱེད་པ་ནི་རབ་ཏུ་ཞི་བའོ། །དེའི་འོག་ཏུ་རྡོ་རྗེ་


JLD004_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ལུས་འབྱུང་བ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི། ལས་དང་པོ་པ་བསྐྱེད་རིམ་པའི་དགེ་བའི་བྱ་བ་སྒྲུབ་ཐབས་དངོས་གཞི་འི་ཡན་ལག་ཏུ་གྱུར་པའི་བསྲུང་བའི་འཁོར་ལོའི་ཆོ་ག་གསུངས་པ་ཡིན་ཏེ། བསམ་གཏན་ལས་བྱུང་བའི་གདུག་པའི་ཕུར་བུས་ཞེས་པ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་ཕུར་བུས་སོ། །དམ་བཅས་པས་ཏེ། ཕུར་བུས་འདེབས་པ་དེ་ཐུན་བཞིར་ཉམས་སུ་བླངས་པས་སོ། །གནས་གང་དུ་ནི་ཞེས་པ་ནི་ཡིད་དང་རྗེས་སུ་མཐུན་པའི་གནས་གང་ཡང་རུང་བར་གནས་ལ་འོག་ནས་བཤད་པའི་ཕུར་གདབ་འདི་བརྩམ་པར་བྱའོ། །བསམ་གཏན་ནི་ཞེ་སྡང་རྡོ་རྗེས་གཙོ་བོ་བྱས་པའི་ཁྲོ་བཅུ་སྒོམ་པའི་བསྲུང་བའི་ཆོ་གའོ། །དེ་སྔོན་དུ་འགྲོ་བའི་སྦྱོར་བ་ནི་ཏིང་ངེ་འཛིན་གསུམ་ཏེ་བསམ་གཏན་གྱི་སྦྱོར་བ་དེས་གནས་ན་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་སྟེ་རྣལ་འབྱོར་ལ་སློབ་པ་ན་སངས་རྒྱས་ཏེ། རང་གི་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་སྟེ་ལྷ་དང་ནུས་པ་གཅིག་ཏུ་སྟེ་མཚུངས་པར་འགྱུར་རོ། །བསམ་གཏན་གྱི་ཕུར་བུ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། ཞེས་བྱ་བ་ནི། བདུད་རྩི་ཐབ་སྦྱོར་ཏེ་དེ་རྡོ་རྗེ་ཕུར་བུ་སྟེ་ལྟེ་བ་ཡན་ཆད་ཁྲོ་བོའི་གཟུགས་


JLD004_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ལྟེ་བ་མན་ཆད་རྩེ་གཅིག་པའི་གཟུགས་སུ་རབ་ཏུ་བསྒོམས་ལ་མེ་སྟག་རབ་ཏུ་འབར་བ་འདྲ་བའི་ཕུར་བུ ས་ཕྱོགས་བཅུ་སྟེ་ཤར་ལ་སོགས་པའོ། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་མཆོག་ནི་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་སྟེ། དེ་དང་བཅས་པར་བགེགས་གཞན་རྣམས་ཀྱི་ཡང་མགོ་ལ་ཕུར་བུ་གདབ་པར་བྱ་ཞིང་ནུབ་པར་བྱའོ། །འགྲོ་བ་ནི་སྒྲུབ་པ་པོ་ལ་སོགས་པའོ། །དེ་ལོག་པར་བསྒྱུར་ཞིང་སེམས་བསྒྱུར་བ་ལ་སོགས་པས་ཁྲིད་ཅིང་འདྲེན་པར་བྱེད་པས་ན་འགྲོ་བ་འདུལ་བ་སྟེ་བགེགས་རྣམས་སོ། །དེ་རྣམས་ཞི་བ་ནི་ངེས་པར་བཟློག་པ་སྟེ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །སྔར་བཤད་པའི་ཞི་བའི་ལས་རྒྱས་པར་འཆད་པ་ནི་ཞི་བའི་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ཀྱི་དབུས་ཏེ་ཆོས་འབྱུང་གྲུ་གསུམ་པ་ལ་གནས་པའི་གཞལ་ཡས་ཁང་ནས། ཟླ་བ་ལས་བྱང་ཆུབ་པའི་བར་འདྲ་བ་ལ་ཟླ་བའི་སྟེང་དུ་ཞི་བའི་དཀྱིལ་འཁོར་དམ་པ་སྟེ། ཆུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསམ་ཞིང་བསྒོམ་པར་བྱའོ། །དེར་ཡི་གེ་ༀ་དང་དེ་ལས་བྱུང་བའི་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཇི་ལྟ་བ་བཞིན་དུ་བདག་ཉིད་བསམས་ལ་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་བྱས་ཏེ། ལས་རྒྱལ་མཆོག་གི་ཚེ་རང་རྣམ་སྣང་དུ་བསྒོམས་པ་དེའི་ཐུགས་ཀར་བཀོད་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་


JLD004_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གདན་གྱི་སྟེང་གི་འཁོར་ལོ་ལ་འདོད་པ་སྟེ་བསྒྲུབ་པར་བྱ་བའི་གང་ཟག་འོད་ཟེར་གྱིས་དྲངས་ཏེ། རང་གི་སྣ་བུག་གཡོན་པ་ནས་ཞུགས་པ་བཞག་ཅིང་དགོད་པར་བྱའོ། །དེའི་འོག་ཏུ་ནམ་མཁའི་དབྱིངས་ཏེ་ནམ་མཁའི་ཁོངས་སུ་གཏོགས་པ།:པ་ཚབ:གང་དག་ལ་སྤྱན་ལ་སོགས་པ་མཆོག་ཏུ་གྱུར་པ་མངའ་བ་དེ་དག་ནི། སྤྱན་ལ་སོགས་པ་མཆོག་ཅན་རྣམས་ཏེ་རྣམ་པར་སྣང་མཛད་ཀྱི་ཚོགས་རྣམས་སོ། །སྤྱན་ལ་སོགས་པའི་མཆོག་ཅན་བདེ་བ་ཆེན་པོ་ལ་སྙོམས་པར་ཞུགས་པ་ཞེས་ཟེར་བ་ལྟར་བདེའོ། །སྤྱན་ལ་སོགས་པ་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་དག་ནི། སྤྱན་ལ་སོགས་པའི་མཆོག་རྣམས་ཏེ་རྣམ་པར་སྣང་མཛད་ཀྱི་ཚོགས་སོ། །དེ་ཡང་སྤྱན་ལ་སོགས་པ་མཆོག་དེ་རྣམས་བདེ་བ་ཆེན་པོ་ལ་སྙོམས་པར་ཞུགས་ནས། ནམ་མཁའི་ཁམས་ཡོངས་སུ་གང་ཞིང་ཁྱད་པར་རྣམ་པར་བསྒོམས་ལ། སྙོམས་པར་འཇུག་པས་སྤྱན་ལ་སོགས་པ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་དག་ཐམས་ཅད་བསྡུས་ཤིང་གཅིག་ཏུ་བྱས་ལ་འོད་ཀྱི་གོང་བུ འི་རྣམ་པ ས་དེའི་བདུད་རྩིའི་ཚོགས་རང་གི་སྤྱི་བོ་ནས་ཞུགས་པ་དེས་ནད་པའི་སྤྱི་བོར་ཕབ་ནས་སྡིག་པ་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་རང་གི་སྙིང་ག་ནས་ནད་པ་དེ་སྣ་བུག་གཡས་པའི་སྒོ་ནས་ཕྱུང་ལ། སྡིག་པ་དང་བྲལ་བ་མདུན་དུ་ༀ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་བཞག་གོ །དེ་ནས་ག་བ་སྤུ་རྣམས་ཀྱི་བུ་གནས་ཏེ།ཁབརྟུལ་ཞུགས་ཅན་


JLD004_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲུབ་པ་པོས་ངརང་གི་རྡོ་རྗེ་བུ་ག་ནས་ཀསངས་རྒྱས་ཀྱི་སྤྲིན་དུ་མ་སྔར་སྤྱན་དྲངས་པ་རྣམས་གྱི་འོད་ཟེར་གྱི་གཟུགས་ཀྱིས་རང་གི་སྤྱི་བོའི་བུ་གར་ཞུགས་པ་རྣམས།ཅཡུམ་གྱི་པདྨར་སྤྲོ་ཞིང་དེ་ནས་ཕྱིར་དབྱུང་བར་བྱའོ་ངོ༌་། །འོད་ཟེར་གྱི་གཟུགས་དེ་རྣམས་ཕྱིར་འབྱིན་པའི་ཚེ། ཇི་ལྟར་བྱ་ཞེ་ན། འོད་ཟེར་གྱི་གཟུགས་དེ་རྣམས་རྣམ་སྣང་ཡབ་ཡུམ་དཔག་ཏུ་མེད་པར་གྱུར་ཏེ། རྣམ་པར་སྣང་མཛད་ཡབ་ཡུམ་ཀྱི་ཚོགས་ཀྱིས་ཡང་ནམ་མཁའི་ཁམས་ཁེབས་ཤིང་གཡོགས་པར་བསམས་ནས་བརྟུལ་ཞུགས་ཅན་གྱིས་དེའི་ཚེ་དེའི་དུས་སུ་རང་རྣམ་སྣང་དུ་བསྒོམས་པ་དེའི་མདུན་ན་འདུག་པ་དེ་ལ་སྔ་མ་བཞིན་དུ་དབང་བསྐུར་ཏེ། སྐུར་ཚུལ་ནི་སངས་རྒྱས་ཀྱི་སྟེ་རྣམ་སྣང་གི་སྤྲིན་རང་གི་ཕྱག་རྒྱ་སྤྱན་མ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་དབང་བསྐུར་བ་སྩོལ་བར་མཛད་དོ། ༈ །བསམ་གཏན་གྱི་ཁྱད་པར་འདི་ཡིས་ནི་དམ་ཚིག་ཅེས་བྱ་བ། མི་:པ་ཚབ:བདེ་བ་སྟེ་དགེ་ལེགས་ལས་འདས་པ་སྟེ། རྒལ་བར་གྱུར་པ་ནི་བདེ་འདས་ཏེ། སྡུག་བསྔལ་གྱི་ཚོགས་སོ། ཞེས་འབྱུང་བ་ལྟར་རོ། །དགེ་བ་དེ་ལས་འདས་པར་གྱུར་པས་སྡུག་བསྔལ་གྱི་ཚོགས་རྣམས་ཀྱིས་རྡོ་རྗེ་ལྟར་མི་ཕྱེད་ཅིང་གཞིག་པར་དཀའ་བ་དང་ལྡན་པ ས་ན་རྡོ་རྗེ་དམ་ཚིག་སྟེ་ནད་པའོ། །དེའི་རྒྱུས་ན་ནད་པ་དེ་སྐད་ཅིག་གིས་ཏེ་རིང་པོར་མི་ཐོགས་པར་དཔའ་ལྡན་ཏེ། དགེ་:ཆག:ཡན་


JLD004_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདེ་བ་དང་ལུས་རྒྱས་པར་འགྱུར་ཞིང་འབྱུང་ངོ་ཞེས་ཟེར་རོ། །བའི་ཡན་ལག་ཏུ་གྱུར་པས་ལུས་རྒྱས་པར་འགྱུར་བའོ། །སངས་རྒྱས་ཀྱི་དམ་ཚིག་གི་སྤྲིན་ནི་རྣམ་པར་སྣང་མཛད་དང་སྤྱན་གྱི་ཚོགས་སོ། །དེ་རྣམས་ཀྱི་བཀོད་པ་ནི་སྙོམས་པར་འཇུག་པའོ། །ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །ཟླ་འགྱུར་རྙིང་གི་རྒྱུད་ལས། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ཞེས་འབྱུང་ཡང༌། རྣམ་སྣང་གི་སྐབས་སུ་ནམ་མཁའི་དབྱིངས་ཞེས་བཤད་པ་བཞིན་དུ། འདིར་ཡང་འགྱུར་གསར་གཉིས་ལས་འབྱུང་བ་ལྟར་བྱའོ། །བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་རིན་འབྱུང་དང་འོད་དཔག་མེད་ཀྱི་ཏིང་ངེ་འཛིན་གཉིས་པོ་:ཆག:སྤེལ་བའི་ཚིག་གིས་སྟོན་ཏེ་ཞེས་འབྱུང་བ་ནི་དབང་ཆེན་ཞེས་པ་ནས་དབབ་པར་བྱ་ཞེས་པའི་བར་ལ། དེ་གཉིས་གཅིག་གི་ཁྱད་པར་སྟོན་པ་ན་ཅིག་ཤོས་ཀྱི་ཁྱད་པར་མི་སྟོན་པར་སྤེལ་ནས་གསུངས་པའོ། །ཚིག་གཅིག་གིས་ཅུང་ཟད་ཅིག་སྟོན་པ་ཡིན་ཏེ། ཆོས་འབྱུང་བའི་ནང་དུ་གནས་པའི་དབང་ཆེན་གྱི་དཀྱིལ་འཁོར་བསམས་ཏེ། ཞེས་པ་ནི་ཡེ་ཤེས་ཀྱི་སའི་དབུས་སུ་ཆོས་འབྱུང་བསྐྱེད་པ་ནས་ཟླ་བ་ལས་བྱང་ཆུབ་པའི་བར་འདྲ་བར་བྱས་པའི་ཟླ་བའི་སྟེང་དུ། དབང་ཆེན་སའི་དཀྱིལ་འཁོར་དམ་པ་བསམ། དེའི་སྟེང་དུ་ས་བོན་སྭ་དང་ཕྱག་མཚན་རིན་པོ་ཆེ་དང་སྐུ་རྫོགས་པ་རིན་ཆེན་འབྱུང་ལྡན་དུ་བསྐྱེད་པར་བྱ་བའོ། །ཆོས་འཛིན་པ་ཡི་གཟུགས་བསམ་མོ། ཞེས་བྱ་བ་ལ། འོག་དཔག་ཏུ་མེད་པ་བསྐྱེད་པ་ལ་ནི་ཟླ་བ་ཡན་ཆད་


JLD004_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དང་འདྲ་བ་ལ་ཁྱད་པར་ནི་ཟླ་བའི་སྟེང་དུ་མེའི་དཀྱིལ་འཁོར་བསམ་ཞིང༌། དེའི་སྟེང་དུ་ཨཱཿ དང་པདྨ་དང་སྐུ་རྫོགས་པ་བསམ་པའི་ཏིང་ངེ་འཛིན་གཉིས་པར་བྱའོ། །དེ་ནས་ལས་རྒྱལ་མཆོག་གི་དུས་སུ་སྙིང་ཁར་ཞེས་བྱ་བ་རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པའི་ཐུགས་ཀར་འདོད་པ་སྟེ་ཅི་རིགས་པ་སྟེ་རྒྱས་པར་བྱ་བ་དང༌། དབང་དུ་བྱ་བ འི་བསྒྲུབ་པར་བྱ་བ་གཉིས་གཞག་པར་བྱ་བ་ནི་སྔར་སྐབས་གཉིས་སུ་བཤད་པ་བཞིན་བྱ། །དེ་ནས་ནམ་མཁའི་དབྱིངས་ནི་ཉམས་དགའ་བར། །རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་བཀུག་པའི་གོས་དཀར་མོ་ཞེས་བྱ་བ་དང་འོད་དཔག་མེད་ཡབ་ཡུམ་གྱི ས་རབ་ཏུ་དགང་བར་བྱའོ། ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་ལྟོས་པའི་ཚིག་སྟེ་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་ནི། མཱ་མ་ཀཱིའི་ཚོགས་འོད་ཟེར་སེར་པོ་ཅན་ཡབ་ཡུམ་གྱིས་དགང་བར་བྱ འོ་ཞེས་ཚིག་སྔ་མའི་འགྲོས་ལས་དཔག་པར་བྱའོ། །དེ་ནས་ཡབ་ཡུམ་ཟུང་གཉིས་པོ་དེ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཁ་དོག་སྟོན་པ་ལ་སྣང་མཐའ་ལ་ནི་ཡིད་བཞིན་ནོར་བུ་ནི་པདྨ་རཱ་ག འི་ཁ་དོག་ལྟར་དམར་པོ། །རིན་ཆེན་འབྱུང་ལྡན་ལ་རིན་ཆེན་ནི་སེར་ཏེ་དེའི་ཁ་དོག་ལྟར་སེར་པོའོ་རོ་། །དེ་གཉིས་ཀྱི་འོད་ནི་ཡིད་བཞིན་ནོར་བུ་རིན་ཆེན་འོད་སྟེ། དེ་རྣམས་ཀྱི་འོད་ཀྱི་གོང་བུ་དང་ནི་འོད་ཀྱི་སྙིང་པོར་གྱུར་པས་ཚན་པ་གཉིས་སུ་བསྡུ་ཞིང་སོ་སོའི་མང་པོ་རྣམས་གཅིག་ཏུ་བྱའོ། །དེ་ལྟར་བྱང་ཆུབ་


JLD004_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་སེར་པོ་དང་དམར་པོ་གཉིས་པོ་འདི་དག་ཏུ་བསྡུས་ནས་འདོད་པ་སྟེ། རང་གི་སྤྱི་བོ་ནས་ཞུགས་ནས་སྙིང་གར་བཞག་པའི་བསྒྲུབ་པར་བྱ་བའི་ལུས་དང་ངག་དང་སེམས་ཀྱི་གནས་ལ་སྟེ་ལུས་གཉིས་ལ་སེར་པོ་དང་དམར་པོ་དེ་སོ་སོར་དབབ་པར་བྱའོ་སྟེ་། དེ་ནས་སྔ་མ་རྣམ་སྣང་གི་སྐབས་སུ་བསྟན་པ་བཞིན་དུ་སྙིང་ག་ནས་བཏོན་ཏེ་མདུན་དུ་རིན་པོ་ཆེ་དང་པདྨའི་གདན་ལ་འཇོག་པ་དང༌། རང་ལ་ཕབ་བའི་བདུད་རྩིའི་རྒྱུན་རིམ་གྱིས་རྡོ་རྗེའི་ལམ་དུ་ཞུགས་པ་རྣམས་བརྟུལ་ཞུགས་ཅན་གྱི་བ་སྤུ་རྣམས་ཀྱི་སྟེ་རྡོ་རྗེའི་བུ་ག་ནས་ཡུམ་གྱི་པདྨར་སྤྲོས་པ་རྣམས་རིན་འབྱུང་དང༌། སྣང་མཐའ་ཡབ་ཡུམ་དཔག་ཏུ་མེད་པར་བསྐྱེད་དེ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་སྤྲིན་རྣམས་བསྒྲུབ་བྱའི་སྟེང་གི་ནམ་མཁའ་ལ་རིན་འབྱུང་གི་རྣལ་འབྱོར་པས་སྤྲོ་བར་བྱའོ། །འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ནི་ཆོས་ཀྱི་སྤྲིན་བསྒོམས་ལ། དེ་ལྟར་སྤྲོ་བར་བྱའོ། །དབང་བསྐུར་བ་ནི་ཡང་དག་བྱ། ཞེས་བྱ་བ་ནི། སྔ་མ་རྣམ་སྣང་གི་སྐབས་བཞིན་དུ་མདུན་དུ་འདུག་པ་ལ་རིན་པོ་ཆེའི་སྤྲིན་དང་ཆོས་ཀྱི་སྤྲིན་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་སྤྱི་བོ་ནས་དབང་བསྐུར་བར་བྱས་པས། དབུལ་བ་སོགས་ཀྱི་སྒྲིབ་པ་དང༌། རང་དང་ཆོས་ལ་མ་དད་པའི་སྒྲིབ་པ་བཀྲུས་པར་བསམ་མོ་འོ་། ༈ །རྡོ་རྗེ་བསམ་གཏན་བཤད་མ་ཐག་པའི་སྤྲོས་པ་འདི་ཡིས་ནི། དགང་དཀའ་བ་སྟེ་


JLD004_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལ་སོགས་པ་རྣམས་རྒྱས་པར་བྱ་དཀའ་བ་ཡང་རབ་ཏུ་འགེངས། ཞེས་བྱ་བ་ནི་རྒྱས་པའི་དོན་གྱི་ཚིག་གོ །སྦྱིན་པ་ཞེས་བྱ་ལ་སོགས་པ ས་ནི་བསྒྲུབ་བྱ་དབང་དུ་འགྱུར་བའི་དོན་སྟོན་ཏེ། དེ་ཁཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སྟེ་དེ ས་ནི་སྒྲུབ་པ་པོའི་མངོན་པར་འདོད་པའི་དོན་རབ་ཏུ་སྦྱིན་པར་བྱེད་པས་ཡིད་བཞིན་ནོར་བུ་དང་འདྲ་བ་དང༌། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་པ་དང་ལྡན་པས་དཔལ་ལྡན་ནོ། །ཀསྦྱིན་འགྱུར་རྙིང་གི་རྒྱུད་ལས། སྦྱིན་པའི་རྡོ་རྗེ་སྒྲུབ་པ་དེ། ཞེས་འབྱུང་ཡང༌། :པ་ཚབ:སྦྱིན་པའི་རྡོ་རྗེ་གསལ་བྱེད་དེ། ཞེས་འབྱུང་བ་འགྲེལ་པའི་བཤད་པ་དང་མཐུན་ནོ། །པའི་རྡོ་རྗེ་ནི་བསྒྲུབ་བྱ་དེས་རང་ལ་རྒྱུན་མི་འཆད་པའི་སྦྱིན་པ་བྱེད་པ། །སྦྱིན་པ་དེ་རབ་ཏུ་སྣང་ཞིང་མངོན་གྱུར་དུ་གསལ་བར་བྱེད་པས་ན་སྦྱིན་པའི་རྡོ་རྗེ་རབ་སྣང་བའོ། །གཆོས་ནི་འོད་དཔག་ཏུ་མེད་པའོ། །དེའི་སྤྲིན་ནི་ཚོགས་སོ། །དེའི་དམ་ཚིག་བཀོད་པ་ནི་སྙོམས་པར་འཇུག་པ་སྟེ་ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་ཆེན་སྤྲིན་ཞེས་བྱ་བ་ལ་སོགས་པ་ཡང་འདིར་དྲང་བར་བྱའོ། །ཞེས་པ་ནི་སྣང་མཐའ་ལ། ཆོས་ཀྱི་སྤྲིན་གྱི་དམ་ཚིག་ཅེས་སོགས་གསུངས་པས་མཚོན་ནས། རིན་པོ་ཆེའི་སྤྲིན་གྱི་དམ་ཚིག་ཅེས་སོགས་སུ་ཡང་དྲང་བར་བྱ་བའི་དོན་ནོ། ༈ །ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཡེ་ཤེས་གྱི་ཀྱི་སའི་འབུས་སུ་ཆོས་འབྱུང་བསྐྱེད་པ་ནས་ཟླ་བ་ལས་


JLD004_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་པའི་བར་འདྲ། ཟླ་བའི་སྟེང་དུ་ཕྱོགས་གཉིས་སུ་རྡོ་རྗེས་མཚན་པའི་དབྱིབས་ཟླ་གམ་ཅན་གྱི་རླུང་གི་དཀྱིལ་འཁོར་ཁ་དོག་ལྗང་སྔོན་བསམས་ལ། དེར་ཏེ། དེའི་སྟེང་དུ་ས་བོན་ཧཱུཾ་དང་ཕྱག་མཚན་རྡོ་རྗེ་དང་སྐུ་རྫོགས་པ་ལས་རྡོ་རྗེ་ནམ་མཁའ་སྟེ་མི་བསྐྱོད་པ་དང༌། ཆོས་ཏེ་འོད་དཔག་ཏུ་མེད་པ། །དེའི་:པ་ཚབ:དེ་གང་གི་སྔོན་དུ་སྟེ་གང་དུ་འགྲོ་བ་དེ་ནི་ཆོས་སྔོན་དུ་འགྲོ་བ་སྟེ། དོན་ཡོད་པར་གྲུབ་པའོ། ཞེས་འབྱུང་བ་ལེགས་སོ། །མདུན་དུ་སྟེ་ཐད་ཀར་གནས་པ་གང་ཡིན་པ་དེ་ནི་ཆོས་མདུན་ཏེ་དོན་ཡོད་པར་གྲུབ་པའོ། །དོན་གྲུབ་ཀྱང་རླུང་དཀྱིལ་གྱི་སྟེང་དུ་ཧཱ་དང་རལ་གྲི་ལས་བསྐྱེད་དོ། །གཟུགས་ནི་རྡོ་རྗེ་ནམ་མཁའ་དང་ཆོས་མདུན་ཏེ། མི་བསྐྱོད་པ་དང་དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་ཆེན་པོར་བསྒོམས་པའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱས་ལ་ལས་རྒྱལ་མཆོག་གི་དུས་སུ་ཇི་ལྟར་བྱ་བ་ནི་དེ་དག་ལས་དོན་ཡོད་པར་གྲུབ་པའི་སྙིང་ཁར་ཏེ་ཐུགས་ཀར་འདིར་བསྒྲུབ་བྱ་སྙིང་གར་འཇོག་པ་ནི་འགྱུར་རྙིང་དང་ཆག་འགྱུར་ལྟར་ན། དོན་གྲུབ་ཀྱི་ཐུགས་ཀར་བྱེད་ཀྱི། མི་བསྐྱོད་པའི་ཐུགས་ཀར་མི་བྱེད་དོ། །པ་ཚབ་ཀྱི་འགྱུར་ལས། མི་བསྐྱོད་པ་དང་དོན་ཡོད་གྲུབ་པ་དེ་གཉིས་ཀྱི་སྙིང་གར་ཞེས། དེ་གཉིས་ཀའི་ཐུགས་ཀར་བསྒྲུབ་བྱ་འཇོག་པར་བཤད་དོ། །དེ་གཉིས་མི་མཐུན་པ་ནི་འགྱུར་སྐྱོན་མིན་གྱི། རྒྱ་དཔེ་ལ་མི་འདྲ་བ་གཉིས་ཡོད་པར་གསལ་ལོ། །འདིར་རྣམ་སྣང་སོགས་ཀྱིས་ཞི་སོགས་ཀྱི་ལས་སྒྲུབ་པ་གསལ་བར་བཤད་པ་ནི། སྔར་ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། །འཁོར་ལོ་སྙིང་གའི་དབུས་སུ་བསྒོམ། །གསལ་


JLD004_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་དབུས་གནས་པར། །དབུས་སུ་འཁོར་ལོའི་དོན་བསྒོམ་མོ། ཞེས་སོགས་ཀྱིས་རང་ཉིད་རིགས་ལྔར་བསྐྱེད་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་བསྒྲུབ་བྱ་འཇོག་པར་བཤད་པ་དེ་རྣམས་ཀྱི་འཕྲོ་རྒྱས་པར་འཆད་པ་ཡིན་ནོ། །དེས་ན་སྐབས་འདིར་མི་བསྐྱོད་པའི་ཐུགས་ཀར་བསྒྲུབ་བྱ་བཞག་པ་ལ་ལས་བྱེད་ཚུལ་ཅིག་སྟོན་དགོས་ལ། དེ་ལ་བསད་ལས་བྱེད་ན་སྔར་ལས་དེ་བྱེད་པའི་ཡུལ་དེ་རླུང་དཀྱིལ་གྱི་དབུས་ཀྱི་མེ་དཀྱིལ་ལ་བཞག་པ་ལ་བསད་ལས་དངོས་གཞི་བྱ་བར་བཤད་པ་དང་འགལ་བས། སྙིང་གར་བསྒྲུབ་བྱ་བཞག་པ་ལ་ནི་འཇམ་པོའི་ལས་ཅིག་བྱེད་པ་ཡིན་ནོ། །འོ་ན་རྡོ་རྗེའི་སྔགས་ནི་ཡི་གེ་ཧཱུཾ་མོ། །དེས་དོན་དུ་གཉེར་ཞིང་གཟིར་བར་བྱེད་པས་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་དེའི་དོན་ནི་ཐུགས་རྗེ་ཞབས་ཀྱིས། གཟིར་བར་བྱེད་པ་ནི། ཧཱུཾ་ཡིག་དང་དེ་ལས་སྐྱེས་པའི་སྤྲོ་བ་དང་བསྡུ་བར་བྱེད་པ་སྟེ། བསྲེག་པར་བྱ་བ་ནི་མ་ཡིན་ནོ། ཞེས་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །འོ་ན་འདིར་མི་བསྐྱོད་པའི་ལས་སྒྲུབ་པ་སྟོན་ན། འོག་ནས། རྡོ་རྗེ་ནམ་མཁའ་ཆོས་མདུན་དུ། ཞེས་བྱ་བ་འདིར་གང་བཞག་པའི་མི་བསྐྱོད་པ་ཞེས་འདིར་མི་བསྐྱོད་པའི་ལས་སྒྲུབ་པ་བཞག་པར་བཤད་པ་དང་འགལ་ལོ་སྙམ་ན། སྐྱོན་མེད་དེ། བཞག་པ་ནི་ལས་གཞན་མིན་གྱི། དྲག་ལས་ཡིན་པའི་ཕྱིར་རོ། །འདོད་པ་སྟེ་སྐྱེ་བོ་ཐམས་ཅད་དབང་དུ་བྱ་བ་བཞག་ལ།ཞེས་པ་ནི། སྤྱིར་དབང་གི་ལས་བྱེད་པ་ལ་གཉིས་ཡོད་དེ། སྒྲུབ་པ་པོ་རང་དང༌། གང་ཟག་གཞན་གྱི་དབང་དུ་སྡུད་པ་གཉིས་ལས་འདིར་ཕྱི་མ་དང༌། དེ་ལ་ཡང་གང་ཟག་དེ་དང་དེས་དབང་དུ་བསྡུ་རྒྱུ་གཉིས་ལས། འདིར་གང་ཟག་


JLD004_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དེ་སྙིང་གར་འཇོག་པ་ཡིན་པས་རྒྱས་པའི་ལས་སུ་འཆད་པ་གཞུང་དོན་མ་ཡིན་ནོ། །སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་སྟེ་བྱམས་པ་ལ་སོགས་པ་རྣམས་ཀྱིས། རང་གི་ཕྱག་རྒྱ་དང་བཅས་པས་ནམ་མཁའི་དཀྱིལ་འཁོར་ཡོངས་སུ་གང་བར་བསམས་ལ། དེ་བཞིན་གཤེགས་པ་ལྔའི་སྐུ་མདོག་གི་བྱེ་བྲག་གིས་གཟི་བརྗིད་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་ལྔའི་རྒྱུན་བསྒྲུབ་པར་བྱ་བ་དེ་ལ་སྒྲུབ་པར་བྱེད་པས་དབབ་པར་བྱའོ། །དེ་རྣམས་ཀྱི་དོན་ནི། རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། ལྷ་སོ་གཉིས་པོ་ཐམས་ཅད་ཡབ་ཡུམ་གྱི་རྣམ་པ་ཅན་དུ་ནམ་མཁའ་གང་བ་སྤྱན་དྲངས། སྙོམས་པར་ཞུགས་པ་ཐམས་ཅད་ཞུ་བ་རྣམས་རིགས་ལྔའི་ཁ་དོག་དང་འདྲ་བ་ལྔར་གྱུར་པ། རང་གི་སྤྱི་བོ་ནས་ཞུགས་པས་ཐུགས་ཀའི་བསྒྲུབ་བྱ་ལ་སྤྱི་བོ་ནས་འབེབས་པའོ། །ལྷའི་ཁ་དོག་ནི་རྣམ་སྣང་རིན་འབྱུང་སྣང་མཐའ་གསུམ་གྱི་སྐབས་སུ་བདུད་རྩི་ཁ་དོག་རེ་རེ་དབབ་པར་བཤད་ཅིང༌། འདིར་བདུད་རྩི་ཁ་དོག་སྣ་ལྔ་དབབ་པར་གསུངས་ལ། ལྗང་གུ་ནི་ལས་ཐམས་ཅད་པ་ཡིན་པས་གཉིས་ཀ་ལྗང་གུར་བྱའོ། །དེ་ལྟ་བུའི་:པ་ཚབ་ཆག:བསྒྲུབ་པར་བྱ་བ སྒྲུབ་པ་པོ་དེ་ནི་དེ་མ་ཐག་ཏུ་སྟེ་རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པ་ཐམས་ཅད་གྱི་ཐུགས་སུ་བྱོན་པར་འགྱུར་ཞིང་འཇམ་དཔལ་དང་འདྲ་བར་ཡང་དག་པར་སྣང་ཞིང་འབར་བས་ན་མདོག་འདྲ་བའོ། །གནས་ནི་རྒྱལ་པོ་ལ་སོགས་པའོ། །དེར་ལས་བྱེད་པ་ནི་རྒྱལ་པོ་ལ་སོགས་པའི་བྱ་བ་བྱེད་པ་སྟེ་དེ་ལྟ་བུའི་ལས་ཐབས་བྱེད་པར་བསྒྲུབ་པར་བྱ་བ་དེ་འགྱུར་བའོ། །སྙིང་གའི་བསྒྲུབ་བྱ་དབང་བསྐུར་བ་དེ་སྔ་མ་རྣམ་སྣང་


JLD004_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐབས་སུ་བཤད་པ་བཞིན་དུ་སྙིང་ག་ནས་ཕྱིར་ཕྱུང་སྟེ་རང་གི་མདུན་དུ་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེའི་གདན་ལ་འདུག་པ་ལ་བདུད་རྩིའི་རྒྱུན་རྡོ་རྗེར་ཞུགས་པ་རྣམས་པདྨར་སྤྲོས་ཏེ་སྔར་བཤད་པ་ལྟ་བུའི་ལྷ་དཔག་མེད་དུ་གྱུར་པ་དགྱེས་པའི་བདག་ཉིད་ཅན་ཏེ་དགའ་བའི་ཐུགས་ཅན་གྱི་རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྒྲུབ་བྱའི་སྟེང་གི་ནམ་མཁའ་ལ་སྤྲོས་པ་རྣམས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲུབ་བྱའི་སྤྱི་བོ་ནས་དབང་བསྐུར་བའི་དགའ་སྟོན་ཆེན་པོ་སྩོལ་པར་མཛད་པར་བསམ་མོ་དོ་། ༈ །དེ་ལྟར་བྱས་པས་དེ་ནས་ཅིར་འགྱུར་ཞེ་ན། བལྟས་ཙམ་བསྐྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བལྟས་པ་ཙམ་བསྐྱེད་ཅིང་བསྐྲུན་པ་བྱས་པས་ཀྱང་འགྲོ་བ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །འཁོར་བསྒྱུར་གྱི་བློན་པོ་རིན་པོ་ཆེ་དང་མཉམ་པར་གྱུར་པས་རིན་ཆེན་དམ་ཚིག་སྟེ། རྒྱལ་པོ་དང་བློན་པོ་དེ་རྣམས་ཀྱི་སྤྲིན་ནི་ཚོགས་སོ། །དེས་བཀོད་པར་བྱས་པ་ནི་བསྙེན་བཀུར་གྱི་དོན་དུ་འོངས་ནས་བསྒྲུབ་བྱ་དེ་ལ་རིམ་གྲོར་བྱེད་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །རྡོ་རྗེ་ནམ་མཁའ་ཆོས་མདུན་དུ། ཞེས་བྱ་བ འི་སྐབས་སུ་འདིར་མི་བསྐྱོད་པའི་དྲག་ལས་གང་བཞག་པའི་མི་བསྐྱོད་པའི་ཏིང་ངེ་འཛིན་མི་བསྐྱོད་པ་དེའི་དྲག་ལས་ཀྱི་ལྷག་མ་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་


JLD004_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པའི་སྦྱོར་བ་སྟེ་རྣལ་འབྱོར་དང་ལྡན་པས་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་གི་ཚེ་འཇིག་རྟེན་ལས་འདས་པའི་ལྷ་དྲག་པོ་རྣམས་སྤྲུལ་པའི་རྗེས་སུ་ནམ་མཁའ་ཡི་དབུས་སུ་སྲིན་པོ་སྟེ་གནོད་སྦྱིན་ལ་སོགས་པ་རྣམས་དྲག་ཅིང་སྟེ་གཞན་གསོད་པར་དགའ་བ་དང༌། ཁྲོ་ལ་སྟེ་ཁྲོ་བའི་དབང་དུ་གྱུར་པ་དང༌། རབ་གཏུམ་སྟེ་ཕ་རོལ་གནོན་པ་ལ་ཐོགས་པ་མེད་པ་དང༌། ཝ་དང་བྱ་རོག་ལ་སོགས་པ་སེམས་ཅན་ཤ་ཟ་བ་སྣ་ཚོགས་པ་རྣམས་དང༌། བྱ་རྒོད་དང་ཁྱི་རྣམས་ཀྱིས་གང་བར་བསྒོམ་མོ། །དེ་ནས་ལས་རྒྱལ་མཆོག་གི་དུས་སུ་མེ་ཡི་དཀྱིལ་འཁོར་ལ་གནས་པའི་དགྲ་བོའི་ཁ་སྦྱར་ཕྱེ་བར་བསྒོམ་མོ། །དགྲ་བོ་འདི་སངས་རྒྱས་ཀུན་ལ་སྟེ་སེམས་ཅན་ཀུན་ལ་གནོད་པ་བྱེད་པ་དང་བཅས་པར་ཏེ་གནོད་པ་བྱེད་པའོ་སྙམ་དུ་བསམས་ལ་དེ་ནས་རྣལ་འབྱོར་འདི་སྦྱར་བར་བྱ་སྟེ། མཚོན་ཆ་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་མནན་ཏེ་ནས་དུམ་བུར་གཏུབས་པར་གྱུར་པར་བསམ་པ་དང་། ཡང་བསྒྲུབ་པར་བྱ་བའི་རྒྱུ་མ་ལ་སོགས་པ་ཐམས་ཅད་སྲིན་པོ་ལ་སོགས་པ་རྣམས་ཀྱིས་དྲངས་ནས་བླངས་ཏེ་ཟོས་པར་རྣམ་པར་བསྒོམ་མོ། །དེ་ནས་ཁསངས་རྒྱས་ཞེས་བྱ་བ་སངས་རྒྱས་ཀྱི་ཐེག་པ་པ་ཐེག་ཆེན་པ་རྣམས་དང༌། རྡོ་རྗེ་འཛིན་པ་སྟེ་ལས་དང་པོ་པ་བསྐྱེད་རིམ་པ་དག་ཀྱང་ཀགལ་ཏེ་སྦྱོར་བ་འདི་ལྟ་བུ་རབ་ཏུ་བསྒོམ་ཞིང་སེམས་ན་གཟླ་བ་ཕྱེད་ཚུད་ཆད་དེ། ཟླ་བ་ཕྱེད་


JLD004_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བའམ་ཟླ་བ་ཕྱེད་ཀྱི་ཕྱེད་ཀྱིས་འཆི་བར་འགྱུར་ཞིང་འཇིག་པར་འགྱུར་པར་འདིར་གདོན་མི་ཟའོ། །རྡོ་རྗེ་སྤྲིན་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །དེ་རྣམས་ཀྱི་བཀོད་པ་ནི་རྣམ་པར་འཕྲུལ་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །གཞན་ཡང་ལྷ་རྣམས་སྔར་བཤད་པ་ཉིད་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ཕྱག་དང་ཞལ་གྱི་རྣམ་པ་སྟེ་གྲངས་བསྟན་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཞལ་གསུམ་པ་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་སྣང་མཛད་ཀྱི་སྐུ་གསུངས་པ་ཡིན་ཏེ། ཀཎ་ཌ་ཀཾ་གི་ཀཾ་ནི་ཆུའོ། །དེའི་ཨཎྜ་ནི་སྒོ་ང་ལ་འཇུག་ཀྱང་འདིར་སྟེ་སྤྲིན་ཡིན་ལ་ཨཎ་ཌའི་ཨས་ཆུ་དེ་བཀག་པས་ན་ཆུ་སྟེ་ཆར་མེད་པའི་སྤྲིན་ཞེས་སྟོན་ཀའི་སྤྲིན་ལྟ་བུ་དང་མདོག་འདྲ་བ་སྟེ། རྣམ་སྣང་སྤྲིན་དཀར་པོ་ལྟར་རྣམ་པར་བསམ་མོ། །དཀར་པོ་ནག་པོ་རབ་ཏུ་དམར། ཞེས་བྱ་བ་ནི་ཞལ་གསུམ་འཆང་བ་སྟེ། དེ་ལ་ཞལ་བར་མ་རྩ་ཞལ་ནི་དཀར་པོའོ། །གཡས་པ་ནི་ནག་པོའོ། །གཡོན་པ་ནི་རབ་ཏུ་དམར་བ་སྟེ་མེ་ཏོག་ལེ་བརྒན་:ཆག:རྩི་ལྟ་བུ་ཟེར་ཀུ་སུམ་པ་ལྟ་བུའོ། །དབུ་སྐྲ་རལ་པ་ཐོར་ཚུགས་སམ་ཐོར་ཅོག་ཏུ་བཅིངས་པ་ལ་དབུ་རྒྱན་རིན་པོ་ཆེའི་ཕྲོག་ཞུ་དག་གི་བརྒྱན། པའོ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་གྱི་ཞལ་དང་སྐུ་མདོག་གི་ངེས་བའོ། །དེ་བཞིན་དུ་རྡོ་རྗེ་ཅན་ཏེ་མི་བསྐྱོད་


JLD004_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཞལ་དབུས་མ་ནག་པོ་དང་གཡས་དཀར་པོ་དང་གཡོན་དམར་པོར་བསམ་མོ། །འབར་བ་སོགས་ནི་གོ་སླའོ། །འཇིག་རྟེན་ཁམས་རྣམས་འཁྲུག་བྱེད་པ། ཞེས་པ་ནི། ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་ཡོངས་སུ་བསྐོར་བའོ། །དེ་བཞིན་དུ་ནི་ཞལ་གྱི་འགྲོས་འདྲ་བའོ། །འདོད་ཆགས་ཅན་ཏེ་འོད་དཔག་ཏུ་མེད་པ་ནི་དམར་ནག་དཀར་བའི་ཞལ་གསུམ་པ་ཐོར་ཚུགས་དང་དབུ་རྒྱན་གྱིས་བརྒྱན་པ་སྟེ།ལོངས་སྤྱོད་ཅན་ནི་སྣང་མཐའ་དེ་འདོད་པ་ལ་ལོངས་སྤྱོད་པའི་ཆགས་ཆེན་ནོ། །དེ་ལྟར་ལྷའི་སྐུ་གསུམ་པོ་བསྒོམས་ན་ངེས་པར་བཤད་པ་དང་མ་བཤད་པའི་ལས་རྣམས་རབ་ཏུ་འགྲུབ་པར་གྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ གསུམ་གྱི་འི་གཡས་པའི་ཕྱག་དང་པོ་གསུམ་ལ་རིམ་པ་བཞིན་དུ་འཁོར་ལོ་དང་རྡོ་རྗེ་དང་པདྨ་བསྒོམས་པར་བྱའོ། །རྡོ་རྗེ་ནི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ་ཐམས་ཅད་ཀྱང་ཕྱག་དྲུག་པར་བསྒོམ་མོ། །བཟང་པོ་ནི་འདོད་པའི་དོན་རྫོགས་པར་བྱེད་པས་སོ། །མཚོན་ཆ་སྣ་ཚོགས་བསམ་ཞེས་བྱ་བ་ནི་བསྒྲུབ་པའི་ཐབས་མདོར་བྱས་ལས་བཤད་པའི་རིམ་གྱིས་རང་གི་མཚན་མ་རྣམས་བསྣམས་པའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ཀྱི་ཡང་ཕྱག་གཡས་ཀྱི་དང་པོར་རང་གི་ཕྱག་གི་མཚན་མ་རིན་པོ་ཆེ་ལ་སོགས་པ་བསམ་པར་བྱའོ། །


JLD004_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

༈ སེམས་ཅན་ཀུན་ལ་ཕན་བཞེད་མ། ཞེས་བྱ་བ་ནི་འགྲོ་པ་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བ འི་འཕྲིན་ལས་ར་མཛད་པའོ། །སངས་རྒྱས་སྤྱན་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཡིན་པས་རྣམ་པར་སྣང་མཛད་དང་འདྲ་བར་ཞལ་གསུམ་དུ་བསམ་མོ། །མཁའ་སྐྱེས་ནི་མི་བསྐྱོད་པའོ། །དེ་བདག་གི་གན་དུ་འདྲེན་པས་ན་སྤྱན་གྱི་སྐད་དོད་ནཻ་ཏྲ་ལ་ན་ཡ་ཏི་ཞེས་པ་འདྲེན་པའོ། །སྤྱན་ཏེ་མཱ་མ་ཀཱིའོ། །རྒྱལ་མོ་ཆེ་ནི་བཙུན་མོའི་མཆོག་སྟེ་ཞལ་གསུམ་མི་བསྐྱོད་པ་དང་འདྲ་བར་བསྒོམ་མོ། །གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ་དེ་འདྲེན་པས་ན་ཆུ་སྐྱེས་སྤྱན་ཏེ། གོས་དཀར་མོ་ནི་འོད་དཔག་ཏུ་མེད་པ་དང་འདྲ་བར་བསྒོམ་མོ། །རིག་མ་རྡོ་རྗེ་ཨུཏྤལ་བསྣམས། ཞེས་བྱ་བ་ནི། རྡོ་རྗེ་མཚན་པའི་ཨུཏྤལ་ཏེ་དེ་བསྣམས་པས་ན་རྡོ་རྗེ་ཨཏྤལ་བསྣམས་ཏེ། དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་སྒྲོལ་མ་སྟེ། ཞལ་ལ་སོགས་པ་ནི་དོན་ཡོད་པར་གྲུབ་པ་དང་འདྲ་བར་བསམ་མོ། །ཞེས་པ་ནི་མདོར་བྱས་ལས། ཡིད་འོང་སྒྲོལ་མ་དབྱུང་བྱ་སྟེ། །ལྗང་དང་ནག་དང་དཀར་བའི་ཞལ། །དུར་བའི་ལོ་མའི་འོད་དང་མཉམ། ཞེས་གསུངས་པ་ལྟར་མཛད་པའོ། །རྩ་རྒྱུད་ལས། སེར་དང་གནག་དང་དཀར་བའི་ཞལ། ཞེས་གསུངས་པ་ནི་རིན་པོ་ཆེའི་རིགས་ཀྱི་སྒྲོལ་མ་ལ་དགོངས་ལ། འདིར་ནི་དོན་གྲུབ་ཀྱི་རིགས་དམ་ཚིག་སྒྲོལ་མར་མཛད་པའི་ལུགས་སོ། ༈ །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། ཅེས་བྱ་བ་ནས་བརྩམས་ཏེ། བསམ་གཏན་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་བྱ་བའི་བར་དུ་ནི་གོ་སླ་སྟེ། བསམ་གཏན་


JLD004_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཀྱིལ་འཁོར་ནི་བཀའི་འཁོར་ལོ་ནི་དྲག་ལས་སྒྲུབ་པ་དང༌། བསྲུང་འཁོར་བསྒོམ་པའི་སྐབས་སུ་ཁྲོ་བོ་བཅུ་བསྒོམ་པ། །གཟི་བརྗིད་ཕུང་པོ་དང་གཙུག་ཏོར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་རྣམས་དང་། ཟེར། གཙུག་ཏོར་རྒྱལ་བ་ལ་སོགས་པ་ནི་ཁྲོ་བོ་རྣམས་སོ། ༈ །དེ་ལྟར་བསྟན་པ་ལས་གང་གཞན་སྔགས་ཀྱི་འཁོར་ལོ་ཅན། ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་རྣམས་སོ། །དམ་:ཆག:དམ་ཚིག་ནི་རིགས་ལ་འདི་རྣམས་ཀྱིས་ཡང་དག་པར་ལོངས་སྤྱོད་པས། ཟེར། ཚིགས་ནི་ལྷ་རང་རང་གི་རིགས་ཏེ་དེ་རྣམས་ལ་འདི་རྣམས་ཀྱིས་ཡང་དག་པར་ལོངས་སྤྱོད་པས་ན་དམ་ཚིག་ལོངས་སྤྱོད་དེ་རྡོ་རྗེ་ལ་སོགས་པའི་མཚན་མའོ། །ཕྱག་མཚན་དེ་རྣམས་ཀྱིས་ཏེ་དེ་རྣམས་འཛིན་པས་སོ་སོ་ཐ་དད་པ་དག་ཏུ་བསྒོམ་པར་བྱའོ། །ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཀྱི་སྟེ་ལྷ་རྣམས་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་ཅིང་ཚད་མེད་པ་རྣམས་བཤད་ཅིང་བསྟན་པ་ཡིན་ཏེ། དེ་བས་ན་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་རེ་རེ་ཞིང་ཡང་བྲན་དང་བྲན་མོ་དང་ཕོ་ཉ་དང་ཕོ་ཉ་མོ་ལ་སོགས་པའི་རྣམ་པས་ཏིང་ངེ་འཛིན་རྣམས་ནི། ནམ་མཁའི་སྟེང་དུ་སྟེ་ནམ་མཁའི་ཁམས་པས་ཀྱང་ལྷག་པར་འགྱུར་རོ་ཞེས་པ་སྟེ་ཏིང་ངེ་འཛིན་གྲངས་མེད་པ་ཉིད་དུ་བཤད་པ་ཡིན་ནོ། ༈ །ད་ནི་རྫོགས་པའི་རིམ་པས་ལྷ་རྣམས་བསྐྱེད་པ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་


JLD004_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ནི་འོད་གསལ་བའོ། །དེ་ལས་ལུགས་བཟློག་གི་ཚེ་བྱུང་བའི་གསལ་བའི་དཀྱིལ་འཁོར་ནི་ཀུན་དུ་སྣང་བ་གསུམ་མོ། །དམ་པ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ལ་ལྟོས་པ་མེད་པ ར་འོད་གསལ་གྱི་རླུང་སེམས་ཙམ་ལས་ལྷ་བསྐྱེད་པའི་ཕྱིར་ཏེ། དེས་ན་འོད་གསལ་ལས་སངས་རྒྱས་ཀྱི་གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོའི་གཟུགས་རབ་ཏུ་བསྒོམས་ཤིང་བསྐྱེད་ལ། དེ་ནས་སྤྲུལ་པའི་སྐུ་རྣམ་པར་སྣང་མཛད་རྣམ་པར་བསམ་ཞིང་སྤྲོ་བར་བྱའོ། །སྐུ་དེ་གཉིས་ཇི་ལྟ་བུ་ཞེ་ན། གསལ་ཞིང་སྟེ་ཟླ་བ་ལ་ཁུག་རྣ་ལ་སོགས་པའི་ཉེས་པ་དང་བྲལ་བར་གྱུར་པའི་ཟླ་བའི་གཟུགས་འདྲ་བས་ན་ཟླ་བ་བཞིན་ནོ། །ཞི་བ་ནི་ཞི་བའི་ཉམས་དང་ཉེ་བར་ལྡན་པའོ། །འོད་ཟེར་སྣ་ཚོགས་འདྲ་བའི་འོད། ཅེས་བྱ་བ་ནི། འོད་ཟེར་རྣམ་པ་ལྔས་འོད་ཀྱི་དཀྱིལ་འཁོར་དུ་བྱས་པའོ། །མེ་ལོང་ནི་མེ་ལོང་གི་དཀྱིལ་འཁོར་ཏེ་དེ་ལས་བྱུང་བ་ནི་མེ་ལོང་དེར་གཏོགས་པ་སྟེ་གནས་པའི་གཟུགས་བརྙན་ལྟ་བུ། །ཁམས་:ཆག:ཁམས་གསུམ་དག་གི་རྒྱན་གྱུར་པ་ནི། ཁམས་གསུམ་གྱི་རྒྱན་བཞིན། སྐྱེས་བུ་ཆེན་པོའི་ཞེས་འབྱུང་བ་ལྟར་བྱའོ། །གསུམ་དག་གི་དཀྱིལ་འཁོར་དུ། ཞེས་བྱ་བ་ནི་ཁམས་གསུམ་གྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་རྣམས་དང་ཉེ་བར་ལྡན་པས་ན་རྒྱན་རྣམས་ཀུན་གྱིས་བརྒྱན་པ་དག་སྟེ། དེ་ལྟར་བདག་ཉིད་བསམས་ཤིང་ཤེས་པར་བྱས་ན། བྱང་ཆུབ་སྟེ་མི་གནས་པའི་


JLD004_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པ་དེ་མཐོང་ཞིང་ཐོབ་པར་འགྱུར་བ་ནི་བསམ་གཏན་རྡོ་རྗེ་རབ་ཏུ་བསྒོམ་པ་འདི་ཡིས་སོ། ཞེས་བྱ་བར་གོང་འོག་སྦྱར་རོ། །སངས་རྒྱས་ཆེ་བའི་བདག་ཉིད་ནི་སངས་རྒྱས་ཀྱི་དབང་ཕྱུག་གོ །འཇིག་རྟེན་ཐམས་ཅད་དབང་བྱེད་པ། ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པ་འདུད་པར་བྱེད་པའོ། །ཚེ་འདི་ཉིད་ཀྱིས་ཏེ་ལུས་འདི་ཉིད་ལ་གནས་ནས་འཐོབ་པའོ། །རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ནི་རྫོགས་པའི་རིམ་གྱིས་བྱུང་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་དཀྱིལ་འཁོར་ནི་ཀུན་ཏུ་སྣང་བ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། ཞེས་པའི་དོན་ནི་སྔ་མ་བཞིན་ནོ། །སྤྲུལ་སྐུ་རྡོར་སེམས་སུ་བསྒོམས་པའི་སྐུ་དེ་ནི་མཆེ་བ་ཅུང་ཟད་གཙིགས་པ་དང་ལྡན་པས་ན་ཁྲོས་པའོ། །གསལ་བའི་ལུས་ནི་དྲུག་པ་སྟེ། དེ་དང་འདྲ་བའོ། །མྱུར་དུ་རྡོ་རྗེ་ཉིད་ཐོབ་འགྱུར། ཞེས་བྱ་བ་ནི། སངས་རྒྱས་ཉིད་མྱུར་ཞིང་མགྱོགས་པར་ཐོབ་པའོ། །དམ་ཚིག་ཐམས་ཅད་ནི་ཟུང་འཇུག་པའི་དཀྱིལ་འཁོར་པ་རྣམས་སོ། །དེ་གང་དུ་སྟེ་ལས་འབྱུང་བ་དེ་ནི་དམ་ཚིག་ཐམས་ཅད་ལས་འབྱུང་བའོ། །མཛེས་པའི་རྡོ་རྗེ་ནི་མི་བསྐྱོད་པ་སྟེ་ཏིང་ངེ་འཛིན་དེ་གང་དུ་


JLD004_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་ཀུན་ཏུ་སྣང་བ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་བདག་ཉིད་ཆེན་པོ་ནི་ངག་གི་དབང་ཕྱུང་གོ །སྐུ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་བ་ནི་དེ་ལས་སྐྱེས་པའོ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། ཞེས་བྱ་བ་ནི་ཟུང་འཇུག་སྤྲུལ་སྐུའི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའོ། །འཐོབ་པར་འགྱུར་བ་ནི་རྙེད་པར་འགྱུར་བའོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་ཏུ་མེད་པའོ། །དེ་འབྱུང་བར་གྱུར་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དམ་ཚིག་འབྱུང་བ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་དམ་ཚིག་འབྱུང་བ་ནི་ཡོངས་སུ་རྫོགས་པའི་རིམ་པའོ། །དེ་ཉིད་རྡོ་རྗེ་སྟེ་ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བས་མཚན་པའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ་ཀུན་ཏུ་སྣང་བ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཟུང་འཇུག་ལོངས་སྐུས་སྤྲུལ་སྐུ་སྤྱན་མ་སྒོམ་པའི་ཁྱད་པར་སྟོན་པ་ནི། ཁམས་གསུམ་དག་ནི་དབང་བྱེད་པ། ཞེས་པ་ནི་དེའི་ངོ་བོ་ཉིད་བསྟན་པའོ། །ཡེ་ཤེས་ཐམས་ཅད་གྲུབ་པར་བྱེད། །འཁོར་ལོ་ཡིད་བཞིན་ནོར་བུ་སྟེར། ཞེས་བྱ་བ་ནི།


JLD004_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ནི་སྒྲུབ་པ་པོའི་ཡིད་བཞིན་གྱི་ནོར་བུ་སྟེར་བ་སྟེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའོ། །ཕྱག་ཏུ་ཞེས་པ་ནི་ཕྱག་གཡས་པའི་དང་པོ་ལ་འཁོར་ལོ་སྟེ་རིན་པོ་ཆེའི་འཁོར་ལོ་བསྒོམ་པར་བྱའོ། །སྤྱན་གྱི་དམ་ཚིག་ནི་སྤྱན་གྱི་ཕྱག་རྒྱ་ཆེན་པོ་སྟེ་དེའི་ཕྱག་གི་མཆོག་ནི་ཕྱག་གི་སྙིང་པོ་སྟེ་འཁོར་ལོའོ། །དེའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དཀྱིལ་འཁོར་ནི་སྟོང་པ་ཉིད་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཟུང་འཇུག་ལོངས་སྐུས་སྤྲུལ་སྐུ་མཱ་མ་ཀཱི་བསྒོམ་ཚུལ་ནི་ནམ་མཁའི་རྡོ་རྗེ་མཆོག་ནི་མཱ་མ་ཀཱི་སྟེ། ནམ་མཁའ་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་གི་མཆོག་གཙུན་མོ་དེའི་ཕྱག་གཡས་པ་ན་ཨུཏྤ་ལ་སྔོན་པོ་རྩ་དམར་རྩ་རྒྱུད་ལེའུ་བཞི་པ་ལས། ཨུཏྤལ་མཐིང་གར་བཤད་པ་བཞིན། དེའི་འགྲེལ་པ་ལས་ཀྱང་སྔོན་པོར་བཤད། འདིར་རྩ་བར་སྔོ་དམར་དུ་བཤད་པའི་འགྲེལ་པ་ལས་རྩ་དམར་བ་ཞེས་བཤད་པ་ལ། ཁ་ཅིག་སྔོ་ལ་དམར་བའི་མདངས་ཡོད་པ་དང༌། ཁ་ཅིག་རྩ་བ་དམར་པ་ལ་འཆད་དོ། །བ་བསྣམས་པའོ། །ཁམས་གསུམ་དག་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་ཀྱི་ཁྱད་པར་རོ། །དངོས་གྲུབ་རྡོ་རྗེ་ཅན་གྱི་གསང་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་གསང་བར་གྱུར་པའོ། །ནམ་མཁའ་ནི་འོད་གསལ་བའོ། །ཡུམ་ནི་གང་ལས་འོད་གསལ་གྱི་ཡེ་ཤེས་རབ་ཏུ་སྐྱེད་པ་ཡོད་པ་


JLD004_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་ནི་ནམ་མཁའི་ཡུམ་ཅན་སྟེ་མི་བསྐྱོད་:པ་ཚབ:ཡུམ་སྟེ་རབ་ཏུ་སྐྱེད་པ་གང་ལ་ཡང་ཡོད་པ་དེ་ནི་ནམ་མཁའི་ཡུམ་ཅན་ཏེ། མི་བསྐྱོད་པའོ་ཟེར། པའོ། །རིན་པོ་ཆེའི་འོད་ཀྱི་སྤྲིན་ནི་རིན་པོ་ཆེའི་འོད་ཀྱི་ཚོགས་སོ། །དེའི་རྡོ་རྗེའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རིན་པོ་ཆེའི་འོད་ཀྱི་སྤྲིན་གྱི་རྡོ་རྗེ་སྟེ་རིན་ཆེན་འབྱུང་ལྡན་ནོ། །རྡོ་རྗེ་དང་རིན་པོ་ཆེའི་རིགས་དེ་གཉིས་ཚིམ་པར་བྱེད་པ་ནི་མཱ་མ་ཀཱི་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དཀྱིལ་འཁོར་ནི་ཡེ་ཤེས་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཟུང་འཇུག་ལོངས་སྐུས་སྤྲུལ་སྐུ་གོས་དཀར་མོ་སྒོམ་པའི་ཚུལ་ནི་སྒྱུ་མས་མཚན་པའི་ཕྱིར་སྒྱུ་མས་མཚན་པ་སྟེ་འོད་གསལ་བའོ། །དེ་ཉིད་གཙོ་བོ་ཡིན་པས་ན་མཆོག་སྟེ། དེ་ལས་བྱུང་བས་ན་སྒྱུ་མས་མཚན་པའི་མཆོག་ལས་བྱུང་ཞེས་བྱའོ། །འདོད་ཆགས་ཆགས་པ་འཛིན་པ་ནི་འོད་དཔག་ཏུ་མེད་པའོ། །དེའི་སྡུག་པ་གོས་དཀར་མོ་ནི་སྣང་མཐའ་དེའི་ཡིད་དུ་འོང་བའོ། །ཆོས་ཀྱི་དམ་ཚིག་ནི་འོད་དཔག་ཏུ་མེད་པའོ། །དེའི་དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པའོ། །དེ་ཉིད་དང་པོ་ངོ་བོ་གཅིག་ཏུ་གྱུར་པའི་ཡེ་ཤེས་ནི་མངོན་པར་བྱང་ཆུབ་པའོ། །དེ་ཀུན་ཏུ་སྟོན་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་


JLD004_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་ནི་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཟུང་འཇུག་ལོངས་སྐུས་སྤྲུལ་སྐུ་སྒྲོལ་མ་སྒོམ་པའི་ཚུལ་ནི། སྒྲོལ་མའི་མཆོག་ནི་བསྒོམ་པར་བྱ། ཞེས་སོགས་ཀྱིས་སྟོན་ནོ། །ཕྱག་མཚན་གྱི་ཨུཏྤལ་སེར་པོར་བཤད་པ་དང༌། ལེའུ་བཞི་པའི་ཕྱག་མཚན་འགོད་པའི་སྐབས་སུ་སྔོན་པོར་བཤད་པ་མི་འགལ་བ་ནི་སྒྲོལ་མ་རིགས་གཉིས་ཀྱི་སྒོ་ནས་ཤེས་པར་བྱའོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །སྒྲོལ་མ་ནི་དེའི་གཙུན་མོའོ། །དམ་ཚིག་སྒྲོལ་མ་ཞེས་པ་འདིས་ལས་ཀྱི་རིགས་ཀྱི་སྒྲོལ་མ་བསྟན་ཏེ། རྒྱུད་འདིར་སྒྲོལ་མ་རིགས་གཉིས་ཀ་གསུངས་སོ། །མཆོག་ནི་ཡོན་ཏན་དམ་པ་དང༌ལྡན་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །ད་ནི་ཁྲོ་བོ་དམ་ཚིག་བསྟན་པར་བྱ་བའི་ཕྱིར།དེ་ལྟར་བཤད་ཟིན་པའི་རྣམ་སྣང་སོགས་དང་སྤྱན་སོགས་བཞི་དང༌། འཆད་འགྱུར་གྱི་ཁྲོ་བོ་བཅུ་ཟུང་འཇུག་པས་བསྐྱེད་པ་ན། འོད་གསལ་ལས་ལུགས་ཟློག་ཏུ་ལངས་པའི་སྣང་བ་གསུམ་བཤད་པ་ནི། སྣང་བ་གསུམ་གྱི་མཐར་ཟུང་འཇུག་གི་སྐུ་སྐྱེད་པ་མིན་གྱི་སྐུ་དེ་ལུགས་ཟློག་ཏུ་ལྡང་བའི་དུས་སུ་བསྐྱེད་པར་སྟོན་ལ། དེ་ཡང་འོད་གསལ་གྱི་རླུང་སེམས་ཙམ་ལས་བསྐྱེད་པ་ཡིན་ཏེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །དེ་ཡང་དེ་ཁོ་ན་ཉིད་མངོན་སུམ་ཏུ་རྟོགས་པའི་དོན་གྱི་འོད་གསལ་གྱི་མཐར་དག་པའི་སྒྱུ་མ་ཞེས་པ་ཟུང་འཇུག་གི་སྐུ་དང༌། མངོན་སུམ་དུ་མ་རྟོགས་པ་དཔེའི་འོད་གསལ་གྱི་མཐར་རིམ་པ་


JLD004_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་སྒྱུ་མའི་སྐུ་འགྲུབ་ཀྱི། སྐུ་དེ་ཡང་ལུགས་ཟློག་གི་སྣང་བ་གསུམ་གྱི་མཐར་བསྐྱེད་པ་མིན་ནོ། །ཟུང་འཇུག་གི་སྐུ་དེ་རིམ་པ་གསུམ་པའི་སྒྱུ་ལུས་ལྟར་དོན་གྱི་འོད་གསལ་གྱི་དུས་སུ་དག་ནས་འགྲོ་བ་ཡང་མིན་པར། དེ་ཐོབ་ནས་རིགས་འདྲ་རྒྱུན་མི་འཆད་པར་འཇུག་པ་ནི་རིམ་པ་གསུམ་པའི་སྒྱུ་ལུས་ལས་མཆོག་ཏུ་གྱུར་པའི་ཁྱད་པར་ཡིན་ནོ། །དེའི་ཕྱིར་ཟུང་འཇུག་ལོངས་སྐུ་ཐོབ་པས། རྣམ་སྣང་སོགས་སྒོམ་པ་ན། སྤྲུལ་སྐུར་བསྒྱུར་ནས་བསྒོམ་ཞེས་སྔ་མ་རྣམས་འཆད་པ་ནི་ཟུང་འཇུག་གི་ལོངས་སྐུ་ཡལ་ནས་སྤྲུལ་སྐུར་བསྒྱུར་བ་ལ་འདོད་པ་ནི་ཟུང་འཇུག་ལོངས་སྐུའི་གནད་མ་རྟོགས་པ་ཡིན་ལ། དེ་ལྟ་མིན་པར་རྣམ་སྣང་ལ་སོགས་པ་སྤྲུལ་བ་དང༌། རང་ཉིད་དེ་རྣམས་སུ་བསྒོམ་པ་ལ་འདོད་ན་ནི་དེ་ལྟར་ཡིན་ནོ། །དེས་ན་ནམ་མཁའི་རྡོ་རྗེ་བཅུ་ནི་དོན་གྱི་འོད་གསལ་ལོ། །དབུས་གནས་པ་རྣམས་ནི་འོད་གསལ་དེ་ལས་བྱུང་བའི་ཟུང་འཇུག་པའི་རྡོ་རྗེའི་སྐུ་དང་སྣང་བ་གསུམ་ལུགས་ཟློག་ཏུ་བྱུང་བའོ། །དམ་པ་ཞེས་པ་ནི་མཆོག་གི་དོན་ཏེ། སྔགས་ཀྱི་སྐུ་ལས་མཆོག་ཏུ་གྱུར་པའི་ཡེ་ཤེས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། ཞེས་པ་བཅུའི་དོན་ནོ། །འདི་ཡང་དོན་གྱི་འོད་གསལ་གྱི་མཐར་འགྲུབ་པའི་ཟུང་འཇུག་ལོངས་སྐུ་གཅིག་པོ་དེ་ཉིད་ཡིན་གྱི། སྤྲུལ་པའི་ལྷ་སོ་སོ་ལ་ལྟོས་པའི་ལོངས་སྐུ་འགྲུབ་ཐེབས་རེ་སྟོན་པ་མིན་ནོ། །ཉི་མའི་དཀྱིལ་འཁོར་ཞེས་པ་རྣམས་ནི། ཉི་


JLD004_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེས་སྣང་བ་མཆེད་པ་མཚོན་ལ། དེ་སྣང་བ་གཞན་གཉིས་ཀྱང་གཟུང་ངོ་། །ཁྲོ་བོ་བཅུ་སྒོམ་པར་བཤད་པ་ནི་ཟུང་འཇུག་ལོངས་སྐུ་དེས་དེ་རྣམས་སྤྲུལ་པ་དང་རང་ཉིད་དེ་རྣམས་སུ་སྒོམ་པ་སྟོན་ཏེ། དེ་དག་གིས་མཚོན་ནས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་བསྒོམ་པ་ཡང་སྟོན་ནོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མའི་དཀྱིལ་འཁོར་ནི་དེས་མཚོན་པའི་སྣང་བ་མཆེད་པ་ལ་སོགས་པ་གསུམ་མོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འཇིགས་པའི་དཀྱིལ་འཁོར་ཞེས་བྱ་བ་ལ་བགེགས་རྣམས་འཇིགས་པ ར་མཛད་པ་ནི་སྙིང་པོ་སྟེ་དེ་ལེན་པར་བྱེད་པས་ན་དཀྱིལ་འཁོར་རོ། །ཕྱག་ན་ཞེས་པ་ནི་གཡས་ཀྱི་དང་པོས་རལ་གྲི་བསྣམས་པ་ནི་ལས་བསྒྲུབ་པའི་དུས་ལ་དགོངས་ཞེས་བླ་མ་རྣམས་གསུང་ངོ་། །ཤིང་དེའི་དབུ་རྒྱན་ལ་རྣམ་པར་སྣང་མཛད་བཞུགས་པར་བསྒོམས་ན། རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་དགྱེས་པ་སྟེ་དགའ་བར་འགྱུར་རོ། །ཡེ་ཤེས་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱི་བསྟན་པ་ལ་གནོད་པ་བྱེད་པ་ལ་སོགས་པའི་ཁྲོ་བོ་ཀུན་ཏེ། དེ་ལྟར་བུའི་ཁྲོ་བོ་སྟེ་མ་རུངས་པ་གང་ཡིན་པ་གདུལ་བའི་དམ་ཚིག་སྟེ་འདའ་བར་མི་བྱ་བའི་ལམ་མོ། །གཤིན་རྗེ་གཤེད་སྤྲོ་བ་ནི་སྤྲོ་མཁན་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་ལྷ་དེ་སྣང་ཞིང་སྟེ་བསྐྱེད་པས་ན་གཤིན་རྗེ་གཤེད་ཀྱི་སྤྲོ་བ་སྣང་བ་སྟེ་གཤིན་རྗེ་གཤེད་དོ། །དེའི་བཀོད་པ་བསྒོམ་ཞིང་སེམས་པ་སྟེ། ཏིང་ངེ་འཛིན་དེ་སྟོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་ཞེས་བྱ་བ་སྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྟ་ཞེས་བྱ་བ་ནི་རྟ་མགྲིན་


JLD004_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འདིར་རྟ་མགོ་ཅན་ནི་མིན་ནོ། །དེའི་འབྱུང་བ་རྣམ་པར་བཀོད་པ་ནི་འབྱུང་བ་སྟེ་སྐྱེད་པ་རྣམ་པར་བཞག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་མི་འཆི་བ་ནི་བདུད་རྩི་ཐབ་སྦྱོར་རོ། །རྡོ་རྗེའི་སྤྲིན་ནི་རྡོ་རྗེ་ལྟ་བུའི་འོད་ཟེར་འབར་བའི་ཚོགས་སོ། །ཁྲོས་ཤིང་ནི་ཐུགས་སོ། །ཁྲོ་བཅས་ནི་སྐུའི་ཉམས་སོ། །ཁྲོ་འཛིན་ནི་སྒྲུབ་པ་པོའོ། །མི་འཆི་བའི་དམ་ཚིག་ནི་བདུད་རྩི་ཐབ་སྦྱོར་རོ། །འབྱུང་བ་རྡོ་རྗེ་ནི་ཁྲོ་བོ་དེ་སྐྱེད་པའི་ཁྱད་པར་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཊཀྐི་རྒྱལ་པོ་ནི་འདོད་རྒྱལ་ལོ། །རྡོ་རྗེ་འོད་བཟང་ནི་རྡོ་རྗེ་འདྲ་བའི་འོད་འབར་བའོ། །བསམ་གཏན་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མི་བསྐྱོད་པའོ། །དེ་ལ་དགའ་བ་ནི་མིག་ལ་འཇོག་པ་སྟེ་དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་གསུམ་གྱི་གནས་ནི་འོད་གསལ་བའོ། །དེ་ཉིད་སྙིང་པོ་སྟེ་དེ་ལེན་ཅིང་འཛིན་པས་ན་རྡོ་རྗེ་གསུམ་གྱི་གནས་དཀྱིལ་འཁོར་རོ། །རྡོ་རྗེ་གསུམ་གྱི་སྟོབས་ནི་རྡོ་རྗེའི་སྤྱན་རྣམ་པ་གསུམ་ནི་སྟོབས་པོ་ཆེར་མ་ཟད་ཁྲོ་བོ་བཅུ་ཆར་ལ་ཤེས་པར་བྱའོ སྟེ། དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་


JLD004_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སྔོན་པོ་ནི་དབྱུག་སྔོན་ཅན་ནོ། །རྒྱ་མཚོ་ནག་པོ་ནི་ཁྲོ་བོའི་རྒྱ་མཚོ་སྟེ་དེ་རབ་ཏུ་སྐྱེད་པར་བྱེད་པའོ། །རྡོ་རྗེ་དབྱིག་པའི་ངོ་བོ་ཉིད་ནི་རྡོ་རྗེའི་དབྱིག་ཐོགས་སོ། །རྡོ་རྗེས་མཚན་པའི་དབྱིག་པ་ནི་རྡོ་རྗེ་དབྱིག་པའོ། །འདའ་བར་མི་བྱ་བས་ན་དམ་ཚིག་མཆོག་སྟེ་དེ་གང་ཡིན་པ་དེ་ནི་དབྱིག་པའི་དམ་ཚིག་མཆོག་གོ །དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཁྲོ་ཞིང་འཇིགས་པ་ནི་སྤྱན་གཡས་སོ། །ཟུར་ཀྱིས་ལྟ་བ་ནི་སྤྱན་གཡོན་ཆགས་པས་སོ། །འཁྲུགས་པ་ནི་ཁྲོ་བས་སོ། །རྡོ་རྗེ་ནམ་མཁའི་ནི་ཀུན་ཏུ་སྣང་བ་གསུམ་མོ། །གསུམ་པོ་དེའི་དབྱིངས་ཏེ་རྒྱུ་ནི་འོད་གསལ་བའོ། །འོད་གསལ་དེ་ཉིད་ཀྱི་དམ་ཚིག་བདེན་པ་གཉིས་ཀྱི་ཞབས་ཀྱིས་གནོན་པ་སྟེ་དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་ནི་འཇིག་རྟེན་པའི་དངོས་གྲུབ་གྲུབ་པ་རྣམས་སོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ། དེ་གང་ལ་ཡོད་པ་དེ་ནི་རིག་པའི་ཚོགས་ཀྱི་འཁོར་ལོ་སྟེ་དེ་བསྒོམ་པའོ། །འཁོར་ལོ་འབར་བས་ཡོངས་སུ་བསྐོར་བ་ནི་ལུས་འཁོར་ལོའི་འོད་ཀྱི་ཀུན་ནས་བསྐོར་བའོ། །གཙུག་ཏོར་ནི་ནམ་མཁའ་ལ་སྤྱོད་པ་རྣམས་སོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་སོ། །


JLD004_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱིས་:ཆག:བྱོན་ཞིང་ཟེར། རྗེད་ཅིང་མཆོད་པས་ན་གཙུག་ཏོར་གྱི་ཏོར་གྱི་དམ་ཚིག་སྟེ། གཙུག་ཏོར་གྱི་དམ་ཚིག་ནི་རིག་པ་འཛིན་པའི་དམ་ཚིག་གོ །དེ་དང་ལྡན་པའི་སྟོབས་ཀྱི་འཁོར་ལོ་ཅན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སུམྦྷ་ནི་གནོད་མཛེས་སོ། །རྡོ་རྗེའི་སྤྲིན་ཞེས་བྱ་བ་ནི་ཆར་སྤྲིན་གྱི་མདོག་ཅན་གྱི་ལུས་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་སྤྲིན་ཏེ་རྡོ་རྗེ་གནོད་མཛེས་སོ། །རྡོ་རྗེའི་དམ་ཚིག་སུམ་གང་དུ་བསྒོམ་ཞིང་སྐྱེད་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྲ་ཇི་བཞིན་པའོ། །འདིར་གཤིན་རྗེ་གཤེད་ལ་རྣམ་སྣང་དང༌། རྟ་མགྲིན་ལ་སྣང་མཐའི་དབུ་རྒྱན་བཤད་ནས། ཁྲོ་བོ་གཞན་བརྒྱད་ཀ་ལ་མི་བསྐྱོད་པའི་དབུ་རྒྱན་བཤད་ཅིང༌། འགྲེལ་པར་ཡང་འདོད་རྒྱལ་ལ་མི་བསྐྱོད་པའི་དབུ་རྒྱན་བཤད་པ་དང༌། མདོར་བྱས་ལས་ཤར་དང་ཤར་ལྷོའི་ཁྲོ་བོ་གཉིས་ལ་རྣམ་སྣང་དང༌། ལྷོའི་གཉིས་ལ་རིན་འབྱུང༌། ནུབ་ཀྱི་གཉིས་ལ་སྣང་མཐའ་དང༌། བྱང་གི་གཉིས་ལ་དོན་གྲུབ་ཀྱི་དབུ་རྒྱན་བཤད་པ་གཉིས་མི་འགལ་ལམ་སྙམ་ན། མི་འགལ་ཏེ། རྡོ་རྗེ་འཕྲེང་བ་ལས་མདོར་བྱས་བཞིན་དུ་ཁྲོ་བོ་གཉིས་ཚན་ལྔ་རྣམ་སྣང་སོགས་ལྔའི་རིགས་སུ་བཤད་པས་ཚུལ་གཉིས་ཀ་ཡོད་པའི་ཕྱིར་རོ། ༈ །དེ་ལྟར་རིམ་པ་གཉིས་ཀྱི་སྔགས་དང་ཡེ་ཤེས་ཀྱི་སྐུ་སྐྱེད་པའི་ཏིང་ངེ་འཛིན་རྣམ་པ་གཉིས་ཉེ་བར་བསྟན་ནས། དེ་ཉིད་ཀྱི་དོན་ཉེ་བར་བསྡུ་བར་བྱ་བའི་ཕྱིར་འགོག་པ་ཁྲོ་བོའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་


JLD004_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྲོག་འགོག་པ་གསོད་པ་ལ་སོགས་པའི་དྲག་པོའི་ལས་སོ་འོ་། །ཁྲོ་བོའི་འཁོར་ལོ་ནི་ཞེས་བྱ་བ་ནི་ལས་དེ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ འི་ཏིང་ངེ་འཛིན་གྱིས་བྱེད་པའོ། །ལས་དེ་སྒྲུབ་པ་པོ་གང་གིས་བྱ་ཤེ་ན། སངས་རྒྱས་འཁོར་ལོ་བསྟེན་པ་ཡིས། ཞེས་བྱ་བ་སྟེ། ལྷ་སོ་གཉིས་པོ་རྣམས་ཀྱི་འཁོར་ལོ་བསྟེན་ཞིང་དམིགས་པས་སོ། །ལྷའི་འཁོར་ལོ་སྒོམ་པ་དེ་ཡང་ཇི་ལྟར་བྱ་ཞེ་ན། ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་ནི་ལྷག་མོས་བསྡུས་པའི་དེ་ཁོ་ན་ཉིད་ལ་དམིགས་པ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་སྒོམ་པའི་མཚན་ཉིད་ཅན་ནོ། །རྡོ་རྗེ་ནི་དེའི་སྟེང་དུ་ས་བོན་དགོད་པ་སྔོན་དུ་འགྲོ་བས་རྡོ་རྗེ་ལ་སོགས་པ་དམིགས་པ་དང༌། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷ་རྣམས་དམིགས་པ་སྟེ། དེ་དག་ནི་ཏིང་ངེ་འཛིན་རྡོ་རྗེ་ཡེ་ཤེས་རྣམས་སོ། །རྡོ་རྗེའི་དཀྱིལ་འཁོར་ནི་དྲག་པོའི་བཀའི་འཁོར་ལོ་ལ་དམིགས་པའོ། །འདི་ནི་མཚོན་པ་ཙམ་སྟེ་ཞི་སོགས་འཇམ་པོའི་ལས་སྒྲུབ་པ་རྣམས་ཀྱང་ཤེས་པར་བྱའོ། །འགྲུབ་པར་འགྱུར་པ་ནི་མངོན་པར་འདོད་པའི་འབྲས་བུ ཞི་སོགས་རྣམས་འགྲུབ་པ ར་འགྱུར་བ་སྟེ། དྲང་བའི་དོན་ཏོ། ༈ །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ་སངས་རྒྱས་ཀྱི་འཁོར་ལོ་གཟུགས་


JLD004_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་ངོ་ཞེས་སོགས་སུ་རྟོག་ཅིང་ངེས་པར་བསྟེན་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་འཁོར་ལོ་བསྟེན་པ་ཡིས་ཏེ་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་རྣམས་འགོག་པ་ནི་དོན་དམ་པའི་བདེན་པར་རྗེས་སུ་ཞུགས་པའོ། །ཁྲོ་བོ་ནི་འོད་གསལ་དེ་རང་བཞིན་གྱི་སྟེ་ཐ་མལ་པའི་ལུས་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ཉིད་འཁོར་ལོ་སྟེ་མཚོན་ཆ་དང་འདྲ་བར་གཉིས་སྣང་གི་སྤྲོས་པ་གཅོད་པ་གང་ཡིན་པ་དེ་ནི་ཁྲོ་བོའི་འཁོར་ལོ་སྟེ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་རིམ་པ་བཞི་པ་ལ་གནས་པའོ། །འོད་གསལ་དེ་ལ་བརྟེན་ན ས་ལུས་ལྡང་བར་སྟོན་པ་ནི་ཏིང་ངེ་འཛིན་རྡོ་རྗེ་སྟེ། དེ་ཤེས་ཤིང་སྟེ་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་དུ་ཤེས་པས་ན་རྡོ་རྗེ་ཡེ་ཤེས་ནི་འོད་གསལ་ལོ་སོ་། །རྡོ་རྗེའི་དཀྱིལ་འཁོར་ནི་དོན་དམ་པའི་འོད་གསལ་གྱི་དཀྱིལ་འཁོར་ལས་ལྡང་བར་གྱུར་པ་སྟེ་ལངས་པ་ལ་ཟུང་འཇུག་གི་གོ་འཕང་འགྲུབ་པར་འགྱུར་རོ་ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ། ༈ །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་ནི་སྤྱན་ལ་སོགས་པའོ། །བཀོད་པ་ནི་ཁྲོ་བོ་རྣམས་ཏེ་དེ་རྣམས་བསྐྱེད་པར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི། རིམ་གཉིས་ཀྱི་སྐབས་ཀྱི་དོན་དམ་པའི་བདེན་པ་ལ་དམིགས་པའོ། །དེ་སྔོན་དུ་འགྲོ་བའི་མངོན་པར་བྱང་ཆུབ་པ་ནི་རིམ་པ་གཉིས་ཀྱི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རྫོགས་པ་སྟེ། དེ་སྟོན་པའི་གཞུང་གི་ཚོགས་ནི་ལེའུའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་


JLD004_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གསུམ་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །ལེའུ་བཅུ་གསུམ་པར་སྔགས་བཟླས་པ་ལ་མི་ལྟོས་པར་ནང་ལ་གཞོལ་བའི་ལས་ཚོགས་བསྟན་ནས། ད་ནི་སྤྲུལ་ལ་སོགས་པའི་སྔགས་སྨྲ་བ་རྣམ་པ་བཞིའི་རྗེས་སུ་འབྲངས་ནས་ལས་སྒྲུབ་པ་སྔགས་ལ་གཞོལ་བས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཉམས་སུ་བླང་བར་བྱའོ། ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བཞི་པ་གསུངས་ཏེ། ༈ དེ་ལ་དང་པོར་ལས་ཀྱི་ཚོགས་རྣམས་ཀྱི་འགོ་རིམས་ནི་:ཆག:སྔོན་དུ་འགྲོ་བ་ནི་ཟེར། བཤད་པའི་རྒྱུད་བླན་དང་ཆག་གིས་དགོངས་པ་ལུང་སྟོན་ལ་འཆད་པ་ནོར་བའོ། །རྡོ་རྗེ་འཕྲེང་བ་ལ་འཇུག་པར་བྱ་སྟེ། ལས་རྣམས་བྱེད་པའི་ཟླ་བ་ཡར་གྱི་ངོ་དང་མར་ངོའི་དུས་ནི་ཞི་བ་དང་ནི་རྒྱས་པ་དག །ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་མངོན་སྤྱོད་བསད་ལས་དང་ལ་སོགས་པ ས་དྲག་ལས་ལྷག་མ་རྣམས།་ཟླ་བ་མར་གྱི་ངོ་ལ་བརྩམ། །ལས་རྣམས་སྒྲུབ་པའི་ཚེ་ཕྱོགས་གང་དུ་ཁ་བལྟ་བ་ནི་ཞི་བའི་ལས་ལ་བྱང་དང་རྒྱས་པ་ལ་ཁ་ཤར་དུ་ལྟ་བར་འདིར་བཤད་པ་བཞིན་དུ། རྡོ་རྗེ་འཕྲེང་བ་ལོགས་སུ་བསྒྱུར་བ་ལས་ཀྱང་འབྱུང་ལ། སྔ་མ་རྣམས་དང་སྐལ་ལྡན་གྲགས་པའང་དེ་བཞིན་དུ་འཆད་མོད་ཀྱང༌། ཐུགས་རྗེ་ཞབས་ཀྱིས། བྱང་དུ་ཁ་བལྟས་དང་རྒྱས་པ་གཉིས་སྦྲེལ།


JLD004_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་བལྟས་པ་དང་ཞི་བ་གཉིས་སྦྲེལ་ཏེ། ཀླུའི་བློའི་སྦྱིན་སྲེག་གི་ཆོ་ག་ལས། ཟླ་བ་ཉ་ལ་བྱང་དུ་བལྟ། །བཟང་པོའི་སྟོན་ལ་གནས་ནས་བརྩམ། །རྒྱས་པ་སེར་པོའི་གོས་ལ་སོགས། །ཉི་མ་སྔ་དྲོ་རྒྱས་པ་བརྩམ། །ཞི་བ་དཀར་པོའི་གོས་ལ་སོགས། །དཀར་པོའི་ཉི་མའི་དང་པོར་བརྩམ། །སྲོད་ལ་ཤར་དུ་ཁ་བལྟས་འགྱུར། །འཇམ་པོའི་སྟན་ལ་གནས་ནས་ནི། །སྒྲུབ་པ་ལས་དང་རྗེས་མཐུན་པས། །བྱམས་དང་སྙིང་རྗེ་ལྡན་བསམས་ནས། །ལས་ཀྱི་རྗེས་མཐུན་རྣལ་འབྱོར་གྱིས། །ཞི་ལ་བྱམས་པས་ཀུན་ཏུ་སྤྱད། ཅེས་གསུངས་སོ་ཞེས་དྲངས་པ་བཞིན་དུ་བྱའོ། །བྱང་དུ་ཁ་བལྟས་ཞི་བ་ལ། །དེ་བཞིན་རྒྱས་ལ་ཤར་དུ་བལྟ། །དྲག་པོའི་ལས་སྤྱི་ལ་ཁ་ལྷོ་ཕྱོགས་སུ། །བལྟ་དབང་གི་:སྐལ་ལྡན་:དབང་དང་དགུག་:པ་ཚབ:པ། ལས་ལ་ནུབ་ཏུ་བལྟ། །སྟེ་དགུག་པ་ལ་དབང་དང་དྲག་པོ་གཉིས་ལས་དབང་གི་དགུག་པའོ། །གསོད་པ་ཉིད་ལ་མེ་ཡི་ཕྱོགས། །སྡང་བ སྟེ་དབྱེ་བ ར་བྱ་བ་ལ་བདེན་བྲལ་དུ། །བལྟའོ། །གནས་ལས་ཏེ་ནས་བསྐྲད་པ་ལ་རླུང་གི་ཕྱོགས། །སུ་བལྟའོ། །གནོན་པ་སྟེ་རེངས་པར་བྱེད་པ་ལ་ནི་དབང་ལྡན་ཕྱོགས། །སུ་བལྟའོ། །ཞི་ལ་ལས་རྣམས་སྒྲུབ་པའི་ཚེ་ཁ་དོག་གི་ཁྱད་པར་ནི། དཀྱིལ་འཁོར་གྱི་ལྷ་དང་མེ་ལྷ་དང་ཆས་གོས་དང་མཆོད་རྫས་ཐམས་ཅད་དཀར་པོ་སོགས་སུ་བྱའོ། །ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོར་བྱ། །དབང་དང་དགུག་པ་དག་ལ་དམར། །ཁ་དོག་ནག་པོ་གསོད་པ་ལའོ། །དྲག་ལས་རྨོངས་རེངས་ལ་ནི་སེར་པོར་བཤད་དོ། །ལས་རྣམས་སྒྲུབ་པའི་ཚེ་བསམ་པའི་ཁྱད་པར་ནི་ཁབྱམས་པའི་སེམས་ཀྱིས་དང་ཀཞི་བ་ལ། །ནི།༢ཕུན་ཚོགས་སྒྲུབ་པ་ལ་དགའ་བའི་སེམས་ཀྱིས་དང་རྒྱས་པ་ལ། །ནི། ཁ བསྒྲུབ་བྱ་ལ་ཆགས་པའི་སེམས་ཀྱིས་དང་ཀདབང་གི་ལས་དག་ལ། །ནི།


JLD004_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཁབསྒྲུབ་བྱ་ལ་ཁྲོས་བའི་སེམས་ཀྱིས་བྱ་ཀགསོད་པ་སོགས་ཀྱི་དྲག་ལས་ལ ནི་གའོ། །ལས་རྣམས་བསྒྲུབ་པའི་ཞག་གཅིག་གི་དུས་ནི། ཞི་བ འི་ལས་རྣམས་ཕལ་ཆེར་སྲོད་ལ་བྱ། །བ་ནི་དུས་ཚིགས་ཏེ་དེ་ལ་བསྔགས་པའི་དུས་ཡིན་གྱི་ཞག་གཅིག་གི་སྐབས་གཞན་དུ་མི་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་ཕལ་ཆེར་ཞེས་གསུངས་སོ། །རྒྱུད་རྡོར་ཕྲེང་ལོགས་སུ་བསྒྱུར་བ་ལས་ཞི་བ་ཐོ་རངས་བྱ་ཞེས་པ་ནི་དཔེ་མ་དག་པ་ལས་བསྒྱུར་བའོ། །དེ་བཞིན་ཞེས་པ་ནི་རྒྱས་པ་ཡང་ཕལ་ཆེར་སྔ་དྲོ་སྟེ་ནང་པར་བྱ། །བ་ཡང་བསྔགས་པའི་དུས་སོ། །དབང་དང་མངོན་སྤྱོད་དག་གི་ལས། །ཉི་མ་གུང་དང་མཚན་ཕྱེད་ལའོ། ༈ །རྫོགས་པའི་རིམ་པ་ཟུང་འཇུག་ལ་གནས་པས། །ཕྱིའི་ཁ་ལྟ་ཕྱོགས་དང་ཆས་གོས་མི་མཐུན་པ་དང༌། ཕྱིའི་དུས་ལ་མི་ལྟོས་པས་ནང་གི་བདག་ཉིད་ཅན་གྱི་དུས་ལ་བརྟེན་ཏེ། ཞི་བ་ལ་སོགས་པའི་ལས་རྣམས་བྱའོ། །ཞེས་བྱ་བ་ནི་རྫོགས་རིམ་པས་ལས་སྒྲུབ་པའི་ཁྱད་པར་ཏེ། ཁྱད་ཆོས་སོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་རྒྱུད་ནི་ཤྲ་དྷཱ་དང་སྐལ་ལྡན་གྲགས་པས་དགོངས་པ་ལུང་སྟོན་ལ་བཤད་པ་ལྟར་བྱའི་རྡོ་རྗེ་ཕྲེང་བ་མིན་ནོ། །ད་ལྟ་འགྱུར་བའི་དགོངས་པ་ལུང་སྟོན་ལ་མི་སྣང་ཡང༌། རྒྱུད་དེའི་བསྒྱུར་འཕྲོ་ལས་འདུག་པས་དེར་ཡོད་པ་མི་འགལ་ལོ། །ལས། ཕྱག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་ནང་གི་བདག་ཉིད་ཅན་གྱི་དུས་ཞེས་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ནང་གི་བདག་ཉིད་ཅན་གྱི་དུས་རླུང་


JLD004_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་དངོས་གྲུབ་བསྒྱུབ་བ་ནི་ཉན་ཐོས་སོགས་ལ་ལྟོས་ན་རྒྱུད་སྡེ་འོག་མ་གསུམ་ནི་གསང་:པ་ཚབ:གསང་བ་ཆེན་པོ་བས་ཤིན་ཏུ་གསང་བ་ཟེར། བ་ཆེན་པོ་ཡིན་ལ། དེ་གསུམ་ལས་ཀྱང་ཚུལ་འདི་ཤིན་ཏུ་གསང་བ འོ་ཤིན་ཏུ་ཕྲ་བ་ནི་བླ་ན་མེད་པའི་བསྐྱེད་རིམ་པ་རྣམས་ཀྱིས་མངོན་དུ་གྱུར་པའི་ཡུལ་མིན་པའོ། །རླུང་གི་དངོས་གྲུབ་བསྒྲུབ་པ་འདི་ནི་བྱང་ཆུབ་ཀྱི་སེམས་འོད་གསལ་ཀྱིས་བྱིན་གྱིས་བརླབས་པའི་མཐུ་ཡིན་ཏེ། རླུང་གི་བྱེད་ལས་ནི་སེམས་ཅན་གྲོལ་བར་བྱེད་པའི་ཕྱིར་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཡིན། །ཞེས་པ་དེ་དང་འདྲའོ། །སྦྲུལ་ལ་སོགས་པའི་སྔགས་རྣམས་ཀྱི་བསྒྲུབ་བྱ་སྒྲུབ་པ་ལ་དངོས་གྲུབ་གྲུབ་པ་དང་འདྲ་བ་ཡིན། །ནོ། །སྔགས་ཀྱི་བསྒྲུབ་བྱ་གང་ཞེ་ན་ཞི་དང་རྒྱས་པའི་ལས་དག་དང༌། །དེ་བཞིན་དབང་དང་མངོན་སྤྱོད་གྲུབ་པ་ཡིན་ལ། །དེ་བསྒྲུབ་པ་ལ་རླུང་བསྔགས་སོ། །རླུང་དེ་ཉིད་ཀྱིས་སྐལ་བ་དང་ལྡན་པར་བྱེད་པས་བཅོམ་ལྡན་དང་དབང་པོའི་ཤེས་པས་གཟུང་བྱ་མིན་པ་དང༌། དེ་ལ་གོམས་པས་གཟུང་འཛིན་གྱི་རྣམ་རྟོག་ཞི་བ ར་བྱེད་པ་དང་སྟེ། །སེམས་ཀྱི་བཞོན་པར་གྱུར་ནས་སེམས་འཁྲིད་པས་ན་སེམས་ཀྱི་དབྱིངས་ཏེ་རྒྱུ་དང་དེ་བཞིན་གཤེགས་པ་སྔར་བཤད་པའང་ཡིན། །ནོ། །མེ་ཏོག་ལ་དྲི་གནས་པ་ཇི་ལྟར་བར། །དེ་བཞིན་དུ་འགྲོ་བ་རྣམས་ཀྱི་འི་སྙིང་ལ་སྟེ། སེམས་ལའང་རླུང་གནས། །སོ། །མེ་རླུང་གི་རྗེས་ལ་རླུང་གི་རླུང་རྒྱུ་བ་སོགས་ཀྱི་རིམ་ནི་རླུང་བཞི་པོ་དེ་རྒྱུ་བའི་གོ་རིམས་བཤད་པ་ཇི་བཞིན་དུ། །བཞི་པོ་དེ་གང་གིས་གཙོ་བོ་བྱས་ནས་རྒྱུ་བའི་ཡུན་ནི་དགུ་བརྒྱ་པ་ཕྲག་རེའི་ཐུན་ཕྱེད་ཀྱི་ནི་དུས་སུ་གནས། །སོ། །མེ་དང་


JLD004_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དང་དབང་ཆེན་དང༌། །ཆུ་སྟེ་དེ་འདྲ་བ་དེ་ཡང་སོ་སོའི་དཀྱིལ་འཁོར་ཏེ། །རེ་རེས་གཙོ་བོ་བྱས་ནས་རྒྱུ་བའི་ཡུན་ཡིན་ནོ། །དེ་བཞིའི་ཁ་དོག་ནི་དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་ཏེ་བཤད་པའོ། །མཉམ་གནས་ཀྱི་རླུང་ནག་པོར་བཤད་པ་རྣམས་ལེའུ་གསུམ་པའི་སྐབས་སུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །རྒྱུད་ཀྱི་གཞུང་དེ་དག་གི ས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། ཆུའི་དཀྱིལ་འཁོར་གྱི་རླུང་སྲོག་འཛིན་སྙིང་གའི་འགྲེལ་པ་འདིར་རྩ་འཁོར་ཞེས་མ་བཤད་པར་སྙིང་གའི་པདྨ་ཞེས་སོགས་གསུངས་པ་རྣམས་ཀྱི་དོན་ནི་རྩ་འཁོར་ལ་གོ་བར་བྱ་སྟེ། བཤད་རྒྱུད་རྡོར་ཕྲེང་ལས། འཁོར་ལོའི་མིང་ཅན་པདྨ་རྣམས། །རིམ་གྱིས་རིམ་གྱིས་བྱེ་བར་འགྱུར། ཞེས་གསུངས་པ་ལྟར་རོ། །པདྨ་ལ་གནས་པ་དེའི་དེའི་ཞེས་པ་བཞི་འབྱུང་བའི་འི་རྣམས་འགྱུར་གསར་གཉིས་ལ་མེད་དོ། །འབྱུང་བའི་དུས་སུ། འོད་འོད་ཟེར་ཞེས་པ་བཞི་ཀ་རླུང་བཞིའི་ཁ་དོག་སྟོན་པར་གཟུང་ངོ༌། །ཟེར་ཁ་དོག་དཀར་པོར་བྱུང་ནས་ཐུན་ཕྱེད་དུ་སྟེ་དགུ་བརྒྱ་པ་ཕྲག་གཅིག་ཏུ་གནས་ཏེ་དེའི་ཚེ་རྡོར་བཟླས་ཀྱི་ཞི་བ་ཆེན་པོ འི་ལས་བྱའོ། །དབང་ཆེན་གྱི་དཀྱིལ་འཁོར་བཤང་རྒྱུད་རྡོར་ཕྲེང་ལས། འདོམས་ན་གནས་པའི་ཐུར་སེལ་ནི། ཞེས་རྒྱུ་ཞབས་ཀྱི་གསང་གནས་ཀྱི་འཁོར་ལོར་གནས་པར་གསུངས་ཤིང༌། ཡང་དེ་ཉིད་ལས། ཧཱ་ནི་ཐུར་སེལ་མིང་ཅན་རླུང༌། །བཤང་སྒོ་གསང་པའི་དབུས་ན་གནས། ཞེས་གསུངས་པའི་གསང་བའི་པདྨ་ཐུར་སེལ་གྱི་གནས་དངོས་གཞི་ཡིན་པས་བཤང་སྒོར་གནས་པ་ནི། ཐུར་སེལ་གྱིས་དྲི་ཆེན་བཤང་


JLD004_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ཐུར་དུ་སེལ་བ་ལ་དགོངས་སོ། །དེ་བཞིན་དུ་བཤང་སྒོའི་པདྨར་གནས་པ་ཞེས་འབྱུང་བ་ཡང་གསང་བའི་པདྨ་ལ་དགོངས་པའོ། །སྒོའི་པདྨར་གནས་པ་དེའི་འབྱུང་བ་ན་འོད་ཟེར་ཁ་དོག་སེར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་ཏེ་དེའི་ཚེ་རྒྱས་པ་བྱའོ། །འདིར་ཐུགས་རྗེ་ཞབས་ཀྱིས། སྒྲུབ་ཐབས་སུ་སྭ་ཡིག་ལྟེ་བ་དང༌། རྐང་པ་གཉིས་ལ་ཧཱ་དགོད་པར་གསུངས་པས། བཤང་སྒོའི་པདྨར་གནས་པའི་རླུང་ནི་རླུང་གི་རླུང་ལ་བྱའོ། ཞེས་ཟེར་བ་མི་ལེགས་སོ། །མེའི་དཀྱིལ་འཁོར་གྱི་རླུང་གྱེན་རྒྱུ་ལྐོག་མའི་པདྨ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་གནས་པ་དེའི་འབྱུང་བ་ན། འོད་ཟེར་དམར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་ཏེ་དེའི་ཚེ་དབང་དང་དགུག་པ་དག་བྱའོ། །རླུང་གི་དཀྱིལ་འཁོར་གྱི་རླུང་མཉམ་གནས་ལྟེ་བའི་པདྨ་སྤྲུལ་པའི་འཁོར་ལོ་ལ་གནས་པ་དེའི་འབྱུང་བ་ན། འོད་ཟེར་གནག་ཅིང་སྔོ་བ་བྱུང་ནས་ཐུན་ཕྱེད་དུ་གནས་ཏེ་དེའི་ཚེ་དྲག་པོའི་ལས་བྱའོ། ༈ །ད་ནི་ལེའུ་ལ་འཇུག་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དམ་ཚིག་ནི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཞི་བ་ནི་རིམས་ལ་སོགས་པ་ཉེ་བར་ཞི་བའོ། །དེ ར་:ཆག:འགྲོ་བ ༡་བྱེད་པས༢་ན་ཞི་བའི་དམ་ཚིག་གོ །དེ ར་འགྲོ་བ་ནི་འདི་ལྟར་ཁྱད་པར་དུ་གྱུར་པས་ན་མཆོག་སྟེ། རྡོ་རྗེ་འཆང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཁྱད་པར་ལ་སྙོམས་པར་ཞུགས་པའོ། །ལེའུ་འདིར་ཕྲེང་སྔགས་བཅུ་གསུམ་གྱིས་ལས་སྒྲུབ་པའི་སྐབས་སུ། སྟན་པ་ཏིང་ངེ་འཛིན་སོ་སོ་ལ་སྙོམས་པར་


JLD004_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ནི། རང་རང་གི་སྐབས་ཀྱི་ལྷ་རྣམས་དང་དེ་རྣམས་སྐྱེད་པའི་ཏིང་ངེ་འཛིན་དབྱེར་མེད་པས་སོ་སོར་མ་ཕྱེ་བ་དང༌། ལྷ་དང་སྔགས་དེ་དང་དེས། ལས་དེ་དང་དེ་བསྒྲུབ་པར་བྱ་བ་ཅིག་བཤད་སྙམ་དུ་ཐུགས་རྩེ་གཅིག་ཏུ་བཞག་པའོ། །སྔགས་ཕྱུང་བ་ནི་ལྷ་དང་དབྱེར་མེད་པའི་སྔགས་སྒྲའི་རྣམ་པར་ཕྱུང་བ་སྟེ་དེ་ཐམས་ཅད་ལ་གོ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སྒྲུབ་པ་པོ་རྣམས་སོ། །དེ་རྣམས་ཀྱིས་བཙུན་མོའི་སྐད་དོད་བྷཱ་རྱཱ་ལ་ངེས་ཚིག་གི་དྷཱ་ར་ཡི་ཏ་བྱཾ་ཞེས་པ་གཟུང་བར་བྱ་བ་ཡིན་པས་ན་བཙུན་མོ་སྟེ་གཟུངས་སྔགས་ཡིན་ལ། གཟུངས་སྔགས་དེ་རྡོ་རྗེ་འཆང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྡུས་པ་ལས་སྒྲའི་ཚུལ་དུ་ཕྱུང་ཞིང་བཀའ་སྩལ་པའོ། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཡིན་ལ་སྔགས་འདིའི་མིང་ནི་སྦྲུལ་ཞེས་བྱ་སྟེ། ཐོག་མར་ༀ་ཡིག་གདེངས་ཀ་འདྲ་བ་དང། བར་དུ་སྦྲུལ་གྱི་ལུས་ལྟ་བུ་དང༌། མཐར་སྭཱ་ཧཱ་མཇུག་མ་ལྟ་བུ་ཡོད་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། ཐོག་མར་ༀ་ལྡན་ཐ་མར་ནི། །སྭཱ་ཧཱར་ཡང་དག་ལྡན་པ་འདི། །སྦྲུལ་ཏེ་ཞི་བའི་ལས་ཅན་དུ། །སྔགས་སྟོན་རྣམས་ཀྱིས་ཤེས་པར་བྱ། ཞེས་གསུངས་པས་སོ། །སྔགས་ཀྱི་མིང་བསྟན་ནས། སྔགས་ཀྱི་དོན་བཤད་པར་བྱ་སྟེ། འདི་ལྟ་སྟེ། ཡི་གེ་ཨ་དང༌། ཨུ་ལས་ཨོ་དང༌། ཨཾ་གྱི་ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་ལ་ཐིག་ལེ་ཨོ་ལ་བྱིན་པས་ༀ་མོ། །སྟེ། དེ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་འཇོག་ལུགས་ནི། སྐལ་ལྡན་གྱིས། ཨ་མི་བསྐྱོད་པ། ཨུ་སྣང་མཐའ། མ་ཡིག་རྣམ་སྣང་དུ་འཆད་ལ། ལོཙྪ་པ་ཁ་ཅིག །ཨདྷེ་ཧ་ཙ་ལུས། ཨུ་ཙ་ར་ངག །


JLD004_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾ་མ་ན་ཙ་ཡིད་དུ་འདོད་དོ། །གྱུར་པས་ༀ་ཞེས་བྱ་སྟེ། དེ་ལྟར་ཤེས་ནས་ༀ་ཡིག་བརྗོད་པས་བསོད་ནམས་ལེན་པ་སྟེ་དགེ་བ་སྡུད་པ། །རུ་རུ་ཞེས་བྱ་བ་ལ། རུའི་སྒྲ་ནི་སྔགས་ཀྱི་:ཆག:སྔགས་ཀྱི་ལྷའི་ཚོགས་སོ་ཟེར། ལྷ་རྣམས་ཀྱི་གནས་སོ། །སྥུ་རུ་:པ་ཚབ:སྥུ་རུ་ནི་སྤྲོ་བ་ལ་སྟེ་གསལ་བར་མཛོད་ཅིག་པའོ་ཟེར། དོན་ནི་སྤྱན་མ་དང་རྣམ་སྣང་སོགས་ཀྱི་ལྷའི་ཚོགས་་འོད་ཟེར་སྤྲོས་ཏེ། བསྒྲུབ་བྱ་ལ་ནད་མེད་པ་སོགས་གསལ་བར་མཛོད་ཅིག་ཅེས་པའོ། །ཞེས་བྱ་བ་ནི་སྥུ་རུ་སྥ་ར་ཎ་སྟེ་གསལ་བར་བྱེད་པའོ། །ཛྭ་ལ་ནི་གཟི་བརྗིད་ཡིན་ལ། དེ་ཡང་འདིར་ཤིན་ཏུ་ཡང་ནད་ཀྱི་ཟུག་རྔུ་སྲེག་པའི་གཟི་བརྗིད་དང་ལྡན་པར་མཛོད་ཅིག་པའོ། །ཏིཥྛ་ཞེས་པ་ནི་བརྟན་པའམ་བཞུགས་ཤིག་པ་སྟེ། དེ་ཡང་འདིར་བདག་གི་བསམ་པ་མ་ལུས་པར་རྫོགས་པར་བྱ་བའི་ཕྱིར་བཞུགས་ཤིག་པའོ། །སིདྡྷ་ལོ་ཙ་ནེ་ཞེས་པ་ནི་གྲུབ་པའི་སྤྱན་ཞེས་པ་སྟེ། དེ་ཡང་འདིར་ཐོགས་པ་མེད་པར་གྲུབ་པའི་ལོ་ཙ་ན་སྟེ། སྤྱན་གང་ལ་ཡོད་པ་དེ་ནི་སིདྡྷ་ལོ་ཙ་ནེ་ཞེས་བྱའོ། །སརྦ་ནི་ཐམས་ཅད་ཨརྠ་ནི་དོན་སཱ་དྷ་ནི་གྲུབ་པ་ཞེས་པ་འདི་ནི་ཀྱེ་དོན་ཐམས་ཅད་གྲུབ་པ་ཞེས་ལྷ་ལ་བོད་པའོ། །སྭཱཧཱ་ཞེས་བྱ་བ་ནི་ཞི་བ འི་ལས་གསལ་བར་བྱེད་པའི་ས་བོན་ཏེ་འདིར་ཞི་བའི་ལས་ཀྱི་གཟི་བརྗིད་བསྐྱེད་པར་བྱ་བའི་ཕྱིར་སྔགས་སྤེལ་བར་བྱ་སྟེ། སྤེལ་ལུགས་ཇི་ལྟ ར་བྱ་ཞེ་ན། སྭཱཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཞེས་བྱ་བ ནི་འོ་། །ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་ཆེ་གོ་མོའི་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་པའོ། །འདིར་ཕྲེང་སྔགས་རྣམས་ཀྱིས་ལས་སྒྲུབ་པ་ལ་བསྐྱེད་རིམ་བརྟན་པ་སོགས་སྔར་དང་འདྲ། ཁྱད་


JLD004_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་འོག་ན་འཆད་པ་ལྟར་སྔགས་གང་གིས་ལས་སྒྲུབ་པའི་སྔགས་ལ་འབུམ་ཕྲག་གཅིག་དང༌། ལས་ཐམས་ཅད་པའི་དབང་གི་ཐབ་ཏུ་སྔགས་དེས་ལྷ་དབང་དུ་བྱེད་པའི་སྦྱིན་སྲེག་ཁྲི་ཕྲག་གཅིག་བྱ་བ་སྔོན་དུ་གཏོང་བ་ནི་སྔགས་ལ་གཞོལ་བས་ལས་སྒྲུབ་པ་ཐམས་ཅད་ལ་འདྲའོ། །འདིར་རྣམ་སྣང་གི་སྒོ་ནས་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་བྱས་ལ། ལས་རྒྱལ་མཆོག་གི་དུས་སུ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་གི་འཁོར་ལོ་ལ་ཏིང་ངེ་འཛིན་སེམས་དཔའ་ༀ་བསམ། དེ་ལ་སྔགས་ཀྱི་ཡི་གེ་རྣམས་གཡས་སྐོར་དུ་མགོ་གྱེན་བསྟན་ཁ་དོག་དཀར་པོས་བསྐོར་བ་དགོད། མདུན་དུ་ཟླ་བའི་སྟེང་དུ་བསྒྲུབ་བྱ་ནད་པ་ལྟ་བུ་དེ་བསམ། སྔགས་ཀྱི་ཕྲེང་བ། མུ་ཏིག་སྟར་ལ་བརྒྱུས་པ་བཞིན་བྱུང་ནས། རང་གི་སྣ་བུག་གཡོན་ནས་ཕྱུང༌། བསྒྲུབ་བྱའི་སྣ་བུག་གཡས་ནས་བཅུག་ལ། སྙིང་གར་བཀོད་པའི་འོད་ཀྱིས་བསྒྲུབ་བྱའི་ལུས་ལ་ཡོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤ་ཟའི་གཟུགས་སུ་བསྒྲུབ་བྱའི་སྣ་བུག་གཡོན་པ་ནས་ཕྱིར་ཕྱུང་བར་བསམས་ལ། སྔགས་བཟླས་པས་ནད་ལ་སོགས་པ་ཞི་བར་འགྱུར་ཏེ། བླ་མ་སྔ་མ་རྣམས་ཀྱིས་བཞེད་པའོ། །འདིར་སྔགས་ཀྱི་ཡི་གེ འི་གཟུགས་དང་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ནི་ཁ་དོག་དཀར་པོ་ཉིད་དུ་བསམ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གཟུངས་འདི་ནི་གསུངས་ཙམ་གྱིས་ཏེ་འདི་བཀའ་སྩལ་མ་ཐག་གི་མོད་ལ་ཡང་འབྱོར་པ་ཀུན་ལ་དགྱེས་པ་རྣམས་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ནད་མེད་པར་བཞེད་པའི་འཁོར་རྣམས་སོ་འོ་། །སངས་རྒྱས་རྡོ་རྗེ་ནི་རྣམ་པར་སྣང་མཛད་སྟེ་དེ་རྗེས་སུ་དྲན་


JLD004_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཉེས་ཤིང་ཡིད་མགུ་བར་གྱུར་ཅིང་དགྱེས་པར་གྱུར་པས་རྩེ་གཅིག་པར་གྱུར་པ་ཐོབ་པར་གྱུར་ཏོ། །རྣམ་སྣང་རྗེས་སུ་དྲན་པར་བཤད་པས་ནི་ལས་འདི་རྣམ་སྣང་གི་སྒོ་ནས་བྱ་བར་བསྟན་ནོ། །སངས་རྒྱས་ནི་སྒྲུབ་པ་པོར་མངོན་པར་འདོད་པ་རྣམས་སོ། །དེ་རྣམས་ཀྱི་ཞི་བ་འབྱུང་བ འོ་སྟེ། གཟུངས་འདི་གཙོ་བོར་ཞི་བ་བསྐྱེད་པ་ཡིན་ཀྱང་ཞི་བ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། བསྐུལ་བ་སྟེ་རྒྱས་པ་སོགས་ཀྱི་སྤེལ་ཚིག་དང་ཁ་དོག་གསུམ་དང་བསམ་པ་གསུམ་པོ འི་བྱེ་བྲག་གིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པའོ། །རྡོ་རྗེ་དམ་ཚིག་ནི་རྣམ་པར་སྣང་མཛད་སྟེ་དེ་བསྐུལ་བར་བྱེད་པས་ན་རྡོ་རྗེ་དམ་ཚིག་བསྐུལ་བར་མཛད་མ་སྟེ་གཟུངས་སོ། །ཤི་བ་སློང་བར་བྱེད་པས་ན་ཤི་བ་སོས་པར་བྱེད་པར་ཞེས་བྱ་སྟེ། དེ་དག་ནི་སྔགས་ཀྱི་མཐུ་གསུངས་པ་ཡིན་ནོ། །གསུངས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ་ཞེས་པ་སྟེ་སྡུད་པར་བྱེད་པའི་ཚིག་གོ ། ༈ དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་གསུམ་ནི་ཁམས་གསུམ་མོ། །དེ་དང་མཉམ་པར་རྗེས་སུ་འཇུག་པའི་ཕྱིར་སྐུ་གསུམ་གྱི་དམ་ཚིག་ནི་ཁྲོ་བོ མི་བསྐྱོད་པ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་གང་ཡིན་པ་དེ་ནི་སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་སྟེ་བཅོམ་ལྡན་འདས་སོ། །དངོས་པོ་ནི་དངོས་པོའི་སྐད་དོད་བྷ་བ་ལ་བྷ་བནྟི་འབྱུང་བ་སྟེ། སྒྲུབ་པ་པོའི་ཡིད་ལ་རྣམ་པར་འཚེ་བར་བྱེད་པའི་དོན་དུ་འབྱུང་བར་བྱེད་དོ། ཞེས་བྱས་ནས་བགེགས་རྣམས་སོ། །དེ་


JLD004_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མེད་པས་དངོས་པོ་མེད་པའོ། །དེའི་དམ་ཚིག་ནི་འདའ་བར་མི་བྱ་བའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་དམིགས་པའོ། །རྡོ་རྗེ་འཛིན་ཐམས་ཅད་ནི་གདུག་པ་ཅན་ཐམས་ཅད་འཇིགས་པར་མཛད་པས་རྡོ་རྗེ་འཛིན་པའོ། །དེའི་གཙུན་མོའི་མཆོག་ནི་གཙུན་མོའི་མཆོག་ལྟར་གཟུངས་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་སྟེ།གཟུངས་ལ་བཙུན་མོ་ཞེས་པ་ནི་སྔར་བཞིན་ནོ། །མཱ་མ་ཀཱིའི་གཟུངས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ༀ་ཞེས་བྱ་བ་ལ་སོགས་པ་ལ། མིང་ནི་སྦྲུལ་ཏེ་ༀ་གྱི་དོན་ནི་བཤད་ཟིན་ཏོ། །ཤཾ་ཀ་རེ་ཤཱནྟིཾ་ཀ་རེ་ཞེས་པ་དང༌། འོག་གི། གྷུཊྚི་ནི་ཞེས་པ་གཉིས་སྦྲེལ་བ་ནི་བོད་པའོ་སྟེ། གྷུཊྚ་དང་གྷཱ་ཏ་ཡ་ཞེས་པ་གཉིས་ནི་རྦོད་པའོ། །ཤཾ་ཀ་རེ་ཞེས་པའི་ཤི་གི་སྒྲ་ལ་ཤ་མ་ཨུ་པ་ཤ་མ་ནི་ཉེ་བར་ཞི་བའོ་སྟེ། །དེ་ཡང་བགེགས་གདུག་པ་རྣམས་ཉེ་བར་ཞི་བར་མཛད་པས་ན་ཤཾ་ཀ་རེའོ། །བགེགས་གདུག་པ་རྣམས་ཉེ་བར་ཞི་བའི་འོག་ཏུ་དེ་དག་གིས་བྱས་པའི་ནད་ཞི་བར་མཛད་པས་ན་ཤཱནྟིཾ་ཀ་རེའོ། །གྷུཊྚ་ནི་གདུག་པ་རྣམས་གཞིག་པར་གྱིས་ཤིག་ཅེས་རྦོད་པ་སྟེ། གྷུཊྚ འི་སྒྲ་ནི་རབ་ཏུ་འཇོམས་པའོ། །ཞེས་སྒྲའི་དབྱིངས་ལས་བཤད་པའི་ཕྱིར་རོ། །གྷུཊྚི་ནི་གྷུཊྚི་ནི་ཞེས་པ་ནི་གདུག་པ་རྣམས་རབ་ཏུ་བརླག་པ་སྟེ་ཤིན་ཏུ་རྦོད་པའི་ཕྱིར་ལན་གཉིས་སྨོས་སོ། །གྷཱ་ཏ་ཡ་ཞེས་པ་ནི་འཁོར་རྣམས་ཀྱང་རློག་ཏུ་ཆུག་ཅིག་པ་སྟེ། འདི་ལ་ཧ་ན་ནི་འཚོ་བ་ལ། །ཞེས་


JLD004_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་ལས་བཤད་ཅེས་པའོ། །དེ་ཡང་གྷ་ཞེས་པའི་ཧའི་སྒྲ་ལས་ཡིན་ཟེར་རོ། །འདིར་ཡང་སྭཱཧཱའི་སྔོན་དུ་འགྲོ་བའི་ཆེ་གོ་མོ་རཀྵ་རཀྵ་ཞེས་བྱ་བ་དང་པ་ནི་ༀ་ཤཾ་ཀ་རེ་ཤཱནྟིཾ་ཀ་རེ་གྷུཊྚ་གྷུཊྚ་གྷུནྚི་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུཊྚི་ནི། ཆེ་གེ་མོ་ལ་རཀྵ་རཀྵ་སྭཱཧཱ་ཞེས་པའོ། །སྤེལ་ལོ། །མི་བསྐྱོད་པའི་ཏིང་ངེ་འཛིན་གཞན་གཉིས་སྔོན་ཏུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་བསྲུང་བྱ་གང་ཡིན་དེའི་མགོ་ལ་ཧཱུཾ་ལས་མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བའི་ལྟེ་བར་མཱ་མ་ཀཱི་སེམས་དཔའ་སུམ་བརྩེག་ཏུ་བསྐྱེད་པའི་ཏིང་ངེ་འཛིན་སེམས་དཔའི་མཐར་ཕྲེང་སྔགས་བཀོད། དེ་ལས་འཕྲོས་པའི་རྡོ་རྗེ་ཕྲ་མོ་རྣམས་གཅིག་ཏུ་གྱུར་པའི་རྡོ་རྗེའི་གོ་ཆས་སྤྱི་གཙུག་ནས་རྐང་པའི་བར་གོ་བགོས་པར་བསམ་ལ། སྔགས་བཟླས་ན་བསྲུང་བ་ཆེན་པོར་འགྱུར་ཏེ་ཕལ་ཆེ་བ་སྙིམ་ཏོག་གི་དགོངས་པའོ། །དེ་ནས་ཞེས་བྱ་ལ་སོགས་པ་ལ། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་:ཆག:དང་རང་བཞིན་དབྱེར་ཀྱིས་མི་ཕྱེད་པས་རྡོ་རྗེ་ལྟ་བུའི་ལུས་གང་ཡིན་པ་དེ་ནི་སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོའོ། །དེ་དགའ་བས་མཉེས་པའི་སྤྱན་གྱི་ཨུཏྤལ་གདངས་ནས་སུ། རྡོ་རྗེའི་ཐུགས་ནི་སྟེ་མི་བསྐྱོད་པ་རྗེས་སུ་དྲན་ནོ། །བདུད་ལ་སོགས་པ་ལས་བསྲུང་བ་དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །དེའི་སྦྱོར་བ་ལ་བསྲུང་བའི་ལས་ཀྱི་མཆོག་རྣམས་ལ་རྟག་ཏུ་སྟེ། དུས་ཐམས་ཅད་དུ་སྐུ་གསུམ་གྱི་དངོས་གྲུབ་རྩོལ་བར་བྱེད་པའོ། །གཞན་ཡང་རྡོ་རྗེ་ཆེན་པོ་འཇིགས་ཉེན་ནི། བགེགས་དང་ལོག་འདྲེན་གྱི་འཇིགས་པའོ། །དེས་གདུངས་ཤིང་གཟིར་བ་རྣམས་ལ་རྟག་ཏུ་སྟོབས་ནི་བྱེད་པ་སྟེ། བགེགས་གཞན་གྱིས་མི་ཐུབ་པའི་སྟོབས་སུ་འགྱུར་བའོ། །བཤད་


JLD004_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་བྱ་བ་ནི་གཟུངས་ལ་བྱའོ། །རིན་རིན་འབྱུང་ལ་བརྟེན་ནས་མཱ་མ་ཀཱིའི་གཟུངས་ཀྱིས་རྒྱས་པའི་ལས་བསྒྲུབ་ནའང་ཁ་བསྒྱུར་བའི་ཚུལ་གྱིས་ཤེར་པར་བྱའོ། །པོ་ཆེའི་རིགས་ཀྱི་གཟུངས་ཀྱང་འདི་ཉིད་ཡིན་ཏེ། མཱ་མ་ཀཱི་ནི་རིགས་གཉི་གའི་ཐུན་མོང་དུ་གྱུར་པ་ཡིན་པའི་ཕྱིར་རོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །འདོད་ཆགས་ཆེན་པོའི་དམ་ཚིག་ནི་འོད་དཔག་ཏུ་མེད་པའོ། །དེ་ཏིང་ངེ་འཛིན་གང་གིས་གཟིགས་ཤིང་ཡུལ་དུ་བྱས་པ་དེ་ནི། འདོད་ཆགས་ཆེན་པོའི་དམ་ཚིག་ལ་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །ཆོས་ཀྱི་དམ་ཚིག་གི་སྐུ་ནི་པདྨའི་རིགས་ཀྱི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་ནང་ན་བཙུན་མོའི་མཆོག་ཡིན་ཞིང་ཁྱད་པར་དུ་བཅང་བ་སྟེ་གཟུང་བ ར་བྱ་བ་ཡིན་པས་ན། བཙུན་མོའི་མཆོག་སྟེ་གཟུངས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བའོ། །ༀ་ཞེས་བྱ་བ་ལ་སོགས་པ་ལ། ཀ་ཊེ་ཞེས་བྱ་བ་ནི་ཤིན་ཏུ་:ཆག:དམན་པ་གསོ་བ་སྟེ་ཟེར། གསོ་བ་ལ་རྣོ་བ་སྟེ། ཀ་ཊ་ཀྲིཙྪ་ཛི་བ་ནེ་ཞེས་སྒྲའི་གཞུང་ལས་ཟེར་བས་ཏེ་བྱུང་བ་ནི་ཕོངས་པ་རྣམས་གསོ་བ་ལ།ཞེས་བཤད་དོ། །བི་ཀ་ཊེ་ཞེས་པ་ནི་ཕོངས་པ་རྣམས་ཁྱད་པར་དུ་གསོ་བའོ། །ནི་ཀ་ཊེ་ཞེས་པ་ནི་ཉེ་བ་སྟེ། འདིར་སྒྲུབ་པ་པོ་དང་ཉེ་བའོ། །ཀ་ཊཾ་ཀ་ཊེ་ཞེས་པ་ནི་ཤིན་ཏུ་ཡང་གསོ་བའོ། །འདིར་སྭཱཧཱའི་སྔོན་དུ་འགྲོ་བའི་ཆེ་གོ་མོ་པུཥྚ່་ཀུ་རུ་བཽ་ཥཊ་ཅེས་བྱ་བ་དང་སྔགས་སྤེལ་ལོ། །ཞེས་


JLD004_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ༀ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཆེ་གེ་མོའི་དྷཱ་ན་དྷཱནྱ་ཡ་པུཥྚ່་ཀུ་རུ་བཽ་ཥཊ་སྭཱཧཱ། ཞེས་པའོ། །འདིར་འོད་དཔག་མེད་ཀྱི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་དུས་སུ་མདུན་དུ་པདྨ་སེར་པོའི་གདན་ལ་བསྒྲུས་བྱ་བསམ་ལ། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་སེར་པོ་བྱུང་བ་རང་གི་སྣ་བུག་གཡས་པ་ནས་འཐོན། བསྒྲུབ་བྱའི་སྣ་བུག་གཡོན་ནས་ཞུགས་སྙིང་གའི་པདྨ་སེར་པོའི་སྟེང་དུ་བཀོད་ནས་དེ་ལས་འོད་ཟེར་སེར་པོ་འཕྲོས་པས། བསྒྲུབ་བྱའི་སེར་སྣ་སོགས་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། ལུས་འོད་ཟེར་སེར་པོས་བཀང་། སྔགས་ཀྱི་རང་བཞིན་གྱི་འོད་ཟེར་སེར་པོ་འཕྲོས། དེ་ལས་རིན་པོ་ཆེ་བརྒྱད་ཀྱི་བུམ་པས། རིན་པོ་ཆེ་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ་འབྱིན་པར་བསམ་ཞིང༌། གོས་དཀར་མོའི་ཐུགས་ཀ་ནས་གསེར་དངུལ་གྱི་ཡི་གེ་ཕྱུང་ནས། བསྒྲུབ་བྱ་ལ་དབང་བསྐུར་ཞིང་རྒྱས་པར་བསམས་ན་ནོར་དང་འབྲུ་ལ་སོགས་པ་འཕེལ་བར་འགྱུར་རོ། །ཡང་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་པའི་སྔགས་ཀྱི་འཕྲེང་བ་བསྒྲུབ་བྱའི་སྙིང་གར་བཀོད། དེའི་འོད་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་ལ་རྨོངས་པའི་སྡིག་སྒྲིབ་བསྲེགས། ལུས་ཐམས་ཅད་སྔགས་ཀྱི་འོད་ཟེར་སེར་པོས་བཀང་། འོད་ཟེར་ཕྱིར་འཕྲོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆོས་དང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པར་བསྡུས་ཏེ་བསྒྲུབ་བྱ་ལ་ཐིམ་པར་བསྒོམ་ཞིང༌། ཆེ་གེ་མོའི་དྷརྨཱ་པུཥྚ່་ཀུ་རུ་བཽ་ཥཊ་ཅེས་བཟླས་ན་ཆོས་རྒྱས་པར་འགྱུར་རོ། །འདི་གཉིས་ཀྱི་སྔ་མ་ནི་བླ་མ་རྣམས་ཀྱི་མན་ངག་དང༌། ཐུགས་རྗེ་ཞབས་ཀྱིས་བཤད་པ་ལ་བརྟེན་པ་ཡིན་ལ། ཕྱི་མ་ནི་བླ་མ་སྔ་མ་རྣམས་ཀྱི་མན་ངག་ལ་བརྟེན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས། ཞེས་བྱ་བ་ནི་པདྨའི་རིགས་ལ་ལྷག་པར་མོས་པ་རྣམས་སོ། །རྡོ་རྗེ་


JLD004_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ནི་རྗེས་སུ་དྲན། ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པ་ལ་དམིགས་པར་བྱེད་པས་མཉེས་ནས་བསམ་གཏན་ཏེ་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་བ་རྙེད་པར་གྱུར་པའོ། །ཆོས་ནི་ཆེད་དུ་བརྗོད་པ་ལ་སོགས་པའོ། །ཞེས་པ་ནི། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང༌། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ལ་ཕབ་རྨད་བྱུང་ཆོས་ཏེ། །དེ་ལྟར་ཡན་ལག་བཅུ་གཉིས་གསུངས། ཞེས་འདོན་པ་ལྟར་རོ། །ཚིག་གསལ་ལས། “བསྟན་པ་རྣམ་པ་དགུར་གསུངས་པ་ལྟར་ན། རྟོགས་བརྗོད་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་རབས་གསུམ་གླེང་གཞིར་བསྡུས་པའོ། །དེ་འདྲ་བའི་གསུང་རབ་ལ་མཁས་པར་སྒྲུབ་པའི་ལས་ཚོགས་གཅིག་གོ །རྒྱས་པ་ནི་ལུས་རིད་པ་རྒྱས་པ ར་བྱེད་པ་དང་པོ། །སྟོབས་ནི་བྱ་བ་རྣམས་ལ་སྤྲོ་བ་ཆེན་པོ་སྒྲུབ་པ་སྟེ། གཉིས་པ། །མཛོད་པོ་ཆེ་ནི་ནོར་དང་འབྲུ་ལ་སོགས་པ་འཕེལ་བར་བྱེད་པ་སྟེ། གསུམ་པའོ། །དེ་དག་ཐམས་ཅད་རྡོ་རྗེ་གསུང་གི་བཀའ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་པ་པོས་བཟླས་ཤིང་བཏོན་པ་ཙམ་གྱིས་ཀྱང་བྱེད་པར་འགྱུར་བའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་པའོ། །དམ་ཚིག་ཀུན་ནས་འབྱུང་བ་ནི་དོན་ཡོད་གྲུབ་པ་སྟེ། དེ་གང་གིས་འབྱུང་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །དེའི་སེམས་དཔའ་ནི་དོན་ཡོད་པར་གྲུབ་པའི་རིགས་ཀྱི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་ནང་ན་བཙུན་མོའི་མཆོག་ཡིན་ཞིང་ཁྱད་པར་དུ་བཅང་བར་བྱ་ཞིང་གཟུང་བར་བྱ་བ་


JLD004_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ན་བཙུན་མོའི་མཆོག་སྟེ། གཟུངས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བའོ། །ༀ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཏཱ་རེ་ཞེས་བྱ་བ་ནི་སྒྲོལ་བ་སྟེ། སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་མཛད་པས་ན་སྒྲོལ་མའོ། །ཏུཏྟཱ་རེ་ཞེས་བྱ་བ་ནི་ནད་རྣམས་ལས་སྐྱོབ་པར་མཛད་པ་སྟེ། ཏུཏ་ཏ་རེ་ནི་ཉམ་ཐག་པ་རྣམས་སྐྱོང་བ་སྟེ་ཏྲེང་ནི་”ཏྲཻང་ནི་:ཆག:སྐྱོབ་པ་ལའོ་ཞེས་སྒྲའི་བྱིངས་ལས་བཤད་དོ། །སྐྱོང་བའོ། །ཏུ་རེ་ནི་ཏུ་ར འི་སྒྲ་ནི་ཏྭ་ར་ནེ་སྟེ། མྱུར་སྐྱོབ་པས་སོ་:ཆག:ཟེར། དུ་མཛད་པའོ། །ཚིག་འདི་གསུམ་ཅར་ཡང་བོད་པའོ། །འདིར་སྭཱཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་བ་ཤ་མཱ་ན་ཡ་ཞེས་བྱ་བ་དང་སྔགས་སྤེལ་བར་བྱའོ། ། ཞེས་པ་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གོ་མོ་ཝ་ཤཾ་མཱ་ན་ཡ་ཧོ་སྭཱཧཱ། ཞེས་པའོ། །འདིར་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་སྒྲོལ་མ་དམར་མོའི་ཏིང་ངེ་འཛིན་སེམས་དཔའི་མཐའ་མར་སྔགས་ཕྲེང་དམར་པོ་གཡས་སྐོར་དུ་བཀོད་དེ་སྤེལ་ཚིག་དང་བཅས་པ་བཟླས་ཤིང༌། མདུན་དུ་སྣ་ཚོགས་རྡོ་རྗེའི་སྟེང་དུ་བསྒྲུབ་བྱ་གསལ་བར་དམིགས་ཏེ། རང་གི་ཏིང་ངེ་འཛིན་སེམས་དཔའ་ལས་འཕྲོས་པའི་སྔགས་ཀྱི་ཡི་གེའི་ཕྲེང་བ་དམར་པོ་སྣ་བུག་གཡས་སམ། ཁ་ནས་ཕྱུང༌། བསྒྲུབ་བྱའི་སྣ་བུག་གཡོན་ནམ་ཁའི་སྒོ་ནས་ཞུགས་ཏེ། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དམར་པོས་གང་བས་བདག་ལ་མ་གུས་པའི་སྡིག་སྒྲིབ་བསྲེགས། སྐྱེས་པ་ཡིན་ན་སྙིང་གའི་པདྨ་དམར་པོ་བསྐུལ། བུད་མེད་ཡིན་ན་གསང་གནས་ཀྱི་པདྨ་དམར་པོ་བསྐུལ་ནས། དེའི་སེམས་ཟླ་བའི་དཀྱིལ་འཁོར་དམར་པོ་ལྟ་བུ་བླངས་ཏེ། དེའི་མཚན་གྱི་སྒོ་ནས་བྱུང་ནས་སྒྲོལ་མའི་སྙིང་གར་ཟླ་བ་དམར་པོ་དང་གཉིས་སུ་


JLD004_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གྱུར་ཏེ། དེ་ཉིད་དུ་འདུག་པར་བསམ་ཞིང༌། བསྒྲུབ་བྱ་དེ་ཡང་སྙིང་ཕྲོགས་པས་བདག་ཉིད་ཀྱི་རྐང་པ་ལ་བཏུད་ནས་བཀའ་ནོད་པར་བསམ་མོ། །གལ་ཏེ་བསྒྲུབ་བྱ་དེ་བླ་མ་ལྟ་བུ་གཞན་ཞིག་གི་དབང་དུ་བྱས་པར་འདོད་ན། ལེའུ་བཅུ་གསུལ་པ་ལས་གསུངས་པའི་དབང་དུ་བྱེད་པའི་ཆོ་གས་དབང་བསྐུར་ལ། དེའི་ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་དམར་པོ་བཀོད། དེའི་འོད་ཟེར་གྱིས་སྤྲོ་བསྡུ་སྔར་བཞིན་བྱ་ཞིང༌། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོའི་བ་ཤཾ་མཱ་ན་ཡ་ཧོ། ཞེས་བཟླས་ན་བསྒྲུབ་བྱ་དེ་དབང་དུ་འགྱུར་རོ། །འདི་ཡང་བླ་མ་སྔ་མ་རྣམས་ཀྱི་མན་ངག་དང༌། སྙིམ་ཏོག་ལས་བཤད་པ་ལ་བརྟེན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀུན་ནི་དོན་ཡོད་པར་གྲུབ་པའོ། །དེའི་བདག་ཉིད་ཆེ་བ་ལས་སྐྱེས་པ་ནི་དེ་ལ་ལྷག་པར་མོས་པ་རྣམས་སོ། །མཉེས་པ་ནི་མགུ་བར་གྱུར་པའོ། །ཡེ་ཤེས་ནི་སེམས་རྩེ་གཅིག་པའོ། །ཐོབ་གྱུར་ནས་ཞེས་པ་ནི་རྙེད་པར་གྱུར་པའོ། །རྡོ་རྗེའི་སྐུ་ནི་དོན་ཡོད་པར་གྲུབ་པའོ། །རྗེས་སུ་དྲན་པ་ནི་བསྒོམས་པའོ། །སངས་རྒྱས་ནི་སྐྱེས་བུའི་གཙོ་བོ་ནི་ཁྱིམ་བདག་དང༌། བློན་པོ་ཆེན་པོ། །རྡོ་རྗེ་ནི་སྙིང་སྲ་ཞིང་ང་རྒྱལ་ཤིན་ཏུ་ཆེ་བ་རྣམས་སོ། །སྡེ་ཆེན་ནི་རྒྱལ་པོ་རྣམས་སོ། །སེམས་ཅན་ཁམས་ནི་འཇིག་རྟེན་ཐ་མལ་བ་རྣམས་ཏེ། དེ་དག་མ་ལུས་པར་ཏེ། ཀུན་ནས་རྣམ་པ་ཐམས་ཅད་དུ་སྐད་ཅིག་གིས་ནི་ཞེས་པ། འཕྲལ་དུ་བྲན་བཞིན་དུ་དབང་དུ་འགྱུར་ཞིང༌། སྔར་བཤད་པ་ཐམས་ཅད་སྒྲུབ་པ་པོའི་དབང་དུ་གྱུར་པས། གཡོ་མེད་པ་སྟེ་སེམས་དང་བྲལ་བ་བཞིན་དུ་གཞན་གྱི་དབང་དུ་འགྱུར་རོ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་ནི་སྡུད་པར་བྱེད་པའི་ཚིག་གོ ། ༈ དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་


JLD004_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་པར་བཤད་དོ། །དྲི་མ་མེད་པའི་འོད་ཟེར་ནི་འོད་ཟེར་དཀར་པོའོ། །དེའི་ཚོགས་ནི་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་ནོ། །དེ་རྡོ་རྗེ་ལྟར་མི་ཕྱེད་པས་ན་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་རྡོ་རྗེ་ནི་རྣམ་པར་སྣང་མཛད་སྟེ། མི་ཤིགས་དབྱེར་མེད་:ཆག:པའི་ཕྱིར། དེ་བསྐྱེད་པའི་ཟེར། པའི་ཕྱིར་རོ། །རྣམ་སྣང་དེ་དང་དེའི་ཏིང་ངེ་འཛིན་གཉིས་དབྱེར་མེད་པའི་ཕྱིར། རྣམ་སྣང་དེ་སྐྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་གཤིན་རྗེའི་གཤེད་པོ་ཆེན་པོ་ཞེས་བྱ་བ། རྡོ་རྗེ་ཁྲོ་བོ་སྔགས་ཀྱི་བདག་ཉིད་ཅན་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ན་མཿ ཕྱག་འཚལ་ལོ་ས་མནྟ་ཀུན་ནས་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཾ་ཞེས་བྱ་བ་ནི། ཀུན་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཕྱག་འཚལ་ལོ། ཞེས་བྱ་བའི་དོན་ཏེ། འདི་ནི་སྔགས་འདོན་པའི་དུས་སུ་སྔགས་པ་རྣམས་ཀྱི་དང་པོར་གདོན་པར་བྱ་བ་ཡིན་ནོ། །ༀ་ཞེས་པ་མན་ཆད་ཀཞེས་བྱ་བ་ལ་སོགས་པ་ཁནི་སྔགས་ཀྱི་ཚིག་དངོས་གཞིའོ་གོ་།ཁ་ཟོ་ཁ་ཟོ་ཞེས་པ་ནི་གཤིན་རྗེ་གཤེད་ཀྱིས་སོ། །ཁཱ་ཧི་ཟོ་ཤིག་ཁཱ་ཧི་ཟོ་ཤིག་སྟེ་འཁོར་རྣམས་ཟར་ཆུག་ཅིག་པའོ་ཞེས་པ་ནི་ཟོ་ཤིག་ཟོ་ཤིག་ཅེས་པ་སྟེ།ཁགཤིན་རྗེ་གཤེད་ལ་ཀགདུག་པ་རྣམས་ཟ་བའི་ཕྱིར་གརྦོད་པའོ། །སརྦ་ཐམས་ཅད་དུཥྚ་གདུག་པ་ཅན་སཏྭ་སེམས་ཅན་ད་མ་ཀ་འདུལ་བ་པོ་ཞེས་པ་ནི་སེམས་ཅན་གདུག་པ་ཐམས་ཅད་འདུལ་བ་པོའོ། །ཨ་སི་རལ་གྲི་མུ་ས་འམ་ཤ་ལ་གཏུན་ཤིང་པ་ར་ཤུ་


JLD004_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་སྟ་པཱ་ཤ་ཞགས་པ་ཧསྟ་ཕྱག་ཞེས་པ་ནི་ཕྱག་འཚན་ཏེ། རལ་གྲི་དང་གཏུན་ཤིང་དང་དགྲ་སྟ་དང་ཞགས་པ་རྣམས་ཕྱག་ན་བསྣམས་པའོ། །ཙ་ཏུར་བཞི་མུ་ཁ་ཞལ་ཙ་ཏུར་བྷུ་ཛ་ཕྱག་ཥཊྩ་དྲུག་ར་ཎ་ཞབས་ཞེས་པ་ནི་སྐུའི་ཆ་ལུགས་ཏེ་ཞལ་བཞི་དང་ཕྱག་བཞི་དང་ཞབས་དྲུག་དང་ལྡན་པའོ། །ཨཱ་གཙྪ་ཚུར་བྱོན་ཨཱ་གཙྪ་ཚུར་བྱོན་ཞེས་པ་ནི་དགུག་པ་སྟེ། ཚུར་སྤྱོན་ཚུར་སྤྱོན་ཞེས་བོད་པའི་དོན་ཏོ། །སརྦ་དུཥྚ་པྲཱཎ་སྲོག་ཨཱ་བ་ཧཱ་རརྀ་ཎི་འཕྲོག་པ་ཞེས་པ་ནི་ཁྲོ་བོའི་རང་བཞིན་ཏེ་མ་རུངས་པ་ཐམས་ཅད་ཀྱི་སྲོག་འཕྲོག་པར་མཛད་པའོ། །སྲོག་འཕྲོག་པར་བྱེད་པ་འདི་བགེགས་ཆེན་པོ་ལ་མི་བྱའི་གཤིན་རྗེ་གཤེད་ལ་བྱའོ། །མཧཱ་ཆེན་པོ་བིགྷྣན་བགེགས་གྷཱ་ཏ་ཀ་གསོད་པ་ཞེས་པ་ནི་བགེགས་ཆེན་པོ་སྟེ་གཤིན་རྗེ་གསོད་པའོ། །བི་རྣམ་པར་ཀྲི་ཏཱ་འགྱུར་བ། ན་ན་འགྱུར་རྙིང་དང་ཆག་འགྱུར་ལས་ཏཱ་རིང་པོར་བྱས་ནས་ནན་ཞེས་བྱས། པ་ཚབ་ཀྱིས་ཏ་ཐུང་ངུར་བྱས་ནས་ཨ་ན་ན་ཞེས་བྱས་ཏེ་དོན་ནི་ཞལ་ལོ། །ཞལ་སརྦ་བྷཱུ་ཏ་འབྱུང་པོ་བྷ་ཡཾ་འཇིགས་པར་ཀ་ར་མཛད་པ་ཞེས་པ་ནི་ཞལ་རྣམ་པར་འགྱུར་བས་ནི་ཁྲོ་གཉེར་བསྡུས་པའོ། །འབྱུང་པོ་ཐམས་ཅད་འཇིགས་པར་མཛད་པ་ཞེས་པའི་དོན་ཏོ། །ཨ་ཊྚ་ཊྚ་ཧཱ་ས་ནཱ་དི་ནེ་ཞེས་པ་ནི་སྐྲག་པར་བྱེད་པའི་སྒྲ་སྟེ་ཧ་ཧ་ཞེས་སྒྲ་སྒྲོགས་པའོ། །བྷྱཱ་གྷྲ་སྟག་ཙརྨ་ལྤགས་པ་ནི་བ་ས་ན་གོས་ཞེས་བྱ་བ་ནི་སྟག་གི་པགས་པ་ཤམ་ཐམས་སུ་མནབས་པ་སྟེ། སརྦ་དུཥྚ་ནས་འདི འི་བར་དག་ནི་གཤིན་རྗེ་གཤེད་ལ་བོད་པའི་ཚིག་ཡིན་ནོ། །ཀུ་རུ་མཛོད་


JLD004_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་ཡག་པོ་རེད་མེད།༽ ཀུ་རུ་མཛོད་སརྦ་ཀརྨཱ་ཎི་ལས་ཞེས་པ་ནི་ལས་ཐམས་ཅད་མཛོད་ཅིག་མཛད་ཅིག་ཅེས་པའི་དོན་ཏོ། །ཚིནྡ་ཆོད་ཚིནྡ་ཆོད་སརྦ་མན་ཏྲཱན་སྔགས་ཞེས་པ་ནི་གཞན་གྱི་སྔགས་ཐམས་ཅད་ཆོད་ཅིག་ཆོད་ཅིག་ཅེས་པའོ། །བྷིནྡ་ཕུག་བྷིནྡ་ཕུག་པ་ར་གཞན་ནམ་ཕ་རོལ་མུད་ཏྲཱ་མ་མུད་ཏྲ་ན་:པ་ཚབ:དང་:ཆག:མུ་ཏྲན་ཞེས་ཀྱང་ཟེར་ཏེ་དོན་འདྲ་བར་མངོན་ནོ། །ཕྱག་རྒྱ་ཞེས་པ་ནི་ཕ་རོལ་གྱི་ཕྱག་རྒྱ་ཕུག་ཅིག་ཕུག་ཅིག་པའོ། །ཨཱ་ཀརྵ་ཡ་ཁུག་ཅིག་ཨཱ་ཀརྵ་ཡ་ཁུག་ཅིག་སརྦ་བྷུ་ཏཱ་ནན་ཞེས་པ་ནི་འབྱུང་པོ་ཐམས་ཅད་ཁུག་ཅིག་ཁུག་ཅིག་པའོ། །མ་ཐ་མ་ཐ་ཞེས་པ་ནི་ཆོམས་ཤིག་ཆོམས་ཤིག་པའོ། །ནིརྨ་ཐ་ནིརྨ་ཐ་སརྦ་དུཥྚན་ཞེས་པ་ནི་མ་རུངས་པ་ཐམས་ཅད་ངེས་པར་ཐུལ་ཅིག་ངེས་པར་ཐུལ་ཅིག་པའོ། །པྲ་བེ་ཤ་ཡ་ཆུག་ཅིག་པྲ་བེ་ཤ་ཡ་ཆུག་ཅིག་མཎྜལ་དཀྱིལ་འཁོར་མ་དྷྱེ་ནང་དུ་ཞེས་པ་ནི་དཀྱིལ་འཁོར་གྱི་ནང་དུ་ཆུག་ཅིག་ཆུག་ཅིག་པ་སྟེ། ཀུ་རུ་ནས་འདིའི་བར་འདི་དག་ནི་རྦོད་གཏོང་བྱ་བའི་ཚིག་གོ །བཻ་བ་སྭ་ཏ་དང་བཻ་བ་ཤྭ་ཏ་ནི་རྣམ་གྲངས་སོ། །ཛཱི་བི་ཏཱན་ཏ་ཀ་ར་ཞེས་བྱ་བ་ལ་བཻ་བ་སྭ་ཏ་ཞེས་པ་ནི་ཉི་མའི་བུ་སྟེ་གཤིན་རྗེའོ། །ཛཱི་བི་ཛཱི་བི་ཏ་ཞེས་པ་ཏ་ཐུང་ངུར་བྱས་པ་ནི་སྲོག་གོ །ཏྲ་རིང་པོའི་ཁོང་གི་ཨ་བཏོན་ནས་ཨནྟ་ཀ་ར་ཞེས་པའི་ཨནྟ་མཐའ་དང་ཀ་ར་བྱེད་པའི་དོན་ནོ། །ཏཱན་ཏ་ཀ་ར་ཞེས་པ་ནི་དེའི་སྲོག་མཐར་བྱེད་པ་སྟེ། དེའི་སྲོག་རྣམ་པར་འཇིག་པར་བྱེད་པ་ཞེས་པའི་དོན་ཏོ། །མ་མ་བདག་གི་སརྦ་ཀརྱཾ་བྱ་བ་ཀུ་རུ་ཀུ་རུ་ཞེས་པ་ནི་བདག་གི་བྱ་བ་ཐམས་


JLD004_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གྱིས་ཤིག་གྱིས་ཤིག་པ་སྟེ། བདག་གི་བྱ་བ་རྣམས་སྒྲུབས་ཤིག་པའོ། །ད་ཧ་སྲེགས་ད་ཧ་སྲེགས་ཞེས་པ་ནི་སྡིག་པ་ཐམས་ཅད་སྲེགས་ལ་ཐལ་བར་གྱིས་ཤིག་པའོ། །པ་ཙ་ཚོས་པ་ཙ་ཚོས་ཞེས་པ་ནི་སྡིག་པ་ཐམས་ཅད་ཚོས་ཤིག་པའོ། །མཱ་བི་ལམ་བ། མཱ་བི་ལམ་པ་ཞེས་པ་ནི་མ་ཐོགས་མ་ཐོགས་ཞེས་པ་སྟེ། དུས་རིང་པོར་སྡོད་པར་མ་བྱེད་ཅིག་པའོ། །ས་མ་ཡ་དམ་ཚིག་མ་ནུ་རྗེས་སུ་སྨ་ར་དྲན་པ་ཞེས་པ་ནི་དམ་ཚིག་རྗེས་སུ་དྲོན་ཅིག་པ་སྟེ། དམ་ཚིག་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་བཀའ་རྗེས་སུ་དྲན་པར་གྱིས་ཤིག་པའོ། །ཧཱུཾ་ཧཱུཾ་ཞེས་པ་ནི་བགེགས་གཞིག་པའི་ཕྱིར་དེ་རྣམས་ལ་སྡིགས་མཛུབ་བྱ་བ་སྟེ་མཛོད་ཅིག་པ། །ཕཊ་ཕཊ་ཅེས་པ་ནི་བགེགས་རྣམས་དགས་པའོ། །བི་རྣམ་པར་སྥོ་ཊ་ཡ་ཁོས་ཤིག་བི་རྣམ་པར་སྥོ་ཊ་ཡ་ཁོས་ཤིག་ཞེས་བྱ་བ་ནི་བགེགས་རྣམས་རྣམ་པར་དགས་པ་སྟེ་ཁོས་ཤིག་པའོ། །སརྦཱན་ནཱ་ཤ་ཡ་ཞེས་པ་ནི་པ་ཚབ་གྱིས། སརྦཱ་ན་ཤ་ཡ། རི་སཱུན་ཀ་ར་ཀ་ར་ནི་བགེགས་རྣམས་གཏུབས་ནས་ཕྱོགས་བཅུར་རྣམ་པར་གཏོར་ཅིག་པའོ། ཞེས་བསྒྱུར་ཏེ། བིགྷྣན་ཞེས་པ་མེད་དོ། །རི་སཱུན་ཞེས་པ་གཏུབ་པའམ་གཏོར་ཞེས་པ་ལའང་འགྲོ་བ་འདྲ་སྟེ་དཔྱད་དོ། ། :ཆག:སརྦན་ན་ཤ་ཡ་རི་སུན་ནི་དགྲ་ཐམས་ཅད་རློག་ཅིག་པའོ་ཞེས་ཟེར། དགྲ་ཐམས་ཅད་རློག་ཅིག་པའོ། །ཀ་ར་ཀ་ར་བིགྷྣན་ཞེས་པ་ནི་འདི་ནས་གཏོར་ཅིག་བའི་བར་ནི་ཆག་འགྱུར་དང་ཡང་འདྲའོ། །བགེགས་རྣམས་གཏུབས་ལ་ཕྱོགས་བཅུར་གཏོར་ཅིག་པའོ། །སརྦ་ཨ་ཤཱ་བསམ་པ་པ་རི་པཱུ་ར་ཀ་


JLD004_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་མཛད་ཞེས་པ་ནི་བསམ་པ་ཐམས་ཅད་རྫོགས་པར་མཛད་པའོ། །ཧེ་ཀྱེ་ཧེ་ཀྱེ་བྷ་ག་ཝཱན་ཞེས་པ་ནི་ཀྱེ་ཀྱེ་བཅོམ་ལྡན་འདས་ཞེས་བོད་པའོ། །ཀིཉྩི་རཱ་ཡ་སི་ཞེས་པ་ནི་ཅིའི་ཕྱིར་ཡུན་རིང་པོར་ཐོགས་ཞེས་པའོ། །མ་མ་སརྦ་ཨརྠཱ་ན་ཞེས་པ་ནི་བདག་གི་དོན་ཐམས་ཅད་དོ། །སཱ་དྷ་ཡ་ཞེས་པ་ནི་སྒྲུབས་ཤིག་པའམ་རྫོགས་པར་མཛོད་ཅིག་པའོ། །འདིར་སྭཱཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲི་ཞེས་བྱ་བ་དང་སྔགས་སྤེལ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་འདིར་སྔགས་ཀྱི་རྒྱལ་པོ་གསུངས་པ་ཙམ་གྱིས་སོ། །སངས་རྒྱས ཀུན་བུདྡྷ་ནི་ཤེས་པ་ལ་འཇུག་པས་སངས་རྒྱས་སོ། །ཅི་ཞིག་ཤེས་ཤེ་ན། :པ་ཚབ:སྒྲུབ་པ་པོས་གདུལ་བ་ཉིད་དུ་ཤེས་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཏེ་ཞེས་པ་ལྟར་ཏེ། དོན་ནི་བརྒྱ་བྱིན་ལ་སོགས་པ་སྒྲུབ་པ་པོས་འགུགས་པའི་ཐབས་དེས་རང་འདུལ་བར་མཐོང་ནས་འཇིགས་པའོ། །ཞེས་པ་ནི་དེ་ཉིད་བསྒྲུབ་པར་བྱ་བ་ཉིད་དང༌། གདུལ་བར་བྱ་བ་ཉིད་དུ་ཤེས་པས་ན་སངས་རྒྱས་ཏེ། བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བའི་གྲགས་པ་ཆེན་པོ་རྣམས་སོ། །འཇིགས་ཤིང་ཞེས་པ་ནི་འཁྲུལ་པའོ། །ཀུན་ཏུ་སྐྲག་པར་གྱུར་ནས་ཞེས་པ་ནི་སེམས་འཁྲུགས་པའོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྗེས་སུ་དྲན་པ་ནི་སྐྱབས་སུ་སོང་བའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཞེས་པ་ནི་རྣམ་སྣང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་དུས་སུ་ཚངས་བུག་མེད་པ་བུད་མེད་ཀྱི་ཐོད་པ་ཡིན་ལ་དེ་མ་ཆག་པ་སྟེ། དུམ་བུར་མ་སོང་ཞིང་མ་


JLD004_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གས་པ་གས་པ་མེད་པ་ལ། གཟུགས་མཛེས་པ་ཡིད་དུ་འོང་ཞིང་སྟེ་ཡིད་ཚིམ་པར་བྱེད་པ་བླངས་ལ། དེའི་དབུས་སུ་དབུས་སུའི་སྐད་དོད་རྒྱབ་ཏུ་ཞེས་པ་ལའང་འཇུག་པས། :པ་ཚབ་ཆག:རྒྱབ་ཏུ་ཞེས་འབྱུང་ཡང་དབུས་སུ་ཞེས་པ་དག་གོ །རྒྱ་སྐྱེགས་ཀྱི་ཁུ་བས་གང་འགུགས་འདོད་པའི་བུད་མེད་ཀྱི་གཟུགས་བརྙན་བྲིས་ལ། གཟུགས་བརྙན་དེའི་སྙིང་ཁའི་ཕྱོགས་སུ་མིང་གི་ཡི་གེ་སྔགས་ཀྱི་མཐའི་སྭཱཧཱའི་སྔོན་དུ་སྤེལ་བ་རྣམ་པར་བཀོད་ནས། བསྒྲུབ་བྱའི་རྣམ་ཤེས་བཀུག་ནས་གཟུགས་བརྙན་ལ་བཅུག་སྟེ་དེ་དངོས་ཡིན་པར་བསམ་མོ། །རྐང་པས་མནན་པའི་ཚུལ་བྱས་ནས། ཞེས་བྱ་བ་སྟེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པ་སྟེ་མཚན་པར་བསམ་ལ།ཀརང་འི་ཁྲོ་བོ་གཤིན་རྗེ་གཤེད་དུ་བསྐྱེད་པའི་ཞབས་གཉིས་ལ་ཀྱི་གརྐང་པ་གཡས་བརྐྱང་བས། གནས་པས་དེའི་སྙིང་ཁར་མནན་ཏེ་ལྕགས་ཀྱུ་དེས་འགུགས་པའི་ལྕགས་ཀྱུ་ཕྱག་མཚན་གྱིས་ལྕགས་ཀྱུ་ལ་འདོད་པ་ཡོད་ཀྱང༌། འགྱུར་ཀུན་ལས་ལྕགས་ཀྱུ་དེས་ཞེས་འབྱུང་བས། ཞབས་ཀྱི་ལྕགས་ཀྱུ་ལས་སྤྲོས་པའི་ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ཁ་ནས་ཕུག་ནས། གང་མངོན་པར་འདོད་པའི་བུད་མེད་འགུགས་པར་གྱུར་པར་བསམས་ལ། སྔགས་འདི་རྗེས་སུ་དྲན་པར་བྱས་ནས་ཁྲོ་བས་གདོན་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། མཱ་མ་ཀཱི་འམ་ཞེས་བྱ་བ་ལ་སོགས་པ་སྟེ། མཱ་མ་ཀཱི་ནི་རྒྱལ་རིགས་ཀྱི་བུ་མོའོ། །སྤྱན་ནི་བྲམ་ཟེའི་རིགས་ཀྱི་བུ་མོའོ། །རྡོ་རྗེ་ནི་རྒྱལ་


JLD004_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་བློན་པོའོ། །དེ་རྣམས་ཀྱི་རིགས་ཆེན་ལས་བྱུང་བ་ནི་རིགས་མཐོན་པོའི་བུད་མེད་དོ། །ལན་གསུམ་ཞེས་བྱ་བ་ནི་དུས་གསུམ་དག་ཏུ་སྟེ། འཕྲེང་བའི་སྔགས་ཅི་ནུས་པ་བརྗོད་ན་ནི། དེ་མ་ཐག་ཏུ་སྟེ་ཞག་བདུན་གྱིས་ངེས་པར་འགུགས་པར་འགྱུར་ཞིང་ལུས་དངོས་སུ་ཁུགས་པར་འགྱུར་རོ། །སྐྱེས་པ་འགུགས་པར་འདོད་ན་སྐྱེས་པའི་ཐོད་པ་ལ་བཤད་མ་ཐག་པའི་ཆོ་གས་གཟུགས་བརྙན་བྲིས་ནས། གཡོན་བརྐྱང་བའི་གནས་པས་མནན་ལ་དགུག་པར་བྱ་སྟེ་ཁྱད་པར་ནི་དེ་དག་གོ །ཁྱད་པར་འདི་དག་མ་གཏོགས་པ་བུད་མེད་འགུགས་པ་དང་འདྲའོ། །བཅོམ་ལྡན་འདས་ཐུགས་རྡོ་རྗེས་དེ་སྐད་གསུངས་སོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོས་སོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །དེའི་འོད་ཟེར་ནི་མརྐ་ཏ་ལྟ་བུའི་མདོག་ཅན་གྱི་འོད་དོ་ཏེ་། སྟུག་པོའི་མཆོག་ནི་འོད་དེ་རྣམས་ཀྱིས་ནམ་མཁའ་ཁྱབ་པའི་དོན་འགྲུབ་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། ལྷ་དེ་དང་དེའི་ཏིང་ངེ་འཛིན་གཉིས་ཁྱད་པར་མེད་པས་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །མི་འཆི་བའི་དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་ལས་བྱུང་པའི་ཁྲོ་བོའི་སྔགས་ཀྱི་བདག་ཉིད་ཅན་ནི་ཁྲོ་བོ་སྟེ། སྔགས་ཀྱི་ཕྲེང་བ་འདི་རྡོ་རྗེ་འཆང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ན་མ་༔ཞེས་བྱ་བ་ལ་


JLD004_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དོན་ནི་བཤད་ཟིན་ཏོ། །ན་མོ་བཛྲ་ཀྲོ་དྷཱ་ཡ་ཁྲོ་བོ་མཧཱ་དཾཥྚོཊ་མཆེ་བ་ཀ་ཊ་གཙིགས་པ་བྷཻ་ར་བཱ་ཡ་འཇིགས་སུ་རུང་བ་ཨཱ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ་ཞེས་པ་ནི། རྡོ་རྗེ་ཁྲོ་བོ་ཆེན་པོ་མཆེ་བ་གཙིགས་པས་འཇིགས་སུ་རུང་བ། རལ་གྲི་དང་གཏུན་ཤིང་དང་དགྲ་སྟ་དང་ཞགས་པ་ཕྱག་ན་བསྣམས་པ་ལ་ཕྱག་འཚལ་ལོ་ཞེས། ཁྲོ་བོ་བདུད་རྩི་ཐབ་སྦྱོར་ཉིད་ལ་ཕྱག་འཚལ་བའོ། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ཚིག་གོ །ཨ་དེ་ལ་ཨས་བཀག་པས་མི་འཆི་བ་སྟེ་བདུད་རྩིའོ། །མྲི་ཏ་འཆི་བ་ཀུནྜ་ལི་འཁྱིལ་བ་ཞེས་པ་ནི་བདུད་རྩི་འཁྱིལ་བ་ཞེས་བོད་པའོ། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ནི་རྦོད་པ་སྟེ། ཟོ་ཤིག་པའོ། །ཏིཥྛ་མནོས་ཏིཥྛ་མནོས་ཞེས་པ་ནི་སྒྲུབ་པའི་དོན་དུ་མནོས་ཤིག་པའོ། །བན་དྷ་བན་དྷ་ཞེས་པ་ནི་ཆིངས་ཤིག་པའོ། །ཧ་ན་རྒྱོབ་ཧ་ན་རྒྱོབ་ཞེས་པ་ནི་རྒྱོབ་ཅིག་པའོ། །ད་ཧ་ད་ཧ་ཞེས་པ་ནི་སྲེགས་ཤིག་པའོ། །གརྫ་སྒྲོགས་གརྫ་སྒྲོགས་ཞེས་པ་ནི་གདུག་པ་རྣམས་འཇིགས་པའི་སྒྲ་སྒྲོགས་ཤིག་པའོ། །བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཞེས་པ་ནི་རྣམ་པར་དགས་ཤིག་པའོ། །བན་དྷ་ནས་འདིའི་བར་རྣམས་ཡུལ་གང་ལ་ཡིན་སྙམ་ན་སརྦ་ནི་བིགྷཱན་ནི་བགེགས་ཐམས་ཅད་དོ། །བི་ནཱ་ཡ་ཀཱན་ནི་ལྷ་ཆེ་པོའི་བུ་ལོག་འདྲེན་ནོ། །དེ་ལ་བི་ནི་རྣམ་པའོ། །ནཱ་ཡ་ཀ་ནི་འདྲེན་པ་ཡིན་པས་དྲང་པོར་བསྒྱུར་ན་རྣམ་འདྲེན་ཡིན་ཀྱང་ལོ་ཙྪ་པ་མཁས་པ་རྣམས་ཀྱིས། སངས་རྒྱས་ལ་ཡང་རྣམ་འདྲེན་ཞེས་མང་དུ་གསུངས་པ་དང་ཁྱད་པར་


JLD004_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དོན་དུ་ལོག་འདྲེན་ཞེས་བསྒྱུར་རོ། །དེ་དངོས་གང་ཡིན་ཞེ་ན་ག་ཎ་ཚོགས་པ་ཏི་བདག་པོ་སྟེ་ཚོགས་ཀྱི་བདག་པོའོ། །ཛཱི་བི་ཏཱན་ཏ་ཀ་རཱ་ཞེས་པ་ནི་སྲོག་མཐར་བྱེད་པ་སྟེ། ཁྲོ་བོ་བདུད་རྩི་ཐབ་སྦྱོར་ནི་ལོག་འདྲེན་འདུལ་བར་མཛད་པ་ཡིན་པས་འདི་སྐད་ཅེས་བྱའོ། །འདི་དག་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྠ་ཏིཥྠ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣན་བི་ནཱ་ཡ་ཀཱན་མཧཱ་ཀྲོ་དྷ། མཧཱ་དཾཥྚོཊ། ཀ་ཊ་བྷཻ་ར་བཱ་ཡ་ཨ་སི་མུ་ས་ལ། པ་ར་ཤུ་པཱ་ཤ་ཧསྟཱ་ཡ། མཧཱ་ག་ཎ་ཛཱི་བི་ཏི་ཨན་ཏ་ཀ་རཱ་ཡ་ཞེས་གདོན་པར་བྱའོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་ཨུད་:པ་ཚབ:ཨུ་ཙ་ཞེས་ཀྱང་ཟེར་ཙ་ཏ་ཡ་སྐྲོད་ཅིག་ཧཱུཾ་ཞེས་བྱ་བ་དང་སྔགས་སྤེལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་སྐུ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་རྗེས་སུ་དྲན་ཞིང་སྒོམ་པའོ། །སྔགས་རྣམས་ཀུན་ནི་སྐྲོད་པ་ལ་སོགས་པའི་དབང་དུ་བྱས་པའི་སྔགས་རྣམས་ཏེ། དེ་རྣམས་ཀྱི་སྦྱོར་བ་ཡོད་པའི་བསྒྲུབ་བྱ་རྣམས་ལ་ཡང་ལས་དེ་བྱའོ་ངོ་། །རྡོ་རྗེ་ནི་ཁབསྐྲད་པར་དཀའ་བ འོ་ཞེ ས་པ་ཀབསྒྲུབ་པར་བྱ་བ་སྟེ།གདེ་རྣམས་བསྐྲད་པའི་ལས་རྣམས་ལ་ཞེས་པ་ནི་རྟོག་པ་སྟེ་རྩ་རྒྱུད་དང་བཤད་རྒྱུད་ལས་བཤད་པའི་བྱ་བའི་ཆོ་གས་ལས་འདི་བྱའོ་སོ་། །སངས་རྒྱས་ནི་ལས་ཀྱི་ཚོགས་རྣམས་ལ་མཁས་པའོ། །དེ་རྣམས་ཉིད་ཀྱི་དཔུང་ནི་ཚོགས་ཏེ། དེ་དག་ཀྱང་རང་ཉིད་དོན་ཡོད་པར་གྲུབ་པའི་སྦྱོར་བ་དང་ལྡན་པས། ཚུལ་བཞིན་དུ་བྱས་ན་སྐྲོད་པར་འགྱུར་ཞིང་གནས་


JLD004_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕོ་བར་འགྱུར་རོ། །ལས་དེ་བྱ་བའི་རིམ་པ་ནི་འདིས་བྱ་སྟེ་ཞེས་པ་ནི་དོན་གྲུབ་ཀྱི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱས་ལ། ལས་རྒྱལ་མཆོག་གི་དུས་སུ་སྐེ་ཚེ་དང་ལན་ཚྭ་དང་ཏིལ་དང་དུག་དང་ད་ཏུ་རའི་ཁུ་བ་དང༌། མཛུབ་མོའི་ཁྲག་རྣམས་གཅིག་ཏུ་བྱས་ལ་དེ་དང་བྱ་རོག་གི་སྒྲོ་རྐང་གི་སྨྱུ་གུ ས་རོ་ལ་བཀབ་པའི་དུར་ཁྲོད་ཀྱི་རས་ལ་རླུང་གི་དཀྱིལ་འཁོར་ཟླ་གམ། ངོས་གཉིས་སུ་རྡོ་རྗེས་མཚན་པ་བྲིས་ལ། དེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་གི་ཡི་གེ་དང་སྔགས་སྤེལ་བ་བྲིས་ནས། བསྒྲུབ་བྱའི་རྣམ་ཤེས་དགུག་པ་མིང་ཡིག་ལ་འཇུག་པ་དང༌། དེ་ལ་བསྒྲུབ་བྱར་ཞེན་པ་སྔོན་དུ་འགྲོ་བས་མནན་ལ་སྔ་མ་གཤིན་རྗེ་གཤེད་ཀྱི་སྐབས་བཞིན་དུ་ཁྲོས་པས་བཟླས་ནས་དུར་ཁྲོད་དུ་སྦས་ན་ངེས་པར་བསྐྲོད་པར་འགྱུར་རོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རིན་ཆེན་ཏོག་ཅེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེའི་རྒྱལ་མཚན་གང་ལ་ཡོད་པ་དེ་ནི་རིན་ཆེན་ཏོག་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོའོ། །སངས་རྒྱས་ཀྱི་འོད་ཟེར་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་སྐྱེད་པའི་ཏིང་ངེ་འཛིན་ཀྱང་དེ་དང་དབྱེར་མི་ཕྱེད་པས་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། རྡོ་རྗེ་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་རང་གི་འི་སྔགས་ཀྱི་བདག་ཉིད་དུ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ན་མ་༔ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ༀ་


JLD004_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོའི་སྔགས་སོ། །དེའི་དོན་ནི་འདི་ཡིན་ཏེ། ༀ་ནི་སྔར་བཤད་ཟིན་ཏོ། །ཧཱུཾ་ནི་བགེགས་ལ་སྡིགས་མཛུབ་བྱེད་པའོ། །ཛི་ན་ནི་གཞན་གྱིས་མི་ཐུབ་པ་སྟེ་བོད་པའོ། །རི་ཊི་ཊྚ་ལྷོགས་ཤིག་པའོ། ཞེས་པ་ནི་བགེགས་རྣམས་ཕྱེ་མར་ལྷོགས་ཤིག་པའོ། །ཧཱུཾ་ཕཊ་ནི་སྔར་བཤད་ཟིན་ཏོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ་རཀྵ་ས་སྲིན་པོ་དྷི་བྷྱོ་ལ་སོགས་པ་རྣམས་ལས་བི་རྣམ་པར་མོ་ཙ་ཡ་ཁྲོལ་བར་མཛོད་ཅིག་ཧྲི་ཞེས་བྱ་བ་དང་སྤེལ་ལོ། །དེ་ནས་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་སྒྲུབ་:ཆག:སྒྲུབ་པ་པོས་བསྟེན་བྱ་མིན་པ་ཉིད་དུ་མངོན་པར་འདོད་པའི་ཕྱིར་སངས་རྒྱས་སོ་ཞེས་སོ། །དོན་ནི་སྲིན་པོ་སོགས་ཀྱིས་རང་ཉིད་སྒྲུབ་པ་པོས་ཚར་གཅད་བྱ་ཉིད་དུ་རྟོགས་པའོ། །པ་པོ་སྟེ། ངེས་པར་བསྟེན་པར་མངོན་པར་འདོད་པ་ཡིན་པའི་ཕྱིར་སངས་རྒྱས་སོ། །རང་གི་བྱ་བ་ལ་བརྩོན་འགྲུས་དང་ལྡན་པའི་ཕྱིར་བདག་ཉིད་ཆེ་སྐྱེས་ཀུན་ཏེ། འཇིགས་ཤིང༌ཀུན་ཏུ་སྐྲག་པར་གྱུར་པའོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །རྗེས་སུ་དྲན་པ་ནི་སྒོམ་པར་གྱུར་པའོ། །སྲིན་པོ་ནི་ཤ་ཟའོ། །མ་རུངས་པ་ནི་སེང་གེ་ལ་སོགས་པའོ། །གཏུམ་པོ་ནི་ཕྱིར་རྒོལ་བ་རྣམས་ཏེ། གནོད་པར་བྱེད་པ་རྣམས་དང་འཇིགས་པ་:པ་ཚབ:འཇིགས་ཆེན་འཁྲུགས་པ་ལ་ཞེས་སོ། །ཆེན་པོ་འཁྲུགས་པ་སྟེ། མེ་དང་སྦྲུལ་ལ་སོགས་པས་འཇིགས་པར་བྱེད་པའི་གནས་རྣམས་སུའོ། །རྡོ་རྗེ་སེམས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་རབ་ཏུ་སྦྱར་ཞིང་གཏོང་བས་ན། རྡོ་རྗེ་སེམས་


JLD004_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རབ་སྦྱར་ན་སྟེ་རིན་ཆེན་འབྱུང་ལྡན་ནོ། །དེ་བས་ན་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་དམིགས་ནས། ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལ་བཀའ་བསྒོའོ་ཞེས་བྱ་བར་དགོངས་སོ། །བཀའ་བསྒོ་བ་དེས་ཀྱང་ཅི་ཞིག་བྱེད་ཅེ་ན། ལས་རྣམས་ཏེ་བསྲུང་བ་ལ་སོགས་པའི་ལས་རྣམས་ཆོ་ག་བཞིན་དུ་སྟེ། “རྟོགས་པ་ལས་བྱུང་བའི་ཆོ་ག་བཞིན་དུ་བྱེད་པར་འགྱུར་བའོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། ཞེས་པ་ནི་རིན་འབྱུང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་དུས་སུ་རང་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་དང་ལྡན་པས། རྩ་ཕྱག་གི་ལག་པའི་མཐིལ་གཉིས་སུ་ཡི་གེ་ཧཱུཾ་རིང་པོ་རེ་རེ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་གཉིས་བསམས་ལ། གཞན་གྱིས་མི་ཐུབ་པ་ལ། ཆེ་གེ་མོའི་ལུས་ལ་ཞུགས་པའི་སྲིན་པོ་ལ་སོགས་པ་དྲོངས་ཤིག་ཅེས་བཀའ་བསྒོ་སྟེ། དེ་ནས་ཁྲོ་བོ་དེས་སྲིན་པོ་ལ་སོགས་པས་བཟུང་བའི་བསྒྲུབ་པར་བྱ་བའི་ལུས་སྤྲུགས་པ་ལས། སྲིན་པོ་ལ་སོགས་པ་ཕྱི་རོལ་ཏུ་དྲངས་པ་སྟེ་ཁྲིད་ནས། རིན་འབྱུང་ལ་ཕུལ་བ་ན། རིན་བྱུང་གིས་ཉི་མའི་དཀྱིལ་འཁོར་གཉིས་ཀྱི་དབུས་སུ་ཆུད་པར་བྱས་ལ། ཉི་མའི་འོད་ཟེར་གྱིས་བསྲེགས་ཏེ་ཐལ་བར་བྱས་པར་བསམས་ལ་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་ན་བསྒྲུབ་བྱ་བདེ་བར་གནས་པར་འགྱུར་ཏེ་ཞི་བའོ་རོ་། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚེ་དཔག་ཏུ་མེད་པ་བསྐྱེད་པས་ཚེ་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ།


JLD004_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ནི་འོད་དཔག་ཏུ་མེད་པའོ། །དེ་གང་དུ་འབྱུང་བའི་ཏིང་ངེ་འཛིན་ནི། དཔག་ཏུ་མེད་པའི་རྡོ་རྗེ་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་དམིགས་པའོ། །པདྨོ་ནི་འོད་དཔག་ཏུ་མེད་པའོ། །དེ་ལས་འབྱུང་བ་ནི་ཁྲོ་བོ་རྟ་མགྲིན་ཏེ། ཁྲོ་བོ་ཆེན་པོ་དེ་རང་གི་སྔགས་ཀྱི་བདག་ཉིད་དུ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ན་མཿ ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། སེམས་ཅན་གདུག་པ་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད། རྣམ་པར་གཞིག་པའི་སྡིགས་འཛུབ་བྱ་བའི་ཕྱིར་ཧཱུཾ་གསུམ་སྨོས་སོ། །ཏ་རུ་ལ་ཞེས་པ་ལ། ཏ་རུ་ནི་སྒྲོལ་བ་སྟེ། ཡམས་དང་གནོད་པ་ཐམས་ཅད་ལས་སྒྲོལ་བའོ། །ལ་ནི་སྒྲོལ་བ་དེ་ལེན་ཞིང་འཛིན་པའོ། །བི་རུ་ལ་ཞེས་པ་ནི། བི་ནི་བི་ཀ་ར་སྟེ་རྣམ་པར་འགྱུར་བ འི་གནོད་པ་རྣམས་སོ་འོ་། །རུ་ནི་བྷང་ག་སྟེ། གནོད་པ་དེ་རྣམས་འཇིག་པའོ། །ལ་ནི་ཁཨཱ་དཱ་ན་:པ་ཚབ:ན་ནི་བོད་པའི་དོན་ཡིན་ནོ་ཟེར་སྟེ་ཀ འཇིགས་པ་དེ་ལེན་པར་བྱེད་པའོ། །གསརྦ་པི་ཥ་དུག་གྷཱ་ཏ་ཀ་འཇོམས་པ་ཞེས་པ་ནི་དུག་ཐམས་ཅད་འཇོམས་པ་སྟེ། སྦྲུལ་ལ་སོགས་པ་རྒྱུ་བ་དང་མི་རྒྱུ་བ་ཤིང་ལ་སོགས་པ་ལས་བྱུང་བའི་དུག་མ་ལུས་པར་འཇིག་པའོ། །ཛྭ་ལི་ཏ་འབར་བ་བི་རྣམ་པར་སྥུ་ལིཾ་ག་འཁྲུགས་པ་ཞེས་པ་ནི་འབར་བ་རྣམ་པར་འཁྲུག་པ་སྟེ། མེ་སྟག་རབ་ཏུ་འབར་བ་དང་བཅས་པའོ། །ཨཊྚ་ཊྚ་ཧཱ་ས་ཧ་ས་ནི་རྒོད་པའོ་རྒོད་པའི་སྒྲ་ནི་ཨ་ཊ་ཊ་ཊ་


JLD004_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་ཞེས་པ་སྟེ་སྐྲག་པར་བྱེད་པའི་སྒྲ་སྦྲོགས་པའོ། །དེ་ཡང་གང་སྙམ་ན་ཧ་ཧ་ཞེས་པའོ། །ཞེས་པ་ནི་ཧ་ཧ་ཞེས་རྒོད་པའི་སྒྲ་དང་བཅས་པའོ། །ཀེ་ས་འམ་ཤ་རི་ས་སེང་གེ་ཊཱ་ཊོ་པ་རལ་པ་ཞེས་པ་ལ་ཀེ་ས་རི་ནི་རི་དྭགས་ཀྱི་རྒྱལ་པོ་སེང་གེའོ། །ས་ཊ་ནི་རལ་བའི་ཚོགས་ཕྲག་གོང་དུ་འཕྱང་བའོ། །ཨ་ཊོ་པ་ནི་བསྒྱིངས་པ་སྟེ་སེང་གེའི་རལ་པ་ལྟར་བསྒྱིངས་པ་གང་ལ་ཡོད་པའོ། །བཛྲ་ཁུ་ར་ཞབས་ནིར་གྷཱ་ཏ་ན་བརྡབས་པས་པ་ཙ་ལི་ཏ་གཡོ་བའམ་བསྐྱོད་པ་བ་སུ་དྷཱ་སའི་ཏ་ལ་གཞི་རྣམས་ཞེས་པ་ནི། རྡོ་རྗེའི་ཞབས་བརྡབས་པས་སའི་གཞི་རྣམས་བསྐྱོད་པའོ། །ནི་ཤྭཱ་ས་མཱ་རུ་ཏོ་ཏ་ཀྵིཔ་ཏ་དྷ་ར་ཎཱི་དྷ་ར་ཞེས་པ་ལ། ནི་ཤྭཱ་ས་དབུགས་མཱ་རུ་ཏ་འབྱིན་པ་ཞེས་པ་ནི་དབུགས་འབྱིན་པའི་རླུང་སྟེ་སྣའི་དབུགས་སོ། །ཨུད་ཀྵིབ་ཏ་ནི་གྱེན་དུ་འཐོར་བའོ། །དྷ་ར་ཎཱི་དྷ་ར་ས་འཛིན་པ་ཞེས་པ་ནི་རི་བོ་སྟེ། རྟ་མགྲིན་དེའི་སྣའི་དབུགས་ཀྱིས་རི་བོ་རྣམས་གྱེན་དུ་འཐོར་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྷཱི་ཥ་ཎ་འཇིགས་སུ་རུང་བ་ཨཊྚ་ཊྚ་ཧཱ་ས་ཞེས་པ་ནི་ཧ་ཧ་ཞེས་བཞད་པས་འཇིགས་སུ་རུང་བའོ། །ཨ་པ་ར་མི་ཏ་དཔག་ཏུ་མེད་པ་བ་ལ་སྟོབས་པ་རཱ་ཕ་རོལ་ཀྲ་མ་གནོན་པ་ཞེས་བྱ་བ་ནི་སྟོབས་དང༌། ཕ་རོལ་གནོན་པ་དཔག་ཏུ་མེད་པ་མངའ་བ་སྟེ། འདི་དག་ནི་རྟ་མགྲིན་ལ་བོད་པའི་ཚིག་གོ །ཨཱརྱ་ག་ཎ་བྷཱི་ཏ་བྷཱུ་ཏ་ག་ན་ཞེས་པ་ལ་ཨཱརྱ་ནི་འཕགས་པ་སྟེ། དེ་


JLD004_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱིས་བཟང་པོར་བརྩིས་པ་ཡིན་པས་ན་འཕགས་པས་བགྲངས་པ སྟ་ག་ཎ་ནི་བགྲངས་པ། །བྷཱི་ཏ་ཞེས་པ་ནི་འཇིགས་པའོ། །བྷཱུ་ཏ་ག་ཎ་ཚོགས་ནི་འབྱུང་པོའི་ཚོགས་ལྷ་མ་ཡིན་ལ་སོགས་པའི་ཚོགས་རྣམས་ཏེ། གང་གི་འབྱུང་པོའི་ཚོགས་དེ་འཇིགས་པའོ། ། འདིར་བྷུ་ཏ་ག་ཎའི་མཇུག་ཏུ་རྒྱུད་ལས། བྷུཥི་ཏ་ཞེས་པ་གཅིག་གསུངས་པའི་དོན་གསལ་བར་སྣང་བ་ནི་འཇིགས་པའི་དོན་ཡིན་མིན་དཔྱད་དོ། །བུདྷྱ་བུ་དྷྱ་སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ནི་རྒྱུན་བཅད་ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བ། །གང་ཞིག་རྣམས་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སད་དེ་བཞིན་ནོ། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་སྐད་དོད་བུདྡྷའི་སྒྲ་གཉིད་སད་པ་དང་པདྨ་རྒྱས་པ་གཉིས་ཀ་ལ་དྲང་དུ་རུང་བ་ལ་འདིར་དང་པོ་ལྟར་བཤད་དོ། །ཞེས་པ་ནི་བསྐུལ་བའི་ཕྱིར་ཡང་དག་པར་སད་པར་བྱས་ནས་རྦོད་པའོ། །ཧ་ཡ་གྲཱི་བ་ཞེས་པ་ནི་ཀྱེ་རྟ་མགྲིན་ཞེས་པའོ། །ཁཱ་ད་ཁཱ་ད་ཞེས་པ་ནི་གདུག་པ་ཐམས་ཅད་ཟོ་ཤིག་པའོ། །ཚིན་ད་ཚིན་ད་ཞེས་པ་ནི་:པ་ཚབ:ཚིན་ད་ཚིན་ད་པ་ར་མན་ཏྲན་ནི་གཞན་གྱི་སྔགས་སོ་ཞེས་སོ། །གཞན་གྱི་སྔགས་ཆོད་ཅིག་ཆོད་ཅིག་པའོ། །སིདྡྷི་དངོས་གྲུབ་མ་མེ་བདག་ལ་པ་ཚབ་གྱི་འགྱུར་ཡང་འདི་དང་འདྲ། ཆག་འགྱུར་ལས་ཨ་ཏི་ཤ་ཟེར། དི་ཤ་སྩོལ་ཅིག་ཞེས་པ་ནི་བདག་ལ་དངོས་གྲུབ་སྩོལ་ཅིག་པའོ། །ཨཱ་བེ་ཤ་ཡ་ནི་ཕོབ་ཤིག་པའོ། །སརྦ་ཛྭ་ར་རིམ་པི་ཤཱ་ཙཱ་ན་ཤ་ཟ་ཞེས་པ་ནི་རིམས་དང་ཤ་ཟ་ཐམས་ཅད་དོ། །སརྦ་གྲ་ཧེ་ཥུ་གདོན་གྱིས་ཨ་པྲ་ཏི་མི་ཚུགས་པར་ཧ་


JLD004_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ་བྷ་བ་མཛོད་ཅིག་ཞེས་པ་ནི། གདོན་ཐམས་ཅད་ཀྱིས་མི་ཚུགས་པར་མཛོད་ཅིག་པའོ། །བཛྲ་དྃཥྚ་མཆེ་བ་ཅན་ཀིཉྩི་རཱ་ཡ་སི་ཞེས་པ་ནི། རྡོ་རྗེ་མཆེ་བ་ཅན་ཅིའི་ཕྱིར་ཕྱི་བཤོལ་མཛད་ཅེས་པའོ། །ཨི་དཾ་འདི་དུཥྚ་གདུག་པ་གྲ་ཧཾ་གདོན་དུཥྚ་སརྦ་བཱ་སྦྲུལ་ཞེས་པ་ནི་གདོན་མ་རུངས་པའམ་སྦྲུལ་གདུག་པ་འདིའོ། །དྷུ་ན་དྷུ་ན་ནི་སྐྱོད་ཅིག་སྐྱོད་ཅིག་པའོ། །མ་ཐ་མ་ཐ་ཞེས་པ་ནི་རྣམ་པར་:པ་ཚབ:རྣམ་པར་ཆོམས་ཤིག་པའོ་ཟེར། གཏོགས་ཤིག་པའོ། །མར་དམར་དུ་ཞེས་པ་ནི་བརླག་པར་མཛོད་ཅིག་པའོ། །པཱ་ཊ་ཡ་པཱ་ཊ་ཡ་ཞེས་པ་ནི་ཁོས་ཤིག་པའོ། །མ་ཊ་མ་ཊ་མ་ཊ་གཉིས་པོ་འདི་པ་ཚབ་ཀྱི་འགྱུར་ལ་མེད་དོ། །བྷན་དྷ་བྷན་དྷ་ནི་ཆིངས་ཤིག་པའོ། །བུད་དྷ་སངས་རྒྱས་དྷརྨ་ཆོས་སཾ་གྷ་དགེ་འདུན་ཨ་ནུ་ཛྙཱ་ཏཾ་བཀའ་སྩལ་པའི་ཀརྨ་ཀུ་རུ་ཞེས་པ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་གྱིས་བཀའ་སྩལ་པའི་ལས་གྱིས་ཤིག་པ་སྟེ་རྦོད་པའོ། །གལ་ཏེ་:པ་ཚབ:གང་གི་ཚེ་མི་བྱེད་ན་དེའི་རང་གི་ངོ་བོ་གསུངས་ནས་བཅོམ་ལྡན་འདས་རྟ་མགྲིན་ལ་བསྡིགས་པར་མཛད་པ་ནི་ཟེར། དེ་ལྟར་མི་བྱེད་ན་དེའི་ཚེ་རང་ཉིད་ལ་སྨྲས་པ་ཧ་ཡ་གྲཱི་བཱ་ཡ་ཕཊ་ཅེས་པ་ནི་རྟ་མགྲིན་ལའོ། །བཛྲཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེ་སྟེ་གཞན་གྱིས་མི་ཕྱེད་པ་ལའོ། །བཛྲ་གཱ་ཏྲཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་ལུས་ཅན་ལའོ། །བཛྲ་ནེ་ཏྲཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་མིག་ལའོ། །བཛྲ་དཾཥྚཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་མཆེ་བ་ཅན་ལའོ། །བཛྲ་ཁུ་རཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་ཞབས་


JLD004_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལའོ། །བཛྲ་ཁུ་ར་ནིར་གྷཱ་ཏ་ནཱ་ཡ་ཕཊ་ཅེས་པ་ནི་རྡོ་རྗེའི་ཞབས་ཅན་ངེས་པར་རྡེབས་པ་ལའོ། །ཏྲཻ་གསུམ་པོ་ལོཀྱ་འཇིག་རྟེན་བྷ་ཡྃ་འཇིགས་པར་ཀ་རཱ་ཡ་མཛད་པ་ཕཊ་ཅེས་པ་ནི་འཇིག་རྟེན་གསུམ་འཇིགས་པར་མཛད་པ་ལ། །སརྦ་ཀརྨེ་ཁུ་ལས་ཐམས་ཅད་ལ་ཨ་པྲ་ཏི་ཧ་ཏཱ་ཡ་ཐོགས་པ་མེད་པ་ལ་ཕཊ་ཅེས་པ་ནི་ལས་ཐམས་ཅད་ལ་ཐོགས་པ་མེད་པ་ལའོ། །བཛྲཀུ་ལ་རིགས་སན་སན་གྱི་སྒྲ་ལ་དེས་ཚིག་གིས་བཤད་པས་ཡང་དག་པའོ། །ཏྲཱ་ས་ནཱ་ཡ་སྐྲག་པར་རམ་འཇིགས་པར་མཛད་པའོ། །ཕཊ་ཅེས་པ་ནི་རྡོ་རྗེའི་རིགས་རྣམས་ཡང་དག་པར་འཇིགས་པར་མཛད་པ་ལའོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྟ་མགྲིན་བསྡིགས་པར་མཛད་པའོ། །སྭཱ་ཧཱ་ཞེས་པ་ནི་དེ་ལྟར་བསྡིགས་པའི་མཐར་དབུགས་དབྱུང་བར་བྱ་བའི་ཕྱིར་མཛད་པ་ཡིན་ཏེ། སྭཱ་ཧཱ་སྒྲ་ནི་དབུགས་འབྱིན་པ་སྟེ། རྡོ་རྗེ་བདུད་རྩིའི་རྒྱུད་ལས།ཁཡི་གེ་སྭཱ་ཧཱ་ནི་ཀམཱ་མ་ཀཱི་ཞེས་བོས་ནས་གདངོས་གྲུབ་ཐམས་ཅད་རབ་སྟེར་བའོ། ཞེས་གསུངས་པས་སོ། །འདིར་ཆེ་གེ་མོ་བི་ཤ་དུག་དི་ཀཾ་ལ་སོགས་པ་ཨ་པ་ཧ་ར་ཉེ་བར་ཕྲོགས་ཤིག་ཧཱུཾ་ཞེས་བྱ་བ་སྔགས་སྤེལ་ཏེ་སྭཱ་ཧཱ་སྔོན་དུའོ་ལོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །དེའི་ཆེ་མཆོག་སྐྱེས་པ་ནི། དེ་ལས་སྐྱེས་པའི་གཙོ་བོ་རྟ་མགྲིན་ལ་སོགས་པ་སྟེ། །དེ་:ཆག:དེས་གདུལ་བའི་བགེགས་ལ་ཡང་ཆེ་མཆོག་སྐྱེས་ཞེས་བརྗོད་དོ། ཞེས་སོ། །


JLD004_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བའི་ཕྱིར་རོ། །ཡེ་ཤེས་རྒྱལ་པོ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་རྗེས་སུ་དྲན་པ་ནི་སྒོམ་པ་རྩེ་གཅིག་པ་ཐོབ་པར་གྱུར་པའོ། །མཁའ་དབྱིངས་ནི་ནམ་མཁའི་དབྱིངས་སུ་གཏོགས་པ་སྟེ། དེ་དུག་གིས་ཡོངས་སུ་གང་བའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་ནི་མི་ཕྱེད་པ སྟེ་གཞོམ་དཀའ་བ། །ཧ་ལ་ཧ་ལ་ནི་དུག་གི་ཁྱད་པར་རོ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་བསྐུལ་བ་ཡིས། ཞེས་བྱ་བ་ནི་རྦོད་པས་སོ། །དུག་རྣམས་ཐམས་ཅད་མེད་པར་བྱེད། ཅེས་བྱ་བ་ནི། ཧ་ལ་ཧ་ལ་འཐུངས་ཀྱང་དུག་མེད་པར་མཛད་པའོ། །འདིར་མན་ངག་ནི་འདི་ཡིན་ཏེ། འོད་དཔག་མེད་ཀྱི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ནས་ལས་རྒྱལ་མཆོག་གི་དུས་སུ་བསྒྲུབ་པར་བྱ་བ་དུག་གིས་ཟིན་པ་དེ་རྟ་མགྲིན་སེམས་དཔའ་གསུམ་གྱི་བདག་ཉིད་དུ་ངེས་པར་བསམས་ལ། དེའི་སྙིང་ཁ :པ་ཚབ་ཆག:ར་ཟླ་བ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་རྣམས་ཀྱིས། ནད་པའི་ལུས་ཡོངས་སུ་བཀང་ནས་དུག་རབ་ཏུ་སྤར་བ་སྟེ་:ཆག་པ་ཆབ:དུག་མི་མངོན་པར་གནས་པ་རྣམས་སད་པར་བྱའོ། །དེ་ནས་རང་འོད་དཔག་མེད་ལས་རྟ་མགྲིན་དུ་བསྒྱུར་བའི་ལག་པ་གཡས་པའི་ལག་མཐིལ་དུ་ཟླ་བའི་སྟེང་དུ། ཡི་གེ་ཧཾ་མདོག་དཀར་པོ་བསམས་ནས། ལག་པ་གཡས་པའི་མཐེ་བོང་ནས་མཐེའུ་ཆུང་གི་བར་གྱི་སོར་ཚིགས་རྣམས་ལ་རིམ་པ་བཞིན་ༀ་:པ་ཚབ:ༀཏྲ່་ཧྲ່་ཁྲ່་སྲ່ཿ ཟེར། ཛྲ່་ཧྲ່་ཀྵ່་ས་:ཆག:ཁྲ່་ཟེར། ཞེས་བྱ་བ་ཁ་དོག་དཀར་པོ་ཅན་རྣམ་པར་བཀོད་ལ། སྤྱི་བོ་ནས་བརྩམས་ཏེ་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ལག་པ་ལ་བཀོད་པའི་


JLD004_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་ཚོགས་ཀྱིས་བྱབས་པས། སྔགས་ཀྱི་ཡིག་འབྲུ་རྣམས་ཀྱི་འོད་ཟེར་དཀར་པོ་འགྱེད་ཅིང་བདུད་རྩི་དྲི་མ་མེད་པའི་ཆུའི་རྒྱུན་ལྟ་བུ་ལུས་ལ་ཐུགས་པ ས། དུག་རྣམས་ཁ་དོག་ནག་པོའམ་སྔོན་པོ་ལྟ་བུ་འོག་ཏུ་བཏང་བ་སྟེ་འདས་ནས་རྐང་མཐིལ་ནས་ཕུད་དེ་སྟོངས་པར་གྱུར་ཞིང་དེའི་ཤུལ་དུ་བདུད་རྩི་དཀར་པོས་གང་པར་བསམས་ན་དུག་སེལ་བར་འགྱུར་རོ། །འདི་ནི་སྣང་མཐའ་དང་རྟ་མགྲིན་གྱིས་ཞི་བའི་ལས་སྒྲུབ་པའོ། ༈ །དེ་ནས་བྱ་བ་ལ་སོགས་པ་ལ། དོན་ཡོད་པའི་དངོས་གྲུབ་རབ་ཏུ་སྩོལ་བས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་བྱང་ཆུབ་ནི་གདོན་མི་ཟ་བར་དམ་ཚིག་འབྱུང་བའོ། །དེ་ཉིད་དཔལ་ལམ་ཏོག་སྟེ་རྒྱལ་མཚན་ཡིན་ལ་རྡོ་རྗེ་ནི་མི་ཕྱེད་པའི་མཚན་མ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོ་ཞེས་བྱ་བའི་ཁྲོ་བོའི་རྒྱལ་པོ། །སྔགས་ཀྱི་བདག་ཉིད་ཅན་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ན་མཿ ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་དངོས་ཡིན་ཏེ། ཨེ་ཧྱ་ཧི་ཞེས་པ་ནི་ཚུར་སྦྱོན་ཚུར་སྦྱོན་ཞེས་བོད་:པ་ཚབ:ཨེ་ཧྱ་ཧི་ཞེས་པ་ནི་སྤྱན་འདྲེན་པའོ་ཟེར། པའོ། །བྷ་ག་ཝན་བཅོམ་ལྡན་འདས་ནཱི་ལ་སྔོན་པོའམ་ནག་པོ་བཛྲ་དཎ་ཌ་དབྱུག་པ་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དབྱིག་སྔོན་ཞེས་བོད་པའོ། །ཏུ་རུ་ཏུ་རུ་ཧུ་ལུ་ཧུ་ལུ་

ཤོག་ལྷེབ་ ༧༠༡ ནས་ ༨༠༠ བར།


JLD004_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ཏུ་རུའི་སྒྲ་ཏྭ་ར་ན་སྟེ་རིངས་པ་རིངས་པར་རོ། །ཧུ་ལུ་ཧུ་ལུ་ནི་སྔ་མ་ཁ་ཅིག་གནོད་སྦྱིན་གྱི་སྐད་ཡིན་པས་བདག་ཅག་གི་སྒྲས་བཤད་དུ་མེད་པས་གང་དུ་ཡང་མ་བཤད་ཅེས་ཟེར་བ་ནི་མཐོང་རྒྱ་ཆུངས་པའི་སྐྱོན་ཏེ། མཉམ་སྦྱོར་གྱི་ཕྱི་མའི་ཕྱི་མར། ཧུ་ལུ་ཧུ་ལུ་ཞུགས་ཤིག་པའོ། །ཞེས་གསུངས་ལ། ཤཱནྟི་པས་ཀྱེ་མའི་དོན་དུ་བཤད་ཀྱང་འདིར་ནི་སྔ་མ་ཡིན་ཏེ་རིངས་པ་རིངས་པར་བདག་ལ་ཞུགས་ཤིག་པའི་དོན་ནོ། །ཧ་ཧ་ཞེས་པ་ནི་ལྷའི་ཐུགས་ཡང་དག་པར་སད་པར་བྱ་བའོ། །གུ་ལུ་གུ་ལུ་ཞེས་པ་ནི་ཚིར་ཅིག་པའོ། །གུ་ལཱ་པ་ཡ་གུ་ལཱ་པ་ཡ་ཞེས་པ་ནི་འཁོར་རྣམས་ཀྱང་འཚིར་དུ་ཆུག་ཅིག་པའོ། །ཀྲ་མ་ཀྲ་མ་ཞེས་པ་ནི། ཀྲ་མ་གོམ་པ་པཱ་ད་བསྐྱོད་པའམ་འདོར་བ་བི་ཀྵེ་པ་རྣམ་པར་སྤྲོ་བ་སྟེ་གོམ་པ་བསྐྱོད་པར་རབ་ཏུ་སྤྲོ་བར་བྱ་བའོ། །བྷ་ག་བན་ཞེས་པ་ནི་བཅོམ་ལྡན་འདས་ཞེས་བོད་པའོ། །བཱ་ཡུ་རླུང་བེ་གེ་ཎ་ཤུགས་ཀྱིས་ཞེས་པ་ནི་རླུང་གི་ཤུགས་ཀྱིས་སོ། །བྷུ་ཏ་ན་འབྱུང་པོ་རྣམས་ཤཱི་གྷྲཾ་མྱུར་དུ་ད་ཧ་ད་ཧ་ཞེས་པ་ནི་འབྱུང་པོ་རྣམས་མྱུར་དུ་བསྲེགས་ལ་ཐལ་བར་གྱིས་ཤིག་པའོ། །ད་ར་ད་ར་ཞེས་པ་ནི་ཁོས་ཤིག་པའོ། །བ་ཧ་བ་ཧ་ཞེས་པ་ནི་ཆོམས་ཤིག་པའོ། །པ་ཙ་པ་ཙ་ཞེས་པ་ནི་སྐོལ་ཅིག་པའོ། །མ་ཐ་མ་ཐ་ཞེས་པ་ནི་རྣམ་པར་ཤིག་ཅིག་པའོ། །པཱ་ཏ་ཡ་པཱ་ཏ་ཡ་ཞེས་པ་ནི་འོག་ཏུ་ལྟུང་བར་གྱིས་ཤིག་པའོ། །མ་ཊ་མ་ཊ་ཞེས་པ་ནི་རློག་ཤིག་པའོ། །མོ་ཊ་པ་ཡ་མོ་ཊ་ཡ་ཞེས་པ་ནི་འཁོར་རྣམས་ཀྱིས་ཀྱང་བརླག་པར་གྱིས་ཤིག་པའོ། །སརྦ་ཀརྨཱ་ཎི་ཚིནྡ་ཚིནྡ་ཞེས་པ་ནི་ལས་ཐམས་ཅད་ཆོད་


JLD004_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པ་སྟེ། དགྲ་བོས་རབ་ཏུ་སྦྱར་བའི་བསྐྲད་པ་ལ་སོགས་པའི་ལས་རྣམས་ཤིག་ཅིག་ཤིག་ཅིག་པའོ། །བྷཀྵ་ཡ་བྷཀྵ་ཡ་ཞེས་པ་ནི་ཟོ་ཤིག་པའོ། །མེ་དམ་ནི་ཚིལ་ལོ། །ཨ་སྱ་ནི་འདིའི་སྟེ། འདི་ནི་བསྒྲུབ་པར་བྱ་བའི་འོ། །མེ་ད་ཚིལ་མད་ཛ་:པ་ཚབ:མཉྫ་ཟེར།རྐང་:པ་ཚབ་ཆག:ཞག་ཟེར། རུ་དྷི་ར་ཁྲག་བྲི་ཡ་དགྱེས་པ་ཨེ་ཧྱ་ཧི་ཚུར་བྱོན་བྷ་ག་ཝན་ཞེས་བྱ་བ་ནི་ཀྱེ་བཅོམ་ལྡན་འདས་ཚིལ་དང༌། རྐང་དང་། ཞག་དང༌། ཁྲག་ལ་དགྱེས་པ་ཚུར་སྤྱོན་ཚུར་སྤྱོན་ཞེས་བོད་པའོ། །སརྦ་བིགྷྣན་ཞེས་པ་ནི་བགེགས་ཐམས་ཅད་དོ། །སརྦ་བིདྱཱ་རིག་པ་ནི་ཞེས་པ་ནི་རིག་པ་ཐམས་ཅད་དོ། །སརྦ་མན་ཏྲ་ནི་ཞེས་པ་ནི་སྔགས་ཐམས་ཅད་དོ། །སརྦ་མཱུ་ལ་རྩ་བའི་ཀརྨ་ནི་ཞེས་པ་ནི་རྩ་བའི་ལས་ཐམས་ཅད་དང༌། ཀྲི་ཏྲི་མ་བཅོས་པའི་བི་ཥཱ་དུག་དེ་ནི་ལ་སོགས་པ་ཞེས་པ་ནི་བཅོས་པའི་དུག་ལ་སོགས་པའོ། །སརྦ་གྲ་ཧཱ་ན་གདོན་ཞེས་པ་ནི་གདོན་ཐམས་ཅད་དེ། དེ་རྣམས་ཧ་ན་ཧ་ན་ཞེས་པ་ནི་ཆོམས་ཤིག་པའོ། །བྷན་ཛ་བྷན་ཛ་ཞེས་པ་ནི་ཤིག་ཤིག་པའོ། །མར་ད་མར་དཞེས་པ་ནི་མཉེས་ཤིག་པའོ། །ཨི་དཾ་ཞེས་པ་ནི་འདི་ཞེས་པའི་དོན་ཏེ། གང་འདོད་པའི་ལས་དེ་ལ་འདི་ཞེས་བརྗོད་དོ། །ཀཱརྱཾསཱ་དྷ་ཡ་ཞེས་པ་ནི་བྱ་བ་སྒྲུབས་ཤིག་པའོ། །ཧཱུཾ་ཞེས་པ་ནི་རྗེས་སུ་བྱེད་པའི་སྡིགས་མཛུབ་བྱ་བའོ། །ནཱི་ལཱ་ཡ་ཞེས་པ་ནི་སྔོན་པོ་ལའོ། །ནཱི་ལཱ་བཛྲ་དན་ཌ་ཡ་ཞེས་པ་ནི་རྡོ་རྗེ་དབྱིག་པ་སྔོན་པོ་ཅན་ལའོ། །ཏུ་རུ་ཏུ་རུ་ཞེས་པ་ནི་རིངས་པར་མཛོད་ཅིག་པའོ། །བིགྷྣན་བི་ན་ཡ་ཀ་ནཱ་ཤཱ་ཡ་ནཱ་ཤཱ་ཡ་ཞེས་པ་ནི་བགེགས་དང་ལོག་འདྲེན་


JLD004_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

རློག་ཤིག་རློག་ཤིག་པའོ། །ཧུ་རུ་ཧུ་རུ་ཞེས་བྱ་བ་ནི་བྱ་བ་ལ་འབད་པར་མཛོད་ཅིག་པའོ། །དཱིཔྟ་འབར་བ་ཙཎྜ་ཡ་གཏུམ་པོ་ཞེས་པ་ནི་འབར་བ་གཏུམ་པོ་སྟེ། ལྷག་པར་ཁྲོ་བའི་ཕྱིར་རོ། །སརྦ་ཤ་ཏྲུཾ་ཎཱཾ་དགྲའི་ཧྲི་ད་ཡཱ་སྙིང་ནི་བི་ངེས་པར་ཌ་ཡ་ཚིར་ཅིག་ཞེས་པ་ནི་དགྲ་ཐམས་ཅད་ཀྱི་སྙིང་ངེས་པའི་ཚིར་ཅིག་པའོ། །ཚིནྡ་ཚིནྡ་པ་ར་གཞན་ནམ་ཕ་རོལ་བིདྱཱ་ཎཱཾ་ཚེ་ད་ཀ་གཅོད་པ་ཞེས་པ་ནི་གཞན་གྱི་རིག་པ་གཅོད་པ་པོས་གཞན་གྱི་རིག་པ་ཆོད་ཅིག་པའོ། །ཧཱུཾ་ནི་དེ་གསལ་བར་བྱེད་པའི་ས་བོན་ནོ། །བིདྱཱ་ཎཱཾ་རིག་པ་རྣམས་ཀྱི་ཤིཥྚ་ཀ་བྱེད་པ་པོ་ཞེས་པ་ནི་རིག་པ་རྣམས་ཀྱི་དམ་པར་གྱུར་པ་སྟེ། བྱེད་པ་པོའོ། །ས་མ་ཡ་མ་ནུ་སྨ་རཾ་ཞེས་པ་ནི་དམ་ཚིག་རྗེས་སུ་དྲོན་ཅིག་པ་སྟེ། ཀྱེ་རྡོ་རྗེ་འཆང་གི་བཀའ་རྗེས་སུ་དྲོན་ཅིག་པའོ། །མར་མཱ་ཎི་ནི་གནད་ཀྲིན་ཏ་ཆོད་ཅིག་ཞེས་པ་ནི་གནད་ཆོད་ཅིག་པའོ། །ཧཱུཾ་ནི་སྐུལ་བའོ། །ཧ་ན་ཧ་ན། ད་ཧ་ད་ཧ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། ཧུ་རུ་ཧུ་རུ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཞེས་པ་ནི་སྔར་བཤད་པར་ཟད་དོ། །ཀྲི་ཏཱན་ཏ་ཡ་ཞེས་པ་ནི་ཀྲིཏ་ཡ་བྱེད་པ། ཨན་ཏ་མཐའོ། །མཐར་བྱེད་པ་དེ་གཤིན་རྗེའོ། །དེ་བ་ལྷ་རི་ཥི་དྲང་སྲོང་བི་རྣམ་པར་དྲཱ་བ་ཀཱ་ཡ་སྐྲོད་པ་ཞེས་པ་ནི་ལྷ་དང་དྲང་སྲོང་རྣམ་པར་སྐྲོད་པའོ། །ཧ་ན་རྒྱོབ་ཧ་ན་རྒྱོབ་བཛྲ་དཎ་ཌེ་ན། དབྱུག་པས་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེའི་དབྱིག་པས་རྒྱོབ་ཅིག་པའོ། །འདིར་ཁ་ཅིག་འདྲི་བ་དང་ལས་སྦྱོར་གྱིས་དུས་སུ་སྭཱ་ཧཱ་སྤངས་ནས་ཧཱུཾ་ཕཊ་འཇུག་པ་ཡིན་ཟེར་ཡང༌། སྔ་མ་རྣམས་


JLD004_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མི་བྱེད་པར་སྭཱ་ཧཱའི་སྔོན་དུ་སྤེལ་ཞིང་ཞེས་པ་དང་མཐུན་ནོ། །སྭཱ་ཧཱའི་སྔོན་དུ་འགྲོ་བའི་ཆེ་གེ་མོ། །མ་ར་ཡ་གསད་ཅིག་ཕཊ་ཕཊ་ཅེས་བྱ་བ་དང་སྔགས་སྤེལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདུག་པའི་མཆོག་ལས་བྱུང་བ་ཀུན། ཞེས་བྱ་བ་ནི་བགེགས་ཀྱི་མཆོག་རྣམས་སོ། །གཞན་དག་ནི་གོ་སླའོ། །ཁྲོ་བོའི་རྒྱལ་པོ་འདིའི་སྔགས་བརྒྱ་རྩ་བརྒྱད་བཟླས་ན་གདུག་པ་ཐམས་ཅད་གསོད་པར་འགྱུར་རོ། །ཆོ་གའི་ཚུལ་བཞིན་ཞེས་བྱ་བ་ནི་རྟོག་པ་ལས་བཤད་པའི་ཆོ་གའི་སྦྱོར་བས་སོ། །བསྐུལ་བ་ཡིས་ཞེས་བྱ་བ་ནི་སྔགས་ཀྱི་དོན་ཡོངས་སུ་ཤེས་པ་ལ་སོགས་པས་ལྷ་རྣམས་ལ་རྦོད་པའོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། དོན་གྲུབ་ཀྱི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ལ། ལས་རྒྱལ་མཆོག་གི་དུས་སུ་དུར་ཁྲོད་ཀྱི་སྟེ་རོ་རས་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ཏེ། དེའི་ལྟེ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བྲི། དེའི་ལྟེ་བ་ལ་བྲིས་པའི་མེའི་དཀྱིལ་འཁོར་ལ་སྐེ་ཚེ་དང་ལན་ཚྭ་དང་ཡུངས་མར་དང་དུག་དང་ད་ཏུ་ར་ཐང་ཕྲོམ་པའི་ཁུ་བ་སྟེ། རྫས་འདི་དག་གིས་བསྒྲུབ་པར་བྱ་བའི་མིང་དང་དབྱུག་སྔོན་ཅན་གྱི་སྔགས་སྤེལ་ཏེ་བྲིས་ལ། རྒྱ་མཚོར་འབབ་པའི་ཆུ་བོའི་ངོགས་གཉིས་དང་གྲོག་མཁར་གྱི་ས་དང་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང༌། བཤང་གཅི་ལ་སོགས་པ་བདུད་རྩི་ལྔ་དང་ལྡན་པ་ལ ས་དགྲ་བོ་དེའི་གཟུགས་བརྙན་བྱས་ལ། དེ་ལ་དགྲ་བོའི་རྣམ་ཤེས་དགུག་པ་སྟེ་བཀུག་ནས་བཅུག་སྟེ། དེ་དངོས་ཡིན་པར་བསམ་པ་སྔོན་དུ་འགྲོ་བས་བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་སྙིང་ཁར་བཅུག་


JLD004_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དཔའ་བོ་གཡུལ་དུ་ཤི་བའི་ཐོད་པ་ཁ་སྦྱར་གྱི་ནང་དུ་གཞུག་གོ །དེ་ནས་ཉི་མ་ཕྱེད་དམ་ནམ་ཕྱེད་ན་རྐང་པ་གཡོན་པས་མནན་ཏེ། སྔགས་ཀྱི་དོན་ཤེས་པས་དབྱུག་སྔོན་ཅན་ལ་བཀའ་བསྒོ་བའི་ཚུལ་གྱིས་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འཆི་བར་འགྱུར་རོ། །གལ་ཏེ་འཇིག་པ སྟེ་འཆི་བ ར་མི་འགྱུར་ན་དེའི་ཚེ་དཔའ་བོ་གྲིར་ཤི་བའི་ཐོད་པ་གསུམ་སྒྱེད་བུར་བྱས་ལ། དེའི་སྟེང་དུ་གཟུགས་བརྙན་བཞག་ལ་དུར་ཁྲོད་ཀྱི་གྲིར་ཤི་བའི་རོ་བསྲེགས་པའི་མགལ་དུམ་གྱི་མེས་གདུངས་པར་བྱས་ན། ཚ་བའི་རིམས་ཀྱིས་འཛིན་པར་འགྱུར་རོ། །དེ་ནས་གཟུགས་བརྙན་དེ། དུར་ཁྲོད་ཀྱི་མེར་བཅུག་ན་དེའི་ཚེ་འཕྲལ་དུ་འཆི་བར་འགྱུར་རོ། །འདི་ནི་དོན་གྲུབ་དང་དབྱུག་སྔོན་ཅན་གྱི་སྒོ་ནས་བསད་ལས་བསྒྲུབ་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པས་བཞུགས་པའོ། །ཆར་ཀུན་ནས་འབབ་པའི་སྤྲིན་སྡུད་པའི་གྱི་དཔལ་གང་ལ་ཡོད་པ་དེ་ནི་ཀུན་ནས་སྤྲིན་གྱི་དཔལ་སྟེ་སྟོབས་པོ་ཆེའོ། །དེ་བསྐྱེད་པའི་ཏིང་ངེ་འཛིན་ནི་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བྱ་སྟེ། དེ་མངོན་སུམ་དུ་མཛད་ནས་སྟོབས་པོ་ཆེ་སྔགས་ཀྱི་བདག་ཉིད་དུ་གྱུར་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ན་མཿ ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨོ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་དངོས་སོ། །ཨུ་གྲ་ནི་དྲག་པོའོ། །ཤཱུ་ལ་ནི་མདུང་སྟེ། པཎི་ནི་ལག་པའོ་གང་གི་ལག་པ་ན་དྲག་


JLD004_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྣོ་བའི་མདུང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཛྱོ་ཏི་ཞེས་པ་ནི་ཐོག་གོ །ནིར་ནཱ་ད་ནི་སྒྲ་སྟེ། ཐོག་འབབ་པ་ལྟ་བུའི་སྒྲ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་སྭཱ་ཧཱའི་སྔོན་དུ་འགྲོ་བའི་:ཆག:པ་རི་ཟེར་བཱར་ཥ་ཆར་གྱི་དྷཱ་རཾ་རྒྱུན་པཱ་ཏ་ཡ་ཕོབ་ཅིག་ཧྲི་ཞེས་བྱ་བ་དང་འདིའི་སྔགས་སྤེལ་ལོ། །འདི་ནི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ། འདིར་འགྱུར་རྙིང་ལས། སྟོབས་པོ་ཆེ་ཡིས་ཀླུ་རྣམས་ཀུན། ཞེས་འབྱུང་ཡང་། :པ་ཚབ:ཀླུ་ནི་སྟོབས་པོ་ཆེ་རྣམས་ཀུན། ཞེས་པ་དག་གོ །སྐུ་གསུམ་རྡོ་རྗེ་རྗེས་སུ་དྲན་པ་ཞེས་པ་ནི་རྡོ་རྗེ་འཆང་དྲག་པོའོ། །བཟླས་པ་ཞེས་བྱ་བ་ལ་སོགས་པ་ནི་ཐུན་གསུམ་དུ་རེ་རེ་ལ་བརྒྱ་རྩ་བརྒྱད་བཟླས་པས་སོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་སྦྱོར་བ་དེ་དང་དེས་དབང་དུ་བྱ་བ་ལ་སོགས་པའི་ལས་:པ་ཚབ་ཆག:དབང་དུ་བྱ་བ་ལ་སོགས་པའི་ལས་རྣམས་ཟེར། ཀྱིས་སྒྲུབ་པར་བྱའོ། །ཐན་པ་བྱུང་བའི་ཞེས་བྱ་བ་ནི་ཆར་མི་འབབ་པ་སྟེ། ཆར་ཆད་པ་སེལ་ཞིང་ཆར་གྱི་རྒྱུན་འབེབས་པའོ། །འདིར་རིམ་པ་ནི་འདི་ཡིན་ཏེ། རྡོ་རྗེ་འཆང་ཡན་གྱི་དང་པོ་སྦྱོར་བ་དང༌། དེ་མི་བསྐྱོད་པར་བསྒྱུར་བའི་དཀྱིལ་འཁོར་རྒྱལ་མཆོག་བྱ། དེ་ནས་ལས་རྒྱལ་མཆོག་གི་དུས་སུ་སྐེ་ཚེ་ལ་སོགས་པའི་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་དུར་ཁྲོད་ཀྱི་རས་ལ། པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་ཤར་གྱི་འདབ་མ་ལ་ནོར་རྒྱས་ཀྱི་བུ་སེར་པོ། ལྷོར་པདྨ་དཀར་པོ། ནུབ་ཏུ་སྟོབས་ཀྱི་རྒྱུ་དམར་པོ། བྱང་དུ་འཇོག་པོ་ནག་པོ། མེར་པད་ཆེན་སྔོ་བསངས། བདེན་བྲལ་དུ་མཐའ་ཡས་སྐྱ་བོ། རླུང་དུ་རིགས་ལྡན་དཀར་པོ། དབང་ལྡན་དུ་དུང་སྐྱོང་སེར་པོ། སྟོད་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། སྨད་


JLD004_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་མཇུག་ལན་བདུན་དུ་འཁྱིལ་བའི་ཀླུ་བརྒྱད་བྲིས་ལ། དེ་རྣམས་ཀྱི་སྙིང་ག་དང༌། སྤྱི་བོར་ཧཱུཾ་ནཱཾ་ཧཱུཾ་:ཆག:ཧཱུཾ་ནཱཾ་ཧཱུཾ་ཞེས་པ་སྔགས་དང་སྤེལ་ལོ་ཟེར། ཞེས་བྱ་བར་སྔགས་སྔགས་དང་སྤེལ་བ་ནི་སྐལ་ལྡན་གྱི་གདན་བཞི་ནས་བཤད་པའི་སྔགས་དང་སྤེལ་ཟེར་ཡང༌། སྟོབས་པོ་ཆེའི་སྔགས་འདིར་བཤད་པའི། མ་ཧཱ་བ་ལའི་མཇུག་ཏུ་བཏགས་པར་བྱའོ། །སྤེལ་ལ། པདྨའི་ལྟེ་བའི་དབུས་སུ་ༀ་ཨཱཿ ཧཱུཾ་བཛྲ་དྷ་ར་འཛིན་པའམ་འཆང་བ་ཨཱཛྙཱ་པ་ཡ་ཏི་བཀའ་ཉོན་ཅིག་སརྦ་ནཱ་གཱ་བར་ཥ་དྷ་ར་:ཆག:མུད་སྲི་ཛ་ཏཱ་ཧྲིཿ ཟེར། མུད་ཙིར་:ཆག:རྒྱས་པར་ཟེར། ཛན་ཏི་ཕོབ་ཅིག་ཧྲཱི་སྭཱ་ཧཱ་ཞེས་བྱ་བ་བཀོད་ནས། ཡང་འཁོར་ལོ་གཉིས་པ་བྲི་ཚུལ་ནི་དེ་བཞིན་དུ་ཞེས་པས་པདྨ་འདབ་བརྒྱད་ནས་དབུས་ཀྱི་ཡི་གེ་བྲི་བའི་བར་སྔར་དང་འདྲ་བ་ལ་ཁྱད་པར་ནི་སྔ་མ་གཡས་སྐོར་དང་འདི་གཡོན་སྐོར་དུ་བྲིས་ལ་འཁྲུལ་འཁོར་གཉིས་ཁ་སྦྱར་ཏེ་ཀླུ་བརྒྱད་ཀྱི་རྣམ་ཤེས་ཀླུའི་གཟུགས་དེ་རྣམས་ལ་དགུག་པ་དང༌། བཀུག་ནས་སོ་སོའི་གཟུགས་ལ་བཅུག་སྟེ། དེ་རྣམས་དངོས་ཡིན་པར་བསམ་པ་སྔོན་དུ་འགྲོ་བས་ཀླུའི་གཟུགས་བརྙན་གྱི་སྙིང་ཁར་གཞུག་གོ །གཟུགས་བརྙན་ནི་ཆོ་ག་འདིས་བྱ་སྟེ། ཆུ་བོའི་ངོགས་གཉིས་ཀྱི་ས་བདུད་རྩི་ལྔ་དང་ལྡན་པ་ལས་བྱས་ལ།ཞེས་པ་ནི་སྔར་བཤད་པའི་རྣམ་པ་ཅན་གྱི་ཀླུ་གཅིག་གི་གཟུགས་བརྙན་བྱེད་པ་ཡིན་གྱི། ཀླུ་བརྒྱད་གང་རུང་གཅིག་གི་དམིགས་བསལ་མི་དགོས་སོ། །མངོན་སྤྱོད་ཀྱི་རྫས་ཀྱིས་ཉེ་བར་བྱུགས་ཏེ། ཁདུར་ཁྲོད་ཀྱི་མེ་ལ་ཀ སྟོབས་པོ་ཆེ་ལ་བཀའ་བསྒོ་བའི་ཚུལ་གྱིས་གསང་སྔགས་བརྗོད་ཅིང་གགདུང་བར་བྱས་ན། ཀླུ་རྣམས་ཆར་འབེབས་པར་འགྱུར་རོ། །རྩ་རྒྱུད་ལས། ལས་རྣམས་ཐམས་ཅད་སྒྲུབ་པར་


JLD004_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཅེས་གསུངས་པ་ལྟར། སྟོབས་པོ་ཆེ་ལ་བཀའ་བསྒོ་བ་དང༌། དེའི་ཕྲེང་སྔགས་ཀྱིས་དབང་ལ་སོགས་པའི་ལས་ཀུན་འགྲུབ་ཀྱང༌། ཆར་འབེབས་པ་འདི་ནི་བསྒྲུབ་བྱ་ཀླུ་གདུང་བར་བྱེད་པ་ཡིན་པས་དྲག་ལས་སུ་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ཏུ་ངེས་པར་སྒྲོགས་པའི་རྡོ་རྗེའི་འབྲུག་སྒྲ་:པ་ཚབ:ཀུན་ཏུ་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཟེར། གང་ཡིན་པ་དེ་ནི་ཀུན་ཏུ་འཇོམས་པ་སྟེ་འདོད་པའི་རྒྱལ་པོའོ། །དེ་སྐྱེས་པའི་ཏིང་ངེ་འཛིན་ཡང་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བྱ་སྟེ། དེ་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མཐུ་ཆེན་པོ་དང་ལྡན་པའི་བགེགས་རྣམས་སོ། །དེ་འཆིང་བར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཊཀྐི་སྟེ། སྐད་ཀྱི་བྱིངས་ལས་ཊཀྐི་ནི་འཆིང་བར་འདྲེན་པས་སོ། །དེ་ཉིད་གཙོ་བོ་ཡིན་པས་ན་རྒྱལ་པོ་སྟེ་ཁྲོ་བོ་ཆེན་པོ་དེ་སྔགས་ཀྱི་བདག་ཉིད་ཅན་དུ། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ན་མཿ ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཊཀྐི་ཧཱུཾ་ཛ་ཞེས་བྱ་བ་ནི་སྔགས་དངོས་སྟེ་མིང་བཏུས་པ་ཞེས་བྱ་སྟེ། དེ་ཡང་སྭཱ་ཧཱ་མེད་ཅིང་ༀ་མེད་པ། གང་ཡིན་བཏུས་པ་ཞེས་བརྗོད་དོ། ཞེས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་པའི་ཕྱིར་རོ། །ཊཀྐི་ཞེས་པ་ནི་གདུག་པ་འཆིང་བ་པོ་སྟེ་བོད་པའོ། །ཧཱུཾ་ནི་གདུག་པ་རྣམས་ལ་བསྡིགས་པ ར་བྱེད་པ། །ཛ་ནི་གདུག་པ་རྣམས་སྐྲག་པའི་ཕྱིར་རྦོད་པའོ། །འདིར་ཊཀྐི་ཧཱུཾ་ཛ་ཞེས་པའི་སྔགས་ཀྱི་མཇུག་ཏུ་ཆེ་གེ་མོ་ཨ་ཀར་ཥ་ཡ་ཧྲི་ཞེས་བྱ་བ་དང་སྔགས་སྤེལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་


JLD004_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏེ་རྟོགས་པ་ནི་:ཆག:བགེགས་རྣམས་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་ཤེས་པར་བྱ་བས་སོ། །ཟེར། བགེགས་རྣམས་ཏེ། ཅི་ཞིག་རྟོགས་ན་རང་ལ་ལས་འདི་བསྒྲུབ་པར་བྱ་བ་ཉིད་དུ་ཤེས་པར་བྱ་བ་སྟེ་བྱེད་པས་བྱུང་བས་སོ། །བདག་ཉིད་ཆེན་པོ་ནི་རྫུ་འཕྲུལ་ཆེན་པོ་དང་ལྡན་པའོ། །འཇིགས་ཤིང་ནི་སྐྲག་པར་གྱུར་པའོ། །དམ་ཚིག་ནི་ཊཀྐིའི་རྒྱལ་པོར་གྲགས་པའོ། །ལྡན་པར་གྱུར་ནས་ཞེས་པ་ནི། འདོད་རྒྱལ་མདུན་དུ་བློས་དམིགས་པ་དང་ལྡན་པ། །རྡོ་རྗེ་སྐུ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། རྗེས་སུ་དྲན་པ་ནི་བསྒོམ་པའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས། ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང༌། དེ་ནས་ལས་རྒྱལ་མཆོག་གི་དུས་སུ་ཛ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡས་པས་ལིང་ག་སྟེ། བསྒྲུབ་པར་བྱ་བའི་གཟུགས་བརྙན་བཙག་གིས་ས་ལ་བྲིས་ཏེ། སྙིང་ཁའི་ཕྱོགས་སུ་མིང་དང་སྤེལ་ཏེ་སྔགས་བྲིས་ནས། མིང་དེ་ལ་དེའི་རྣམ་པར་ཤེས་པ་དགུག་པ་དང་དེ་དངོས་སུ་འདུ་ཤེས་པ་སྔོན་དུ་འགྲོ་བས་མནན་ནས།ཞེས་པ་འདི་རང་མི་བསྐྱོད་པར་གནས་པ་འདོད་རྒྱལ་དུ་བསྒྱུར་བའི་རྐང་པ་ལ་ལྕགས་ཀྱུས་མཚན་པ་དང་འདིའི་བར་བྱས་ནས། དེ་ནས་སྔགས་བཟློ་བ་ན་མི་བསྐྱོད་པའི་ང་རྒྱལ་གྱིས་བྱེད་པར་སྔ་མ་རྣམས་བཞེད་དོ། །རྡོ་རྗེ་གསུམ་གྱི་སྔགས་ནི་འདོད་པའི་རྒྱལ་པོའི་སྔགས་ཏེ། དེ་ནས་མི་བསྐྱོད་པའི་ང་རྒྱལ་གྱིས་འདོད་རྒྱལ་ལ་བཀའ་བསྒོ་བའི་ཚུལ་གྱིས་སྔགས་དེ་ཐུན་རེ་ལ་བརྒྱ་རྩ་བརྒྱད་བཟླས་པས་


JLD004_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་ཏེ། རྒྱལ་པོ་ལ་སོགས་པ་སྟེ་དེ་རྣམས་འགུགས་པའི་བྱ་བ་བྱེད་པར་འགྱུར་རོ། །དགུག་པ་ལ་དབང་དྲག་གཉིས་ལས། འདི་དབང་གི་དགུག་པ་ཡིན་པས། མི་བསྐྱོད་པ་དང་འདོད་རྒྱལ་སོགས་ཀྱི་ལྷ་རྣམས་ཁ་དོག་དམར་པོར་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཕྲེང་བ་སྟེ་རྒྱུན་མི་འཆད་པའི་ཆུ་ལྟར་མཉེན་པའི་རྡོ་རྗེ་སྟེ་མི་ཕྱེད་པ་ནི་མི་གཡོ་བའོ། །དེ་སྐྱེད་པའི་ཏིང་ངེ་འཛིན་ཀྱང་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བྱ་སྟེ། དེ་མངོན་སུམ་དུ་མཛད་ནས་མི་གཡོ་བའི་རྡོ་རྗེ་གཏུམ་མོའི་དམ་ཚིག་སྔགས་ཀྱི་བདག་ཉིད་ཅན་འདི། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་ལས་ཕྱུང་ངོ༌། །ན་མཿ ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཨ་ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ཚིག་སྟེ། མིང་མགོ་མེད་ཅེས་བྱའོ། །དེ་ཡང་སྭཱ་ཧཱར་ལྡན་ཞིང་ༀ་མེད་པ། །མིང་ནི་མགོ་མེད་ཅེས་བྱ་སྟེ། །འདི་ནི་ལས་ཀུན་ཆོ་ག་ལ། །རྡོ་རྗེ་གཙུག་ཏོར་:པ་ཚབ:ལས་ཟེར། གྱིས་གསུངས་སོ། ཞེས་འབྱུང་བས་སོ། །ད་ནི་སྔགས་ཀྱི་དོན་བཤད་པར་བྱ་སྟེ། ཨ་ཙ་ལ་ནི་གཡོ་བ། དེ་དགག་པའི་ཨ་ཐུང་གིས་བཀག་པས་མི་གཡོ་བའོ། །ཙ་ལ་ཞེས་པ་ནི་མི་གཡོ་བ་སྟེ། བགེགས་རྣམས་ཀྱིས་བསྐྱོད་པར་མི་ནུས་པའོ། །ཀཱ་ཎ་ཞེས་པ་ནི་ལོང་བ་སྟེ། བགེགས་རྣམས་ལོང་བར་བྱེད་པའོ། །ཙཎ་ཌ་ནི་གཏུམ་པོ་སྟེ་ཁྲོ་བོའོ། །ནཊྚ་ཞེས་པ་ནི་ཤཱ་ཏ་ན་སྟེ་གཅོད་པའོ། །སྔགས་འདིར་:ཆག:ཤ་ཏ་ན་ལའོ་ཞེས་འབྱུང་སྟེ་གོང་མའི་ཤེས་བྱེད་དུ་སྒྲའི་གཞུང་དྲངས་པའོ། །


JLD004_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་:ཆག:ཡི་གེ་གོ་བཟློག་པར་བལྟའོ་ཞེས་པ་ཅིག་འབྱུང་བའི་དོན་ནི། སྡེ་ཚན་གསུམ་པའི་ཏ་ལོག་སྡེ་ཚན་བཞི་པའི་ཏ་དྲང་པོར་བྱས་པའོ། །འདིར་ཡང་ཏ་ལོག་ཏ་དྲང་པོར་བཟློག་པའམ་བསྒྱུར་བའོ། །མཊྚ་ནི་མཏ་ཏ་སྟེ། མ་དཱི་ཧ་ར་ཥ་སྟེ་དགའ་བའོ། །འདིར་ཡང་ཡི་གེ་གོ་ལྡོག་པ་ཡིན་ནོ། །མོཊ་ཊ་ནི་ལུས་བོངས་ཆེ་བའོ། །:ཆག:པཊ་ཊ་ཞེས་ཀྱང་ཟེར་ཏེ་དོན་འདྲའོ། །ཥཊ་ཊ་འཇིག་པ་ཞེས་པ་ནི་ལེ་ལོ་ལ་སོགས་པ་འཇིག་པ་སྟེ་:ཆག:པཊ་ཊ་ནི་ཨ་བ་སཱ་ད་ན་ལའོ། །ཞེས་འབྱུང་ལ་དོན་ནི་སྔ་མ་དེ་འཇིག་པ་ལ་འགྲོ་བའི་ཁུངས་སུ་སྒྲ་མདོ་དྲངས་པའོ། །ཤ་ད་ལི་ཨ་བ་ཤ་ཏ་ནི་ཞེས་ཟེར་བའི་ཕྱིར་རོ། །ཏཊ་ཊ་ཞེས་པ་ནི་ཟད་པར་བྱེད་པ་སྟེ།:ཆག:ཏ་ནི་ཉེ་བར་ཟད་པ་ལའོ། །ཟེར། ཏ་མ་ཨུ་པ་ཉེ་བར་ཀྵ་ཡ་ཟད་པ་ལའོ། །ཞེས་བྱིངས་ལས་ཟེར་བས་སོ། །ཧ་ན་ཧ་ན་ནི་རྒྱོབ་ཅིག་པའོ། །ད་ཧ་ད་ཧ་ནི་སྲེགས་ཤིག་པའོ། །མོ་ཧ་མ་ཧ་ནི་རྨོངས་པའོ། །མོ་ཧ་ར་ཀ་ར་ནི་རྨོངས་པར་གྱིས་ཤིག་པའོ། །ཧ་ས་ཧ་ས་ནི་རྒོད་པའོ། །བཛྲ་ཧ་སཾ་ཀུ་རུ་ཞེས་པ་ནི་རྡོ་རྗེ་བཞད་པ་གྱིས་ཤིག་པའོ། །ཧ་ས་ཧ་ས་མར་ད་རཊ་མར་ད་གནད་ར་ཊ་ཆོད་ཅིག་ཞེས་པ་ནི་གནད་ཆོད་ཅིག་པའོ། །གརྫ་གརྫ་ཧ་ན་ཧ་ན། བན་དྷ་བན་དྷ་ཞེས་པ་ནི་ཆིངས་ཤིག་པའོ། །ཏིཥྛ་ཏིཥྛ་ཞེས་པ་ནི་བདག་གི་བསྒོ་བ་བྱེད་པའི་ཕྱིར་གནོས་ཤིག་པའོ། །ཨཱ་བེ་ཤ་ནི་ཞུགས་ཤིག་པ་སྟེ་སློང་:པ་ཚབ་ཆག:སྨིན་པར་བྱེད་ཉིད་ཀྱི་ཟེར། བ་པོའི་ཚུལ་གྱིས། བསྒྲུབ་པར་བྱ་བའི་ལུས་ལ་རབ་ཏུ་ཞུགས་ཤིག་པའོ། །མ་ཧཱ་མན་ཏྲཱ་ཞེས་པ་ནི་སྔགས་ཆེན་པོ་སྟེ་མི་གཡོ་བའི་འཕྲེང་བའི་སྔགས་འདི་ཉིད་དོ། །པཱ་ལ་ཀ་ནི་སྐྱོང་བ་དང༌།


JLD004_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་སྔགས་དེའི་དོན་རྫོགས་པར་བྱེད་པས་མཧཱ་མན་ཏྲཱ་པཱ་ལ་ཀ སྟེ། གང་ཞེ་ན། མི་གཡོ་བའོ། །དྷུ་ན་དྷུ་ན་ནི་སྐྱོད་ཅིག་སྐྱོད་ཅིག་པའོ། །ཏི་ཎི་ཏི་ཎི་ཏིཀྵ་ཎ་སྟེ་རྣོ་ཞིང་ཚ་བའོ། །ནི་ནི་ན་ཡ་སྟེ་ཞེས་པ་འདྲེན་པའམ་ཐོབ་པར་བྱེད་པའོ། །ཞེས་པ་ནི་རྣོ་ཞིང་ཚ་བའི་ལུས་ཅན་གང་ཡིན་པ་དེ་ཐོབ་པ་ནི་ཏི་ཎི་ཞེས་བྱའོ། །ཁཱ་ད་ཁཱ་ད་ཞེས་པ་ནི་བགེགས་ཟོ་ཤིག་པའོ། །མཱ་ར་ཡ་སོད་མཱ་ར་ཡ་སོད། གང་ན་དུཥྚྃ་གདུག་པ་ཅན་བྷཀྵ་ཟོ་བྷཀྵ་ཟོ། གང་ན་སརྦཱཾ་སྦྲུལ་ཀུ་རུ་མཛོད་ཀུ་རུ་མཛོད་ཀི་རི་བྱེད་ཀི་རི་བྱེད་ཞེས་པ་ནི། གང་ན་བསྒྲུབ་པར་བྱ་བའི་ལུས་རྣམ་པར་གཏོར་ཅིག་པའོ། །ཀི་རིའི་མཇུག་ཏུ་འགྱུར་རྙིང་གི་རྒྱུད་ལས་མ་ཧཱ་བི་ཥ་ཎ་ཞེས་པ་ཡོད། :པ་ཚབ:གཞན་ལས་མ་ཧཱ་བི་ཥ་བཛྲ་ཞེས་སོ། །སྥོ་ཊ་ཡ་ནི་བཀས་པ་སྟེ་གདུག་པ་རྣམས་ཀྱི་ལུས། སྣ་ཚོགས་རྡོ་རྗེ་ཆེན་པོས་ཁོས་ཤིག་ཁོས་ཤིག་ཅེའམ་ཕྱུང་ཤིག་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ནི་བསྐུལ་བའི་ཚིག་གོ །ཏྲི་བ་ལི་ནི་རིམ་གསུམ་ཏེ་ཁམས་གསུམ་མོ། །དེ་ཉིད་རྃ་ག་སྟེ་གར་གྱི་གནས་སོ། །:པ་ཚབ:ནིར་ཏ་ཀ་ཞེས་ཀྱང་ཟེར་ཏེ་དོན་འདྲའོ། །ནར་ཏ་ཀ་ནི་དེར་གར་བྱེད་པའོ། །ཨཱཾ་ཨཱཾ་ཨཱཾ་ཞེས་པ་ནི་ལུང་བསྒོ་བའོ། །ཧཱཾ་ཧཱཾ་ཧཱཾ་ནི་བོད་པའོ། །ཨ་ཙ་ལ་ཙེ་ཊ་ཁོལ་ལམ་མངག་གཞུག་པ་ཞེས་པ་ནི་མི་གཡོ་བ་མངག་གཞུག་པ་སྟེ། རྡོ་རྗེ་འཆང་གི་མངག་གཞུག་གོ །སྥོ་ཊ་ཡ་སྥོ་ཊ་ཡ་ཞེས་པ་ནི་དགས་པར་མཛོད་ཅིག་པའོ། །ཧཱུཾ་ཧཱུཾ་ཨ་ས་མན་ཏི་ཀ་ཞེས་པ་ནི་ཉེ་བར་མི་གནས་པ་སྟེ། དེ་དག་ཏྲཊ་ཞེས་ཏེ་ཁོས་ཤིག་པའོ། །མ་ཧཱ་


JLD004_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཤཱ་ཏ་ཡ་ནི་ཆོད་ཅིག་པའོ། །པ་ར་མན་ཏྲཱཾ་ཞེས་པ་ནི་གཞན་གྱི་རིག་པའོ། །ཨཱཾ་ཨཱཾ་ནི་བཀའ་བསྒོ་བའོ། །ཧཱཾ་ཧཱཾ་ནི་བོད་པ་ལ་སྙེགས་སོ། །:པ་ཚབ:ཤུད་དྷ་ལོ་ཀི་ནི་ཟེར། ཤུད་དྷྱ་ཏུ་དག་པར་གྱུར་ཅིག་ལོ་ཀ་འཇིག་རྟེན་ཞེས་པ་ནི་འཇིག་རྟེན་དག་པར་གྱུར་ཅིག་པའོ། །ཏུ་ཥྱ་ཏུ་དགེས་པར་གྱུར་ཅིག་བཛྲཱི་རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེ་ཅན་དགྱེས་པར་གྱུར་ཅིག་པའོ། །ཨཱ་པྲ་ཏི་ཧ་ཏ་བ་ལེ་བྷྱ་ན་མོ་ཞེས་པ་ནི་ཐོགས་པ་མེད་པའི་སྟོབས་ཅན་ཏེ། སྟོབས་བཅུ་པ་ལ་ཕྱག་འཚལ་ལོ་བའི་དོན་ཏོ། །ཛྭ་ལ་ཡ་ནི་འབར་བ་སྟེ། གསལ་བར་བྱེད་པའོ། །ཏྲཊ་ནི་ཁོས་ཤིག་པའོ། །ཨ་ས་ཧ་མི་བཟོད་པ་ནི་མི་བཟོད་པ་སྟེ། ཉོན་མོངས་པ་ཐམས་ཅད་མི་བཟོད་པས་ན་མི་བཟོད་པ་སྟེ། དེ་བཞིན་གཤེགས་པའོ། །དེ་རྣམས་ལ་ཕྱག་འཚལ་བས་ན་ན་མཿ སྭཱ་ཧཱ་ཞེས་སྨོས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྣམས་ནི་ཚངས་པ་ལ་སོགས་པའི་ལྷ་ཐམས་ཅད་དོ། །འཁོར་དང་བཅས་པ་ཀུན་ནི་མངག་གཞུག་པ་རྣམས་དང་བཅས་པའོ། །རྡོ་རྗེའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་རྗེས་སུ་དྲན་པའོ། །འདི་ཡིས་ཞེས་བྱ་བ་ནི། བཤད་མ་ཐག་པའི་འཕྲེང་བའི་སྔགས་ཀྱིས་ལྷ་ཆེན་དག་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས། རྒྱལ་བའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་ལས་འདས་པའི་འཇིགས་པས་སྐྲག་པར་གྱུར་ནས། ཁ་སྦྱར་ལུས་སུ་


JLD004_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་པར་འགྱུར། ཞེས་པ་སྟེ། འཁྲུལ་འཁོར་ཁ་སྦྱར་བས་འགུགས་པའོ། །དེ་ལ་འདིར་སྦྱོར་བ་ནི་འདི་ཡིན་ཏེ། རྡོ་རྗེ་འཆང་དང་དེ་མི་བསྐྱོད་པར་བསྒྱུར་བའི་ཏིང་ངེ་འཛིན་གཉིས་བྱས་ལ། ལས་སྦྱོར་གྱི་དུས་སུ་གྲོ་ག་དང་ལ་སོགས་པ ས་དར་དང་རས་ལ་སོགས་པའི་གཞི་ལ་གི་ཧང་དང་ལ་སོགས་པ ས་གུར་ཀུམ་དང་རྒྱ་སྐྱེགས་ལ་སོགས་པ ས་བསྒྲུབ་པར་བྱ་བ དབང་ཕྱུག་ཆེན་པོ་ལ་སོག་པའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་སྔགས་མིང་གིས་མཚན་པ་སྤེལ་ཚིག་དང་བཅས་པ་བྲིས་ལ། ཡང་འཁྲུལ་འཁོར་གཉིས་པ། ལ་སྔགས་གཡོན་སྐོར་དུ་བྲིས་ཏེ་ཡི་གེ་གཅིག་སྟེང་དུ་གཅིག་འབབ་པར་བྱས་ཏེ་དེས་སྟེང་ན་ས་བཀབ་ལ་སྔར་བཞིན་རྡོ་རྗེ་ལྕགས་ཀྱུས་མཚན་པའི་གཡོན་བརྐྱང་བའི་གནས་པས་ལིང་ག་མནན་ལ། མི་བསྐྱོད་པའི་ང་རྒྱལ་གྱིས་མི་གཡོ་བ་ལ་བཀའ་བསྒོ་བའི་ཚུལ་གྱིས་ཕྲེང་སྔགས་ཨཀརྵ་ཡ་ཧྲིའི་སྤེལ་ཚིག་བཅས་པ་དུས་གསུམ་དུ་བཟླས་པས་དབང་ཕྱུག་ལ་སོགས་པ་འགུགས་པར་འགྱུར་རོ། །འདི་ཡང་དབང་གིས་འགུགས་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་རྡོ་རྗེ་འཆང་བའི་བཀའོ། །དེའི་རྣམ་པར་འཕྲུལ་བ་ནི་རབ་ཏུ་འཇུག་པའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་འཛིན་ཐམས་ཅད་ཀྱི་དམ་ཚིག་སྟེ། བཀའི་ངོ་བོ་གང་ཡིན་པ་དེ་ནི་རྡོ་རྗེ་འཛིན་ཐམས་ཅད་ཀྱི་དམ་ཚིག་གོ །གདུག་པ་རྣམས་ངེས་པར་འདུལ་བས་ན་ཁྲོ་བོ་ཆེན་པོ་གནོད་མཛེས་ཏེ། ཁྲོ་བོ་སྔར་གྱི་བདག་ཉིད་དུ་གྱུར་པ་འདི་


JLD004_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། འདིའི་མིང་ནི་མཐའ་མེད་པ་ཞེས་བྱ་སྟེ། དེ་ཡང༌། གང་ལ་ༀ་ཡོད་སྭཱ་ཧཱ་མེད། དེ་ནི་མཐའ་མེད་ཅེས་བརྗོད་དོ། །ཞེས་རྡོ་རྗེ་གཙུག་ཏོར་ལས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། སུམྦྷ་ཞེས་པ་ནི་ངེས་པར་འདུལ་བ་སྟེ། འདི་ནི་བོད་པའོ། །ནི་སུམྦྷ་ཞེས་པ་ནི་མ་ལུས་པར་ངེས་པར་འདུལ་བའོ། །ཧཱུཾ་ནི་འདུལ་བ་དེ་གསལ་བར་བྱེད་པའོ། །གྲིཧྣ་ཟུང་གྲིཧྣ་ཟུང་ཞེས་པ་ནི་གནོད་པར་བྱེད་པ་འབྲོས་པ་ལ་ཟུང་ཤིག་པའོ། །གྲིཧྣཱ་པ་ཡ་འཛིན་དུ་ཆུག་ཅིག་གྲིཧྣཱ་པ་ཡ་འཛིན་དུ་ཆུག་ཅིག་ཞེས་པ་ནི་འཁོར་རྣམས་ཀྱང་འཛིན་དུ་ཆུག་ཅིག་པའོ། །ཧཱུཾ་ནི་བསྐུལ་བའོ། །ཨཱ་ན་ཡ་ཁུག་ཅིག་ཧོ་ཀྱེ་བྷ་ག་ཝན་ཞེས་པ་ནི་ཀྱེ་བཅོམ་ལྡན་འདས་ཁུག་ཅིག་པ་སྟེ། རྡོ་རྗེ་ཞགས་པས་བཅིངས་ལ་རྡོ་རྗེ་ལྕགས་ཀྱུས་སྙིང་ཕུག་སྟེ་ཁུག་ཅིག་པའོ། །བིདྱཱ་རཱ་ཛ་རྒྱལ་པོ་ཞེས་པ་ནི་རིག་པའི་རྒྱལ་པོ་ཞེས་པ་སྟེ། གནོད་མཛེས་ལ་དབུགས་འབྱིན་པའོ། །ཧཱུཾ་ཕཊ་ཅེས་པ་ནི་གསོད་པའི་ཕྱིར་བསྐུལ་བའོ། །ཁྲོ་བོ་དགུའི་འཕྲེང་སྔགས་ཞིབ་ཏུ་བསྒྱུར་བ་འགྱུར་སྙིང་དང་ཆག་འགྱུར་ལས་འབྱུང་ལ། :པ་ཚབ:ཀྱི་འགྱུར་


JLD004_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ལྟར་མི་སྣང་བ་ནི་རྒྱ་དཔེ་ལ་མི་མཐུན་པ་གཉིས་ཡོད་པར་གསལ་ཡང་སྔ་མ་ལེགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་སྟེ། དེའི་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ནོ་འོ་། །དེའི་ཞབས་ཀྱིས་ནི་ས་བོན་གྱི་འོད་ཟེར་ཏེ། དེས་མནན་པ་ནི་བསྐོར་བའོ། །བསྐོར་བའི་ཚུལ་ནི་དེ་བཞིན་གཤེགས་པ་ཀུན་གྱི་བདག་པོའི་ནི། བསྒྲུབ་པར་བྱ་བ། །དེའི་ཡེ་ཤེས་སེམས་དཔའ་ནི་དེ་དག་གི་སྙིང་ངོ་སྟེ། སྙིང་དེ་རྡོ་རྗེ་ལྕགས་ཀྱུ་ས་ཕུག་ཅིང་མགྲིན་པ་དང་ཞགས་པས་བཅིངས་པའོ། །དེ་ལྟར་བྱས་ནས། བུ་མོ་དགུག་པ ར་བྱའོ། །བུ་མོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། སྐྱེས་པ་ལ་སོགས་པ་ཡང་འགུགས་སོ། །་མོ་། །འདི་མི་བསྐྱོད་པའི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱས་ལ། ལས་སྦྱོར་གྱི་དུས་སུ་སྔར་ལྟར་དགུག་པའི་དམིགས་པ་བྱས་ཏེ། གནོད་མཛེས་ལ་བཀའ་བསྒོ་བའི་ཚུལ་གྱིས། ཕྲེང་སྔགས་སྤེལ་ཚིག་དང་དང་བཅས་པ་ཐུན་གསུམ་དུ་བཟླས་པས་ཁུག་པར་འགྱུར་རོ། །འདི་ནི་དྲག་པོའི་དགུག་པར་མངོན་ནོ། ༈ །དེ་ལྟར་སྔགས་ལ་གཞོལ་བའི་ལས་སྒྲུབ་པ་སྟོན་པར་མ་ཟད་ད་ནི་ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་ཡང་དགུག་པ་ལ་སོགས་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ཆེན་པོ་ནི་སྒྲུབ་པ་པོ་རྣམས་སོ། །དེ་དག་གི་དེ་ཁོ་ན་ཉིད་ནི། དགུག་པ་ལ་སོགས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །དེའི་འབྱུང་བ་ནི་སྟོན་པའོ། །དེ་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་དམིགས་


JLD004_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དམ་ཚིག་ཆེན་པོ་ནི་སློབ་བཞིན་པ་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་ལས་སྒྲུབ་པའོ་སོ་། །དེའི་གསང་བ་ནི་སྣོད་མིན་ལ་བསྟན་པར་བྱ་བ་མ་ཡིན་པས་སོ། །གསུང་གི་དམ་ཚིག་ནི་ཚིག་ཏུ་བརྗོད་པའོ། །དེའི་དེ་ཁོ་ན་ཉིད་ནི་ཇི་ལྟར་གསུངས་པ་ལས་གཞན་དུ་མི་འགྱུར་བ་ཉིད་དོ། །གསུངས་པ་ལྟར་འགྲུབ་པ་དེའི་གནས་ནི་གཞིར་གྱུར་པ་སྟེ། དགུག་པ་ལ་སོགས་པའི་ལས་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་རྡོ་རྗེ་ནི་དགུག་པའི་ལས་བསྒྲུབ་པར་དཀའ་བའོ། །དེ་རྣམས་ཀྱི་སྐུ་གསུམ་ལ་སྟེ། སྐུ་དང་གསུང་དང་ཐུགས་རྣམས་ལ་རྡོ་རྗེ་སེམས་དཔའ་སྟེ། སྒྲུབ་པ་པོ་རིམ་པ་དང་པོ་ལ་སེམས་ཤིན་ཏུ་བརྟན་པོ་དེས་རྣམ་པར་བསྒོམ་པ་སྟེ། འཆད་པའི་བསམ་གཏན་གྱི་ཁྱད་པར་དགུག་པ་བྱ་བའོ། །:པ་ཚབ:ཞགས་པ་རྡོ་རྗེ་ཀྱོ་འཛིན་པས་ཟེར། ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། ཞེས་བྱ་བ་ནི་གང་འགུགས་པ་བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་ལ། གོ་རིམས་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་གོང་གི་ལུས་ལ་སོགས་པ་གསུམ་དང༌། འོག་གི་ཞགས་པ་སོགས་རིམ་པ་བཞིན་སྦྱོར་ན་མི་འགྲིག་པས། བསྒྲུབ་བྱའི་ལུས་རླུང་དཀྱིལ་ལ་བསྐྱོན་པ་དང༌། འོད་ཟེར་ཞགས་པ་ལྟ་བུས་ངག་གི་གནས་མགྲིན་པ་འཆིང་བ་དང༌། རྡོ་རྗེ་ལྕགས་ཀྱུའི་རྣམ་པ་ཅན་གྱི་འོད་ཟེར་གྱིས་སེམས་ཀྱི་


JLD004_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྙིང་གར་འདེབས་པ་རྣམས་རིམ་གྱིས་བྱེད་པའི་དོན་ནོ། །ཞགས་པ་ལ་སོགས་པའི་འོད་ཀྱི་ཚོགས་རྣམས་ཀྱིས་གཞུག་པར་ཏེ་དགུག་པར་རྣམ་པར་བསྒོམ་མོ། །དེ་ནི་སངས་རྒྱས་དགུག་པ་སྟེ། །སྐུ་དགུག་པའི་དམ་པ་སྟེ་གཙོ་བོའོ། །:པ་ཚབ་ཆག:སངས་རྒྱས་ནི་གསོལ་བ་འདེབས་པ་པོའོ། །ཞེས་འབྱུང་ཡང༌། དེའི་གསུང་ཞེས་པ་སངས་རྒྱས་ཀྱི་གསུང་ལ་བྱ་དགོས་པས་འགྱུར་རྙིང་ལྟར་ལེགས་སོ། །སངས་རྒྱས་ནི་སྟོན་པ་པོའོ། །འགྱུར་རྙིང་གི་རྒྱུད་ལས། སངས་རྒྱས་སྐུ་གསུང་སྦྱོར་བ་ཡིས། །འཁོར་ལོ་ཆེན་པོའི་སྦྱོར་བ་ཡིས། ཞེས་འབྱུང་ལ། གཞན་ལས། :པ་ཚབ:སངས་རྒྱས་གསུང་ཚོགས་སྦྱོར་བ་ཡིས། །འཁོར་ལོ་ཆེ་ལྡན་སྦྱོར་བ་ལས། ཞེས་དང༌། དེའི་གསུང་ཚོགས་ནི་ཚིག་གི་ཚོགས་ཏེ་དེས་སོ། །འཁོར་ལོ་ཆེ་སྟེ་ཡུལ་གང་ལ་ཡོད་པ་དེ་ནི་འཁོར་ལོ་ཆེ་ལྡན་ཏེ། ཡུལ་གྱི་བདག་པོའོ། །དེའི་སེམས་དགུག་པར་བྱ་བའི་ཕྱིར། ཞེས་འབྱུང་ངོ༌། །དེའི་སྐུ་སངས་རྒྱས་དེའི་སྐུ་གསུང་ནི་གསུང་སྐུ་ཞེས་ཆག་བསྒྱུར་བ་ལྟར་ཏེ། གསུང་གི་ལུས་ཞེས་པའོ། །སྐབས་འདི་པཎྜི་ཏ་འགུགས་པ་ལ་སྔ་མ་རྣམས་སྦྱོར་བར་སྣང་བ་ལྟར་ཡིན་ལ། དེ་ལ་ནི་འགྱུར་རྙིང་དང་ཆག་འགྱུར་བཞིན་བྱས་ན་མི་འགྲིག་པས། :པ་ཚབ:ལྟར་བྱ་དགོས་སོ། །དེས་ན་སངས་རྒྱས་ཀྱི་གསུང་རབ་ཀྱི་འཁོར་ལོ་ཆེན་པོ་ཡུལ་ལམ་རྟེན་གང་ལ་ཡོད་པའི་ཡུལ་གྱི་སྟེ་འཁོར་གྱི་ཚོགས་མང་པོའི་བདག་པོ་མཁས་པའོ། །གསུང་ནི་གསུང་གི་ཚོགས་སོ། །དེ་དང་ལྷན་ཅིག་ཏུ་འཁོར་ལོ་སྟེ། དཀྱིལ་འཁོར་མངའ་བ་དེ་ནི་འཁོར་ལོ་ཆེན་པོ་སྟེ་དཀྱིལ་འཁོར་གྱི་བདག་པོའོ། །དེའི་ཐུགས་དགུག་པར་བྱ་བའི་ཕྱིར། བསྒྲུབ་པར་བྱ་བའི་སེམས་ལ་སྟེ་སྙིང་གར་རྡོ་རྗེ་ཀྱོ་བའི་འོད་ཟེར་གྱིས་སྦྱོར་བ་གཏོང་བས། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། སྟེ་ཐུགས་རྡོ་རྗེ་


JLD004_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྟག་ཏུ་སྟེ་འཕྲལ་དུ་ངེས་པར་གཅིག་ཏུ་ཁུག་པར་འགྱུར་རོ། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་གསུམ་པོ་རྣམས་ཀྱིས་སོ། །དེ་ཡང་ཅི་འདྲ་སྙམ་ན། རྣལ་འབྱོར་པ་གཏི་མུག་ལ་སྤྱོད་པ་སྟེ། དེ་ཤས་ཆེ་བ་ཡིན་ན། རྣམ་སྣང་གི་སྒོ་ནས་དགུག་སྟེ་གཞན་གཉིས་ལ་ཡང་དེས་འགྲེའོ། །འཁོར་ལོ་པདྨ་རྡོ་རྗེ་ཆེ། ཞེས་བྱ་བ་ནི། གཏི་མུག་དང་འདོད་ཆགས་དང་ཞེ་སྡང་ལ་སྤྱོད་པ་རྣམས་ཀྱིས་སོ། །རྡོ་རྗེ་ཀྱོ་བ་ནི་རྡོ་རྗེ་ལ་སོགས་པའི་ལྕགས་ཀྱུས་ཏེ། དེའི་ཁྱད་པར་གྱིས་ཞེས་པ་རིམ་པ་བཞིན་འཁོར་ལོ་དང་། པདྨ་དང་། རྡོ་རྗེས་མཚན་པའི་ལྕགས་ཀྱུའོ་སྟེ། ངེས་པར་བསྒྲུབ་པར་བྱ་བའི་སྙིང་འགུགས་པས། སྔགས་རྣམས་ཐམས་ཅད་དགུག་པའི་མཆོག་སྟེ། བསྒྲུབ་པར་བྱ་བ་ཐམས་ཅད་དགུག་པའི་མཆོག་ནི་འདི་ཡིན་ཏེ་ལམ་ཕྱིན་ཅི་མ་ལོག་པའི་གནད་རྣམས་ཇི་ལྟ་བ་བཞིན་དུ་འདོམས་པར་བྱེད་པའི་ཕྱིར་རོ། །འདིར་ཉོན་མོངས་གང་ཤས་ཆེ་བའི་དབྱེ་བས་རྣམ་སྣང་ངམ་སྣང་མཐའ་འམ་མི་བསྐྱོད་པ་གང་ཡིན་པའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བཏང་ལ། ལས་རྒྱལ་མཆོག་གི་དུས་སུ་གཡས་ཀྱི་ཕྱག་མཚན་དང་པོ་ལས་འོད་ཟེར་འཕྲོས་པས། པཎྜི་ཏའི་ལུས་རླུང་དཀྱིལ་ལ་བསྐྱོན། མགྲིན་པ་འོད་ཟེར་གྱི་ཞགས་པས་བཅིངས་ཐུགས་ཀར་ལྕགས་ཀྱུ་སོ་སོས་བཏབ་ནས་བདག་གི་གམ་དུ་འོང་བར་ཡང་ཡང་བསམས་ན་ཁུགས་པར་འགྱུར་ལ། དེའི་ཚེ་བཅུ་གཉིས་པ་ན་གསུངས་པ་བཞིན་དུ་རྒྱས་བཏབ་ན་རང་གི་འདོད་པའི་དོན་སྒྲུབ་འགྱུར་རོ། །འདི་དབང་གི་དགུག་པ་འདྲ་སྟེ་དཔྱད་དོ། །ནོ་། ༈ །རང་


JLD004_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚན་མས་ཀྱང་དགུག་སྟེ། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་དེའི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱས་ལ། ལས་སྦྱོར་གྱི་དུས་སུ་དགུག་པར་བྱ་བའི་མདུན་དུ་དང་པོར་རྡོ་རྗེ་འཆང་བསྒོམ། དེ་ནས་དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེར་གྱུར་པའི་སྟེང་དུ་བསྒྲུབ་བྱ་བཞག །སྣ་ཚོགས་རྡོ་རྗེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསམ། དེ་ནས་རླུང་གིས་ཆེས་ཆེར་བསྐྱོད་པ་དང་ལྕགས་ཀྱུས་དྲངས་པའི་དམིགས་པ་བྱེད་དེ། དགུག་པ་ལྷག་མ་གསུམ་ལའང་ལྷ་སོ་སོའི་ཏིང་ངེ་འཛིན་གསུམ་ལ་སོགས་པའི་རིག་པ་སྦྱར། ཞགས་པས་བཅིངས་པའང་ཀུན་ལ་བྱའོ། །ཐམས་ཅད་རྡོ་རྗེའི་དངོས་ཏེ་སྣ་ཚོགས་རྡོ་རྗེའི་རང་བཞིན་ཞི་བ་སྟེ་མཛེས་པ་བསྒོམ་པའོ། །རང་སྔགས་སྐྱེས་བུ་བསྒོམ་ནས་ནི། ཞེས་བྱ་བ་ནི་སྒྲུབ་པ་པོ་རང་གི་མེ་ཏོག་ཕོག་པའི་ལྷར་བསྒོམ་པའོ། །འདིས་རྡོ་རྗེ་འཆང་དང་འདི་གཉིས་གང་བྱས་ཀྱང་འདྲ་བར་བསྟན་ནོ། །མི་ཡི་བུ་མོ་མཆོག་རྣམས་ཀྱི། ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་མིའི་བུ་མོ་སྣ་ཚོགས་རྡོ་རྗེ་དེ་ལ་གནས་པར་བྱས་ལ། དེའི་སྙིང་ཁར་རྡོ་རྗེ་ཀྱོ་བ་སྦྱར། ཞེས་བྱ་བ་སྟེ། སྙིང་ལྕགས་ཀྱུས་ཕུག་ནས་དྲངས་པར་གྱུར་པའོ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། ཞེས་བྱ་བ་ནི། རླུང་གིས་དྲངས་པར་གྱུར་པར་བསམས་ན། ངེས་པར་རྟག་ཏུ་འགུགས་པར་འགྱུར་རོ། ༈ །དེ་བཞིན་དུ་ཞེས་པ་རླུང་ལ་གཞག་པ་དང༌། ལྕགས་ཀྱུས་འདྲེན་པ་འདྲ་བར་སྟོན་པའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། ཤ་ཙིའི་མདུན་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་ཆེན་པོ་གཅིག་བསམ། དེ་ནས་རྣམ་སྣང་དེ་ཟླ་བའི་དཀྱིལ་


JLD004_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསྒོམས་ལ། བརྒྱ་བྱིན་:པ་ཚབ:བརྒྱ་བྱིན་གྱིས་གནས་ནས་ཤ་ཙི་སྟེ་བརྒྱ་བྱིན་གྱི་ཆུང་མ་བདུད་རྩི་འཁྱིལ་པས་ཕྲོགས་ཏེ། ཟླ་བ་དེ་ལ་བསྐྱོན་ནས་བཀུག་པར་བསམ་ཏེ་ཞེས་འབྱུང་བ་ལྟར་བྱའོ། །གྱི་ཁང་པ་ལས་ཤ་ཙི་སྟེ། བརྒྱ་བྱིན་གྱི་ཆུང་མ་བདེ་སོགས་མ་བླངས་ལ་དེར་གནས་པར་བསམས་ཏེ། རྡོ་རྗེ་མི་འཆི་བ འི་སྦྱོར་བ་ལྕགས་ཀྱུ་ཡིས། འགུགས་པར་གྱུར་པར་བསམས་ལ། བདུད་རྩི་འཁྱིལ་པའི་སྔགས་ལན་གྲངས་ལྔ་བཅུ་བརྗོད་ནས་དགུག་པར་བྱའོ། །རྡོ་རྗེ་དཀྱིལ་འཁོར་ནི་འདོད་པའི་རྒྱལ་པོ་སྟེ། དེ་རྡོ་རྗེ་ལྕགས་ཀྱུར་བསྒོམས་ལ། དེ་ལ་ལྷའི་བུ་མོ་བསྐྱོན་ཏེ་དེ་ཉིད་ཀྱིས་སྙིང་ཁ་ནས་འགུགས་པར་གྱུར་ཅིང་། རླུང་གིས་བསྐྱོད་པས་དགུག་པར་བྱའོ། ༈ །ཁྲོ་བོ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་དམ་ཚིག་ནི་བཀའ་གང་ཡིན་པ་སྟེ། དེ་ནི་ཁྲོ་བོ་རྡོ་རྗེའི་དམ་ཚིག་གོ །འདིར་མི་བསྐྱོད་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བསྐྱེད་པ་ལ་བུ་མོ་གཞག་པར་བྱའོ། །རྡོ་རྗེ་ས་འོག་གནས་པ་ནི་གནོད་མཛེས་རྒྱལ་པོ་སྟེ་དེ་བསྐུལ་བ་ནི་གནོད་མཛེས་མདུན་དུ་བཀུག་ལ་བསྒྲུབ་བྱའི་བུ་མོ་ཁུག་ཅིག་ཅེས་བཀའ་བསྒོ་བའི་ཚུལ་གྱིས་ཧཱུཾ་བཞི་པ་བཟླ་བ། །ཤུ་ལ་རྡོ་རྗེ་ཀྱོ་བའི་གནས། ཞེས་བྱ་བ་ནི། གནོད་མཛེས་ཀྱི་རྩ་ཕྱག་གཉིས་ཀྱི་ཕྱག་མཚན་མདུང་དང་ལྕགས་ཀྱུ་བསམས་ཏེ། མདུང་གིས་སྙིང་ཕུག་ལ་རྡོ་རྗེ་ལྕགས་ཀྱུས་དྲངས་ཏེ་ཞགས་པས་བཅིངས་ནས་འགུགས་ཤིང་རླུང་གི་འཁོར་ལོ་ལ་བསྐྱོན་པར་བསམས་ནས། ལྷ་མ་ཡིན་གྱི་བུ་མོ་


JLD004_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་པར་བྱའོ། ༈ །རང་གི་ལྷག་པའི་ལྷའི་ཏིང་ངེ་འཛིན་གཉིས་བྱས། ལས་སྦྱོར་གྱི་དུས་སུ་བཙག་དག་གམ་ཞེས་བྱ་བ་ལ་སོགས་པ་ལ། བཙག་དང་ལ་སོགས་པ ས་རྡོ་རྒྱུས་ཀྱི་འི་ཚོན་ལ་རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། རྡོ་རྗེ་ལྕགས་ཀྱུ་ལྟ་བུས་ཟླ་བ་གཟས་ནི་ཟིན་པའི་ཚེ་རྡོ་རྗེ་ལྕགས་ཀྱུ་ལྟ་བུའི་གཟུགས་བྱས་ལ་སྟེ། ཁར་ཞེས་པ་ཡབ་ཀྱི་རྡོ་རྗེ འི་བུ་ག འམ་ཡུམ་གྱི་ཆོས་འབྱུང་བར་བཅུག་ལ། ཇི་སྲིད་གཟས་ཟིན་པ་བཏང་གི་བར་དུ་བསྒྲུབ་པར་བྱ་ཞིང་སྟེ་སྙོམས་པར་འཇུག་པར་བྱའོ། །ཟླ་བ་གཟས་ཟིན་པ་བཏང་བ་དེ་ནས་ལྕགས་ཀྱུའི་གཟུགས་དེ་བཏོན་ལ་ཡི་གེ་གསུམ་མམ་བསྲུང་འཁོར་གྱིས་ཡང་དག་པར་བསྲུངས་ཏེ། ཚངས་པ་ལ་སོགས་པའི་ལྷ་གང་ཡང་རུང་བ་འགུགས་འདོད་པའི་མིང་རྣམས་སྔར་གྱི་རྫས་དེས་སྤང་ལེབ་ལ་སྔགས་དང་སྤེལ་བ་བྲིས་ནས་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན ནི། རྡོ་རྗེ་གསུང་གི་བཀའ་ཐོགས་པ་མེད་པ་ཇི་ལྟ་བ་བཞིན་དུ་ངེས་པར་འོང་བར་འགྱུར་རོ། ༈ །རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ། མཚན་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཇམ་དཔལ་དུ་རྣམ་པར་བསྒོམས་པའི་ཏིང་ངེ་འཛིན་གཉིས་བྱས་ལ། ལས་སྦྱོར་གྱི་དུས་སུ་གནོད་སྦྱིན་མོའི་མདུན་དུ་གཤིན་རྗེ་གཤེད་སྤྲོས་ཏེ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལྕགས་ཀྱུར་རྣམ་པར་བསམས་ལ། དེ་ནས། :པ་ཚབ:དེ་ལས། བསྐལ་བའི་སྲེགས་པ་འཁོར་ལོ་ཆེ། མེའི་དཀྱིལ་འཁོར་མེ་སྟག་འབར་བ་བསམ་ནས་ཞེས་སོ། །བསྐལ་པའི་བསྲེག་པའི་འཁོར་ལོ་ཆེ། ཞེས་པ། མེའི་དཀྱིལ་འཁོར་འབར་བ་འཁྲུགས་


JLD004_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསམས་ལ། ལྕགས་ཀྱུ་དེར་མངོན་པར་འདོད་པའི་གནོད་སྦྱིན་མོ་རང་གི་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་པ་བཞག་སྟེ། ལྕགས་ཀྱུས་འདྲེན་པ་དང༌། ལྕགས་ཀྱུའི་འོག་གི་རླུང་གིས་བཏེག་པར་གྱུར་ནས་བདག་གི་གན་དུ་བཀུག་ལ་ཉེ་བར་སྤྱད་པར་བྱའོ། ༈ །:པ་ཚབ:ཀུན་གྱི་ནི་ལྷ་རྣམས་ཀྱིའོ་ཟེར། ཕྱག་རྒྱའི་ཁྱད་:པ་ཚབ:དབྱེ་བ་ཡིས་ཟེར། པར་དང་ཞེས་བྱ་བ་ནི་:པ་ཚབ:སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུའི་ཕྱག་རྒྱ་ཆེན་པོ་གཉིས་ཀྱི་དབྱེ་བས་སོ། །སྔགས་ཀྱི་ཁྱད་པར་ནི་ལྷ་ཐམས་ཅད་ཀྱི་སྔགས་སུ་འདོན་པས་ན་སྔགས་ཏེ་བཟླས་པའོ། །སྐུ་གཉིས་ཀྱི་སྒོ་ནས་སྔགས་བཟླས་པའི་དབྱེ་བ་ཡང་དག་གི་བཟླས་བརྗོད་དང༌། རྡོ་རྗེའི་བཟླས་བརྗོད་རྣམ་པ་གཉིས་ཀྱི་ཁྱད་པར་གྱིས། ཐམས་ཅད་དུ་ཞེས་པ་ནི་བཟླས་པ་དེ་གཉིས་ཀྱི་སྒོ་ནས་ཁམ་ལུས་པར་ཀདགུག་འགྱུར་རྙིང་གི་རྒྱུད་ལས། དགུག་པ་དག་ནི་ཐབས་སུ་གསུངས། ཞེས་པ་མ་ལགས་པས། འགྲེལ་པར། དགུག་པའི་རབ་ཏུ་སྦྱོར་བ་གསུངས། ཞེས་པ་ལྟར་བྱའོ། །ཀུན་གྱི་ཕྱག་རྒྱ་ཞེས་པ་ནས། གསུངས་སོ་ཞེས་བྱ་བའི་བར་ནི་སྔར་བཤད་པ་རྣམས་ཀྱི་མཇུག་ཉེ་བར་སྡུད་པའོ། །པའི་རབ་ཏུ་སྦྱོར་བ་གརྒྱུད་འདིར་གསུངས་ཤིང་བཤད་པ་ཡིན་ནོ། །གསུངས་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །གལ་ཏེ་ཁྱད་པར་རྣམ་པ་གཉིས་ཀྱིས་མ་བསྒྲུབས་ན།ཞེས་པ་ནི། སྤྱིར་སྔགས་དང་ཡེ་ཤེས་ཀྱི་སྐུ་རེ་རེའི་སྐུ་སྒོམ་པ་དང༌། སྔགས་བཟློ་བ་གཉིས་གཉིས་ལ་བཤད་དུ་ཡོད་ཀྱང་སྔ་མ་ལ་


JLD004_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཆེ་སྟེ། སྔགས་ལ་གཞོལ་བས་ལས་སྒྲུབ་པ་ལ་བཟླས་པ་མང་དུ་སོང་ན་ལྷའི་ཏིང་ངེ་འཛིན་བརྟན་པོ་མི་དགོས་སམ་སྙམ་པ་ལ། དེ་འདྲས་མི་ཆོག་གཉིས་ཀ་དགོས་ཞེས་སྟོན་པའོ། །དེ་འཇིག་པར་འགྱུར་བ་སྟེ། འཇིག་པ་ནི་མི་འགྲུབ་པར་འགྱུར་བའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་དྲུག་པ་སྟེ། དེ་ཉིད་རྒྱལ་པོ་ཆེན་པོ་སྟེ། ལྔ་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཡང་དང་ཡང་དུ་སྟེ། ཡང་ནས་ཡང་དུ་བསྐུལ་བར་བྱ་ཞིང་དམིགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྔགས་རྣམས་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་པོ་སྟེ། གསལ་བར་བྱེད་པར་ངེས་ཤིང་མཆོག་ཏུ་རྟག་པའོ། །དེ་བས་ན་ལས་ཐམས་ཅད་དང༌། གནས་སྐབས་ཐམས་ཅད་དུ་ཐམས་ཅད་དུ་རྡོ་རྗེ་འཆང་སྒོམ་དགོས་པར་གསུངས་པ་འདི། ལྷག་མོས་ཀྱི་རྡོ་རྗེ་འཆང་སྒོམ་པ་ལ་སྦྱོར་བ་དང༌། སྙིང་པོ་བསྐུལ་བའི་སྐབས་ཡིན་ཞེས་པ་དང༌། དབང་དུ་བྱ་བ་ཁུགས་པ་ན་རྒྱས་འདེབས་ཀྱི་སྐབས་ཡིན་ཞེས་པ་མང་དུ་བྱུང་ཡང་དོན་མ་ཡིན་ནོ། །འདིའི་དོན་ནི་ཀླུ་བྱང་དང་ཟླ་བས། མཉམ་སྦྱོར་ལས། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་ཀུན། །དེ་ཡི་ཉེ་བར་ལོངས་སྤྱོད་ཉིད། ཅེས་ཡང་ཡང་དྲངས་ནས་ལྷ་ཐམས་ཅད་རྡོ་རྗེ་འཆང་གི་ངོ་བོ་ཉིད་དུ་བལྟ་བར་གསུངས་པས། ཕྱི་དཀྱིལ་དང་ལུས་དཀྱིལ་སྒོམ་པ་དང༌། བསྙེན་པ་དང་བསྒྲུབ་པའི་སྐབས་ཐམས་ཅད་དུ་ལྷ་ཐམས་ཅད་ལ་རྡོ་རྗེ་འཆང་གི་ངོ་བོར་བལྟ་བའི་རྒྱས་འདེབས་པ་ཡིན་ལ། འདི་ཤིན་ཏུ་གལ་ཆེའོ། །དམིགས་པར་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །ནམ་མཁའི་ནི་རྟག་པ་སྟེ། ནམ་མཁའ་ལྟར་ཐོག་མ་དང་མཐའ་མ་མེད་པའོ། །ཀུན་ཏུ་ནི་ཐམས་ཅད་དོ། །རྣམ་པར་འཕྲུལ་ཞིང་རབ་ཏུ་འཕྲོ་བའི་


JLD004_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་སྣ་ཚོགས་རྡོ་རྗེ་གང་ལ་ཡོད་པ་ཡིན་པ་དེ་ནི། ཀུན་ཏུ་རྣམ་པར་འཕྲུལ་བའི་ཡེ་ཤེས་རྡོ་རྗེ་ནི། དོན་ཡོད་པར་གྲུབ་པ་སྟེ། དེ་སྐྱེད་པའི་ཏིང་ངེ་འཛིན་ཀྱང་དེ་དང་དབྱེར་མེད་པས་དེ་སྐད་ཅེས་བྱ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཁྱད་པར་ལ། སྙོམས་པར་ཞུགས་ཤིང་ཀུན་ནས་དམིགས་ཏེ། རྡོ་རྗེའི་རང་བཞིན་གྱི་ཐོར་ཚུགས་གཅིག་མ་སྟེ། གང་ལ་རལ་པའི་ལན་བུ་གཅིག་ཡོད་པ་དེ་ནི་ཐོར་ཚུགས་གཅིག་མ་སྟེ། དེ་ཡང་སྔགས་ཀྱི་བདག་ཉིད་ཅན་ནོ། །དམ་ཚིག་ཆེན་པོ་གཞན་གྱིས་མི་ཐུབ་པའི་གསུང་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་རྡོ་རྗེ་ནི་དོན་གྲུབ་དེའི་དཀྱིལ་འཁོར་བ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་གཙོ་བོ་སྟེ། འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པ་དེ”་859ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །ཤཱུ་ལི་ནི་ཞེས་བྱ་བ་ནི་ཤཱུ་ལ་མདུང་སྟེ་ན་རྐྱེན་དུ་བྱས་པ་ལ་ཨི་མོ་རྟགས་སྦྱར་བས་མདུང་ཅན་མ་སྟེ། མདུང་ཅན་མ་ཞེས་བོད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་འདི་གསུངས་པ་ཙམ་གྱིས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་པདྨ་ལས་ངེས་པར་ཕྱུང་བས། ཀླུ་ཡི་བུ་མོ་མཐུ་ཆེན་རྣམས། འདོད་པའི་ཆེས་ཚིག་པར་གྱུར་ཅིང་། གོས་དང་བྲལ་བས་གཞན་གྱི་དབང་དུ་གྱུར་ནས་སངས་རྒྱས་བྱང་ཆུབ་སྟེ། དོན་ཡོད་པར་གྲུབ་པ་རྗེས་སུ་དྲན་ཞིང་སྒོམ་པ་སྟེ། སྔགས་ཀྱི་རིག་པ་འདི་དང་ཆོ་ག་སྦྱར་བས་ཀླུ་ཐམས་ཅད་འོང་བར་འགྱུར་


JLD004_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། སྔགས་འདིའི་བཟླས་པའི་གྲངས་དང༌། དེའི་བཅུ་ཆའི་སྦྱིན་སྲེག་སོགས་སྔོན་དུ་སོང་བས། དོན་གྲུབ་ཀྱི་ཏིང་ངེ་འཛིན་གཉིས་བྱ། རལ་གཅིག་མ་ནི་སྐུ་མདོག་སོགས་སྒྲོལ་མ་དང་འདྲ་ལ། དེ་རང་གི་ཡུམ་དུ་བྱའོ། །དེ་ནས་ལས་སྦྱོར་གྱི་དུས་སུ་སྐྱེས་པའི་ཐོད་པ་ལ་བཙག་གིས་རླུང་གི་དཀྱིལ་འཁོར་སྔར་བཤད་པའི་རིམ་པས་བྲིས་ལ། དེའི་ནང་དུ་ནོར་རྒྱས་ལ་སོགས་པ་ཀླུ་གང་ཡང་རུང་བའི་གཟུགས་བརྙན་བྲིའོ། །དེའི་སྙིང་གར་སྔགས་མིང་སྤེལ་དང་བཅས་པ་བྲིས་ལ་གཞུག །དེ་ལ་ཀླུའི་རྣམ་ཤེས་བཀུག་སྟེ་བཅུག་ལ་དོན་དུ་ཞེན་པར་བྱས་ནས་དེའི་མིང་:པ་ཚབ:སྤེལ་ནས་ཟེར། ནས་སྨོས་ཏེ་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པས་མནན་ལ། ༀ་ཤཱུ་ལི་ནི་ཆེ་གེ་མོ་ཨ་ཀརྵ་ཡ་ཧྲིཿ སྭཱ་ཧཱ་ཞེས་མིང་དང་སྤེལ་བ་དང་བཅས་པས་སྔགས་བཟླས་བརྗོད་བྱས་ན་ཀླུ་རྣམས་ཁུགས་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་བུད་མེད་ཀྱི་ཐོད་པའི་ནང་དུ་ཀླུའི་བུ་མོ་བྲིས་ན་ཁུག་པར་འགྱུར་རོ། །དེ་ནས་ན། ཀླུ་ཡི་བུ་མོ་མིག་བཟང་དག །བཀུག་ནས་ཉེ་བར་སྤྱད་པར་བྱ། ཞེས་གསུངས་སོ། །འདི་ནི་དབང་གི་དགུག་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །ནམ་མཁའི་དམ་ཚིག་ནི་འོད་དཔག་ཏུ་མེད་པ་སྟེ། དེ་གང་དུ་འབྱུང་བ་དེ་ནི་ནམ་མཁའི་དམ་ཚིག་འབྱུང་བ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་སོ། །ཆོས་ཆེན་པོ་ནི་འོད་དཔག་ཏུ་མེད་པའོ། །དེའི་དམ་ཚིག་ནི་དེའི་རིགས་དང་ལྡན་པ་རྣམས་སོ། །དེའི་ནང་ན་རྡོ་རྗེ་ཁྲོ་གཉེར་མ་


JLD004_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༌། མི་ཕྱེད་པའི་སྨིན་མ་བསྐྱོད་པ་དང་ལྡན་པ་འོག་ནས་སྔགས་ཀྱི་བདག་ཉིད་དུ་བཤད་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །སརྦ་བྷ་ཡ་ནི་འཇིགས་པ་ཐམས་ཅད་དོ། །ནཱ་ཤ་ཡ་ནི་འཇིག་པ་སྟེ་རྐུན་མ་ལ་སོགས་པས་བྱས་པའི་འཇིགས་པ་ཐམས་ཅད་འཇིག་པའོ། །དགྲ་རྣམས་རྣམ་པར་འཇིག་པ་སྟེ་སྐྲག་པ ར་མཛད་པས་ན་ཏྲཱ་ས་ནིའོ། །ཏྲཱ་ས་ཞེས་པ་ནི་སྐྲག་པ་སྟེ། འཇིགས་པའི་གཟུགས་ཅན་ནོ། །ཏྲཱ་ས་ཡ་ཞེས་པ་ནི་བཀའ་བསྒོ་བའོ། །བེ་ར་ཊི་:པ་ཚབ:བཻ་ར་ཊི་ནི་ཏ་ཊིའི་འོག་ཏུ་འབྱུང་ངོ༌། །བྷྲི་ཀུ་ཊི་ཞེས་པ་ནི་ཁྲོ་གཉེར་ཅན་ཏེ་གློག་ལྟར་:པ་ཚབ:གློག་ལྟར་གཡོ་བའི་གཟུགས་ཅན་ཡིན་པའི་ཕྱིར། བྷྲི་ཀུ་ཊི་ཏ་ཊིའོ། །འབྲུག་ལྟར་སྒྲ་སྒྲོགས་པའི་ཕྱིར་བཻ་ར་ཊིའོ། །སྡིག་པའི་དྲི་མ་མཐའ་དག་དང་བྲལ་བའི་ཕྱིར་ཤྭེ་ཏེའོ། །འདོད་ཆགས་རྣམ་པར་དག་པས་རྣམ་པར་དག་པ་ཤྭེ་ཏ་ནིའོ། །ཞེས་འབྱུང་སྟེ་བཻ་ར་ཊི་གཉིས་མེད་དོ། །གཡོ་བའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །ཏ་ཊཱི་ནི་འབྲུག་ལྟར་སྒྲ་སྒྲོག་པའོ། །བཻ་ར་ཊི་ནི་དྲི་མ་ངན་པ་མ་ལུས་པ་དང་བྲལ་བའོ། །ཤྭེ་ཏེ་ནི་དཀར་པོ་སྟེ། འདོད་ཆགས་དག་པས་རྣམ་པར་དག་པའོ། །ཤྭེ་ཏ་ནི་འོད་དཔག་ཏུ་མེད་པའོ། །ཛ་ཊི་ནི་རལ་པ་སྟེ། གང་གི་མགོ་ལ་འོད་དཔག་ཏུ་མེད་པ་ཡོད་པ་དེ་ནི་ཤྭེ་ཏ་ཛ་ཊི་ནི་ཞེས་བྱའོ། །སྔགས་སྤེལ་ཚུལ་ནི། སྭཱ་ཧཱའི་སྔོན་དུ་ཆོ་གེ་མོ་ཨ་ཀརྵ་ཡ་ཧྲིཿ ཞེས་སྦྱར་བའོ། །བྷ་ཡ་ནཱ་ཤ་ནི་ཞེས་བྱ་བ་ལ་སོགས་པ་ཀུན་ཀྱང་བོད་པའི་ཚིག་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་འདི་བརྗོད་པ་ཙམ་གྱིས། རིག་པ་འཛིན་པའི་བུ་མོ་ཀུན་ཞེས་


JLD004_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། རིག་པ་འཛིན་པའི་བུ་མོ་ཐམས་ཅད་དོ། །འདར་བར་གྱུར་པ་ནི་འདོད་ཆགས་ཀྱིས་བསྐྱོད་པའོ། །ཡེ་ཤེས་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །རྗེས་སུ་དྲན་པ་ནི་བསྒོམ་པར་གྱུར་པའོ། །རིག་པ་འཛིན་པའི་བུ་མོ་མཆོག །ཅེས་བྱ་བ་ནི། གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །གསེར་གྱི་རྣ་ཆ་གཡོ་བ་རྣམས། ཞེས་བྱ་བ་ནི། རྣ་རྒྱན་འཕྱང་ཞིང་གཡོ་བར་གྱུར་པའོ། །སྔགས་ཀྱི་རིག་པ་འདི་དང་ནི། ཞེས་བྱ་བ་ནི་བཤད་མ་ཐག་པའོ། །དམ་ཚིག་ལ་སོགས་པ་ཡིས་ཞེས་བྱ་བ་ནི། ཆོ་གའི་ཁྱད་པར་གཟུགས་བྲི་བ་སོགས་གྱིས་སོ། །དགུག་པ་ནི་འགུགས་པས་སོ། །དེ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། འོད་དཔག་མེད་ཀྱི་ཏིང་ངེ་འཛིན་གཉིས་བྱ་སྟེ། ཁྲོ་གཉེར་ཅན་ནི་དཀར་ལ་དམར་བའི་མདངས་ཆགས་པ་མ་གཏོགས་པ་གོས་དཀར་མོ་དང་འདྲ་བ་ཡུམ་དུ་བྱའོ། །ལས་སྦྱོར་གྱི་དུས་སུ་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་རིག་པ་འཛིན་པའི་བུ་མོ་བྲིས་ལ། དེའི་སྙིང་གར་སྔགས་མིང་སྤེལ་དང་བཅས་པ་གཞུག །དེ་ནས་དེའི་རྣམ་ཤེས་བཀུག་པ་དེ་ལ་གཞུག་ཅིང་དོན་དུ་ཞེན་ནས་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་གཡོན་བརྐྱང་བས་མནན་ནས་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན་ཁུགས་པར་འགྱུར་རོ། །འདིར་སྒྲ་ཇི་བཞིན་པའོ། །:པ་ཚབ་ཆག:ཞེས་འབྱུང་བ་ལེགས་ཤིང༌། དེ་ཡང་ལེའུ་འདིའི་འགོ་ནས་


JLD004_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བར་ཐམས་ཅད་དོ། །འདི་ཡང་དབང་གི་དགུག་པའོ། ༈ །འགོག་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། སྦྲུལ་ལ་སོགས་པའི་སྔགས་རིགས་བཞི་པོ་ཐམས་ཅད་བུད་མེད་དང་སྐྱེས་པ་དང༌། མ་ནིང་གི་དབྱེ་བས། ཡི་གེ་གསུམ་པོ་གང་:པ་ཚབ:གང་དུ་འགོག་ཅིང་སྡུད་པས་ན་འགོག་པའོ་ཟེར། དུ་མང་པོ་རྣམས་འགོག་ཅིང་སྡུད་ཀཔས་ཡང་དག་པར་བཟུང་བས་ཁན་འགོག་པའོ། །རྡོ་རྗེ་རྒྱལ་པོ་ནི་ཡི་གེ་གསུམ་གྱི་སྔགས་སོ། །དེ་ཡང་འགོག་པ་ཡང་ཡིན་ལ་རྡོ་རྗེ་རྒྱལ་པོ་ཡང་ཡིན་པས་ན། འགོག་པ་རྡོ་རྗེ་རྒྱལ་པ་སྟེ། ཡི་གེ་གསུམ་པོ་དེ་ཡོངས་སུ་རྫོགས་པ སྟེ་ས་འཇུག་པ་དང་ལ་སོགས་པ ས་གནས་པ་དང་ལྡང་བ འི་ཚུལ་གྱིས་རྒྱུན་མི་འཆད་པར་རྒྱུ་བར་གྱུར་པས་སོ། །དེས་ནི་ཡི་གེ་གསུམ་རླུང་གསུམ་དང་སྦྱར་བས་ནི་ཡི་གེ་གསུམ་གྱི་བཟླས་པ་རྫོགས་པར་བསྟན་ནོ། །མཛེས་པའི་མཆོག་སྟེ། འདོད་པའི་དོན་ཞི་རྒྱས་སོགས་ཀྱི་དངོས་གྲུབ་སྒྲུབ་པས་མཛེས་པའི་ཕྱིར་རོ། །རྡོ་རྗེ་ཡེ་ཤེས་གསུམ་ནི་མི་བསྐྱོད་པ་ལ་སོགས་པ རིགས་གསུམ་མོ་འོ་། །དེ་རྣམས་ལས་བྱུང་བ་ནི་བཤད་མ་ཐག་པའི་སྤྱན་དང༌། གཤིན་རྗེ་གཤེད་ལ་སོགས་པའི་འཕྲེང་སྔགས་བཅུ་གསུམ་དང༌། སྔགས་གཞན་གཉིས་རྣམས་སོ། །ཀུན་ནས་ཞེས་བྱ་བ་ནི་སྔར་བཤད་པའི་སྔགས་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པ་ལ་བཟླས་པས་གྲོགས་བྱས་ན་དོ་། །དེ་མ་ཐག་ཏུ་ཞེས་པ་རིང་པོ་མི་ཐོགས་པར་འགུགས་ཤིང་སྟེ་ཁུགས་པར་འགྱུར་ལ། ཉེ་བར་འགྲུབ་པར་འགྱུར་བ་སྟེ་དགོངས་པས་བཤད་པའོ། །འདིའི་དོན་ནི་མཁས་པ་ཁ་ཅིག་སྔགས་བཅོ་ལྔ་པོས་ལས་གང་འགྲུབ་པ་དེ་འབྲུ་གསུམ་ངག་ཏུ་བཟླས་པ་ཁོ་ནས་འགྲུབ་པར་སྟོན་པ་ཡིན་ཟེར་བ་ནི་དོན་མ་ཡིན་ནོ། །རང་གི་ལུགས་ནི་འདི་འབྲུ་གསུམ་ངག་ཏུ་བཟླས་པ་མིན་གྱི་རླུང་སེམས་དབྱེར་མེད་ཀྱི་རྡོ་རྗེ་བཟླས་པ་བྱས་པས་འདོད་དོན་སྒྲུབ་པ་


JLD004_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། བསྐྱེད་རིམ་པས་ཀྱང་ངག་ཏུ་བཟླས་པའི་སྔགས་ཀྱིས་ལས་སྒྲུབ་པ་རྣམས་ལ་རྡོར་བཟླས་ཀྱི་གྲོགས་བྱས་ན། མྱུར་དུ་འགྲུབ་པར་སྟོན་པ་ཡིན་ནོ། ༈ །སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་ཁྱད་པར་གྱི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོ་ཐམས་ཅད་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྔགས་དབེན་པའི་གནས་ནི་ཆེན་པོ་རུ་སྟེ། རི་བོ་དབེན་པའི་གནས་དག་ཏུའོ། །སྔགས་པས་ཞེས་པ་སྟེ་སྒྲུབ་པ་པོས་འབུམ་དུ་ཟླས་པ་བྱས་ན་ལས་རྣམས་ཐམས་ཅད་བྱེད་པ་སྟེ། དོན་ཐམས་ཅད་སྒྲུབ་པར་བྱེད་པར་བཤད་དོ། །འདིར་ཁྲོ་བོ་བཅུ་ལ་གསུངས་པ་ནི་མཚོན་པ་ཙམ་སྟེ། ལྷ་གཞན་ལའང་འདྲའོ། །འབུམ་དུ་བཟླས་ན་ལས་འགྲུབ་པར་གསུངས་པ་ནི་སྡིག་དང་བྲལ་བའི་སྔགས་པ་ལ་དགོངས་པར་རྣམ་སྣང་མངོན་བྱང་ལས་གསུངས་ལ། སྔགས་གྲངས་འདི་འདྲ་རྣམས་ལ་རྩོད་དུས་སུ་བཞི་འགྱུར་དུ་བགྲང་དགོས་པར་སྡོམ་འབྱུང་ལས་བཤད་དོ། །སངས་རྒྱས་ཐོད་པར་བསོད་ནམས་ཆུང་བས་བྱེ་བ་བགྲང་བར་ཡང་བཤད་དོ། ༈ །མངོན་སྤྱོད་བྱ་བའི་ཡུལ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།:པ་ཚབ:གཞན་ལས། སློབ་དཔོན་སྨོད་དང་གཞན་རྣམས་དང༌། ཞེས་དང༌། སློབ་དཔོན་སྨོད་དང་གཞན་རྣམས་དང་ནི། བླ་མ་ལ་སྨོད་པར་བྱེད་པ་རྣམས་དང༌། རྡོ་རྗེ་སློབ་དཔོན་ལ་སྨོད་པར་བྱེད་པ་རྣམས་སོ། །ཞེས་སོ། །རྡོ་རྗེ་སློབ་དཔོན་སྨོད་པ་ནི། ཐེག་པ་ཐུན་མོང་བའི་བླ་མ་ལ་མཆོག་ཏུ་སྨོད་པ་དང་། ཐུན་མོང་མ་ཡིན་པའི་རྡོ་རྗེ་སློབ་དཔོན་ལ་སྨོད་པའོ། །ཐེག་པ་ཆེན་པོ་སྨོད་པ་དག །ཅེས་བྱ་བ་ནི་རྡོ་རྗེའི་ཐེག་པ་སྤོང་བ་སྟེ། དེ་དག་དང་སྡིག་པ་བྱེད་པ་གཞན་དག །ནན་ཏན་དུ་ནི་གསད་


JLD004_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། ཞེས་བྱ་བ་ནི་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་སོ། །ཡང་ན་གནས་ནས་སྤོ་བར་བྱ། ཞེས་བྱ་བ་ནི་བསྐྲད་པར་བྱའོ། །དེ་ལྟར་བྱས་པའི་ལས་འདི་ཡིས་ནི་བྱང་ཆུབ་མཆོག་སྟེ། མི་གནས་པའི་མཚན་ཉིད་ཅན་གྱི་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ་ཞེས་བྱ་བ་ནི། སྡུད་པ་པོའི་ཚིག་གོ ། ༈ གསད་པར་བྱ་བ་དེ་རྣམས་ཀྱི་ཁ་སྦྱར་དབྱེ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི། ལུས་དང་ངག་དང་སེམས་གསད་ཅིང་གཞིག་པར་སྒྲུབ་པ་པོས་བསྒོམ་པར་བྱ་ཞིང་བསམ་པར་བྱའོ། །གང་ལ་ཞེ་ན། གདུག་སེམས་ལྡན་པའི་དགྲ་རྣམས་ལ། ཞེས་བྱ་བ་སྟེ། གདུག་པའི་སེམས་དང་ལྡན་པའི་སློབ་དཔོན་སྨོད་པ་ལ་སོགས་པ་རྣམས་ལ། བསྒོམ་པར་བྱའོ་ཞེས་བྱ་བ་འདི་དང་སྦྱར་གང་གསད་པར་བྱ་བ་དེ་རྡོ་རྗེ་གནོད་སྦྱིན་སྲིན་པོར་བསྒྱུར་ལ། དེས་སེམས་ཅན་ཐམས་ཅད་བསད་པར་བསྒོམ་མོ། །འདི་ཁ་སྦྱར་དབྱེ་བ་དངོས་མིན་གྱི། དེའི་སྔོན་དུ་བྱ་རྒྱུ་ཡིན་པས། ཁ་སྦྱར་དབྱེ་བའི་ཆོ་ག་ཞེས་གསུངས་སོ། །རོ། །གསོད་པའི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར་ཁྲག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པའི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ། ལས་སྦྱོར་གྱི་དུས་སུ་ཁྲག་དང་ཆུ་དྲོན་དང་བཤང་བ་དང་གཅི་བ་གཅིག་ཏུ་བྱས་པར་གོས་སྦངས་ནས་དེས་ལུས་དཀྲིས་པར་གྱུར་པས་སོ། །ལིང་ག་རྐང་པས་མནན་


JLD004_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི། མངོན་སྤྱོད་ཀྱི་རྫས་སྐེ་ཚེ་ལ་སོགས་པ་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། སྙིང་ཁར་སྔགས་དང་སྤེལ་བའི་མིང་བཅུག་ལ། དེ་ལ་དགྲའི་རྣམ་ཤེས་བཀུག་པ་བཅུག་སྟེ། དོན་དུ་ཞེན་ནས། སྣ་ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡས་པས་གཟུགས་བརྙན་མནན་ལ། མི་བསྐྱོད་པའི་ང་རྒྱལ་གྱི་སྦྱོར་བ་དང་ལྡན་པས་ཁྲོ་བོའི་རྒྱལ་པོ་སྟེ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ན་སངས་རྒྱས་ཏེ། ལས་ཀྱི་ཚོགས་ལ་མཁས་པ་རྣམས་ཀྱང་ངེས་པར་འཇིག་ཅིང་འཆི་བར་འགྱུར་རོ། །ཆུ་ཡིས་གོས་ནི་ཞེ་བྱ་བ་ལ་སོགས་པ་ལ། གོས་ཆུ་དྲོན་གཅིག་པུས་གཤེར་བར་བྱས་ལ། སྔར་བཤད་པའི་ཆོ་ག་སྤྱད་པར་བྱའོ། །ཆུ་ཡི་གོས་ནི་ཞེས་པའི་ཚིགས་བཅད་ཀྱི་རྐང་པ་གསུམ་པ་ལ། འགྱུར་རྙིང་ལས། ལྷ་ཆེན་རྐང་གཡོན་གྱིས་མནན་ན། ཞེས་པ་ནི་མ་དག་པས། :པ་ཚབ:གཞན་ལས”་884ལིང་ག་རྐང་པས་མནན་ནས་ནི། ཞེས་འབྱུང་བ་ལྟར་བྱའོ། །བཤང་བ་དང་གཅི་བས་གཤེར་བར་བྱས་པའི་སྦྱོར་བས་བརྩམ་པར་བྱ་བ་ཡང་དེ་དང་འདྲའོ། །ཐལ་བའི་སྐྱོ་མས་ཀྱང་གོས་གཤེར་བར་བྱས་ལ། གསད་པ་བརྩམས་ན་རྡོ་རྗེ་སེམས་དཔའང་འཇིག་པར་འགྱུར་ཞེས་གསུངས་པའི་དོན་ནི་གསད་ལས་ཤིན་ཏུ་བསྒྲུབ་པར་དཀའ་བ འི་ཡུལ་ཡང་འཆི་བར་འགྱུར་ཞེས་པའི་དོན་ནོ། །དེ་ལྟར་ལས་སྦྱོར་ལྔ་པོ་ནི་ཆས་གོས་ཀྱིས་བྱེ་བ་ཙམ་དུ་ཟད་དོ། །རོ། །གཅེར་བུར་ཞེས་བྱ་བ་ལ་སོགས་པ་ལ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་ང་རྒྱལ་དམིགས་ཏེ། ལུས་ཤིན་ཏུ་ཆེ་བ་དང་ལྡན་པས་འཇིགས་པའི་ཚུལ་ཅན་ནོ། །མཆེ་བ་གཙིགས་པས་


JLD004_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཙིགས་ཤིང་ངོ༌། །འཇིགས་པ་ལ་བརྩོན་པས་ན་འགྱུར་བ་སྟེ་སྒྲུབ་པ་པོའོ། །ཁྲོ་བོ་བཅུ་གང་རུང་གི་ཏིང་ངེ་འཛིན་གཉིས་བྱ། ལས་སྦྱོར་གྱི་དུས་སུ་ལིང་ག་ནི་སྔ་མ་བཞིན་དུ་བྱས་པའི་གཟུགས་བརྙན་ནོ། །རྐང་པས་མནན་པ་སྟེ། སྣ་ཚོགས་རྡོ་རྗེས་མཚན་པའི་གཡས་པའི་རྐང་མཐིལ་གྱིས་མནན་ན ས་རང་རང་གི་སྔགས་སྤེལ་ཚིག་དང་བཅས་པ་ཐུན་གསུམ་དུ་བཟླས་ན་ནི། ནམ་མཁའི་དབྱིངས་ཞེས་བྱ་བ་གཟུགས་ཅན་མ་ཡིན་པའི་ནམ་མཁའ་ཡང་འཇིག་པར་འགྱུར་ན། གཟུགས་ཅན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྟེ། འདི་ཉིད་ཕུལ་དུ་བྱུང་བ་ཡིན་པར་གསུངས་པ་ཡིན་ཏེ། འདིས་ནི་བསམ་གཏན་གྱི་ཆེ་བ་ཉིད་གསལ་བར་བྱས་པ་ཡིན་ནོ། ༈ །མ་མོའི་གནས་ཞེས་བྱ་བ་ལ་སོགས་པས་ནི། བྱ་བར་བརྩམས་པའི་དྲག་པོའི་ལས་སྒྲུབ་པའི་ཀྱི་གནས་གསུངས་པ་ཡིན་ཏེ། ཚངས་པ་མོ་ཚངས་པའི་ཆུང་མ་དང་ཁྱབ་འཇུག་མོ་ཁྱབ་འཇུག་གི་ཆུང་མ་དང་དྲག་མོ་དྲག་པོ་དབང་ཕྱུག་གི་ཆུང་མ་དང་དབང་མོ་བརྒྱ་བྱིན་གྱི་ཆུང་མ་དང༌། གཞོན་:པ་ཚབ:ལུས་ངན་མོ་ཟེར་ཏེ། དེ་ལྟར་ན་ལུས་ངན་གྱི་ཆུང་མའོ། །ནུ་མ་གཞོན་ནུ་གདོང་དྲུང་གི་ཆུང་མ་དང་ཕག་མོ་ནི་ཁ་ཅིག་གཤིན་རྗེའི་ཆུང་མར་འདོད་དོ། །དང་རྒན་བྱད་མ་:པ་ཚབ་ཙ་མུན་ཏྲི8་ཟེར། འདི་དབང་ཕྱུག་གི་ཆུང་མར་སྨྲ་ཡང་སྔར་དྲག་མོ་བཤད་ཟིན་པས་མི་འགྲིག་གམ་སྙམ་མོ། །སྟེ་འཇིག་རྟེན་གྱི་མ་མོ་བདུན་པོ་སྟེ། དེ་རྣམས་ཀྱི་གནས་ནི་དེ་དག་གི་ལྷ་ཁང་ངོ༌། །སམ་དུར་ཁྲོད་དང་ཁང་སྟོང་དང༌། ལམ་བཞི འི་མདོ་ལམ་རྒྱ་གྲམ་དང་མཚན་མ་གཅིག་པ་དབང་ཕྱུག་གི་ལིང་ག་གནས་པ་དང་ཤིང་གཅིག་ཏུའོ། ༈ །མི་རུས་ཞེས་བྱ་བ་ལ་


JLD004_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ། ཁྲོ་བོ་བཅུ་དང༌། ཞེ་སྡང་རྡོ་རྗེ་ཤིན་ཏུ་དྲག་པོ་གང་རུང་གི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱ། ལས་སྦྱོར་གྱིས་དུས་སུ། མིའི་རྗེ་ངར་གྱི་ཕྱོགས་ཀྱི་རུས་པ་ལས་སོར་བརྒྱད་པའི་ཚན་ཙམ་བླངས་ལ། དུར་ཁྲོད་ཀྱི་རས་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་སྣ་ཚོགས་རྡོ་རྗེ་བྲིས་ཏེ། དེའི་ལྟེ་བ་ལ་བསྒྲུབ་པར་བྱ་བའི་མིང་དང་སྔགས་སྤེལ་བ་བྲིས་ནས། འཁོར་ལོ་དེ་རུས་པ་ཁོང་སྟོང་གི་ནང་དུ་བཅུག་ལ་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་སས་རུས་པའི་སྟོང་པ་རྣམས་བཀབ་པ་སྟེ། བཀང་ནས། ཁྲོ་བོ་གང་ཡིན་པའི་སྔགས་ཐུན་གསུམ་མམ་བཞིར་བརྒྱ་རྩ་བརྒྱད་བཟླས་ལ་དགྲའི་སྒོ་ཁར་སྦ་བར་བྱའོ། །ལས་སྦྱོར་དེས་ནི་སངས་རྒྱས་ཏེ་སེམས་ཅན་ཐོས་བསམ་གྱི་ཤེས་རབ་དང་ལྡན་པ་དང༌། སྐུ་གསུམ་སྟེ་མཆོག་དང་བར་མ་དང་དམན་པའི་སེམས་ཅན་གྱི་ཚོགས་རྣམས་ཏེ། དེ་རྣམས་ལ་འདོད་པའི་དོན་སྟེར་བས་ན་མཆོག་འདི་ནི་སྒྲུབ་པ་པོ་དེ་རྣམས་ལ་མཆོག་སྟེར་བའོ། །སྦྱིན་པའོ། །ལས་འདི་བྱ་བའི་ཡུལ་ནི ཤེས་པ་ནི་དྲིན་ལ་ལན་ལྡོན་པའི་སེམས་དང་ལྡན་པའོ། །མི་ཤེས་པ་ནི་གཞན་གྱི་ཕན་བཏགས་པ་ལ་ལྟོས་པ་མེད་པ ར་ཕན་འདོགས་པ་སྟེ། གཉིས་པོ་དེ་དག་རྣམ་པར་སྤངས་པ དགོས་སམ་སྙམ་ན་འོ་། །དེ་ལྟ་བུར་གྱུར་པ་སྟེ་དེ་གཉིས་ཡིན་ཡང་སློབ་དཔོན་ལ་སྨོད་པ་ཡིན་ན་རྒྱུ་མཚན་དེ་ཉིད་ཀྱིས་སྨད་པར་བྱ་བ་སྟེ་གསད་པར་བྱ་བ་ཡིན་ནོ། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། ཞེས་བྱ་བ་ནི། ཟླ་བ་ཕྱེད་ཀྱི་ནང་དུའམ། ཟླ་བ་ཕྱེད་རྫོགས་པས་གནས་ལས་ཉམས་པ སྟེ་སྐྲོད་པ ར་འགྱུར་བའམ། འཆི་བར་འགྱུར་འགྱུར་རྙིང་ལས། སྐམས་སམ་


JLD004_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་འཆི་བར་འགྱུར། ཞེས་འབྱུང་ཡང༌། :པ་ཚབ:གཞན་ལས། ཉམས་པའམ་ཡང་ན་འཆི་བར་འགྱུར། ཞེས་འབྱུང་བ་འགྲེལ་པའི་བཤད་པ་དང་མཐུན་ནོ། །རོ། །ཏིང་ངེ་འཛིན་གཞན་གཉིས་སྔ་མ་དང་འདྲ་བ་ལ། ལས་རྒྱལ་མཆོག་གི་དུས་སུ་ཁྱད་པར་དུ་ཐོད་པ་གང་བ་ནི་ཐོད་པ་ལ་རྨ་མེད་པ་སྟེ། དེ་བཙལ་ལ་མཁས་པས་ཏེ། ཕོ་མོ་གང་འགུགས་པ་ལ་དེ་གཉིས་ཀྱི་ཐོད་པའི་བྱེ་བྲག་ཤེས་པས་ཐོད་པ་དེར་ནི་སྔགས་ཀྱི་ཚིག་སྟེ། ཇི་ལྟར་མངོན་པར་འདོད་པའི་ཁྲོ་བོའི་སྔགས་བསྒྲུབ་པར་བྱ་བའི་མིང་དང་བཅས་པ་བྲིས་ཏེ། རྡོ་རྗེའི་ཚིག་གིས་བཟླས་པ་བྱ། ཞེས་པ། རྡོ་རྗེའི་ཚིག་ནི། རང་ངམ་གཞན་གྱིས་ཐོས་པར་བཟློ་བའི་ཁྲོ་བོའི་ཚིག་སྟེ། དེས་བཟླས་པ་ནི་ངག་གི་བཟླས་པ་ཐུན་བཞིའམ་གསུམ་དུ་བྱས་ལ། ཐོད་པ་དེ་དགྲ་ཡི་སྒོའམ་གྲོང་དག་ཏུ་སྦས་ཏེ་བཞག་ན་ངེས་པར་སྐྲོད་པར་འགྱུར་རོ། །ཡང་ཏིང་ངེ་འཛིན་གཞན་གཉིས་སྔར་དང་འདྲ་བ་ལ། ལས་སྦྱོར་གྱི་དུས་སུ་ཏ་ལའི་ལོ་མའམ་རས་གཞན་གང་ལའང་སྟེ་གང་ཡང་རུང་བ་ལ་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་ཁྲོ་བོའི་སྔགས་མིང་དང་བཅས་པར་ཀུན་ཏུ་བྲིས་ལ། བསྒྲུབ་བྱའི་རྣམ་ཤེས་བཀུག་སྟེ། མིང་ལ་བཅུག་ནས་དོན་དེར་ཞེན་པས་དགྲ་ཡི་གྲོང་ངམ་སྒོ་དང་ཉེ་བ་དག་ཏུ་བརྐོས་ལ་སྦས་ནས། སྔགས་དེ་ཉིད་ཐུན་བཞིར་ཁྲོ་བོའི་ཚིག་གིས་བཟླའོ། །དེ་ལྟར་བྱས་པས་རིམ་གྱིས་དང་པོར་སྐམས་པར་འགྱུར་ལ་ཕྱིས་འཆི་བར་འགྱུར་རོ། །དམ་ཚིག་ཆེན་པོ་ནི་གསད་པ་ལ་སོགས་པའི་ལས་བསྒྲུབ་པ། །དེའི་རྒྱུ་ནི་འི་རྡོ་རྗེ་ནི་རྗོ་རྗེ་འཛིན་པ་ཆེན་པོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་


JLD004_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྡུད་པར་བྱེད་པའི་ཚིག་གོ ། ༈ དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །བསྒྲུབ་བྱ་འདི་ཇི་ལྟ་ཇི་ལྟར་དྲག་པོའི་ལས་བྱ་བའི་ཡུལ་གྱི་གདུག་པའི་དངོས་པོར་གྱུར་ཅིང་སོང་བ། དེ་ལྟ་དེ་ལྟར་དེ་དང་འཚམ་པའི་དྲག་ལས་ཀྱིས་ངེས་པར་དགག་པར་བྱ་བ་ཡིན་པས་ན་དེ་བཞིན་བཤེགས་པ་སྟེ་བསྒྲུབ་པར་བྱ་བའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་དོན་ཡུལ་ཇི་ལྟ་བ་ཡིན་པ་དེ་ལྟར་གཤེགས་ཞེས་པའི་ཚིག་དོན་དང་སྦྱར་བའོ། །དེ་རྣམས་ཀྱི་ལུས་དང་ངག་དང་ཡིད་ངེས་པར་འཆིང་བ་ནི་ལུས་ངག་ཡིད་མི་གཡོ་བར་བྱས་པའོ། །རྡོ་རྗེ་རྡོ་རྗེ་སྟེ་མི་ཕྱེད་པའི་ཞེས་པ་ལྟར་ན། འགྱུར་རྙིང་གི་རྒྱུད་ལས། ཐུགས་གནོན་པ་ཞེས་པ་མི་འབྱོར་བས། :པ་ཚབ:གཞན་ལས་ཐུགས་རྡོ་རྗེ་འདེབས་པ་ནི་སྔགས་ཞེས་པ་ལྟར་བྱ་དགོས་སོ། །ནི་མི་ཕྱེད་པའི་ངོ་བོར་གྱུར་པ་གང་ཡིན་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །ཁམས་གསུམ་ནི་མཆོག་དང་འབྲིང་དང་ཐ་མ་སྟེ། བསྒྲུབ་པར་བྱ་བ་རྣམ་པ་གསུམ་མོ། །དེ་རྣམས་ཀྱི་ལུས་ལ་སོགས་པ་གཟིར་བར་བྱ་བའི་ཕྱིར་རྡོ་རྗེ་སྟེ་མི་ཕྱེད་པའི་ཕུར་བུའི་སྔགས་འདི”་894ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་དངོས་ཏེ། སྔགས་ཀྱི་མིང་མཐའ་མེད་ཅེས་བྱའོ། །གྷ་གྷ་ཞེས་པ་ནི་གྷ་ཏ་ཀ་སྟེ། གསོད་བྱེད་ཅེས་བོད་པའོ། །གྷཱ་ཏ་ཡ་སརྦ་དུཥྚཱན་ཞེས་པ་ནི་མ་རུངས་པ་ཐམས་ཅད་ཆོམས་ཤིག་ཅེས་རྦོད་པའོ། །ཕཊ་ཕཊ་ཅེས་པ་ནི་དེ་གསལ་བར་བྱེད་པའི་ས་བོན་ནོ། །ཀཱི་ལ་ཡ་ཀཱི་ལ་ཡ་ཞེས་པ་ནི། ཕུར་


JLD004_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བཏབ་པ་ལ་མི་འགུལ་བར་གྱིས་ཤིག་པའོ། །སརྦ་པཱ་པཾ་ཞེས་པ་ནི་སྡིག་པ་དང་སྡིག་པའི་བསམ་པ་ཅན་ལ་འཇུག་པ་གཉིས་ལས་འདིར་ཕྱི་མའོ། །ཐམས་ཅད་དོ། །ཕཊ་ཅེས་པ་ནི་དགས་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་གསུམ་ནི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་སྐུལ་བའོ། །བཛྲ་ཀཱི་ལ་ཡ་ཞེས་བྱ་བ་ནི་བྱ་བ་སྟེ་བྱ་བའི་སྒོ་ནས་རྡོ་རྗེ་ཕུར་བུ་ལ་བོད་པའོ། །བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཞེས་པ་ནི། རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་པ་སྟེ། བདག་ཉིད་རྡོ་རྗེ་འཆང་ཉིད་དུ་བྱིན་གྱིས་བརླབས་པ་སྟེ་ང་རྒྱལ་བྱས་ལ་བསྒོ་བའོ། །ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཞེས་པ་ནི་ལུས་ངག་ཡིད་རྡོ་རྗེ་སྟེ། འདིར་ནི་གདུག་པ་རྣམས་ལ་བྱ་བར་དགོངས་སོ། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ནི་གཞན་:པ་ཚབ་ཆག:སླར་ཡང་ཟེར། ཡང་སྐུལ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕུར་བུའི་སྔགས་འདི་གསུངས་ཤིང་ངེས་པར་ཕྱུང་མ་ཐག་ཏུའོ། །ལས་འདི་སྒྲུབ་པར་དཀའ་བས་ན་སངས་རྒྱས་:པ་ཚབ་ཆག:རྡོ་རྗེའོ་ཟེར། སོ། །མཐུ་ཆེན་པོ་དང་ལྡན་པས་ན། རྫུ་འཕྲུལ་ཆེན་པོ་སྟེ། བརྒྱ་བྱིན་ལ་སོགས་པ་ཐམས་ཅད་དོ། །སྔགས་ཀྱི་སྒྲ ས་རྣ་བའི་ཡུལ་དུ་རེག་པ་སྟེ་ཐོས་པ ས་དང་པོ་བརྒྱལ་བར་གྱུར་ལ། དེའི་འོག་ཏུ་དྲན་པ་རྙེད་ནས་སྐྲག་པར་གྱུར་པས་ན་འཇིགས་པར་གྱུར་པའོ། །ནམ་མཁའ་རྡོ་རྗེའི་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དྲན་པར་གྱུར་པ་ནི་དེ་ལ་སྐྱབས་སུ་སོང་བའོ། །འདིས་ལས་སྦྱོར་འདི་ལ་དང་པོ་རྡོ་རྗེ་འཆང་དུ་བསྐྱེད་པར་བསྟན་ནོ། ༈ །མི་རུས་ཞེས་བྱ་བ་ལ་སོགས་པས་ནི་འདིར་རྫས་ཀྱི་ཕུར་


JLD004_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཆོ་ག་གསུངས་པ་སྟེ། མངོན་སྤྱོད་ཀྱི་རྫས་རྣམས་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ནས། དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་མིང་དང་སྤེལ་བའི་སྔགས་བྲིས་ལ། གཟུགས་བརྙན་གྱི་སྙིང་གར་བཅུག་ནས་དེ་ལ་བསྒྲུབ་བྱའི་རྣམ་ཤེས་བཀུག་པ་དེ་བསྟིམས་ལ་དོན་དེར་ཞེན་ནས་མི་རུས་སམ། སེང་ལྡེང་གི་སྙིང་པོ་ལ་སོགས་པ་གང་ཡང་རུང་བའི་ཕུར་བུ་སྟེ། ཁྲོ་བོའི་གཟུགས་ཅན་ལ་འོག་མདུང་རྩེ་གཅིག་པར་བྱས་ལ། གསང་སྔགས་སྤེལ་ཚིག་དང་བཅས་པ་ཐུན་དུ་བཅད་ནས་འདོན་ཅིང་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐིལ་གྱི་བར་དུ་རྡོ་རྗེ་ཐོ་བས་བརྡུངས་ན། འདིས་ནི་གདུག་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་རྣམ་པར་འཇིག་པར་འགྱུར་རོ། ༈ །རྫས་ཀྱི་ཕུར་གདབ་བསྟན་ནས། བསམ་གཏན་གྱིས་ཏེ་བསྒོམ་པས་བསྐྱེད་པའི་ཕུར་བུ་གདབ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། འོད་འཕྲོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། “བསྒྲུབ་པའི་ཐབས་མདོར་བྱས་དང་མདོ་བསྲེ་ལས་འབྱུང་བའི་ཚུལ་གྱིས་དང་པོར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་གི་འི་སྦྱོར་བ་སྟེ་རྣལ་འབྱོར་དང་ལྡན་པས། ཡུམ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའི་མི་བསྐྱོད་པ་ཕྱིར་དབྱུང་ཞིང་དེ་ནས་རང་ལ་རྗེས་སུ་ཞུགས་པས། འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །རྡོ་རྗེ་སེམས་དཔར་མཉམ་གཞག་ལ། ཞེས་བྱ་བ་སྟེ། ཞེ་སྡང་རྡོ་རྗེ་ཞལ་ཅུང་ཟད་མཆེ་བ་གཙིགས་པ་འོད་ཀྱི་དཀྱིལ་འཁོར་དམར་པོ་མེ་འོད་འབར་བ འི་དབུས་སུ་ཆུད་པར་བདག་ཉིད་བསྒོམས་ལ། མངལ་དུ་བསྐྱེད་པའི་ཁྲོ་


JLD004_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བཅུ་ཕྱུང་སྟེ། ཕྱོགས་དང་མཚམས་རྣམས་སུ་བཞག་ནས། རྡོ་རྗེ་སྐུ་ནི་འདིར་འཕགས་པ་ཡབ་སྲས་ཀྱི་འཁོར་ལོ་སེར་པོ་རྩིབས་བཅུ་པ་བསྒོམ་པ་གསལ་བར་མ་བཤད། ཨ་བྷ་ཡས་འཁོར་ལོ་དེ་བསྒོམ་པར་མདོར་བྱས་ཀྱི་འགྲེལ་པར་བཤད་པ་ནི་ཤིན་ཏུ་ལེགས་ཏེ། རྒྱུད་ཕྱི་མ་ལས། ལོངས་སྤྱོད་བཞི་དང་ཡང་དག་ལྡན། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་རྣམ་པར་བསྒོམ། །ཀུན་ནས་སེར་བའི་འཁོར་ལོ་ནི། །རྩིབས་བཅུ་དེ་དབུས་རྣམ་པར་བསྒོམ། །རྩིབས་ཀུན་ལ་ནི་ཁྲོ་བོ་བཅུ། །ཡེ་ཤེས་བདག་ཉིད་བཅུ་ལས་བྱུང་། །འགོག་པའི་རྡོ་རྗེ་བསྒོམ་བྱ་ཞིང་། །མཆོག་ཏུ་མཛེས་པར་བསྒྲུབ་པར་བྱ། །རྡོ་རྗེ་འབར་བའི་སྤྲིན་སྤྲོས་པས། །མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་གསུངས་པའི་ཕྱིར་རོ། །དེའི་རྐང་པ་གཉིས་པས་ནི་བསྲུང་འཁོར་གྱི་དབུས་སུ་རྡོ་རྗེ་འཆང་བསྒོམ་པ་བསྟན། རྐང་པ་དང་པོས་རྡོ་རྗེ་གསུམ་དང་ཡེ་ཤེས་སེམས་དཔའ་བསྟན་པར་འགྲེལ་པར་བཤད་དེ། དེ་བཞི་རྡོ་རྗེ་འཆང་ལ་དགོད་དོ། །རྐང་པ་གསུམ་པ་དང་བཞི་པས་ཆོས་འབྱུང་གྲུ་གསུམ་བསྒོམ་པ་བསྟན། ཀུན་ནས་ཞེས་པ་གཉིས་ཀྱིས་འཁོར་ལོ་དེའི་དབུས་སུ་རྡོ་རྗེ་འཆང་བསྒོམ་པར་བསྟན། འདིར་འགྲེལ་པས་ཆོས་འབྱུང་གི་ཕྱི་རོལ་དུ་འཁོར་ལོ་བསྒོམ་པར་བཤད་པ་ནི། འཁོར་ལོའི་ལྟེ་བའི་ཁྲོ་བོ་རྡོ་རྗེ་སེམས་དཔར་གྱུར་པ་ལས། ཆོས་འབྱུང་བསྐྱེད་པའི་ཕྱོགས་ལ་དེ་རུང་ཡང་འདིར་ནི་མི་རུང་ངོ༌། །ཡེ་ཤེས་བཅུ་ནི་བདེན་པ་བཞི་ཤེས་པ་ལ་སོགས་པའི་ཤེས་པ་བཅུའོ། །འགོག་པའི་རྡོ་རྗེ་ནི་ཡིད་ཕྱིར་གཡེང་བ་བཀག་ནས་བསྒོམ་པའོ། །རྐང་པ་ཐ་མའི་དོན་ནི། ཁྲོ་བོ་རྣམས་


JLD004_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བ་དང་འཁོར་ལོ་འཁོར་བ་གཉིས་མཚུངས་པ་སྟེ་མཉམ་པོར་བྱ་བའོ། །གསུམ་གྱི་མཐར་ཞེས་བྱ་བ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་གཟུགས་བརྙན་གནོད་མཛེས་ཀྱི་གཟུགས་སུ་བསྒོམས་ལ། :པ་ཚབ:རྡོ་རྗེ་གསུམ་སྐུའི་མཐར་ཐུག་པ། །གཟུགས་བསམ་ནས་ནི་སྦྱར་བར་བྱ། ཞེས་འབྱུང་ངོ༌། །དེའི་དོན་ནི། རྡོ་རྗེ་གསུམ་གྱི་སྐུ་ནི་སེམས་དཔའ་གསུམ་བརྩེགས་ཅན་གྱི་གཙོ་བོ་ཞེ་སྡང་རྡོ་རྗེའོ། །དེའི་མཐར་ཐུག་པ་ནི། འོག་གི་མཐར་གནས་པའོ། །གཟུགས་བསམ་པ་ནི། གནོད་མཛེས་ཀྱི་ཡིན་ཏེ། འོག་གི་གནོད་མཛེས་ཀྱིས་སྤྲུལ་པའི་གནོད་མཛེས་གཉིས་པ་རང་གི་མདུན་ན་འདུག་པ་ལ་བཀའ་བསྒོ་བས་བགེགས་རྣམས་བཀུག་པ་ལ་བཤད་མ་ཐག་པའི་ཕུར་བུའི་ཆོ་ག་བསམ་གཏན་གྱིས་སྦྱར་བར་བྱའོ། །མི་བསྐྱོད་པའི་གཟུགས་འབའ་ཞིག་ཏུ་མ་ཟད་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ལས། རྣམ་པར་སྣང་མཛད་རྒྱ་ཆེན་ནམ། །ཡང་ན་འདོད་ཆགས་རྡོ་རྗེ་ཅན། །གཤིན་རྗེ་གཤེད་ཀྱི་རྒྱ་ཆེན་དག །བསམས་ན་རྡོ་རྗེ་གསུམ་ཡང་གནོན། ཞེས་གསུངས་པ་ལྟར་རྣམ་པར་སྣང་མཛད་ལ་སོགས་པར་བསྒོམས་པས་ཀྱང་ཕུར་བུའི་ཆོ་ག་འདི་བྱའོ། ཞེས་བྱ་བ་ནི་མདོ་སྟེ་རྩ་རྒྱུད་ཀྱི་འི་དོན་ཏོ། །རྡོ་རྗེ་གསུམ་གནོན་པ་ནི་བགེགས་ཀྱི་ལུས་ངག་ཡིད་གསུམ་ལ་ཕུར་བུས་འདེབས་པའོ། ༈ །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གྱིས་བསམ་གཏན་གྱི་ཆོ་གའི་ཕུར་བུས་གདབ་པ་སྟོན་ཏེ། རྡོ་རྗེ་བདུད་རྩི་འཁྱིལ་བ་ཡིས། ཞེས་བྱ་བ་ནི། བྱང་རྩིབས་ཀྱི་བདུད་རྩི་འཁྱིལ་བ ས་སྤྲུལ་པའི་བདུད་རྩི་འཁྱིལ་བ་ཕུར་བུ་བཅུ འི་གཟུགས་སུ་གྱུར་པས། གདུག་ཅིང་ཁྲོ་བ་ཚར་བཅད་ལ། ཞེས་བྱ་བ་སྟེ། གདུག་པ་རྣམས་ཀྱི་ཁྲོ་བ་ཚར་གཅོད་པ་སྟེ། བརྩེ་བ་མེད་པར་གཞོམ་པར་བྱའོ། །རྡོ་རྗེའི་སྦྱོར་


JLD004_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བས་བྱ་བ་ཡིན། ཞེས་བྱ་བ་ནི། མི་བསྐྱོད་པའི་སྦྱོར་བས་སོ། །སངས་རྒྱས་ཀྱིའང་སྟེ་རྣམ་པར་སྣང་མཛད་དང༌། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའི་ཡང་ཆོ་ག་འདི་ཉིད་དོ། །བདག་ཉིད་ཆེན་པོ་སྟེ། གཤིན་རྗེ་གཤེད་ཀྱི་ཡང་ཆོ་ག་འདི་ཉིད་དོ། །རང་ལྷ་དེ་གསུམ་དུ་བསྒོམ་ནས་བདུད་རྩི་འཁྱིལ་པའི་ཕུར་བུས་འདེབས་ཚུལ་མི་བསྐྱོད་པ་དང་འདྲ་བར་བསྟན་ནོ། །ཕུར་བུའི་:པ་ཚབ:དབྱིབས་གནས་བསྟན་པར་བྱ་བའི་ཕྱིར། སྙིང་ཁ་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུར་བུའི་རྣམ་པ་ཅན་གྱི་བདུད་རྩི་ཐབ་སྦྱོར་:ཆག:ནི་ལྟེ་བ་ནས་གོང་དུ་ཞེས་བཤད་པས་སྙིང་ག་ནས་ཟེར་ཡང་སྙིང་ཁ་སྟེ་ལྟེ་བ་ནས་བཟུང་སྟེ། རྐང་མཐིལ་གྱི་བར་དུ་ཕུར་བུའི་གཟུགས་སུ་བསམས་ལ། ཕུར་བུ་དེ་ཉིད་ལྟེ་བ་ནས་གོང་དུའང་དམ་ཚིག་སྟེ། བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་བསམ་པར་བྱའོ། །འདི་ནི་ཕུར་བུའི་རྣམ་འཕྲུལ་ཡིན། ཞེས་བྱ་བ་ལ། ཕུར་བུའི་དབྱིབས་ངེས་པར་བརྟག་པ་སྔར་བཤད་མ་ཐག་པ་འདི་དང་། བསམ་གཏན་གྱི་རྡོ་རྗེའི་སྦྱོར་བ་ཡིས། སངས་རྒྱས་དག་ཀྱང་སྟེ།:པ་ཚབ:ཕུར་བུའི་ཆོ་ག་ཤེས་པའི་སྒྲུབ་པ་པོ་ཡང་ཟེར་བ་ལྟར་ཡིན་ནོ། །ཕུར་བུའི་ཆོ་ག་ཤེས་པའི་སྒྲུབ་པ་པོས། ངེས་པར་ཕུར་བུས་འདེབས་ཤིང་མི་འགྱུར་བ སྟེ་མི་གཡོ་བ ར་བྱེད་དོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཕུར་བུས་བཏབ་ན་མྱུར་དུ་འཆི། །ཞེས་བྱ་བ་ནི་:པ་ཚབ:སྒྲུབ་པ་པོ་གལ་ཏེ་ཆོ་ག་དེ་ལྟ་བུས་ཕུར་བུས་འདེབས་ན། དེའི་ཚེ་བསྒྲུབ་བྱ་བརྩོན་འགྲུབ་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ཞིང༌། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་


JLD004_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

པོར་དབང་བསྐུར་བས་ན། རྒྱལ་པོ་ཆེན་པོ་ཡང་མྱུར་དུ་སྟེ་རིངས་པར་འཆི་བར་འགྱུར་རོ། །ཞེས་འབྱུང་བ་ལྟར་བྱའོ། །སྒྲུབ་པ་པོ་སྟེ། བརྩོན་འགྲུས་བརྟན་པས་ན་རྡོ་རྗེ་སེམས་དཔའོ། །ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་དབང་བསྐུར་བས་ན་རྒྱལ་པོ་ཆེན་པོ་སྟེ། དེས་གལ་ཏེ་འདི་ལྟ་བུའི་ཆོ་གས་ཕུར་བུས་འདེབས་ན། དེའི་ཚེ་བསྒྲུབ་པར་བྱ་བ་མྱུར་ཞིང་རིངས་པར་འཆི་བར་འགྱུར་རོ། ༈ །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་ཀྱང་ཕུར་བུའི་ཆོ་ག་བརྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །རྣམ་པར་སྣང་མཛད་ཆེན་པོའི་ངོ་བོ་ཉིད་དོ། །སྐུ་ནི་རྣམ་པར་སྣང་མཛད་ཆེན་པོའི་སྐུ་སྟེ། བསྒྲུབ་པར་བྱ་བའི་ལུས་སོ། །འདིར་རྣམ་པར་འཕྲུལ་ཞིང་ཕུར་བུའི་གནས་སུ། རྣམ་པར་རོལ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །སྐུའི་དམ་ཚིག་ནི་སྐུའི་སྟོབས་སོ། །ལུས་དེའི་ཚམ་ངམ་གྱིས་གནོན་པ་ནི་ཚར་གཅོད་པ་སྟེ། རྡོ་རྗེ་ཕུར་བུའི་སྔགས་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། མིང་མཐའ་མེད་ཅེས་བྱའོ། །ཚིནྡ་ཚིནྡ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ཆོད་ཅིག་པའོ། །ཧ་ན་ཧ་ན་ཞེས་བྱ་བ་ནི་དེའི་ལུས་ཀྱི་སྟོབས་ཆོམས་ཤིག་པའོ། །ད་ཧ་ད་ཧ་ཞེས་པ་ནི་ལུས་སྲེགས་ཤིག་པའོ། །དཱིཔ་ཏ་འབར་བ་བཛྲ་ཙཀྲ་འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་དང་འཁོར་ལོ་འབར་བ་ཅན་གང་ཡིན་པ་ལ། འབར་བའི་རྡོ་རྗེ་འཁོར་ལོ་ཅན་ཞེས་མི་བསྐྱོད་པ་ལ་བོད་པའོ། །ཧཱུཾ་ཕཊ་ཅེས་པ་ནི་


JLD004_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའོ། །ཕན་ཚུན་ཞེས་བྱ་བ་ལ་སོགས་པས་ནི། ཕུར་བུ་གདབ་པའི་སྦྱོར་བ་གསུངས་པ་ཡིན་ཏེ། མི་བསྐྱོད་པའི་སྦྱོར་བ་དང་ལྡན་པའི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱ་ལ། ལས་རྒྱལ་མཆོག་གི་དུས་སུ་རང་གི་ཕྱག་རྒྱ་མཱ་མ་ཀཱི ར་བསྐྱེད་པ་མདུན་དུ་བཞག་སྟེ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ་ཞེས་པ་ཡབ་ཡུམ་ཕན་ཚུན་དུ་གྱིས་འཁྱུད་པ་ལ་སོགས་པ་དེ་དང་དེ་དག་བྱས་ལ། མཐེ་བོ་གཞི་ནི་རབ་ཏུ་བསྡམ། ཞེས་བྱ་བ་ལ། མཐེ་བོ་ནི་རང་གི་རྡོ་རྗེའོ། །གཞི་ནི་ཕྱག་རྒྱའི་གསང་བ འི་པདྨ་སྟེ། དེ་ལ་གཞི་ཟེར་བ་ནི་དགའ་བ་སྐྱེ་བ འི་གནས་ཡིན་པའི་ཕྱིར་རོ། །བསྡམ་པ་ནི་གཉིས་འདུས་ནས་གཅིག་ཏུ་བྱས་པའོ། །ཇི་ལྟར་ཞེ་ན། རྣམ་པར་སྣང་མཛད་ཚུལ་གནས་ཏེ། ཞེས་བྱ་བ་སྟེ། རྣམ་པར་སྣང་མཛད་ཀྱི་ཚུལ་གྱི་གནས་ནི་བསྒྲུབ་པར་བྱའི་ལུས་སོ། །ལུས་དེ་གང་གིས་མནན་ཅིང་ཕུར་བུས་བཏབ་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། བསྒྲུབ་བྱ་ཡུམ་གྱི་པདྨའི་ནང་དུ་བཀུག་པ་ལ། རང་གི་ལིང་ག་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པའི་ཕུར་བུས་ལུས་ཀྱི་སྤྱི་བོ་ནས་རྐང་པའི་བར་དུ་ཕུག་པར་བསམ་པའོ། །པ་དེ་ནི། རྣམ་པར་སྣང་མཛད་ཀྱི་ཚུལ་གྱི་གནས་ལུས་གནོན་པ་སྟེ། འདི་ནི་མཐེ་བོ་གཉིས་ཀྱི་རབ་ཏུ་བསྡམ་པའི་ཁྱད་པར་ཏེ། འདིའི་སྔགས་ཀྱི་མཐར་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་སྤེལ་བའི་སྔགས་འདི་བཟླས་བརྗོད་བྱེད་ཅིང་སྙོམས་འཇུག་བྱའོ། །བཏབ་མ་ཐག་ཏུ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ལ་རྡོ་རྗེས་བསྣུན་པ་ཙམ་གྱིས་སོ། །སེམས་དཔའ་ཆེ་ནི་སྟོབས་ཆེན་པོ་དང་ལྡན་པར་


JLD004_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡང་ངོ་། །རྡོ་རྗེ་སྐུ་གསུམ་ལས་བྱུང་བ། ཞེས་བྱ་བ་ནི། བསྒྲུབ་བྱ་རབ་འབྲིང་ཐ་མ་གསུམ་གྱི་བདག་ཉིད་དོ། །དམ་ཚིག་མཆོག་གིས་ཏེ་དྲག་ལས་དེས་ལྡང་བར་འགྱུར། ཞེས་བྱ་བ་ནི། གནས་ལས་སྐྲོད་པར་འགྱུར་བའམ། ཡང་ན་འཆི་བའི་གནས་སུ་འགྱུར་རོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཀྱི་གསུང་ནི། འཇིག་རྟེན་དབང་ཕྱུག་གསུང་སྟེ། བསྒྲུབ་པར་བྱ་བའི་ཚིག་གོ །ཚིག་དེའི་གནས་ལ་ཕུར་བུས་གདབ་པའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །གསུང་ནི་བསྒྲུབ་པར་བྱ་བའི་ཚིག་གོ །དེའི་དམ་ཚིག་ནི་སྟོབས་སོ། །དེ་གནོན་པ་ནི། ངག་རེངས་པར་བྱ་བའོ། །རྡོ་རྗེ་ནི་མི་ཕྱེད་པ་སྟེ་ཕུར་བུ་གདབ་པའི་སྔགས་ཕྱུང་བའོ། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། མིང་མཐའ་མེད་ཅེས་བྱའོ། །ཧྲི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ངག་འགུགས་པའི་ས་བོན་ནོ། །བྷུར་བྷུ་བཿ ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་བདག་པོ་ཞེས་བོད་པའོ། །ཡེ་ཤེས་པདྨོ་ཁ་བྱེ་བ། ཞེས་བྱ་བ་ནི། ཡེ་ཤེས་གསུམ་འབྱུང་བའི་པདྨ་ནི་ཡེ་ཤེས་པདྨོ་སྟེ། ཡེ་ཤེས་པདྨ་དེ་ཁ་བྱེ་བའི་ལྷ་མོའི་བྷ་གའོ། །རྡོ་རྗེ་སོར་མོ་ངེས་པར་བཞག །ཅེས་བྱ་བ་ལ། རང་གི་རྡོ་རྗེ་ཉིད་སོར་མོ་ཡིན་པས་ན་རྡོ་རྗེ་སོར་མོའོ། །དེ་ངེས་པར་བཞག་པ་ནི་རྡོ་རྗེ་དེའི་པདྨར་རབ་ཏུ་འཇུག་པའོ། །འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ། ཞེས་བྱ་བ་ལ། འདོད་ཆགས་རྡོ་རྗེ་ནི་བསྒྲུབ་པར་བྱ་བའི་ཚིག་གི་རྒྱུན་ནོ། །ཚིག་དེའི་གནས་ནི་ལྕེ་ཡིན་ཏེ་དེ་ལ་


JLD004_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལིང་ག་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པའི་རྩེ་མོས་ཇི་ལྟ་བ་བཞིན་དུ་མནན་པ་སྟེ་བཏབ་པ ར་གྱུར་པ་དེ་ལྟ་བུར་རྡོ་རྗེའི་ཕུར་བུ་འདི་ངེས་པར་འདེབས་པའོ། །འདིའི་དུས་སུ། ༀ་ཧྲིཿབྷུར་བྷུ་བཿ མཱ་ར་ཡ་ཕཊ་ཅེས་པ་བཟླས་སོ། །བཏབ་མ་ཐག་ཏུ་ཞེས་བྱ་བ་ནི། ཆོས་འབྱུང་བའི་ནང་དུ་ཆུད་པར་བསྒོམས་པའི་བསྒྲུབ་པར་བྱ་བའི་ལྕེའི་རྩེ་མོ་ལ་རེག་པ་ཙམ་གྱིས་སོ། །བསྒྲུབ་བྱ་ཡུམ་གྱི་ཆོས་འབྱུང་གི་ནང་དུ་སྒོམ་པ་ལུས་གནོན་པ་ལ་ཡང་བྱའོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་རང་བཞིན་གྱི་བསྒྲུབ་པར་བྱ་བའི་ངག་གི་སྤྲོས་པའོ། །སྐུ་གསུམ་དྲི་མེད་ལས་བྱུང་བ། ཞེས་བྱ་བ འི་སྐུ་གསུམ་དྲི་མེད་ནི། ནམ་མཁའ་ལྟ་བུའི་འོད་གསལ་ལོ། །དེ་ལས་བྱུང་བ་ནི་ངག་རང་བཞིན་གྱིས་དག་པ། །བཏབ་པ་ཙམ་གྱིས་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྦྱོར་བའི་ཁྱད་པར་གྱིས་སོ། །ལྡང་བར་འགྱུར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལྕེ་ལ་སོགས་པ་གནོན་པ་སྟེ་རེངས་པ ར་འགྱུར་བའམ། ཡང་ན་བསྒྲུབ་པར་བྱ་བ་འཆི་བར་འགྱུར་རོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཐུགས་ཀྱི་ཕུར་བུས་གདབ་པའི་ཆོ་ག་གསུངས་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་སེམས་ལ་ཕུར་བུའི་རྣམ་པར་འཕྲུལ་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །ཐུགས་ཀྱི་དམ་ཚིག་ནི་སེམས་ཀྱི་སྤྲོ་བའོ། །དེའི་ཚམ་ངམ་ནི་སེམས་ཀྱི་སྤྲོ་བ་གཞོམ་པར་བྱ་བའི་ཕྱིར། ཕུར་བུ་གདབ་པའི་སྔགས་གསུངས་པར་གྱུར་པའོ། །ༀ་བཛྲ་རཱ་ཛ་ཞེས་བྱ་བ་ནི་ཀྱེ་རྡོ་རྗེ་རྒྱལ་


JLD004_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བྱ་བ་བོད་པའི་དོན་ཏོ། །ཧཱུཾ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་གནོན་པ་ལ་བཞུད་ཅིག་ཅེས་བྱ་བ་སྟེ། དེ་ནི་སྔགས་ཀྱི་དོན་ཏོ། །རྩེ་མོ་ལྔ་པར་ཞེས་བྱ་བ་ལ་སོགས་པ་ལ། རྩེ་མོ་ལྔ་པའི་རང་བཞིན་ཅན་གྱི་མེའི་འོད་འཕྲོད་བས་འཁྲིགས་པའི་རང་གི་རྡོ་རྗེ་བསྒོམ་པར་བྱ་བའོ། །རང་གི་ལིང་གའི་བསྐྱེད་ཚུལ་འདི་ནི་སྔ་མ་གཉིས་ཀ་ལའང་སྦྱར་རོ། །མཁས་པ་དག་རང་གི་ལིང་གའི་སྟོད་རྡོ་རྗེ་རྩེ་ལྔ་པ་ལ་སྨད་རྩེ་གཅིག་པའི་རྣམ་པ་ཅན་ཞེས་གསུངས་པ་ནི་འདི་ཕུར་བུར་བཤད་པ་དང་མཐུན་ནོ། །ཇི་ལྟ་ཞེ་ན། རྡོ་རྗེ་ཐུགས་ཀྱི་ཞེས་བྱ་བ་སྟེ། སེམས་སོ། །དེའི་གནས་ནི་སྙིང་ཁའི་པདྨ་ཞེས་བྱ་བ་འདི་ཇི་ལྟར་གནོན་པར་འགྱུར་བ་དེ་ལྟར་བྱ་བ་ནི་ལིང་གའི་ཕུར་བུས་སྙིང་གར་འདེབས་པའོ་སྟེ་། འདི་ནི་རྡོ་རྗེ་ཕུར་བུ་ངེས་པར་གདབ་པའོ། །འདིའི་དུས་སུ་ཡང་ༀ་བཛྲ་རཱ་ཛ་ཧཱུཾ་མཱ་ར་ཡ་ཕཊ་ཅེས་བཟླས་ཤིང་སྙོམས་འཇུག་བྱའོ། །བཏབ་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ཕྱག་རྒྱའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་མེའི་དཀྱིལ་འཁོར་ལ་མེའི་དཀྱིལ་འཁོར་ལ་གནས་པ་འདི་གོང་མ་གཉིས་ལའང་སྦྱར་རོ། །གནས་པའི་བསྒྲུབ་པར་བྱ་བའི་སྙིང་གི་པདྨ་ལ་འབར་བར་གྱུར་པའི་རང་གི་རྡོ་རྗེས་བཏབ་ཅིང༌། བརྡུངས་པ་ཙམ་གྱིས་རྡོ་རྗེ་ཆེན་པོ་སྟེ། བསྒྲུབ་པར་བྱ་བའི་སེམས་རྡོ་རྗེ་དྲི་མེད་གསུམ་ལས་འབྱུང་། ཞེས་པའི་རྡོ་རྗེ་གསུམ་དྲི་མ་


JLD004_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞེས་སྦྱར་ལ། དེ་ལས་བྱུང་བ་ནི་སྔར་དང་འདྲའོ། །རྡོ་རྗེ་དྲི་མེད་དེ་འོད་གསལ་བ་དེའི་ངོ་བོ་ཉིད་ཀྱི་སེམས་སོ། །བཏབ་མ་ཐག་ཏུ་ཞེས་བྱ་བ་ནི་སྦྱོར་བའི་ཁྱད་པར་གྱིས་སོ། །ལྡང་བར་འགྱུར་བ་ནི་སྙིང་ལས་ངེས་པར་འབྱུང་བ་ནི་སེམས་རྣལ་དུ་གནས་པ་ལས་འདས་ནས་དྲན་པ་ཉམས་པའོ་སྟེ་། གལ་ཏེ་བསྒྲུབ་པར་བྱ་བ་འཆི་བ་དེ་ལྟ་བུར་མི་འགྱུར་བ་དེའི་ཚེ་ལྡང་བར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་བུ་ཆེན་པོས་སྟེ་རྡོ་རྗེ་འཆང་གིས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ནི། སྡུད་པར་བྱེད་པའི་ཚིག་གོ ། ༈ དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྫོགས་པའི་རིམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། སྐུ་གསུམ་མཆོག་སྟེ། སངས་རྒྱས་ཀྱི་ཐེག་པ་པ་ཐེག་པ་གསར་པ་བླ་མེད་ཀྱི་ཐེག་པ་ལ་གནས་པའི་ལས་དང་པོ་པ་བསྐྱེད་རིམ་པ་རྣམས་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ང་རྒྱལ་ཅན་ཡིན་པས་སྐུ་གསུམ་པ་སྟེ། དེ་རྣམས་ཀྱི་མཆོག་གོ །སེམས་ཅན་ཁམས་ལ་ཕན་མཛད་པ། ཞེས་བྱ་བ་ནི། སེམས་ཅན་གྱི་དོན་བྱེད་པར་ནུས་པའོ། །དེ་རྣམས་མཉེས་ཤིང་ཞེས་བྱ་བ་ནི་དེ་ལས་ཚོགས་རྣམས་དང་པོར་ཐོས་པ་ཙམ་གྱིས་སོ། །རབ་ཏུ་དགྱེས་པར་གྱུར་ནས་ནི། དེའི་འོག་ཏུ་རྟོགས་པས་ཤིན་ཏུ་མགུ་བ་ཐོབ་པར་གྱུར་ནས་སོ། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། ཞེས་བྱ་བ་ནི། རང་གི་རྗེས་སུ་མྱོང་བའི་གསུང་འོག་ནས་བཤད་པའི་མཚན་ཉིད་ཅན་གྱི་ཚིག་འདི་སྐད་དུ་བཀའ་སྩལ་ཅིང་སྨྲས་པར་གྱུར་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ངོ་མཚར་བའི་ཡུལ་ནི་གསང་བའི་གནས་ཞེས་བྱ་བ་སྔགས་ཀྱི་གནས་ཏེ། དེ་མཆོག་ཏུ་གྱུར་པའོ། །འདི་ནི་སྔགས་ལ་གཞོལ་བས་ལས་སྒྲུབ་པ་ལ་མཚར་བའོ། །སྙིང་པོ་


JLD004_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཏུས་པ་ཞེས་བྱ་བ་ནི་སྔགས་རྣམས་ཀྱིས་ལས་སོ་སོ་ལ་རབ་ཏུ་སྦྱོར་བའི་བྱེ་བྲག་སྟེ་དབྱེ་བ་དུ་མ་གསུངས་པའོ་གོ་།ཆོས་ཀྱི་གནས་ཞི་བ་ཞེས་བྱ་བ་ནི། ལས་ལ་རབ་ཏུ་སྦྱོར་བ་དེ་ཉིད། ནང་ལ་གཞོལ་བས་བསམ་གཏན་གྱིས་རྫོགས་པར་བྱས་པའོ། །རྡོ་རྗེ་རྣམ་པར་འཇོམས་ཞེས་བྱ་བ་ནི་གདུག་པ་རྣམས་ཚར་གཅོད་པའི་ལས་སོ་འོ། །:པ་ཚབ:སངས་རྒྱས་ཀུན་ལ་སྟེ། ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པ་རྣམས་ལ། ཕུར་བུས་འདེབས་པ་དེ་ཡང་ངོ་མཚར་ཆེའོ་ཞེས་པ་ལྟར་བྱའོ། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང་སྟེ། ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པའི་ཕུར་བུས་འདེབས་པ་དེ་ཡང་ངོ་མཚར་ཆེ་བའོ། །བྱང་ཆུབ་སེམས་དཔའ་ནི་སྐྱེ་བོ་ཐ་མལ་པ་རྣམས་སོ། །གྲགས་ཆེན་དེ་ནི་ཕྱོགས་སྐྱོང་བ་རྣམས་ཏེ། དེ་རྣམས་ཀྱི་ཕུར་བུས་གནོན་པ་དེ་ཡང་ངོ་མཚར་ཆེའོ། །རྡོ་རྗེ་དང་པདྨ་སྦྱར་བས་བསྒྲུབ་བྱའི་སྐུ་ལ་སོགས་པའི་ཕུར་བུས་གནོན་པ་བསམ་གཏན་གྱིས་སོ་སོར་གསུངས་པ་དེ་ཡང༌། ངོ་མཚར་ཆེ་བའོ་ཞེས་རིན་པོ་ཆེ་ལྟ་བུའི་གང་ཟག་གིར་བཤད་པ་ཡིན་ནོ། །ཞེས་པ་འདི་དང་སྒྲུབ་པ་པོ་རྣམ་པ་གཉིས་ཞེས་གསུངས་པ་འདིས་ནི། རྡོ་རྗེ་དང་པདྨ་སྦྱོར་བའི་ཕུར་གདབ་འདི་ལ་རིམ་པ་གཉིས་ཀའི་ཕུར་གདབ་ཡོད་པར་བཤད་ལ། བསམ་གཏན་གྱིས་སོ་སོར་གསུངས་པ་ཞེས་པས་ནི། རྫོགས་རིམ་པའི་ཕུར་གདབ་ལ་སྔགས་ཀྱི་བཟླས་པ་


JLD004_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མི་བྱེད་པར་བསྟན་ནོ། །གང་བཤད་མ་ཐག་པ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་སྟེ། སྒྲུབ་པ་པོ་རྣམས་པ་གཉིས་ལ་དང་ཉེ་བར་:པ་ཚབ:མཁོ་བའོ་ཟེར། འཚམ་པའོ། །ཕུར་གདབ་ནི་ཕུར་བུས་བཏབ་པ་སྟེ། མི་གཡོ་བར་བྱས་པའོ། །དེ་ཉིད་ལས་བྱུང་བ་ནི་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་བསྟན་པའོ། །སྐུ་གསུང་ཐུགས་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ལ་ཀྱི་མཆོག་སྦྱིན་པ་ནི་འདོད་པའི་དོན་སྟེར་བའོ། །སྔགས་ཀྱི་དེ་ཉིད་དོན་བསྡུས་པ། ཞེས་བྱ་བ་ལ། སྔགས་ནི་སྦྲུལ་ཞེས་བྱ་བ་ལ་སོགས་པ་འོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་སྔགས་ཀྱི་དོན་དང་ལ་སོགས་པ ས་སྔགས་སྤེལ་བ་དང་བཟླས་ཚུལ་སོགས་ཡོངས་སུ་ཤེས་པའོ། །བསྡུས་པ་ནི་བཏུས་ནས་བསྟན་པའོ། །གསུངས་སོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་སྟེ། སྒྲ་ཇི་བཞིན་པའོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྨད་དུ་བྱུང་བ་སྟེ། དེའི་རྒྱུ་མཚན་ནི་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཁོ་ན་ཉིད་གཅིག་ཏུ་གྱུར་པ ཡིན་ས་ཀྱང་སྒྲུབ་པ་པོ་རང་དང་བསྒྲུབ་བྱ་གཞན་གྱི་ཆ་དུ་མ་ལ་དམིགས་ནས་མི་མཐུན་ཕྱོགས་ཚར་གཅོད་པར་བྱེད་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པ་པོས་ལས་དེ་ལྟར་སྒྲུབ་པའི་སྔགས་ཀྱིས་ཏེ། ཨཱ་ལི་བཅུ་དྲུག་དང་ཀཱ་ལི་སོ་གསུམ་ལས་འབྱུང་བའི་སྔགས་རིགས་བཞི་པོ་ཐམས་ཅད་ཀྱང་ཕོ་མོ་མ་ནིང་གི་མཚན་མ་སྟེ་རྟགས་གསུམ་གྱི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་ལ། རབ་ཏུ་འཇུག་པས་ན་སྔགས་དེ་ཐམས་ཅད་འགུགས་པའོ་ཤིང་།འདིས་ནི་ཞི་སོགས་ཀྱི་ལས་ཚོགས་སྒྲུབ་པ་ལ་སྔར་འགོག་པ་རྡོ་རྗེ་རྒྱལ་པོ་ནི་ཞེས་པའི་སྐབས་


JLD004_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད་པ་ལྟར། རླུང་སྔགས་དབྱེར་མེད་ཀྱི་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པ། བཟླས་པ་ཐམས་ཅད་ཀྱི་ནུས་པ་འབྱིན་པ་ལ་བསྔགས་པར་བསྟན་ནོ། །དེས་སམ་དེའི་རྣམ་པར་སྤྲུལ་པའམ་རྣམ་པར་འཕྲུལ་པ་ནི་ལ་ཡི་གེ་གསུམ་པོ་དེའི་ཡོངས་སུ་རོལ་པས། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རབ་འབྱམས་རྣམས་བསྒྲུབ་པ་ཡིན་ལ། རྒྱུ་མཚན་དེ་ཉིད་ཀྱིས་རྒྱལ་པོར་གྱུར་ཅིང་སྟེ། རཱ་ཛ་ཏེ་དཱི་བྱ་ཏཿ ཞེས་པས་འབར་བ་སྟེ་གསལ་བར་བྱེད་པ ར་གྱུར་ཅེས་བྱ་བའི་དོན་གྱིས་ན། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས། འགུགས་པའི་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། དགོངས་པས་བཤད་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་བཞི་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །སྔར་བཤད་ཟིན་པ་དང་མ་བཤད་པ བཤད་མ་ཟིན་པ་འཆད་པར་འགྱུར་བ འི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་དངོས་གྲུབ་རྣམས་ནི། འོག་ནས་འཆད་པའི་སྤྱི་དོན་གྱི་སྒྱུ་མ་ལྟ་བུ་དང༌། སྦས་པ་དང་མཐར་ཐུག་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོངས་སུ་ཤེས་ནས་སྒོམ་པ་དང་བྲལ་བས་འགྲུབ་པར་མི་འགྱུར་རོ། །ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅོ་ལྔ་པ་གསུངས་ཏེ། ༈ རྒྱལ་པོ་རྡོ་རྗེ་འཛིན་ཅེས་བྱ་བ་ནི། རྡོ་རྗེ་འཛིན་པ་ཆེན་པོའོ། །ཐམས་ཅད་ནམ་མཁའ་ནི་སྟོང་པ་ཉིད་བཞིའི་བདག་ཉིད་ཅན་ནོ། །ཞེས་པ་ནི་སྟོང་པ་སྔ་མ་གསུམ་སྔ་མ་ཕྱི་མ་ལ་ཐིམ་པའི་སྟོང་པ་བཞི་པའི་བདག་ཉིད་ཅན་དུ་སྟོན་གྱི། སངས་རྒྱས་ཀྱི་ས་ན་སྟོང་པ་བཞི་ཡོད་པར་སྟོན་པ་མིན་ནོ། །


JLD004_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཆེ་ནི་རྣམ་པར་མི་འཇིག་པའོ། །ཐམས་ཅད་དབང་བསྐུར་:པ་ཚབ:ཐམས་ཅད་ལ་དབང་བསྐུར་བའི་ཡང་དབང་བསྐུར་བ་ཡིན་པའི་ཕྱིར་རོ། །ཟེར། ནི་གདབང་བསྐུར་བ འི་ཡང་ཀགཞན་ཐམས་ཅད་ཁལ་ཀྱིས་ཀྱང་ང་དབང་བསྐུར་བ་པོ་ཡིན་པས་སོ་འོ། །ཀུན་མཁྱེན་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་པས་སོ། །རྡོ་རྗེ་གསུང་ནི་མི་ཕྱེད་པའི་གསུང་ངོ༌། །བཀའ་སྩལ་པ་ནི་གསུངས་པར་གྱུར་པ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །སྤྱོད་པ་གསུམ་གྱི་ནང་ནས་སྤྲོས་པ་མེད་པའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། སྨེ་ཤ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨེ་ཤ་ཅན་གྱི་བུ་མོ་ནི་རིགས་ངན་གྱི་བུ་མོའོ། །བུ་མོ་དེ་དད་པ་དང་ལ་སོགས་པ ས་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་འི་ཡོན་ཏན་དང་ལྡན་པས་ན་བདག་ཉིད་ཆེའོ། །བུ་མོ་ལོ་གྲངས་བཅུ་གཉིས་པ་ནི་ལོ་བཅུ་གཉིས་ལོན་པའི་ན་ཚོད་དོ། །དབེན་པའི་གནས་སུ་ཁྱད་པར་དུ། ཞེས་བྱ་བ་ནི། སྐྱེ་བོ་འདུས་པའི་འདུ་འཛི་དང་ཤིན་ཏུ་བྲལ་བས་དབེན་པའི་གནས་དག་ཏུ་བསླབ་པར་བྱའོ། །ཁྱད་པར་དུ་ཞེས་པའི་དོན་ནི་ཤིན་ཏུ་དབེན་པ་ཞེས་པའོ། །སྒྲུབ་པ་པོས་ནི་ཞེས་བྱ་བ་ནི་སྒྲུབ་པ་པོས་སྒྱུ་རྩལ་རེ་བཞི་སྟོན་པའི་རྒྱུད་དང་སྔགས་ཏེ་ལྷ་ལ་བསྒོམ་པ་དང་བཟླས་པ་སོགས་


JLD004_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སློབ་ཏུ་གཞུག་པའོ། །དེས་ནི་རྒྱུད་གཞན་ནས་བཤད་པའི་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། མི་དགེ་བ་བཅུ་པོ་སྤོང་བ་སོགས་ཀྱིས་རྒྱུད་སྦྱོང་བ་ཡང་མཚོན་ལ། དབང་མ་བསྐུར་བ་དང་དམ་ཚིག་མི་འཛིན་པ་ལ་ལམ་འདི་སྟོན་པ་བཀག་པས་དེ་དག་ཀྱང་གཟུང་ངོ༌། །རྟག་ཏུ་ཞེས་བྱ་བ་ནི། སྔར་བཤད་པ་རྣམས་དུས་ཐམས་ཅད་དུ་ལེགས་པར་བསླབས་པ་སྟེ། ལན་ཅིག་ངེས་ཀྱང་བརྗེད་ངས་པའི་འཇིགས་པ་ཡོད་པའི་ཕྱིར་རོ། །བསྒྲུབ་ཅེས་བྱ་བ་ནི། སྔགས་དང་རྒྱུད་ལ་ལེགས་པར་བྱང་བར་བསླབས་པའོ། ༈ །ཕྱག་རྒྱ་དེ་དང་གང་དུ་འདུ་བའི་གནས་ཡོངས་སུ་སྦྱང་བ་བསྟན་པར་བྱ་བའི་ཕྱིར། བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤང་བ་ནི་བ་སེར་སྐྱའི་ལྕི་བའོ། །གཅི་བ་ཞེས་བྱ་བ་ནི་བ་དེ འི་གཅིན་ཏེ་དེས་བ་བྱུང་གཞན་འོ་ཞོ་མར་དང་བཅས་པའི་བ་ལས་བྱུང་བ་ལྔ་བཟུང་ངོ་ནོ་། །བ་བྱུང་དེ་ཉིད་བསྒྲུབ་པའི་ཡན་ལག་ཉིད་དུ་ཡང་དག་པར་གྱུར་པ་སྟེ་འགྲོ་བ ས་ན། དམ་ཚིག་ས་མ་ཡའི་སྒྲ་ལས་ཡང་དག་པར་འགྲོ་བའོ། །སྟེ་དེ་ལ་སོགས་པ་གང་ཡིན་པ་ནི། བཤང་གཅི་དམ་ཚིག་ལ་སོགས་པ། ཞེས་བྱ་སྟེ། སོགས་པའི་སྒྲས་ནི་ཙན་དན་ལ་སོགས་པ་ཡང་ཡོངས་སུ་གཟུང་ངོ༌། །དེ་རུ་ཆོ་ག་བཞིན་དུ་ནི། ཞེས་བྱ་བ་ནི། འདིར་ཀླུ་བྱང་གི་དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་སྟེ། དེའི་ཆོ་གས་བྱའོ་སོ་། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ་ཞེས་བྱ་བ་ནི། གྲུ་བཞི་བྱ་བའི་ཉེ་བར་མཚོན་པས། སྒོ་བཞི་ལ་སོགས་པ་དེའི་མཚན་ཉིད་ཐམས་ཅད་དང་ཡང་དག་པར་ལྡན་པ་ཡིན་པར་གཟུང་


JLD004_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། ༈ །དཀྱིལ་འཁོར་ཐིག་ཚོན་གྱིས་བྲིས་པའི་འོག་ཏུ་ཇི་ལྟ ར་བྱ་ཞེ་ན། རྡོ་རྗེ་དཀྱིལ་འཁོར་སྒོམ་པ་ཡིས། ཞེས་བྱ་བ་སྟེ། རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་སྒོམ་ཞིང་གསལ་བར་བྱེད་པས་ན། རྡོ་རྗེའི་དཀྱིལ་འཁོར་སྒོམ་པ་ཡིས་ཏེ། མི་བསྐྱོད་པའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཟུགས་དེ་རྣམས་ཀྱིས་དཀྱིལ་འཁོར་བརྒྱན་པར་བྱའོ། །ཞེས་བྱ་བར་དགོངས་སོ། །འདིར་མི་བསྐྱོད་པའི་དཀྱིལ་འཁོར་གྱི་ལྷ་ཚང་བར་བསྒོམ་པར་བསྟན་པ་འདིས། ཚོགས་ཀྱི་དཀྱིལ་འཁོར་ལ་མང་ཉུང་ཡོད་ཀྱང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མང་ཉུང་མེད་པར་ལྷ་སོ་གཉིས་སུ་བྱེད་པ་ཡིན་ཞེས་སྔོན་གྱི་མཁས་པ་དག་གསུང་བ་ནི་ལེགས་པར་སྣང་ངོ༌། ༈ །མཚན་ཉིད་ཐམས་ཅད་ནི་ཞབས་ལ་སོགས་པ་ནས། དབུ་སྐྲའི་བར་གྱི་མཚན་མ་བཟང་པོ་གང་ཡིན་པ་དེ། དེས་ཡོངས་སུ་དག་ཅིང་ཉེ་བར་འབར་བའོ། །རབ་ཏུ་བཟང་བ་ནི་སྐྱེས་པ་གཞན་རྣམས་ལ་མ་ཆགས་པའོ། །བཞིན་ཡང་ངམ་རབ་མཛེས་ཞེས་བྱ་བ་ནི་སྒྲུབ་པ་པོ་ལ་ཉེ་བར་ལྟ་ཞིང་དེ་ལ་གཅིག་ཏུ་ཕྱོགས་པའོ། །རྒྱན་རྣམས་ཐམས་ཅད་ཅེས་པའི་རྒྱན་གྱི་དོན་ནི་དགའ་བ་བསྐྱེད་པ་ཡིན་པས་དགའ་བ་བསྐྱེད་པའི་ཐབས་འཁྲིག་ཐབས་ཐམས་ཅད་ལ་མཁས་:ཆག:མཁས་པའོ། །ཡོངས་སུ་རྫོགས་པ་ནི་དེ་རྣམས་མ་ཚང་བ་མེད་པ་སྟེ་ཞེས་པ་


JLD004_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱའོ། །པ འོ་སྟེ་དེ་ཡོངས་སུ་རྫོགས་པ་ནི་མ་ཚང་བ་མེད་པ་སྟེ། འདི་ལྟ་བུའི་སྨེ་ཤ་ཅན་ཏེ་རིགས་ངན་གྱི་བུ་མོ་ལེགས་པར་བསླབས་པ། པང་པར་ཏེ་བདག་དང་ལྷན་ཅིག་ཏུ། དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་ཞེས་པ་ནི་རྗེ་འགོས་བཞེད་པ་ལྟར་སྤྱོད་པའི་སྐབས་ཀྱི་དཀྱིལ་འཁོར་ཆུ་ཚོན་གྱིས་བྲིས་པ་ཡིན་ན། སྒྲས་ཟིན་ལྟར་ཡིན་ལ། རྡུལ་ཚོན་གྱིས་བྲིས་པ་ཡིན་ན། དངོས་སུ་དཀྱིལ་འཁོར་དང་ཉེ་བར་ཡིན་ལ། ཡིད་ཀྱིས་ནི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་མོ། །རྣམ་པར་བསྒོམ་པ་ནི་ལས་རྒྱལ་མཆོག་གི་སྐབས་གཙོ་ཆེ་ཡང༌། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་བསྐྱེད་པའི་སྔོན་དུ་ཡང་ཤེས་པར་བྱ་སྟེ། འོག་མ་རྣམས་ལ་ཡང་ངོ་སྟེ་། མངོན་པར་འདོད་པའི་དོན་སྤྱོད་པ་བྱེད་པའི་སྐབས་དོན་བདེ་སྟོང་གི་ཏིང་ངེ་འཛིན་རྫོགས་པར་བྱའོ། ༈ །དཀྱིལ་འཁོར་ལྔ་ཡི་ཞེས་བྱ་བ་ནི་རིགས་ལྔ་ཡི་དཀྱིལ་འཁོར་ཏེ་དེ་ལྔ་རེ་རེས་གཙོ་བོ་བྱས་པ། །འཁོར་ལོ་ཡིས་ཞེས་བྱ་བ་ནི་གཙོ་བོ་རིགས་ལྔ་པོ་དེ་རྣམས་ཀྱི་འཁོར་རྣམས་ཀྱིས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་ལྔའོ་སོ་། །སངས་རྒྱས་གཟུགས་སུ་ཞེས་བྱ་བ་ནི། རིགས་སོ་སོའི་སྒྲུབ་པ་པོའི་ལུས་ཏེ། དེ་རྣམ་པར་སྒོམ་པ་ནི་གཙོ་བོ་རིགས་ལྔ་པོ་དེར་བསྐྱེད་པའོ། །རང་དེ་ལྟར་བསྐྱེད་པའི་གཙོ་བོ་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པའི་གསང་མཆོད་བྱ་བ་སྟོན་པ་ནི། སྔགས་ཏེ་ལྷའི་ཀྱི་འཁོར་ལོ འི་ང་རྒྱལ་ཅན་གྱི་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱི་གསང་བའི་མཆོད་པའི་གནས་ནི་ཉམས་དགའ་ཞིང༌། བླ་ན་མེད་པའི་མཆོད་པའི་བྱ་བ་འདི་དག་སྒོམ་པར་བྱའོ། །ཞེས་རིགས་ལྔའི་སྒྲུབ་པ་པོས་དཀྱིལ་འཁོར་ལྔའི་དབུས་སུ་གསང་མཆོད་བྱ་བར་སྤྱིར་བསྟན་པས། ཁ་ཅིག་མི་བསྐྱོད་པ་ཁོ་ན་དང༌། ཁ་ཅིག་རྣམ་སྣང་ཁོ་ན་ལ་འཆད་པ་དོན་མིན་ནོ། ༈ །རིགས་ལྔའི་རྣལ་འབྱོར་པས་བྱ་བ་སྤྱིར་


JLD004_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། རིགས་སོ་སོར་ཕྱེ་སྟེ་སྟོན་པ་ནི་བཤད་མ་ཐག་པ་དེ་ལྟར་སྒྲུབ་པ་པོས་སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་གྱི། བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུར་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམ་མོ། །རྣམ་སྣང་དེའི་དཀྱིལ་འཁོར་ཇི་ལྟར་བྱ་ཞེ་ན། བསམ་གཏན་སྔགས་ཀྱི་སྟེ་ཞེས་པས་སྔགས་ཏེ་ལྷའི་བསམ་གཏན་ཞེས་པ་མི་བསྐྱོད་པ་ལ་སོགས་པ་བསྒོམ་པ། །ལྷ་དེ་རྣམས་ཀྱི་སྦྱོར་བ་ནི་མི་བསྐྱོད་པ་ཤར་དུ་བཞག་པ་སོགས་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་བཞག་པའོ། །དེས་ནི་སངས་རྒྱས་ཀྱི་ནི་འོད་དང་འདྲ་བར་འགྱུར་བ་སྟེ། རྣམ་པར་སྣང་མཛད་དུ་གྱུར་པར་བསྒྲུབ་པར་བྱའོ། །བུ་མོ་ཨུཏྤལ་མཐིང་གའི་མདོག །ཅེས་བྱ་བ་འདི་མཚན་ཉིད་ཐམས་ཅད་ཡོངས་སུ་དག །བཞིན་རས་མཛེས་ལ་ཞེས་བྱ་བ་འདི་དང་།:ཆག:འདི་དང་སྦྱར་བ་ནི་མི་བསྐྱོད་པའིའོ། ཞེས་པ་ལྟར་བྱ་ལ། འོག་ནས་འབྱུང་བ་ཞེས་པ་འགྱུར་གསར་གཉིས་ཀ་ལ་མེད་པ་དག་གོ །འོག་ནས་འབྱུང་བའི་མི་བསྐྱོད་པར་སྦྱར་ལ། བཙོ་བླག་མཁན་ཞེས་བྱ་བ་ལ་སོགས་པ་ལྷག་མ་བཙོ་བླག་མཁན་ནི་བདག་ཉིད་ཆེ། ཞེས་དང་། རྟག་ཏུ་སྒྲུབ་ཅེས་པ་རྣམས་ནི། བཤད་མ་ཐག་པའི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དང་སྦྱར་བར་བྱ་སྟེ། བཙོ་བླག་མཁན་གྱི་བུ་མོ་མདོག་དཀར་བ། སྔར་བཤད་པ་ལྟར་གྱི་བདག་ཉིད་ཆེ་བ་ལ་བསྒྲུབ་ཅིང་སྟེ་སྔགས་དང་རྒྱུད་ལེགས་པར་བསླབ་པར་བྱའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། ཞེས་བྱ་བ་ནི།


JLD004_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ང་རྒྱལ་གྱི་ཏིང་ངེ་འཛིན་གྱིས་བུ་མོ་བསྒྲུབ་ཅེས་སྦྱར་རོ་སོ་། །སྦྱོར་བའི་ཆོ་ག་འདི་ཉིད་ནི། ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་སྦྱོར་བ་དེ་ཉིད་ནི་སྙོམས་པར་འཇུག་པའི་ཆོ་ག་སྟེ། སྦྱོར་བ་དེ་ཉིད་ཀྱིས་སྤྱོད་པ་བྱས་ནས། ཞི་སོགས་ཀྱི་ལས་རྣམས་བརྩམ་པར་བྱ་ཞེས་བྱ་བ་སྟེ། ཕྱག་རྒྱ་དེ་དང་ལྷན་ཅིག་ཏུ་འཁོད་ནས་ཇི་ལྟར་འདོད་པའི་ཞི་སོགས་ཀྱི་ལས་རྣམས་བྱ་བའོ། །འདིར་མི་བསྐྱོད་པའི་བསྐྱེད་རིམ་པས་སྔོན་དུ་སྤྱོད་པ་བྱས་ནས། དེའི་འོག་ཏུ་ལས་རྣམས་བསྒྲུབ་པར་བསྟན་ཏེ། རིགས་ལྷག་མ་བཞི་ལའང་འདྲའོ། ༈ །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ་ཡིའོ། །རིན་འབྱུང་གི་རྣལ་འབྱོར་པས་ནི་ཕྲེང་རྒྱུད་མ་དང་དོན་གྲུབ་ཀྱི་རྣལ་འབྱོར་པས་བཟོ་བྱེད་མའི་བུ་མོ་ཕྱག་རྒྱ་བྱའོ། །དམ་ཚིག་ནི་བསྒྲུབ་པའི་ཆོ་གའོ། །ཤིན་ཏུ་འདའ་དཀའ་བའོ་ཞེས་བྱ་བ་ནི། སྒྲུབ་པ་པོ་དེས་འདའ་བར་བྱ་བ་མ་ཡིན་པ ནི་ལས་ཚོགས་ཁྱད་པར་ཅན་རྣམས་སྒྲུབ་པ་ལ་མངོན་དུ་སྤྱོད་པ་བྱ་བ་ལས་མི་འདའ་བར་བྱ་བའི་དོན་ནོ་འོ་། །དེ་ནི་དེ་མ་ཐག་ཏུ་ཡང༌། ཞེས་བྱ་བ་ནི། བསྒོམས་མ་ཐག་ཉིད་དུའོ། །རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། ཞེས་བྱ་བ་ནི། རིན་ཆེན་དཔལ་དང་འདྲ་བར་འགྱུར་བ་སྟེ་དེའི་རྣལ་འབྱོར་དང་ལྡན་པའོ། །རྒྱལ་པོ་ཆོས་རྣམས་ཀུན་དང་མཚུངས། ཞེས་བྱ་བ་ནི། སྦྱོར་བ་དེ་དང་ལྡན་པས་ཆོས་ཐམས་ཅད་འཛིན་པའི་རྒྱལ་པོ་འོད་དཔག་ཏུ་མེད་པ་དང་མཚུངས་པར་འགྱུར་


JLD004_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །འདོད་དང་ཐར་པ་རབ་བསྒྲུབ་པ། ཞེས་བྱ་བ་ནི། ལས་ཀྱི་རིགས་ཀྱི་རྣལ་འབྱོར་པ་སྦྱོར་བ་དེ་དང་ལྡན་པས། འདོད་པ་སྟེ་མངོན་མཐོ་དང་ཐར་པ་རབ་ཏུ་སྒྲུབ་པར་བྱེད་པ་དོན་ཡོད་པར་གྲུབ་པ་དང་འདྲ་བར་འགྱུར་བའོ། ༈ །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་པས་ནི། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ཁྱད་པར་གྱི་ཆོ་ག་སྟོན་པ་ཡིན་ཏེ། རྡོ་རྗེ་ཆོས་ནི་རྣམ་བསྒོམས་པས། ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་སྦྱོར་བས་སོ། །རབ་མཛེས་ཤིང་ཞེས་བྱ་བ་ནི་དམར་སྐྱའོ། །བཞིན་བཟང་ནི་སྒྲུབ་པ་པོ་ལ་དགའ་བས་ལྟ་བའོ། །མིག་ནི་དཀྱུས་རིང་བ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའོ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ་ཅེས་བྱ་བ་ནི་རྟག་ཏུ་སྔར་ལྟར་བསླབ་པའོ། །དེ་ནི་ཞེས་བྱ་བ་ནི་དེ་ལྟར་ཞུགས་པའི་སྒྲུབ་པ་པོའོ། །རྡོ་རྗེ་ཆོས་ཀྱི་བདག་ཉིད་ཅན་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དེ། རབ་དགའ་སོགས་ས་བཅུ་ལ་གནས་པར་འགྱུར་བའོ། །རྒྱལ་པོ་གསུང་གི་དམ་ཚིག་འཛིན། ཅེས་བྱ་བ་ནི། ངག་གི་དབང་ཕྱུག་སྟེ་དེ་འཛིན་པའོ། །མངའ་བདག་དམ་པ་ཀུན་གྱི་མཆོག །ཅེས་བྱ་བ་ནི། དབང་ཕྱུག་དམ་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་གྱུར་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་བ་སྟེ། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །ཞེས་པ་ནི་བསྐྱེད་རིམ་རྐྱང་བའི་དབང་དུ་བྱས་པའོ། ༈ །དེ་ལྟར་རྟོག་པའི་རྣལ་འབྱོར་བ་


JLD004_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རིགས་སོ་སོའི་ཕྱག་རྒྱའི་དབྱེ་བ་རབ་ཏུ་བསྟན་ནས། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་བུད་མེད་ཀྱི་རིགས་མ་ངེས་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་བཞི་པོ་རྣམས་ལས་གང་ཡང་རུང་བའི་བུ་མོ་ཞེས་པ་འདིས་རྫོགས་རིམ་པའི་ཕྱག་རྒྱ་ལ་རིགས་ངེས་པ་མི་དགོས་པར་བསྟན་ནོ། །བླངས་ནས་རྡོ་རྗེ་ཆོས་བདག་སྟེ། རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་ཆོས་རྣམས་ནི། རྫོགས་པའི་རིམ་པའི་རྣལ་འབྱོར་ཏེ། དེའི་བདག་ཉིད་ནི་དེ་རྟོགས་པ་དང་ལྡན་པའི་སྒྲུབ་པ་པོ་འོ་། །འདི་ནི་གསང་བ་ཐོབ་བྱེད་པ།ཞེས་བྱ་བ་ལ། གསང་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཐོབ་པར་བྱེད་པ་ནི་དེ་སྐྱེད་པར་བྱེད་པ་བསྒྲུབ་པར་བྱའོ། །འདི་སྔ་མ་ཁ་ཅིག་ཟུང་འཇུག་ཐོབ་པས་མཆོག་སྒྲུབ་པ་ཉིད་ལ་སྦྱོར་བ་ནི་དོན་མིན་ཏེ། ཕྱི་ནང་གི་མངོན་པར་བྱང་ཆུབ་པ་གཉིས་བསྟན་ནས། འོད་གསལ་མངོན་དུ་བྱེད་པ་ནི། རིམ་ལྔ་དང་སྤྱོད་བསྡུས་གཉིས་ཀ་ལས་རིམ་པ་བཞི་པའི་འོད་གསལ་གྱི་སྐབས་སུ་གསུངས་པའི་ཕྱིར་དང༌། འདིར་ཡང་ཕྱི་ནང་གི་བྱང་ཆུབ་པ་གཉིས་ཀྱི་སྒོ་ནས་འོད་གསལ་མངོན་དུ་བྱེད་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་འོད་གསལ་གྱི་རྗེས་སུ་ཕྱག་རྒྱ་ཆེན་པོ་འགྲུབ་པ་ལ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ལྡན་པར་བཤད་པས། རིམ་པ་བཞི་པའི་དོན་གྱི་འོད་གསལ་འགྲུབ་པ་དང་སློབ་པའི་ཟུང་འཇུག་ཐོབ་པས། མཆོག་འགྲུབ་ཏུ་ཉེ་བར་ཇི་ལྟར་སྒྲུབ་པ་གཉིས་ཀའི་དབང་དུ་བྱས་པ་སྟེ། དེ་གཉིས་སྒྲུབ་ཚུལ་འདྲ་བའི་ཕྱིར་རོ། ༈ །རྡོ་རྗེ་འཆང་དེ་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་འོད་གསལ་གྱི་འི་རིམ་པས་རྫོགས་པར་བྱ་སྟེ། དོན་གྱི་འོད་གསལ་


JLD004_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མངོན་དུ་བྱེད་པའི་ཐབས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཕྱི་ནང་གི་མངོན་བྱང་གཉིས་ལས། དང་པོ་ལྟར་བཤད་ན་རྡོ་རྗེ་ཉི་མ་ནི་ཡོངས་སུ་གྲགས་པའི་ཉི་མ་ཉིད་དོ། །ནུབ་ནས་ནི་ཞེས་བྱ་བ་ནི་དམར་ཐག་ཆད་ཅིང་འདས་པར་གྱུར་ཏེ། མེད་པ་ན་ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱའོ། །དེ་ནས་བླ་མའི་དྲིན་གྱིས་མཚན་ཕྱེད་ན་དབང་བསྐུར་བ་ཐོབ་ནས། སྐྱ་རེངས་འཆར་བའི་དུས་སུ་ནི་སྟེ། ཉེར་ཐོབ་དང་སྣང་བ་མཚོན་པའི་མཚན་མོའི་ཆ་འདས་ནས་ཉི་མ་མ་ཤར་བའི་དུས་སུ་བསྒོམ་པའི་མཆོག་སྟེ། མངོན་པར་བྱང་ཆུབ་པའི་རིམ་པ་ལུང་ཕོག་པས་ཀྱང་འགྲུབ་པར་འགྱུར་ཞིང་རྣམ་པར་དག་པར་འགྱུར་ཏེ། དོན་གྱི་འོད་གསལ་མངོན་དུ་གྱུར་པ་འདི་ནི་ཕྱིའི་ཐོ་རངས་ཀྱི་དུས་ཁྱད་པར་བ་ལ་ལྟོས་པས་ན་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པའོ། ༈ །ཡང་དེ་ཉིད་ནང་གི་སྟོང་པ་བཞིའི་རིམ་པས་མངོན་དུ་བྱེད་པའི་ཕྱིར། ནང་གི་མངོན་པར་བྱང་ཆུབ་པར་བཞག་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཉི་མ་སྟེ་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་སྣང་བ་མཆེད་པ་བྱུང་བར་གྱུར་ནས། ནུབ་པ་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པ་སྟེ་སྣང་བ་དེ་ངེས་པར་འགགས་ནས་སྒྲུབ་པ་སྟེ། འོད་གསལ་བའི་སྔོན་དུ་འགྲོ་བས། འོད་གསལ་བ་སྒྲུབ་པར་བྱེད་པའི་ཀུན་ཏུ་སྣང་བ་ཉེ་བར་ཐོབ་པ་ཀུན་ཏུ་བརྩམ་པ་སྟེ། འབྱུང་བར་འགྱུར་


JLD004_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །སྐྱ་རེངས་འཆར་བ་ནི་མ་རིག་པ་སྟེ། དེ་འདས་ཤིང་སོང་བར་གྱུར་པའི་དུས་སུ་སྒྲུབ་པ་པོས། བསྒོམ་པའི་མཆོག་གིས་ཏེ་སྟོང་པ་ཉིད་དང་ཤིན་ཏུ་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་ཀྱི་རྒྱུ་ཡེ་ཤེས་དང་དེའི་བཞོན་པའི་རླུང་གི་རྐྱེན་གྱིས། འགྲུབ་པར་འགྱུར་ཞིང་སྟེ་དོན་གྱི་འོད་གསལ་བ་མངོན་དུ་བྱེད་པས། དེའི་རླུང་སེམས་ཙམ་ལས་ཟུང་འཇུག་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་མངོན་དུ་གྱུར་པ་ལ་ཉེ་བའི་སྐབས་སུ་ཕྱིའི་ཕྱག་རྒྱ་ལ་བརྟེན་པ་ནི། རྡོ་རྗེ་ཉི་མ་ཞེས་པའི་དོན་ནོ། །རྟེན་ཚུལ་ནི་མཚན་ཕྱེད་ན་བླ་མས་ལས་རྒྱ་ལ་བརྟེན་པའི་དབང་བསྐུར་ཏེ། འོད་གསལ་མཚོན་པར་བྱེད་པའོ། །དེ་ནས་ཐོ་རངས་འོད་གསལ་སྒོམ་ཚུལ་དང༌། དེའི་འོག་ཏུ་ཟུང་འཇུག་འགྲུབ་ལུགས་ཀྱི་གདམས་ངག་ཕོག་པས་དོན་གྱི་འོད་གསལ་འཐོབ་ཅིང༌། དེའི་འོག་ཏུ་ཟུང་འཇུག་འགྲུབ་པའོ། ༈ །སྐུ་དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། རྒྱན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ཞེས་བྱ་བ་ནི། མཚན་ཐམས་ཅད་ཀྱིས་བརྒྱན་པའོ། །འདི་ཟུང་འཇུག་གཉིས་ཀའི་ཡོན་ཏན་ཐུན་མོང་བའོ། །སྟོབས་བཅུ་དང་མི་འཇིགས་པ་ནི་མི་སློབ་པའི་ཟུང་འཇུག་གི་ཡོན་ཏན་ནོ། །སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན། ཅེས་བྱ་བ་ནི། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་དང་ཉེ་བར་ལྡན་པའོ། །རྡོ་རྗེ་སེམས་དཔའ་ནི་སྒྲུབ་པ་པོ་རྣམས་ཏེ། ཟུང་འཇུག་ཐོབ་པ་དེ་རྣམས་ཀྱི ས་མཆོག་སྟེ་ཟུང་འཇུག་བསྒོམས་ནའོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོ་རྫོགས་པ་མི་སློབ་པའི་ཟུང་འཇུག་མྱུར་དུ་སྟེ། རིང་པོར་མི་


JLD004_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པར་འཐོབ་པར་འགྱུར་རོ། །དེ་ལྟར་ཟུང་འཇུག་གྲུབ་པར་གྱུར་པ་འདི་ནི་སྐུ་གསུམ་མཆོག་སྦྱིན་པ་སྟེ་ཁམས་:ཆག:འཇིག་རྟེན་གསུམ་ཟེར། གསུམ་གྱི་མངོན་པར་འདོད་པའི་དོན་གྱི་འབྲས་བུ་རབ་ཏུ་སྟེར་བའོ། །སངས་རྒྱས་མཚན་གྱིས་ཞེས་པ་ནི་མདོ་སྡེ་རྣམས་སུ་རབ་ཏུ་གྲགས་པའི་མཚན་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་མཚན་པར་གྱུར་པ་ནི་དེ་རྣམས་དང་ཉེ་བར་ལྡན་པའོ། །སྔར་མཚན་ཐམས་ཅད་ཀྱིས་བརྒྱན་པར་བཤད་པ་དང༌། མི་ཟློས་ཏེ། སྔར་མཚན་ཐམས་ཅད་ཅེས་མི་གསལ་བར་བཤད་པ་དེ། འདིར་ཡོངས་སུ་གྲགས་པའི་མཚན་བཟང་པོ་ལ་གསལ་བར་བཤད་པའི་ཕྱིར་རོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། ཞེས་བྱ་བའི་ཉེ་བར་མཚོན་པའི་དོན་གྱིས་ན། སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། དེ་ཡི་འོད་ཀྱང་སྣང་བར་བྱེད་པར་འགྱུར་རོ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། ཞེས་བྱ་བ་ནི། བདེན་པ་གཉིས་གཉིས་སུ་མེད་པར་བྱས་པས། རྡོ་རྗེ་འཆང་ཆེན་པོ་སྐྱེད་པ་སྟེ། དེས་སྦྱོར་བ་ཐམས་ཅད་ཅེས་བྱ་བ་ཞི་བ་ལ་སོགས་པ་རྣམས་བརྩམ་པར་བྱ་སྟེ། བཤད་མ་ཐག་པའི་ཏིང་ངེ་འཛིན་འདི་ནི། དངོས་གྲུབ་ཐམས་ཅད་ཀྱི་ཞེས་བྱ་བ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་རྣམས་ཀྱི་དམ་ཚིག་སྟེ། རྫོགས་པར་བྱེད་:པ་ཚབ:རྫོགས་པར་བྱེད་པ་འདའ་བར་དཀའ་བ་ཟེར་ཏེ་ཟུང་འཇུག་པས་སྤྱིར་ལས་རྣམས་འགྲུབ་པ་ལས་མི་འདའ་བའི་དོན་ནོ། །པ་དང་ཤིན་ཏུ་འདའ་བར་དཀའ་ཞིང་འདར་མི་རུང་བའོ། །


JLD004_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྡོ་རྗེ་ཅན་གྱི་གྲུབ་འདོད་ན། ཞེས་བྱ་བ་ནི་སྒྲུབ་པ་པོའོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་གལ་ཏེ་འདོད་ན་བཤང་གཅིའི་དམ་ཚིག་བཟའ་བ་བྱ། ཞེས་བྱ་བ་སྟེ། བཤང་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཅི་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་ཡུལ་དང་ཡུལ་ཅན་དུ་གྱུར་པས་འདུས་པ་སྟེ། འདུས་ནས་དབང་པོས་ཡུལ་ལོངས་སྤྱོད་པའོ། །དེ་བཟའ་བ་ནི་སོ་སོར་སྡུད་པ་དང་ལ་སོགས་པའི་བསམ་གཏན་གྱི་ཡན་ལག་གཉིས་ཀྱི་འི་རིམ་པས་ཡུལ་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་རྒྱས་བཏབ་ནས་བསྒོམས་པས། ཡུལ་སྣང་ཀུན་བདེ་བ་འབར་བའི་གྲོགས་སུ་སོང་ནས་བདེ་ཆེན་ཉམས་སུ་མྱོང་བ་འདི་ཉིད་ནི། དངོས་གྲུབ་ཐམས་ཅད་འགྲུབ་པའི་དམ་ཚིག་ཡིན་ནོ། །ཀྱི་དམ་ཚིག་ཤིན་ཏུ་འདའ་དཀའ་བ་སྟེ། འདའ་བར་དཀའ་བའི་ལམ་ཡིན་ནོ། །ཐབས་དེས་དངོས་གྲུབ་འགྲུབ་པ་ལས་མི་འདའ་བའི་དོན་ནོ། །བཤང་གཅིའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོས་བཤད་མ་ཐག་པའི་ཡུལ་དང་དབང་པོ་འདུས་ནས་ཡུལ་ལ་ལོངས་སྤྱོད་པ་སྔར་བཤད་པ་དེ་སྔོན་དུ་འགྲོ་བས། དབང་པོ་གཉིས་ཀྱི་སྦྱོར་བ་སྟེ་བདེན་པ་གཉིས་གཉིས་སུ་མེད་པར་བྱས་པའི་སྦྱོར་བས། སངས་རྒྱས་བྱང་ཆུབ་ཀྱི་གནས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་དགེ་ཞིང་ཞི་བ། དེ་ཁོ་ན་ཉིད་དེ་མི་བསླུ་བ་བླ་ན་མེད་པ་སྟེ། དངོས་གྲུབ་ཐམས་ཅད་ལས་ཕུལ་དུ་བྱུང་བ་འགྲུབ་པར་འགྱུར་ཞིང་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི། སྡུད་


JLD004_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཚིག་ཡིན་ཏེ་འདོད་པ་ནི་འཁོར་བ འི་མངོན་མཐོ། །ཐར་པ་ནི་མྱ་ངན་ལས་འདས་པའོ། །དེ་དག་མཉམ་ཞིང་གཅིག་ཏུ་བྱས་པ་མཁྱེན་པས་ན། འདོད་པ་དང་ཐར་པའི་དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དགོངས་པས་བཤད་པའོ། ༈ །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་སྒྲུབ་པ་བཤད་ནས། ཡང་འཇིག་རྟེན་པའི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ཆེན་པོ་ཞེས་བྱ་བའི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ། བསྒྲུབ་པར་བྱ་བ་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཀུན་ཏུ་སྐྲག་པར་བྱེད་པ་ནི། ཁྲོ་བོ་སྔགས་ཀྱི་བདག་ཉིད་ཅན་ཏེ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ༀ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། མིང་སྦྲུལ་ཞེས་བྱའོ། །དེ་ཡང་ༀ་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྟན་པ་སྟེ་མཚོན་པ་ཡིན་ཏེ། ༀ་ཡིག་སྐུ་རྡོ་རྗེའི་ས་བོན་ཡིན་པའི་ཕྱིར་རོ་འོ་། །ཧྲཱིཿ ཞེས་བྱ་བ་ནི་ཧྲི་ཉ་འཕྲོག་པ་ལའོ་ཞེས་བྱིངས་ལས་འདོན་པས་ཕ་རོལ་གྱི་ཇོ་བོ་སེལ་ཞིང་མེད་པར་བྱེད་པས་གཤིན་རྗེ་མཐར་བྱེད་ཅེས་བོད་པའོ། །ཥྚི་ཞེས་བྱ་བ་ནི་ཥྚཱི་ནི་དཾཥྚན་མཆེ་བ་སྟེ་མཆེ་བ་གཙིགས་པས་རྣམ་པར་འགྱུར་བས་གདུག་པ་རྣམས་འདུལ་བ་ཡིན་ལ། དེ་ལ་རྦད་པ་


JLD004_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན་པས་རྣམ་པར་འགྱུར་བ་ལྟ་བུར་རང་གི་ངོ་བོ་ཉིད་སྟོན་པའོ། །བུཞེས་མཁས་པ་དག་གསུང་ངོ༌། །བི་ཀྲི་ཏ་ཨཱ་ན་ན་ཞེས་བྱ་བ་ནི་ཞལ་འཇིགས་སུ་རུང་བའོ། །སརྦ་ཤ་དྲུན་ཞེས་བྱ་བ་ནི་ཕྱིར་རྒོལ་བ་ཐམས་ཅད་དོ། །ནཱ་ཤ་ཡ་བརླག་པར་གྱིས་ཤིག་སྟམྦྷ་རེངས་པར་གྱིས་ཤིག་པའོ། །ཡ་ཞེས་བྱ་བ་ནི། བྲོས་པ་རྣམས་ཀྱང་ཁུག་ལ་བརླག་པར་གྱིས་ཤིག་པའོ། །ཧཱུྃ་ཧཱུྃ་ཞེས་བྱ་བ་ནི་དོན་འདི་གསལ་བར་བྱེད་པའི་ས་བོན་ནོ། །འགྱུར་རྙིང་གི་རྒྱུད་དང་ཆག་འགྱུར་ལས་ཕཊ་གཉིས་འབྱུང༌། གཞན་:པ་ཚབ:ལ་ཕཊ་གཅིག་ལས་མེད་དོ། །ཕཊ་ཅེས་བྱ་བ་ནི་གསོད་པ་གསལ་བར་བྱེད་པའི་ས་བོན་ནོ། །སྭཱ་ཧཱ་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་དབུགས་དབྱུང་བའོ། །འདིའི་སྤེལ་བ་ནི་སྔ་མ་བཞིན་ནི་སྭཱ་ཧཱའི་སྔོན་དུ་མིང་སྤེལ་བའོ་ནོ་། ༈ །དུག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བསྲེག་རྫས་ནི་སྡོང་བུ་དང་ལོ་མ་ལ་སོགས་པའི་དུག་གམ་མར་དང་སྦྲང་རྩི་མ་ཉམས་པར་སྦྱོར་བ་སོགས་སྦྱར་བའི་དུག་དང་ཁྲག་སྟེ་ཅི་རིགས་པར་རྙེད་པ་དང་ལན་ཚྭ་དང་ཡུངས་མར་དང་སྐེ་ཚེ་སྟེ། དངོས་སུ་གྲགས་པ་དེ་དག་ཐམས་ཅད་གཅིག་ཏུ་བྱས་ལ། ཏིལ་མར་ལ་སོགས་པས་བསྒོས་ནས་ཚེར་མའི་མེ་སྟེ། པོ་སོ་འཆའ་ལ་སོགས་པ་ཚེར་མ་ཅན་གྱི་ཤིང་གི་མེ་རབ་ཏུ་འབར་བ་ལ། སྦྱིན་སྲེག་བྱ་ཞེས་སྦྱར་རོ། །ཁྲོས་ཤིང་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་གཅིག་གང་རུང་བའི་སྦྱོར་བ་སྟེ་རྣལ་འབྱོར་དང་ལྡན་པས། ཏིང་ངེ་འཛིན་གཉིས་བྱས་ལ། ལས་སྦྱོར་གྱི་དུས་སུ་བུ་མོའི་མིང་དང་ཚིག་ཏུ་བཅས། ཞེས་


JLD004_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྟེ། མངོན་པར་འདོད་པའི་མིང་གི་ཡི་གེ་དང་སྔགས་སུ་སྤེལ་ཏེ་སྤེལ་ལུགས་ནི། འོག་ནས་ཕཊ་ཀྱི་འོག་ཏུ་སྤེལ་བ་གཅིག་དང༌། ཨ་ན་ནའི་འོག་ཏུ་སྤེལ་བ་གཉིས་བཤད་པས། བུ་མོ་དགུག་པ་ལ་སརྦ་ཤ་ཏྲུཾ་དང་ནཱ་ཤ་ཡ་ཞེས་པ་གཉིས་སྤངས་ལ། ཀ་ནྱ་ཆེ་གེ་མོ་སྟམྦྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའམ། ཕཊ་ཀ་ནྱ་ཆེ་གེ་མོ་སྟམྦྷ་ཡ་སྭཱ་ཧཱ། ཞེས་སྤེལ་ལོ། །འདོན་ཞིང་འོག་ནས་བཤད་པའི་རིམ་གྱིས་སྦྱིན་སྲེག་བྱ་སྟེ། ཉི་མ་གུང་ངམ་ནམ་ཕྱེད་ན་གནོན་པའི་ལས་འདི་ནི་བུ་མོ་གནོན་པར་མ་ཟད་དཔུང་ལ་སོགས་པ་གནོན་པ་ལ་ཡང་ཤིས་ཤིང་བསྔགས་པ་ཡིན་ནོ། །གྲུ་གསུམ་དུ་ཞེས་བྱ་བ་ནི་ཐབ་ཁུང་ཟུར་གསུམ་པར། དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཞལ་གདངས་པ་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པར་རྣམ་པར་བསྒོམས་ལ། སྟོང་རྩ་བརྒྱད་ནི་ཚུལ་བཞིན་དུ་བསྲེག་ཅེས་པ་སྟེ། དཔུང་དཔུང་གནོན་པར་འདོད་ན་སྱཻ་ནྱ་ཆེ་གེ་མོ་སྟམྦྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་སྤེལ་ལོ། །གནོན་པ་དང་ལ་སོགས་པ ས་ལུས་དང་ངག་གནོན་པ་སོགས་ལ་སྔར་བཤད་པའི་རང་རང་གི་ཆོ་གས་སྦྱར་ཏེ་ཆོ་ག་འདི་ཉི་མ་གསུམ་གྱི་བར་དུ་སྦྱར་ན། བུ་མོ་དག་དང་འབྲེལ་བའི་ལོངས་སྤྱོད་ཆེན་པོ་འཐོབ་པའི་རྒྱུར་བུ་མོ་གནོན་པ་སྟེ། སྒྲུབ་པ་:པ་ཚབ:སྒྲུབ་པ་པོ་ལས་གཞན་ལ་བུ་མོ་མི་སྟེར་བ་ནི་སྦྱོར་བ་དེས་འགྱུར་རོ་ཞེས་པ་ལྟར་རོ། །པོ་གཞན་ལས་ལེན་པ་ནི་སྦྱོར་བ་དེས་འགྲུབ་པར་འགྱུར་རོ། །དུས་ཇི་སྲིད་ཅིག་ན་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་སྟེ། བྱིས་པ་དང་ལང་ཚོ་དང་བར་མ་དེ་དག་འདས་ཀྱི་བར་དུ་སྟེ། ཇི་སྲིད་གྲངས་


JLD004_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞེས་བྱ་བ་བགྲང་དུ་མེད་པ་ཉིད་དེ། རྒས་འཁོགས་པ་དེ་སྲིད་དུ་གནས་པར་འགྱུར་རོ། །རྟག་:ཆག:རྟག་ཏུ་ཞེས་པ་ནི་བར་དུ་ཡང་སྐྱེས་པ་གཞན་དང་སྦྱོར་བ་མེད་པར་བསྟན་ཏེ་ཞེས་པ་ལྟར་རོ། །ཏུ་ཞེས་བྱ་བ་ནི་བར་དུ་ཡང་ངོ༌། ༈ །སྐྱེས་པའི་སྦྱོར་བའི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའོ། །ཆོས་འཛིན་པ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རྣལ་འབྱོར་པའོ། །གཞན་ཡང་རིན་པོ་ཆེའི་རྣལ་འབྱོར་པ་དང༌། ལས་ཀྱི་རྣལ་འབྱོར་པའམ། ཁྲོ་བོའི་རྣལ་འབྱོར་བ་གང་ཡང་རུང་བ གཅིག་གི། །གལ་ཏེ་རྨོངས་པས་འདས་ན་ནི། ཞེས་བྱ་བ་ནི། གནོན་པའི་ལས་འདི་གཅོད་པ་སྟེ་བཟློག་པ ར་འདོད་ན་སྒྲུབ་པ་པོ་དེའི་ཚེ་ནི་དེར་ཟད་འགྱུར། ཞེས་བྱ་བ་སྟེ། ལས་དེ་བརྩམས་པ་ནས་བཟུང་ནས་ཟད་ཅིང་མཐར་ཐུག་པར་འགྱུར་གྱི་ལས་དེ་མི་འགྲུབ་བོ་རོ་། ༈ །ཧྲཱིཿཥྚཱིའི་སྔགས་འདི་ཉིད་ཀྱི་ལས་ཀྱི་སྦྱོར་བ་གཞན་བསྟན་པར་བྱ་བའི་ཕྱིར། ཁྲོ་བོ་བཅུ་གཅིག་གང་རུང་གི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ། ལས་སྦྱོར་གྱི་དུས་སུ་བཅུ་བཞིའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་མར་གྱི་ངོའི་བཅུ་བཞིའམ་ཡང་ན་མར་ངོའི་ཚེས་བརྒྱད་དག་ལ། མཚོན་གྱིས་བསད་


JLD004_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེས་བུའི་རོ་བསྲེགས་པའི་སོལ་བ་བླངས་ནས། ཐོད་པ་ཁ་སྦྱོར་གྱི་ནང་དུ་བཞག་སྟེ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། དུར་ཁྲོད་གྱི་རས་རིན་ལ་མ་བརྩེགས་པར་ཉོས་པ་ལ། ཐོད་པའི་ནང་གི་སོལ་བ་དེས་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོའི་གཟུགས་གཤིན་རྗེ་གཤེད་ལྟ་བུར་བྲིས་ལ། སྤྱན་དྲངས་ཏེ་དགུག་གཞུག་བཅིང་མཉེས་དང་དབང་བསྐུར་ལ་དེའི་སྙིང་ཁར་སྒྲུབ་པོའི་ལག་པ་གཡོན་པ ས་བྲབ་ཏེ། བཤད་མ་ཐག་པའི་སྔགས་བཏབ་ནས། ཕཊ་ཀྱི་འོག་ཏུ་ཆེ་གེ་མོ་ཨི་དམ་འདི་དཱ་པ་ཡ་ཧྲི་སྦྱིན་ཏུ་ཆུག་ཅིག་སྭཱ་ཧཱ། ཞེས་བྱ་བའི་སྔགས་མཚན་ཕྱེད་དམ། ཉི་མའི་གུང་ལ་སྟོང་རྩ་བརྒྱད་བཟླས་ན། སྒྲུབ་པ་པོ་དེ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་འབྲས་བུ་རྟག་ཏུ་སྟེར་བར་འགྱུར་རོ། ༈ །སྔགས་འདི་ཉིད་ཀྱི་སྦྱོར་བ་གཞན་བསྟན་པར་བྱ་བའི་ཕྱིར། སྔགས་ཤེས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་བཟླས་པའི་སོལ་བས་དུར་ཁྲོད་ཀྱི་རས་ལ། དགྲ་གང་ཡང་རུང་བའི་གཟུགས་བརྙན་བྲིས་ལ། སྙིང་ཁར་སྔགས་དང་ཁསྤེལ་བས་ཀམིང་གབྲིས་ལ། ཟླ་བ་མར་གྱི་ངོའི་ཉི་མ་ལ་མངོན་སྤྱོད་ཀྱི་དུས་ཉིན་གུང་ངམ། མཚན་ཕྱེད་ན་སུ། གང་ལ་དགའ་བའི་ཁྲོ་བའི་ཏིང་ངེ་འཛིན་གསུམ་དང་ལྡན་པའི་རྣལ་འབྱོར་པས། ༀ་ཧྲཱིཿཥྚྲིཿ་བི་ཀྲི་ཏ་ཨ་ན་ན་ཆེ་གེ་མོའི་ཧྲི་ད་ཡཾ་སྙིང་པཱ་ཊ་ཡ་ཁོས་ཤིག་སཱ་ད་ཡ་ཤོག་ཅིག་ཞེས་བརྗོད་ལ། ལྷག་མ་ཧཱུཾ་མན་ཆད་


JLD004_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བཟླས་ཏེ་སོལ་བ་དེ་མཚོན་ཆ་ལྟ་བུར་བསམས་ལ། དགྲའི་གཟུགས་ཀྱི་སྤྱི་བོ་ནས་བརྩམས་ནས་གཉིས་སུ་བྱ་བའི་བསམ་པས་དབུས་སུ་རི་མོ་བྱས་ན། བྲིས་པ་ཙམ་གྱི་མོད་ལ་སྙིང་གས་ནས་འཆི་བར་འགྱུར་རོ། ༈ །ཐོ་བ་ཞེས་བྱ་བ་ལ་སོགས་པ་ལ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་གཉིས་དང་ལྡན་པས། ལས་རྒྱལ་མཆོག་གི་དུས་སུ་ཆུ་ངོགས་གཉིས་ཀྱི་ས་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་བཅས་པ་ལ། དགྲ་བོའི་གཟུགས་བརྙན་བྱས་ལ་རྣམ་པར་ཤེས་པ་བཀུག་སྟེ། དེའི་ནང་དུ་བཅུག་ནས་དོན་དུ་ཞེན་ཏེ་ཁྲོས་པས་ཕཊ་ཅེས་བརྗོད་ཅིང་རྡོ་རྗེ་ཐོ་བས་སྤྱི་བོར་བསྣུན་ཏེ། དེ་ལྟར་བྱས་ན་ངེས་པར་ལྟུང་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བའི་མགོ་ལ་ཐོ་བ་མངོན་དུ་འབབ་པར་འགྱུར་རོ། །ཡང་ན་བསམ་གཏན་གྱིས་ཀྱང་འདི་དག་ཐམས་ཅད་རྫོགས་པར་བྱའོ། །ཧཱུཾ་ནི་ཞེས་བྱ་བ་ལ་སོགས་པ་ལ། གནོད་མཛེས་ཀྱི་སྦྱོར་བ་གཉིས་དང་ལྡན་པས། ལས་སྦྱོར་གྱི་དུས་སུ་བཤད་མ་ཐག་པའི་སྦྱོར་བས་ས་གཉིས་ལ་བསྒྲུབ་པར་བྱ་བ་དགྲ འི་གཟུགས་བརྙན་བྱ་བ་སོགས་བྱས་ལ། རང་གི་ལག་ན་གནས་པའི་རྡོ་རྗེའི་ཁ་རྣམ་པར་དགྱེས་ཤིང༌། འབར་ཧཱུཾ་ཡིག་འབར་བ་དང་ལྡན་པ་སྟེ། ཧཱུྃ་རིང་པོ་ལས་བྱུང་བའི། :པ་ཚབ:ཟེར། བ་དང་བཅས་པའི་ཡི་གེ་ཧཱུཾ་གི་ཡེ་ཤེས་དང་ལྡན་པ། ཧཱུྃ་ལས་བྱུང་བའི་འོད་ཟེར་འབར་བ་ནག་པོས་ཀུན་ནས་ཁྱབ་པར་བསམས་ལ། བསྒྲུབ་པར་བྱ་བའི་མགོ་ལ་བསྒོམས་ཏེ་ཞེས་པ་ལྟུང་བར་གྱུར་


JLD004_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་མོ། །སྒྲུབ་པ་པོས་དེ་ལྟར་བྱས་ན་གདུག་པ་ཐམས་ཅད་འཇིག་པར་བྱེད་ཅིང་ལྟུང་བར་བྱེད་པར་འགྱུར་རོ། ༈ །སྦྱོར་བ་སྟེ་ལྷའི་རྣལ་འབྱོར་གང་ལ་གནས་ནས་སྦྱོར་བ་འདི་བྱ་ཞེ་ན། ཕྱག་ན་རྡོ་རྗེའི་རིགས་དྲན་ཏེ། ཞེས་བྱ་བ་གསུངས་ཏེ། ཕྱག་ན་རྡོ་རྗེའི་རིགས་ནི་རྡོ་རྗེའི་རིགས་ཏེ། རིགས་དེའི་ཁྲོ་བོ་ནི་གནོད་མཛེས་རྒྱལ་པོ་ཡིན་པས་ན། གནོད་མཛེས་ཀྱི་སྦྱོར་བ་གསུམ་དང་ལྡན་པས་ལས་འདི་ལ། ཕྱག་ན་རྡོ་རྗེ་དྲན་ཞིང་རྗེས་སུ་གནང་བའོ་ཞེས་བྱ་བའི་བར་དུ་སྟེ། དེ་དག་ཐམས་ཅད་ནི་ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས། བསམ་གཏན་ཉིད་ཀྱིས་ཐམས་ཅད་རྫོགས་པར་བྱའོ། ༈ །རྡོ་རྒྱུས་ནི་ཐོད་ལོ་ཀོར་རོ་ཞེས་བྱ་བ་ལ་སོགས་པ་ལ། ཚོན་རྩི་གང་ཡང་རུང་བས་སྐྱེས་པའམ་བུད་མེད་ཀྱི་གཟུགས་དུར་ཁྲོད་ཀྱི་རས་ལ་བྲིས་ལ། གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་གཉིས་ལ་གནས་པས་རང་གི་ལག་པར་ཡི་གེ་ཧཱུྃ་རིང་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྟ་རེ་བསམས་ནས། ཕཊ་ཅེས་བརྗོད་ལ་དེས་མིད་པ་བཅད་པར་རྣམ་པར་བསྒོམས་ན། སངས་རྒྱས་ཏེ་ལས་འདི་བསྒྲུབ་བྱ་ཚར་གཅོད་པའི་ལས་ཚོགས་ཤེས་པ་དང༌། བསྒྲུབ་པར་བྱ་བ་ཉིད་དུ་ཤེས་པ་དང༌། སྐུ་གསུམ་རིན་ཆེན་མཆོག་སྟེ་ཁྱད་པར་ཅན་གྱི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་དང༌། སེམས་ཅན་ཐམས་ཅད་དེ། མཆོག་དང་འབྲིང་དང་ཐ་མ་སྟེ། དེ་རྣམས་མ་ལུས་པའི་ཡང་ཕན་པ་ཡང་དག་པར་


JLD004_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པས་ན་སེམས་ཅན་ཀུན་ལ་ཕན་འདོད་པ་སྟེ།:ཆག:རྒྱལ་པོ་ལ་སོགས་པ་བག་མེད་པར་གནས་པའོ་ཞེས་པ་ལྟར་རོ། །དད་ཅིང་མཛེས་པར་གནས་པའོ། །བསྒྲུབ་བྱ་དེ་རྣམས་ལའང་ལས་ཀྱི་སྦྱོར་བ་འདི་ཡིས་སྣད་པར་འགྱུར་བའམ། ཞེས་པ་ནི། སྦྱོར་བ་འདི་ཡིས་བསྣུན་ན་ལུས་རབ་ཏུ་སྣད་པར་འགྱུར་བའམ་ཡང་ན་འཆི་བ་ཉིད་དུ་འགྱུར་བར་འདི་ལ་གདོན་མི་ཟའོ། ༈ །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བདུད་རྩི་ཐབ་སྦྱོར་གྱི་ཏིང་ངེ་འཛིན་གཉིས་ལ་གནས་པས། ལས་སྦྱོར་ནི་སྣ་ཚོགས་རྡོ་རྗེ་སེར་པོ་རབ་ཏུ་འབར་བ་ཆེན་པོ། ཆར་ཧ་ཅང་ཆེས་པ་གཅོད་པར་མངོན་པར་འདོད་པའི་ནམ་མཁའི་ཕྱོགས་ན་གནས་པར་གྱུར་པར་བསམས་ལ། དེའི་དབུས་སུ་ཡང་མེ་སྟག་མང་པོ་འཁྲིགས་པས་བསྐལ་པའི་མེ་ལྟ་བུར་རྣམ་པར་གྱེས་པའི་དབུས་སུ་ཁ་རྣམ་པར་གྱེས་པའི་རྡོ་རྗེ་རྩེ་མོ་གྱེན་དུ་བལྟས་པ་བསྒོམས་ནས། དེའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས། ཆར་གྱི་རྒྱུན་གྱི་ཚོགས་ཐམས་ཅད་རེངས་པར་སྟེ་འོག་ཏུ་ལྟུང་མི་ནུས་པར་བསམས་པ་ནི་ཆུ་གནོན་པ་སྟེ། ཆར་གནོན་པ་ལ་མཆོག་ཏུ་ཁྱད་པར་དུ་འཕགས་པའོ། ༈ །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་སློབ་དཔོན་རྣམས་འདྲི་བར་བྱེད་པ་ན། རླུང་ལ་སོགས་པ་སྟེ་རླུང་ནི་རླུང་གི་ཚོགས་སོ། །སོགས་པའི་སྒྲས་ནི་ཐོག་འབབ་པ་དང་རྡོ་ཆར་འབབ་པ་དང༌། དཀྱིལ་འཁོར་གྱི་འོག་ཏུ་ཆུ་དང་སྦྲུལ་བྱུང་བ་ལ་སོགས་པ་ཡང་


JLD004_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ངོ༌། །དེ་ལྟར་རླུང་ལ་སོགས་པའི་བགེགས་རྣམས་རང་གཞན་གྱི་སྡེ་པའི་རྣལ་འབྱོར་པ་གཞན་གྱིས་རབ་ཏུ་སྦྱར་བའམ། དེ་ལྟར་མ་བྱས་ཀྱང་གནོད་པ་བྱེད་པ་དུས་ཀྱི་ཤུགས་ཀྱི ས་བྱུང་བ་དག་གལ་ཏེ་:པ་ཚབ:བབ་ཅོལ་དུ་བྱུང་ན་ཟེར། བག་མེད་པས་བྱུང་བར་གྱུར་ན། དེའི་ཚེ་མཆེ་བའི་ཕྱག་རྒྱ་ཞེས་བྱ་བ་སྟེ། མཆེ་བ་ནི་ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་སོ། །དེ་ཚར་གཅད་པར་བྱ་བ་སྟེ་བྱེད་པའི་ཕྱག་རྒྱ་རྟ་མགྲིན་གྱི་ཕྱག་རྒྱ་བསྒོམས་པ་ནི་མཆེ་བའི་ཕྱག་རྒྱ་སྟེ། རྟ་མགྲིན་གྱི་ཕྱག་རྒྱ་དེ་བཅིངས་ཤིང་སྟེ་བདག་གིར་བྱས་ནས་སོ། །གདུག་པ་ནི་བགེགས་རྣམས་ཏེ། དེ་རྣམས་ཀྱི་དགྲ་ནི་རྟ་མགྲིན་ཡིན་ལ། དེ་རྗེས་སུ་དྲན་པར་བྱ་བ་ནི་ཡིད་ཀྱིས་བསྒོམས་པ་སྟེ། རྟ་མགྲིན་གྱི་ཏིང་ངེ་འཛིན་གསུམ་དང་ལྡན་པས་རང་གི་ལག་ན་གནས་པའི་མཚོན་གྱིས་བགེགས་རྣམས་བཟློག་པར་བྱའོ། །སངས་རྒྱས་ནི་རང་གི་སྡེ་པའི་སྔགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་གཞན་གྱི་སྡེ་པ་རྣམས་ཏེ། དེ་དག་གིས་ཀྱང་གང་ཞིག་སྤྲུལ་པར་གྱུར་ཅིང་སྦྱོར་བའི་བགེགས་ཀྱི་རིགས་གལ་ཏེ་བྱུང་བར་གྱུར་ན་མཐོང་བ་ཙམ་གྱིས་ཏེ། ཕྱག་རྒྱ་མཐོང་བ་ཙམ་གྱིས་འགག་པར་འགྱུར་ཞིང་མི་སྣང་བར་འགྱུར་རོ། །གཞན་དུ་བྱས་ན་ཞེས་བྱ་བ་ལ། རང་བཞིན་ཏེ་སྔར་བཤད་པ་ལྟར་གྱི་ཟློག་ཐབས་དེ་ལྟར་མི་བྱེད་ན་འཇིག་པར་འགྱུར་ཞིང་བརྩམས་པའི་ལས་འགྲུབ་པར་མི་འགྱུར་ཏེ་བར་ཆད་དེ་མ་བསལ་ན་ཞེས་པའོ་རོ་། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། གང་བདག་དང་གཞན་གྱི་སྡེ་པའི་སྔགས་པ་རྣམས་དང༌། སྐྱེ་བོ་གདུག་


JLD004_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་དག་ཀྱང་སྟེ། སེམས་ཅན་ཐ་མལ་པ་རྣམས། སྔགས་ཀྱི་རྣམ་པར་འཕྲུལ་པ་འདིས་སྐྲག་པར་བྱས་ཤིང༌། སྡིགས་མཛུབ་བྱས་ན་འཆི་བར་འགྱུར་བར་གདོན་མི་ཟའོ། ༈ །དེ་ལ་ཞེས་པ་དྲག་པོའི་ལས་རྣམས་ལ་འོག་ནས་བཤད་པའི་ཕཊ་གྱི་སྔགས་འདི་ནི། སྔགས་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་དེ་རྣམས་ཀྱི་གསང་བའོ། །སྙིང་པོ་ནི་གདུག་པ་སྟེ་དྲག་པོ འི་སྔགས་ཀྱི་སྲོག་གོ །༡ཏེ་ཆེ་གེ་མོ་ཞེས་པ་དང་འཕྲོག་པའོ་ཞེས་པ་འགྱུར་གསར་གཉིས་ལ་མེད་དོ། །ཆེ་གེ་མོའི་སྲོག་འཕྲོག་པའོ། །༢དེ་གང་ཡིན་ཞེ་ན། ཕཊ་ཅེས་བྱ་བ་སྟེ་ཕཊ་ནི་གསོད་པའོ། །ཐོ་བ་དང་སྟ་རེའི་སྦྱོར་བ་ལ་ཕཊ་བཟླ་བར་བཤད། གཞན་གཉིས་ལ་མི་གསལ་ཡང་རྟ་མགྲིན་གྱི་སྦྱོར་བ་ལ་སྔ་མ་གཉིས་དང་འདྲ། བདུད་རྩི་འཁྱིལ་པ་ལ་ཡང་སྔ་མ་རྣམས་ཕཊ་བཟླ་བར་བཞེད་ཀྱང་མི་ཐོབ་པ་འདྲའོ། ༈ །ད་ནི་གསང་བ་སྟེ་ཕྱག་རྒྱ་མ་ལྔའི་སྒོ་ནས་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་དེ་ཁོ་ན་ཉིད་ཆེན་པོའི་ངོ་བོ་ཉིད་ཀྱི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།འདིར་སྤྲོས་མེད་ཀྱི་སྤྱོད་པ་འབྲིང་པོ་གཅིག་བཤད་ཅིང༌། དེ་ལ་ཡང་རིམ་པ་གཉིས་ཡོད་པ་ལ་སྔ་མ་རྣམས་འདི་ཟུང་འཇུག་པའི་སྤྱོད་པར་འདོད་དོ། །སྤྱིར་རྫོགས་རིམ་པའི་སྤྱོད་པ་རྣམས་སྤྱིའི་མཚན་ཉིད་མཚུངས་ཀྱང༌། སྐབས་སོ་སོའི་རྟེན་སོ་སོས་སྒྲུབ་པ་མི་འདྲ་བས་སྐབས་དབྱེ་དགོས་ལ། འདིར་སྤྲོས་མེད་ཀྱི་སྤྱོད་


JLD004_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྲིང་དང་བསྡུས་པ་གཉིས་གསུངས་པ་ནི་འབྲིང་གི་སྐབས་སུ་ཡན་ལག་གི་རླུང་གི་བཟླས་པ་དང༌། སྙིང་གའི་པདྨ་ཁ་འབྱེད་པར་གསུངས་པ་དང༌། བསྡུས་པའི་སྐབས་སུ་ཕྱག་རྒྱ་རིགས་མ་ངེས་པར་གསུངས་པས་རྫོགས་རིམ་པའི་སྤྱོད་པ་ཡིན་ནོ། །དེ་ལ་སྐབས་གསུམ་ཡོད་པ་ལས། འདི་ནི་སྒྱུ་ལུས་པས་ཟུང་འཇུག་གི་དོན་དུ་སྤྱོད་པ་བྱེད་པ་ཡིན་ཏེ། དངོས་ཀྱི་ཕན་ཡོན་གྱི་སྐབས་སུ་ཐ་མལ་པའི་ལུས་སྤངས་པ་བཤད་ཅིང༌། ཟུང་འཇུག་ཐོབ་མ་ཐག་རིགས་འདྲ་མི་འཆད་པའི་རྡོ་རྗེའི་སྐུ་འཐོབ་དགོས་པའི་ཕྱིར་རོ། །ཡེ་ཤེས་གསུམ་གྱི་རིམ་པས་བསྐྱེད་པའི་སེམས་དཔའ་ནི། ཡེ་ཤེས་སེམས་དཔའ་སྟེ། དེའི་སྦྱོར་བ་ནི་ཡེ་ཤེས་ཀྱི་སྐུ་དེར་སྐད་ཅིག་གིས་དམིགས་པ་སྟེ། དེའི་ཐབས་དེས་དབུས་སུ་སྟེ། སྣ་ཚོགས་པདྨ་རས་ཀྱིས་གཡོགས་པའི་གདན་རྣམ་པ་བཞིའི་དབུས་སུ་གྱུར་པའི་སྟན་ལ་གཟུགས་ཏེ། རང་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ ར་རབ་ཏུ་བསྒོམ་པར་བྱའོ། །སྔགས་ཤེས་པ་ཡིས་ཞེས་པ་ནི་ལྷའི་དེ་ཁོ་ན་ཉིད་ཤེས་པས་སོ། །གནས་བཞི་རུ་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་གནས་གྲྭ་བཞི་རྣམས་སུ། བུད་མེད་དེ་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་པའི་བུད་མེད་བཞི། སྤྱན་ལ་སོགས་པའི་དངོས་པོར་ཡོངས་སུ་བརྟགས་ལ། རྟག་ཏུ་སྟེ་ཉིན་མཚན་དུ་གཞག་པར་སྤྱོད་བསྡུས་ལས། བུད་མེད་བཞི་གཟུགས་རྡོ་རྗེ་མ་སོགས་བཞིའི་རྣམ་པས་མཚམས་བཞི་དང༌། བུད་མེད་གཅིག་རེག་རྡོ་རྗེ་མའི་རྣམ་པས་རང་གི་པང་ན་གནས་པར་གསུངས་ཏེ། བུད་མེད་ལྔ་ལས་མེད་ན་སྤྱན་སོགས་སུ་སྒོམ་པ་དང༌། གཟུགས་རྡོ་རྗེ་མ་སོགས་སུ་སྒོམ་པ་གཉིས་གདམ་ང་ཅན་ནོ། །བྱའོ། །བུད་མེད་དེ་རྣམས་ཇི་ལྟ་བུར་གྱུར་པར་བཞག་ཅེ་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་རྣམས་ཐམས་ཅད་ཀྱིས་མཚན་


JLD004_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ཞེས་བྱ་བ་སྟེ། ཇི་སྐད་དུ་བཤད་པའི་བུད་མེད་ཀྱི་མཚན་ཉིད་དང༌ ལྡན་པ་དང༌། རྒྱན་དང་ཆས་གོས་དང༌། འབག་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དེ་ནས་པདྨོ་རབ་ཏུ་རྒྱས་བྱས་འདིར་པདྨོ་རབ་ཏུ་རྒྱས་བྱས་ནས། ཞེས་པ་ལ། སྙིང་གའི་པདྨ་ཁ་བྱེ་བ་དང༌། སྒོའི་པདྨ་ཁ་བྱེ་བ་གཉིས་བཤད་དོ། །ཕྱི་མ་ལ་:ཆག:བཞིན་གྱི་པདྨ་དང༌། :པ་ཚབ:ཁའི་པདྨ་ཞེས་འབྱུང་བ་ནི། མུ་ཁེ་ཞེས་པ་གདོང་དང་ཁ་དང་སྒོ་ལ་འཇུག་པའི་དང་པོ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ཀྱང༌། འདིར་སྒོ་ལ་བསྒྱུར་རྒྱུ་ཡིན་ནོ། །དེ་ལྟར་ན་སྒོའི་པདྨ་ཁ་བྱེ་བ་རྒྱས་པ་ནི་ལེའུ་བཅུ་བདུན་པའི་འགྲེལ་པར་བཤད་པ་ལྟར། རིག་མའི་རྩ་འཚོལ་བའི་སྦྱོར་བས་དྷཱུ་ཏཱིའི་མར་སྣ་ཁ་འབྱེད་པ་ཡིན་ཏེ། རྒྱུད་རྡོར་འཕྲེང་ལས། དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རེག་གྱུར་པ། །དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། ཅེས་གསུངས་པ་བཞིན་ནོ། །དེའི་ཕྱིར་དེའི་ཚེ་གསང་བའི་རྡོ་རྗེའི་མར་སྣའི་དབུ་མ་ཁ་བྱེ་བ་ཡང་ཤེས་པར་བྱ་སྟེ། རྟོགས་པར་ཤིན་ཏུ་དཀའོ། །དེའི་ཚེ་སྙིང་གའི་པདྨ་ཁ་བྱེ་ཚུལ་ནི། སྔ་མ་ལས་ཀྱང་ཆེས་རྟོགས་དཀའ་ཞིང༌། “འདིའི་ལུགས་ལ་གནད་ཤིན་ཏུ་ཆེ་སྟེ། སྤྱོད་བསྡུས་ལ་བརྟེན་ནས་གཞན་དུ་ལེགས་པར་བཤད་ཡོད་དོ། །ནས། ཞེས་བྱ་བ་ནི། རང་གི་སྙིང་ཁའི་པདྨ་དང་སྒོའི་པདྨ་རྒྱས་ཤིང་བྱེ་བར་བྱས་ནས་སྟོང་པ་བཞི་བསྐྱེད་པའི་མཐར་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ། ཡན་ལག་གི་རླུང་ལྔ་འཁོར་ལོ་བསྐོར་བ་བཞིན་དུ་ཉིན་མཚན་ཀུན་ཏུ་ཕྱི་ནང་དུ་རྒྱུ་བའི་སྔགས་ཧཱུྃ་ཞེས་བྱ་བ་རླུང་འོད་ཟེར་ལྔ་པོ་ཕྱིར་ལྡང་བ འི་བདག་ཉིད་ཅན་འདི་རྣམ་པར་བསྒོམ་པར་བྱ་ཞིང་ཤེས་པར་བྱ་སྟེ། སེམས་ནི་ཡེ་ཤེས་གསུམ་མོ། །ཙམ་གྱི་སྒྲས་ནི་ཀུན་རྟོག་གཅོད་དོ། །རླུང་ཕྱིར་རྒྱུ་བའི་ཚེ་ཡུལ་


JLD004_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡེ་ཤེས་དེའི་ངོ་བོ་ཡིན་པར་ཤེས་པ་སྟེ་བལྟ་བ་ལ་འབད་པར་བྱའོ་ཞེས་བྱ་བའི་བར་དུའོ། །འདིས་མཉམ་གཞག་ཏུ་བསྐྱེད་པའི་བདེ་སྟོང་གི་ཡུལ་ལ་རྒྱས་འདེབས་པ་བསྟན་ནོ། །འོད་ཟེར་ལྔ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་གྱི་སྦྱོར་བ་ཞེས་བྱ་བ་ནི་ཡུལ་ལྟ་བུར་གནས་པའི་རྡོ་རྗེ་འཆང་ཆེན་པོའོ། །འདིས་ནི་ཡུལ་རྣམས་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བལྟ་བར་བསྟན་ནོ། །འོད་ཟེར་ལྔ་ནི་མིག་ལ་སོགས་པའི་སྒོ་ལྔ་ནས་རྒྱུ་བའི་རླུང་འོད་ཟེར་ལྔ་པའོ་སྟེ་། དེ་རྣམས་ཀྱི་འོད་:པ་ཚབ:འོད་ཟེར་ལྔ་འོད་ཟེར། ནི་ཡུལ་རྣམ་པ་གསུམ་འཛིན་པའོ། །དེ་རབ་ཏུ་འབར་བ་ནི་རབ་ཏུ་གསལ་བར་བསྒོམ་ཞིང་བསླབ་པར་བྱ་བ་ནི་རླུང་ཕྱིར་རྒྱུ་བའི་ཚེ་ཡུལ་རྣམས་སྔར་ལྟར་ལྟ་བ། །དེ་ལྟར་བསླབས་ནས་རང་གི་ལུས་ཏེ་སྤྱི་བོ་དང་ལ་སོགས་པ ས་ངག་སྟེ། མགྲིན་པ་དང་སེམས་ཏེ་སྙིང་ག་རྣམས་ལ། ལུས་དབང་གི་ཡུལ་གྱི་ངོ་བོ་རྡོ་རྗེ་ཅན་བྱང་སེམས་རིམ་པ་བཞིན་དུ་སྤྱི་བོ་ནས་ཕབ་ཅིང་བསྲེས་ན་ཞེས་པ་ནི་རྒྱུད་རྡོར་འཕྲེང་ལས། དེ་ནས་བྱང་ཆུབ་སེམས་ཀྱང་ནི། །གནས་ཀུན་ནས་ནི་ཞུ་གྱུར་ནས། །ངོ་བོ་གཅིག་ཏུ་གྱུར་པ་དང༌། །རྩ་ནི་གཅིག་གི་འབྲས་བུ་ནི། །རོ་གཅིག་ཏུ་ནི་གྱུར་པ་ལ། །འདུས་པ་ཞེས་ནི་དེ་ལ་གསུངས། ཞེས་གསུངས་པ་ལྟར། སྟོང་ཕྲག་དོན་གཉིས་ཀྱི་རྩ་ནས་བྱང་སེམས་ཞུ་བ་རྣམས་རྩ་དབུ་མ་གཅིག་པུའི་ལམ་དུ་བསྲེས་པའམ་འདྲེས་པར་གྱུར་ན་བྱང་ཆུབ་སྟེ། མཆོག་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་བདེ་བ་ཐོབ་པར་འགྱུར་ཞིང་རྟོགས་པར་འགྱུར་རོ། །དེ་རྣམས་ཀྱི་དོན་བསྡུ་ན། རང་དང་རིག་མའི་གསང་རྩ་གཉིས་ཀྱི་སྒོ་བྱེ་བའི་སྙོམས་འཇུག་བྱས་


JLD004_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

པས། སྙིང་གའི་དབུས་ཀྱི་དྷཱུ་ཏཱི་ཁ་ཕྱེ་བར་རླུང་འདུས་པ་དང༌། སྤྱི་བོ་ནས་བྱང་སེམས་ཞུ་བ་གཅིག་ཏུ་འདྲིལ་བ་ལ་བརྟེན་ནས་དགའ་བཞིའམ་སྟོང་པ་བཞི་བསྐྱེད་པ་མཉམ་གཞག་ཏུ་བསྐྱངས་པའི་མཐར་རྗེས་ཐོབ་ཀྱི་དུས་སུ། མཉམ་གཞག་གི་བདེ་སྟོང་དྲན་ནས་ཡུལ་རྣམས་ལ་དེའི་ངོ་བོར་བལྟ་བ་དང༌། རྡོ་རྗེ་འཆང་དུ་བལྟ་བས་རྒྱས་བཏབ་ན་མྱུར་དུ་འཚང་རྒྱ་ཞེས་པའོ། ༈ །དེ་ལྟར་སྤྱོད་པའི་རྣལ་འབྱོར་པ་དེ་ནི་དེ་མ་ཐག་ཏུ་སྟེ། རིང་པོར་མི་ཐོགས་པར་རྣམ་པར་སྣང་མཛད་འོད་འདྲ་ཞིང༌། ཞེས་བྱ་བ་སྟེ། སྐུ་རྡོ་རྗེ་དང་འདྲ་བར་འགྱུར་བའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །རྒྱལ་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །སངས་རྒྱས་ནི་འོད་དཔག་ཏུ་མེད་པའོ། །སྐུ་གསུམ་རྡོ་རྗེ་འཛིན་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་དག་དང་ཡང་མཉམ་པར་འགྱུར་རོ། །སེམས་དཔའ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །སྐྱེད་པ་ནི་འབྱུང་བར་བྱེད་པ་སྟེ། རྡོ་རྗེའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ། སེམས་དཔའ་ཐམས་ཅད་སྐྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། ༈ །ད་ནི་ཕྱག་རྒྱ་མ་ལྔ་མ་རྙེད་ན་ཕྱག་རྒྱ་གཅིག་དང་ཡང་ལྷན་ཅིག་ཏུ་སྤྲོས་མེད་བསྡུས་པའི་སྤྱོད་པ་བྱེད་པ་བསྟན་པར་བྱ་བའི་ཕྱིར། བཞིན་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞིན་བཟང་ཞེས་བྱ་བ་ནི་བཞིན་རབ་ཏུ་དང་བའོ། །ཕན་པར་འདོད་པ་ཡི་ཞེས་བྱ་བ་ནི། སྒྲུབ་པ་པོ་ལ་ཕན་པར་འདོད་པའོ། །གང་ཞིག་ཅེ་ན། བུད་མེད་དེ་བྲམ་ཟེ་ལ་སོགས་པའི་རིགས་གང་ཡང་རུང་བའི་བུ་མོ་རྙེད་པ་ནི་ཐོབ་པའོ། །ཆོ་ག་བཞིན་ཞེས་བྱ་བ་


JLD004_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདུས་པ་འདི་ལས་གསུངས་པའི་ཆོ་གས་སོ། །དབེན་པར་ནི་སྐྱེ་བོ་མེད་ཅིང་ཡིད་དུ་འོང་བའོ། །མཆོད་པ་ནི་སྙོམས་པར་འཇུག་པ་སྟེ་དེ་བརྩམ་པར་བྱའོ། །གསང་བ་ནི་ཆགས་པ་ལ་སོགས་པ་ཡེ་ཤེས་གསུམ་མོ། །བླངས་ནས་ནི་བློས་ངེས་པར་བྱས་པའོ། །བཟའ་བར་བྱ་བ་ནི་འོད་གསལ་བས་རྣམ་པར་སྦྱང་བ་སྟེ་དེ་རྣམས་རིམ་གྱི་འོད་གསལ་དུ་གཞུག་པ། །པདྨ་རྒྱས་པར་བྱ་བ་སོགས་ནི་སྤྲོས་མེད་འབྲིང་པོ་དང་འདྲའོ། །དེ་ལྟར་སྦྱངས་པའི་རྣལ་འབྱོར་པ་དེ་ནི། དེ་མ་ཐག་ཏུ་ཡང་སྟེ་རིང་པོ་མི་ཐོགས་པ་ཉིད་དུ། འཇམ་དཔལ་དང་ནི་སྟེ་རྡོ་རྗེ་འཆང་ཆེན་པོ་དང་གཟི་བརྗིད་མཉམ་པ་སྟེ། དེ་དང་མཉམ་པའི་མཐུ་དང་ལྡན་པར་འགྱུར་ཞིང་མི་སྣང་བ་སྟེ། ཐ་མལ་པའི་བདག་གི་རང་བཞིན་གྱི་ལུས་ཡོངས་སུ་སྤངས་པ་ཙམ་ནི་སྒྱུ་ལུས་ནས་ཡོད་མོད་ཀྱང༌། འདིར་ནི་རིགས་འདྲ་མི་འཆད་པའི་རྡོ་རྗེའི་སྐུ་ཐོབ་པས་སྤངས་པའོ། །ནས། དེའི་འོག་ཏུ་བདག་པོ་སྟེ། རང་ཉིད་གཙོ་བོ་ཟུང་འཇུག་རྡོ་རྗེ་འཛིན་པ ར་འགྱུར་ཞིང་རང་ཁོ་ནར་མ་ཟད་ཕྱག་རྒྱ་རིག་མ་དང་བཅས་པར་དངོས་གྲུབ་ཐོབ་བས་ན་དཔལ་དང་ལྡན་པའོ། །ཛམྦུ་གསེར་གྱི་མདངས་འདྲར་འགྱུར། ཞེས་བྱ་བ་ནི། རིན་ཆེན་ཏོག་དང་མཉམ་པར་འགྱུར་ཞིང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་རྫོགས་པར་བྱེད་དོ། ༈ །ད་ནི་སྒྲུབ་པ་པོའི་ཟས་ཀྱི་བྱ་བ་བསྟན་པར་བྱ་བའི་ཕྱིར། བཤང་བའམ་ཞེས་བྱ་


JLD004_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་གསུངས་ཏེ། བཤང་བ་ནི་བ་ལང་གི་ལྕི་བ་ལ་སོགས་པའོ། །ཡང་ན་བཟའ་བའམ་ཞེས་པ་ནི། འཇིག་རྟེན་པ་དང་ཐུན་མོང་དུ་གྱུར་པ་ཟན་དང་འབྲས་ཆེན་ལ་སོགས་པའོ། །ཤ་ནི་ཅི་རིགས་པར་རྙེད་པ་དང༌། གཞན་དག་གང་ཅི་ཡང་རུང་བ་ཆོ་ག་བཞིན་དུ་སྟེ། ཆོ་ག་ཤེས་པའི་མཁས་པས་ཆོ་ག་ལྟར་བསྔགས་ནས་ནི་ཞེས་པ་སྟེ། སྦྱང་བ་ལ་སོགས་པའི་རིམ་པས་མངོན་པར་འདུས་བྱས་ནས། སྙིང་ཁ་དང་ལྐོག་མ་ཡང་སྦྱངས་ནས་ཁར་གཞུག་པར་བྱས་ཤིང་ཟོས་ན། སངས་རྒྱས་ཏེ་མཁས་པ་རྣམས་སམ། སྐལ་བ་ངན་པ་གཞན་དག་གིས་ཀྱང་ཤེས་ཤིང་མཐོང་བར་མི་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་འོག་ནས་བཤད་པ་ལ་ལྟོས་པ་ཡིན་ཞེས་པ་ནི་འཆད་འགྱུར་དང་སྦྲེལ་ལོ་ནོ་། ༈ །རི་ལུ་བཅུའི་བསྒྲུབ་པ་ལ། ནང་ལ་གཞོལ་བས་རང་གི་ལྷའི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ། དེ་ནས་ལས་རྒྱལ་མཆོག་གི་དུས་སུ། རི་ལུའི་རྒྱུ་བཅུ་གང་རུང་ལ་རི་ལུ་སྲན་མ་ཙམ་བྱས་ཏེ། གསེར་དངུལ་དང་ཟངས་ཀྱི་ལྗང་པ་གསུམ་གྱིས་བཀྲིས་ཏེ། ཟླ་བ་གཟས་ཟིན་པའི་དུས་སུ་ཡུམ་གྱི་པདྨར་གཞུག་ལ་གཟའ་ལས་མ་གྲོལ་གྱི་བར་དུ་སྙོམས་འཇུག་བྱ་ཞིང༌། གྲོལ་བ་ན་གཏོན་ཏེ་བལྟས་པས་དུ་བ་ལ་སོགས་པ་བྱུང་ན། གྲུབ་པར་ཤེས་པར་བྱ་སྟེ་ཁར་བཅུག་


JLD004_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་སྣང་བར་འགྱུར་རོ། །བཤང་བ་ནི་ཉིན་ཞག་དེ་ལ་སྐྱེས་པའི་བདག་ཉིད་ཅན་གྱི་བུ་ཆུང་གི་བཤང་བའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་ས་ལ་མ་རེག་པར་བླངས་ནས། ཁམ་ཕོར་ཏེ་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཞག་ལ། དེ་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡི་གེ་གསུམ་བཟླས་ཤིང་ཡང་དག་པར་བསྐུལ་ནས། རི་ལུ་བྱས་ལ་ལྕགས་གསུམ་གྱིས་དཀྲིས་ཏེ། ཁར་བཅུག་ན། སངས་རྒྱས་ཉི་མས་ཏེ་སྒྲུབ་པ་པོའི་རིག་པ་འཛིན་པ་རྣམས་ཀྱིས་ཀྱང༌། མི་མཐོང་ངོ་ཞེས་པ་སྟེ་སྦྱོར་བའི་ཕན་ཡོན་ནོ། །ཁྱིའི་ཤ་དང་ཞེས་བྱ་བ་ལ་སོགས་པ་ལ། ཁྱི་དང་རྟ་ཤ་དང་མི་ཤི་བའི་ཤ་ཆེན་དག་ནི་ཆོ་ག་བཞིན་ཏེ། བཤད་མ་ཐག་པའི་ཆོ་གས་བླངས་ནས་ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་སྟེ། དེ་བཞིན་དུ་བཟླས་བརྗོད་བྱས་ནས་རི་ལུ་བྱས་ཏེ་ཟོས་ཤིང་ཁར་བཅུག་ན། དེ་ཡིས་གྲུབ་པ་ལ་སོགས་པ་རྣམས་ཀྱིས་མི་མཐོང་ངོ༌། །ས་ལ་མ་རེག་པར་བླངས་པ་དང༌། ཐོད་པ་ཁ་སྦྱར་གྱི་ནང་དུ་བཞག་པ་དང༌། སྔགས་བཟླས་པའི་འོག་ཏུ་རི་ལུ་བྱེད་པ་ནི་ཀུན་ལ་འདྲ་བར་མངོན་ནོ། །ལྕགས་གསུམ་ནི་གསེར་མ་ཤ་གསུམ་དང་ར་ཏི་བདུན། དངུལ་མ་ཤ་བཞི་དང་ར་ཏི་གསུམ། ཟངས་མ་ཤ་བཞི་དང་ར་ཏི་ལྔ། མ་ཤ་རེ་ལ་ར་ཏི་བཅུ་བཅུ་སྟེ་བསྡོམས་ན་ར་ཏི་བརྒྱ་ཉི་ཤུ་རྩ་ལྔའོ། །དཀྲི་ལུགས་ནི་དང་པོར་གསེར། དེའི་སྟེང་ནས་དངུལ། དེའི་སྟེང་ནས་ཟངས་ཀྱིས་དཀྲི་ཟེར་རོ། །དང་པོ་དང་གཉིས་པ་ལ་ཡུམ་གྱི་ཆོས་འབྱུང་དུ་འཇུག་པ་མ་བཤད་ཀྱང༌། སྔ་མ་རྣམས་འོག་མ་རྣམས་དང་འདྲ་བར་བཞེད་དོ། །བཤང་དང་ཞེས་བྱ་བ་ལ་སོགས་པ་ལ། བཤང་བ་དང་ལྷན་ཅིག་བདུད་རྩི་བཞི་པོ་སྦྱར་ནས་རི་ལུ་བྱས་ལ། ལྕགས་གསུམ་གྱིས་དཀྲིས་པ་སྟེ། གསེར་ལ་སོགས་པས་ལེགས་པར་དཀྲིས་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། ཞེས་བྱ་བ་ནི། ཟླ་བ་གཟས་ཟིན་པའི་དུས་


JLD004_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དང་པོར་འཛིན་པ་ནས་བཟུང་སྟེ། ཆོས་འབྱུང་བའི་ནང་དུ་བཅུག་ལ། ཇི་སྲིད་བཏང་གི་བར་དུ་སྙོམས་པར་འཇུག་པར་བྱའོ། །དེ་ནས་བཏོན་ལ་མཚན་མ་བལྟས་ཏེ། གལ་ཏེ་དུ་བ་ལ་སོགས་པ་བྱུང་ན་གྲུབ་པ་ཡིན་པར་ཤེས་པར་བྱས་ཏེ་ཁར་བཅུག་ན། དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་མཐོང་ངོ༌། །དེ་བཞིན་དུ་ཁྱིའི་ཤ་བདུད་རྩི་ལྔ་དང་བཅས་པ་ལས་རི་ལུ་བྱས་ལ། ལྕགས་གསུམ་གྱིས་དཀྲིས་ཏེ་སྔར་བཤད་མ་ཐག་པའི་དབང་པོ་གཉིས་ཀྱི་སྦྱོར་བས་བསྒྲུབ་པར་བྱས་ནས་ཁར་བཅུག་ན། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་མཐོང་ངོ༌། །ཤ་ཆེན་དང་བ་ལང་ཤ་ལ་སོགས་པ་ཡང༌། སྔར་བཤད་མ་ཐག་པའི་མན་ངག་གིས་སྦྱར་བར་བྱའོ། །བཤང་བ་ལས་བྱུང་བའི་སྲོག་ཆགས་ཞེས་བྱ་བ་བཤང་བ་དང་ལྷན་ཅིག་ཕྱིར་བྱུང་བའི་སེམས་ཅན་དང་། བདུད་རྩི་ལྔ་དང་བཅས་པ་ལས་བརྟུལ་ཞུགས་ཅན་ཏེ་བརྟུལ་ཞུགས་སྤྱོད་པས་རི་ལུ་བྱས་ལ། དབང་པོ་གཉིས་ཀྱི་སྦྱོར་བས་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །ག་པུར་ཙན་དན་ཞེས་པ་ཙན་དན་དམར་པོ་དང་ལྷན་ཅིག་བདུད་རྩི་ལྔ་དང་རི་ལུ་བྱས་ལ་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །གི་ཧཾ་དང་ཨ་ཀ་རུ་ནག་པོ་གཉིས་བདུད་རྩི་ལྔ་དང་བཅས་པ་ལས། རི་ལུ་བྱས་ལ་སྔ་མ་བཞིན་དུ་བསྒྲུབས་ནས་ཁར་བཅུག་སྟེ་འཆག་ན། སྟོབས་པོ་ཆེ་སྟེ་ཐོགས་པ་མེད་པའི་བརྩོན་འགྲུས་དང་ལྡན་པར་འགྱུར་རོ། །ག་པུར་དང་གུར་ཀུམ་དུ་སྦྱར་བའི་བདུད་རྩི་ལྔས་ཀྱང༌། དེ་བཞིན་དུ་


JLD004_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱའོ་ཞེས་གསུངས་སོ། ༈ །ད་ནི་འཇིག་རྟེན་ལས་འདས་པ་ཟུང་འཇུག་པའི་དངོས་གྲུབ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟུང་འཇུག་རྡོ་རྗེ་འཛིན་པ་རང་ཉིད་ཟུང་འཇུག་པའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་དབུས་སུ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་གང་ཡང་རུང་བའི་སྐུ་ཕྱག་རྒྱ་ཆེན་པོ་དྲག་པོའམ། རྣམ་སྣང་ལ་སོགས་པའི་སྐུ་ཞི་བར་བྱིན་གྱིས་བརླབས་ཤིང་སྟེ་བསྐྱེད་ནས། གདུལ་བྱའི་སྐྱེ་བོ་རྣམས་སྨིན་པར་བྱ་བའི་ཕྱིར། རྡོར་བཟླས་ཀྱིས་ཞི་བ་ལ་སོགས་པའི་ལས་བསྒྲུབས་ན་ཞི་སོགས་གང་འདོད་དེ་ལྟ་བུར་འགྲུབ་པར་འགྱུར་ཏེ། ༈ དེར་ཡང་མ་ཟད་ཀྱི་རྣལ་འབྱོར་པ་དེ་རྡོ་རྗེ་འཆང་ཆེན་པོ་ཅི་འདྲ་བ་དེ་དང་འདྲ་བར་འབྱུང་བར་འགྱུར་རོ། །ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་ན། དེ་ནི་དཔལ་དང་ལྡན་པའོ། །ཡོན་ཏན་གྱི་དབང་ཕྱུག་བརྒྱད་ནི། འབྲས་བུའི་སྐབས་ཡིན་ལ། སློབ་པའི་ཟུང་འཇུག་གི་སྐབས་སུ་དབང་ཕྱུག་གི་ཡོན་ཏན་བརྒྱད་འབྱུང་བར་གསུངས་པས། དབང་ཕྱུག་གི་ཡོན་ཏན་བརྒྱད་ལ་བྱས་ན་ལེགས་པར་སེམས་སོ། །སྤྱོད་བསྡུས་ཆག་འགྱུར་ལས། གཟུགས་ཕྲ་བ་དང་རེག་པ་ཡང༌། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་འགྱུར། ཞེས་འབྱུང་བ་བརྒྱད་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད་ཅེས་བྱའི། དབང་ཕྱུག་བརྒྱད་ནི་མིན་ནོ། །དེའི་དོན་ནི། སྔ་མ་རྣམས་ཀྱིས་བཤད་པ་ནི། དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་བཤད་པ་མ་མཐོང་བར་སྣང་བས། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དབང་ཕྱུག་གི་ཡོན་ཏན་བརྒྱད་བཤད་པ་དང་སྦྱར་བར་བྱའོ། །དེ་ལ་


JLD004_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གིས་སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཕྲ་བ་དང༌། སྣོད་ཀྱི་འཇིག་རྟེན་སྐྱེད་པ་ཡང་བ་དང༌། དེ་གཉིས་ཀ་སྐྱེ་འཇིག་བྱེད་པ་བདག་པོར་གྱུར་པ་ཡིན་ལ། འདིར་ནི་རྣལ་འབྱོར་པས་དེ་རྣམས་སྤྲུལ་པ་དང་སྡུད་པ་བྱེད་ནུས་པའོ། །ཕྱི་མ་ནི་ཡང་དག་ཐོབ་པས་བསྟན་ནོ། །ཡིད་ལུས་ཀྱིས་གང་བསམ་པར་ཕྱིན་པ་ནི་གར་ཡང་ཁྱབ་པས་བསྟན་ནོ། །འབྱུང་པོ་ཀུན་གྱིས་མཆོད་པར་བྱ་བ་ནི་འོད་དང་གཟི་བརྗིད་ཀྱིས་གཞན་རྣམས་ཟིལ་གྱིས་གནོན་པའི་རབ་ཏུ་གསལ་བའམ་སྣང་བས་བསྟན་ནོ། །སེམས་ཅན་རྣམས་ལ་ཚར་བཅད་དང་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡོན་ཏན་ལ་འདོད་དགུར་དབང་བསྒྱུར་པ་ནི་འདོད་དགུར་ལྡན་པའོ། །གང་ཐོབ་པར་འདོད་པའི་དོན་དེ་ལྟར་ཐོབ་ནུས་པ་ནི་དགའ་དགུར་གནས་པ་སྟེ་བརྟན་པས་བསྟན་ནོ། །ཁམས་གསུམ་འདུལ་བས་ན་སྟོབས་ཆེན་ཕ་རོལ་གནོན་པར་འགྱུར། ཞེས་བྱའོ། །གཞན་ཡང་སྐད་ཅིག་མ་གཅིག་གིས། དཔག་ཚད་བྱེ་བ་རྫོགས་པ་ཡི། ཚད་ཙམ་གྱི་སའི་སྟེང་དུ་འགྲོ་བར་འགྱུར་རོ། །:པ་ཚབ:དེ་ཉིད་ཀྱི་ཚད་ཙམ་གྱི་སའི་འོག་ཏུ་ཡང་གནམ་ལྕགས་ཀྱི་རྡོ་རྗེ་ལྟར་ཞེས་པ་ལེགས་སོ། །ཁསའི་འོག་ཏུ་ཡང་ཀདེ་ཉིད་ཀྱི་ཚད་ཙམ་གྱི་གརྡོ་རྗེ་གདན་ལྟ་བུར་འགྲོ་བ་དང༌། དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་དང༌། སྐད་ཅིག་གིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐོགས་པ་མེད་པར་བགྲོད་པར་འགྱུར་ལ། ཕྱག་རྒྱའི་ཚོགས་དཔག་ཏུ་མེད་པ་དང་ལྡན་པས་ན་དཔལ་དང་ལྡན་པའོ། །སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སངས་རྒྱས་ཏེ་འདི་ཡང་དེ་དང་འདྲ་བར་འགྱུར་བ་སྟེ། དེ་དང་མཚུངས་སོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཐོགས་པ་མེད་


JLD004_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྲོ་བས་ཇི་ལྟར་དགའ་བར་འགྲོ་བའི་ཕྱིར། འདོད་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང༌། དགའ་ལྡན་དང་འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དེ། རྣམ་པ་དྲུག་ནི་འདོད་པའི་ཁམས་ཏེ། དེ་ན་གནས་པའི་ལྷའི་བུ་མོ་རྣམས་དང༌། ལྷའི་ལོངས་སྤྱོད་ཅེས་བྱ་བ་ལྷ་རྣམས་ཀྱི་ལོངས་སྤྱོད་དང་འདྲ་བ་གང་ཡིན་པ་དེ་ནི། ལྷའི་ལོངས་སྤྱོད་དེ་འཁོར་ལོ་སྒྱུར་བ་ལ་སོགས་པའི་བུ་མོར་གྲགས་པ་བཀུག་པ་དང༌། རིགས་ཞེས་པ་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་རིགས་སོ། །དེ་རྣམས་ཀྱི་བརྟུལ་ཞུགས་ནི་དེ་དང་འབྲེལ་བའི་བུ་མོ་རྣམས་སོ། །འདོད་པའི་ཁམས་ན་གནས་པ་འབའ་ཞིག་ལ་འདོད་པ་སྤྱོད་པར་མ་ཟད་ཀྱི། གལ་ཏེ་གཟུགས་ཀྱི་ཁམས་ན་བུད་མེད་ཡོད་ན་དེ་ལ་ཡང་སྤྱོད་པར་བྱེད་དོ། ཞེས་ནུས་པ་ཕུལ་དུ་བྱུང་བའི་ཁྱད་པར་བཤད་པ་གསུངས་པ་ཡིན་ནོ། །སློབ་པའི་ཟུང་འཇུག་ལ་འདི་འདྲ་བའི་ཡོན་ཏན་ཡོད་པ། འདི་ལེགས་པར་ཤེས་ན་མན་ངག་གི་བཤད་པ་ལྟར་སྣང་རྣམས་ཀྱིས་ཡིད་ཚིམ་པར་མི་འགྱུར་རོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ འི་དམ་ཚིག་ནི་ཐ་མལ་པའི་ལུས་དེ། རྡོ་རྗེ་ཆེན་པོ་ཞེས་བྱ་བའི་སེམས་དཔའ་མི་སྣང་བར་བྱས་པ་སྟེ་སྤངས་པ་གང་ཡིན་པ་དེ་ནི། དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་གོ ། ༈ དེ་ནས་ཞེས་བྱ་ལ་


JLD004_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ། སངས་རྒྱས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །དང་པོར་ཐོས་པ་ཙམ་གྱིས་ནི་སེམས་འཁྲུལ་པ་སྟེ། རང་དབང་མེད་པར་སེམས་བསྐྱོད་པ་ནི། སེམས་འཁྲུལ་བ་དང་འདྲ་བས་དེ་སྐད་ཅེས་བྱའོ། །སེམས་བསྐྱོད་ལུགས་ནི། གསུངས་པའི་དོན་ལ་ཤིན་ཏུ་ཡང་ངོ་མཚར་དུ་གྱུར་པའི་ཕྱིར་རོ། །སྔོན་བྱུང་ལ་ད་ལྟར་བསྟན་པ་ནི་རྗེས་འཇུག་ལ་ཆོས་ཟབ་མོ་ཐོས་པ་ན་འདི་འདྲ་བའི་བསམ་པ་སྐྱེད་དགོས་པར་སྟོན་པ་འདི་གོ་དགོས་སོ། །ཕྱི་ནས་བསམས་པ་དང་བསྒོམས་པའི་ངོ་བོ་ཉིད་ཀྱིས་རྟོགས་པར་གྱུར་པའི་ཕྱིར། ཡིད་ལ་དབང་བ་སྟེ་ཡེ་ཤེས་ཤར་བ་ནི་དོན་དེ་རྣམས་ཅི་རིགས་རྒྱུད་ལ་སྐྱེས་པ། །དེའི་འོག་ཏུ་ནི་ཁརབ་ཏུ་དགྱེས་པ་ཀབདག་ཉིད་གསྟེ་སྟོན་པ་པོ་ལ་དད་པས་སོ། །དེ་ཉིད་ཀྱིས་ངོ་མཚར་དུ་གྱུར་ཅིང་སྤྱན་གདངས་ནས་རབ་ཏུ་མཉེས་པར་སྟོན་པའི་གསུང་གི་ཚིག་འོག་ནས་བཤད་པ། འདི་སྐད་བཀའ་སྩལ་ཅིང་གསུངས་པར་གྱུར་པ་ནི། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་སྐྱེས་པར་གྱུར་པ་ཡིན་ཏེ། ངོ་མཚར་བའི་ཡུལ་ནི་སྤྱན་མ་དང་གཤིན་རྗེ་གཤེད་ཀྱི་སྔགས་གཅིག་ཉིད་ཀྱིས་ལས་མང་པོ་འགྲུབ་པ་དང༌། རྡོ་རྗེ་བཟླས་པའི་སྔགས་གཅིག་པུ་ཉིད་ཀྱིས་ལས་རབ་འབྱམས་དཔག་ཏུ་མེད་པ། རབ་ཏུ་སྒྲུབ་པ་གང་ཡིན་པ་དེ་ནི་འདི་རབ་ཏུ་ངོ་མཚར་ཆེ་སྟེ། ཤིན་ཏུ་ཡང་རྨད་དུ་བྱུང་བར་གྱུར་པ་དང༌། བུད་མེད་དང་ལྷན་ཅིག་རོལ་པའི་ཆགས་པ་ལམ་དུ་བྱས་པས་ཀྱང་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །ཞེས་བྱ་བའི་ཤིན་ཏུ་གསང་བའི་གནས་ཇི་སྐད་བཤད་པ་ལས་གཞན་དུ་མི་འགྱུར་བ་


JLD004_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་ཡང་ངོ་མཚར་ཆེ་བ་དང༌། གང་བདུད་རྩི་ལྔ་དང་ཤ་ལ་སོགས་པའི་རི་ལུ་རྣམས་ཀྱིས་ཀྱང༌། གང་གི་ཕྱིར་དངོས་གྲུབ་ཕུན་སུམ་ཚོགས་པ་བསྒྲུབ་པ་དེ་ནི། ངོ་མཚར་ཆེ་བ་དང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་དག་པ་སྟེ་འདི་ཡང་ངོ་མཚར་ཆེ་བ་དང༌། ཟུང་འཇུག་པས་ལྷ་ཞི་ཁྲོ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་ལ་དམིགས་ནས་ལས་རབ་འབྱམས་བསྒྲུབས་ན ས།་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གང་ཡིན་པ་ཐོབ་པར་འགྱུར་བ་དེ་ལ། གོས་པ་མེད་ཅིང་ཤིན་ཏུ་དྲི་མ་མེད་པའི་ཆོས་དེ་ཡང་ངོ་མཚར་ཆེ་སྟེ།དེ་འདྲ་བའི་ངོ་མཚར་བ་རྣམས་ཀྱང་ཟབ་མོ་སྟོང་པ་ཉིད་རྟོགས་པའི་མཐུ་ཡིན་པས་དེ་ལ་ངོ་མཚར་བ་ནི། ཨེ་མའོ་ངོ་བོ་ཉིད་ཀྱིས་དག །ཨེ་མའོ་ཤིན་ཏུ་དྲི་མེད་ཆོས། ཞེས་པས་སྟོན་ཏེ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་ཀྱིས་གདོད་མ་ནས་དག་པར་རྟོགས་པ་ནི་ཤིན་ཏུ་ཡང་དྲི་མ་མེད་པ་སྟེ་དྲི་མ་ཟད་པར་བྱེད་པའི་ཆོས་སོ་ཞེས་པའོ། །དགོངས་པས་བཤད་པའོ། ༈ །ད་ནི་རིགས་ཀྱི་དབྱེ་བས་རང་གི་ལྷའི་དབང་བསྐུར་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པ་རྡོ་རྗེ་འཛིན་ཅེས་བྱ་བ་ནི། གདུག་ཤསྟ་ཨི་ཏི་ཤཱནྟིཾ་ཀ་ར་ན་:ཆག:ཟེར། པ་ཐམས་ཅད་འདུལ་བར་མཛད་པས་ན་སྟོན་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་འབྱིན་པས་ན་སྐྱེད་པའོ། །འཇིག་རྟེན་པ་ལ་སོགས་པའི་དངོས་གྲུབ་སྐྱེད་པར་མཛད་པས་ན་བྱེད་པའོ། །གཞན་ཡང་དྲུག་པའི་ངོ་བོ་ཉིད་དུ་གྱུར་པས་མི་འགྱུར་ཆེའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །


JLD004_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཆེན་པོ་ནི་འོད་དཔག་ཏུ་མེད་པ་སྟེ། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེའི་གསུང་དུ་བཀའ་སྩལ་ཅིང་གསུངས་པའོ། ༈ །སེམས་དཔའ་རྡོ་རྗེ་ནི་མི་བསྐྱོད་པའོ། །མི་བསྐྱོད་པ་དེའི་སྦྱོར་བ་ནི་སྤྱི་བོར་འཇོག་པའོ། །བཞག་པ་དེས་རྡོ་རྗེ་འཛིན་རྣམས་ཏེ་མི་བསྐྱོད་པའི་རིགས་དང་ལྡན་པ་རྣམས་སོ། །གཉེས་པར་བྱ་བ་ནི་རིགས་བདག་གིས་དབང་བསྐུར་བའོ། །འདི་ལ་སྟེང་གི་ཁྲོ་བོ་གཉིས་དང་རིགས་གཉིས་འཛིན་པའི་མཱ་མ་ཀཱི་དང་རེག་རྡོ་རྗེ་གཉིས་ཏེ་དེ་རྣམས་ལ་མི་བསྐྱོད་པས་རྒྱས་འདེབས་པ་ཡོད་དོ། ༈ །སངས་རྒྱས་བྱང་ཆུབ་ནི་རྣམ་པར་སྣང་མཛད་དོ། །དེའི་རབ་ཏུ་དབྱེ་བ་ནི་རྣམ་སྣང་རང་གི་རིགས་དང་ལྡན་པ་རྣམས་ཀྱིས་སྤྱི་བོར་སོ་སོར་བཞུགས་པས། སངས་རྒྱས་རྡོ་རྗེ་ཅན་ཏེ་རྣམ་པར་སྣང་མཛད་ཀྱི་རིགས་དང་ལྡན་པ་རྣམས། མཉེས་པར་འགྱུར་ཞིང་གང་གི་རིགས་ཡིན་པ་གསལ་བར་འགྱུར་རོ། ༈ །རྡོ་རྗེ་སྤྱན་ཞེས་བྱ་བ་ནི་རྡོ་རྗེ་ཅན་ལ་སོགས་པ་ཞེས་བྱ་བར་གཟུང་སྟེ། སོགས་ཀྱི་སྒྲས་ནི་རིགས་བཞི་དང་འབྲེལ་བའི་ལྷ་རྣམས་གཟུང་ངོ༌། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་དང་ལ་སོགས་པ ས་རིན་འབྱུང་སྣང་མཐའ་དོན་གྲུབ་ཀྱི འི་གཟུགས་ཀྱིས། རང་རང་གི་རིགས་ཅན་རྣམས་ལ་གཙུག་ཏོར་འཇོག་པར་བྱེད་པར་བཤད། ཅེས་བྱ་བ་སྟེ། དབུ་རྒྱན་དུ་བྱ་བ་ཡིན་པར་ཞེས་པར་བྱའོ། །ཁྲོ་བོ་རྣམས་ལ་དེས་མཆོག་སྟེ། །:པ་ཚབ:ཟེར། ཁྲོ་བོའི་ནང་ན་དེ་མཆོག་སྟེ། ཤིན་ཏུ་དགའ་བར་གྱུར་པ་རྣམས་ཀྱི་ཡང་རྣམ་སྣང་ལ་སོགས་པའི་རིགས་དེ་དང་འབྲེལ་བའི་ཁྲོ་བོ་རྣམས་ལ་སངས་རྒྱས་རྡོ་རྗེ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་ས་དབུ་རྒྱན་དུ་བྱས་པར།


JLD004_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྒོམ་པར་བྱ་ཞིང་དེས་ཉེ་བར་གསལ་བར་བྱ་སྟེ་སྤྱན་མ་གཟུགས་རྡོ་རྗེ་མ། བྱམས་པ། ས་སྙིང༌། གཤིན་རྗེ་གཤེད། མི་གཡོ་བ་རྣམས་ལ་རྣམ་སྣང་གི་དབུ་རྒྱན་ནོ་འོ་། །དེ་ལྟར་རང་རང་གི་དབུ་རྒྱན་བྱེད་པ་དེ་མཆོག་ཅེས་བྱ་སྟེ། གོང་དུ་ཤིན་ཏུ་དགའ་བར་གྱུར་པ་རྣམས་ཀྱི་ཡང༌། ཞེས་པ་འདིར་སྦྱར་ཏེ་ཤིན་ཏུ་ཡིད་དུ་འོང་བའོ། །རིག་པ་ནི་མཱ་མ་ཀཱི་སྟེ་དེའི་རྒྱལ་པོ་ནི་ཞེས་པ་ནི་འདི་རྡོ་རྗེའི་རིགས་འཛིན་པ་ཡང་ཡིན་པས་དེ་ལས་དགར་བའོ། །འདིར་རིན་ཆེན་འབྱུང་ལྡན་ནོ། །དེ་ནི་ཆོས་མཆོག་དེ་ཆོས་མཆོག་སྟེ་མངའ་བདག་ཏུ་གང་ལ་ཡོང་བ་དེ་དག་ནི་རིག་པའི་རྒྱལ་པོ་ཆོས་མཆོག་ཅན་རྣམས་ཏེ་རིན་པོ་ཆེའི་རིགས་ཅན་དེ་རྣམས་ལ་ཞེས་:པ་ཚབ:ཟེར། རྣམས་ཏེ་གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི་རིག་པའི་རྒྱལ་པོ་ཆོས་མཆོག་སྟེ། རིན་པོ་ཆེའི་རིགས་དེ་རྣམས་ཀྱི་ནི། དཀོན་མཆོག་དཔལ་ནི་རྣམ་པར་བསྒོམ་ཞེས་བྱ་བ་སྟེ། དབུ་རྒྱན་དུ་དཀོན་མཆོག་དཔལ་གྱིས་དབང་བསྐུར་བར་བྱ་བ་ནི། མཱ་མ་ཀཱི། སྒྲ་རྡོ་རྗེ་མ། ཕྱག་རྡོར། ནམ་སྙིང༌། གཞན་གྱིས་མི་ཐུབ་པ། འདོད་རྒྱལ་རྣམས་ལ། །རྒྱུད་རྡོར་འཕྲེང་ལས། དྲི་རྡོ་རྗེ་མ་རིན་པོ་ཆེའི་རིགས་སུ་བཤད་ལ། ཕྱག་རྡོར་རིགས་གཉིས་པར་བཤད་པས་དེ་གཉིས་ནི་རིགས་གཉིས་པའོ། །རིག་པའི་རྒྱལ་མོ་ནི་གོས་དཀར་མོ་སྟེ། དེའི་དེའི་སྦྱོར་བ་ནི་:ཆག:འཚོགས་ཤིང་འབྲེལ་བ་གང་ཡིན་པ་དེ་ནི་ཞེས་ཟེར་ཏེ། གོས་དཀར་མོ་དང་ཡབ་ཡུམ་དུ་འཚོགས་ཤིང་འབྲེལ་བ་སྣང་མཐའོ། །སྦྱོར་བ་ལ་ཞེས་བྱ་བ་ནི་འབྲེལ་པས་འབྲེལ་པ་གང་ཡིན་པ་དེ་ནི། རིག་པའི་རྒྱལ་མོ་སྦྱོར་བ་སྟེ། པདྨའི་རིགས་དེ་རྣམས་ཀྱི་སྤྱི་བོར་ནི། ཚེ་དཔག་མེད་པ་རབ་ཏུ་བསྒོམ་ཞེས་བྱ་བ་སྟེ། དབུ་རྒྱན་དུ་ཚེ་དཔག་མེད་


JLD004_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱ་བ་ནི་གོས་དཀར་མོ། དྲི་རྡོ་རྗེ་མ། འཇིག་རྟེན་དབང་ཕྱུག །འཇམ་དབྱངས། རྟ་མགྲིན། དབྱུག་སྔོན་ཅན་རྣམས་ལ། །རྒྱུད་རྡོར་འཕྲེང་ལས། འཇམ་དཔལ་རྡོ་རྗེའི་རིགས་སུ་བཤད་པས་རིགས་གཉིས་པའོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ། ཞེས་བྱ་བ་ནི། ལས་ཀྱི་རིགས་རྣམས་ཏེ་སྒྲོལ་མ། རོ་རྡོ་རྗེ་མ། སྒྲིབ་སེལ། ཀུན་བཟང༌། བགེགས་མཐར་བྱེད། སྟོབས་པོ་ཆེ་སྟེ། དེ་རྣམས་ཀྱི་སྤྱི་བོར་ནི། གདོན་མི་ཟ་བའི་ཡེ་ཤེས་བསྒོམ། ཞེས་བྱ་བ་སྟེ་དབུ་རྒྱན་ལའོ། །རྒྱུད་རྡོར་འཕྲེང་ལས། རེག་བྱ་རྡོ་རྗེ་མ་ཡང་དོན་གྲུབ་ཀྱི་རིགས་སུ་བཤད་དེ་རིགས་གཉིས་པའོ། ༈ །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། ཞེས་པ། རྣམ་པར་སྣང་མཛད་ལ་སོགས་པ་བདག་པོ་ལྔ་ལ་ནི། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ཞེས་བྱ་སྟེ་དབུ་རྒྱན་ལ་མི་བསྐྱོད་པ་རྣམ་པར་བསྒོམ་པར་བྱའོ། །ཁྲོ་བོ་བཅུའི་ཁྲོ་བོ་གཉིས་གཉིས་རྣམ་སྣང་ནས་མི་བསྐྱོད་པའི་བར་ལྔའི་རིགས་སུ་རྒྱུད་རྡོར་འཕྲེང་ལས་གསུངས་སོ། ༈ །གནོད་སྦྱིན་མོ་ནི་རྡོ་རྗེ་མཁའ་འགྲོ་མ་:པ་ཚབ་ཆག:རྡོ་རྗེ་རོ་ལངས་མ་ཟེར། ལ་སོགས་པ་སྟེ། དེ་རྣམས་ཀྱི་སྔགས་ནི་སྐྱེད་པའི་ས་བོན་དང་ལ་སོགས་པ ས་བཟླས་པའི་སྔགས་སོ་འོ་། །དེའི་:པ་ཚབ:དེས་ཕྱག་རྒྱའི་གཟུགས་གང་དུ་བརྒྱུད་པར་བྱ་ཞིང༌། བསྒྲུབ་པར་བྱ་བ་ཟེར། རྒྱུད་ནི་སྒྲུབ་པའི་ཕྱག་རྒྱའི་གཟུགས་གང་ཡིན་པ་སྟེ། གནོད་སྦྱིན་མོ འིག་དེ་རྣམས་ཀྱི་ཀསྔགས་དང་ཁརྒྱུད་ཀྱི་ངདབང་བསྐུར་བའི་གནས་སུ་ནི། གཤིན་རྗེ་གཤེད་ཉིད་བརྟག་པར་བྱ་ཞིང་སྟེ་དབུ་རྒྱན་དུ་གཞག་པར་བྱའོ། ༈ །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་དབང་བསྐུར་བ་ཐམས་ཅད་ལ་སྦྱོར་


JLD004_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་སྦྱོར་བ་སྟེ།:པ་ཚབ:སྦྱོར་སྔགས་སྤྱི་བོ་པ་དག་རྣམས། །ཐམས་ཅད་ལ་ནི་བསྐུལ་བ་ཤིས། ཞེས་པའི་སྦྱོར་སྔགས་ཞེས་པ་འགྲེལ་པའི་བཤད་པ་དང་མཐུན་ནོ། །དེ་རྣམས་ཀྱི་སྦྱོར་བའི་སྔགས་ཏེ་ལྷ་རྣམས་ལ་ནི། སྤྱི་བོར་གནས་པའི་བསྐུལ་བ་སྟེ། རྣམ་སྣང་ལ་སོགས་པའི་རིགས་བདག་ལྔ་རང་རང་གི་ཕྱག་རྒྱ་སྤྱན་མ་སོགས་དང་བཅས་པ ར་སྙོམས་པ ར་ཞུགས་པས་རྒྱས་གདབ་བྱའི་ལྷ་རྣམས་ཀྱིས་བདེ་བ་ཆེན་པོ་རྗེས་སུ་མྱོང་བ་ཤིས་ཏེ་ཚིམ་པར་བྱེད་པ་ཡིན་ནོ་ཞེས། བཅོམ་ལྡན་འདས་དམ་ཚིག་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། ༈ །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་བའི་བསམ་གཏན་རྒྱས་པ་བཤད་མ་ཐག་པའི་རིགས་བདག་གིས་དབང་སྐུར་བ་འདི་ཡིས་སོ། །སྔགས་ནི་ལྷ་རྣམས་ཏེ་དེ་རྣམས་ཀྱི་མཉེས་པ་དང༌། དཀྱིལ་དེ་རྣམས་མཉེས་པའི་དཀྱིལ་འཁོར་ནི་མཉེས་པར་བྱ་བ་ལ། དཀྱིལ་ཏེ་སྙིང་པོའོ་:པ་ཚབ:ཟེར། འཁོར་ནི་མཉེས་པར་བྱེད་པའི་སྔགས་ཏེ་སྙིང་པོའོ། །དེ་འཁོར་ཏེ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་རོ། །དམ་ཚིག་ཆེན་པོ་སྒྲུབ་བྱེད་པ། ཞེས་བྱ་བ་ལ། དམ་ཚིག་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་སྒྲུབ་ཅིང་སྟེ་སྐྱེད་པར་བྱེད་པའོ། །སྒྲུབ་པ་པོ་རྣམས་ནི་སློབ་པར་བྱེད་བཞིན་པ་རྣམས་སོ། །དེ་ལ་ཕན་པ་ནི་ཕན་པ་སྐྱེད་པར་བྱེད་པ་སྟེ་དེ་གསུངས་པའོ། ༈ །ད་ནི་ཁྱེའུ་དང་བུ་མོ་མཚན་ཉིད་དང་ལྡན་པའི་སྣོད་ལ་ཡེ་ཤེས་དབབ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བགེགས་ཐམས་ཅད་:ཆག:ཨུ་པ་ས་


JLD004_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀ་ར་ཏཏ་ཤསྟ་ཉེ་བར་ཞི་བར་མཛད་པས་ན་སྟོན་པའོ། །ཁམས་གསུམ་གྱི་བདག་པོར་གྱུར་པས་ན་གཙོ་བོའོ། །ཆོས་རྣམས་ཀུན་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ངོ་བོ་དཀྱིལ་འཁོར་པའི་ལྷ་སྟེ། དེ་རྣམས་ཀྱི་གཙོ་བོ་ཡིན་པས་ན་ཆོས་རྣམས་ཀུན་གྱི་དབང་ཕྱུག་གོ །རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་བདག་ཉིད་ཅན་ཡིན་པས་ན། སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པས་སོ། །ཡེ་ཤེས་རྡོ་རྗེ་ནི་ཡེ་ཤེས་ཕབ་པ་ལ་བརྟེན་ནས་འདས་པ་ལ་སོགས་པ་ཡོངས་སུ་མཁྱེན་པའི་ཆོ་ག་མི་ཕྱེད་པ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ། ༈ །རི་རྩེ་ཞེས་བྱ་བ་ལ་སོགས་པ་ལ། རི་བོ་དང་མཐོ་བར་འདྲ་བས་ན་རི་སྟེ་ཁང་པ་རྩེག་མ་ཆེན་པོའོ། །དེའི་རྩེ་མོ་སྟེ་སྟེང་གི་ས་ཕྱོགས་དང༌། ཉམས་ནི་དགའ་བ་དང་ཞེས་བྱ་སྟེ་གནས་དག་དང༌། ནགས་ཚལ་ཏེ་སྐྱེད་མོས་ཚལ་ལ་སོགས་པ་རྣམས་དང༌། དབེན་པར་ནི་ཞེས་བྱ་བ་ནི་སྐྱེ་བོའི་འདུ་འཛི་དང་བྲལ་བ་རྣམས་ཏེ་དེ་དག་དང༌། ཡིད་དང་རྗེས་སུ་མཐུན་པའི་གནས་གཞན་གང་ཡང་རུང་བར། སྒྲུབ་པ་པོས་མངོན་སུམ་དུ་བྱ་བའི་ཕྱིར།འདི་ལ་:པ་ཚབ:མཉམ་པར་བཞག་པར་བྱ་བའི་ཕྱིར་དང༌། :ཆག:ནུས་པ་བསྒྲུབ་པར་བྱ་བའི་ཕྱིར། ཞེས་པ་གསུམ་བྱུང་ཡང་ཕྱི་མ་ལྟར་རོ། །བསམ་གཏན་རྡོ་རྗེ་སྟེ་སྔགས་དང་ཡེ་ཤེས་ཀྱི་སྐུའི་ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས་ལ་རིམ་གཉིས་ཀྱི་རྣལ་འབྱོར་པས་སོ་སོར་དམིགས་པར་བྱའོ། །སྔགས་དང་བཟླས་པའི་སྦྱོར་བས་སོ། །ཞེས་བྱ་བ་ལ། སྔགས་ནི་ངག་གི་བཟླས་བརྗོད་དོ། །བཟླས་པ་ནི་རྡོ་རྗེའི་བཟླས་པའོ། །དེ་གཉི་གའི་སྦྱོར་བ་ནི་ཉམས་སུ་བླང་བའོ། །དགོས་པ་ཅིའི་


JLD004_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྐུ་གཉིས་ལ་དམིགས་ནས་བཟླས་པ་གཉིས་པོ་འདི་ལྟར་བྱ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དཔའ་ལ་སོགས་ཀུན། ཞེས་བྱ་བ་ནི། མི་བསྐྱོད་པ་ལ་སོགས་པའོ། །སྔགས་ཀྱི་བསམ་གཏན་གྱིས་བསྐུལ་བས་ཞེས་བྱ་བ་ནི། རྣལ་འབྱོར་པ་རང་རང་གི་སྔགས་དང༌། རང་རང་གི་ལྷའི་སྐུའི་ཕྱག་རྒྱ་ལ་དམིགས་པས་རབ་ཏུ་བསྐུལ་ཞིང་རྦོད་པས་སོ། །གསུང་གི་ལས་ཀྱི་བཀའ་བཞིན་དུ། ཞེས་བྱ་བ་ནི། གསུང་གི་ལས་ཀྱི་བྱ་བ་གང་དང་འབྲེལ་བ་དེ་ནི་གསུང་གི་ལས་ཏེ། འོད་དཔག་ཏུ་མེད་པ་སྟེ་དེའི་བཀའ་ཇི་བཞིན་དུའོ། །ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། ཞེས་བྱ་བ་ནི། ལས་ཀྱི་ལམ་རྣམ་པ་སྣ་ཚོགས་བྱེད་ཅིང་སྒྲུབ་པར་འགྱུར་བའོ། །འདིར་སྔོན་དུ་རང་གི་ལྷའི་སྔགས་ལ་ཡི་གེ་བཞི་པོ་གདགས་ལ་འབུམ་བཟླ་ཞིང་དེའི་བཅུ་ཆའི་སྦྱིན་སྲེག་བྱ། ལས་ཚོགས་གཞན་ལ་བཤད་པ་ལྟར་གྱི་བསྐྱེད་རིམ་བརྟན་པ་དང༌། སྤྱོད་པ་བྱ་བ་ཡང་སྔོན་དུ་འགྲོ་དགོས་ཏེ། ཡེ་ཤེས་པ་བཤད་ཚོད་བཞིན་ཕེབས་པ་ལ་དེ་རྣམས་དགོས་སོ། ༈ །དེ་ལྟར་སྔོན་དུ་ཁབྱས་པ་གལ་ཀསྤྱོད་པངའི་སྒྲུབ་པ་པོས། བདག་ཉིད་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་ཡེ་ཤེས་དབབ་པའི་ཡུལ་དེ་བཞིན་ཉིད་དང༌། ཟླ་བ་དང་ས་བོན་དང་ཕྱག་མཚན་གྱི་མཚན་མའི་རིམ་གྱིས་རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། པདྨ་ར་གའི་འོད་དང་འདྲ་བར་བསམས་ལ། མགོ་ལ་ཧཿ དང་ལྐོག་མ་ལ་ཨཱཿ དང་སྙིང་ཁ་ལ་ཧཱུཾ འི་ཕྱོགས་རྣམས་སུ་ཡི་གེ་གསུམ་བཀོད་ནས། དེར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།


JLD004_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དགོད་པ་སྟེ་ཚོགས་གསུམ་ཡི་གེ་གསུམ་གྱི་ནང་དུ་ཐིམ་པར་བསམས་ཏེ། འདི་ནི་གནས་གསུམ་དུ་ནི་རིགས་བརྟག་གོ །ཞེས་བྱ་བ་ཡིན་ནོ། ༈ །དེ་ལྟར་སྣོད་ཡོངས་སུ་སྦྱང་བ འི་བསྐྱེད་ཆོག་བྱས་ནས། དབབ་པའི་ཆོ་ག་འོག་ནས་བཤད་པ་ཐམས་ཅད་ནི་བྱས་ཤིང་བསྒྲུབས་ན། གདོན་མི་ཟ་བར་གཅིག་ཏུ་འགྲུབ་པར་འགྱུར་ཞིང་རབ་ཏུ་འགྲུབ་པར་ཉེ་བར་འགྲོའོ། །གཡོ་དང་རེངས་ཞེས་བྱ་བ་ལ་སོགས་པ་ལ། གཡོ་བ་ནི་འཕར་བ་དང་འདར་བ་དང་འཁོར་བའོ་:པ་ཚབ:ཟེར། བསྐུལ་དང་ཞེས་བྱ་བ་ལ། བསྐུལ་བ་ནི་འགུལ་བ་དང་གཡོ་བ་བསྐྱེད་པའོ། །རེངས་པ་:པ་ཚབ:རེངས་པ་ནི་ལྷ་ཕབ་པའི་སྔོན་རོལ་དུ་སྣོད་ཐ་མལ་པའི་ངར་འཛིན་བསལ་ནས། ཤིང་ལྟར་མི་གཡོ་བའི་ངོ་བོར་གནས་པའི་གནས་སྐབས་སོ། །ཞེས་པ་ལྟར་ཏེ། སྣོད་མངོན་བྱང་ལྔས་སྣང་མཐར་བསྐྱེད་དེ། ཐ་མལ་གྱི་རྟོག་པས་མི་གཡོ་བར་བྱས་པའོ། །ཞེས་བྱ་བ་ནི་ལྷའི་བཀས་དང་པོ་སྣོད་ཀྱི་ཐ་མལ་པའི་ང་རྒྱལ་བསལ་ནས། ཤིང་ལྟར་མི་གཡོ་བར་བྱས་པའི་གནས་སྐབས་སོ། །ལྷ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་རབ་ཏུ་ཞུགས་ནས་བབས་པའི་སྐད་ཅིག་ལ་ལུས་ལ་ལྷ་བཞུགས་པའོ། །ལྷ་ཆེན་པོ་དེས་འདས་པ་ལ་སོགས་པའི་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་ནི། འཕགས་པའི་ལམ་དེ་དབབ་པ་བཞི་པོ་དེ་དག་ནི། གང་ཞིག་རྡོ་རྗེ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པའི་རྡོ་རྗེ་གྲུབ་པ་དེས། བརྟུལ་ཞུགས་ཀྱི་སྤྱོད་པ་བྱང་བར་གྱུར་པས་དེ་ལྟར་བྱས་ན་རྟག་པར་འགྲུབ་པར་འགྱུར་ཞིང༌། རབ་ཏུ་འགྲུབ་པར་ཉེ་བར་འགྲོ་བར་


JLD004_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། ༈ །སྣོད་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། བུ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་མོ་ལོ་གྲངས་བཅུ་གཉིས་ཀྱི་ཚད་ལ་གཞོན་ནུ་མ འི་ཚུལ་མ་ཉམས་ཤིང་གཙང་བའམ། ཁྱེའུ་ལོ་དེའི་ཚད་ཙམ་ལ་བུད་མེད་ཀྱི་ཡུལ་དང་མ་འཕྲད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པ་བཟུང་ནས། སྔར་བཤད་པའི་རིམ་གྱིས་མངོན་པར་སྦྱངས་ལ། དབབ་པ་བཞི་པོ་རབ་ཏུ་བརྟག་པར་བྱའོ། །ཆོ་ག་ཐམས་ཅད་བྱས་ནས་ནི། ཞེས་བྱ་བ་ནི། སྣོད་མངོན་པར་སྦྱང་བ་ལ་སོགས་པ་དང་པོ་བྱས་ཤིང་རྫོགས་ནས་སོ། །ལས་རྣམས་རབ་ཏུ་བསྒྲུབ་པར་བྱ། ཞེས་བྱ་བ་ནི། དེའི་འོག་ཏུ་དབབ་པའི་ལས་རབ་ཏུ་བསྒྲུབ་པར་བྱ་བའོ། ༈ །རྣམ་པ་གཞན་དུ་བྱས་ན་ནི། ཁམས་གསུམ་སྐྱེ་བོས་དཔྱས་པར་འགྱུར། ཞེས་བྱ་བ་སྟེ། ཡེ་ཤེས་འབེབས་ཚུལ་སྔར་བཤད་པ་དེ་ལྟར་མ་བྱས་ན་མཆོག་དང་འབྲིང་དང༌། ཐ་མའི་ཁམས་གསུམ་པའི་སྐྱེ་བོས་དཔྱས་ཤིང་སྨད་པར་འགྱུར་རོ། ༈ །དབབ་པའི་ཆོ་ག་དེ་ལ་ནི་སྙིང་པོའི་སྔགས་ཀྱི་ཚིག་འདི་དག་ཡིན་ཏེ་ཞེས་བྱ་བ་ནི། ཐུགས་ལས་བྱུང་བའི་ཕྱིར་སྙིང་པོའོ། །སྣོད་མིན་ལ་གསང་བ་ཡིན་པས་ན་སྔགས་སོ། །ཡི་གེ་ནི་ཧཱུཾ་ལ་སོགས་པ་བཞིའོ། །དེ་རྣམས་ཉིད་ཚིག་ཚིག་གི་སྐད་དོད་བཱ་ད་ནི་ཚིག་ལ་འགྲོ་ཡང་འདིར་གནས་ལ་བསྒྱུར་དགོས་སོ། །སྟེ་དབབ་པའི་གཞིར་


JLD004_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་སོ། །སྒྲུབ་པ་པོས་རིམ་པ་འདིས་དབབ་པར་བྱའོ། །དེ་ལྟར་བྱས་པས་ཕབས་པའི་སྣོད་ནི་ནམ་མཁའི་ཁམས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་ལ་ཕྱིར་འཕྱར་བའི་རྣམ་པར་ཤེས་པ་དང་བྲལ་བས་ནམ་མཁའི་ཁམས་ལྟར་སྟོང་པར་གྱུར་ལ། སེམས་མེད་ཅིང་སྟེ་ཤི་བའི་ལུས་ལྟ་བུར་རེ་ཞིག་མི་གཡོ་ལ། དེ་ནས་འཕར་བ་སོགས་འབྱུང་ངོ་འོ་། །རྟོག་པ་ཐམས་ཅད་རྣམ་སྤངས་དང༌། ཞེས་པ་ནི། རྟོག་པ་བྲལ་བའོ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང། ཞེས་པ་ནི། རྡོ་རྗེ་སེམས་དཔའ་འང་མངོན་སུམ་དུ་བབས་པར་འགྱུར་རོ། །ཞེས་སྒོམ་པའི་ཆེ་བའི་བདག་ཉིད་གསལ་བར་བྱས་པ་ཡིན་ནོ། །ཆོ་ག་བཞིན་དུ་བྱས་ན་འབབ། ཅེས་བྱ་བ་ནི་དབབ་པའི་ཆོ་གས་འབབ་པའོ། །ཡི་གེ་བཞི་བཀོད་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། ཧཱུྃ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུྃ་ལ་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་ཏེ། ཐུགས་རྡོ་རྗེ་བཞུགས་ལ། ཧཱ་ལ་ནི་སྐུ་རྡོ་རྗེ་བཞུགས་ལ། ཨཱ་ལ་ནི་ཆོས་འཛིན་པའི་རྒྱལ་པོ་སྟེ་འོད་དཔག་ཏུ་མེད་པ་བཞུགས་ཏེ། འདི་ནི་གསང་ཚིག་བསྟན་པའོ། །ཞེས་བྱ་བ་ལ། ཡི་གེ་གསུམ་གྱི་གསང་ཚིག་བསྟན་པ་འདི་གང་ཡིན་སྙམ་ན་གསང་ཚིག་བསྟན་པ་ནི་ཡེ་ཤེས་དབབ་པའི་ཡུལ་ལ་བསྟན་པའོ་ལོ་། །ཛྷཱཻཿནི་བསྐུལ་བར་བྱེད་པར་བཤད། ཅེས་བྱ་བ་སྟེ། སྐུལ་བ་སྟེ་འཕགས་པ་སྐྱེད་ཅེས་བྱ་བར་བཤད་དོ། །འགུལ་བ་ནི་འཁོར་ལོ་བཞིན་ཏུ་འཁོར་བའོ། །གཡོ་བ་ནི་བསྐྱོད་པ་སྟེ། དེ་དག་ལ་ཡང་ཛྷཱཻཿཞེས་པ་ཉིད་


JLD004_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་ཡིན་པར་བཤད་དེ། ཛྷཱཻཿཞེས་བྱ་བ་འདི་ཉིད་ཀྱིས་བསྐུལ་བ་ཐམས་ཅད་ནི་སྟེ།:ཆག:རེངས་པ་ལ་སོགས་པ་གསུམ་ལ་ཡང་ཟེར། སྐུལ་བ་ལ་སོགས་པ་གསུམ་ལ་ཡང་གསང་བ་སྟེ། སྙིང་པོར་གྱུར་པ་ཡིན་པར་བཤད་དོ། །དེ་ལྟར་བཤད་པའི་ཆོ་གས་བབས་པར་གྱུར་ནས། ས་གཞི་ལས་ཁྲུ་གང་ཙམ་མམ་དེ་ལས་ལྷག་པར་ནམ་མཁའ་ལ་འཕགས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་དང༌། ཡི་གེ་ཧཱུྃ་གིས་རབ་ཏུ་བསྐུལ་ཞིང་གསལ་བར་བྱས་པས། ལྷ་རྣམས་རྡོ་རྗེ་སེམས་དཔའི་བཀའ་ལས་འདས་པས། འཇིགས་ཤིང་སྐྲག་ལ་འཁྲུལ་བས་འཕར་བར་འགྱུར་རོ། །སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ས་བོན་ཐ་མ་ཛྷཱཻཿ འདིའི་ཇི་ལྟར་རྣམ་པ་གང་གིས་གསང་བ་ཐོབ་པ་སྟེ། འབེབས་པར་བྱེད་པ་དེ་བཞིན་དུ། ས་བོན་ལྷག་མ་གསུམ་ཡང་ཇི་ལྟར་ཐ་མ་ཨཱཿ ནས་བརྩམས་ཏེ། ས་བོན་དང་པོ་ཧཱུཾ་གྱི་འི་བར་དུ་དེ་དང་འདྲ་བར་འབེབས་པར་བྱེད་པའོ། ༈ །འདིར་མདོར་བསྡུས་པ་ནི་འདི་དག་ཡིན་ཏེ། དེ་ལ་དང་པོར་སྒྲུབ་པ་པོས་རི་བོ་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ། སྔོན་དུ་བྱ་བའི་སྤྱོད་པ་བྱས་ཤིང༌། ལྷའི་རྣལ་འབྱོར་ལ་སེམས་བརྟན་པས་སྣོད་ལ་དབབ་པར་འདོད་པས། རང་མི་བསྐྱོད་པའི་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་དམིགས་ཏེ། མཚན་ཉིད་དང་ལྡན་པའི་སྣོད་ལྷག་པར་རྙེད་པར་བྱས་ཏེ་:པ་ཚབ:ཟེར། ལྷག་པར་གནས་པའི་ཆོ་ག་


JLD004_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། འོད་དཔག་ཏུ་མེད་པ་ཇི་ལྟ་བ་བཞིན་དུ་བསྐྱེད་པར་བྱས་ཏེ། སྤྱི་བོ་དང་ལྐོག་མ་དང་སྙིང་ཁ་རྣམས་སུ་ཡི་གེ་གསུམ་བཀོད་ནས། ཡི་གེ་གསུམ་པོ་དེར་དགོད་པ་རྡོ་རྗེ་གསུམ་ནང་དུ་བསྟིམས་ཏེ། སྣོད་ཀྱི་རྐང་པའི་མཐིལ་ནས་ཁོང་སྟོང་ལྟ་བུར་བསམས་ལ། འོག་ཏུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་ན། རྐང་མཐིལ་དུ་གནས་པའི་ཡི་གེ་ཛྷཱཻཿ དམར་པོ་ལས་བྱུང་བའི་འོད་ཟེར་ཁ་གྱེན་དུ་བལྟས་པའི་ཚོགས་རྣམས། རྐང་པའི་མཐིལ་གྱི་དབུས་སུ་ཞུགས་ནས། སྤྱི་བོའི་གཙུག་ཏུ་ཕྱིན་པས་ལུས་ཤེལ་སྒོང་ལྟར་ཡང་དག་པར་སྦྱངས་ནས། ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་སེམས་དཔའ་སྣང་མཐའ་འོད་གསལ་བར་གཞུག་པར་བྱའོ། །དེ་ནས་དེ་ནས་:པ་ཚབ་ཆག:རེངས་པར་འགྱུར་རོ་ཟེར། ནི་འགུལ་བར་འགྱུར་ཏེ།:པ་ཚབ:ཡང་ལྡང་བའི་སྣོད་ཟེར། ཡང་འོད་གསལ་དུ་བཅུག་པ་དེ་ལྡང་བར་བྱ་བ་སྟེ། དེ་ལས་ལངས་པའི་སྣོད་སྣང་མཐར་བསྒོམ་པའི་ཕྱིར་སྣོད་ཀྱི་སྙིང་གའི་པདྨའི་སྟེང་དུ་ཡི་གེ་ཧཱུཾ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་བསྒོམ་པར་བྱའོ། །དེ་བཞིན་དུ་མགོ་ལ་ཧཿ ཡོངས་སུ་གྱུར་པ་ལས་བྱུང་བའི་སྐུ་རྡོ་རྗེའོ། །ཡང་ལྐོག་མར་ཨཱཿ ལས་བྱུང་བའི་འོད་དཔག་ཏུ་མེད་པ་དེ་རྡོ་རྗེ་གསུམ་ཡུམ་དང་བཅས་པ་བསྒོམས་ལ། ཡང་ཛྷཱཻཿ འི་འོད་ཀྱིས་རྡོ་རྗེ་གསུམ་ཡབ་ཡུམ་ཡང་དག་པར་བསྐུལ་ལ། དེ་གསུམ་སྙོམས་པར་ཞུགས་པ་ལས་ཐབས་ཀྱི་ཡེ་ཤེས་བྱང་སེམས་ཀུནྟ་ལྟ་བུ་འབྱུང་བར་བྱས་ན ས། དེའི་རྒྱུན་བབས་པས་ལུས་གང་བར་བསམས་


JLD004_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྷ་ཆེན་པོའི་གནས་སྐབས་ཐོབ་པར་འགྱུར་རོ། །སྣོད་ལ་བབས་པར་ཤེས་ནས་བསྐུལ་བ་སྟེ་གཡོ་བ་ལ་སོགས་པ་བྱ་བའི་ཕྱིར། ཧཱུཾ་ལ་སོགས་པའི་ས་བོན་བཞི་དྲིལ་བུ་དཀྲོལ་བ་དང་བཅས་པས་བརྗོད་པར་བྱས་:པ་ཚབ:ཞིང་འབད་རྩོལ་བྱའོ། །ལ་བརྩལ་ལོ། །དེ་ནས་འགུལ་བ་ལ་སོགས་པས་སྣོད་ལ་བབས་པ་བརྟན་པོར་གྱུར་པར་རྟོགས་ནས། འཕགས་པའི་ལམ་གྱི་གནས་སྐབས་ལྐོག་ཏུ་གྱུར་པའི་དོན་ཤེས་པ་འཐོབ་པར་བྱ་བའི་ཕྱིར། ལྐོག་མའི་ཕྱོགས་ན་གནས་པའི་གསུང་གི་རྡོ་རྗེ་ལ། སྙིང་ཁའི་ཕྱོགས་ཀྱི་ཐུགས་རྡོ་རྗེ་ལས་བྱུང་བའི་འོད་ཀྱི་ཚོགས་སྟེང་དུ་འགྲོ་བས་ཡང་དག་པར་བསྐུལ་བར་གྱུར་པར་བསམས་ལ། བྲཱུ་ཧི་བཛྲ་རྡོ་རྗེ་སྨྲོས་ཤིག་ཞེས་བརྗོད་ན་དྲིས་པའི་དོན་ཁབདེན་པ་ར་ཀགང་ཡིན་པ་དེ་གསྟོན་པར་འགྱུར་རོ། །དེ་ལྟར་བྱས་ནས་དཀྱིལ་འཁོར་དུ་འཇུག་པའི་སྐབས་ཡིན་ན། མེ་ཏོག་དོར་བ་དང་ལ་སོགས་པ ས་དེ་མིན་ཀྱང་བྱ་བ་གཞན་བྱེད་པའི་དགོས་པ་བསྒྲུབས་ཏེ། ཧཱུྃཿ ཧཿ ཨཱཿ མུཿ ཞེས་བརྗོད་དེ་ལྷ་གཤེགས་སུ་གསོལ་ལ་སྣོད་རང་གི་གནས་སུ་བཞག་སྟེ། དེའི་གནས་གསུམ་དུ་ཡི་གེ་གསུམ་གྱི་གོ་ཆ་དང་ལ་སོགས་པ་མཱ་མ་ཀཱིའི་སྔགས་བཟླས་པ ས་བསྲུང་པར་བྱའོ། ༈ །དེ་ལྟར་སྣོད་ལ་དབབ་པས་རང་གི་བྱ་བ་དང༌། གཞན་གྱི་བྱ་བ་གང་བྱ་རྒྱུ་ཡིན་པ་ངེས་པར་བྱས་ནས། གདུག་པ་འདུལ་བ་ལ་ཞུགས་པའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།


JLD004_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཀུན་ནི་སྤྱན་ལ་སོགས་པ་སྟེ། དེ་རྣམས་ཀྱི་བདག་པོའོ། །སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་སོ། །དེའི་གནས་ནི་འོད་གསལ་བ་སྟེ་དེས་ཡོངས་སུ་དག་པས། གསུང་ནི་འདི་སྐད་བཀའ་སྩལ་པའོ། ༈ །རྩེ་གཅིག་མ་གྱུར་པ་ཡིས་ཀྱང༌། ཞེས་བྱ་བ་ནི། ཞིང་དང་ཚོང་དང་བསྙེན་བཀུར་ལ་སོགས་པ་ལ་ཞུགས་པ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་བརྟན་པས་ཏེ་དགྲ་བོ་ཚར་གཅོད་པ་ལ་བརྩོན་པས་འདི་དག་བྱའོ། །སྦྱོར་བ་གཞན་མིན་པས་བྱ་བ། ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་ནས། གནོད་མཛེས་ལ་ཐུག་པའི་བར་དེ་རྣམས་ཀྱི་སྦྱོར་བ་ནི་སྦྱོར་བ་གཞན་ཡིན་ཏེ། དེ་བས་ན་མི་བསྐྱོད་པའི་སྦྱོར་བས་གདུག་པ་རྣམ་པར་གཞིག་པ་འདི་བྱའོ་ཞེས་བྱ་བའི་བར་དུའོ། །མི་བསྐྱོད་པའི་རྣལ་འབྱོར་གྱིས་ཞེས་པ་ནི་དཀྱིལ་འཁོར་གྱི་གཙོ་བོ་ལ་དགོངས་ལ། དེ་ཡང་འདི་གཙོ་ཆེ་བར་སྟོན་གྱི་ངེས་པ་ནི་མ་ཡིན་ནོ། ༈ །འདིར་མི་བསྐྱོད་པ་ཤིན་ཏུ་དྲག་པོའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱ། ལས་སྦྱོར་གྱི་དུས་སུ་དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ། དགྲ་བོའི་གཟུགས་བརྙན་དུར་ཁྲོད་ཀྱི་སོལ་བ་དང༌། དུག་དང་ད་ཏུ་ར་ཀ་སྔོན་པོ་འདབ་མ་གསུམ་པ་གཅིག་ཡིན་ཟེར། དང་སྐེ་ཚེ་དང་ལན་ཚྭ་དང༌། ཡུངས་མར་དང་ལ་སོགས་པ “ས་ཁྲག་ལས་བྱས་ནས་བཞག་སྟེ། མངོན་སྤྱོད་ཀྱི་རྫས་ཉིད་ཀྱིས་དུར་ཁྲོད་ཀྱི་རས་ལ་བསྒྲུབ་པར་བྱ་བའི་མིང་སྔགས་དང་སྤེལ་བ་བྲིས་ཏེ། བསྒྲུབ་པར་བྱ་བའི་སྙིང་ཁར་བཅུག་ལ།


JLD004_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལིང་ག་ལ་དེའི་རྣམ་ཤེས་དགུག་པ་དང་དོན་དུ་ཞེན་པ་སྔོན་དུ་འགྲོ་བས། ལྷོ་ཕྱོགས་སུ་ཁ་བལྟས་ལ་སྐྲ་བཤིག་ཅིང་གཅེར་བུར་བྱུང་ནས། གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་གང་ཡང་རུང་པའི་སྔགས་བསད་པའི་སྤེལ་ཚིག་དང་བཅས་པ་ཐུན་བཞིའམ་གསུམ་དུ་བཏོན་ན། ཁམས་གསུམ་དག་ཀྱང་འཇིག་པར་བྱེད་དོ། །ཞེས་བྱ་བ་ནི། ཤིན་ཏུ་ཁྱད་པར་དུ་འཕགས་པར་གསུངས་པའོ། །དུར་ཁྲོད་རོ་བསྲེགས་ཞེས་བྱ་བ་ལ་སོགས་པ་ལ། རོ་བསྲེགས་པའི་ཐལ་བ་ཡུངས་མར་དང་སྦྲུས་པ་ལས་དགྲའི་གཟུགས་བརྙན་བྱས་ནས། དེའི་རྣམ་པར་ཤེས་པ་ནང་དུ་བཅུག་ལ། དེ་བཞིན་དུ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས། ཁྲོ་བོའི་སྔགས་སྟོང་ངམ་བརྒྱ་རྩ་བརྒྱད་དུ་བཟླས་པས་ཀྱང་ངེས་པར་འཆི་བར་འགྱུར་རོ། ༈ །དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། རོ་བསྲེགས་པའི་ཐལ་བ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དུར་ཁྲོད་དུ་བྲིས་ལ། དེར་ཤིང་ཚེར་མ་ཅན་གྱིས་མེ་སྦར་ལ་བ་ལང་གི་ཤ་ལ་སོགས་པ་ལས། དགྲ་བོའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་བྱས་ཏེ། དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྔགས་བཟླས་ལ། གཏུབ་ཅིང་གཏུབ་ཅིང་མེ་ལ་སྦྱིན་བསྲེག་བྱའོ། །གཞིག་པར་དཀའ་བའི་རྡོ་རྗེའང་གདོན་མི་ཟ་བར་འཇིག །ཅེས་བྱ་བ་ནི། ལས་ཀྱི་ཆེ་བའི་བདག་ཉིད་བསྟན་པའོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པ་ལ།


JLD004_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་འཇིག་པའི་ལས་གང་ཡིན་པ་ལ་ཤ་ཆེན་པོ་ལས་སྔ་མ་བཞིན་དུ་བྱ་སྟེ། ཤ་ལས་བྱས་པའི་སྦྱོར་བ་ཐམས་ཅད་ཀྱི་ནང་ན། རྡོ་རྗེ་ལས་བྱུང་བ་ཤ་ཆེན་ལས་བྱས་པ་ནི། ཤིན་ཏུ་མི་བཟད་པ་ཡིན་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི་དགྲ་རྣམས་ཐམས་ཅད་ཀྱི”། འཇིག་པ་ཤིན་ཏུ་མི་བཟད་ཡིན། ཞེས་བྱ་བ་གསུངས་སོ། །དགྲའི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མཆོག་ཅན་ཏེ་སྨེ་ཤ་ཅན་ལ་སོགས་པའི་བཤང་བ་དང༌། གཅི་བ་ལས་དགྲའི་གཟུགས་བརྙན་བྱས་ལ། དགུག་པ་སྔོན་དུ་འགྲོ་བས་སྔགས་བཟླས་ཏེ། ཐབ་ཁུང་གྲུ་གསུམ་པའི་ནང་དུ་ཚེར་མའི་མེ་ལ་གཏུབས་ཤིང་གཏུབས་ཤིང་བསྲེགས་ན། སངས་རྒྱས་དག་ཀྱང་ངེས་པར་འཇིག་པར་འགྱུར་རོ་ཞེས་གསུངས་སོ། །དགྲའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་ལ། ཆུ་བོ་འབབ་པའི་འགྲམ་གཉིས་ཞེས་བྱ་བ་ནི། ནུབ་ཕྱོགས་ཀྱི་རྒྱ་མཚོ་འབབ་པའི་ཆུ་བོ་སྟེ། དེའི་འགྲམ་གཉིས་ཀྱི་ས་བླངས་ལ་དགྲའི་གཟུགས་བརྙན་བྱས་ཏེ། ཤྲིང་གི་ཤྲིང་གི་ནི་དུག་དམར་པོ་སྟེ། བའི་རྭ་ལ་བསྐུས་ན་འོ་མ་དམར་པོར་འོང་བའི་དུག་གོ །ལ་སོགས་པའི་དུག་དང༌། པོ་སོ་འཆའི་ཚེར་མ་དང༌། སང་གོ་ཙ་སྦལ་བ་དཀར་པོ་ལ་སོགས་པའི་དུག་གམ །སརྦཾ་སྦྲུལ་ཀཎ་ཊ་ཀའི་ཚེར་མ་ཅན་ཏེ་སྦྲུལ་རུས་པའི་མཆེ་བ་ཅན་ཡིན་ཟེར། དུག་ཏིལ་གྱི་འབྲས་བུ་ཙམ་གྱིས་གཟུགས་བརྙན་གྱི་ལུས་བཀང་ལ། སྦས་ནས་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བྱ་བས་བསྐུལ་ན། སངས་རྒྱས་ཀྱང་ངེས་པར་འཇིག་

ཤོག་ལྷེབ་ ༨༠༡ ནས་ ༩༠༠ བར།


JLD004_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ཞེས་གསུངས་སོ། །སྐེ་ཚེ་ཞེས་བྱ་བ་ལ་སོགས་པ་ལ། སྐེ་ཚེ་ལ་སོགས་པའི་རྫས་རྣམས་ལས་དགྲའི་གཟུགས་བརྙན་བྱས་ལ། དེ་བཞིན་དུ་ཚེར་མ་ཅན་གྱི་མེ་ལ་སྦྱིན་བསྲེག་བྱ་སྟེ། འདི་ནི་སངས་རྒྱ་ཐམས་ཅད་དེ། བསྒྲུབ་པར་བྱ་བ་ཉིད་དུ་མངོན་པར་འདོད་པ་རྣམས་ཀྱི་གསད་པར་བྱ་བ་ལ། འདི་དག་ཉིད་གཙོ་བོ་ཡིན་པར་བཤད་དོ། །གསོད་པའི་ལས་འདི་དག་ཐམས་ཅད་ཀྱང་། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་རྣམས་བཟློག་པར་བྱ་བའི་ཕྱིར། བསྐྱེད་པའི་རིམ་པ་མཐར་ཕྱིན་པ་དང་ལྡན་པ་རྣམས་ཀྱི ས་བྱ་བར་གསུངས་པ་ཡིན་ནོ། ༈ །རྫོགས་པའི་རིམ་པ་ལ་གནས་པའི་གསོད་པའི་ལས་ཀྱི་ངེས་དོན་ཀྱང་ལེའུ་དགུ་པ་ལས་གསུངས་པའི་ཚུལ་དུ་བྱ་བར་ཤེས་པར་བྱའོ། ༈ །སོལ་ཁུས་ཞེས་བྱ་བ་སོགས་པ་ལ། དུར་ཁྲོད་ཀྱི་སོལ་བའི་ཁུ་བས་གཤེར་བར་བྱས་པའི་གོས་གྱོན་ལ། ལིང་ག་སྟེ་སེམས་ཁྲོས་པས། སྐེ་ཚེ་ལ་སོགས་པ་ལས་བྱས་པའི་དགྲ་བོའི་གཟུགས་བརྙན། མི་བསྐྱོད་པའི་སྦྱོར་བ་དང་ལྡན་པའི་རྐང་པས་མནན་ནས། ཆེ་གེ་མོ་རཀྵ་སཻ་གྲིཧྣ་བ་ཡ་སྲིན་པོ་རྣམས་ཀྱིས་འཁྱེར་དུ་ཆུག་ཅིག་ཅེས་བྱ་བའི་བསྐུལ་བའི་ཚིག་དང་ལྡན་པར་གནོད་མཛེས་ཀྱི་སྔགས་བཟླས་ན་སྲན་པོས་འཁྱེར་བར་འགྱུར་རོ། །རུས་ཕྱེ་ཞེས་བྱ་བ་ལ་སོགས་པ་ལ། མི་རུས་ཀྱི་ཕྱེ་མ་དང་ཁྲག་དང་དུག་རྣམས་ལས་དགྲའི་གཟུགས་བརྙན་བྱས་ལ། བཤད་མ་ཐག་པའི་ཆོ་


JLD004_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ག་བཞིན་དུ་མནན་ནས་བཟླས་བརྗོད་བྱའོ། དེ་ལྟར་བྱས་པའི་སྦྱོར་བའི་ཆེ་བའི་མཐུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་སྲིན་པོས་འཁྱེར་བར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །སྐེ་ཚེ་ཞེས་བྱ་བ་ལ་སོགས་པ་ལ། སྐེ་ཚེ་དང་བཤང་གཅི་ལ་སོགས་པ་ལས་དགྲ་བོའི་གཟུགས་བརྙན་བྱས་ནས། དེ་བཞིན་དུ་རྐང་པས་ཡོངས་སུ་མནན་ལ། ཆེ་གེ་མོ་མཧཱ་དཱ་ཧེ་ན་གྲིཧྣ་པ་ཡ། རབ་ཏུ་ཚ་པས་འཁྱེར་དུ་ཆུག་ཅིག་ཅེས་པ་དང༌། བདུད་རྩི་ཐབ་སྦྱོར་གྱི་སྔགས་བརྗོད་ལ། བསྒྲུབ་པར་བྱ་བའི་ལུས་ལ་རིམས་དང་ཚ་བ་བསྐྱེད་པར་བྱའོ། ༈ །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། གང་བཤད་མ་ཐག་པའི་དྲག་པོའི་ལས་དེ་དག་ཐམས་ཅད་ལ། འོག་ནས་འཆད་པའི་དེ་བཞིན་བཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་བདུད་རྩི་ཐབ1་སྦྱོར་ཏེ། དེའི་སྙིང་པོ་ནི་གསོད་པའི་ཡུལ་ལ་འཕྲེང་བའི་སྔགས་ཤིན་ཏུ་དམ་པར་གྱུར་པ་ཡིན་ཏེ། ན་མཿ ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་རྣམས་སོ། །སྔགས་དམིགས་བསལ་མེད་པ་ཐམས་ཅད་ལ་བདུད་རྩི་འཁྱིལ་བའི་སྔགས་བཟླའོ། །དེ་ཡང་སརྦ་བིགྷྣན་ཞེས་པ་སྤངས་ལ། དེའི་ཚབ་མར་བསྒྲུབ་བྱའི་མིང་སྤེལ་ཚིག་དང་བཅས་པ་གཞུག་གོ །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ལ། སྦྱིན་སྲེག་གི་རྣམ་པ་ནི་བཤད་ཟིན་ཏོ། །བསམ་གཏན་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་ཏེ། སྦྱིན་སྲེག་དེའམ། བསམ་གཏན་དེ་ནི་ལུས་དང་ངག་སེམས་འཇིག་པ་སྟེ། དགྲ་བོའི་ལུས་ལ་སོགས་པ་འཇིག་པའོ། །མ་ཡེངས་


JLD004_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་སེམས་ཀྱིས་བྱ། ཞེས་བྱ་བ་ནི། རྩེ་གཅིག་པའི་ཡིད་ཀྱིས་གསོད་པའི་ལས་ཀྱི་མཆོག་འདི་བྱའོ། ༈ །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། བསད་ལས་གང་བྱེད་ཀྱང་ལས་རྒྱལ་མཆོག་གི་དུས་སུ། རང་གི་ཕྱག་གཡས་ཀྱི་རྡོ་རྗེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཞེ་སྡང་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་གཅིག་ཏུ་བྱས་ཏེ་དྲངས་པ་ཡོངས་སུ་གྱུར་པ་ལས། འབྱུང་པོ་ནག་པོའི་གཟུགས་སུ་བསམས་ནས། དེ་བསྒྲུབ་བྱ་དགྲ་བོ་ལ་བསྟིམས་པས་དགྲ་བོ་དེ་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་གནོད་སྦྱིན་སྲིན་པོའི་གཟུགས་ཅན་སྟོབས་ཆེ་ཞིང་ཕ་རོལ་གནོན་པ་ལ། རྣམ་པར་བགྲད་པ་འཇིགས་འཇིགས་ལྟ་བུ་སྟེ། སྨིན་མ་བསྐྱོད་པ་ལ་སོགས་པ་དང་ལྡན་ཞིང༌། རྣམ་པར་འཚེ་བ་ལ་བརྩོན་པ་སྟ་རེ་དང་ཐོ་བ་ཕྱག་སྟེ་ལག་པ་ན་བསྣམས་པར་བསྒྲུབ་བར་བྱ་བ་འདི་ལྟ་བུར་དང་པོར་བསམས་ནས་མཁའ་དབྱིངས་ཞེས་སོགས་འོག་ནས་བཤད་པའི་བསམ་གཏན་འདི་རབ་ཏུ་བརྟག་པར་བྱའོ། །དེ་ལ་ནི་གསོད་པའི་ལས་ལའོ། །འདི་ནི་དྲག་པོ་ཆེན་པོའི་ཁྲོ་བོ་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་འདའ་བར་མི་བྱ་བའི་གསུང་ངོ༌། །ནམ་མཁའི་དབྱིངས་ནི་ནམ་མཁའི་གཏོས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། ཡོངས་སུ་གང་བར་རབ་ཏུ་བསྒོམས་ལ། གདུག་པ་སྟེ་བསྒྲུབ་པར་བྱ་བ་དེ་ཡིས་ཐོ་བས་བསྣུན་ཅིང༌། སྟ་རེས་བཅད་ནས་བསད་ཅིང་བཅོམ་པར་བསམས་ལ།


JLD004_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་བཤད་ཟིན་པ་དང་མ་འོངས་པ་འཆད་འགྱུར་གྱི་བསད་པའི་ལས་རྣམས་བྱ་སྟེ། དེ་ལྟར་བྱས་ན་དེ་མ་ཐག་ཏུ་འཆི་བར་འགྱུར་རོ། །སངས་རྒྱས་ནི་བསྟན་པ་ལ་གནས་ཤིང༌། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དགེ་སློང་སོགས་རབ་ཏུ་བྱུང་བ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་དང་རྗེས་སུ་འབྲེལ་བ་བསླབ་པ་ལྔ་ལ་སོགས་པ་དང་ལྡན་པའི་ཁྱིམ་པ་སྡོམ་ལྡན་སྟེ། དེས་ཡོངས་སུ་གང་བའི་མིའི་འཇིག་རྟེན་བསྒོམས་ནས། གདུག་པ་དེས་བསད་པར་བསམས་ནས་ལས་རྣམས་བྱའོ། །རྡོ་རྗེ་འཛིན་པ་རང་ཉིད་ཀྱང་འཆིའོ་ཞེས་བྱ་བ་ནི་ཤིན་ཏུ་སྟེ་ཕུལ་དུ་བྱུང་བའི་ཁྱད་པར་གསུངས་པའོ། །སངས་རྒྱས་གནོད་བྱེད་ཅེས་བྱ་བ་ལ་སོགས་པ་ལ། དགྲ་བོ་དེས་བཤད་མ་ཐག་པའི་རྣམ་པས་སྡིག་པའི་དྲི་མ་བསགས་པར་གྱུར་ལ། ཁོ་རང་འགྱོད་པས་སྐྲག་ཅིང་དེ་ཉིད་ཀྱིས་ན་འཇིགས་པས་དཀྲུགས་ལ་སྐྱབས་མེད་པར་བསམས་ནས། ལས་བྱས་ན་འཆི་བར་འགྱུར་བར་འདི་ལ་གདོན་མི་ཟའོ། ༈ །ལས་བྱེད་ཚུལ་ནི་བསམ་གཏན་གྱིས་གསོད་པ་བསྟན་པར་བྱ་བའི་ཕྱིར། སྲིན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ལ་བཀའ་བསྒོས་པས། དེས་དགྲ་བོ་བཀུག་སྟེ་མདུན་ན་འདུག་པ་ལ། ལེའུ་བཅུ་གསུམ་པ་ནས་བཤད་པའི་ཚིག་གིས་བཀའ་བསྒོ་བས། ཕྱི་རོལ་གྱི་དུར་ཁྲོད་དུ་ཁྱེར་ནས་འདས་པ་དང༌། འཇིག་རྟེན་པའི་འཁོར་སྲིན་པོ་དང༌། འུག་པ་ལ་སོགས་པ་ཁྲོ་ཞིང་འཚེ་བའི་བདག་ཉིད་ཅན། ཤ་དང་ཁྲག་དང་ཚིལ་དང་ཞག་ཟ་བ་རྣམ་པ་སྣ་ཚོགས་པ། གཏུམ་ཞིང་ཤིན་ཏུ་འཇིགས་


JLD004_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རུང་བ་དང༌། ཁྲོ་བ་མི་བཟད་དེ་ཁྲོ་བའི་མེ་དང་དུ་བས་བལྟ་བར་དཀའ་བ་རྣམས་ཀྱིས། བསྒྲུབ་པར་བྱ་བ་སྐྲག་པར་བྱས་པ སྟེ་མཚོན་ཆ་སྣ་ཚོགས་ཀྱིས་བཅད་ཅིང་གཏུབས་ཏེ། བསད་ནས་ཤ་ལ་སོགས་པ་ཟོས་པ ར་བསམས་ན། བསམ་གཏན་དེས་ནི་འཆི་བར་འགྱུར་རོ། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། ཞེས་བྱ་བ་ནི་ཁྱད་པར་གསུངས་པའོ། །འུག་པ་ཞེས་བྱ་བ་ལ་མཆུ་རིང་བ་ནི་བྱ་ཀང་ཀའོ། །ཝ་དང་ཅེ་སྤྱང་སྐད་དོད་ཐུན་མོང་བ་ཡིན་པས་འདིར་ཝ་ལ་བསྒྱུར་ཡང་ཅེ་སྤྱང་ལ་བྱའོ། །སོགས་པ་ནི་གོ་སླའོ། ༈ །ནང་ལ་གཞོལ་བའི་བསྙེན་པ་མཐར་ཕྱིན་པས་ལས་སྦྱོར་གྱི་དུས་སུ་སྦྲུལ་གནག་ཅེས་བྱ་བ་ལ་སོགས་པ་ལ། དུག་དང་ངེས་པར་ལྡན་པས་མདོག་གནག་པ་ནི་སྦྲུལ་གནག་གོ །རབ་ཏུ་ཁྲོ་བ་ནི་ཤིན་ཏུ་འཇིགས་སུ་རུང་བའོ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད་པའི་གདེངས་ཀ་ལྔ་དང༌། ལྕེ་གཉིས་ཡོད་ཅིང་མཆེ་བ་གཙིགས་པ་ཚོན་རྩི་གང་ཡང་རུང་བས་བྲིས་ལ། དེའི་དཔྲལ་བར་ཁཾ་དགོད་ཅིང་བསམས་ལ་དུག་གི་མཆོག་གི་དམ་ཚིག་འདི། སྟེ་རྒྱུ་བ་སེམས་ཅན་དང་མི་རྒྱུ་བ་ཤིང་ལ་སོགས་པའི་དུག་རྣམས། སྒྲུབ་པ་པོའི་ཐུགས་ཀའི་ཡི་གེ་ཧྲིཿ འི་འོད་ཟེར་གྱིས་ནག་པོར་དྲངས་ལ། དཔྲལ་བར་ཁཾ་དང་ལྡན་པའི་སྦྲུལ་གྱི་ཁར་ཞུགས་པར་བསམ་མོ། །དེ་ནས་ཧྲཱིཿ འི་འོད་ཟེར་གྱིས་ཀླུ་བརྒྱད་གང་རུང་གི་རྣམ་ཤེས་བཀུག་ནས། དེ་ལ་བསྟིམས་པས་སྦྲུལ་གྱི་གཟུགས་འདི་ཁྱད་པར་དུ་འགྱུར་ཞིང་འགྲོ་བར་འགྱུར་རོ། །དེ་ནས་དེ་ལ་ཆེ་གེ་མོ་ཟོ་ཤིག་ཅེས་བསྐུལ་ན་དེ་ཟ་


JLD004_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཏེ། དེ་ཡང་ངེས་པར་འཆི་བར་འགྱུར་རོ། །སྡིག་པ་དང་ལ་སོགས་པ ས་སྦལ་པ་ལ་སོགས་པའི་གཟུགས་ལ་དུག་བསྡུས་ནས་བསྐུལ་བ་ལ་ཡང་ཆོ་ག་འདི་ཉིད་དོ། ༈ །ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་དང་འབྲེལ་བའི་འཆེ་བ་སྟེ། སྦྲུལ་དང་གཅན་གཟན་གདུག་པ་ལ་སོགས་པས་བྱས་པ་སྟེ་སྐྱེད་པའི་འཇིགས་པ་ཐམས་ཅད་དང་ཁམས་མི་མཉམ་པར་འཁྲུག ས་པ ས་བསྐྱེད་པའི་རྣམ་པར་འགྱུར་བ འི་ནད་ཐམས་ཅད་སེམས་ཅན་དེ་རྣམས་ལས་འོད་ཟེར་གྱིས་དྲངས་ནས། དེ་གྱུར་བ་ལས། འབྱུང་པོ་ནག་པོའི་གཟུགས་སུ་བསམས་ནས་གཟུགས་དེ་དགྲ་རྣམས་ཏེ། དགྲ་བོའི་རྒྱུད་ལ་ངེས་པར་དབབ་ཅིང་སྟེ་བཞག་པ འམ་བཞུགས་པ ར་བྱ་སྟེ། འདི་ནི་འདི་ནི་:པ་ཚབ:བསྐུལ་བ་སྟེ། བསྒོམ་པ་མཆོག་སྟེ། གདུག་པ་འདུལ་བ་ལ་ཆེས་སྟོབས་དང་ལྡན་པ་དང༌། བསྐུལ་བའི་ལས་གཞན་ལ་ལྟོས་ནས་དམ་པའོ་ཟེར། བསྐུལ་བ་ཞེས་བྱ་བ་བསྒོམ་པའོ། །མཆོག་ཡིན་ནོ་ཞེས་པ་ནི་གདུག་པ་འདུལ་བ་ལ་ཤིན་ཏུ་སྟོབས་དང་ལྡན་པ་སྟེ། མཆོག་ཅེས་པ་ནི་བསྐུལ་བའི་ལས་གཞན་ལ་ལྟོས་པས་སོ། །དེ་ལྟ་བུའི་སྡིག་པའི་དྲི་མ་བསགས་པའི་བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ། གཤིན་རྗེ་གཤེད་ཀྱི་སྦྱོར་བས་ཐོ་བས་བསྒྲུབ་པར་བྱ་བའི་སྙིང་ཁར་བརྡེགས་ཏེ། དེ་ལྟར་བྱས་ན་རྡོ་རྗེ་འཛིན་པ་ཆེན་པོའི་བཀའ་བཞིན་དུ་དགྲའི་སྲོག་མེད་པར་བྱེད་པར་འགྱུར་རོ། །རྡོ་རྗེ་ཅན་ཏེ་སྒྲུབ་པ་པོས་བསྒྲུབ་པར་བྱ་བ་དེ་ཉིད་ལ། ཐག་མདུད་ལ་སོགས་པ་བཤད་པས་གཤེགས་


JLD004_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྟ་རེ་ལ་སོགས་པས་གཤེག་ཅིང་གཏུབ་པར་བསམ་མོ། །དེ་ལྟར་བྱས་པས་སྐུ་གསུམ་གྱི་ནི་མཆོག་སྦྱིན་པ། ཞེས་བྱ་བ་སྟེ། སེམས་ཅན་དབང་པོ་རབ་འབྲིང་ཐ་མ་རྣམ་པ་གསུམ་ལ་ཡིད་དུ་འོང་བའི་འབྲས་བུ་སྟེར་བ་དང༌། རྡོ་རྗེ་སེམས་དཔའ་སྟེ་བརྩོན་འགྲུས་བརྟན་པ་དང༌། དྲག་པོ་སྟེ་བླ་མ་ལ་སྨོད་པ་ལ་སོགས་པའི་སྡིག་པའི་དྲི་མ་ཉེ་བར་བསགས་པའི་བསྒྲུབ་པར་བྱ་བ་འཆི་བར་འགྱུར་རོ། ༈ །བསྲུང་བ་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པར་བྱ་བའི་ནད་མེད་པ་རྒྱས་པར་བཟླས་བརྗོད་དང༌། སྦྱིན་སྲེག་ལ་སོགས་པ་དེ་ལ་ཕན་པར་འདོད་པས་བྱེད་བཞིན་པ་དང༌། བསྲུང་བ་བྱས་པ་དེ་ལ་སོགས་པའི་སྲུང་བར་བྱེད་པའི་སྔགས་རྣམས་ཏེ། བསྒྲུབ་པར་བྱ་བ་ཟློས་པར་གྱུར་པའི་འཕྲེང་བའི་སྔགས་ལ་སོགས་པ་རྣམས་དང༌། ལྷ་རྣམས་ཀྱང་སྟེ་བསྒྲུབ་པར་བྱ་བས་མཉེས་པར་བྱས་པའང་ཕུར་བུས་གདབ་བྱས་པ་སྟེ། ཕུར་བུས་འདེབས་པར་བྱེད་དོ། །སྔར་བཤད་པ་ལྟར། སངས་རྒྱས་བྱང་སེམས་ལ། དགྲ་བོའི་ཉེས་པ་བསྒྲག་པའི་བར་དུ་བྱས་ནས། བསྒྲུབ་བྱ་དེའི་བསྲུང་བའི་ལྷ་དང་སྔགས་ཐམས་ཅད་རང་གིས་བཀའ་བསྒོས་པའི་གནོད་མཛེས་ཀྱིས་བཀུག་སྟེ། གཡོན་ལོགས་སུ་བཞག་པ་ལ། བདུད་རྩི་ཐབ་སྦྱོར་གྱིས་སྤྲུལ་པའི་ཕུར་བུས་གདབ་ཅིང༌། སྔགས་ཀྱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཏོན་ལ། དེའི་གནས་སུ་ཆེ་གེ་མོའི་རཀྵཾ་སམྦྷུ་ཊ་དིཾ་རཀྵ་མནྟྲ་དེ་བ་ཏ་ཤྩ་ཞེས་པ་བཅུག་ལ་ཕུར་བུའི་སྔགས་བརྗོད་ཅིང་བཏབ་པར་བསམ་མོ། །འདི་ནི་གཞན་གྱི་རིག་པ་གཅོད་པར་བྱེད་པ་དང༌། གསོད་


JLD004_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཆོ་ག་སྟེ། རིམ་པ་འདི་ནི་གསོད་པར་བྱེད་པའི་ཡུལ་ལ་མཆོག་ཏུ་གྱུར་ཅིང་ཁྱད་པར་དུ་འཕགས་པ་དང༌། དམ་ཚིག་ཤིན་ཏུ་འདའ་བར་དཀའ་བ་སྟེ། འདའ་བར་མི་བྱ་བའི་དམ་ཚིག་ཏུ་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ། ༈ །གསོད་པའི་ཡུལ་འདི་ལ་སེམས་ཅན་རྣམས་འོད་གསལ་དུ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ལྔའི་ངོ་བོར་བཤད་པའི་ཕུང་པོས་ཞེས་བྱ་བ་ཕུང་པོ་ལྔའི་བདག་ཉིད་ཀྱིས། འཇིག་རྟེན་གསུམ་པོ་འདི་དག་གི་ནང་གི་བཅུད་ཀྱི་དཀྱིལ་འཁོར་དུ། སེམས་ཅན་སྒོ་ང་ལས་སྐྱེས་པ་ལ་སོགས་པ་སྐྱེ་གནས་བཞིས་བསྡུས་པ་ཅི་ཙམ་གནས་པ་དེ་དག་ཐམས་ཅད་འོད་གསལ་དུ་བསད་ཅིང་གཞོམ་པས་བདག་ཏུ་གཏོགས་པ་ཞེས་པ་སྟེ། རང་གི་བདག་ཉིད་དུ་གཏོགས་ཤིང་སྟེ་བསམས་པའི་རྡོ་རྗེ་སེམས་དཔའི་ངོ་བོ་འ་ཉིད་དུ་གྱུར་པར་བསམས་ཤིང་ཤེས་ན་མཉེས་པར་འགྱུར་ཏེ་ཞེས་བྱ་བ་སྟེ། བསད་པར་གྱུར་པའི་སེམས་ཅན་དེ་རྣམས་སྔགས་པས་རྣམ་པ་འདི་ལྟ་བུས་བསད་པའི་ལས་བསྒྲུབ་ན་དགའ་བར་འགྱུར་ཞིང་མི་བསྐྱོད་པའི་འཇིག་རྟེན་གྱི་ཁམས་སུ་རོལ་པར་འགྱུར་ཀྱིས། གཞན་དུ་མཚོན་ཆ་ལ་སོགས་པས་ཉེ་བར་བཅོམ་ནས་བསད་པ་ནི་འདི་ལྟ་བུ ར་མི་འགྱུར་རོ། །དེ་ནི་རྫོགས་རིམ་པས་བསད་ཆོག་དེ་ལྟར་བྱས་ན་བསྒྲུབ་བྱ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་ཡིན་ནོ། །རྣམ་པར་དག་པ་དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། སྟོན་


JLD004_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་སྐུ་རྡོ་རྗེའོ། །རྡོ་རྗེ་འཛིན་པ་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་ཆོས་ནི་གསུང་རྡོ་རྗེའོ། །རྡོ་རྗེ་ཅན་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་པོ་དབྱེར་མེད་པ་སྟེ་དེ་དག་རིལ་བོར་འཛིན་པ་དང༌། །ཕྲ་རྗེས་སུ་:པ་ཚབ:གཞིག་པ་དག་གིས་ཟེར། རབ་ཏུ་སོ་སོར་གཞིག་པའི་བསམ་གཏན་གྱི་སྦྱོར་བ་གཉིས་ཀྱི ས་དེ་བཞིན་ཉིད་དུ་དམིགས་པ་སྟེ་འོད་གསལ་དུ་བསྡུས་པ ས་འཆི་བར་འགྱུར་རོ་བ་རྫོགས་རིམ་པས་བསད་ལས་བསྒྲུབ་པ་ན་ཇི་ལྟར་གང་ཟག་གཞན་གྱི་རྒྱུད་དུ་གནས་པའི་ཕུང་སོགས་འཇིག་པར་སྣང་བ་སྟེ་འཆི་རིམ་བཞིན་དུ་འོད་གསལ་དུ་སྡུད་པ་དེ་བཞིན་དུ། སྒྲུབ་པ་པོ་བདག་གི་རྒྱུད་ལ་གནས་པའི་རྡོ་རྗེ་གསུམ་ལ་འང་གསང་བར་བསྟན་པས་ནི་དོན་དམ་པ་ལ་དམིགས་པའི་རིམ་པ་ཉིད་ནི་འཆི་རིམ་བཞིན་དུ་བྱེད་པ་བསྟན་པ་ཡིན་ཏེ། གསང་བའི་ཆོ་ག་འདི་ནི་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཡིན་ཏེ། འདི་ནི་རྡོ་རྗེ་འཆང་ཆེན་པོའི་བཀའོ། །འཕགས་པ་ཡབ་སྲས་ཀྱི་བཞེད་པས་འོད་གསལ་གཉིས་པོ་གང་དུ་འཇུག་ཀྱང་འཆི་རིམ་བཞིན་དུ་འཇུག་པ་འདི་ནི་སྒྱུ་མའི་སྐུ་སྒྲུབ་པ་བར་དོ་བཞིན་དུ་སྒྲུབ་པའི་ཆེད་ཡིན་པས་གནད་ཤིན་ཏུ་ཆེ་བ་ཤེས་དགོས་ཀྱི། འོད་གསལ་དུ་འཇུག་པ་ན་ཕུང་སོགས་ཀྱི་སྤྲོས་པ་སྡུད་པ་ཙམ་འཆི་བ་དང་མཐུན་པའི་དོན་དུ་


JLD004_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟུང་ངོ༌། །ཁྲོ་བོ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེ་ལས་བྱུང་ནས་རྡོ་རྗེ་འཆང་དེ་དང་གཅིག་ཏུ་གྱུར་པ་ཞེ་སྡང་རྡོ་རྗེ་ནི་རྡོ་རྗེ་ཁྲོ་བོའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་གོ ། ༈ དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་ནི་འབར་བར་གྱུར་པའོ། །རྡོ་རྗེ་འཛིན་ནི་ཞེ་སྡང་རྡོ་རྗེའོ། །ཐམས་ཅད་ནམ་མཁའ་ནི་ཐམས་ཅད་སྟོང་པའི་བདག་ཉིད་དེ། དེ་ཉིད་ཀྱིས་ན་ཐུབ་པ་ཆེན་པའོ། །:པ་ཚབ:ཐམས་ཅད་དབང་བསྐུར་ནི་སྡིག་པ་ཐམས་ཅད་འཁྲུ་བའོ། ཞེས་འབྱུང་ངོ་། །དེ་ལ་དབང་བསྐུར་གྱི་སྐད་དོད་ཨ་བྷི་ཥེ་ཀ་ལ། བྱིངས་ཥེ་ཙ་འགྱུར་བ་ལ་འགྲོ་སྟེ། དེའི་དོན་ནི་ཟད་ཅིང་ཉམས་པ་ཡིན་པས། དྲི་མ་ཐམས་ཅད་བཀྲུས་པས་ཟད་པའོ། །ཐམས་ཅད་ཀྱི་དབང་བསྐུར་ནི་ཟད་ཅིང་འགྱུར་བ་དང་འཇིག་པའོ། །རྫོགས་སངས་རྒྱས་ནི་དེ་ཤེས་པའོ། །ཡེ་ཤེས་རྡོ་རྗེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་འདོད་པའི་འབྲས་བུ་རབ་ཏུ་སྟེར་བའི་མི་འཇིགས་པའི་ངོ་བོ་ཉིད། འོག་ནས་བཤད་པའི་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པས་བཀའ་སྩལ་ཅིང་གསལ་བར་མཛད་པའོ། ༈ །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །:པ་ཚབ:ངོ་བོ་ཉིད་ཀྱིས་དག་པ་ནི་རང་བཞིན་དང་བྲལ་བ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཟེར། ངོ་བོ་ཉིད་ཀྱིས་དག་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྡོ་རྗེ་ཐེག་པ་བླ་ན་མེད། །པ་ནི་ངོ་བོ་ཉིད་དང་རང་བཞིན་ནི་རྣམ་གྲངས་ཏེ། དེ་གཉིས་དང་བྲལ་ཚུལ་ནི་མིང་དུ་བཏགས་པ་ཙམ་མིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །དེའི་ཕྱིར་བདེན་འཛིན་གྱི་རྟོག་པའི་དམིགས་གཏད་ཐམས་ཅད་དང་བྲལ་ལོ། །ངོ་བོ་ཉིད་དང་བྲལ་བའི་འོད་གསལ་བ་བླ་ན་མེད་པ་སྟེ། གང་ཞིག་སྟེ་དོན་དེ་དང་ལྷའི་རྣལ་འབྱོར་སོགས་བསྒོམས་པས་མ་སྐྱེས་པའི་ཆོས་རྣམས་ལ་སྟེ། རང་བཞིན་ཀྱི་སྐྱེ་བའི་རྒྱུ་དང་བྲལ་བའི་


JLD004_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རང་བཞིན་གྱིས་སྐྱེ་བ་མེད་པའི་ཆོས་རྣམས་ཟིན་པ་སེམས་ཀྱི་རྟེན་དུ་གྱུར་པ་དང་མ་ཟིན་པ་སེམས་ཀྱི་གནས་སུ་མ་ར་གྱུར་པ་རྣམས་ལ། དུས་གསུམ་དུ་འབྱུང་བའི་རྒྱལ་བ་རྣམས་ཀྱིས། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་ཅིང་གསུངས་སོ། །དེ་ལ་ངོ་མཚར་བ་ནི། རང་བཞིན་གྱིས་མ་གྲུབ་པའི་མིང་ཙམ་ལ་ཞི་སོགས་ཀྱི་བྱ་བྱེད་བཞག་པས་ཆོག་པ་ཡིན་ལ། དེ་ཙམ་དུ་མ་ཟད་ཀྱི་དེ་ཁོ་ན་ཉིད་དེ་ལྟར་རྟོགས་པ་དེ་བསྒོམས་པས་དངོས་གྲུབ་འགྲུབ་པ་ཡང་ངོ་མཚར་བར་སྟོན་པས། དངོས་གྲུབ་གཉིས་སྒྲུབ་པ་ལ་ལྟ་བ་དེ་ཤིན་ཏུ་གལ་ཆེ་བར་སྟོན་ནོ། ༈ །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ་ཆོས་བདག་མེད་པ་རྟོགས་པ་ལ་གནས་པ་ལ་འོག་ནས་བཤད་པ་འདི་ནི་འཕྲན་ཚེགས་ཏེ། རྡོ་རྒྱུས་སོགས་ཀྱི་ཡོ་བྱད་ཉུང་ཟད་ཙམ་གྱིས་བསྒྲུབ་པར་བྱ་བ་ཡིན་པས་ན་ལས་འཕྲན་ཚེགས་སོ། །ཕྲན་ཚེགས་ཡིན་པ་འོན་ཀྱང་སྙིང་པོ་སྟེ་དྲག་ལ་གཅེས་པ ར་གྱུར་པས་ན་རྡོ་རྗེའོ། །དེ་ཉིད་ཀྱིས་ན་སྦ་བར་བྱ་བ་ཡིན་པས་ན་གསང་བའོ། །ལས་རྒྱལ་མཆོག་གི་དུས་སུ་སྦྲུལ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྦྲུལ་གདེངས་ཀ་གཅིག་པའམ། གདེངས་ཀ་གསུམ་ལ་སོགས་པ་དང་ལྡན་པ་མི་སྡུག་ཅིང་གཟུགས་ངན་པ་དང༌། འཇིགས་པར་བྱེད་ཅིང་རྣམ་པར་འགྱུར་བ། འོད་ནག་པོ་འབར་བ་འཁྲུག་ཅིང་ཁྲོ་ལ། ལྕེ་གཉིས་ཀུན་ཏུ་བསྐྱོད་པ་ཁ་རེ་རེ་ཞིང་མཆེ་བའི་འཕྲེང་བས་གཏམས་པ། རྡོ་


JLD004_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་དང་སོལ་བའམ། གང་ཡང་རུང་བའི་ཚོན་གྱིས་བྲི་ཞིང་སྦྲུལ་དེ་དངོས་སུ་བསམས་ལ་དེ་ལ་སྟེ། དེར་འདི་ནི་སྟེ་འོག་ནས་བཤད་པའི་ཀླུ་ཁྲོ་བོ་བསྐུལ་བའི་སྙིང་པོ་སྟེ། ས་བོན་བསམ་པར་བྱའོ། །ཁཾ་ཀླུའི་ཁའི་ནང་དུ་ཁཾ་ནག་པོ་བཀོད་ལ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དུག་ཧ་ལ་ཧ་ལ་དང་འདྲ་བར་གནག་པ། མེ་ལྟར་སྲེག་པ་བཟོད་པར་དཀའ་བ་བསྒོམས་ལ། ནོར་རྒྱས་ལ་སོགས་པ་གང་ཡང་རུང་བའི་རྣམ་པར་ཤེས་པ། སྒྲུབ་པ་པོའི་ཐུགས་ཀའི་ཧྲཱིཿ ལས་བྱུང་བའི་ལྕགས་ཀྱུས་དྲངས་ལ་སྦྲུལ་གྱི་གཟུགས་ལ་བཅུག་པས། སྦྲུལ་རྣམ་པར་གཡོ་བར་བསྒོམས་ན་འགུལ་བར་འགྱུར་བར་གདོན་མི་ཟའོ། །དེ་ལ་སྟེ་སྦྲུལ་དེ་ལ་རྒྱུ་བ་དང་མི་རྒྱུ་བ་རྣམས་ལས། དུག་ཐམས་ཅད་འབྱིན་པའི་སྙིང་པོ་སྟེ། དེ་གང་ཞེ་ན། ཡི་གེ་ཧྲཱིཿ ཞེས་བྱ་བའོ། །རྣམ་པ་སྣ་ཚོགས་ལས་བྱུང་དུག །ཅེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བ་ལས་བྱུང་བའི་བདག་ཉིད་ཅན་ནོ། །ཁམས་གསུམ་ན་ནི་གནས་པ་ཀུན། ཞེས་པ་ནི། མཆོག་དང་འབྲིང་དང་ཐ་མའི་སྣོད་ན་གནས་པ་མ་ལུས་པ་ཀུན། ཧྲཱིཿ དེ་ཡིས་ཁྱེར་ཞིང་དྲངས་པར་བསྒོམས་ལ། དེ་ནས་སྦྲུལ་གྱི་ལུས་ལ་འབབ་པར་གྱུར་ཅིང༌། རབ་ཏུ་ཞུགས་པར་བསམས་ན་སྦྲུལ་དེ་དེ་མ་ཐག་ཏུ་སྟེ། བསམས་པ་ཙམ་གྱིས་དུག་གི་རྒྱ་མཚོ་ལྟར་ཤིན་ཏུ་མི་བཟད་པར་འགྱུར་རོ། །རེག་མ་ཐག་ཏུ་ཞེས་པ་ནི་ཁཾ་ཧྲཱིཿ ཨ་མུ་ཀ་བྷཀྵ་ཡ་ཞེས་པའི་སྔགས་འདིས་བསྐུལ་བས་ཟིན་པ་སྟེ་མཐོང་བཙམ་


JLD004_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སམ། རེག་པ་ཙམ་གྱིས་འགྲོ་བ་ཐམས་ཅད་དུག་གིས་ཕོག་པས། འཆི་བར་འགྱུར་བར་གདོན་མི་ཟའོ། །སྡིག་པ་ཞེས་བྱ་བ་ལ་སོགས་པ་ལ། སྦྲུལ་ལ་བཤད་མ་ཐག་པའི་ཆོ་ག་ཉིད་ཀྱིས། སྡིག་པ་དང་རུས་སྦལ་ལ་སོགས་པའི་སེམས་ཅན་གྱི་བྱེ་བྲག་རྣམས་ལའང་བྱའོ། །གང་གིས་ཞེ་ན། སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱིས། ཞེས་བྱ་བ་སྟེ། སྦྱོར་བ་ནི་དུག་གོ །དེའི་འབྱུང་བ་ནི་སྡིག་པ་ལ་སོགས་པའི་གཟུགས་བྲི་བ་སྟེ། གཟུགས་བྲི་བ་སོགས་དེའི་མཚན་ཉིད་ལ་མཁས་པས་བྲིའོ་སོ་། ༈ །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི། དུག་གི ས་ཟིན་པའི་གནས་གཞན་ལྷ་སྦྱིན་ནས་གཞན་མཆོད་སྦྱིན་དུ་འཕོ་བ་སྟེ་སྤོ་བ་གསུངས་པ་ཡིན་ཏེ། ལྟ་བ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། མི་བསྐྱོད་པའི་སྒོ་ནས་ཏིང་ངེ་འཛིན་གཉིས་སྔོན་དུ་བཏང་ལ། ལས་སྦྱོར་གྱི་དུས་སུ་མཐོང་བའི་དུག་ཅན་གྱི་ལྟ་བའི་དུག་དང་མཆེ་བ ས་བཟུང་བས་འཆི་བའི་མཆེ་བ འི་དུག་ལ་སོགས་པའི་དུག་དང༌། སེམས་ཅན་གཞན་ཡང་མི་བཟད་པ་ཡི་དུག །དང་ལྡན་པ་དེ་རྣམས་ཀྱི་དུག་གིས་ཟིན་པའི་སྣོད་ཀྱི་ལུས་ལྷ་སྦྱིན་ལ། གནས་པ་དེ། ལྷ་སྦྱིན་དེའི་སྟེང་སྦྱི་བོ་ཀདང་འོག་ན་ཁགནས་པའི་ༀ་དཀར་པོ་འོད་གཏོང་བར་བྱེད་པས། སྤྱི་བོ་ནས་བདས་པ་རྣམས་རྐང་པའི་འོག་སྟེ་མཐིལ་ན་ༀ་ཁ་དོག་གནག་ཅིང་རྣམ་པར་འཕྲོ་བའི་གཟུགས་སུ་གནས་པར་བསམས་ལ། ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་ཏེ། སྣོད་ཀྱི་སྟེ་མཆོད་སྦྱིན་གྱི་སྙིང་ཁར་གནས་


JLD004_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་གེ་ཁྃ་གི་སྟེང་དུ། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོའི་སྙིང་གའི་ཡི་གེ་ཧྲཱིཿ འི་འོད་ཟེར་གྱི་ལྕགས་ཀྱུས་རྐང་མཐིལ་ནས་དྲངས་ནས་སྔགས་པས་འཛུད་པར་བྱེད་དོ། །བཅོམ་ལྡན་འདས་དུག་གི་དམ་ཚིག་ཆེན་པོ་རྡོ་རྗེས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། ༈ །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི། དུག་བསལ་བའི་ཆོ་ག་རྩོམ་པ་ཡིན་ཏེ། རྣམ་སྣང་གི་སྒོ་ནས་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ། ལས་སྦྱོར་གྱི་དུས་སུ་དུག་གསོ་བའི་སྙིང་པོ་གང་ཡིན་ཞེ་ན། ཡི་གེ་ཧཱུྃ་:པ་ཚབ:སྙིང་གར་རྡོ་རྗེ་ཆེན་པོ་མདོག །དཀར་པོ་འདི་ནི་རྣམ་བསྒོམས་ཏེ། ཞེས་པ་དང་། སྙིང་པོ་དེ་ཡང་གང་ཞེ་ན་ཧཱུྃ་ངོ༌། །སྙིང་གར་ཏེ་རྐང་པའི་མཐིལ་གྱི་དབུས་སུ་ཡི་གེ་ཧཱུྃ་མདོག་དཀར་པོ་རྡོ་རྗེ་ཆེན་པོའི་འོད་ཟེར་གྱི་ཚོགས་ཀྱི་བདག་ཉིད་ཅན་ཟླ་བའི་འོད་ཟེར་ལྟར་བསིལ་བ་རྣམ་པར་བསྒོམ་མོ་ཞེས་འབྱུང་ངོ༌། །ཞེས་བྱ་བ་སྟེ་ཧཱུྃ་འདི་རྡོ་རྗེ་འཆང་ཆེན་པོའི་སྙིང་པོ་འདི་སྟེ། རྐང་པའི་འོག་ཏུ་རྡོ་རྗེ་ཆེན་པོའི་འོད་ཀྱི་ཚོགས་ཀྱི་བདག་ཉིད་ཅན། ཟླ་བའི་འོད་ཟེར་བཞིན་དུ་བསིལ། །ཞིང་གསལ་བར་རྣམ་པར་བསམ་མོ། །གནས་བཞི་དག་ཏུ་སྦྱོར་བ་ཡིས། ཞེས་བྱ་བ་ནི། རྐང་པའི་མཐིལ་ནས་ཁོང་སྟོང་ལས་གྱེན་དུ་འབྱུང་བ་སྟེ། ནད་པའི་དུག་རྣམས་ཧཱུྃ་རང་གི་འོད་ཀྱི་ཚོགས་ཀྱིས་གྱེན་དུ་ཕུལ་བས་འདོམས་ཀྱི་པདྨར་ཕྱིན་པ་དང་དེ་དེ་ལས་:ཆག:དེར་གནས་ནས་དེ་ལས་འཐོན་ཏེ་དེ་བཞིན་དུ་ལྟེ་བའི་པདྨར་ཟེར།


JLD004_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཅད་ཅིང་བཏོན་པས་དེ་ལས་བྱུང་སྟེ། དེ་བཞིན་དུ་ལྟེ་བའི་པདྨར་ཕྱིན་པར་བསམས་ལ། དེ་ལས་ཀྱང་སྙིང་གའི་པདྨར་ཕྱིན་པར་རྣམ་པར་བསམས་ཏེ། དེ་ལས་ཀྱང་ལྐོག་མའི་པདྨར་ཕྱིན་པར་བསྒོམས་ཏེ། དེ་ལྟར་སྡུད་པའི་ཚུལ་གྱིས་ལངས་ནས་དུག་སྟེང་དུ་འགྲོའོ། །དེ་བཞིན་དུ་ལན་གཉིས་སམ་གསུམ་དུ་བསམས་ནས་ནད་པ་ནག་པོའི་གཟུགས་ཅན་གྱི་དུག་སྐྱུགས་པར་བསམས་ན་བདེ་བར་གནས་པར་འགྱུར་རོ། །ཧཱུཾ་གི་འོད་ཟེར་གྱིས་དུག་འདེད་པའི་རིམ་པ་འདི་ཉིད་ཀྱིས་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་གི་བར་དུ་དེད་ནས་བུ་ག་དེ་ལས་ངེས་པར་འབྱུང་བར་བསམ་པར་བྱའོ། ཞེས་ལ་ལ་དག་འདོད་དོ། །ནམ་མཁའི་ཁམས་ནི་ནམ་མཁའི་གཏོས་ཏེ། དུག་གིས་བཀང་བར་གྱུར་པ་ཡང་སྦྱོར་བ་འདིས། དེ་མ་ཐག་ཏུ་དུག་མེད་པར་འགྱུར་རོ་ཞེས་དེ་སྐད་བཀའ་སྩལ་ཏོ། ༈ །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འོག་ནས་བཤད་པ་ལ་ལྟོས་ནས་དུག་བསལ་བ་དེ་ལ་ཉེ་བའི་དུག་སྟེ། ད་དུ་ར་དང་ལམ་ག་ལི་ནི་ཤོག་ཤིང་ངོ༌། །ལ་སོགས་པ་དང་སྦྱར་བའི་དུག་རྣམས་ཏེ། དུག་དེ་དག་ཐམས་ཅད་ཀྱི་གསོ་བའི་སྙིང་པོའོ། །དེ་གང་ཞེ་ན། ཨ་ཞེས་བྱ་བའོ། །ཉེ་བའི་དུག་འབའ་ཞིག་གི་གཉེན་པོར་གྱུར་པར་མ་ཟད་ཀྱི། འབྲས་དང་ཕོལ་མིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་ནི་བྱ་ལ་ནི་འབྲས་ཀྱི་ཕྲེང་བའོ། །དང་གརྡྷ་བྷ་ནི་བོང་བུའི་གདོང་པ་ལྟ་བུའི་འབྲས་སོ། །ལ་སོགས་པའོ། །ཕོལ་མིག་ནི་འབྲུམ་ཕྲན་ལ་སོགས་པའོ། །འབྲུམ་བུ་ནི་ཨེ་ཎཱི་པ་བྱཱ་ཞེས་ནི་རི་དྭགས་ཀྱི་རྐང་རྗེས་ལྟ་བུའོ། །


JLD004_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནུས་པ་གང་ཡིན་པ་དང༌། གང་གཞན་ནང་དུ་བཤད་པ་རྣམས་ཏེ། རིམས་དང་འགོ་བའི་ནད་ལ་སོགས་པ་དག་ཀྱང༌། ཕྱག་ན་རྡོ་རྗེའི་བཀའ་བསྟན་པ་ཇི་ལྟ་བ་བཞིན་དུ། བསམས་པ་ཙམ་གྱིས་ཏེ་འོག་ནས་བཤད་པའི་བསམ་གཏན་གྱིས་མེད་པར་འགྱུར་ཏེ། ནད་པའི་ལུས་ལས་རིང་དུ་འགྱུར་རོ། །པདྨོ་ཞེས་བྱ་བ་ལ་སོགས་པ་ལ། སྣང་མཐའི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱ། ལས་སྦྱོར་ཀྱི་དུས་སུ་པདྨ་ཆེན་པོ་འདབ་མ་བརྒྱད་པ་དཀར་པོ་སྒྲུབ་པ་པོའི་ལག་པ་གཡོན་པའི་མཐིལ་དུ་བསམས་ནས། པདྨ་དེའི་ལྟེ་བ་ལ་ཡི་གེ་ཨཱཿ འོད་ཟེར་ལྔ་རབ་ཏུ་རྫོགས་པ་བསམ་ཞིང་འདབ་མ་རྣམས་སུ་ཧྲཱིཿ བསྒོམས་ནས། ཡི་གེ་ཧྲཱིཿ འདོན་ཅིང་ལག་པ་གཡོན་པས་བྱབས་ལ་ཧྲཱིཿ འི་འོད་ཟེར་གྱིས་དུག་དང་ལ་སོགས་པ ས་འབྲས་ལ་སོགས་པ་དྲངས་ཏེ། དབུས་ཀྱི་ཡི་གེ་ཨཱཿ་ལ་བཅུག་པས་ཨཱཿ དེ་ནག་པོར་སོང་བར་བསམ་ནས་ཁུ་ཚུར་སྡུད་པའི་ཚུལ་གྱི ས་ས་ལ་སོང་བར་བསམས་པའི་འོག་ཏུ་ཨཱཿ དེ་དཀར་པོར་བསམ་པར་བྱའོ། །ཨཱཿ འི་ས་བོན་དེ་ཉིད་བསམ་གཏན་གྱི་ཁྱད་པར་གྱིས་ཁྱད་པར་དུ་གྱུར་པར་བསྟན་པར་བྱ་བའི་ཕྱིར། སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུད་པ་ན་དཀར་པོའི་མདོག་ལྟ་བུ་ཞེས་བྱ་བར་སྦྱར་ཏེ། དུག་བསལ་བ་ལ་ནི་ཨཱཿ དེ་དཀར་པོར་བསམ་པར་བྱའོ། །བསྐུལ་བ་དེ་དུག་བསླང་བ་ལ་ནི་ཨཱཿ དེ་ཁ་དོག་ནག་པོར་བསམ་པར་བྱའོ། །འདི་ནི་ཞེས་བྱ་བ་ལ་


JLD004_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ། སྔར་བཤད་པའི་བསམ་གཏན་གྱི་གནས་ས་བོན་གྱི་རྣམ་པ་འདི་ནི། ཡེ་ཤེས་དྲི་མ་མེད་པ་སྟེ་འོད་གསལ་བས་ཡོངས་སུ་སྦྱངས་པའི་ཕྱིར་དང༌། གསང་བ་སྟེ་སྐལ་བ་ངན་པ་རྣམས་ལ་སྦ་བར་བྱ་བའོ། །དེ་བས་ན་གསང་ཆེན་ཏེ་སངས་རྒྱས་རྣམས་ཀྱི་གསང་བའོ། ༈ །དང་པོར་:པ་ཚབ:གོང་དུ་ཉེ་བའི་དུག་གི་ཞར་ལ་གསུངས་ནས་ཁྱད་པར་དུ་ནད་གསོ་བ་ཞེས་ཏེ། ཉེ་བའི་དུག་གསོ་བའི་ཞར་ལ་འབྲས་ཀྱི་ནད་གསོ་བ་གསུངས་པའོ། །གནས་སྐབས་ཀྱི་འབྲེལ་བས་ཉེ་བའི་དུག་གསོ་བ་བཤད་ནས། ཁྱད་པར་དུ་ནད་གསོ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནད་ཁྱད་པར་དུ་གསོ་བའི་གྱི་ཆོ་ག་ལ་མཚོན་ཆ་ལ་སོགས་པ་གློ་བུར་བའི་རྒྱུ་ལས་བྱུང་བ་དང༌། མངོན་སྤྱོད་ཀྱི་རྒྱུ་ལས་བྱུང་བ་ནི་ཕྱིའི་འོ། །ནད་གཞི་ནི་རླུང་མཁྲིས་བད་ཀན་ལྡན་པ་དང་འདུས་པ་རྣམས་སོ་དང་ཁམས་ཏེ་ལུས་ཟུང་ནི་རླུང་མཁྲིས་བད་ཀན་རོ་ཁྲག་ཤ་ཚིལ་རུས་པ་རྐང་ཁུ་བ་གཅིན་བཤང་བ་རྡུལ། སྙིང་པོ་ནུ་མ་ཅན་ཕྲ་མོ་སྟེ་བཅུ་དྲུག་གོ་དང་དྲི་མ་ནི་དྲི་མ་བསྡུས་པ་ལས་བྱུང་བའི་སྐྲན་སོགས་སོ། །དང་ཁ་ཟས་ཀྱི་མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་ནང་གི་སྟེ། ཕྱི་དང་ནང་གི་ནད་དེ་རྣམས་ཀྱི་གསོ་བ་ནི་གཉེན་པོར་གྱུར་པའོ། །དེའི་དོན་རྡོ་རྗེ་ལྟར་མི་ཕྱེད་ཅིང་སྙིང་པོར་གྱུར་པའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཏེ། ཛི་ན་ཛཱི་ཀ་ཅེས་བྱ་བ་ལ་སོགས་པ་གསུམ་གྱིས་སོ། །ནད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ།


JLD004_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱི་རྡོ་རྗེ་ནི་གསོ་བར་དཀའ་བའི་ནད་དེ། དེ་བསྐུལ་བ་ཡིས་ཞེས་བྱ་བ་ནི་དེ་དབྱུང་བའི་བསམ་པས་སོ། །ཡི་གེའི་ཚིག་ནི་གང་འདོད་པ། ཞེས་པ་ནི། འདི་རྣམས་ལས་སྔགས་ཀྱི་ཚིག་གང་འདོད་ཅིང་མངོན་པར་དགའ་བས་དད་པས་ཏེ། མོས་པས་བསྟེན་ན་དེས་ཡོན་ཏན་འཐོབ་པར་འགྱུར་བ་སྟེ། འབྲས་བུ་འཐོབ་པར་འགྱུར་བ་དེ་དང་འདྲ་བའི་སྟེ། སྔགས་དེ་དང་རྗེས་སུ་མཐུན་པའི་གཟུགས་ནི་ལྷའི་སྐུ་བསྒོམ་ཞིང་བསམ་པར་བྱའོ། །རྡོ་རྗེ་གསུམ་གང་རུང་གི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ་ལ། ལས་སྦྱོར་གྱི་དུས་སུ་ཇི་ལྟར་བྱ་ཞེ་ན། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་དང༌། བསྒྲུབ་བྱའི་ལྟེ་བར་སྔགས་གསུམ་གང་རུང་འོད་ཟེར་འབར་བ་དང་བཅས་པ་བསམས་ལ། ཁདམ་ཚིག་གི་སྐད་དོད་ས་མ་ཡའི་སྒྲ་ལ་ངེས་ཚིག་གིས་བཤད་ན་བདེ་འདས་ཏེ་ནད་དོ། །དམ་ཚིག་སྤྲེའུ་དང་འདྲ་བའམ་ཞེས་བྱ་བ་སྟེ། ནད་སྤྲེའུ་དང་འདྲ་བའམ། ཡང་ན་ཁྱི་ལས་བྱུང་བའང་རུང༌། ཞེས་བྱ་བ་སྟེ། ཁྱི་དང་འདྲ་བའོ། །དེ་ལྟ་བུའི་གཟུགས་ཅན་གྱི་ནད་དེ།ཀནད་པ་རང་གི་ལུས་དང་ངག་སེམས་ལ་གནས་ལས་ཞེས་པ་སྟེ། ལུས་དང་ངག་དང་སེམས་ལ་ཀུན་ཏུ་བརྟེན་ནས་གནས་པ་དེ་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་བསྡུས་པར་བསམ་མོ། །དེ་ནས་ལྟེ་བའི་སྔགས་ཀྱི་འོད་ཟེར་གྱིས་གྱེན་དུ་བདས་པས་སྔགས་སྙིང་གར་ཕྱིན་པ་ན། ཚོགས་གཉིས་རྫོགས་པའི་ཡེ་ཤེས་ཀྱི་མེའི་རང་བཞིན་ཤིན་ཏུ་དཀར་བར་གྱུར་ཏེ། དེའི་ཚེ་ཡི་གེ་ཀཾ་ཡང་སྣའི་རྩེ་མོར་བྱུང་སྟེ་སྡིག་པའི་ངོ་བོ་ཀཾ་དེ་གནག་ཅིང་མི་སྡུག་པའི་སྤྲེའུ་འམ། ཁྱི་དང་འདྲ་བའམ། གནག་ཅིང་མི་སྡུག་པའི་ཡི་དྭགས་ཀྱི་གཟུགས་སུ་གྱུར་ནས་སྟེ་།གབྱུང་བ་དག་


JLD004_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་བསམ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་ལས་བྱུང་བར་རྣམ་པར་བརྟག་ཅིང་བསྒོམ་པར་བྱའོ། །དེ་ནས་ཤིན་ཏུ་སྐྲག་ཅིང་རིད་པའི་གཟུགས་སུ་མདུན་ན་གནས་པ་ལ་སྔགས་གསུམ་པོ་གང་རུང་ལ། སྡིག་པ་ཐམས་ཅད་ཆོམས་ཤིག་ཧཱུཾ། ཞེས་པའི་སྤེལ་ཚིག་དང་བཅས་པ་བརྗོད་ཅིང་འཁོར་ལོ་འམ་རྡོ་རྗེ་ཁ་གྱེས་པ་རྡོ་རྗེའི་གོ་འཕང་སྟེ། ལག་པ་གཡས་པར་གནས་པར་བསྒོམས་ལ། དེ་འཕངས་པས་ལུས་དང་ངག་སེམས་དམ་ཚིག་རྣམས་ཏེ། ལུས་ལ་སོགས་པ་ལ་གནོད་པར་བྱེད་པའི་ནད་ཕྱེ་མར་བརླག་ཅིང་ཐལ་བར་གྱུར་པར་བསྒོམ་པར་བྱའོ། །དེ་ནས་བརྩམས་ཏེ་ཞེས་པ་དུས་དེ་ནས་བཟུང་སྟེ། རྫོགས་པའི་སངས་རྒྱས་ཞེས་བྱ་བ་མི་བསྐྱོད་པ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་བྱམས་པ་ལ་སོགས་པ་དང༌། གྲགས་ཆེན་རྣམས་ཞེས་བྱ་བ་སྒྲུབ་པ་པོ་རང་གི་ལུས་ལ་གནས་པ་རྣམས་ནད་པ་དེ་ལ། བྱིན་བརླབས་གོ་འཕང་དམ་པ་དག །ཅེས་བྱ་བ། ནད་ལས་ངེས་པར་རྒྱལ་བ་རབ་ཏུ་གནས་པ་དགྱེས་པའི་སྤྱན་གྱིས་ཏེ། སྤྱན་གདངས་ནས་རབ་ཏུ་སྩོལ་ཅིང་སྟེར་བར་འགྱུར་རོ། །འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ་ཞེས་བྱ་བ་ནི། སྡུད་པར་བྱེད་པས་འོག་ནས་བཤད་པ་ལ་ལྟོས་པའོ། །ནད་ལས་རྒྱལ་བ་སྟེར་ལུགས་ཇི་ལྟ ར་ཞེ་ན། རང་ལུས་ངག་སེམས་རྡོ་རྗེ་ལ། ཞེས་བྱ་བ་སྟེ། ནད་པའི་སྒོ་གསུམ་ལ་སངས་རྒྱས་ཀྱི་སྤྲིན་ནི་སྤྱན་དང་སྙོམས་པར་ཞུགས་པའི་རྣམ་པར་སྣང་མཛད་ཀྱི་ཚོགས་རྣམས་དང༌། དེ་


JLD004_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྡོ་རྗེ་རྒྱལ་པོ་སྤྲིན་ཆེན་པོ་སྟེ། ཇི་ལྟ་བ་བཞིན་བྱུང་བའི་མི་བསྐྱོད་པའི་སྤྲིན་རྣམས་དང༌། འོད་དཔག་ཏུ་མེད་པའི་སྤྲིན་རྣམས་བཞག་སྟེ། དེ་ལྟར་བྱས་པས་ནད་ལས་ཐར་བར་འགྱུར་རོ། །དེ་དག་གི་དོན་ནི། ལྷ་གསུམ་ཡུམ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ནད་པ་ལ་ཕབ་པའི་མཐར། དེའི་གནས་གསུམ་དུ་དགོད་དོ། ༈ །རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ནད་ཚར་གཅད་པ་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནད་པའི་གཟུགས་ཀྱི་ཕུང་པོ༌ལ་སོགས་པའི་ངོ་བོ་ཉིད་དོ། །བློ་ལྡན་ནི་མིག་སོགས་རང་རང་གི་རྣམ་པར་ཤེས་པ་དང་ལྡན་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་དག་ནི་མིག་ལ་སོགས་པ་རྣམས་སོ། །དེ་ལ་ནི་ནད་པ་ལའོ། །ཁྲོས་པ་ནི་:ཆག:ཉེས་པས་བསྐྱོད་པ་འཁྲུགས་པའོ་ཟེར་ཏེ།ཕྱི་ནང་གི་ཉེས་པའི་རྐྱེན་གྱིས་བསྐྱོད་པས་ཁམས་རྣམས་མི་མཉམ་པར་འཁྲུགས་ཤིང་ན་བའོ། །སྡང་བས་བསྐྱོད་པས་ཏེ། ནད་པ་དེ་དག་གི་འཆི་བར་བྱེད་པ་དམ་པ་ཡིན། ཞེས་བྱ་བ་ནི། འོད་གསལ་བར་འཇུག་པའི་མཚན་ཉིད་ཅན་དུ་བྱ་བའོ། །ནད་ཞི་བའི་བསམ་པས་ནད་པ་འོད་གསལ་དུ་འཇུག་པར་སྒོམ་པའོ། །བསམ་གཏན་སྦྱོར་བ་འདི་དག་གིས། ཞེས་བྱ་བ་ནི། འོད་གསལ་བ་ལ་དམིགས་པ་འདིས་ནི། ནད་ཀྱི་རིགས་གང་ཡིན་པ་ལས་ལས་སྐྱེས་པའམ་སྟེ། ལས་ལས་བྱུང་བར་གང་གྲགས་ཤིང་ཤེས་པ་དེ་ཉི་མ་བདུན་གྱིས་འཇིག་པར་འགྱུར་རོ། །ཡང་ཟློས་པ་སྟེ་རྡོ་རྗེ་བཟླས་པས་རྗེས་


JLD004_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྲན་པས་ཀྱང་རྣམ་པར་འཇིག་པར་འགྱུར་རོ། །དེ་བཤད་པ་ནི་བརྒྱ་རྩ་བརྒྱད་ཀྱི་ཞེས་བྱ་བ་ནི། བརྒྱ་དང་བཅས་པའི་བརྒྱད་བརྒྱ་སྟེ། ས་ཆུ་མེ་རླུང་གི་དཀྱིལ་འཁོར་བཞི་པོ་རེ་རེ ར་བརྒྱ་ཕྲག་དགུ་ཟློས་པ་ནི་:པ་ཚབ:ཡང་ན་བརྒྱ་བརྒྱད་ཟེར། བརྒྱ་རྩ་བརྒྱད་དུ་བཟླས་པ་སྟེ། དེའི་སྦྱོར་བས་ཀྱང་ནད་རྣམས་འཇིག་པར་འགྱུར་རོ། །ཡང་ན་བདག་གི་སྔགས་དེ་ལྷའི་ང་རྒྱལ་གྱིས་ཞེས་བྱ་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་སྒྱུ་མའི་ལུས་ཀྱི་སྦྱོར་བས་རྡོ་རྗེ་བསམ་གཏན་ཏེ། ནད་རྣམ་པར་འཇིག་པའི་བསམ་གཏན་ནོ། །ཆོ་གས་བསམ་ཞེས་བྱ་བ་ནི་དེའི་ཆོ་ག་དྲན་པར་བྱ་བའོ། །ཞེས་པ་ནི་བསྒྲུབ་བྱའི་ནད་ཞི་བར་བྱ་བའི་བསམ་པས་བསྒྲུབ་བྱ་དེ་སྒྱུ་མའི་སྐུར་སྒོམ་པར་བྱེད་པའོ། །འདི་ནི་ཞེས་བྱ་བ་ནི། བཤད་མ་ཐག་པའི་རྫོགས་རིམ་པའི་ཆོ་ག་གསུམ་པོ་ཐམས་ཅད་དོ། །ནད་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕྱི་དང་ནང་གིའོ། །དམ་ཚིག་ནི་རྡོ་རྗེ་སེམས་དཔས་གསུངས་པའོ། །ཤིན་ཏུ་འདའ་བར་དཀའ་བ་ནི་བཟླ་བར་མི་བྱ་བའོ། ༈ །དེ་ལྟར་ལས་ཀྱི་ཚོགས་རབ་འབྱམས་རྣམས་བཤད་ནས། ད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱི། འདོད་པའི་རྨི་ལམ་བསྟན་པར་བྱ་བའི་ཕྱིར།ཞེས་པ་ནི་གཙོ་ཆེ་བ་དེ་ལྟར་ཡིན་གྱི་བསྐྱེད་རིམ་པའི་ཡང་རྨི་ལྟས་དང་མི་འདོད་པའི་རྨི་ལྟས་ཀྱང་སྟོན་ནོ། །དེ་ནས་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་


JLD004_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱོ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་ནང་ན་འོད་པོ་ཆེ་ནི་གཙོ་བོའོ། །འདོད་པའི་ཡོན་ཏན་ལ་བརྟེན་ནས་ཐར་པ་རབ་ཏུ་སྩོལ་བས་ན། འདོད་:པ་ཚབ:འདོད་པས་ཐར་པའོ་ཟེར་དང་ཐར་པའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་གསུང་འདི་སྐད་བཀའ་སྩལ་པའོ། ༈ །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། ཞེས་བྱ་བ་ནི་ཕྱི་ནང་གི་དངོས་པོའི་ཆོས་རྣམས་ནི་རྨི་ལམ་དང་འདྲ་བ ར་རྫུན་པ་དེ་རྣམས་ལའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང།སྟེ་སྐྱེ་བ་མེད་དོ། །སྐྱེ་བ་མེད་ཚུལ་ནི་ལང་ཀར་གཤེགས་པ་ལས། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ཞེས་གསུངས་སོ། ཞེས་གསུངས་པ་དང་ངོ་བོ་ཉིད་ཀྱིས་མ་སྐྱེས་ཞེས་འདིར་གསུངས་པ་གཉིས་དོན་གཅིག་པས། ངོ་བོ་ཉིད་ཀྱིས་སམ་རང་བཞིན་གྱིས་མ་སྐྱེས་ཞེས་བྱ་ཡི་སྐྱེ་བ་ཙམ་འགོག་པའི་ཆད་ལྟ་བསྐྱེད་པར་མི་བྱའོ། །ཞེས་བྱ་བ་ནི་རང་བཞིན་ཀྱིས་སྐྱེ་བ་མེད་པའི་རྒྱུ་མཚན་དུ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་ནི་སྐྱེ་བ་ཙམ་རྒྱུ་ལ་ལྟོས་ཀྱང་རང་བཞིན་གྱིས་སྐྱེ་བ་ནི་སུ་ལའང་མི་ལྟོས་པས་དེ་ལ་སྐྱེ་བའི་རྒྱུ་གཞག་ཏུ་མེད་པའི་ཕྱིར་རོ། །རང་བཞིན་དག་པའི་དེ་ཉིད་ལ། ཞེས་བྱ་བ་ལ། རང་བཞིན་ནི་འོད་གསལ་བའོ། །དེས་དག་པ་ནི་རྙོག་པ་རྣམས་དང་བྲལ་བའོ། །ཞེས་པ་ནི་ངོ་བོ་ཉིད་དམ། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ནི་རང་བཞིན་འོད་གསལ་ཡིན་ལ། དེ་ལྟར་རྟོགས་པ་དེས་རྙོག་པའི་དྲི་མ་ཐམས་ཅད་དང་བྲལ་བར་བྱེད་པ་ནི་རང་བཞིན་རྣམ་དག་གི་དོན་རྟོགས་པའོ། །དེ་ཉིད་ཅེས་པའི་དེ་ཁོ་ན་ཉིད་ནི་འོད་གསལ་གྱི་ཡེ་ཤེས་དང་དབྱེར་མེད་དུ་བསྐྱེད་རྒྱུའི་ལྷའི་སྐུ་


JLD004_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་སྟེ་དེ་ནི་ངོ་བོ་ཉིད་ཀྱིས་དག་པའི་དེ་ཁོ་ན་ཡིན་ནོ། །དེ་ལྟར་རྟོགས་པ་དེ་གང་ལ་ཡོད་པ་རྣམས་ལ་སྟོན་པས། འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས་པ། ཞེས་བྱ་བ་ལ། འཁྲུལ་པ་ནི་སེམས་རྟག་ཆད་དུ་ལྟ་བའི་སྒོ་ནས་འཁོར་བར་རྣམ་པར་འཁོར་བའོ། །དེའི་རྡོ་རྗེ་ནི་རྡོ་རྗེ་དང་འདྲ་བར་རྟག་ཆད་དུ་ལྟ་བ་དེ་འཇོམས་པས། དེ་གཉིས་ཉེ་བར་ཞི་བ འོ་སྟེ་། རྨི་ལམ་བརྫུན་པའི་གྱི་དཔེས་འདུས་བྱས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱང་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ལ་བསྙོན་པར་མི་ནུས་པ་དང༌། གང་དུ་སྣང་བ་དེའི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་ཀུན་ཏུ་སྟོང་པ་རྨི་ལམ་དང་མཚུངས་པར་ཤེས་ནས། རང་བཞིན་གྱིས་གྲུབ་པའི་རྟག་པ་དང་བྱ་བྱེད་ཐམས་ཅད་མི་འཐད་པའི་ཆད་པའི་མཐར་འཛིན་པའི་འཁྲུལ་:ཆག:འཁྲུལ་པ་རབ་ཏུ་གསུངས་པ་ནི་རབ་ཏུ་སྤོང་ངོ་ཞེས་དགོངས་སོ་ཟེར། པ་ཤེས་ནས་ལྟ་བ་ལོག་པ་ཐམས་ཅད་རབ་ཏུ་སྤོང་ངོ་སོ་ཞེས་བྱ་བར་དགོངས་སོ། ༈ །བསམ་རྒྱུད་ལས། སྒྲུབ་པོ་རྟག་ཏུ་:པ་ཚབ:བསམ་གཏན་དང༌། །བཟླས་བརྗོད་དག་ནི་ལྷུར་ལེན་པ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །མཐོང་བའི་དབྱེ་བ་རྣམ་གཉིས་གཟིགས། ཞེས་འབྱུང་ངོ༌། །གཏན་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་དང་བཟླས་པ་ལ་རྟག་ཏུ་བརྩོན་པའི་སྒྲུབ་པ་པོ་རྣམ་པ་གཉིས་ཀྱིས། རྟག་ཏུ་སྟེ་རྒྱུན་དུ་བསླབས་ན་མཐོང་བའོ། །སངས་རྒྱས་ནི་ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྔགས་ལ་མཆོག་ཏུ་གཞོལ་བའོ། །སྔགས་དང་ནང་ལ་


JLD004_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

གཞོལ་བ་འདི་སྐབས་གཞན་དུ་བསྐྱེད་རིམ་ཉིད་ལ་བཤད་པ་མང་ཡང་འདིར་ནི་རིམ་གཉིས་ཀྱི་རྣལ་འབྱོར་པ་ལ་བྱའོ། །དབྱེ་བ་རྣམ་པ་གཉིས་སུ་མཐོང༌། ཞེས་བྱ་བ་ནི། མཚན་མ་དང་བཅས་པ་བསྐྱེད་རིམ་པ་དང་མཚན་མ་མེད་པ་རྫོགས་རིམ་པའི་དབྱེ་བ་རྣམ་པ་གཉིས་ཀྱིས་རྨི་ལམ་སྣང་ཞིང་མཐོང་བར་འགྱུར་རོ། །རྨི་ལམ་འདི་རྣམས་སྤྱོད་བསྡུས་ལས་སྤྱོད་པ་བྱས་པ་ལས་འབྱུང་བར་གསུངས་སོ། ༈ །དེ་ལ་རིམ་གཉིས་ཀྱི་སྒྲུབ་པ་པོ་རྣམ་པ་གཉིས་ལ་འོག་ནས་བཤད་པ་འདི་ནི། འབྲས་བུ་ཆེན་པོ་སྟོན་པའི་རྨི་ལམ་ཡིན་པས་རྨི་ལམ་ཆེན་པོ་སྟེ། དེ་ཉིད་མི་སླུ་བ་ཡིན་པའི་ཕྱིར་དམ་ཚིག་སྟེ་མི་འདའ་བའི་གི་གནས་སོ། །འདི་ཡང་ལམ་གྱི་དུས་གང་དུ་འབྱུང་བར་གསུངས་པའི་དུས་དེར་བྱུང་ན་མི་སླུ་བ་ཡིན་གྱི། དེའི་ཕྱོགས་སུ་མ་སླེབ་པར་བྱུང་བ་མང་སྟེ་དེ་ནི་མི་སླུ་བ་མིན་ནོ། །བྱང་ཆུབ་ཡེ་ཤེས་མཆོག་ནི་འོད་གསལ་བ་སྟེ། དེར་ཞུགས་པར་བདག་ཉིད་མཐོང་བ་དང༌། རྫོགས་པའི་སངས་རྒྱས་འོད་ནི་བཟང་པོར་ཏེ། ཡེ་ཤེས་ཀྱི་སྐུར་མཐོང་བ་དང༌། བརྒྱ་ལམ་ན་སངས་རྒྱས་ཀྱི་རྫོགས་ལོངས་སྤྱོད་པའི་སྐུ་ཐོབ་པར་རྣལ་འབྱོར་པ་དེ། བདག་ཉིད་མྱུར་དུ་མཐོང་ན་རིང་པོར་མི་ཐོགས་པར་ཇི་ལྟར་མཐོང་བ་ལྟར་མངོན་སུམ་དུ་བྱེད་པར་འགྱུར་རོ། །སེམས་ཅན་ཆེན་པོ་ཁམས་གསུམ་པས། ཞེས་བྱ་བ་སྟེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས། མཆོད་པ་བྱེད་པར་སྒྲུབ་པ་པོ་དེ་བདག་ཉིད་མཐོང་བ་དང༌། ཡེ་ཤེས་ཆེན་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་


JLD004_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

དང་མདངས་མཚུངས་པར་འགྱུར་བ་དང༌། གཟུགས་ཏེ་རང་གི་ལུས་མཐོང་ཞིང་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས། རྟག་ཏུ་ངེས་པར་མཆོད་པ་བྱེད་བཞིན་པར་མཐོང་ན། རིང་པོར་མི་ཐོགས་པར་སྒྲུབ་པ་པོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་སྐུའོ། །གཟུགས་ཆེན་དང་ནི་རྣམ་པར་སྣང་མཛད་ཀྱི་སྐུའོ། །གྲགས་པ་ཆེན་པོ་སྟེ་རིན་ཆེན་འབྱུང་ལྡན་དུའམ། རྡོ་རྗེ་ཆོས་ཏེ་འོད་དཔག་ཏུ་མེད་པར་རམ། རྡོ་རྗེ་གསང་བ་སྟེ་དོན་ཡོད་པར་གྲུབ་པའི་སྐུར་རང་གི་གཟུགས་ཏེ་བདག་གི་ལུས་སྒྲུབ་པ་པོ་དེས་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་མཉམ་པའི་ངོ་བོ་ཉིད་དོ། །རྡོ་རྗེ་ཅན་ནི་སློབ་བཞིན་པའི་རྣལ་འབྱོར་པའོ། །སངས་རྒྱས་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཕྱག་འཚལ་ན་ཡང་དེ་བཞིན་དུ་སྒྲུབ་པ་པོས། འདི་ལྟ་བུའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱིས་གདུལ་བྱ་གཞན་རྣམས་ལ། སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་སྩོལ་བར་མཛད་ཅིང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བ་རིང་པོ་མི་ཐོགས་པར་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་རྨི་ལམ་གྱི་འབྲས་བུའོ། ༈ །བསྐྱེད་རིམ་པའི་རྨི་ལྟས་ནི་རྒྱན་རྣམས་ཐམས་ཅད་ཡོངས་


JLD004_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པའི། ལྷ་ཡི་བུ་མོ་ཡིད་དུ་འོང་བ་སྟེ། བརླ་དབང་མ་ནི་བརྒྱ་བྱིན་གྱི་ཆུང་མའོ། །ལ་སོགས་པ་ལྷའི་བུ་མོ་རྣམས་མཐོང་བ་དང༌། ཡང་ན་མིའི་བུ་མོའམ་ཁྱེའུ་མཚན་ཐམས་ཅད་དང་ལྡན་པའི་ཁྱེའུ་དང༌། བུ་མོ་གང་གིས་མཐོང་བ་དེ་ནི་འཇིག་རྟེན་པའི་དངོས་གྲུབ་རྣམས་འཐོབ་ཅིང་རེག་པར་འགྱུར་རོ། ༈ །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པ་རྣམས་སྒྲུབ་པ་པོ་གང་གིས་ངེས་པར་མཐོང་:པ་ཚབ་ཆག:མཐོང་བ་དང་ཟེར། ན། གང་ལ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས་པར་གྱུར་ནས། ཆོས་ཀྱི་མཛོད་དེ་དམ་པའི་ཆོས་ཀྱི་རྒྱལ་པོ་གླེགས་བམ་དུ་ཆུད་པ་ཡིད་དུ་འོང་ཞིང་དགའ་བར་བྱེད་པ་སྩོལ་བར་འགྱུར་རོ། །གང་ཆོས་ཀྱི་འཁོར་ལོ་སྒྱུར་བའི་སྟེ་ཆོས་ཀྱི་སྟན་སེང་གེའི་ཁྲི་ལ་བཞུགས་པར་ལུས་ཏེ་བདག་གི་ལུས་སངས་རྒྱས་ཀུན་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །བསམ་གཏན་རྡོ་རྗེ་ལ་གནས་པའི། ཞེས་པ་ནི། རྫོགས་པའི་རིམ་པ་ལ་གནས་པའི་དམ་ཚིག་སྦྱོར་བས་ཏེ་སྒྲུབ་པ་པོས་མཐོང་བར་གྱུར་ན་དེ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ། འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་རྨི་ལམ་མཐོང་བའི་འབྲས་བུ་ཡིན་ནོ། ༈ །ཀུན་དགའ་ར་བ་ནི་དཀའ་ཐུབ་ཀྱི་གནས་སོ། །སྐྱེད་མོས་ཚལ་ནི་རྒྱལ་པོའི་རྩེད་མོ་བྱེད་པའི་ཚལ་ཏེ། དེ་དག་ལ་སོགས་པ་ཡིད་ཉམས་དགའ་བའི་ས་ཕྱོགས་


JLD004_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སྣ་ཚོགས་པ་ལ། ལྷ་དང་མི་ལ་སོགས་པའི་བུ་མོས་བརྒྱན་པར་བསམ་གཏན་གྱི་དམ་ཚིག་ཅན་ཏེ། ཡོངས་སུ་རྟོག་པའི་རྣལ་འབྱོར་ལ་གནས་པ་གང་གིས་མཐོང་བ་དེ་ནི། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་དུ་འོང་བའི་དངོས་གྲུབ་འཐོབ་པར་འགྱུར་ཏེ། དེ་ཉིད་ལས་འཇིག་རྟེན་པའི་བདེ་བ་ཡིད་ལ་འདོད་པ་ཡང་འཐོབ་པར་འགྱུར་བ་ནི་རྨི་ལམ་གྱི་རྣམ་པར་སྨིན་པའོ། །བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབང་བསྐུར་བར་གྱུར་པ་གང་གི་རྨི་ལམ་དུ་མཐོང་བ་དེ་ནི། རིག་འཛིན་རྒྱལ་པོ་ཆེན་པོ་ཡིས་ཏེ། རིག་པ་འཛིན་པའི་གཙོ་བོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པ་བྱས་པར་མཐོང་ན་རྨི་ལམ་གྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་ཀྱང་གསུངས་སོ། ༈ །མངོན་པར་འདོད་པའི་རྨི་ལམ་ཉེ་བར་བསྡུ་བར་བྱ་བའི་ཕྱིར། རྡོ་རྗེ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལས་བྱུང་བ་ནི་དེ་བཞིན་གཤེགས་པས་བསྟན་པའོ། །སྣ་ཚོགས་པ་ནི་དེ་ལྟར་གསུངས་པ་རྣམས་དང༌། མ་གསུངས་པའི་རྨི་ལམ་དྲི་མ་མེད་པ་སྟེ། རྨི་ལམ་བཟང་པོ་གང་གིས་མཐོང་བ་དེས་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པ་སྟེ། ཐ་མལ་པའི་ལུས་དང་ངག་དང་ཡིད་ལས་བྱུང་བ་བླ་ན་མེད་པའི་དེ་ཁོ་ན་ཉིད། རྫོགས་པར་གྱུར་བའི་ཡོངས་སུ་དག་པའི་ལྷའི་སྐུ་འགྲུབ་ཅིང་འཐོབ་པར་འགྱུར་རོ། ༈ །གདོལ་པ་ཞེས་བྱ་བ་ལ་


JLD004_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི། དམ་ཚིག་ཉམས་པས་རྨི་ལམ་ངན་པ་མཐོང་བ་ནི། གདོལ་པ་དང་ཁྱི་ལ་སོགས་པ་ཞེས་བྱ་བར་སྦྱར་ཏེ། སོགས་པའི་སྒྲས་ནི་སྤྲེའུ་དང་ཡི་དྭགས་ལ་སོགས་པ་གཟུགས་ངན་པ་རྣམས་ཀྱང་གཟུང་ངོ༌། །རྡོ་རྗེ་བློས་ཞེས་བྱ་བ་ནི་སྒྲུབ་པ་པོས་ཏེ། གལ་ཏེ་གདོལ་པ་སོགས་དང་སྦྱོར་བ་འདི་ལྟར་བུ་མཐོང་ན་ནི་བློ་དང་ལྡན་པ་བདེན་པ་མཐོང་ཞིང༌།ཞེས་པ་ནི་བདེན་པ་མངོན་སུམ་དུ་རྟོགས་པ་ལ་བྱར་མི་རུང་བས། བདེན་བཞི་རྟོགས་པའི་ཤེས་རབ་དང་ལྡན་པ་ལ་བྱའོ། །རྡོ་རྗེ་སེམས་དཔའ་སྟེ། བརྩོན་འགྲུས་བརྟན་པ་ཡིན་ཡང་སེམས་ཀྱི་གནས་ཏེ། ངན་འགྲོའི་ལུས་འགྲུབ་པར་འགྱུར་བ་སྟེ་སྡིག་པར་ཏེ་ངན་འགྲོར་ཉེ་བར་འགྲོ་བར་འགྱུར་ཏེ། རྩ་བའི་དམ་ཚིག་ལས་འདས་པར་བྱས་ཤིང་དམ་ཚིག་ཡོངས་སུ་སྤངས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལ་རབ་ཏུ་ཞུགས་པར་གྱུར་ཀྱང༌། ཡང་བ་མ་སྤངས་པས་དུས་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །སྙིམ་པའི་མེ་ཏོག་ལས། གདོལ་བ་མོའམ། ཁྱི་མོ་འམ། རྒོད་མ་ལ་སོགས་པ་རྣམས་དང༌། བདག་ཉིད་སྦྱོར་བར། རྡོ་རྗེ་སློབ་དཔོན་ཏེ་བརྟན་པའི་བློས་མཐོང་བར་གྱུར་པ་དེའི་ཚེ། བློ་ལྡན་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པའི་སེམས་ཀྱི་གནས་ཏེ། ཐུགས་ཀྱི་གསང་བ་འགྲུབ་པར་འགྱུར་རོ། །ཞེས་རྨི་ལམ་བཟང་བའི་རྟགས་སུ་བཤད་དོ། ༈ །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་དེ་ལ་ཆོས་རྣམས་དང་རྨི་ལམ་དཔེ་དོན་དུ་སྦྱར་ཏེ། དེ་ཁོ་ན་ཉིད་སྒྲུབ་པ་འོག་ནས་བཤད་པ་འདི་ནི། རྨི་ལམ་རྣམ་པར་དཔྱད་པའི་དམ་ཚིག་སྟེ། རྨི་ལམ་དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་ལ་རྣམ་པར་


JLD004_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པའི་དུས་དེའི་ཚེ་སྙིང་པོར་གྱུར་པ་ཡིན་ཅིང༌། དེ་ཁོ་ན་ཉིད་ལ་ཐེ་ཚོམ་གཅོད་པར་བྱེད་པའི་སྙིང་པོའི་ཚིག་གོ །རང་སེམས། རྣམས་ནི་དམིགས་པ་ནི་སེམས་ལ་དམིགས་ནས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱད་པ་སྟེ། དེ་ལྟར་དཔྱད་པས་སེམས་ཀྱི་རང་བཞིན་གྱིས་གྲུབ་པས་སྟོང་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པ་དེ་ལྟར་ཤེས་པ་ལ། །དེ་བཞིན་དུ་སད་དུས་ཀྱི་སྣོད་བཅུད་ཀྱི་ཆོས་རྣམས་ཐམས་ཅད་ཀྱང་རང་གི་སེམས་ཀྱིས་བཏགས་པ་ཙམ་སྟེ། བཏགས་པ་ཙམ་ལས་གཞན་དུ་གྱུར་པ་ཅི་ཡང་མེད་པ་དེ་ལྟར་རབ་ཏུ་གནས་སོ། །རྨི་ལམ་མཐོང་བའི་དུས་སུ་སྣོད་བཅུད་དུ་སྣང་བ་རྣམས་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཏེ་སྣང་བརྙན་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཀྱི་ངོ་བོ་ཉིད་ཏེ། རང་གི་སེམས་ཉིད་ལས་ངོ་བོ་ཐ་དད་པ་གཞན་ན་ཅི་ཡང་མེད་དོ། །གལ་ཏེ་སྣོད་བཅུད་ཀུན་སེམས་ཀྱིས་བཏགས་པ་ཙམ་ཡིན་ན་སེམས་དེ་ཉིད་ཀྱང་གང་ན་གནས་ཤེ ་ན། ནམ་མཁའ་རྡོ་རྗེ་གནས་སེམས་འདི། ཞེས་བྱ་བ་སྟེ། ནམ་མཁའ་རྡོ་རྗེ་ནི་འོད་གསལ་བའོ། །དེ་ལ་གནས་པའི་སེམས་ནི་ནམ་མཁའ་རྡོ་རྗེའི་སེམས་ཏེ་འདིར་འོད་གསལ་ནི་རང་བཞིན་གྱིས་གྲུབ་པས་སྟོང་པ་སྟེ། སེམས་དེ་ལ་གནས་པར་བསྟན་པ་ན། སེམས་


JLD004_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་བཞིན་གྱིས་གྲུབ་པས་སྟོང་པར་གོའོ། །སེམས་སུ་མ་ཟད་དངོས་པོ་འདི་དག་ཐམས་ཅད་ཀྱང་གཉིད་ཀྱིས་ལོག་པ་འམ་རྨི་ལམ་མམ་མ་ལོག་པ་སད་པའི་གནས་སྐབས་ན་འོད་གསལ་དེ་ལ་གནས་སོ། །སེམས་ལས་དངོས་པོ་ཐ་དད་པར་གནས་པ་ཡོད་དམ་ཞེ་ན། ཞེས་འདྲི་བ་འདི་ཕྱི་རོལ་གྱི་དོན་འགོག་འདོད་ནས་འདྲི་བ་མེད་ཏེ། ལུགས་འདིའི་དབུ་མ་ལ་དོན་སེམས་གཉིས་བདེན་གཉིས་གང་དུའང་ཡོད་ན་ཡོད་མཉམ་དང༌། མེད་ན་མེད་མཉམ་དུ་ཁས་བླང་དགོས་ཤིང༌། དེ་བཞིན་དུའང་གསུངས་པས་སོ། །དེས་ན་སེམས་ཀྱིས་བཏགས་པ་ཙམ་ལས་དངོས་པོ་སྟེ་ངོ་བོ་ཐ་དད་པར་ཡོད་དམ་ཞེས་འདྲི་བ་འོ། །དེ་ཕྱིར་ངོ་བོ་ཉིད་མེད་པའོ། །ཞེས་རང་གི་ངོ་བོས་གྲུབ་པ་མེད་པའི་ལན་ཡང་ལེགས་པར་འབྲེལ་ལོ། །ཆོས་མེད་ཅེས་བྱ་བ་གསུངས་ཏེ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པའོ། །གལ་ཏེ་ཆོས་ཅན་མི་བདེན་ཀྱང་ཆོས་རྣམས་བདེན་པས་སྟོང་པའི། ཆོས་ཉིད་འགའ་ཞིག་བདེན་པར་ཡོད་དམ་ཞེ་ན། ཆོས་ཉིད་མེད་པའོ་ཞེས་བྱ་བ་གསུངས་ཏེ་རྩ་ཤེ་ལས། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། ཞེས་དང༌། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། ཅེས་གསུངས་པ་ལྟར། ཆོས་ཅན་བདེན་གྲུབ་འགོག་པའི་རིགས་པ་དེས་ཆོས་ཉིད་བདེན་གྲུབ་ལེགས་པར་དགག་ནུས་པའི་ཕྱིར་དང༌། བདེན་གྲུབ་ལ་རྟེན་བརྟེན་པའི་འབྲེལ་བ་འགོག་ནུས་པའི་ཕྱིར་དང༌། རྟེན་དང་བརྟེན་པའི་འབྲེལ་བ་མེད་ན་ཆོས་ཅན་དང་ཆོས་ཉིད་དུ་མི་རུང་བའི་ཕྱིར་ཏེ་རྒྱས་པར་གཞན་དུ་བཤད་ཟིན་ཏོ། །སོ། །འདིར་གསུངས་པ་ཞེས་པ་ནི་གཉིད་ལོག་སད་ཀྱི་སྣང་བ་ལ་བདེན་རྫུན་གྱི་ཁྱད་པར་མེད་པར་སྤྱོད་བསྡུས་ལས་གསུངས་པ་ཁུངས་སུ་འདྲེན་པའོ། །རྒྱུད་རྡོར་འཕྲེང་ལས་གསུངས་པ་ལྟར་ཕུང་པོ་དང་པོ་བཞི་དང་ས་སོགས་ཁམས་བཞི་དང་ཡུལ་གྱི་སྐྱེ་མཆེད་བཞི་དང་མིག་སོགས་དབང་པོ་བཞི་དང་སོགས་ཀྱིས་དེ་དག་གི་ལྷག་མ་རྣམས་སོ། །དེ་ཁལྟར་འདུས་པ་ལས་


JLD004_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་མཆེད་པ་སྐྱེ་བ་ནི། ཤེས་པ་གཉིས་པོ། །དེཀ་རྣམས་ལུས་འདིར་ལེགས་པར་འདུས་པ་ནི་ཤེས་པ་ཡུལ་ལ་འཇུག་པ་རང་དབང་མེད་པར་རིམ་གྱིས་འདུས་པའོ།་ནས་། དེག་གཉིས་ཀྱང་སྔ་མ་ཕྱི་མ་ལ་འདུས་ནས་ཉེར་ཐོབ་ཏུ་ཐིམ་པ་ནི་སྟོང་པ་ཆེན་པོར་གྱུར་པས་གང་ཞིག་གཉིད་འཐུག་ལོག་པ། འོ། །གཉིད་ཀྱིས་སྟོང་པར་ཞུགས་པ་ལས་རླུང་གིས་བསྐྱོད་པ་ལ་བརྟེན་པས་ཏེ་ནས་ངེས་པར་རྨི་ལམ་མཐོང༌། བ་སྟེ་འཆར་རོ། །རྨི་ལམ་བཟང་པོ་ལས་འབྲས་བུ་བཟང་པོ་ཐོབ་པར་འདོད་པས་བདེན་པར་ཀུན་ཏུ་བརྟགས་པའི། གཉིད་ལོག་པའི་སྣང་བ་དང་སད་པའི་སྣང་བ་ལ་བདེན་རྫུན་གྱི་དབྱེ་བ་ཡོད་པ་མ་ཡིན། ནོ། །ཆོས་རྣམས་དེ་ཀུན་རྨི་ལམ་ལྟ་བུ་སྟེ། །བརྫུན་དང་བདེན་པའི་ཁྱད་པར་དག་ཀྱང་ཡོད་པ་མ་ཡིན། ནོ། །ཞེས་སྤྱོད་བསྡུས་ལས་གསུངས་པའོ། །སྤྱོད་བསྡུས་ཀྱི་གཞུང་འདི་དག་ལ་བརྟེན་ནས། གཉིད་དང་རྨི་ལམ་དང་བསྲེ་བ་དང་སྒྱུ་མ་ལོངས་སྐུ་དང་སྤྲུལ་སྐུའི་བསྲེ་བ་ཁྱད་པར་ཅན་རྣམས་རྟོགས་དགོས་པ་ནི་རྒྱས་པར་རིམ་ལྔ་གསལ་སྒྲོན་དུ་བཤད་ཟིན་ཏོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །ངོ་མཚར་དུ་གྱུར་པ་ནི་རྨི་ལམ་བསྟན་པ་ལའོ། །རྨད་དུ་གྱུར་པ་ནི་རྨི་ལམ་གྱི་འབྲས་བུ་ཐོབ་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། དེའི་ཐེ་ཚོམ་


JLD004_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་རྡོ་རྗེ་སེམས་དཔའ་ལ་ཞུས་པའོ། །འདི་ཅི་ཞིག་ལགས་ཞེས་བྱ་བ་ནི་ཞུས་པ་སྟེ། འདི་དག་ནི་ ཤིན་ཏུ་དཀའོ་ཞེས་བྱ་བར་དགོངས་སོ། །དཀའ་བ་དེ་གང་ཡིན་སྙམ་ན་ཆོས་རྣམས་ངོ་བོ་མེད་པ་ལ། ཞེས་པ་ནི། དངོས་པོ་སྟེ་ངོ་བོས་གྲུབ་པ་མེད་པའི་ཆོས་རྣམས་ཀྱི་འབྲས་བུ་སྟོན་པ་ལ་ཆོས་ཀྱི་དེ་ཉིད་དེ་འབྲས་བུ་ཐོབ་པ ཡོད་པའི་དེ་ཁོ་ན་ཉིད་དེ་རྒྱུ་འབྲས་མི་སླུ་བར་ཀུན་ཏུ་བཤད་དོ། །དེ་བས་ན་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་ཞེས་རྒྱུ་རྟེན་དང་འབྲས་བུ་བརྟེན་པ་པོར་བྱེད་པ་ནམ་མཁའ་ལ་ནི་སྟེ་གཞིར་གྱུར་པ་ལ་བརྟེན་ནས་ནམ་མཁའ་སྒོམ་པ་སྟེ། ནམ་མཁའ་བརྟེན་པ་པོར་བྱས་ནས་སྐྱེ་བ་པ་ནི་ཇི་སྲིད་དུ་སྟེ་དེ་ཇི་ལྟར་བ་དེ་ལྟར་དུ་གྱུར་པ་ངོ་མཚར་ལས་བྱུང་བ་ནི་ངོ་མཚར་བསྟན་པའོ། །འདི་ནི་ཤིན་ཏུ་དཀའ་སྟེ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་ཡོད་ན་རང་གིས་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་ཞིང༌། རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་ན་རྒྱུ་འབྲས་ཀྱི་བྱ་བྱེད་ཐམས་ཅད་མེད་པར་སོང་ནས་ཡང་དག་པའི་ལྟ་བ་མི་རྙེད་པའི་ཕྱིར་རོ། །དེས་ན་དེ་གཉིས་ལ་འགལ་འདུ་མེད་པར་རྟོགས་པ་ནི་ཤིན་ཏུ་ངོ་མཚར་བའོ་ཞེས་སྟོན་པ་ཡིན་པས། ལྟ་བ་འཚོལ་བ་ལ་གནད་ཤིན་ཏུ་ཆེ་བར་ཟུངས་ཤིག ། ༈ སྔར་བཤད་པའི་འགལ་བ་ལྟར་སྣང་བ་གཉིས་ནི་གཏན་མི་འགལ་བར་འདུ་བ་ནི། དེ་དེ་:པ་ཚབ:བཞིན་གཤེགས་པ་རྣམས་ཀྱི་བསམ་པ་ཉིད་གསལ་བར་བྱ་བའི་ཕྱིར། ཞེས་


JLD004_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་ལ་ཡང་ཅུང་ཟད་ཅིག་བཤད་དུ་ཡོད་ཀྱང་དེ :ཆག:་བཞིན་གཤེགས་པའི་དགོངས་པ་ཉིད་ཡིན་པར་བསྟན་པ་ནི་ཞེས་ཟེར་བ་ནི་ལེགས་པར་སྣང་སྟེ་འགྱུར་རྙིང་དང་ཡང་མཐུན་ནོ། །བཞིན་གཤེགས་པའི་དགོངས་པ་ཉིད་ཡིན་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་ཅེས་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ་བོད་པའོ། །འདུས་མ་བྱས་པའི་ནམ་མཁའ་ནི་ཆོས་གང་དང་ཡང་སྟེ། བུམ་པ་དང་སྣམ་བུ་ལ་སོགས་པ་གང་དང་ཡང་མི་ལྡན་པ་སྟེ། ལྡན་པ་མ་ཡིན་ཞེས་པ་ཡིན་ལ། དེའི་དོན་ནི་དེ་གཉིས་དབྱེར་མེད་པ་མ་ཡིན་པའོ། །ཏེ། ཐ་དད་པར་ཡང་མི་སྣང་བའི་ཕྱིར་རོ། །ཞེས་པའི་རྒྱུ་མཚན་འདི་ཆག་འགྱུར་ལས་ཀྱང་འདི་བཞིན་འབྱུང་ཡང༌། པ་ཚབ་ཀྱིས་ཐ་དད་པ་ཉིད་དུ་མཐོང་བའི་ཕྱིར་རོ། ཞེས་བསྒྱུར་བ་ལེགས་ལ། དོན་ནི། ནམ་མཁའ་ནི་ཐོགས་པའི་རེག་བྱ་བཀག་ཙམ་ལ་འཇོག་ལ། བུམ་སྣམ་སོགས་ནི་དེ་ལ་མི་འཇོག་པས་དེ་གཉིས་ཐ་དད་དུ་གཞག་དགོས་པའི་ཕྱིར་ཞེས་པའོ། །འོ་ན་དེ་གཉིས་བུམ་སྣམ་བཞིན་དུ་སོ་སོར་གནས་པ་ཞིག་ཡིན་ནམ་སྙམ་ན། མི་ལྡན་པ་ཞེས་པ་ནི་འོག་ནས་ལྡན་པ་དང་བྲལ་བདག་ཀྱང་ཞེས་གསུངས་པས་སོ་སོར་བྲལ་བའི་ངོ་བོ་ཐ་དད་པ་མིན་ཞེས་པའོ། །མི་ལྡན་པ་ཡང་མ་ཡིན་ཏེ། བུམ་སྣམ་ལ་སོགས་པའི་གཟུགས་ཅན་གྱི་དངོས་པོ་ཐམས་ཅད་ནམ་མཁའ་དེའི་བདག་ཉིད་དེ་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དཔེར་བརྗོད་ན། བུམ་པ་སྟོང་པའི་ནང་དེར་ཆུ་ལ་སོགས་པའི་ཐོགས་བཅས་གཞན་བཀག་པ་ཙམ་ཞིག་ཡོད་པ་དེ་ནམ་མཁའ་ཡིན་ལ། བུམ་པ་དང་དེའི་ནང་དུ་ཐོགས་བཅས་གཞན་བཀག་པ་གཉིས་ངོ་བོ་


JLD004_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་ན། བུམ་པ་དེ་ནང་གི་ཐོགས་བཅས་གཞན་བཀག་པ་མིན་པར་འགྱུར་བས་ངོ་བོ་གཅིག་པའོ། །དེས་གཞན་ལའང་ཤེས་པར་བྱའོ། །ནམ་མཁའ་དེ་ཐམས་ཅད་གཏོགས་པ་ནི་ཡོད་པའི་ཆོས་བུམ་པ་ལ་སོགས་པ་རྣམས་ལ་ཡང་ཁྱབ་པ་ཉིད་ཡིན་ལ་བུམ་སོགས་དེ་རྣམས་ཀྱི་ངོ་བོ་ཉིད་ནམ་མཁའ་ལ་གནས་པའང་གཟུགས་ཅན་བཞིན་དུ་རྗེས་སུ་བལྟར་མེད་པ་སྟེ། གཉིས་པོ་དེ་དག་བདག་ལ་ཡོད་དོ་ཞེས་བྱ་བའི་མངོན་པའི་ང་རྒྱལ་ཡང་ནམ་མཁའ་འདི་ལ་མེད་པས་ན་ནམ་མཁའ་དེ་ང་ནི་ཆོས་ཐམས་ཅད་དུ་གཏོགས་ལ། ཐམས་ཅད་ཀྱི་རྗེས་སུ་སོང་བར་བལྟར་མེད་པའོ་སྙམ་དུ་ཡང་མི་སེམས་སོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་དཔེ་གསུངས་ནས། དཔེ་དེ་དང་དོན་ཡང་དག་པར་སྦྱར་བ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་ཆོས་གང་དང་ཡང་མི་ལྡན་པས་ཏེ། མི་ལྡན་པ་ཡང་མ་ཡིན་པ་དེ་བཞིན་དུ་རྨི་ལམ་དང༌། རྨི་ལམ་གྱི་འབྲས་བུ་དག་གི་ལྡན་པ་མེད་པ་དང་མི་ལྡན་པ་བྲལ་བ་དག་ཀྱང་བལྟ་བར་བྱ་སྟེ། འདི་ནི་དཔེ་དོན་སྦྱོར་ཚུལ་དང་པོའོ། །འདི་ལ་སྣམ་བུ་སོགས་ནི་རྨི་ལམ་དང༌། རྨི་ལམ་གྱི་འབྲས་བུ་གཉིས་ཀྱི་དཔེའོ། །ནམ་མཁའ་ནི་དེ་གཉིས་ཀྱི་དེ་ཁོ་ན་ཉིད་ཀྱི་དཔེའོ། །དེས་ན་རྨི་ལམ་དང་དེའི་འབྲས་བུ་གཉིས་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དང་དབྱེར་མེད་པའི་གཅིག་མ་ཡིན་ཏེ། གཅིག་ཀུན་རྫོབ་བདེན་པ་དང་གཅིག་ཤོས་དོན་དམ་བདེན་པ་ཡིན་པའི་ཕྱིར་རོ། །ངོ་བོ་ཐ་དད་པའི་མི་ལྡན་པ་ཡང་མ་ཡིན་ཏེ། དེ་གཉིས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་སྦྱར་ཏེ། ཆོས་ཅན་དང་ཆོས་ཉིད་གཉིས་དབྱེར་མེད་ཀྱི་གཅིག་ཡིན་པ་དང༌། ངོ་བོ་ཐ་དད་པ་བཀག་ནས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་བསྟན་ནོ། །འོ། །དཔེ་དོན་སྦྱོར་ཚུལ་གཉིས་པ་


JLD004_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ནི་ཇི་ལྟར་ནམ་མཁའ་ཆོས་ཐམས་ཅད་དུ་གཏོགས་པ་དང༌། ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་མི་སེམས་པ་བཞིན་དུ། རྨི་ལམ་དང་དེའི་འབྲས་བུ་ཡང་དེ་དང་འདྲའོ་ཞེས་བསྟན་པར་བྱ་བའི་ཕྱིར། །ལྟ་བུ་ནི་རྣམ་པར་ཡང་བསྒྱུར་བས་ཆོག་པས་རྨི་ལམ་ལྟ་བུ་སྟེ་རྣམ་པ་དང་རྨི་ལམ་གྱི་དམ་ཚིག་ལས་བྱུང་བ་ནི་རྨི་ལམ་གྱི་འབྲས་བུར་རྗེས་སུ་སྟེ་འདྲ་བར་རྟོགས་པར་བྱའོ། །ཞེས་བྱ་བ་གསུངས་སོ། །འདི་ལ་དཔེ་དོན་སྦྱོར་ཚུལ་གཉིས་ལས། གཅིག་ནི་ཇི་ལྟར་ནམ་མཁའ་གཟུགས་ཅན་ཀུན་ལ་སོང་བ་དང༌། དེ་བལྟར་མི་མངོན་པ་བཞིན་དུ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རྨི་ལམ་དང་། དེའི་འབྲས་བུའི་ཆོས་ཀུན་ལ་ཁྱབ་པ་དང་། ཁྱབ་ཀྱང་དེ་བལྟར་མི་མངོན་པར་ཤེས་པར་བྱའོ། །གཅིག་ནི་ནམ་མཁའ་དེ་ཆོས་གཉིས་པོ་དེ་ཡིན་ཀྱང་དེ་གཉིས་ཡིན་ནོ་སྙམ་དུ་མི་ལྟ་བ་དེ་བཞིན་དུ། ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་དོན་དམ་མངོན་སུམ་དུ་རྟོགས་པའི་ཚེ། རྟོག་པ་གང་ཡང་མེད་པ་དང་། གཉིས་ཀྱི་སྣང་བ་རྣམས་ཉེ་བར་ཞི་བར་ཤེས་པར་བྱའོ། ༈ །རྨི་ལམ་སོགས་དེ་ཉིད་ཀྱི་རྣམ་པར་དག་པ་རང་བཞིན་མེད་པས་ཆོས་གཞན་ཀུན་ལ་ཡང་ཁྱབ་པར་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་བརྟག་ཏུ་མེད་ཅིང་བལྟར་མི་སྣང་བ་དེ་བཞིན་དུ་རྨི་ལམ་གྱི་ངོ་བོ་ཉིད་ཀྱང་དེ་དང་འདྲ་སྟེ། བརྟག་ཏུ་མེད་པ་ནི་མིག་ལ་སོགས་པའི་དབང་པོས་གང་ཡུལ་དུ་བྱར་མེད་པའོ། །ཐོགས་པ་མེད་པ་ནི་རྩིག་པ་ལ་སོགས་པ་ལ་རྡུགས་པ་མེད་དོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་


JLD004_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཤེས་པར་བྱ་ན།ཡོངས་སུ་ཤེས་པར་བྱ་ཚུལ་ནི། སྔར་རྨི་ལམ་དང་དེའི་འབྲས་བུ་གཉིས་ལ་ནམ་མཁའ་དཔེར་བླངས་ཏེ་བཤད་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །རྨི་ལམ་དང་རྨི་ལམ་གྱི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་གཏན་ལ་འབེབས་པ་འདི། སྔར་བསྟན་པ་དེ་ཙམ་དུ་མ་ཟད་སླར་ཡང་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་སེམས་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །ཆོས་ཐམས་ཅད་ནི་སྣོད་ཀྱི་འཇིག་རྟེན་ནོ། །བརྗོད་བྱའི་ཡུལ་ལ་རྡོ་རྗེ་ལྟར་མི་བཟློག་པར་འཇུག་ལ་བརྗོད་བྱ་དང་རྗོད་བྱེད་དུ་གནས་པ་དེ འི་དམ་ཚིག་ནི་དེ་ལས་འདར་མེད་པ་ནི་ངག་གི་རང་བཞིན་མ་ལུས་པ སྟེ་དེས་ཇི་སྙེད་ཅིག་བརྗོད་དོ་ཅོག་ཐམས་ཅད་དོ་འོ་། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ནི། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་ཁྱབ་པའོ། །ཆོས་དེ་རྣམས་ངོ་བོ་ཉིད་གཅིག་པ་ནི་རང་བཞིན་གྱིས་གྲུབ་པས་སྟོང་པའི་མཚན་ཉིད་དེ་རང་བཞིན་གཅིག་པ་སྟེ་མཚུངས་པ ར་ཤེས་པར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་རང་བཞིན་དེ་ཇི་ལྟར་བུ་ཡིན་པ་མཚན་གཞི་གཅིག་ལ་སྟོན་པ། །སེམས་ཀྱི་ངོ་བོ་ཉིད་ནི་སེམས་ཀྱི་རང་བཞིན་ནོ། །ཞེས་པ་ནི་སྔར་སེམས་རང་བཞིན་མེད་པར་གཏན་ལ་ཕབ་པའོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ། དེ་དང་ནམ་མཁའི་ཁམས་ཏེ། གཉིས་པོ་དེ་དག་ནི་དོན་ཡིན་ལུགས་ལ་གཉིས་སུ་མེད་ཅིང་བློས་ཀྱང་དེ་ལྟར་གཉིས་སུ་བྱར་མེད་པས། ཐ་དད་པ་མེད་པའི་མཚན་ཉིད་ཅན་ནོ། །འདིར་སྔར་བསྟན་པ་ལས་ཁྱད་པར་ལྷག་པོ་ཅི་ཞིག་བསྟན་ཞེ་ན། དཔེར་ན་ནམ་མཁའ་ནི་རང་གི་དགག་བྱ་ཐོགས་པའི་རེག་བྱ་བཀག་ཙམ་ལ་འཇོག་པ་བཞིན་དུ། ཆོས་ཅན་སོ་སོ་བ་མཐའ་ཡས་ཀྱང༌། དེ་རྣམས་ཀྱི་དེ་ཁོ་ན་ཉིན་ནི་བདེན་པ་རྣམ་པར་བཀག་ཙམ་ལ་འཇོག་པ་འདི་ཉིད་ལ་ངེས་པ་བསྐྱེད་པ་ཡིན་ལ། ནམ་མཁའ་དང་འདྲ་བར་འཆད་ལུགས་ཁྱད་པར་བ་ཡོད་དོ། །


JLD004_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི། སྔར་བཤད་པའི་དོན་འདི་ཉིད་རྣམ་པར་འགྲེལ་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པའོ། །དེ་ནི་ནམ་མཁའ འི་ཁམས་ལ་གནས་ཏེ་ཞེས་པ་ནི་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། ཞེས་གསུངས་པ་ལྟར་རོ། །འདུས་མ་བྱས་པའི་ནམ་མཁའི་ཁམས་དེ་ནི། འདོད་པའི་ཁམས་ལ་སོགས་པ་ལ་རྟེན་དང་བརྟེན་པའི་རང་གི་མཚན་ཉིད་ཀྱིས་གནས་པ་མ་ཡིན་ནོ། །དེ་བས་ན་ཆོས་གང་དེ་ལྟར་ཁམས་གསུམ་ན་མི་གནས་པ་དེ་ནི་རང་བཞིན་གྱིས་སྐྱེ་བ་མེད་དོ། །ཆོས་གང་ལ་རང་བཞིན་གྱིས་སྐྱེ་བ་མེད་པའི་ཆོས་འདི་ནི་ཆོས་གང་གིས་ཀྱང་སྟེ། ངོ་བོ་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་གང་དང་གང་གིས་ཀྱང་བརྟག་པར་མི་ནུས་ཤིང་འཇོག་པར་མི་ནུས་ཏེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཤིན་ཏུ་དབྱེར་མེད་པའོ། །དེ་བས་ན་སྟེ་སེམས་ཅན་རྣམས་ནམ་མཁའ་ལ་གནས་པ་དང༌། ནམ་མཁའ་ལ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་ཅུང་ཟད་ཀྱང་མེད་པའི་ཚུལ་དེ་ལྟར་ཆོས་ཐམས་ཅད་ཀྱང་བདེན་པས་སྟོང་པའི་སྟོང་པ་ལ་གནས་པ་དང༌། བདེན་སྟོང་ལ་ཡང་རང་གི་མཚན་ཉིད་ཀྱིས་


JLD004_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མེད་པར་བྱས་ན་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། འོད་གསལ་བའི་ངོ་བོ་ཉིད་དོ། །འདིས་ནི་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ། ཞེས་གསུངས་པ་བཞིན་དུ། གང་ལ་གནས་པའི་རྩ་བ་མཐར་གཏུགས་པ་བདེན་པར་གྲུབ་པ་མེད་པར་བསྟན་ནོ། །དེ་ལྟར་ན། རང་སེམས་རྣམས་ནི་དམིགས་པ་ལ། ཞེས་པ་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་པའི་བར་གྱིས་དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་བོ། །འདུས་པར་སྟོང་ཉིད་གཏན་ལ་ཕབ་པ་འདིར་འབྱུང་བ་བཞིན་དུ་ལེའུ་གཞན་གང་ལས་ཀྱང་མི་འབྱུང་ཞིང༌། དངོས་གྲུབ་རླབས་ཆེ་བ་གཉིས་གང་སྒྲུབ་ཀྱང་སྒྱུ་མ་ལྟ་བུར་རྟོགས་པ་མེད་ན་མི་འགྲུབ་པར་ལེའུ་འདིའི་མཚམས་སྦྱོར་གྱི་སྐབས་སུ་གསུངས་པས་ཚིག་དོན་རྣམས་འཕགས་པ་ཡབ་སྲས་ཀྱི་བཞེད་པ་བཞིན་དུ་ཟུར་ཕྱིན་པར་བཀོད་དོ། །རྒྱུད་ཀྱི་རྒྱལ་པོ་ལས། འདི་ལྟར་གསུངས་པ་ཤེས་པར་བྱས་ནས་ཟབ་མོ་དབུ་མའི་ལྟ་བ་ཕུ་ཐག་གཅོད་པ་ལ་འབད་པར་བྱའོ། ༈ །ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའོ། །དེ་རྣམས་ཀྱི་ཡེ་ཤེས་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའོ། །དེའི་འབྱུང་བར་བྱེད་པ་རྡོ་རྗེའི་གནས་ལྟ་བུ་ནི། རྡོ་རྗེའི་གནས་ལྟ་བུའི་རང་བཞིན་ཏེ། བྱང་ཆུབ་ཀྱི་སེམས་ཉིད་དོ། །འདིས་ནི་སྔར་བཤད་པའི་ལྟ་བ་གཏན་ལ་ཕབ་ནས། དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པའི་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་ཤིན་ཏུ་ངོ་མཚར་བའི་སྒྱུ་མའི་སྐུ་བསྒྲུབ་པར་བསྟན་ཏེ། སྔར་བཤད་པ་ལྟར་གྱི་ལྟ་བ་ལ་རྣལ་འབྱོར་བླ་མེད་པ་དང༌། ཕར་ཕྱིན་གྱི་དབུ་མ་པ་དང༌། རྒྱུད་སྡེ་འོག་མ་གསུམ་ལ་ཞུགས་པ་དང༌ཁྱད་པར་མེད་ཀྱང་དེ་ཁོ་ན་ཉིད་རྟོགས་ཟིན་གྱི་དོན་བསྒོམ་པ་ནི། ཐམས་ཅད་སྟོང་པའམ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་བསྒོམས་པ་ན། ལམ་ཐུན་མོང་མ་ཡིན་པར་འགྱུར་བའི་ཚུལ་ལེགས་པར་ཤེས་


JLD004_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི། རིམ་ལྔ་གསལ་སྒྲོན་དུ་རྒྱས་པར་བཤད་ཟིན་ཏོ། །བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས་ཏེ། འདོད་པའི་ཁམས་ན་མི་གནས་སོ། །ངག་ལ་མི་གནས་ཏེ། གཟུགས་ཀྱི་ཁམས་ན་མི་གནས་སོ། །སེམས་ལ་མི་གནས་པ་སྟེ་གཟུགས་མེད་པའི་ཁམས་ན་ཡང་མི་གནས་སོ། །དེ་ལྟར་ཆོས་གང་ཁམས་གསུམ་ན་མི་གནས་པ་ནི་བྱང་ཆུབ་ཀྱི་སེམས་གནས་པ་པོ་དང༌། ཁམས་གསུམ་གནས་སུ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཚུལ་གྱིས་མི་གནས་པའོ། །དེ་ནི། རང་བཞིན་གྱིས་སྐྱེ་བ་མེད་པའོ་དོ་། །གང་ཁམས་གསུམ་ན། ངོ་བོ་ཉིད་ཀྱིས་མི་གནས་པའི་མཚན་ཉིད་ཅན་ཡོངས་སུ་ཤེས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འབྱུང་བར་བྱེད་པའི་རྡོཁ་རྗེའི་ཞེས་པ་ནི་གནསཀ་ཏེ། མིག་ཕྱེད་ཅིང་མི་སླུ་བའི་འབྱུང་གནས་སུ་སྟོན་ནོ་སོ་། ༈ །དེ་ལྟར་རྨི་ལམ་ལ་ངོ་བོ་ཉིད་མེད་པའི་དཔེ ས་དངོས་པོ་གཞན་རྣམས་ཀྱི་ངོ་བོ་ཉིད་མེད་པར་ངེས་པར་བརྟགས་ནས།ཞེས་པ་ནི་སྔར་བཤད་པ་ལྟར་ལྟ་བ་གཏན་པ་ཕབ་པའོ། །དེ་འདྲ་བའི་སྟོང་ཉིད་རྟོགས་པ་དང༌། སྒྱུ་མ་ལྟ་བུར་རྟོགས་པ་ནི། ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་དང༌། རིམ་པ་དང་པོ་དང་ཐུན་མོང་བ་ཡིན་པས་སྤྱི་དོན་གྱི་སྟོང་ཉིད་རྟོགས་པ་དང༌། སྤྱི་དོན་གྱི་སྒྱུ་མའི་ཏིང་ངེ་འཛིན་ཡིན་པས། དེ་དང་སྦས་པ་དང༌། མཐར་ཐུག་གི་འོད་གསལ་དང༌། སྒྱུ་མའི་སྐུ་རྣམས་གཏན་མི་འདྲ་བས་ལེགས་པར་ཕྱེད་པར་བྱའོ། །གཞན་ཡང་རྨི་ལམ་དང་སྒྱུ་མ་ཙམ་ལ་དམིགས་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ཁམས་གསུམ་དུ་ཞེས་པ་སྟེ། སེམས་ཅན་


JLD004_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྲིང་ཐ་མ་རྣམ་པ་གསུམ་ལ་རྨི་ལམ་མཐོང་བར་བྱའོ་ཞེས་པ་སྟེ། རྨི་ལམ་གྱི་འབྲས་བུ་བརྟག་པར་བྱའོ། །སྙམ་པ་རྨི་ལམ་གྱིས་ཀུན་ཏུ་རྟོག་པར་མི་འགྱུར་རོ། །མི་སྟེ་རྨི་ལམ་རྨི་མཁན་ཡང་བདག་གིས་རྨི་ལམ་མཐོང་བར་བྱའོ་ངོ་སྙམ་དུ་གསོལ་བ་འདེབས་པར་མི་འགྱུར་རོ། །ཞེས་པ་ནི་རྨི་ལམ་གང་རྨིས་ཐམས་ཅད་རྨི་བ་པོའི་འདུན་པའི་དབང་གིས་མ་ཡིན་ཞེས་པའི་དོན་ནོ། །དེ་ལྟར་བློ་སྔོན་དུ་གཏོང་བའི་བྱེད་པ་པོ་མེད་པར་འབྱུང་བའི་རྟེན་འབྲེལ་ཙམ་ཡིན་པ་དེ་བས་ན་ཁམས་གསུམ་གྱི་བྱ་བ་སྟེ་སེམས་ཅན་གྱི་ཚོགས། རབ་འབྲིང་ཐ་མ་རྣམ་པ་གསུམ་གྱི་གཉིད་མ་ལོག་པའི་གནས་སྐབས་ཀྱི་དགེ་བ་དང་མི་དགེ་བའི་བྱ་བ་རྣམས་ཀྱང་རྨི་ལམ་ལྟ་བུ་སྟེ། རྨི་ལམ་དང་མཚུངས་པར་མི་བདེན་པ་དང༌། རྨི་ལམ་དང་འདྲ་བ་སྟེ་དེ་ནི་རྨི་ལམ་ལྟར་མི་བདེན་ཀྱང་རྒྱུ་སྣ་ཚོགས་པ་ལས་འབྲས་བུ་སྣ་ཚོགས་འབྱུང་བ་དང༌། རྨི་ལམ་ལས་བྱུང་བ་སྟེ་རྨི་ལམ་གྱི་སྟེ་བརྫུན་པའི་ངོ་བོ་ཉིད་སྟོན་ཏོ། །ཁམས་གསུམ་པའི་བྱ་བ་རྣམས་རྨི་ལམ་དང་འདྲ་བའི་དཔེ་དེ་བཞིན་དུ་རྣམ་པ་འམ་ཚུལ་འདིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཏེ། རྫོགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་སྟེ་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་རྣམས་དང༌། སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་སྟེ། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེད་པ་རྣམས་ཏེ། དེ་དག་ཀྱང་རྨི་ལམ་དུ་ཤར་བའི་གང་ཟག་ལ་ངར་འཛིན་པའི་བདག་གི་མེདཁ་པ དང་འི་གནསཀ་སུ་རྗེསག་སུ་སྟེ་འདྲ་བར་རྟོགས་


JLD004_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། རྨི་ལམ་དང་འདྲ་བར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པར་ཁོང་དུ་ཆུད་པར་བྱའོ། །འོ་ན་སྔར་ཁམས་གསུམ་པའི་བྱ་བ་ཐམས་ཅད་རྨི་ལམ་བཞིན་དུ་བཤད་ཟིན་མ་ཐག་ཏུ། སླར་ཡང་སེམས་ཅན་ཐམས་ཅད་རྨི་ལམ་དང་འདྲ་བར་བཤད་པ་འདི་མི་དགོས་སོ་སྙམ་ན། སྔ་མ་དང་འདི་གཉིས་རྨི་ལམ་དཔེར་ལེན་པར་འདྲ་ཡང་ལེན་ཚུལ་མི་འདྲ་སྟེ། སྔ་མས་ནི་ཆོས་གཞན་རྣམས་དང་རྨི་ལམ་གཉིས་མི་བདེན་པར་འདྲ་བར་སྟོན་ལ། འདིར་དག་མ་དག་གི་གང་ཟག་ཏུ་འདོགས་པའི་གཞི་ཐམས་ཅད་མཐར་གཏུགས་ན་རླུང་སེམས་ཙམ་གྱི་ལུས་སུ་ཟད་པ་རྨི་ལམ་དུ་ཤར་བའི་གང་ཟག་དང་འདྲའོ་ཞེས་སྟོན་པས་སྔ་མ་དང་ཁྱད་པར་ཤིན་ཏུ་ཆེའོ། །འདི་ཡང་རགས་པ་གནས་སྐབས་པའི་ལུས་དང༌། ཕྲ་བ་གཉུག་མའི་ལུས་གཉིས་ལུང་དང་རིགས་པས་སོ་སོར་ཕྱེད་པ་ལ་རག་ལས་ཏེ། གསལ་སྒྲོན་དུ་རྒྱས་པར་བཤད་ཟིན་ཏོ། །དེ་ལྟར་ཤེས་ན་སྒྱུ་མའི་སྐུ་དེ་གང་ལས་སྒྲུབ་པའི་སྒྲུབ་གཞིའི་སྒྱུ་ལུས་དང༌། དེ་ལས་སྒྲུབ་པའི་སྒྱུ་ལུས་ལེགས་པར་ཤེས་པར་འགྱུར་བས། གཞུང་འདི་རྣམས་སྤྱོད་བསྡུས་ལས་ཀྱང༌། སྒྱུ་ལུས་སྟོན་པ་ལ་དྲངས་སོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་:པ་ཚབ:ཤེས་པར་བྱ་ཞེས་དང༌། གནས་པར་ཁོང་དུ་ཆུད་པར་བྱ། ཞེས་པ་ནི་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུས་ཁྱབ་པར་བསྟན་པ་ཞེས་དང་འགྲིག་ལ། གནས་པས་:ཆག:ཤེས་པར་བྱ། ཞེས་པ་ནི་རིམ་ལྔ་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་པར་མཐོང༌། ཞེས་གསུངས་པ་དང་མཐུན་ཏེ། ཚུལ་གཉིས་ཀ་ཁས་ལེན་པས་མི་འགལ་ལོ། ༈ །དེ་ལྟར་ཡིད་ཀྱི་རང་


JLD004_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ལྷའི་སྐུས་ཁྱབ་པར་རབ་ཏུ་བསྟན་ནས། སྒྱུ་མའི་སྐུ་དེའི་ངོ་བོ་ཉིད་རྡོ་རྗེ་འཆང་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། འཇིག་རྟེན་པའི་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་ཁྱད་པར་དུ་འཕགས་པ་སྟེ། མངོན་པར་འདོད་པ་སྟེར་བའི་ཕྱིར་ལྷ་དང་མི་དང་མི་མ་ཡིན་པའི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང༌། སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་བཏབ་ན། གསེར་ལ་སོགས་པ་དེ་བསམས་པ་ཙམ་གྱིས་ཏེ། མངོན་པར་འདོད་པ་ཙམ་གྱིས་གང་འབྱོར་པར་བྱེད་དེ། རིན་པོ་ཆེ་ལ་སོགས་པ་དེ་དག་འབྱུང་བ་ནི། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ན་གསོལ་བ་འདེབས་པའི་སེམས་ཅན་རྣམས་ཀྱི་སེམས་ལས་ཀྱང་མ་བྱུང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་མ་འོངས་སོ། །དཔེ་དེ་བཞིན་དུ་ཆོས་ཐམས་ཅད་དེ་སྒྱུ་མའི་མཚན་ཉིད་ཅན་དུ་རྟོགས་པར་བྱ་ཞེས་སྦྱར་རོ། །དང་སངས་རྒྱས་ཏེ་རྫོགས་པ་དང༌། མ་རྫོགས་པའི་སེམས་ཅན་གྱི་ཚོགས་སོ། །དེ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆོས་ནི་ལྷའི་འཁོར་ལོ་རྣམས་ཀྱི་རྒྱུར་གྱུར་པ་དྲུག་པ་སྟེ། དེ་ལས་དངོས་གྲུབ་ཐམས་ཅད་། འབྱུང་བ་ཡང་རྗེས་སུ་སྟེ་དེ་དང་འདྲ་བར་སྒྱུ་མ་ལྟ་བུ་རྟོགས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །རབ་ཏུ་དགྱེས་པའི་སྤྱན་གདངས་ནས། ཞེས་པ་ནི། དགའ་བ་རྒྱ་དཔེ་ཁ་ཅིག་ལས། དགའ་བ་ལྔ་དང་ལྡན་པས་སྤྱན་རྒྱས་པར་གྱུར་པའོ། །ཞེས་པ་ལྟར་ན། དབང་པོ་ལྔ་དགའ་ཞིང་བདེ་བའོ། །ཆེན་པོ་དང་ལྡན་པས་སྤྱན་རྒྱས་པར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་


JLD004_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུགས་རྡོ་རྗེ་ནི། རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ལ་འདི་སྐད་ཅེས་གསོལ་པའོ། །བཅོམ་ལྡན་འདས་གང་ཞེས་པ་ནི་གང་ངོ་མཚར་དུ་གྱུར་པའོ། །ནམ་མཁའི་རྗེས་སུ་འབྲང་བའི་ཆོས་རྣམས་ཐམས་ཅད་ལ་ཞེས་པ་ནི། ནགམ་མཁ འི་ཁམས་ཀྱི་རྗེས་སུ་འབྲང་བ་སྟེ་དེ་དང་མཚུངས་པར་ས་སྟོང་པ་ཉིད་དུ་རོ་གཅིག་པས་ཁྱབ་པ་དང་འི་གཀང་ཆོས་རང་གི་ངོ་བོས་མི་གནས་པ་ཁཐམས་ཅད་ལའོ། །གསངས་རྒྱས་ཀྱི་ཆོས་རྣམས་ནི་ཡེ་ཤེས་ཀྱི་སྐུ་སྟེ་སྒྱུ་མའི་ལུས་གསྒྱུ་མའི་ལུས་དེ་རྣམས་བསྡུ་བ་སྟེ་གང་ཟག་ཏུ་འདོགས་པའི་གཞི་ཐམས་ཅད་མཐར་གཏུགས་ན་རླུངས་སེམས་ཙམ་གྱི་ལུས་སུ་འདུ་བ་སྟེ། འོད་གསལ་དང་སྒྱུ་ལུས་སྒྲུབ་ཚུལ་ལ་ངོ་མཚར་སྐྱེས་པའོ༡། །ཀདེ འི་རྗེས་སུ་འབྲང་བཁནི་ར་འགྱུར་ཞིང་འགྲོ་བར་འགྱུར་རོ། །༢ངོ་མཚར་དུ་གྱུར་པ་ནི་རྨད་དུ་བྱུང་བའོ། །དེ་ལྟར་སྤྲོ་བ་བསྐྱེད་ནས་དེའི་འོག་ཏུ་ཅི་ཞིག་བྱས་པར་འགྱུར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོའི་ཞབས་གཉིས་ལ་བཏུད་ཅིང་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱེད་ཀྱིས་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་མདོར་བསྡུས་ཏེ་གསུངས་པ་ཞེས་བྱ་བ་སྟེ། སྔགས་ནི་འཕྲེང་བའི་སྔགས་ལ་སོགས་པའོ། །རྡོ་རྗེ་ནི་བསམ་གཏན་ཏེ་དེས་བྱས་པའི་དངོས་གྲུབ་རྣམས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་


JLD004_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་རྣམས་ཀྱི་མདོ་བསྡུས་པ་སྟེ། ཚོགས་གང་གསུངས༌ཤིང་བཤད་པའི་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་མདོ་བསྡུས་པའི་དངོས་གྲུབ་དེ་དག་གང་ལ་གནས་ཞེས་བྱ་བ་ནི་ཞུས་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། ཕྱག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། དེ་ལ་འདི་སྐད་ཅེས་གསུངས་ཏེ། བཅོམ་ལྡན་འདསཀ་གང་ན་ཡང་མི་གནས་སོ་ཞེས་པ་འགྱུར་གསར་གཉིས་ལ་མེད་དོ། །གང་ན་ཡང་མི་གནས་སོ།ཁཞེས་བྱ་བ་ལ་སོགས་པའོ། །སྔགས་ཐམས་ཅད་ཀྱི་རྡོ་རྗེའི་མདོ་བཏུས་པའི་དངོས་གྲུབ་ཅེས་བྱ་བ་ལ། སྔགས་ཐམས་ཅད་ནི་སྒྲུབ་པ་པོ་རྣམས་ཏེ། དེ་རྣམས་ཀྱི་ལུས་དང་ངག་དང་སེམས་ལ་ཡང་རེ་ཤིག་གནས་པར་མི་འགྱུར་རོ། །དེ་བས་ན་གང་ན་ཡང་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནི། རྒྱུ་རྒྱུ :ཆག:་གང་གི་ཕྱིར་ཞེ་ན། དོན་དམ་པ་ལས་ཏེ་རང་གི་ལུས་ལ་སོགས་པ་དང༌། སྔགས་ལ་སོགས་པའི་དངོས་གྲུབ་རྣམས་དོན་དམ་པར་ན་གདོད་མ་ནས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་པའི་ལྷག་མ་སྒྲུབ་པ་སྦས་པའོ། །ཞེས་པ་ལྟར་བྱ་དགོས་སོ། །དོན་ནི་རྒྱུད་དུ། དེ་ཅིའི་ཕྱིར་ཞེ་ན། ཞེས་སྒྲུབ་བྱེད་དྲིས་ནས་འགྲེལ་པ་ལྟར་ལྷག་མ་སྒྲུབ་བྱེད་མ་གསུངས་པ་ནི་སྦས་པའམ་གསང་བའོ། །འདི་ཡང་ཤུགས་ཀྱིས་ཤེས་ནུས་པས་མ་བསྟན་པའམ་སྦས་པའམ་གསང་བ་ཞེས་པའོ། །གང་གི་ཕྱིར་ཞེས་པ་སྟེ། དོན་དམ་པར་བདག་གི་ལུས་ལ་སོགས་པ་དང༌། སྔགས་ལ་སོགས་པའི་དངོས་གྲུབ་དོན་དམ་པར་ངོ་བོ་ཉིད་མེད་པར་རབ་གྲུབ་པའོ། །གསང་བ་ནི་རྣམ་པ་ཐམས་ཅད་དུ་མེད་པར་གསུངས་པའོ། །དེ :ཆག:་ལྟར་


JLD004_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ན་དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི་རྣམ་པ་ཐམས་ཅད་དུ་མེད་དོ་ཞེ་ན། གསུངས་པ། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། ཞེས་འབྱུང་སྟེ་དོན་ནི་དོན་དམ་པར་མེད་ན་མེད་པར་བསམས་པ་སྟེ། ཡོད་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ལོག་རྟོག་གོ ། ༈ འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཀུན་རྫོབ་ཀྱི་བདེན་པར་ཞེས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པར་སྟོན་པ་མིན་གྱི། ཐ་སྙད་པའི་ཚད་མའི་ངོར་ཡོད་པའོ། །དངོས་གྲུབ་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་བདག་གི་ལུས་དང་ངག་དང༌། སེམས་རྡོ་རྗེ་ལ་ནི་གནས་པ་སྟེ་དེ་ལ་བརྟེན་ནས་འབྱུང་ངོ་ཏེ་དངོས་གྲུབ་ཀྱི་རྟེན་རང་གི་ལུས་དང་ངག་དང་སེམས་རྡོ་རྗེའི་ངོ་བོ་ཉིད་ནི་ཡོད་དོ། །ཞེས་པས་དོན་དམ་པར་མེད་པ་དང་། རང་གི་ངོ་བོ་ཉིད་ཡོད་པ་གཉིས་མི་འགལ་བར་སྟོན་ལ། གསུམ་པ་དེ་དག་གི་ངོ་བོ་ཉིད་འགོག་པ་ལ་དོན་དམ་པར་ཞེས་པའི་ཁྱད་པར་ཡང་སྦྱར་དགོས་པར་སྟོན་ནོ། ༈ །དེ་ལྟར་ལུས་ལ་སོགས་པ་ཡོད་པར་བསྟན་པ་ན། ཡོད་པ་དེ་རང་བཞིན་གྱིས་ཡོད་པར་བཟུང་ནས་དེ་ལྟར་ན་ནི་ལུས་ལ་སོགས་པ་ཡོད་པ་ཉིད་པས་དེ་ལ་བརྟེན་ནས་འབྱུང་བ་པ་འི་དངོས་གྲུབ་རྣམས་ཀྱང་རང་བཞིན་གྱིས་ཡོད་པའི་ཚུལ་གྱིས་དམིགས་སུ་ཡོད་དོ་ཞེ་ན། དེ་བཟློག་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལ་སོགས་པ་དེ་དག་ཀྱང་འདོད་པའི་ཁམས་ལ་སོགས་པ་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཚུལ་གྱིས་མི་གནས་སོ། །ཁམས་གསུམ་ན་མི་གནས་པ་ཉིད་དུ་བསྟན་ནས། ཕན་ཚུན་བརྟེན་པར་གྱུར་པ་དག་ཀྱང་དགག་པར་བྱ་བའི་ཕྱིར། སེམས་


JLD004_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལུས་ལ་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སེམས་ཀྱང་ལུས་ལ་མི་གནས་ཏེ། ལུས་ཀྱང་སེམས་ལ་མི་གནས་ཞེས་པ་ནི། གཉི་ག་ཡང་རྟེན་དང་བརྟེན་པ་དགག་པའོ། །དེ་བཞིན་དུ་ངག་ཀྱང་སེམས་ལ་མི་གནས་ལ། སེམས་ཀྱང་ངག་ལ་མི་གནས་སོ། །དེ་བཞིན་དུ་ངག་ཀྱང་ལུས་ལ་མི་གནས་ལ། ལུས་ཀྱང་ངག་ལ་མི་གནས་སོ་ཞེས་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསུམ་པོ་དེ་དག་ནམ་མཁའ་ལྟར་དོན་དམ་པར་ངོ་བོ་ཉིད་དག་པའི་ཕྱིར། གསུམ་པོ་དེ་དག་ཀྱང་ཕན་ཚུན་རྟེན་དང་བརྟེན་པ་ཉིད་དུ་མེད་པའི་ཕྱིར་རོ། །ཚུལ་དེ་ལྟར་ཡོད་པ་དང་རང་བཞིན་གྱིས་མེད་པའི་ཚུལ་མང་དུ་གསུངས་པ་ན། རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་ཕྱིན་ཆད་ངོ་བོ་ཡེ་མེད་པ་དང༌། ཡོད་ཕྱིན་ཆད་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པས་ཡང་དག་པའི་ལྟ་བ་མི་རྙེད་པས་དེ་གཉིས་མི་འགལ་བ་ལ་ནན་ཏན་ཆེར་མཛད་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་པ་དེ་ལ་འདི་སྐད་ཅེས་གསོལ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་འཛིན་ཆོས་ཀྱི་སྐད་དོད་དྷརྨ་ལ། དྷ་ར་ནི་འཛིན་པའོ། །པར་བྱེད་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཏེ་དྲུག་པའོ། །དེ་གང་ན་གནས་གང་ནས་བྱུང་ཞེས་བྱ་བ་ནི་ཞུས་པའོ། །རང་གི་ལུས་དང་ངག་དང་སེམས་ལས་བྱུང་ངོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོས་གསུངས་པ་སྟེ། རང་གི་ལུས་དང་ངག་དང་སེམས་ལས་བྱུང་བའོ། །དེའི་ཕྱིར་འབྲས་བུའི་ས་ན་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། སེམས་གང་ན་གནས་


JLD004_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་ནི་ཞུས་པ་སྟེ། འབྲས་བུ་དེ་གང་ལས་འབྱུང་བའི་ལུས་ངག་གཉིས་ནི་སེམས་ཀྱི་གཞན་དབང་ཅན་ཡིན་པས་དེ་གཉིས་ལ་མ་དྲིས་པར་སེམས་གང་ན་གནས་ཞེས་པ་ནི། སེམས་ལ་མཐར་གཏུགས་པའི་རྟེན་རང་བཞིན་གྱིས་གྲུབ་པ་ཡོད་དམ་ཞེས་འདྲི་བའོ། །ཐུགས་རྡོ་རྗེ་གང་ན་གནས་ཞེས་པའོ། །ནམ་མཁའ་ལ་གནས་སོ་ཞེས་པ་ནི། རྡོ་རྗེ་འཆང་བས་ལན་གསུངས་པ་སྟེ། འོད་གསལ་བ་ལ་གནས་པའོ། །ཞེས་པ་ནི་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་གནས་པར་སྟོན་པའོ། །ནམ་མཁའ་སྟེ་འོད་གསལ་བ་གང་ན་གནས་ཞེས་བྱ་བ་ནི་དེ་ལ་ཡང་རྟེན་རང་བཞིན་གྱིས་གྲུབ་པ་ཡོད་དམ་ཞེས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བའོ། །གང་ན་ཡང་མི་གནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། འོད་གསལ་བ་དེ་ནི་གང་ན་ཡང་མི་གནས་ཏེ། བདག་ཉིད་ལ་གནས་སོ་ཞེས་བྱ་བའི་བར་དུའོ། །ཞེས་པ་ནི་རྟེན་དེ་ལྟ་བུ་ལ་གང་ན་ཡང་སྟེ་འགར་ཡང་མི་གནས་ཀྱི། རང་གི་བདག་ཉིད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཁོ་ན་ལ་གནས་སོ་ཞེས་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པར་བྱེད་པའི་ཚིག་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་པ་ནི་རྒྱུ་ལའོ། །རྨད་དུ་གྱུར་བ་ནི་འབྲས་བུ་ལའོ། །རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ནི་རང་གི་སེམས་ཀྱི་རོལ་པ་ལ་གནས་པ། །སེམས་ཤིང་ཞེས་པ་ནི་གསུངས་པའི་དོན་ལ་དམིགས་པ ས་འོ་། །ཐེ་ཚོམ་ཆོད་པའི་ཕྱིར་རོ། །ཅང་མི་སྨྲ་བར་འཁོད་པ་ནི་ཅང་མི་སྨྲ་བར་གྱུར་


JLD004_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གྱུར་ཏོ་ཞེས་བྱ་བ་ནི་བྱུང་བའོ། ༈ །རྒྱུ་བ་བཅུད་དང་མི་རྒྱུ་བ་སྣོད་ཀྱི་འི་བདག་ཉིད་ནི་དེ་གཉིས་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ། །ཅན་ནི་སྟོང་པ་དེའི་ངོ་བོ་ཅན་གྱི་སེམས་ནི་སེམས་ཐམས་ཅད་དོ། །སེམས་ཀྱི་སྟོང་པ་དེའི་བདག་ཉིད་ཅན་གྱི་འདའ་བར་མི་བྱ་བའི་དམ་ཚིག་ནི། སེམས་ཅན་ཡོད་མེད་གཉིས་བྱུང་:ཆག:ཡང་མེད་པ་དག་གོ །ཅན་ཐམས་ཅད་ཀྱི་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་དེའི་སྙིང་པོ་སྟེ་ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེ། གཉིས་པོ་དེ་འདི་ལྟར་སྒོམ་པ་པོ་དེ་རྣམས་ཀྱི་རྒྱུད་ལ་རྡོ་རྗེ་སྟེ་རྒྱུན་ཆགས་པར་འབྱུང་བ་ནི་བསྟན་པ་སྟེ། དེ་སྟོན་པའི་གཞུང་གི་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དགོངས་པས་བཤད་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅོ་ལྔ་པ་མཐའ་དྲུག་གིས་བཤད་པའོ། ། ༈ ། །སྔར་བཤད་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་གཉིས་པོ་ཐམས་ཅད་ནི། དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ལ་འགྲུབ་པར་འགྱུར་རོ། ཞེས་བསྟན་པའི་ཕྱིར། སློབ་མ་སྣོད་དུ་རུང་བར་བྱ་བའི་དོན་དུ། དབང་གི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་དྲུག་པ་གསུངས་ཏེ། ༈ ཡང་འདུས་པར་གྱུར་ནས་ཞེས་བྱ་བ་ནི། ལུས་ཀྱི་མིན་གྱི། དཀྱིལ་འཁོར་གྱི་བཤད་པ་ཞུ་བ་ལ་ཡང་དགོངས་


JLD004_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ཏུ་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་ཚིག་གིས་ཞེས་པ་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གནས་པའི་བསྟོད་པ་ལེའུ་བཞི་བར་གསུངས་པའི་དེ་བཞིན་གཤེགས་པ་ཀུན་ཞི་བ། ཞེས་བྱ་བ་ལ་སོགས་པའི་རྣམ་པས་གསོལ་པ་བཏབ་ཅིང་སྟོན་པ་རང་ལ་མངོན་སུམ་དུ་སྟེ་མངོན་དུ་ཕྱོགས་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་ཆེན་གྱི་མཆོད་པའི་ཚོགས་ཏེ།:པ་ཚབ:ལྷ་རྫས་ཀྱི་ཡུལ་གྱི་སྤྲིན་གྱིས་ཟེར། ལྷའི་ཡུལ་དུ་གྱུར་པའི་སྤྲིན་གྱིས་མཆོད་པ་བྱས་སོ། །ཞེས་པ་སྟེ་དཀྱིལ་འཁོར་གྱི་ཆོ་ག་ཉན་པའི་བསམ་པས་སོ། ཞེས་བྱ་བ་ནི་ལྷག་མ ར་ཡོད་པས་དེ་གདོན་ནོ་འོ་། ༈ །རྡོ་རྗེ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་སྐུའི་སྟེ་རྣམ་སྣང་གི་དཀྱིལ་འཁོར་རོ། །སྐུ་དཀྱིལ་དེ་ཉིད་ཉོན་མོངས་པའི་རི་དྭགས་རྣམ་པར་འཇིག་པ ར་མཛད་པ ས་ན། སེང་གེའི་དམ་ཚིག་གི་རྒྱལ་པོ་སྟེ། སྐུའི་དཀྱིལ་འཁོར་དེ་སྟོན་པ་ལ་ཁྱད་པར་དུ་འབད་པ་བྱས་ཤིང་འབད་པ་དེས་བསྐྱེད་པའི་བཀོད་པ་སྐུའི་དཀྱིལ་འཁོར་ལྟ་བུ་སྟེ་དེ་དང་འདྲ་བ འི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དོ། །


JLD004_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དཀྱིལ་འཁོར་ནི་རྣམ་སྣང་དེ་དཀྱིལ་འཁོར་གྱི་བདག་པོར་གྱུར་པ་འདི་ཉིད་དོ། །སངས་རྒྱས་ཐམས་ཅད་ཀྱི་སྟེ། སྒྲུབ་པ་པོ་ཐམས་ཅད་ཀྱི་དགོས་པ་བསྒྲུབ་པ་ནི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་བའོ། །དེ་ནས་ཞེས་བྱ་བ་ནི་ཚིག་གི་ཁ་བསྐང་བ འི་ཕྲད་དོ་འོ་། །སྐུའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །མཆོག་ནི་དངོས་གྲུབ་ཐམས་ཅད་རྩོལ་བའོ། །དེ་ཇི་ལྟ་བུ་ཞེ་ན། ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། ཞེས་བྱ་བ་ནི། ལེའུ་བཞི་པར་བཤད་པའི་མི་སྐྱོད་པའི་དཀྱིལ་འཁོར་དང་འདྲ་བའོ། །དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག །ཅེས་བྱ་བ་ནི། ཟུར་བཞི་ལ་སོགས་པའི་ཡོན་ཏན་གྱིས། གང་བྱ་རྒྱུད་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ལས་དེ་མཆོག་ཏུ་གྱུར་པ་སྟེ། དེ་ལེགས་པར་རབ་ཏུ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། ༈ །ཁྲུ་ནི་བཅུ་དྲུག་ཚད་དུ་བྱ། ཞེས་བྱ་བ་ནི། ཟུར་ཏེ་ལོགས་བཞི་ཀ་བསྡོམས་པ་ལ་ལྟོས་པ་སྟེ། ངོས་རེ་རེ་ཞིང་ཁྲུ་བཞི་བཞིར་བྱ་བར་ཤེས་པར་བྱའོ། །ཕྱིའི་དཀྱིལ་འཁོར་དེ་ནི་གྲུ་བཞི་ལྷམ་པ་སྟེ་ཟླུམ་པོ་ནི་མ་ཡིན་ནོ། །གྲུ་བཞི་ཞེས་བྱ་བའི་ཉེ་བར་མཚོན་པས་ནི་སྒོ་བཞི་ལ་སོགས་པ་ཡང་གཟུང་ངོ༌། །རབ་ཏུ་མཛེས་པ་ནི་དྲི་མ་མེད་པའི་ཚོན་གྱིས་སོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཏེ། ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའོ། །སྐུ་ཡི་རྡོ་རྗེ་


JLD004_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས། ཞེས་བྱ་བ་ལ། སྐུའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཏེ། དེ་རབ་ཏུ་གནས་ཤིང་བདག་པོ་ཉིད་ཀྱིས་མཛེས་པར་བྱས་པའོ། །དེའི་ཞེས་བྱ་བ་ནི། དཀྱིལ་འཁོར་གྲུ་བཞི་བའི་ནང་དུ་འཁོར་ལོ་ནི་སྟེ། ཟླུམ་པོ་ལ་འཁོར་ལོའི་འཕྲེང་བས་བརྒྱན་པའི་དཀྱིལ་འཁོར་ནང་མ་བྱ། །དེ་ཇི་ལྟ་ཞེ་ན། རྡོ་རྗེའི་ཆོ་གས་བྲི་བར་བྱ། ཞེས་བྱ་བ་གསུངས་ཏེ། ཆོ་ག་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་གའོ། །དེ་ཉིད་རྡོ་རྗེ་སྟེ་རྡོ་རྗེ་ལྟར་ཁཤིན་ཏུ་བརྟན་པོ་ཀངེས་པ་གགང་གིས་ཤེས་པ་དེས་བྲི་བར་བྱའོ། ༈ །དེ་ལྟར་དཀྱིལ་འཁོར་བྲིས་ནས་སྔགས་:པ་ཚབ:སྔགས་རྣམས་དབུས་སུ་བསང་བ་མཆོག །ཕྱག་རྒྱ་རྡོ་རྗེའི་གནས་གྱུར་པ། །རྣམ་པར་སྣང་མཛད་གནས་བྱའོ། །ཞེས་འབྱུང་ངོ༌། །རྣམས་ཀྱི་སྟེ། སྣོད་མིན་ལ་མི་བསྟན་པའི་གསང་བ་མཆོག་སྟེ་ལྷ འི་སྐུའོ། །དེ་རྣམས་ཀྱི་དབུས་སུ་རྣམ་པར་སྣང་མཛད་གནས། ཞེས་པ་ལ། །ཕྱག་རྒྱ་ནི་སྤྱན་ནོ། །དེ་ཉིད་ནི་བདེ་སྟོང་དབྱེར་མི་ཕྱེད་པའི་རྡོ་རྗེ་བསྐྱེད་པའི་གནས་སུ་གྱུར་པ་བྱ་ཞེས་པ་སྟེ། རང་གི་ཕྱག་རྒྱ་སྤྱན་མ་དང་ལྡན་པའི་རྣམ་སྣང་གི་ལྷའི་གཟུགས་སུ་བྱས་པའོ། །རྣམ་སྣང་གི་གཙོ་བོ་བྱེད་པ་ན་མི་བསྐྱོད་པ་ལ་སོགས་པའང་ཤར་ལ་སོགས་པའི་ཕྱོགས་སུ་བཞུགས་པར་བྲི་སྟེ། དེ་ཡང་ཡུམ་མེད་པར་གཅིག་པུ་བྲིའོ། །སྐུ་དང་གསུང་ཐུགས་རྡོ་རྗེ་མཆོག །ཅེས་བྱ་བ་ནི་སྤྱན་ལ་སོགས་པའོ། །གྲྭ་རྣམས་ཀུན་ཏུ་དགོད་པར་བྱ། ཞེས་བྱ་བ་ནི། ཤར་ལྷོ་ལ་སོགས་


JLD004_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚམས་རྣམས་སུ་ཅི་རིགས་པར་ཞེས་པ་ནི། སྤྱན་མ་དབུས་སུ་སོང་བས་དེའི་གནས་སུ་རེག་རྡོ་རྗེ་མ་བྲི་བར་བྱའོ། །ཁྲོ་བོ་:པ་ཚབ:ཁྲོ་བོ་སོགས་དང་སྟོབས་ཆེན་པོ། །ཕ་རོལ་གནོད་རྣམས་སྒོར་བྲིའོ། ཞེས་པ་འགྲེལ་བ་དང་མཐུན་ནོ། །རྣམས་ནི་གཤེན་རྗེ་གཤེད་ལ་སོགས་པ་གང་ཡིན་པ་སྟེ། གཞན་གྱིས་མི་ཐུབ་པ་དང་རྟ་མགྲིན་དང༌། བདུད་རྩི་ཐབ་སྦྱོར་ཏེ། དེ་དག་ནི་སྒོ་བཞིར་དགོད་པར་བྱའོ། །སྟོབས་ཆེན་ཕ་རོལ་གནོན་པ་ཞེས་བྱ་བ་མི་གཡོ་བ་ལ་སོགས་པ་མཚམས་རྣམས་སུ་བྲི་བར་བྱའོ། །གཟུགས་རྡོ་རྗེ་དང་བྱམས་པ་ལ་སོགས་པའང་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། ༈ །སྔགས་ཤེས་པ་ནི་སློབ་དཔོན་ཏེ། དེས་རྡོ་རྗེ་གསང་བ་རབ་བསྒོམས་པས། ཞེས་བྱ་བ་སྟེ། རྡོ་རྗེ་དང་པདྨ་ཡང་དག་པར་འདུས་པར་བྱས་པའི་མཆོད་པ་དངོས་སུ་དཀྱིལ་འཁོར་དང་ཉེ་བར་བྱ་ལ། བློས་དཀྱིལ་འཁོར་གྱི་དབུས་སུ་རང་གི་ཕྱག་རྒྱ་དང་བཅས་པས་བྱ་བ་འདི་ནི་ཆོ་གའོ། །སྔགས་རྣམས་ཐམས་ཅད་ཀྱི་ཞེས་པ་ནི། སྒྲུབ་པ་པོ་རྣམས་ཀྱིའོ། །དམ་ཚིག་ནི་རྣལ་འབྱོར་བླ་མེད་གྱི་རྒྱུད་ལ་གནས་པའི་འོ། །ཤིན་ཏུ་འདའ་བར་དཀའ་བ་ནི་གསང་མཆོད་དེ་བྱེད་པ་ལས་འདས་བར་མི་བྱ་བའོ། །བཤང་དང་གཅི་བ་ལ་སོགས་པ། ཞེས་བྱ་བ་ནི་བདུད་རྩི་ལྔ་སྟེ། བྱེ་བྲག་ཏུ་ནི་ཞེས་པ་སྐུའི་དཀྱིལ་འཁོར་འདིར་ངེས་པར་གཅིག་ཏུ་ལྷ་ལ་དབུལ་བར་བྱ་ཞིང་རང་ཉིད་ཀྱིས་ཀྱང་བཟའ་བར་བྱའོ། །དེ་ལྟར་བདུད་རྩི་ལྔ་བཟའ་བ་འདི་ནི་སྐུའི་རྡོ་རྗེ་ཅན་ཏེ། སྐུའི་དཀྱིལ་འཁོར་དང་ལྡན་པའི་


JLD004_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་ཐམས་ཅད་ཀྱི་སྟེ། སྒྲུབ་པ་པོ་ཐམས་ཅད་ཀྱི་དམ་ཚིག་སྟེ་འདའ་བར་མི་བྱ་བའོ། །ལུས་སྐུའི་རྡོ་རྗེ་ཡིན་ལ། དེ་བཟའ་བས་རྒྱས་པར་བྱེད་པ་ལ་བདུད་རྩི་ལྔ་བསྔགས་པས། རིགས་འདི་ལ་དམ་ཚིག་འདི་ལས་མི་འདའ་བར་གསུངས་སོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་དགྱེས་པའི་སྐུའི་དཀྱིལ་འཁོར་རོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་འཆང་ཆེན་པོས་གསུང་གི་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་ཡིན་ཏེ། གསུང་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་ནི། འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ཀྱི་སྤྲིན་ནི་ཚོགས་སོ། །དེའི་བཀོད་པ་ནི་གནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཞག་པ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། གསུང་རྡོ་རྗེའི་དཀྱིལ་འཁོར་འདི་ཞེས་པ་དེའི་དོན་གྱི་ཚིག་གི་ཚོགས། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། ཞེས་པ་ནི་དེ་སྟོན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། ༈ །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། ཞེས་བྱ་བ་ནི་ངོས་རེ་ཞིང་ཁྲུ་ལྔ་པར་ཐིག་གདབ་པའོ། །རྡོ་རྗེ་བསྒོམས་པས་ཞེས་བྱ་བ་ལ་རྡོ་རྗེ་ནི། དེ་བཞིན་གཤེགས་པ་ལྔ། །དེ་ལྔ འི་ཁ་དོག་ཅན་གྱི་སྲད་བུ་རྣམས་དེ་བཞིན་གཤེགས་པ་ལྔར་བསྒོམ་པ ས་ཐིག་གདབ་བོ་སོ། །དེའི་དབུས་ཞེས་པ་དཀྱིལ་འཁོར་གྲུ་བཞི་པ་དེའི་དབུས་སུ་འཁོར་ལོ་ཆེན་པོ་ནི་སྟེ། རྟེན་གྱི་དཀྱིལ་འཁོར་ཕྱི་མ་ལས་


JLD004_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་གྱུར་པ ཕོ་བྲང་ནང་མ། །ཟླུམ་པོར་ཀུན་ཏུ་བྲི་བར་བྱ། ཞེས་བྱ་བ་ནི། ཟླུམ་པོ་ལ་པདྨའི་འཕྲེང་བས་བརྒྱན་པ་བྲིས་ལ། ༈ གསུང་གི་དཀྱིལ་འཁོར་དེར་ཕྱག་རྒྱ་སྟེ་ལྷ་ཐམས་ཅད་ཡོངས་སུ་རྫོགས་པར་བྲིའོ། །ཆོ་ག་བཞིན་དུ་ཞེས་པ་ནི་ཆོ་ག་ལ་མཁས་པའོ། །ཇི་ལྟར་ཞེ་ན། ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། ཞེས་བྱ་བ་སྟེ། རང་གི་ཕྱག་རྒྱ་གོས་དཀར་མོ་དང་ཡང་དག་པར་ལྡན་པར་དེ་ཡི་དབུས་སུ་གཞག་པར་བྱའོ། །རྡོ་རྗེའི་གནས་དེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་གནས་ནི་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་དག་ཏུ། དེ་བཞིན་གཤེགས་པའི་བཀོད་པ་གང་ཡིན་པ་ཐམས་ཅད་ཀྱང༌། གསུང་དཀྱིལ་དུ་ཡོངས་སུ་བརྟག་པར་བྱ་ཞིང་དགོད་པར་བྱའོ། །འདིར་སྣང་མཐའི་གནས་སུ་མི་བསྐྱོད་པ་དང་། གོས་དཀར་མོའི་གནས་སུ་རེག་རྡོ་རྗེ་མ་དགོད་དོ། ༈ །ཆོ་ག་བཞིན་ཞེས་བྱ་བ་ནི་རྒྱུད་ལས་བཤད་པའི་ཆོ་ག ལ་མཁས་པ ས་དཀྱིལ་འཁོར་ཡོངས་སུ་གསལ་བར་ཡང་དག་པར་བྱས་ཤིང་བསྒྲུབས་ཏེ་ལ་། མཆོད་པའི་སྐབས་སུ་གསང་བའི་མཆོད་པ་སྟེ། དབང་པོ་གཉིས་མཉམ་པར་སྦྱོར་བའི་མཚན་ཉིད་ཅན་གྱི། དེ་བཞིན་གཤེགས་པའི་མཆོད་པ་བྱས་ན་རྡོ་རྗེ་ཅན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སངས་རྒྱས་རྣམས། དེ་ལྟར་བྱས་པས་མཉེས་པར་འགྱུར་ཞིང་སྒྲུབ་པ་པོ་ལ་དགྱེས་པར་འགྱུར་རོ། །བཤང་གཅི་ཁུ་བའི་དམ་ཚིག་གིས། ཞེས་བྱ་བ་ནི། བདུད་རྩི་ལྔ་སྟེ་དེས་མཆོད་ན་ཞེས་པ་བདག་དང་སློབ་མ་ལ་མཆོད་ན་དངོས་གྲུབ་ཐོབ་པར་འགྱུར་


JLD004_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ་མངོན་པར་འདོད་པའི་དངོས་གྲུབ་འཐོབ་པར་འགྱུར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པའི་འོད་དཔག་མེད་ཀྱི་དཀྱིལ་འཁོར་རོ། ༈ །དེ་ལྟར་བཤད་མ་ཐག་པར་སྐུ་དང་གསུང་དང་ལེའུ་བཞི་པར་ཐུགས་ཀྱི་དཀྱིལ་འཁོར་གསུམ་བཤད་ནས། དེ་བཞིན་གཤེགས་པ་ལྷག་མ་རིན་འབྱུང་དང་དོན་གྲུབ་གཉིས་དང་དཀྱིལ་འཁོར་པ་སྟེ་འཁོར་གྱི་ལྷ་དེ་བཞིན་གཤེགས་པ་ལས་གཞན་གྱི་ཡང༌། དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་གང་ཞིག་བྱ་བ་དེའི་ཚུལ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ནས་ཏེ་སྒོ་སྣ་ཚོགས་པ་ལས་ཏེ་ནས་སྤྲིན་ལྟར། དོན་ཐམས་ཅད་ཆར་དུ་འབེབས་པར་བྱེད་པས་ན། ཀུན་ནས་སྤྲིན་ཏེ་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་ཕུང་པོའོ། །དེའི་རྡོ་རྗེ་ནི་ལྷ་སོ་སོའི་དཀྱིལ་འཁོར་ཏེ། དེའི་ཏིང་ངེ་འཛིན་གང་དུ་ངེས་པར་སྟོན་པ་དེ་ནི། ཀུན་ནས་སྤྲིན་གྱི་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཐུགས་རྩེ་གཅིག་པ་མངོན་སུམ་དུ་མཛད་ནས། སྣོད་མིན་ལ་རབ་ཏུ་གསང་ཞིང་ཤིན་ཏུ་སྦ་བར་བྱ་བའི་དཀྱིལ་འཁོར་གསང་ཆེན་ཏེ། མང་པོ་ལ་མངོན་དུ་མི་བྱ་བ་སྟེ་མི་བསྒྲག་་པ་བློ་ལ་བཞག་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། ༈ །རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་


JLD004_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཆོག་དང་སོགས་ཀྱི་སྐད་དོད་ཐུན་མོང་བ་ཡོད་ཀྱང༌། འདིར་རྡོ་རྗེ་འཛིན་སོགས་:པ་ཚབ:ཞེས་བསྒྱུར་བ་ལྟར་བྱ་དགོས་སོ། །ཅེས་བྱ་བ་རྡོ་རྗེ་འཛིན་པ་དང་ལ་སོགས་པ ས་ལྷ་ལྷག་མ་དཀྱིལ་འཁོར་པའི་ལྷ་རྣམས་གང་ཡིན་པའི་གཟུགས་ཏེ་སྐུ་དཀྱིལ་འཁོར་གྱི་དབུས་སུ་བྲིས་ཤིང་བཞག་པར་གྱུར་བའི་དཀྱིལ་འཁོར་དེ་ནི། ལྷའི་ཁྱད་པར་དེ་ཡི་དཀྱིལ་འཁོར་གྱི་འཁོར་ལོར་འགྱུར་ཏེ་རིན་འབྱུང་གི་དཀྱིལ་འཁོར་ནས་གནོད་མཛེས་ཀྱི་དཀྱིལ་འཁོར་ཞེས་པའི་བར་རོ། སྐུ་གསུང་ཐུགས་ཀྱི་གསང་བ་ལས་བྱུང་བ་ནི་གསང་བ་གསུམ་གྱི་བདག་ཉིད་ཅན་ནོ། །རིན་པོ་ཆེ་:པ་ཚབ་ཆག:དང་ལས་ཀྱི་རིགས་དག་ཀྱང་དེའི་ནང་དུ་འདུས་པ་ཡིན་ནོ། ཞེས་པ་ལེགས་སོ། །རིན་པོ་ཆེ་དང་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་པ་དག་ཀྱང་སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་གསུམ་པོ་དེའི་ནང་དུ་འདུས་པ་ཡིན་ནོ། །འདུས་ཚུལ་ནི་སྤྱོད་བསྡུས་ལས། རིན་འབྱུང་སྐུ་དང༌། དོན་གྲུབ་གསུང་རྡོ་རྗེར་བསྡུས་པ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གནས་ནི་སྐུ་ལ་སོགས་པའི་རྟེན་གྱི་དཀྱིལ་འཁོར་རོ། །དེ་ལ་ཡེ་:ཆག:ཤེས་པ་ནི་ཟེར། ཤེས་ནི་དཀྱིལ་འཁོར་དེའི་ཐིག་གདབ་པ་ལ་སོགས་པའི་ཆོ་གའོ། །དེའི་གསང་བ་ནི་ཆོ་ག་དེའི་དཀྱིལ་འཁོར་དུ་ཡོངས་སུ་གྱུར་པ་སྟེ་བསྒྲུབ་པའི་མཚན་ཉིད་ཅན་ནོ། །རབ་ཏུ་གསང་བ་ནི་མན་ངག་གི་མཆོག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་


JLD004_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ནི། མི་བསྐྱོད་པ་ལ་སོགས་པའི་གཞིར་གྱུར་པའི་རྟེན་གྱི་དཀྱིལ་འཁོར་ཏེ། དེ་འབྱུང་བར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་ཐུགས་རྩེ་གཅིག་པར་སྙོམས་པར་ཞུགས་ནས། དཀྱིལ་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཀྱི་གསང་བ་འདི། ཉིད་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་ལས་ཕྱུང་ཞིང་གསུངས་སོ། །དེ་ལ་ཞེས་བྱ་བ་ལས་སོགས་པ་ལ། དེ་ལ་སྐུ་རྡོ་རྗེ་ལ་སོགས་པའི་གསང་བ་ལ། འོག་ནས་འཆད་པའི་འབྲུ་གསུམ་པོ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེ། དེ་བཞིན་གཤེགས་པའི་འཁོར་ལོའོ། །དེ་རྣམས་ཀྱི་སྔགས་ནི་སྔགས་ཀྱི་སྐད་དོད་མཱན་ཏྲ་ལ་མཱན་ཡིད། ཏྲ་ཡ་སྐྱོང་བའམ་སྐྱོབ་པའོ། །ཡིད་སྐྱོབ་པར་བྱེད་ཅིང་སེམས་དགའ་བར་བྱེད་པའི་རང་བཞིན་ནོ། །དེ་ཉིད་ལྷ་ཡིན་པས་སྙིང་པོའོ། །དཀྱིལ་འཁོར་གྱི་ཐིག་འདེབས་པ་ལ་ཉེ་བར་འཚམས་པས་ཏེ་མཁོ་བས་ན་ཐིག་གདབ་པའོ། །མི་འཇིག་པ་སྟེ་མི་འགྱུར་བ་ཉིད་པས་ན་ཡི་གེའི་སྐད་དོད་ཨཀྵརའི་ཀྵར་འགྱུར་བ་དང༌། དེ་ཨས་བཀག་པས་སོ། །ཡི་གེའོ། །སྔགས་ཐམས་ཅད་ཀྱི་གནས་སུ་གྱུར་པས་ན་གནས་རྣམས་སོ། །གང་ཡིན་ཞེ་ན། ༀ་ཨཱཿ ཧཱུཾ་ཞེས་བྱ་བའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེའི་ཁ་དོག་ཏུ་བཙོས་པའི་ཐིག་སྐུད་ལྔ་པ་ལྔའི་ཐིག་ནི་རྡོ་རྗེའི་ཐིག་གོ །དེའི་:ཆག:ཟེར། དེ་ལ་རྡོ་རྗེ་དེའི་ཐིག་སྐུད་དེས་གདབ་བ་ནི་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་འོ་། །ཚོན་རྩི་


JLD004_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ཚོན་སྣ་ལྔས་དགྱེ་བ་ནི་རྣམ་པར་དགྲམ་པ་སྟེ། ༀ་ཞེས་བྱ་བ་ལ་སོགས་པ་འབྲུ་གསུམ་པའི་སྔགས་ཀྱིས་དགྱེ་བར་བྱའོ་ཞེས་བྱ་བ་ནི་དགྱེ་བ་དག་ཞེས་པའི་ཚིག་གི་ལྷག་མའོ། ༈ །སྔགས་ཀྱི་སེམས་པས་ནི་སྔགས་ལ་མཆོག་ཏུ་གཞོལ་བ་སྟེ། དེས་ནི་བཤད་པའི་རྣམ་པས་དཀྱིལ་འཁོར་བྲི་བར་མི་བྱ་སྟེ།འདིར་ཁ་ཅིག །སྔགས་ཀྱི་སེམས་པས་མི་བྱ་བའི་དོན། སྒྱུ་ལུས་སམ་ཟུང་འཇུག་ལ་གནས་པས། ཟུང་འཇུག་སྔགས་ཡིན་པས་སྔགས་དེས་དཀྱིལ་འཁོར་བྲི། སྔར་བཤད་པའི་ༀ་ཨཱཿ ཧཱུཾ་སོགས་བརྗོད་པའི་སྔགས་ཀྱི་མི་བྲི་ཞེས་པ་ནི་ཤིན་ཏུ་མི་རིགས་ཏེ། འདིར་དཀྱིལ་འཁོར་བྲི་བ་བཀག་པ་ནི། དེ་ཉིད་བསྡུས་པ་ལ་སོགས་པ་ལྟར་མི་བྱ་བའི་དོན་དུ་གསུངས་ཤིང༌། དེ་ཡང་སྒྲུབ་གྲོགས་ཕྱག་རྒྱ་མ་དང་བྲ་བས་མི་བྱ་བ་ཡིན་པར། དེ་བས་དམ་ཚིག་ཚུལ་ཤེས་པས། ཞེས་སོགས་ཀྱི་བཤད་པ་ལས་ཤིན་ཏུ་གསལ་བའི་ཕྱིར་དང༌། ཕྱག་རྒྱ་མ་དང་བཅས་པར་བསྐྱེད་རིམ་པས་བྲི་བར་གསལ་བར་གསུངས་པའི་ཕྱིར་རོ། །བཤད་པའི་རྣམ་པས་ཞེས་པ་ཡང་འགྱུར་མ་དག་པས། བ་ཚབ་ཀྱིས། དཀྱིལ་འཁོར་བཤད་ཟིན་པའི་རྣམ་པ་ཅན་བྲི་བར་མི་བྱ་སྟེ། ཞེས་བསྒྱུར་ཞིང༌། ཆག་ཀྱང་དེ་དང་མཐུན་ནོ། །ཆག་འགྱུར་ལས། སྔགས་ཀྱི་སེམས་པ་ནི་སྔགས་ལ་མཆོག་ཏུ་གཞོལ་བ་ཡིན་ཏེ། གཉིས་མེད་ཡེ་ཤེས་མངོན་ལྡན་པས། །ཡེ་ཤེས་སྔགས་སུ་ངེས་པར་བརྗོད། ཅེས་པའི་རིགས་པས། བཤད་པའི་རྣམ་པའི་དཀྱིལ་འཁོར་བྲི་བར་མི་བྱ་སྟེ། ཞེས་འབྱུང་ངོ༌། དེ་དག་གི་དོན་ནི། སྔགས་ཀྱི་དོན་ནི་ཡིད་སྐྱོབ་པ་ཡིན་ལ། དེའི་གཙོ་བོ་ཡང་བདེ་བ་ཆེན་པོ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ་ལ། དེ་མ་རྟོགས་པས་


JLD004_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཕྱི་རོལ་དུ་གྱུར་པའི་སྔགས་ལ་གཙོ་བོར་བྱེད་པ། རྒྱུད་སྡེ་འོག་མའི་གདུལ་བྱའོ། །དེའི་དབང་དུ་མཛད་ནས་གསུངས་པའི་སྒྲུབ་གྲོགས་ཕྱག་རྒྱ་མ་དང་བྲལ་ནས། དཀྱིལ་འཁོར་བྲི་སྒྲུབ་སོགས་བྱེད་པའི་ཆོ་གས་མི་བྱ་བའི་དོན་ནོ། །གལ་ཏེ་བྱས་ན་དེས་བྱང་ཆུབ་སྟེ་རྡོ་རྗེ་འཆང་ཆེན་པོ་ཉིད་རྙེད་པར་དཀའ་ཞིང་རིང་བར་འགྱུར་རོ། །གལ་ཏེ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ལས་བཤད་པའི་ཕྱག་རྒྱ་མ་དང་བྲལ་བའི་ཆོ་གས་བྱེད་ནའོ། ཞེས་བྱ་བར་དགོངས་སོ། །འདིས་ནི་རྒྱུད་དེ་དག་གི་ལམ་གྱིས་ཚེ་འདིར་མཆོག་མི་རྙེད་པར་བསྟན་ནོ། ༈ །ཕྱག་རྒྱ་མ་དང་བྲ་བའི་ལམ་ལ་བྱང་ཆུབ་རིང་བ་དེ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། དེས་ན་རྫོགས་པའི་རིམ་པ་ལ་གནས་པ་ལས་གཞན་བསྐྱེད་པའི་རིམ་པ་ལ་གནས་པ། རིག་པའི་བརྟུལ་ཞུགས་ཡང་དག་པར་སྤྱད་པས། གལ་ཏེ་དཀྱིལ་འཁོར་འབྲི་བར་བྱེད་ན་དེའི་ཆོ་ག་ནི་དམ་ཚིག་སྟེ། མི་བསྐྱོད་པ་ལ་སོགས་པ་རིགས་སོ་སོའི་རྣལ་འབྱོར་པ་འདི་ལ། རིགས་ངན་གྱི་བུ་མོ་ལ་སོགས་པ་འདིའོ། ཞེས་རིགས་ཀྱི་དབྱེ་བས་བཤད་པའི་ཕྱག་རྒྱ་མ། །དེའི་ཚུལ་ནི་འདུས་པ་ལས་གསུངས་པའི་ཚུལ་གྱིས་བསྐྱེད་པ་སྟེ་རིག་མ་འདུ་བྱས་པ། ཤེས་པ་ནི་སྔགས་པའོ། །སྔགས་ནི་སྒྲུབ་པ་པོའོ། །དེའི་ལྷ་ནི་སྒྲུབ་པ་པོ་ལ་མཆོག་སྟེར་བས་རང་གི་ཕྱག་རྒྱ་མ་སྟེ་དེ་ཕབ་ལ་མདུན་དུ་སྟེ་དྲུང་དུ་བཞག་ནས་སྒྲུབ་གྲོགས་སུ་བྱས་པའོ། །བྱིན་གྱིས་བརླབ་པ་ནི་རིག་མའི་ལུས་ལ་རིགས་ལྔར་གཏོགས་པའི་ལྷ་རྣམས་དགོད་པར་བྱ་བ། །རིགས་ལྔ་དགོད་པ་དེའི་གནས་ནི་དེའི་གཞི་ཕྱག་རྒྱ་མ་སྟེ་དེ་བསྒོམ་ཞིང་བསྐྱེད་ལ། དཀྱིལ་འཁོར་རྣམས་ཏེ་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཀྱི་ཐིག་གདབ་པ་


JLD004_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལ་སོགས་པ ས་ཚོན་དགྱེ་བ་དང་དཀྱིལ་འཁོར་བསྒྲུབ་པ་དང་མཆོད་པའི་རིམ་གྱིས་རྣམ་པར་བརྟག་ཅིང་སྟེ་བསྒྲུབ་པར་བྱའོ། ༈ །དེ་ལྟར་རིགས་རྣམས་ཀྱི་ཐུན་མོང་གི་ཆོ་ག་བསྟན་ནས། རིགས་ཀྱི་དབྱེ་བ་སྟེ་ཕྱེ་བ ས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། རྒྱལ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྐུའི་དཀྱིལ་འཁོར་འབྲི་བར་འདོད་པའི་སྔགས་པས། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། རང་གི་ཕྱག་རྒྱ་མ་བཙོ་བླག་མཁན་གྱི་བུ་མོ་ཡང་ན་ཞེས་པ་ནི་རིགས་གཞན་ལ་ལྟོས་པའོ། །སྤྱན་ནི་ཞེས་པ་སྤྱན་མངོན་སུམ་པ་བཞིན་དུ་བསྐྱེད་ལ། དེ་དང་ལྷན་ཅིག་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་བྱའོ། །བྱ་བ་འདིའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ནི་རྣམ་པར་སྣང་མཛད་དོ། །དེའི་དཀྱིལ་འཁོར་གྱི་གནས་ནི་དེའི་དབང་དུ་བྱས་པའི་འཁོར་ལོའོ། །ཡིད་དུ་འོང་བ་ནི་འདོད་པའི་འབྲས་བུ་རབ་ཏུ་སྟེར་བས་ཡིད་འཕྲོག་པའོ། །རྡོ་རྗེའི་སྐུ་ཡི་ནི་སྐུ་རྡོ་རྗེའོ། །དེའི་ཡོན་ཏན་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར། སེམས་ཅན་རྣམས་ལ་སྣ་ཚོགས་པའི་གཟུགས་ཀྱིས། ཆོས་སྟོན་པ་ལ་རབ་ཏུ་འཇུག་པ་སྟེ་སྒྲུབ་པ་པོས་དེ་ཐོབ་པར་འགྱུར་བའོ། །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྣང་མཐར་བདག་ཉིད་བསྒོམས་ལ། རང་གི་ཆོས་


JLD004_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཏེ་རང་གི་རིག་པ་གར་མཁན་གྱི་བུ་མོ་གོས་དཀར་མོར་བསྒོམས་ལ། དེ་ལ་རང་དང་འདྲ་བའི་ཡེ་ཤེས་པ་དབབ་པར་བྱས་པ་སྟེ་བཅུག་ནས་གསུང་གི་དཀྱིལ་འཁོར་བྲི་བར་བྱ་སྟེ། རིམ་པ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་སྟེ། པདྨའི་རིགས་དང་ལྡན་པ་ཐམས་ཅད་ཀྱིས་གསང་ཞིང་སྦ་བར་བྱ་བ་དང༌། རྟག་པ་སྟེ་ཐོག་མ་མེད་པའི་དུས་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མན་ངག་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་མི་བསྐྱོད་པའི་སྐུར་བསམས་ལ། རང་གི་ཕྱག་རྒྱ་རིགས་ངན་གྱི་བུ་མོ་མཱ་མ་ཀཱིར་བྱིན་གྱིས་བརླབས་ལ། དེ་ལ་རང་དང་འདྲ་བའི་ཡེ་ཤེས་པ་དབབ་པར་བྱས་པ་སྟེ་བཅུག་ནས་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། ཞེས་བྱ་བ་ནི། རྡོ་རྗེའི་རིགས་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱིའོ། །གསང་བ་རྨད་དུ་བྱུང་བའོ། ཞེས་པ་ནི་རང་གི་བླ་མ་ནས་རྡོ་རྗེ་འཆང་གི་བར་དུ་གོང་ནས་གོང་དུ་བརྒྱུད་པའི་གསང་བའོ། ༈ །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། རིག་མ་དང་ལྷན་ཅིག་ཏུ་དེ་ལྟར་བྱས་པའི་དཀྱིལ་འཁོར་གྱི་ཆོ་གས་ཡིད་ལ་དབང་ཐོབ་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་དང་བས་གནས་དེར་གཤེགས་ཤིང་དགོངས་པར་མཛད་ནས་རབ་ཏུ་དགྱེས་པར་གྱུར་ཅིང༌། ཤིན་ཏུ་ཐུགས་རངས་ནས་ཤིན་ཏུ་ཡང་གསང་བའི་མཆོག་ཏུ་གྱུར་པའི་དཀྱིལ་འཁོར། འབྲི་ཞིང་རྫོགས་པར་མཛད་པ་སྟེ་སྒྲུབ་


JLD004_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ཕྱག་རྒྱ་དང་བཅས་པའི་ལུས་དང་ངག་དང་ཡིད། བྱིན་གྱིས་རློབ་པར་མཛད་ཅིང་དེ་གཉིས་ཀྱིས་དཀྱིལ་འཁོར་རྫོགས་པར་བྱེད་དོ། །ཞེས་བྱ་བའི་བར་དུའོ། ༈ །འདི་སྐད་ཀྱང་གསུངས་སོ་ཞེས་བྱ་བ་ནི་སྡུད་པར་བྱེད་པའི་ཚིག་གོ །སྔགས་ཀྱི་སེམས་པས་ཞེས་བྱ་བ་ལ་སོགས་པ་ལ། སེམས་པས་ཞེས་པ་ནི། སྔར་བཤད་མ་ཐག་པའི་ཆོ་གས་དཀྱིལ་འཁོར་རྫོགས་པར་བྱས་པ་སྟེ་བསྒྲུབ་པའི་སྔགས་པས། རྡོ་རྗེ་གསང་བ་སྟེ་དེ་བཞིན་གཤེགས་པའི་གསང་བ་རྨད་དུ་བྱུང་བ་ཆེན་པོ་སྟེ། མཆོག་ཏུ་རྨད་དུ་བྱུང་བ་དང་ལྡན་པ་བྱའོ། །རྨད་དུ་བྱུང་བ་དེ་གང་ཡིན་ཞེ་ན། ཁྲོ་བོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་བཀུག་ནས་མདུན་དུ་བཀའ་ནོད་པ་ལ། རྒྱལ་བ་རྣམས་སློབ་མ་ལ་དབང་བསྐུར་བའི་དོན་དུ་འབྱོན་པར་བསྐུལ་ཅིག་ཅེས་བསྒོས་པས་ཁྲོ་བོའི་རྒྱལ་པོས་ཞེས་པ་ངེས་པར་གནོད་མཛེས་ཀྱིས། སངས་རྒྱས་ཐམས་ཅད་ཅེས་པ་ཡེ་ཤེས་པ་རྫོགས་པ་སྟེ་གྲུབ་ཟིན་པ ར་གྱུར་པ་ལྷ་སོ་གཉིས་སུ་འདུས་ནས། ནམ་མཁའི་དཀྱིལ་འཁོར་ལ་སྟེ་ནམ་མཁའི་དབྱིངས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ན་བཞུགས་པ་རྣམས་བཀུག་ནས། རང་རང་གི་གནས་ཇི་ལྟ་བ་བཞིན་ན་བཞུགས་པའི་དམ་ཚིག་པ་རྣམས་ལ་བསྟིམས་ལ་མཆོད་པར་བྱའོ། ༈ །ཇི་ལྟར་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།རྡོ་རྗེ་:ཆག:གསུམ་དང་གནས་དག་ལ་ནི་རྡོ་རྗེ་ཅན་དང་དཀྱིལ་འཁོར་པ་རྣམས་ལ་ཟེར། རྡོ་རྗེ་དྲི་མེད་གསུམ་དག་གི །ཞེས་པ་དཀྱིལ་འཁོར་པ་རྣམས་ལ། དམ་ཚིག་ཅེས་པ་གཟུགས་རྡོ་རྗེ་ལ་སོགས་པ་


JLD004_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་རྣམས་ཀྱིས་བྱས་པའི་མཆོད་པ་ནི་དམ་ཚིག་གི་་མཆོད་པའོ། །དེས་དུས་གསུམ་པ་སྟེ་དུས་ཚིགས་གསུམ་དུ འམ་ཐུན་གསུམ་དུ་མཆོད་པར་བྱའོ། །ཇི་ལྟར་བྱ་ཞེ་ན། རྡོ་རྗེ་གསུམ་གྱི་སྦྱོར་བས་བྱ། ཞེས་བྱ་བ་སྟེ། རྡོ་རྗེ་གསུམ་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ཏེ། དེའི་སྦྱོར་བས་ཞེས་པ་ནི། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷ་སོ་གཉིས་གཅིག་ཏུ་བྱས་པ་ལ་འམ་གཅིག་ཏུ་བྱ་བ འི་ཚུལ་གྱི ས་མཆོད་དོ། ཞེས་བྱ་བའི་བར་དུའོ། །དེ་འདྲ་བའི་ཆོ་ག་འདི་དག་བྱས་པས་ཅི་ཞིག་བྱེད་ཅེ་ན། སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད། ཅེས་བྱ་བ་གསུངས་ཏེ། སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་དངོས་གྲུབ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཀྱི་དངོས་གྲུབ་བོ། །དེ་ཐོབ་པར་བྱེད་པ་ནི་རྫོགས་པར་བྱེད་པའོ། ༈ །འདི་སྐད་ཀྱང་གསུངས་སོ། །སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ།གནས་དེར་:ཆག:ཡང་དག་པར་འདུས་པའི་སྔགས་པ་རྣམས་ཉིད་ལ་རྨད་བྱུང་ཆེན་པོའི་སྟེ་ཤིན་ཏུ་རྒྱ་ཆེ་བའི་རང་བཞིན་ནང་གི་བདག་ཉིད་ཀྱི་གཏོར་མ་སྟེ་ཚིམ་པར་བྱེད་པ་དབུལ་ཞིང་བསྟབས་པར་བྱའོ། །ཟེར། ཡང་དག་པར་འདུས་པའི་སྔགས་པ་རྣམས་ལ་རྨད་དུ་བྱུང་ཞིང་ཆེན་པོའི་སྟེ། ཤིན་ཏུ་རྒྱ་ཆེ་བའི་རང་བཞིན་ནང་གི་བདག་ཉིད་ཀྱི་གཏོར་མ་སྟེ་ཚིམ་པར་བྱེད་ཀཔ་བྱ་བའི་ཕྱིར་ཁདབུལ་བར་བྱའོ། །འདིས་ནི་དེར་འདུས་པའི་རྣལ་འབྱོར་པ་རྣམས་ལ་ཚོགས་ཀྱི་མཆོད་པར་བྱ་བར་བསྟན་ནོ། །


JLD004_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་གཏོར་མ་གོང་དུ་བཤད་པ་འདི་ཉིད་བསྟན་པར་བྱ་བའི་ཕྱིར། བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།སྔགས་རྣམས་:པ་ཚབ:ཐམས་ཅད་ཉིད་ལ་འང་6༌། །རྨད་བྱུང་ཆེ་བའི་གཏོར་མ་དབུལ། བཤང་གཅི་ཤ་དང་འབྲུ་མར་དང༌། །སེམས་ལས་བྱུང་བ་ལྔ་པ་འོ། །ཁུ་བ་ཡིས་ནི་སྔགས་རྣམས་ཀུན། །ཚིམ་པར་གྱུར་པར་ཀུན་ཏུ་བཤད། ཅེས་འབྱུང་ངོ༌། །བཤང་བ་དང་ལ་སོགས་པ ས་གཅི་བ་དང་ཤ་དང་འབྲུ་མར་དང་སེམས་ལས་བྱུང་བའི་ཙན་དན་ཏེ་དེ་ལྔ་ནི་ཡུལ་རྣམ་པ་ལྔ་སྤྱི་དང་ཁྱད་པར་དུ་ཕྱག་རྒྱའི་འདོད་ཡོན་ལྔ་ཡིན་ལ། དེས་ཚིམ་པར་བྱེད་པ་ནི་ནང་གི་གཏོར་མ་འབུལ་བའོ། “།བཤང་བ་སོགས་ལྔ་ཡུལ་ལྔ་ལ་བྱེད་པ་ནི་འཇིག་རྟེན་པ་དང་བསྟན་བཅོས་གཞན་ལ་མེད་པ་དེ་བཞིན་གཤེགས་པའི་བརྡར་གྱུར་པ་སྟེ་སྒྲ་ཇི་བཞིན་པ་མ་ཡིན་པར་འདོད་དོ། །སྔར་གཏོར་མ་དབུལ་བར་བཤད་པ་དེ་ཉིད་གཞུང་ཕྱི་མས་སྟོན་པར་གསུངས་པས། འདིར་གཏོར་མ་ཞེས་པ་ལྷ་དང་ཕྱོགས་སྐྱོང་གི་གཏོར་མར་འཆད་པ་དོན་མིན་ནོ། །གང་གི་ཚེ་ཡུལ་ལྔ འི་སྒོ་ནས་ཚོགས་ཀྱི་མཆོད་པ་མ་འབྱོར་ན་ཇི་ལྟར་བྱ་ཞེ་ན། ཁུ་བ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤུ་ཙ་ནི་མྱ་ངན་ཏེ་འདིར་སྡུག་བསྔལ་ལོ། །་མྱ་ངན་དེ་དེ་ཀྲ་ཀ་ཙ་སོག་ལེ་སྟེ་སྡུག་བསྔལ་སོག་ལེ་ལྟར་གཅོད་ཅིང་འཇིག་པར་བྱེ་པས་ན་ཤུ་ཀྲ་སྟེ་ཁུ་བ་ནི་ཆང་ལ་བྱའོ་ངོ་༌། །དེས་སྔགས་རྣམས་ཀུན་ཏེ་སྒྲུབ་པ་པོ་རྣམས་ཚིམ་པར་འགྱུར་ཞིང་ལུས་རྟས་པར་འགྱུར་བར་བཤད་དོ། །ཆོ་ག་འདི་ནི་འདའ་བར་མི་བྱ་བའི་དམ་ཚིག་སྟེ། གཙོ་བོར་གྱུར་པས་མཆོག་ཡིན་ནོ། །སངས་རྒྱས་ཞེས་


JLD004_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྔགས་པ་རྣམས་ཏེ། དེ་རྣམས་ཀྱི་བྱང་ཆུབ་ཅེས་པ་སེམས་དེ་རྫོགས་པར་བྱེད་ཅིང༌། ཚིམ་པར་བྱེད་པ་སྟེ་སྔགས་པ་ཚིམ་པར་བྱེད་པ་དེ་བཞིན་དུ་སྟེ་དེ་ཁོ་ན། དེ་བཞིན་གཤེགས་པ་རྣམས་ཡང་དག་པ་ཚིམ་པར་བྱེད་པའོ། །ཞེས་བྱ་བར་དགོངས་སོ། །མ་ད་ན་བརྟེན་པས་སྒྲུབ་པ་པོའི་བྱང་ཆུབ་ཀྱི་སེམས་རྫོགས་པར་བྱེད་པའི་བྱང་སེམས་ནི་ཀུནྟ་ལྟ་བུ་ཡིན་ཏེ། ཀྱཻ་རྡོར་ལས། དེ་ལ་ག་པུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། ཞེས་གསུངས་ཏེ། ག་པུར་ནི་ཤུ་ཀྲའོ། །དེ་འཕེལ་ན་ཞུ་བདེ་འཕེལ་ལ། དེས་སྟོང་ཉིད་བསྒོམས་ན་ལམ་བགྲོད་པ་མྱུར་བའི་ཕྱིར་གཙོ་བོ་འམ་མཆོག་ཅེས་གསུངས་སོ། ༈ །དེ་ལྟར་ལེགས་པར་བསླབས་པའི་ཕྱག་རྒྱ་དང་ལྷན་ཅིག་དཀྱིལ་འཁོར་བྲི་བའི་ཆོ་ག་བཤད་ནས། དེ་དང་བྲལ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ཐིག་གདབ་པ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་ཐིག་གདབ་པ་ཡི་ཆོ་ག་འདི་ཤེས་རབ་མ་མེད་པར་བདག་ཉིད་གཅིག་པུ་གང་གི་ཚེ་སྤྱོད་པར་གྱུར་པ་དེའི་ཚེ། སྐུའི་དཀྱིལ་འཁོར་ལ་སློབ་དཔོན་བདག་ཉིད་རྣམ་པར་སྣང་མཛད་དུ་རབ་ཏུ་བསྒོམས་ནས། སློབ་མ་རྡོ་རྗེ་སེམས་དཔ འ་སྟེ་མི་བསྐྱོད་པ ར་རབ་ཏུ་བསྒོམ་མོ། །ཡང་ན་སློབ་མ་རྡོ་རྗེ་འོད་པོ་ཆེ་སྟེ་བདུད་རྩི་ཐབ་སྦྱོར་དུ་བསྒོམ་ཞིང་བརྟག་པར་བྱ་སྟེ། བཤད་མ་ཐག་པའི་ཁལས་ཐམས་ཅད་ཀྱི་གོ་འཕང་སྟེ་གནས་ཀདཀྱིལ་འཁོར་གྱི་ཐིག་གི་བྱ་བ་ལ་ནི།ག བདུད་རྩི་འཁྱིལ་པ་སངས་རྒྱས་ཐམས་ཅད་ཀྱིས་ངེས་པར་བསྟེན་


JLD004_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྔགས་པའོ། །དེ་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་མི་བསྐྱོད་པར་བསྒོམས་ལ། སློབ་མ་རྣམ་པར་སྣང་མཛད་དམ། བདུད་རྩི་ཐབ་སྦྱོར་དུ་རབ་ཏུ་བརྟག་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་རང་ཉིད་སྣང་མཐའ་དང་ཡང་གི་སྒྲས་སློབ་མ་མི་བསྐྱོད་པའམ་ཐབ་སྦྱོར་དུ་བསྒོམ་མོ། །ཅི་རིགས་པར་ནི་དེ་བཞིན་དུ་ཞེས་པ་ཐུགས་དཀྱིལ་བཞིན་བྱེད་ཀྱང་དེ་ཇི་བཞིན་དུ་མི་བྱེད་པའོ། །ཤེས་པར་བྱའོ། ༈ །སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི། །མི་བསྐྱོད་པ་ལ་སོགས་པའོ། །རྡོ་རྗེའི་ཐིག་སྐུད་དག་ལ་དགོད། ཅེས་བྱ་བ་ནི། ལག་པར་གནས་པའི་ཐིག་སྐུད་ནག་པོ་ལ་སོགས་པ་ལྔ་ལ་སངས་རྒྱས་ལྔ་དགོད་ཅེས་པའི་དོན་སྟེ་ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་བཏང་བ་རིགས་ལྔ་རང་རང་གི་མདོག་ཅན་ཡི་གེ་ཧཱུཾ་དང་ལ་སོགས་པ ས་ༀ་སྭཱ་ཨཱཿ ཧཱའི་རྣམ་པ་ཅན་གྱི་ཐིག་སྐུད་ཀྱི་འི་གཟུགས་ཀྱིས་ཞུགས་ཤིང་དགོད་པར་བསམས་ཏེ་འོ །འདིར་ཧཱུཾ་ལ་སོགས་པ་ལས་ཐིག་སྐུད་རིགས་ལྔར་བསྐྱེད་པ་ནི་ཡི་གེའི་དོན་ལ་མ་ཞུགས་སོ། །ཐིག་གདབ་པའི་ཆོ་ག་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཁྱད་པར་མཆོག་ཏུ་རྨད་དུ་བྱུང་བའོ། །རྣམ་པ་ཉི་ཤུ་རྩ་ལྔར་ནི། ཞེས་བྱ་བ་ལ་སོགས་པ་ལ། ཚོན་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་རྣམ་པ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཉི་ཤུ་རྩ་ལྔ་སྟེ་རྣམ་པ་ཉི་ཤུ་རྩ་ལྔའི་བྱེ་བྲག་གིས་ཕྱེ་བའི་ཚོན་རྩི འི་ཕུང་པོ་སྟེ་ཚོགས་ལྔ་རྣམ་པར་དགྱེ་བར་བྱའོ། །རྣམ་པར་ཉི་ཤུ་རྩ་ལྔར་ནི། “།་39ཚོན་རྩི་དག་ཀྱང་རྣམ་པར་བསྒོམ། ཞེས་པ་འདིས་ནི་ཚོན་རྩི་རེ་རེ་ལ་


JLD004_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་དང་ཕལ་པའི་ཚུལ་གྱིས། དེ་བཞིན་གཤེགས་པ་ལྔ་པར་བསྒོམ་པར་བྱའོ། ཞེས་བསྟན་ཏོ་ཟེར། དེས་ན་ཚོན་རེ་རེ་ཞིང་ཡང་རྣམ་པ་ལྔ་ཞེས་པས་ཚོན་རྩི་ཁ་དོག་རེ་རེ་ལ་ཚོན་གཞན་བཞི་བཞི་བསྲེ་བར་སྟོན་པ་མིན་གྱི། དཀར་པོ་ལྟ་བུ་གཅིག་ཀྱང་གཙོ་བོར་རྣམ་སྣང་གི་ངོ་བོ་ཡིན་ཀྱང༌། ཕལ་པའི་ཚུལ་གྱིས་རིགས་གཞན་བཞིའི་ཡང་ངོ་བོར་བསྒོམ་པའི་དོན་ནོ། །རྡུལ་ཚོན་ཕན་ཚུན་འདྲེས་ན་རིགས་བརྒྱུད་འཆད་པར་གསུངས་པས་དེ་རྣམས་བསྲེ་བར་མི་བྱའོ། །འདི ས་ནི་ཚོན་རྩི་རེ་རེ་ལ་ཡང་གཙོ་བོར་བྱས་ཤིང་བསྔགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ལྔ་པར་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །གསང་བ་ནི་མཆོག་ཏུ་གྱུར་པའོ། །བྱང་ཆུབ་ནི་ཡང་དག་པར་བགྲོད་པ་དམ་པའོ། ༈ །དཀྱིལ་འཁོར་འབྲི་བའི་དུས་སུ། བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་རྣམས་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་ཏེ། དེ་རྣམས་ཕྱི་རོལ་གྱི་ཉེ་བར་འཚེ་བ་རྣམས་ལས་བསྲུང་བར་བྱ་བའི་ཕྱིར། རྡོ་རྗེ་ཧཱུཾ་ནི་སྐབས་འདིར་གཤིན་རྗེ་གཤེད་དེ་དེ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུལ་དུ་བྱུང་ཞིང་ཐུན་མོང་མ་ཡིན་པའི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པར་འཕྲུལ་བས་ས་ལ་སོགས་པ་ལས་བྱུང་བའི་གནོད་པ་འབྱུང་བ་རྣམས་ལ་


JLD004_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ཀྱི་སྦྱོར་བ་དང་ལྡན་པ་བསྒོམ་པར་སྟོན་ཏོ། །དེ་ལ་གཡས་བརྐྱང་བ་ལ་སོགས་པས་བགེགས་ཕྱེ་མར་རློག་པ་ནི་སྐུའི་རྣམ་པར་འཕྲུལ་པའོ། །འཇིག་པའི་བསྐལ་བའི་དུས་ཀྱི་འབྲུག་སྒྲ་སྒྲོགས་པ་ལྟ་བུར། སྔགས་འདོན་པ་ནི་གསུང་གི་རྣམ་པར་འཕྲུལ་པའོ། །བགེགས་ཐམས་ཅད་སྟོང་པ་ཉིད་དུ་དམིགས་པ་ནི། ཐུགས་ཀྱི་རྣམ་པར་འཕྲུལ་པའོ། །དེ་ལ་ཤིང་དང་བོང་བ་ལ་སོགས་པས་སྐྲག་པ་སྐྱེད་པ་ནི་སའི་གནོད་པའོ། །ཆུ་རླབས་:པ་ཚབ:ཆུ་འབུར་ཟེར། གཡོ་བ་དང་ཆར་འབབ་པ་ལ་སོགས་པ་ལས་བྱུང་བ་ནི་ཆུ་ལས་བྱུང་བའི་གནོད་པའོ། །ཐོག་དང་མེས་བྱས་པ་ནི་མེའི :ཆག:འོ་ཟེར། ཐ་མལ་པའི་མེ་ལས་བྱུང་བ་ནི་མེའི་འོ། །རླུང་ལས་བྱུང་བ་ནི་རླུང་གིའོ། །རྒྱུ་འདི་ལས་བྱུང་དབང་པོ་ལས་འདས་པ སྟེ་མངོན་དུ་མ་གྱུར་པ ས་ནམ་མཁའི་ཉེ་བར་འཚེ་བ་སྟེ། གནས་ལྔ་པོ་དེ་དག་ཏུ་རྡོ་རྗེ་ཧཱུཾ་མཛད་དེ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །དེ་ལྟར་བྱས་པས་ནི་རྡོ་རྗེ་མི་ཕྱེད་གསུམ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྟེ། གལ་ཏེ་དེ་ལས་བྱུང་ཞིང་སྐྱེས་པ ཡིན་ན འང་འཇིགས་ཤིང་སྐྲག་སྟེ། རང་ཉིད་འཇིག་པའི་འཇིགས་པས་སྐྲག་ནས་རྡོ་རྗེ་སེམས་དཔའ་བློ་ལྡན་པ་སྟེ། ཡེ་ཤེས་དང་ལྡན་པའི་སྒྲུབ་པ་པོའི་དཀྱིལ་འཁོར་དུ་ཉེ་བར་འགྲོ་བར་མི་འགྱུར་ཏེ་བགེགས་བྱེད་པར་མི་ནུས་སོ། ༈ །རྡོ་རྗེ་བུམ་པ་བཞག་པ་ནི། ཞེས་བྱ་བ་ནི། བསང་གཏོར་བྱ་བ་ལས་ཐམས་ཅད་པའི་བུམ་པ་དང་རྣམ་པར་རྒྱལ་བ་གཙོ་བོའི་བུམ་པ་དང་ལ་སོགས་པས་


JLD004_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཞན་རྣམས་ཀྱི་བུམ་པ་རྣམས་འི་དགོད་པ། །ཁྱད་པར་:ཆག:ཇི་ལྟ་བུ་ཞེ་ན་ཞེས་པ་ལེགས་ཏེ། བུམ་པ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན་ཞེས་པའོ། །ཇི་ལྟ་བ་ལྟ་བ་བྱ་ཞེ་ན། སྔགས་རྒྱུད་བདག་པོས་ཤེས་བྱ་སྟེ། ཞེས་བྱ་བ་སྟེ། སྔགས་ཀྱི་རྣམ་གཞག་རྣམས་བརྗོད་བྱར་བསྡུས་པའི་རྒྱུད་ནི་སྔགས་རྒྱུད་དོ། །རྒྱུད་དེར་ལྷག་པར་བསླབས་ཤིང་རྒྱུད་དེ་ནས་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་གྱི་ཆོ་གས་རྒྱུད་གཞན་ཆོ་ག་དེ་མ་ཚང་བ་རྣམས་ལྷག་པར་སྐྱོང་པ་སྟེ་ཁ་བསྐོང་བ ར་བྱེད་པས་ན་སྔགས་རྒྱུད་བདག་པོ་སྟེ། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་རྣམས་ལ་མངོན་པར་བརྩོན་པའོ། །དེས་ན་སྔགས་རྒྱུད་ནི་དེ་ཉིད་བསྡུས་པ་སོགས་ཡིན་ལ། དེའི་བདག་པོ་ནི་དེ་དག་ལ་མཁས་པའོ། །མངོན་པར་བརྩོན་པ་དེས་ཤེས་པར་བྱ་བ་ནི་བུམ་པ་འགོད་པའི་གནས་དང་བུམ་པ་ལ་འཇུག་པའི་བུམ་སྨན་དང་ས་བོན་ཏེ་འབྲུ་རྣམས་དང་རིན་པོ་ཆེ་རྣམས་དང་བུམ་པ་ལ་བྲི་བའི་མཚན་མ་དང་ལ་སོགས་པ ས་མགུལ་ཆིངས་དང༌། གདན་དང་ཁ་རྒྱན་སོགས་དགོད་པས་བརྟགས་ཤིང་སྤྲས་པར་བྱས་པའི་བུམ་པ་ཆས་སུ་བཅུག་པ། །དེ་རྣམས་དེ་ཉིད་བསྡུས་པ་ནས་ཚང་བར་མ་བྱུང་ཡང༌། ལ་སོགས་པ་ཞེས་གསུངས་པས་སོགས་ཀྱིས་བསྡུས་པའི་སྔགས་རྒྱུད་དང་བཅས་པ་ལས་བྱུང་ན་དེས་ཆོག་གོ །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས་ཞེས་པ་ནི་དཀྱིལ་འཁོར་གྱི་སློབ་དཔོན་ནོ། །བརྟན་པའི་བློས་ནི་ཞེས་པ་ནི་དྲན་པ་མི་གཡེང་བས་སོ། །བརྟག་པར་བྱ་ཞེས་པ་ནི་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་གཞག་


JLD004_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། ༈ །དེ་ལྟར་དཀྱིལ་འཁོར་བྲི་བ་དང་སྒྲུབ་པ་དང་མཆོད་པ་དང་བུམ་པ་དགོད་པ་སོགས་ཡོངས་སུ་རྫོགས་པར་བྱས་ནས། དེའི་འོག་ཏུ་སྦྱིན་སྲེག་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཀུན་གྱི་འབྲས་འདོད་པའི། ཞེས་བྱ་བ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འདོད་པའོ། །སྔགས་ཤེས་པས་ནི་ཞེས་པ་ནི་སྔགས་པའོ། །དངོས་གྲུབ་གཉིས་གང་འདོད་ཀྱང་སྦྱིན་སྲེག་བྱ་ཞེས་པ་ནི་ལྷས་བྱིན་གྱིས་མ་བརླབས་པར་དངོས་གྲུབ་མི་འགྲུབ་ལ། དེ་ཡང་ལྷ་དབང་དུ་མ་བྱས་པར་མི་འབྱུང་ཞིང་ལྷ་དབང་དུ་བྱེད་པ་ཡང་ཐོག་མར་སྦྱིན་སྲེག་གིས་བྱེད་དགོས་པ་ལ་དགོངས་སོ། །སྦྱིན་སྲེག་གི་མཆོད་སྦྱིན་དབུལ་བ་སྟེ། གཉིས་ཀའི་རྒྱུད་ལས་འབྱུང་བ འི་ཆོ་གས་བྱའོ། །་ཞེས་བྱ་བ་ནི་དངོས་སུ་མ་ཟིན་པར་ཁོངས་ན་གནས་པའི་ལྷག་མ་བཏོན་པ། །གཉིས་ཀའི་རྒྱུད་ནི་ཁ་ཅིག་རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ནས་སྦྱིན་སྲེག་རྒྱས་པར་གསུངས་པས་དེའོ་ཞེས་ཟེར་རོ། །སྤྱིར་སྤྱོད་རྒྱུད་ལ་གཉིས་ཀའི་རྒྱུད་དུ་བཤད་པ་ཡོད་ཀྱང༌། འདིར་ནི་སྤྱོད་རྒྱུད་ལ་མི་བྱ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གཉིས་ཀའི་རྒྱུད་རྣལ་འབྱོར་རྒྱུད་ལ་གསུངས་ལ། རྣམ་གཞག་གི་རིམ་པར་ཡང་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་གཉིས་ཀའི་རྒྱུད་ལས་ནི། ཞེས་གསུངས་ཤིང། ལེའུ་བདུན་པའི་འགྲེལ་པར་ཡང༌། སྔགས་ཀྱི་སྤྱོད་པ་ནི་བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྒྱུད་ལས་བཤད་པའི་སྤྱོད་པའོ། །དེ་དག་གི་མཆོག་ནི་རྣལ་འབྱོར་གྱི་སྤྱོད་པ་སྟེ། ཞེས་སྤྱོད་རྒྱུད་གཉིས་ཀའི་རྒྱུད་ལས་ལོགས་སུ་གསུངས་པས། རྣལ་འབྱོར་གྱི་རྒྱུད་ནས་གསུངས་པའི་ཆོ་གས་བྱེད་པ་ཡིན་ནོ། །


JLD004_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

བཤང་གཅི་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་སྦྱིན་སྲེག་གསུངས་པ་ཡིན་ཏེ། དེ་ལ་བཤང་བ་ནི་:པ་ཚབ:རྩམ་པ་ཟེར། ཟས་སོ། །གཅི་བ་ནི་ཚོད་མའོ། །འབྲུ་མར་ནི་ཆང་ངོ༌། །ཤ་ནི་བཟའ་བ་སྟེ། དེ་ལ་སོགས་པའི་བཟའ་བ་དང་བཏུང་བ ཚོགས་ཀྱི་ཡོ་བྱད་དུ་བྱིན་གྱིས་བརླབས་པ ས་ཟོས་པ་དང་འཐུངས་པ་ས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་ལྷ་རྣམས་ལ། སྦྱིན་སྲེག་ཏུ་དབུལ་ཞིང་བསྟབ་པར་བྱའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གམི་ཕྱེད་པའི་ཀགསུམ་ཁགྱི་ངའཁོར་ལོ་ཅན་ཏེ། ཚོགས་ཀྱི་དཀྱིལ་འཁོར་དུ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཟོས་པ་དང་འཐུངས་པའི་ལྷག་མ་རྣམས་གཅིག་ཏུ་བྱས་པ་སྟེ་བསྲེས་པས། ཞི་རྒྱས་ལ་སོགས་པའི་ལས་ཀྱི་དབྱེ་བས་:པ་ཚབ:ཐབ་ཁུང་དང་བུད་ཤིང་དང་མེ་ཅི་རིགས་པ་ལ་དགང་བླུགས་རྡོ་རྗེའི་སྦྱིན་སྲེག་དབུལ་ལོ་ཟེར། འདི་ནི་དང་པོར་ཚོགས་འཁོར་གྱི་ཆོ་གས་ཚོགས་འཁོར་བྱས་ནས། དེའི་འོག་ཏུ་ཐབ་ཁུང་གི་ལྷ་ལ་ཁ་ཟས་ཀྱི་ལྷག་མས་སྦྱིན་སྲེག་བྱེད་པར་དེ་ལྟར་ཚོགས་ཀྱི་ཞེས་སོགས་ཀྱིས་ཤེས་ལ། དེ་ལ་ཡང་དཀྱིལ་འཁོར་དང་འབྲེལ་མ་འབྲེལ་གཉིས་ཀ་ཡོད་དོ། །འགྱུར་རྙིང་གི་རྒྱུད་ལས། རྡོ་རྗེ་གསང་བ་ཞེས་ཟེར་ལ། འགྲེལ་བའི་དཔེ་ཁ་ཅིག་ལས་གང་བ་དང་ཁ་ཅིག་ལས་གསང་བ་འབྱུང་ཡང་གང་བ་ལ་བྱ་སྟེ། དགང་བླུགས་རྡོ་རྗེའི་སྦྱིན་སྲེག་དབུལ :པ་ཚབ:།ཞེས་པ་དང་མཐུན་ནོ། །ཅི་སྙེད་པའི་ཐབ་ཁུང་དང༌། བུད་ཤིང་གི་མེ་ལ་རྡོ་རྗེ་གང་བའི་སྦྱིན་སྲེག་དབུལ་ལོ། །སྦྱིན་སྲེག་བྱེད་ལུགས་ཇི་ལྟ་བུར་བྱ་ཞེ་ན། དབུས་སུ་སྟེ་ཐབ་ཀྱི་དབུས་སུ་རང་གི་ལྷའི་གཟུགས་ཞེས་བྱ་བ། ཞི་བ་ལ་སོགས་པའི་ཁ་དོག་དང་དབྱིབས་


JLD004_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པས་ཕྱེ་བའི་རང་རང་གི་ལྷའི་གཟུགས་བསམས་ལ། ཞལ་ཏེ་དེའི་ཁའི་སྒོར་དགང་བླུགས་དང་བསྲེག་བླུགས་དབུལ་བར་བྱའོ། ༈ །དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་ལ་གནས་པའི་སྦྱིན་སྲེག་རྫོགས་པ་སྟེ་བཤད་ཟིན་ནས། ཡང་དབང་པོ་གཉིས་ཀྱི་རབ་ཏུ་སྦྱོར་བའི་ལྷའི་ཏི་ངེ་འཛིན་ལ་གནས་པས་ཀྱང་ཁ་ཟས་ཀྱི་ལྷག་མ་ལས་ཞི་སོགས་ཀྱི ལས་དབྱེ་བས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱ་ཞིང་སྦྱིན་བསྲེག་བྱའོ། །འདི་དང་སྔ་མ་གཉིས་ཚོགས་འཁོར་སྔོན་དུ་བྱེད་པ་དང༌། དེའི་བཟའ་བཏུང་གི་ལྷག་མས་སྦྱིན་སྲེག་དབུལ་བར་འདྲ་ཡང༌། སྔ་མའི་དུས་སུ་སྦྱིན་སྲེག་བྱེད་པ་པོ་ལ་དབང་པོ་གཉིས་སྦྱོར་གྱི་ནང་གི་སྦྱིན་སྲེག་མེད་ལ། འདི་ལ་ནི་དེ་ཡོད་པས་ཕྱི་ནང་གི་སྦྱིན་སྲེག་གཉིས་སྤེལ་ནས་བྱེད་པ་ཡིན་གྱི། སྙོམས་འཇུག་བྱེད་པ་ཐབ་ཀྱི་ལྷ་ལ་སྦྱོར་བ་ལུགས་གཞན་ནས་འཆད་པ་ལྟར་མི་བྱའོ། །དེས་ན་ཡང་ཞེས་པ་དང༌། འགྱུར་གསར་གཉིས་ལས་སྙོམས་འཇུག་ལ་གནས་པས་ཀྱང་ཞེས་པའི་ཡང་དང་ཀྱང་གི་སྒྲས་ནི་སྙོམས་འཇུག་མེད་པའི་སྦྱིན་སྲེག་ཏུ་མ་ཟད། དེ་ཡོད་པའི་སྦྱིན་སྲེག་ཀྱང་བྱ་ཞེས་པའོ། །སྙོམས་འཇུག་བྱེད་པ་ནང་གི་སྦྱིན་སྲེག་ཏུ་ནི་རྒྱུད་མང་པོ་ལས་གསུངས་སོ། །ཕྱི་ནང་གཉིས་ཀའི་སྦྱིན་སྲེག་རྒྱུན་གཅིག་ལ་བྱེད་པ་འདི་ནི་སངས་རྒྱས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་དཀའ་བ་སྟེ་འདར་མི་རུང་བར་གསུངས་པས། གཞན་ལ་མ་གྲགས་པའི་སྦྱིན་སྲེག་གི་བྱེད་ཚུལ་འདི་ཤེས་པར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པའོ། ༈ །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་ནི། དབབ་པ་སྔོན་དུ་འགྲོ་འོ་ན་ཡི་གེ་ལྔས་དཀྱིལ་འཁོར་དུ་བཅུག་ཟིན་


JLD004_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོག་ཏུ་ཡེ་ཤེས་འབེབས་པ་མ་ཡིན་ནམ་སྙམ་ན། ཡི་གེ་ལྔས་དཀྱིལ་འཁོར་དུ་འཇུག་པ་ལ་སྐབས་གཉིས་ལས། ཡེ་ཤེས་ཕབ་པའི་འོག་ཏུ་འཇུག་པ་ནི་མེ་ཏོག་འདོར་བའི་དུས་ཡིན་ཏེ། ཀླུ་བྱང་གི་དཀྱིལ་ཆོག་ལས། མེ་ཏོག་འདོར་བའི་སྔགས་ལ། ༀ་ཨཱཿཁཾ་བཱི་ར་ཧཱུཾ་ཞེས་གསུངས་པ་བཞིན་ནོ། །བས་སློབ་མ་གཞུག་པའི་ཆོ་ག་སྟོན་ཏེ། རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་འབར་བར་གྱུར་པས་ན། རྣམ་པར་སྣང་མཛད་དེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྦྱོར་བ་ནི་རྡོ་རྗེ་འཆང་དེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེར་བྱ་བ་སྟེ་བྱེད་པ། །སྔ་མ་འགའ་ཞིག་རྡོ་རྗེ་འཆང་ཞེ་སྡང་རྡོ་རྗེར་བསྐྱེད་པ་ནི་སློབ་དཔོན་གྱི་སྐྱེད་ཆོག་ཏུ་བྱེད་དེ། ཞེ་སྡང་རྡོ་རྗེར་བྱ་བའོ། །དེས་ཞེས་གསུངས་པས་ཞེ་སྡང་རྡོ་རྗེར་བྱས་པ་དེས་སློབ་མ་ཡི་གེ་གསུམ་ལས་བྱུང་བར་བྱས་པར་བཤད་པའི་ཕྱིར་རོ། །སྙམ་པའོ། །དེ་ནི་མི་རིགས་ཏེ་རྡོ་རྗེ་འཆང་ཞེ་སྡང་རྡོ་རྗེར་བསྒྱུར་བའི་རྡོ་རྗེ་འཆང་གི་བསྐྱེད་ཆོག་དེས་སློབ་མ་འབྲུ་གསུམ་ལས་བྱུང་བའི་ལྷར་བྱ། ཞེས་པའི་དོན་ཡིན་པའི་ཕྱིར་དང༌། ཀླུ་བྱང་གི་དཀྱིལ་ཆོག་ལས། ལེའུ་བཅོ་ལྔ་པའི་འགྲེལ་པར་བཤད་པ་བཞིན་གྱི་ཡེ་ཤེས་འབེབས་པ་བྱས་ཀྱང་མ་ཕེབས་པའི་སྤོགས་ཆོག་ལ། དེ་ལྟ་ནའང་གལ་ཏེ་མ་ཕེབས་ན། གསང་སྔགས་བརྟན་པོ་འདི་བརྗོད་ཅིང༌། དེ་ནས་ཡི་གེ་ཨཱཿ ཟེར་གྱིས། ཡེ་ཤེས་ཆེན་པོ་བསྐུལ་པར་བྱ། ཞེས་འདིར་བཤད་པའི་ཨཱཿ དམར་པོ་འོད་ཟེར་དང་བཅས་པ་ཡན་ལག་ཐམས་ཅད་ལ་བསམ་པར་བཤད་པ་སྤོགས་ཆོག་ཏུ་གསུངས་པའི་ཕྱིར་དང༌། སློབ་མ་རྡོ་རྗེ་འཆང་དུ་བསྐྱེད་པ་སོགས་སྤོབས་ཆོག་ཡིན་པའི་ཕྱིར་རོ། །དེ་ལྟར་དུ་བོད་ཀྱི་མཁས་པ་དག་བཞེད་པ་ཤིན་ཏུ་ལེགས་པར་སྣང་ངོ༌། །ཚུལ་དེས་ཞེ་སྡང་རྡོ་རྗེར་བྱ་རྒྱུ་དེ་གང་ཡིན་སྙམ་ན། རྡོ་རྗེ་གསུམ་ལས་བྱུང་བ་དེར་སློབ་མ་བྱ། ཞེས་པ་ནི་དང་པོར་སློབ་མ་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་འཆང་དུ་བྱ། དེ་ནས་ཞེ་སྡང་རྡོ་རྗེར་བསྒྱུར་བར་སྟོན་ཏེ། ཡི་གེ་


JLD004_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་ནི་མངོན་བྱང་ལྷག་མ་ཡང་མཚོན་པས། མངོན་བྱང་ལྔ་ལས་རྡོ་རྗེ་འཆང་དུ་བསྐྱེད་དོ། །རྡོ་རྗེ་གསུམ་སྟེ་ༀ་ལ་སོགས་པ་གསུམ་མོ། །དེ་ལས་བྱུང་བ་གང་ཡིན་པ་དེ་ནི་རྡོ་རྗེ་གསུམ་ལས་བྱུང་བ་སྟེ། དེར་སློབ་མ་བྱས་ལ་ཡི་གེ་ཨཱཿ ཁ་དོག་དམར་པོ་འོད་ཟེར་དང་བཅས་པ། ལུས་དང་ངག་དང་སེམས་ཞེས་པ་ཡན་ལག་ཐམས་ཅད་ལ་བསམས་ནས། དབབ་པའི་ཆོ་ག་བཞིན་དུ་བྱས་ན་ཞེས་པ་ནི། ཨཱཿ བཀོད་པའི་འོད་ཟེར་གྱི་ཞེ་སྡང་རྡོ་རྗེའི་གནས་གསུམ་དུ་བཀོད་པའི་རྡོ་རྗེ་གསུམ་གྱིས་ཡེ་ཤེས་ཆེན་པོ་བསྐུལ་བས། རྡོ་རྗེ་གསུམ་སྙོམས་པར་ཞུགས་པའི་ཐབས་ཀྱིས་ཡེ་ཤེས་ཀྱི་ལུས་གང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཨཱཿ དམར་པོ་འོད་ཟེར་ཆར་ལྟར་འབབས་པར་བསམས་ལ། ཨ་བེ་ཤ་ཡ་ཞེས་སོགས་དྲག་ཏུ་བརྗོད་པའོ། །རྡོ་རྗེས་ཏེ། དབབ་པའི་རྡོ་རྗེས་གཟུང་བར་བྱ་ཞིང་སྟེ་བྱིན་གྱིས་རློབ་པའི་སྒོ་ནས་བདག་གིར་བྱེད་པར་འགྱུར་རོ། །བདག་གིར་བྱེད་པ་དེ་གང་སྙམ་ན་རྒྱལ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་ཆེན་ནི་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །གྲགས་ཆེན་རྣམ་པར་སྣང་མཛད་ནི་རྣམ་པར་སྣང་མཛད་དོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་ནི་ལུས་ལ་སོགས་པའི་ཡུལ་ཏེ་གནས་གསུམ་ལའོ། །བྱིན་གྱིས་བརླབས་པ་རབ་ཏུ་གསོལ་བ་ནི། གསུམ་པོ་དེར་འཇུག་པར་མཛད་པའོ། ༈ །འོག་གི་ཡི་གེ་ལྔ་པོ་འདི་ནི་ཡེ་ཤེས་འབེབས་པ་དེའི་ཡན་ལག་སྟེ་སྔོན་དུ་ཏུ་འགྲོ་བའི་རྒྱུར་གྱུར་པ་སྟེ། :ཆག:སྔར་དབབ་པ་སྔོན་དུ་འགྲོ་བས་སློབ་མ་གཞུག་པའི་ཆོ་ག་སྟོན་ཏེ། ཞེས་ཀྱང་གསུངས་པས་འབྲུ་ལྔ་པོ་འདིས་ཀྱང༌། ཡོལ་བའི་ནང་འཇུག་


JLD004_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐབས་སུ་དཀྱིལ་འཁོར་ཆེན་པོ འི་ནང་དུ་ར་འཇུག་པར་བྱ་བའི་ཕྱིར་རྡོ་རྗེའི་ཚིག་ཡིན་ནོ། །དེ་གང་ཞེ་ན་ཨཱཿ ཁཾ་བཱི་ར་ཧཱུཾ་ཞེས་བྱ་བ་སྟེ། ཡི་གེ་ལྔ་པོ་འདི་ནི་དམ་ཚིགས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། ཨཱཿ་ནི་སྣང་མཐའ་དང༌། ཁཾ་ནི་དོན་གྲུབ་ཀྱི་ས་བོན་དང༌། བི་ནི་རྣམ་པ་སྟེ་དེ་དང་ར་གཉིས་ནི་རྣམ་སྣང་དང་རིན་འབྱུང་གི་མིང་ཡིག་དང་པོ་དང༌། ཧཱུཾ་ནི་མི་བསྐྱོད་པའི་ས་བོན་ནོ། །སྟེ། དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱིའོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ལུས་ཏེ་སྐུ་དང་ངག་སྟེ་གསུང་དང་སེམས་ཏེ་ཐུགས་ཀྱི་བདག་ཉིད་ཅན་གྱི་སྙིང་པོ་ཡིན་པས་ན། ལུས་ངག་སེམས་ཀྱི་སྙིང་པོ་སྟེ།རིན་འབྱུང་དང་དོན་གྲུབ་གཉིས་སྐུ་དང་གསུང་གཉིས་སུ་བསྡུས་པའོ། །དེ་སྟོན་པ་སྟེ་མཚོན་པ ར་བྱེད་པའི་སྔགས་ཀྱི་རྡོ་རྗེ་ནི་འདི་ཡིན་ནོ། ༈ །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་དཀྱིལ་འཁོར་གྱི་ཆོ་ག་ལའོ། །རྡོ་རྗེ་ཆེན་པོ་ནི་དབང་བསྐུར་བའི་དོན་གྱི་སློབ་མའོ། །དེའི་དབང་བསྐུར་བ་ནི་རྡོ་རྗེ་ཆེན་པོའི་དབང་བསྐུར་བ འི་གསང་བ་ནི་བུམ་པའི་དབང་ལ་སོགས་པ། །དེ་ཉིད་སྦ་བར་བྱ་བ་ཡིན་པས་ན་ཡེ་ཤེས་གསང་བའོ། །སངས་རྒྱས་ཀུན་གྱིས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེས་ནམ་མཁའི་ཁམས་ཞེས་པ་ནམ་མཁའི་གཏོས་ཡོངས་སུ་གང་བར་བསམ་ཞིང་བསྒོམ་པར་བྱའོ། །རྡོ་རྗེའི་རིགས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་རིགས་ནི་སློབ་དཔོན་ཏེ། དེས་སིལ་སྙན་དེ་སྒྲ་ལ་སོགས་པ་འདོད་པའི་


JLD004_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལྔས། ནམ་མཁའ་དེ་ལ་གནས་པ་ལ་མཆོད་ཅིང་བསྒོམས་ལ། བདག་ཉིད་ཀྱིས་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལྷ་དམ་ཚིག་པ་རྣམས་གསལ་བར་བསྒོམ་པར་བྱ་ཞིང༌། གཙོ་བོ་ནས་གནོད་མཛེས་ཀྱི་བར་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་བསྟིམ་པར་བྱའོ། །འདི་དཀྱིལ་འཁོར་སྒྲུབ་པའི་སྐབས་དང་འབྲེལ་ལ། དེ་ཡང་སློབ་མ་ལ་དབང་བསྐུར་བའི་དོན་དུ་ཡིན་པས། དབང་བསྐུར་བའི་གསང་བར་གསུངས་སོ། ༈ །འདི་སྐད་ཀྱང་གསུངས་སོ། །རྡོ་རྗེ་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྐུ་གསུམ་སྔགས་ཀྱི་ནི། ཞེས་པ་ནི། བདག་ཉིད་གཙོ་བོར་བྱས་པ་དང་རང་གི་ཕྱག་རྒྱ འི་ལུས་དང་ངག་དང་ཡིད་གཅིག་ཏུ་སྟེ་སྙོམས་པར་འཇུག་པའི་བྱ་བ་ལ་མཚུངས་པར་བྱས་ཏེ་སྙོམས་པར་ཞུགས་པ་ལས་བྱུང་བའི་་་ཡུངས་ཀར་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འོད་ཟེར་གྱི་རྣམ་པ་ཅན་རྣམས་ཀྱིས་བརྟུལ་ཞུགས་ཅན་ཏེ་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་རྣམས་ཀབསྒོམས་བསྒོམས་ཞེས་པ་འགྱུར་གསར་གཉིས་ལ་མེད་དོ། ཁལ། སློབ་མ་ལ་དབང་བསྐུར་བར་བྱ་བའི་ཕྱིར་བརྡེག་པར་བྱ་ཞིང་སྟེ་བསྐུལ་བར་བྱའོ། །ཞེས་སྦྱར་རོ། །འདིས་ནང་དབང་བསྐུར་བ་བསྟན་ཟེར་ཡང༌། ལྷ་སྤྱན་འདྲེན་པར་སྣང་གི །ནང་དབང་བསྐུར་བ་འདིས་སྟོན་པ་མི་འགྲིག་གོ །ནང་དབང་ནི་ལེའུ་བཅུ་བདུན་པ་ལས་སྟོན་པར་འགྱུར་རོ། །དེ་ཡི་ཚེ་སྟེ། དུས་དེའི་ཚེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་:པ་ཚབ་ཆག:པ་བསྐུལ་བར་གྱུར་བ་རྣམས་ཟེར། རྣམས་བསྐུལ་ན། བདག་ཉིད་ཉེ་བར་བྱོན་ནས་སློབ་མ་དེ་ལ་དབང་བསྐུར་ཞིང་བྱིན་གྱིས་རློབ་པ་སྩོལ་


JLD004_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །ཁརྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ང་རྒྱལ་གྱི་ཏིང་ངེ་འཛིན་གྱིས།:པ་ཚབ:ཡང་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམས་ཏེ་བསམ་པར་བྱའོ་ཟེར། ཀཡང་ན་གསངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་དབང་གི་ལྷ་རྣམས་སྤྱན་དྲངས་པར་བསྒོམ་པར་བྱའོ། །འདིས་སྔ་མ་ནི་གཙོ་བོའི་ང་རྒྱལ་གྱིས་དབང་ལྷ་སྤྱན་འདྲེན་པར་བསྟན་ཏེ་དེ་གཉིས་གདམ་ང་ཅན་ནི་ཆུ་དབང་ལས་ཏེ། མི་བསྐྱོད་པ་ལས་གཞན་པའི་ལྷས་གཙོ་བོ་མཛད་པ་རྣམས་ལ་དགོངས་སོ། ། :པ་ཚབ:དེ་ལྟར་བསྒོམས་ནས་བུམ་པ་དེ་རྣམས་སྤྱན་ལ་སོགས་པས་བཟུང་ཟེར། དེ་ལྟར་བསྒོམས་ནས་དེ་བུམ་པའི་ནང་དུ་ཚུད་པ་ནི། ཞེས་པ་ནི་སྔར་ནང་དུ་རྣམ་སྣང་སོགས་བསྐྱེད་པའི་བུམ་པ་རྣམས་དམ་ཚིག་མཆོག་རྣམས་ཀྱིས་ཏེ་སྤྱན་ལ་སོགས་པས་བཟུང་བར་མཁས་པ་སྟེ་སློབ་དཔོན་གྱིས་བསྒོམ་པར་བྱའོ། ༈ །དེས་དེ་ལྟར་བསྒོམས་པ་དེ་ནས་ཅི་ཞིག་བྱ་ཞེ་ན། ཅིར་འགྱུར་ཞེས་ན།:ཆག:དེ་ནས་ཅི་ཞེ་ན་ཟེར་༢སློབ་མ་བློ་བརྟན་ཏེ་མ་ཡེངས་བར་སེམས་རྩེ་གཅིག་ཏུ་གྱུར་པ ས།་རྡོ་རྗེ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ་མོ། །རྡོ་རྗེ་རྣམ་སྣང་དུ་བསྐྱེད་པ་དེའི་འོག་ཏུ་ལུས་དང་ངག་སེམས་རྡོ་རྗེ་ཅན། ཞེས་པ་ནི། སློབ་མའི་ལུས་ཀྱི་དཀྱིལ་འཁོར་ལ་སྔགས་ཤེས་པས་ཞེས་པ། ལུས་དཀྱིལ་གྱི་ལྷ་བསྐྱེད་པའི་ས་བོན་ཤེས་པས་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །མཁས་པ་ཁ་ཅིག་གཞུང་དེ་དག་གིས་ཟུང་འཇུག་གསལ་བ་ནས་བཤད་པ་ལྟར་རྣམ་སྣང་གི་ཆུ་དབང་བསྐུར་བ་བསྟན་ཞེས་གསུངས་སོ། །ཀླུ་བྱང་གི་


JLD004_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཆོག་ལས་ཆུ་དབང་བསྐུར་བ་ལ་སློབ་མ་ལྷ་གང་དུ་བསྐྱེད་པ་མི་གསལ་ལོ། །ཡན་ལག་མེད་པའི་རྡོ་རྗེས་ཀྱང་རྣམ་སྣང་གི་ཆུ་དབང་བཤད་པས། སྤྱིར་རྣམ་སྣང་གི་ཆུ་དབང་མི་འཐད་པ་མིན་ཀྱང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་མི་བསྐྱོད་བའི་ཆུ་དབང་གསུངས་པ་ལྟར། ནཱ་རོ་པ་དང་ནག་པོ་དམ་ཚིག་རྡོ་རྗེས་ཀྱང་དེ་ལྟར་བཤད་པ་ལྟར་བྱའོ། །སློབ་དཔོན་ལ་ལྟོས་པར་བྱ་བའི་ཕྱིར་དུ། རྒྱུད་ལས་སྐབས་འདི་དག་ཏུ་ཡང་དཀྱིལ་འཁོར་སྒྲུབ་པ་དང༌། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ་པའི་འོག་ཏུ་ལྷ་ངོ་སྟོན་པ་སོགས་གོ་རིམ་འཁྲུགས་པ་མང་བས། འདིར་རྣམ་སྣང་དུ་བསྒོམས་ནས་ལུས་དཀྱིལ་སྒོམ་པ་ནི་མེ་ཏོག་འདོར་བའི་སྔ་རོལ་དུ་ལུས་དཀྱིལ་སྒོམ་པ་དང་སྦྱར་རྒྱུ་ཡིན་ནོ། ༈ །དེ་ལྟར་དགོད་པ་བྱས་ནས་འོག་ནས་བཤད་པ་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་འདིས་སྐུ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་ནི་དབང་བསྐུར་བ་ཐམས་ཅདདེ། དེར་གསང་བ་ནི་སྦ་བར་བྱ་བའོ། །སློབ་དཔོན་ཐམས་ཅད་ཀྱི་ཞེས་བྱ་བ་ནི། ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པར་དབང་བསྐུར་བ་སྩོལ་བ་སྟེ། དེ་རྣམས་ཀྱིས་སློབ་མའི་དོན་དུ་དབང་བསྐུར་བའི་རྡོ་རྗེའི་ཚིག་ཏུ་སྨྲ་བར་བྱ་བ་ནི་རྡོ་རྗེའི་ཚིག་བརྗོད་པའོ། །དེ་གང་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། ཞེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་རོ། །རྡོ་རྗེ་གསང་བ་གསུམ་ལས་བྱུང་ཞེས་བྱ་བ་ལ། རྡོ་རྗེ་གསང་བ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་བ་ནི་དེའི་རིགས་ལས་སྐྱེད་པའོ། །


JLD004_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཆེན་པོ་ནི་མི་ཕྱེད་པ་ཆེན་པོ་སྟེ་དོར་དུ་མེད་པའོ། །དབང་བསྐུར་བ་ཆེན་པོ་ནི་ཁམས་གསུམ་གྱི་རྒྱལ་པོར་རབ་བཞག་པ་སྟེ། དེ་ངས་དེང་སྦྱིན་པར་བྱའོ། །ཁྱེད་ཀྱིས་ཀྱང་འདི་ལ་ནན་ཏན་དུ་བསྒྲུབ་པར་བྱའོ། །ཞེས་པ་ནི་སློབ་མ་ལ་དབུགས་དབྱུངས་བའོ། །དེ་དེ་ལ་:ཆག:དེ་སྐད་གསུང་བ་ཅན་གྱི་རྡོ་རྗེ་བླ་མ་ལ་འཆད་བཞིན་པ་འདི་ནི། སློབ་མ་ཐམས་ཅད་དེ་རིགས་ཀྱི་དབྱེ་བས་ཞེས་སོ། །ལ་རྡོ་རྗེ་སློབ་དཔོན་གྱིས་དེ་སྐད་དུ་སྨྲས་པ་དང༌། འོག་ནས་བཤད་པའི་སློབ་མ་འདི་དག་ཐམས་ཅད་དེ་རྡོ་རྗེའི་རིགས་ལ་སོགས་པའི་རིགས་ཀྱི་དབྱེ་བས། གནས་པ་དེ་རྣམས་ཀྱིས་རྡོ་རྗེ་ཆེན་པོ་སྟེ། རྡོ་རྗེ་སློབ་དཔོན་དེ་ལ་གསོལ་བ་བྱ་བ་ནི་གསོལ་བ་འདེབས་པའོ། །དེའི་ཆོ་ག་ནི་བྱ་བའི་ཆོ་གའོ། །དེ་ཉིད་ནི་གསང་བར་འགྱུར་བའོ། །དེ་གང་ཡིན་ཞེ་ན། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །སངས་རྒྱས་ལ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལའོ། །མཆོད་ཆེན་ནི་དབང་བསྐུར་བ་ཆེན་པོའོ། །ཇི་ལྟར་རྣམ་པ་གང་གིས་སྩལ་བ་དེ་བཞིན་དུ་བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། ཞེས་པ་སྟེ། བདག་འཁོར་བ་མ་ལུས་པའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར་ནམ་མཁའི་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་མཉམ་པ་ཞེས་བོས་ནས་དེང་སྟེ་ད་ལྟར་བདག་ཁྱེད་ལ་སྐྱབས་སུ་མཆིས་པ་ལ་སྩོལ་ཅིང་གནང་བར་གསོལ་ཞེས་གསོལ་བ་འདེབས་པའོ། །དེའི་ཚེ་སྟེ་དེའི་དུས་སུ་རབ་ཏུ་དགྱེས་པས་ཏེ། གསོལ་བ་བཏབ་


JLD004_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡིད་རངས་པར་གྱུར་པའི་བླ་མས་དབང་བསྐུར་བ་སྦྱིན་པར་བྱའོ། །ལྷའི་གཟུགས་ནི་ཕྱིའི་དཀྱིལ་འཁོར་རོ། །དེའི་སྦྱོར་བ་ཡིས་ཞེས་པ་ནི། སློབ་མ རྣམ་སྣང་དུ་བསྐྱེད་པའི་ལུས་ཀྱི་དཀྱིལ་འཁོར་ལ་ཕྱི་དཀྱིལ་ལ་ལྷ་སོ་གཉིས་ཚང་བ་ཇི་ལྟ་བ་བཞིན་དུ་བཀོད་པའོ། །་81ལྷ་ཚང་བར་ལུས་ལ་འགོད་པའི་རྒྱུ་མཚན་དེས་ན་སྙིང་ཁར་ཞེས་པ་སློབ་མ་དེ་ཉིད་ཀྱི་སྙིང་ཁའི་པདྨ་ལ། བདག་པོ་སྟེ་གཙོ་བོ་གཞག་པར་བྱ་ཞིང་དགོད་པར་བྱའོ། ༈ །དེ་ལྟར་དཀྱིལ་འཁོར་གྱི་བདག་ཉིད་དུ་བྱས་པའི་རྡོ་རྗེའི་སློབ་མ་བློ་ལྡན་ལ། ཞེས་པ་ཤེས་རབ་དང་ལྡན་པ་ལ།རྒྱུད་ལས། སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ། ཞེས་པ་ནི། ཀླུ་བྱང་གིས། བརྟུལ་ཞུགས་བཟང་པོས་སྔགས་འདི་ཡིས། “།གདོང་གཡོགས་རབ་ཏུ་དགྲོལ་བར་བྱ། ཞེས། ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། ཞེས་པ་བཞིན་གདོང་གཡོགས་དགྲོལ་བ་ལ་བཤད་དེ། འདི་དེ་ཉིད་བསྡུས་པ་ན་སྔགས་སུ་ཡོད་དོ། །དཀྱིལ་འཁོར་དག་ནི་བསྟན་པར་བྱ། ཞེས་བྱ་བ་སྟེ། ཕྱི་ནང་གི་དཀྱིལ་འཁོར་གཉིས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་དེ་གཉིས་ཀྱི་དེ་ཁོ་ན་ཉིད་ཀླུ་བྱང་གི་དཀྱིལ་ཆོག་བཞིན་བསྟན་པར་བྱའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་དེ་རྫོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། གསུངས་ཤིང་བསྟན་པ་ཡི་དམ་ཚིག་ཅེས་བྱ་བ་འདའ་བར་མི་བྱ་བས། བསྒྲུབ་པར་བྱ་བ་བསྒྲག་པར་བྱ་ཞིང་རྡོ་རྗེ་སློབ་མ་ལ་བསྟན་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། ཞེས་བྱ་བ་ལ་སོགས་པའི་དམ་ཚིག་བཞི་ནི། ལེའུ་ལྔ་


JLD004_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གསུངས་པའི་དགོངས་པས་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་ལམ་གྱི་མི་ཕྱེད་པའི་ཏིང་ངེ་འཛིན་འདི་དག་གིས་ནི། སེམས་ཅན་ཐམས་ཅད་དེ་རྡོ་རྗེ་སློབ་མ་རྣམས་དོན་དེ་དག་ཉམས་སུ་ལེན་པ་ལ་རྗེས་སུ་བསྐུལ་བར་བྱ་སྟེ། ལམ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི། འདའ་བར་དཀའ་བའི་དམ་ཚིག་དང་སྡོམ་པའོ། །ཇི་ལྟ་བུ་ཞེ་ན། མཆོག་ཏུ་རྟག་པ་སྟེ་ཐོག་མ་དང་ཐ་མ་མེད་པའོ་ཞེས་ཀྱང་གསུངས་སོ། །ཞེས་པ་ནི་དམ་ཚིག་འདི་ཐོག་མ་མེད་པ་ནས་བཟུང་སྟེ། ཐ་མ་ཡང་མེད་པར་ཡོད་པ་ཡིན་པས་མ་འདའ་ཞིག་ཅེས་པའོ། ༈ །སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་དང་སྡོམ་པ་འཛིན་པ་ལ་བླ་མས་ཁྱོད་དངོས་གྲུབ་གང་འདོད་ཅེས་དྲི་བར་བྱའོ། །དེ་གལ་ཏེ་བདག་ནི་འདི་འཚལ་ལོ་ཞེས་སྨྲ་ན། དེའི་ཚེ་དེ་ལ་བྱ་བ་དེ་སྒྲུབ་པའི་སྔགས་སྦྱིན་པར་བྱའོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན། སྔགས་ཀྱི་བསྐུལ་བ་སྨྲས་པ་ཡིས། ཞེས་བྱ་བ་སྟེ། སྔགས་ཀྱི་དོན་དུ་བསྐུལ་བ་དེར་སྨྲས་པ་ཡིས་ཞེས་པ་སྟེ། སྨྲས་པ་དེ་ལ་སྔགས་ཀྱི་བསྐུལ་བ་སྨྲ་བའི་སློབ་མའི་ཚིག་དེས། སློབ་དཔོན་གྱིས་དེའི་ཚིག་ལས་བསམ་པ་ཤེས་པར་བྱས་ལ་སྦྱིན་པར་བྱའོ། ཞེས་བྱ་བར་སྦྱར་རོ། །དེ་ནས་སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན། ཅེས་པ་དེ་དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་དང་བཟླས་པ་བྱེད་ཚུལ་བྱིན་ལ“།འདིར་:པ་ཚབ:སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན“་་87བྱིན་ནས་གསང་བ་བརྩམ་པར་བྱ། ཞེས་སོ། ༈ །གསང་བ་


JLD004_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་གསང་:ཆག:བའི་དབང་བསྐུར་བ་སྐབས་སུ་བབ་པ། དངོས་གྲུབ་ཀྱི་དོན་དུ་ཡང་དག་པར་བརྩམ་ཞིང་བྱའོ། །ཟེར། གསང་བའི་དབང་བསྐུལ་བ་འོག་ནས་བཤད་པ་གྲུབ་པ ར་བྱ་བ འི་ཕྱིར་བརྩམ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཁུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འམ་ཞེས་བྱ་བའི་སྒྲས་ནི་བདུད་རྩི་ལྷག་མ་གསུམ་བཟུང་སྟེ། བདུད་རྩི་ལྔ་པོ་འདི་དག་ལ་ཆོ་ག་བཞིན་དུ་ཡི་གེ་གསུམ་གྱིས། མངོན་པར་བསྔགས་ནས་ཧཱུཾ་ཡིག་གིས་སྦྱང་བ་དང་ལ་སོགས་པ ས་ཨཱཿ ཡིག་གིས་བདུད་རྩིའི་ངོ་བོར་རྟོགས་པར་བྱ་བ་དང༌། ༀ་ཡིག་གིས་མང་པོར་སྦར་བའམ་སྤེལ་བ འི་ཆོ་གས། བདུད་རྩིར་བྱས་ལ་རྡོ་རྗེའི་བློས་ཞེས་པ་རྡོ་རྗེ་སློབ་དཔོན་གྱིས། རྡོ་རྗེ་སློབ་མ་ཟར་གཞུག་ཅིང་སྦྱིན་པར་བྱ བ་ནི་ལེའུ་བརྒྱད་པར་བཤད་པ་བཞིན་བྱ། །འོན་ཏང་ཞེས་པ་ནི་དེ་ལྟ་ན་ཞེས་པའོ། །མངོན་པར་འདོད་པའི་དངོས་གྲུབ་རྙེད་པར་མི་དཀའོ། ༈ །དེ་ལྟར་ཕྱི་བུམ་དབང་དང་གསང་བའི་དབང་གིས་དབང་བསྐུར་བའི་སློབ་མ་ལ་གསང་བ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བསྟན་པར་བྱ་བའི་ཕྱིར། རྣམ་པ་འདི་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ས་ལ་སོགས་པ་བཞིའི་ངོ་བོར་གྱུར་པ་དེ་ཉིད་སྤྱན་མ་སོགས་བཞིའི་རིགས་པདྨ་ཅན་ལ་སོགས་པ་བཞི་དང༌། ཕྱག་རྒྱ་མ་སྤྱན་སོགས་སུ་བསྒོམ་པ་དང་མཉམ་པར་སྦྱོར་བའི་དབང་གསུམ་པ་ནི་གསང་ཆེན་རྣམ་པ་བཞི་སྟེ་མཆོག་ཏུ་གསང་བའོ། །རྡོ་རྗེ་ཅན་ནི་ཀུན་གྱིས་གསང་། ཞེས་པ་ནི། རྡོ་རྗེ་ཅན་ཏེ་ཐེག་པ་གསར་ལ་གནས་པའི་སྔགས་པ་ཐམས་ཅད་ཀྱི་ལ་།ཐམས་:ཆག:ཅད་ཀྱི་གསང་བ་སྟེ་ཞེས་བ་རྩ་བ་དང་མཐུན་


JLD004_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གསང་བ་སྟེ་སྣོད་མིན་ལ་བསྟན་པར་མི་བྱ་བའོ། །སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས། ཞེས་བྱ་བ་ནི། སྔགས་ཀྱི་འཁོར་ལོ་སྟེ། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་མ་ལ་སོགས་པའི་བུད་མེད་ཀྱི་གཟུགས་ཡོངས་སུ་བཟུང་ནས་བཞུགས་པའོ། །དེ་ལྟར་མཛད་པ་དེ་དགོས་པ་གང་གི་ཕྱིར་ཡིན་ཞེ་ན། སེམས་ཅན་དོན་སྤྱོད་ཕྱིར་གནས་པའོ། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་ཀྱི་ཞི་བ་ལ་སོགས་པའི་དོན་སྤྱོད་པའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ཉིད་ས་ལ་སོགས་པ་:ཆག:ཡང་ཟེར། ས་ལ་སོགས་པ་སྟེ། ཡང་སྐྱེས་བུའི་གཟུགས་མི་སྣང་བར་མཛད་ནས། སྤྱན་ལ་སོགས་པར་ཡོངས་སུ་གྱུར་ཏོ། ཞེས་བྱ་བའི་བར་སྤྱན་:པ་ཚབ:མ་ལ་སོགས་པར་ཡོངས་སུ་གྱུར་ཏོ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་བསྒྱུར་བས་བར་གྱི་སྒྲས་བསྡུ་རྒྱུ་མེད་པ་རྣམས་ཐ་ཚིག་གོ་ཞེས་པའིདོན་དུ་གཟུང་བར་བྱའོ། །དུའོ། ༈ །དེ་ལ་ཞེས་བྱ་བ་ནི་དམ་ཚིག་སྦྱིན་པའི་དུས་སུའོ། །རྡོ་རྗེ་དཀྱིལ་འཁོར་ནི་སྟེ། ཐུགས་ཀྱི་དཀྱིལ་འཁོར་རོ། །དེར་སྔགས་ནི་ལྷ་རྣམས་ཏེ། དེ་ཐམས་ཅད་མཉེས་པར་བྱ་བ་ནི་དབང་དུ་བྱ་བ་སྟེ་དེར་དབང་དུ་བྱ་བ་ནི་སྣོད་མིན་ལ་གསང་བའོ། །གང་ཡིན་ཞེ་ན། གླང་པོའི་ཤ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་འདི་དག་ནི་བདག་ཉིད་ཀྱིས་བརླབ་ཅིང༌། སྔགས་རྣམས་ཞེས་བྱ་བ་ལྷ་རྣམས་ལ་ཕྱི་ནང་གི་སྦྱིན་སྲེག་དང༌། གཏོར་མའི་ཚུལ་གྱིས་དབུལ་བར་བྱའོ། །དེ་ལྟར་བྱས་ན་མགོན་པོ་མཉེས། ཞེས་བྱ་བ་ནི། མངོན་པར་འདོད་པའི་འབྲས་བུ་


JLD004_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ཞིང་མཉེས་པར་འགྱུར་རོ། །ཉིན་རེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སློབ་མ་སྟེ་དབང་བསྐུར་བ་ཐོབ་པ་ལ། མཁས་པས་ཞེས་པ་རྡོ་རྗེ་སློབ་དཔོན་གྱིས། དཀྱིལ་འཁོར་ཞེས་པ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཉིན་རེའམ་ཟླ་རེའམ། ལོ་རེ་བྱ་བའི་ཚུལ་བསྟན་ཅིང་ལུང་དབོག་པར་བྱའོ། །ཇི་ལྟར་ཞེ་ན། བཤང་གཅི་ཤ་ཡི་བྱ་བ་དང༌། ཞེས་བྱ་བ་སྟེ། དེ་ལ་བཤང་གཅི་སྨོས་པས་ནི་བདུད་རྩི་ལྔ་ཅར་ཡོངས་སུ་གཟུང་ངོ༌། །ཤ་སྨོས་པས་ནི་ཤ་རྣམ་པ་ལྔ་ཡོངས་སུ་གཟུང་ངོ༌། །བྱ་བ་དང་ཞེས་བྱ་བ་སྨོས་པས་ནི། འཇིག་རྟེན་ན་བཟའ་བ ར་བྱ་བ་མ་ཡིན་པ་དང་བཏུང་བར་བྱ་བ་མ་ཡིན་པ་རྣམས་བཟུང་སྟེ། བཤང་བ་ལ་སོགས་པ་འདི་དག་དང༌། རྡོ་རྗེ་དང་པདྨའི་གསང་བའི་ཚིག་དག་གིས། ཏེ་གནས་ཀྱིས་ཞེས་བྱ་བ་དབང་པོ་གཉིས་མཉམ་པར་སྦྱོར་བ་དང༌། གར་དང་གླུ་ལ་སོགས་པ་དག་གིས་སྡུག་གདུག་:པ་ཚབ:པ་ཐམས་ཅད་འདུལ་བར་བྱའོ། །ཞེས་དང༌། སྡུག་:ཆག:པ་ཐམས་ཅད་བསྟན་པར་བྱའོ། །ཞེས་ཟེར་ཡང༌། དཀྱུས་ལྟར་ལེགས་སོ། །པ་སྟེ་ཡིད་དུ་འོང་བ་ཐམས་ཅད་རྣལ་འབྱོར་ཕོ་མོ་རྣམས་ལ་དབུལ་བར་བྱའོ། །ཞེས་བྱ་བར་དགོངས་སོ། །བདུད་རྩི་ལྔ་ལ་སོགས་པ་བཟའ་བ་ལ་ཉེ་བར་ལོངས་སྤྱོད་པའི་དུས་སུ། ཡིད་ཆེད་:ཆག:དུ་བྱ་བ་བསྟན་པ་ནི་ཟེར། ཆེས་པ་བསྟན་པར་བྱ་བའི་ཕྱིར། སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།ཁསྔགས་ཐམས་ཅད་ཀྱི་དང་པོར་གྱུར་པ་ཡི་གེ་ༀ་ཀབཟའ་བ་དང་པོ་ལྔར་ཧཱུཾ་ཡིག་གིས་དྲི་མ་རྣམས་སྦྱང་བ་དང༌། དེ་ནས་ཨཱཿ ཡིག་གིས་བདུད་རྩིར་རྟོགས་པར་བྱས་


JLD004_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གབསྒོམས་ན། དེ་མ་ཐག་ཏུ་མངོན་སུམ་དུ་འབར་བ་སྟེ་འཕེལ་བ ར་འགྱུར་རོ་ཞེས། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །༈ཁཐོག་མར་དབང་ལེགས་པར་བསྐུར་ནས་དམ་ཚིག་དང་སྡོམ་པ་་5འདི་ལ་ཀའཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒྲུབ་པར་བྱ་བ་སྟེ་དངོས་གྲུབ་དག་ཀྱང་སྟེ་ཐམས་ཅད་ཀྱང༌ གཡོད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི། ཞི་བ་ལ་སོགས་པའི་དངོས་གྲུབ་ཕྲན་ཚེགས་ཏེ་ཆུང་དུ་བསྒྲུབ་པ་ནི་བཤད་མ་ཐག་པའི་ལམ་འདིས་འགྲུབ་པར་འགྱུར་རོ། །དམ་ཚིག་ཆེན་པོ་བསྒྲུབ་པ་དང་ཞེས་བྱ་བ་ནི། དངོས་གྲུབ་འབྲིང་པོ་རི་ལུ་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྣམ་པ་བརྒྱད་བསྒྲུབ་པ་ཡང་དབང་བསྐུར་བ་སོགས་ལ་རབ་ཏུ་འབད་པ་འདི་ཉིད་ཀྱིས་འགྲུབ་བོ། །སངས་རྒྱས་བྱང་ཆུབ་ཉིད་དག་ཀྱང༌། ཞེས་པ་ནི། དངོས་གྲུབ་མཆོག་ཕྱག་རྒྱ་ཆེན་པོ་གྲུབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱང༌། བདག་ཉིད་ཀྱིས་དབང་ལེགས་པར་ཐོབ་ནས་དམ་ཚིག་དང་སྡོམ་པ་བསྲུང་བ་དང་བསྒོམ་པའི་ཐབས་འདི་ལྟ་བུས་བསྒྲུབ་པར་བྱའི། དེ་དང་མི་མཐུན་པའི་ཐབས་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ནན་ཏན་དུ་ནི་བསྒྲུབ་པར་བྱ། ཞེས་བྱ་བ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ནི་རབ་ཏུ་འབད་པས་བསྒྲུབ་པར་བྱའོ། །དབང་བསྐུར་བ་སོགས་ཀྱིས་འགྲུབ་པའི་དོན་འདི་ཉིད་བསྟན་པར་བྱ་


JLD004_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། མི་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྣང་སྟོབས་དང་བརྩོན་འགྲུས་དང༌།རྡོ་རྗེ་དགུག་པའི་མཆོག་དག་ཀྱང༌། །རྡོ་རྗེ་སྐུ་ཡི་བཀའ་བཞིན་དུ། །དཀྱིལ་འཁོར་དག་གིས་ཐམས་ཅད་འགྲུབ། ཅེས་གསུངས་ཏེ། སྟོབས་ནི་རིག་འཛིན་གྱི་བདག་པོའོ། །བརྩོན་འགྲུས་ནི་མངོན་ཤེས་ལྔའི་མཐུའོ། །རྡོ་རྗེ་དགུག་པ་ནི་དགུག་དཀའ་བ་རྣམས་འགུགས་པའོ། །དཀྱིལ་འཁོར་དག་གིས་ནི་དཀྱིལ་འཁོར་དུ་དབང་བསྐུར་དམ་སྡོམ་སྲུང་ཞིང་ལམ་སྒོམ་པའོ། །བསྒྲུབ་པའི་དཀྱིལ་འཁོར་བྲིས་ནས་སྒྲུབ་པ་ཡང་ཤེས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ༈ །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤང་གཅི་ནི་བདུད་རྩི་ལྔའོ། ཤ་ཆེན་ཞེས་བྱ་བ་ནི་མར་མེ་རྣམ་པ་ལྔ་སྟེ། ཤ་ལྔའོ། །དེ་ལྔ་ནི་དངོས་གྲུབ་གསལ་བར་བྱེད་པས་མར་མེའམ་སྒྲོན་མེ་ལྔ་ཞེས་བྱ་ལ། དངོས་གྲུབ་འགུགས་པས་ལྕགས་ཀྱུ་ལྔ་ཞེས་ཀྱང་གསུངས་སོ། །གཉིས་པོ་དེ་དག་ཆ་མཉམ་པར་བྱས་ནས་ཟླ་བ་མར་ངོའི་ཚེས་བརྒྱད་དམ། བཅུ་བཞི་ལ་རི་ལུ་བྱས་ལ་གྲིབ་མ་ལ་བསྐམས་ནས། ཁམ་ཕོར་སྦྱར་མར་ཞེས་བྱ་བ་པདྨའི་སྣོད་དེ་ཐོད་པ་ཁ་སྦྱར་བའི་ནང་དུ་གཞག་ལ་གཏོར་མ་བྱིན་རླབས་ལྟར་བྱིན་གྱིས་བརླབ་ཅིང༌། རང་གི་ལྷའི་རྣལ་འབྱོར་ལ་གནས་པས་འབྲུ་གསུམ་ཐུན་བཞིར་བཟླས་ལ། རྟགས་གསུམ་བྱུང་བ་དང་ཉིན་རེ་ཞིང་རེ་རེ་ཟའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་དང་ལྷན་ཅིག་འཁོད། ཅེས་བྱ་སྟེ། སངས་རྒྱས་ནི་གྲུབ་པ་པོ་སྟེ། གྲུབ་པ་ཐོབ་པ་རྣམས་སོ། །དེ་དང་ལྷན་ཅིག་འཁོད་པ་ནི་གྲུབ་ཐོབ་དེ་དང་འདྲ་བར་དུས་ཟད་པ་སྟེ་འདས་པ ར་འགྱུར་རོ།ཞེས་པ་ཚེ་དེ་དག་དང་མཉམ་པའོ། །ཞེས་བྱ་བའི་བར་དུའོ། ༈ །འདི་སྐད་ཅེས་ཀྱང་གསུངས་ཏེ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་


JLD004_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལ་ཞེས་པ་ནི་དངོས་གྲུབ་སྒྲུབ་པའི་ཀྱི་གནས་སྐབས་ལའོ་སོ་། །འདི་ནི་ཞེས་པ་ནི། འོག་ནས་བཤད་པའོ། །གསང་བ་ཐམས་ཅད་ཀྱི་རྡོ་རྗེ་ནི་གནོད་སྦྱིན་ཐམས་ཅད་ཀྱི་གཙོ་བོ་རྣམས་སོ། །དེ་ཉིད་ནི་སྒྲུབ་པ་པོའི་བཀའ་ནོད་པར་བྱེད་པས་ན་མངག་གཞུག་པའོ། །དེ་རྣམས་ཀྱི་སྒྲུབ་པའི་ཚིག་ནི་སྒྲུབ་པའི་ཐབས་འདི་ཉིད་དོ། །འདི་ལ་རང་གི་ལྷའི་ཏིང་ངེ་འཛིན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་ཧྲཱིཿ ནི་ཁ་དོག་དམར་པོ་འབར་པའི་འོད་བཟང་པོ་ནི། འོད་ཟེར་ལྔས་ཀུན་ནས་འཁྲིགས་པའོ། །ཡི་གེ་དེ་ནམ་མཁའ་རྡོ་རྗེ་དབུས་སུ་ནི། ནམ་མཁའི་དཀྱིལ་དུ་ཆུད་པའོ། །བསམ་པ་ནི་བསྒོམ་པར་བྱ་བའོ། །མདུན་གྱི་ནམ་མཁའ་ལ་ཧྲཱིཿ ཡིག་བསྒོམ་པ་དེ་ལྟར་བྱས་ནས་སངས་རྒྱས་ཀུན་གྱིས་ཞེས་བྱ་བ། མི་བསྐྱོད་པ་ནས་ཁྲོ་བོའི་མཐར་ཐུག་པའི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས། ནམ་མཁའི་ཁམས་ཏེ་ནམ་མཁའི་གཏོས་ཡོངས་སུ་གང་ཞིང་ཁྱབ་པར་རྣམ་པར་བསྒོམ་ལ་སངས་རྒྱས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ཞེས་བྱ་བ། སྐུ་ལ་སོགས་པའི་ས་བོན་ཨཱཿ སྐུ་ཁྃ་གསུང་དྷཱི་ཐུགས་ཞེས་བྱ་བ་གསུམ་ལ་རིགས་གསུམ་པོ་ཐམས་ཅད་རིམ་པ་བཞིན་དུ་ཞུགས་པར་བསམ་མོ། །དེ་ནས་ཡི་གེ་འདི་གསུམ་གདེར་:པ་ཚབ:གསང་སྔགས་དེ་རུ་དབབ་པར་བྱ། ཟེར། ནི་ཀསྔགས་ཀྱིས་ཁཞེས་ངབྱ་བ་གསང་སྔགས་ཡི་གེ་ཧྲཱིཿ དེར་ནི་ལ་དབབ་པར་བྱའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། མངག་གཞུག་བསྐྱེད་པ་དེ་ལ་སྐུ་དང་གསུང་དང་ཐུགས་ཀྱི་


JLD004_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྡོ་རྗེའི་གསང་བར་གྱུར་པ་བྱིན་གྱིས་རློབ་པའི་གནས་ཏེ་བསྐྱེད་པའི་གཞིའོ། །དེ་གང་ཡིན་ཞེ་ན། ཨཱཿ ཁྃ་དྷཱི་ཞེས་བྱ་བ་སྟེ།དེ་ལས་མངག་གཞུག་པར་བསྐྱེད་དོ། །ཡི་གེ་གསུམ་ཧྲཱིཿ ་ལ་ཐིམ་པའོ། །ཧྲཱིཿ ལས་བསྐྱེད་པར་ཤཱནྟི་པ་དང་སྐལ་ལྡན་གྲགས་པ་འདོད་དོ། །ཐིམ་པའི་ཧྲཱིཿ ཡི་གེ་གསུམ་དུ་གྱུར་པ་ལས་སྐྱེད་པར། ཙི་ལུ་པ་དང༌། རྒྱལ་བས་བྱིན་འདོད་པའི་ཕྱི་མ་འདི་དང་འགྲིག་གོ །བོད་ཀྱི་མཁས་པ་ཁ་ཅིག་ཡི་གེ་གསུམ་ཕྲལ་བ་ལས་རིགས་གསུམ་གྱི་ཁྲོ་བོར་བསྐྱེད་པར་འདོད་པ་ལེགས་སམ་སྙམ་སྟེ་སྐུ་གསུང་ཐུགས་ཀྱི་ས་བོན་སོ་སོ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཨཱཿ ཁཾ་དྷཱི་ཡིས་ཡི་གེ་གསུམ་གྱི་བདག་ཉིད་ཅན་གྱི་མངག་གཞུག་པ་གསུམ་བསྒྲུབས་ནས། ཇི་ལྟར་མངོན་པར་འདོད་པའི་ལས་ལ་སྦྱར་པར་བྱའོ། ༈ །མངག་གཞུག་པའི་སྒྲུབ་པ་ཐུན་མོང་དུ་བསྟན་པ་ལས་གཞན་ཡང་མངག་གཞུག་པའི་ཁྱད་པར་ཏེ་རིགས་སོ་སོའི་སྒྲུབ་པ་བསྟན་པར་བྱ་བའི་ཕྱིར། ཕྱག་ན་རྡོ་རྗེ་ཞེས་བྱ་བ་གསུངས་ཏེ། མི་བསྐྱོད་པའི་རིགས་ཀྱི་རྣལ་འབྱོར་པ་ཡིན་ན་ཕྱག་ན་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་དང་འདྲ་ཞིང་མཚུངས་པའི་གཟུགས་ཆེན་པོ་དྲག་པོའི་ལུས་ཅན་གང་ཡིན་པ་དེ་ནི། ཕྱག་ན་རྡོ་རྗེའི་གཟུགས་ཆེན་དང༌། ཞེས་བྱ་སྟེ། གནོད་མཛེས་རྒྱལ་པོ་བསམ་པའོ། །སྣང་མཐའི་རིགས་ཀྱི་རྣལ་འབྱོར་པ་ཡིན་ན་དེ་བཞིན་དུ་། ཕྱག་ན་པདྨོ་འོད་ཆེན་དང༌། ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་དང་འདྲ་བའི་འོད་ཟེར་ཆེན་པོ་དང་ལྡན་པའི་རྟ་མགྲིན་ཡང་གནོད་མཛེས་དེ་བཞིན་དུ་དྲག་པོར་བསམ་པའོ། །རྣམ་སྣང་གི་རིགས་ཀྱི་རྣལ་འབྱོར་ཡིན་ན་གཞན་གྱིས་མི་ཐུབ་གཟུགས་ཆེན་དག །ཅེས་བྱ་བ་ནི། འོད་


JLD004_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་ཀྱིས་མི་མཉམ་ཞིང་གཞན་གྱིས་མི་ཕམ་པས་ན། གཞན་གྱིས་མི་ཐུབ་པ་སྟེ་རྣམ་པར་སྣང་མཛད་ཡིན་ལ། དེ་ལས་བྱུང་བའི་གཟུགས་ཆེན་པོ་ནི། མཐུ་ཆེན་པོ་དང་ལྡན་པའི་གཤིན་རྗེ་གཤེད་ཅེས་བྱ་བ་སྟེ། དེ་དག་གི་རིགས་ཀྱི་དབྱེ་བས་བསྒོམས་ནས། དེ་རྣམས་ཀྱི་གསང་བའི་གནས་དག་སྟེ། གསང་བའི་མཆོག་བཀའ་བསྒོ་བ་ལ་གཞག་ཅིང་དགོད་པར་བྱའོ། ༈ །དེ་ལ་ཞེས་པ་ནི་དེ་རྣམས་ལ་འོག་ནས་བཤད་པ། འདི་ནི་རྡོ་རྗེའི་གསང་བའི་ཞེས་བྱ་བ་ནི་ཁྲོ་བོ་རྣམས་ཏེ། དེ་རྣམས་ཀྱི་གནས་སོ་ཞེས་པ་ནི་བཀའ་བསྒོ་བ་ལ་ངེས་པར་གཟུང་པའོ། །དེ་ཡང་གང་ཡིན་ཞེ་ན། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། བགེགས་ཀྱིས་མི་གཡོ་བ་སྟེ་མི་བསྐྱོད་པའི་ཕྱིར་དང་རྡོ་རྗེ་འཆང་བའི་སྤྲུལ་པ་ཡིན་པས་ན་མི་བསྐྱོད་པ་སྟེ། གནོད་མཛེས་རྒྱལ་པོ་དེ་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་སྟེ།ཁྲོ་བོ་གཞན་གཉིས་ལ་གདན་གཉིས་གཉིས་བྱུང་བས། འདིར་ཉི་དཀྱིལ་གཉིས་བརྩེགས་བྱེད་ཟེར་མོད་ཀྱང། གསུམ་ག་ལ་ཉི་གདན་ཐུན་མོང་དུ་སྣང་ཞིང། གཞན་གཉིས་ལ་རང་གི་རིགས་ཀྱི་མཚན་མའི་གདན་རེ་སྣང་བས་གནོད་མཛེས་ལ་རྡོ་རྗེ་ལ་གནས་པའི་ཉི་གདན་བྱའོ། །རྡོ་རྗེ་གསང་བའི་གནས་ཞེས་བྱ་བའི་བཀའ་བསྒོ་བས་བར་ཏུ་བརྟག་པར་བྱའོ། །ཚེ་དཔག་མེད་པའི་འཁོར་ལོ་ཆེ། ཞེས་བྱ་བ་ནི། རྟ་མགྲིན་ཏེ་དེ་བཞིན་དུ་པདྨ་དང༌། ཉི་མའི་དཀྱིལ་འཁོར་ལ་གནས་པའི་མངག་གཞུག་པར་བྱས་ལ། གསང་བའི་གནས་བཀའ་བསྒོ་བ་དེ་ལ་སྦྱར་བར་བྱའོ། །རྡོ་རྗེ་


JLD004_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་དེ་བཞིན་ཏེ། ཞེས་བྱ་བ་ནི། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་མངག་གཞུག་པ་གཤིན་རྗེ་གཤེད་དེ། ཟླ་བ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་སྟེ་བཀའ་བསྒོ་བར་བྱའོ། །འོད་ཆེན་ཞེས་པ་ནི་རྡོ་རྗེ་མངག་གཞུག་པ་དེ་དག་ཐམས་ཅད་ཀྱང་འོད་ཆེན་ཏེ། འོད་ཟེར་ཆེན་པོ་དང་ལྡན་པའོ། །སྡུག་བསྔལ་ཆེན་པོ་ཡིས་ཞེས་བྱ་བ་ནི། འགྲོ་བ་འདོན་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པས། སྡུག་བསྔལ་ཆེན་པོ་དང་ལྡན་པ་སྟེ་མི་བསྐྱོད་པ་ལ་སོགས་པའོ། །མངག་གཞུག་པ་དེ་ལ་སྡུག་བསྔལ་ཆེན་པོ་དེ རྣམས་ཀྱི ས་བསྐུལ་བ་ནི། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་བྱ་བའི་ཕྱིར་ཡང་དག་པར་བསྐུལ་བར་བྱའོ། །དེ་དག་གི་དོན་ནི། རང་རྡོ་རྗེ་གསུམ་གྱི་ང་རྒྱལ་གྱིས་མངག་གཞུག་པ་བསྐུལ་ན། རྡོ་རྗེ་གསུམ་དངོས་ཀྱིས་ཀྱང་འགྲོ་བའི་སྡུག་བསྔལ་མ་བཟོད་ནས་ཁྲོ་བོ་རྣམས་བསྐུལ་བར་འགྱུར་བའོ། །དེ་ལ་ཞེས་བྱ་བ་ནི། ཡང་དག་པར་བསྐུལ་བ་ལ་ས་བོན་འདི་ཡིན་ཏེ།རྡོ་རྗེ་སྙིང་པོ་ཐམས་ཅད་བསྐུལ་བའོ་ཞེས་པ་མ་དག་གོ །དེས་རྡོ་རྗེ་ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་པ་སོགས་པའོ། །དེ་རྣམས་ཀྱི་སྙིང་པོ་ནི་ཐུགས་ཏེ། བསྐུལ་བ་ནི་ཁྲོ་བོ་ལ་བཀའ་བསྒོ་བར་བྱ་བའི་ཕྱིར་སྤོང་བའོ། །ཨཱཿ ཞེས་བྱ་བ་ནི་ཁྲོ་བོ་བསྐུལ་བར་བྱ་བའི་ཕྱིར་བཀའ་བསྒོ་བའི་ཚིག་གོ །འགྱུར་རྙིང་གི་རྒྱུད་ལས། ཨ་དང་འགྲེལ་པར་ཨཱཿ ཞེས་འབྱུང་ཡང། ཨཱྃ་ཞེས་པ་དག་པར་བཞེད་དོ། །རང་དང་མངག་གཞུག་པའི་ཐུགས་ཀར་ཨཱྃ་བསྒོམས་ལ། དེ་ལས་བྱུང་བའི་འོད་ཟེར་ཀྱི་ལྕགས་ཀྱུས་མངག་གཞུག་པའི་ཡེ་ཤེས་པའི་སྙིང་གར་བཏབ་པས། དེའི་ཐུགས་བསྐུལ་བར་བསམ་ཞིང། ཨཱཿ ཁཾ་དྷཱི་ཨཱྃ་ཞེས་བཟླ་བར་བྱའོ། །


JLD004_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ལྟར་:པ་ཚབ:བདག་པོ་རྣམས་ཀྱི་ཁྲོ་བོ་ཟེར། དེ་ལྟར་གརིགས་ཀྱི་ཁྲོ་བོ་གསུམ་ཁརྣམས་ཀྱི་ཀ རིགས་གསུམ་གྱི་བདག་པོ་ངཡང་དག་པར་བསྐུལ་བ་བསྟན་ནས། གསུམ་པོ་དེའི་འཁོར་རྣམས་ལ་ཡང་མངག་གཞུག་པ་དེ་ཉིད་བྱ་བར་བཀའ་བསྒོ་བར་འདོད་པའི་ཕྱིར། མདུང་རྩེ་ཆེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདུང་རྩེ་ཆེ་ཞེས་བྱ་བ་ནི་མདུང་རྩེ་འཛིན་པ་ལ་བསྐུལ་བ། །དེ་བཞིན་དུ་གཞན་ལ་ཡང་ངོ༌། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལའོ། །ལྕགས་ཀྱུ་ཞེས་བྱ་བ་ནི་ལྕགས་ཀྱུ་འཛིན་པ་ལའོ། །སྣ་ཚོགས་ཞེས་བྱ་བ་ནི་མཚོན་ཆ་གཞན་དང་གཞན་ཐོགས་པ་རྣམས་ལའོ། །མཆོག་རྣམས་ཀྱི་ཞེས་བྱ་བ་ནི་མི་ཕྱེད་པའི་འཁོར་གྱི་ཚོགས་རྣམས་ལའོ། །འོག་ནས་མངག་གཞུག་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་བཤད་པའི་གཉིས་པ་ནི། གཤིན་རྗེ་གཤེད་ལ་སོགས་པ་དང༌། དང་པོ་ནི་འདི་དག་གི་འཁོར་འཇིག་རྟེན་པ་ཡིན་པས་རྩེ་གསུམ་འཛིན་པ་སོགས་སྟོབས་པོ་ཆེ་ལ་སོགས་པ་ལ་འཆད་པ་ནི་འདིར་མི་འགྲིག་གོ །མི་ཕྱེད་པའི་འཁོར་ནི་རྩེ་གསུམ་འཛིན་པ་ལ་སོགས་ཀྱི་འཁོར་ཉིད་ཀྱི་ཁྱད་པར་རོ། །རྡོ་རྗེ་ཆོ་ག་བཞིན་དུ་བསྐུལ་ན་ཞེས་བྱ་བ་ནི་མངག་གཞུག་པ་བསྐུལ་བར་བྱ་ཞེས་པ་ཙམ་དང༌། བསྐུལ་བའི་ས་བོན་ཨཱཾ་ཞེས་པ་ཙམ་མ་གཏོགས་པ་བསྐུལ་ལུགས་མ་བཤད་པས། སྔར་:པ་ཚབ:བཤད་པའི་རིམ་པས་ཞེས་པ་མི་དག་པས་དཀྱུས་ན་ཡོད་པ་བཞིན། ཆག་འགྱུར་ལས་ཀྱང་འབྱུང་བ་དག་གོ །བཤད་པའི་རིམ་པས་བསྐུལ་བའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། སངས་རྒྱས་བྱང་ཆུབ་རབ་ཏུ་འགྲུབ། ཅེས་བྱ་བ་སྟེ། སངས་རྒྱས་


JLD004_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒྲུབ་པ་པོ་སྟེ་དེ་ཡི་བྱང་ཆུབ་ནི། མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་ཞིང་མཐར་ཐུག་པར་འགྱུར་བའོ། ༈ །འདི་སྐད་ཅེས་ཀྱང་གསུངས་སོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་ཀྱང་གསུངས་སོ་ཞེས་པའོ། །ཉམས་དགའ་བ་ཞེས་བྱ་བ་ལ་སོགས་ཆུ་གླིང་ནི་མཐའ་ཆུས་བསྐོར་བའི་སྐམ་སའོ། །རྣམ་པར་སྣ་ཚོགས་ཞེས་པ་སྐྱེད་མོས་ཚལ་དང་ལྷ་ཁང་ལ་སོགས་སོ། །པའི་དོན་ནི་བཤད་ཟིན་ནོ། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། སངས་རྒྱས་ཐོབ་པར་གདོན་མི་ཟ། ཞེས་བྱ་བའི་སངས་རྒྱས་ནི་འདིར་བསྒྲུབ་པར་བརྩམས་པའི་མངག་གཞུག་གྲུབ་པ་ཉིད་དོ། །སངས་རྒྱས་ཐོབ་པ་ཞེས་བྱ་བ་ནི་འདིར་སྒྲུབ་པར་བརྩམ་པ་ཉིད་དོ། ༈ །རི་རབ་སུམ་ཅུ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པའི་འབྲས་བུ་གསུངས་པ་ཡིན་ཏེ། རིའི་རྒྱལ་པོ་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་གྱི་རྡུལ་གྱི་ཆ་ཤས་ཇི་སྙེད་ཡོད་པ། དེ་སྙེད་ཀྱི་ཚད་ཀྱི་བྲན་ཕོ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེའི་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངག་གཞུག་པར་གང་གྱུར་པ་དེ་དག་ཐམས་ཅད། བྱང་ཆུབ་རྡོ་རྗེ་ཅན་འགྱུར་རྙིང་ལས། དེ་ཡི་འཁོར་ཚོགས་ལྷན་ཅིག་ཏུ། །འཁོར་ལོ་ཅན་གྱི་བྱང་ཆུབ་འགྲུབ། ཅེས་པ་མི་དག་པས། :པ་ཚབ:བྱང་ཆུབ་རྡོ་རྗེ་ཅན་དེ་ཡི། །འཁོར་གྱི་ཚོགས་ནི་འགྲུབ་པར་འགྱུར། ཞེས་པ་ལེགས་སོ། །ཞེས་བྱ་བ་སྒྲུབ་པ་པོའི་འཁོར་དུ་འགྲུབ་པར་འགྱུར་ཞིང༌། འཁོར་གྱི་ཚུལ་གྱིས་བཀའ་ནོད་ཅིང་གནས་པར་འགྱུར་རོ། །སུམ་ཅུ་རྩ་དྲུག་སྨོས་པ་ནི་འདི་ལས་ཉུང་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་གསུངས་


JLD004_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། ༈ །ཕན་ཡོན་གཞན་ཡང་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་ལ་སོགས་པ་ཕྱོགས་བཅུ་ན་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ། ”གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ། དེ་དག་ཐམས་ཅད་དུ་འགྲོ་བར་འགྱུར་ཞིང་ཕྱིན་པར་འགྱུར་བ་ནི་མངག་གཞུག་པ་དེས་སངས་རྒྱས་བཞུགས་པའི་སྤྱན་སྔར་འཁྲིད་པའོ་རོ་། །དེར་སོང་ནས་ཀྱང་ཟབ་མོའི་ཆོས་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་རྒྱུར་གྱུར་པའི་སྔགས་ཀྱི་ལམ་ཁྱད་པར་ཅན་དེ་བཞིན་གཤེགས་པ་རྣམས་ལས་ཐོས་པར་འགྱུར་རོ། །དེ་ནས་ཅིར་འགྱུར་ཞེ་ན།་ སངས་རྒྱས་ས་ཡང་འཐོབ་པར་འགྱུར། ཞེས་བྱ་བའོ། །འདི་སྐད་སྟོན་པར་འགྱུར་ཏེ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་ནས། བཤད་མ་ཐག་པའི་ཚུལ་གྱིས་མངག་གཞུག་པའི་དངོས་གྲུབ་ཐོབ་ནས། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱས་པས། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བའོ། །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་བཞད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། ༈ །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། མངག་གཞུག་པ་ཐམས་ཅད་ནི་འཇིག་རྟེན་པའི་གནོད་སྦྱིན་ལ་སོགས་པ་དང་འཇིག་རྟེན་ལས་འདས་པ་གནོད་མཛེས་ལ་སོགས་པ་རྣམས་སོ། །དེ་ཉིད་སྦ་བར་བྱ་བ་ཡིན་པས་ན་གསང་བའོ། །མངག་གཞུག་པ་དེ་


JLD004_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་གསང་བ་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔས་ཡང་དག་པར་བསྟེན་པར་གྱུར་པའི་གསང་བའི་ལས་རྩོམ་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །དེའི་ཡེ་ཤེས་ཆེན་པོ་ནི་སེམས་ཀྱི་ངོ་བོ་ཉིད་ཡི་གེ་ཧཱུཾ་ངོ་། །གསུང་གི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །དེ་འཛིན་ཅིང་སྐྱེད་པར་བྱེད་པས་ན་གསུང་གི་རྡོ་རྗེ་འཛིན་པ་སྟེ་ཡི་གེ་ཨཱཿ། །རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དོ། །དེའི་དགོད་པ་ཆེན་པོ་ནི་སྐྱེད་པར་བྱེད་པའི་ཡི་གེ་ༀ་ཡིན་ཏེ། ཡི་གེ་གསུམ་པོ་དེ་དག་གིས་རྟག་ཏུ་བསྐུལ་བར་བྱ་ཞེས་སྦྱར་རོ། །རྟག་ཏུའི་དོན་ནི་མངག་གཞུག་པ་རྣམས་བསྐྱེད་པ་ནས་བརྩམས་ཏེ། དུས་ཐམས་ཅད་དུ་འོ། རྟག་ཏུ་དེ་ལྟར་འབྲུ་གསུམ་བཟླས་པས་བསྐུལ་བར་བྱ་ཞིང༌། སྟེ་བསྐུལ་བས་རང་ཉིད་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ་པར་བྱའོ། ༈ །དེ་ལ་ཞེས་བྱ་བ་ནི་མངག་གཞུག་པ་བསྒྲུབ་པར་བྱ་བའི་ཡུལ་ལ་སྟེ། འོག་ནས་བཤད་པ་དམ་ཚིག་བསྐུལ་བ་སོགས་འདི་ནི་རྡོ་རྗེ་ཡེ་ཤེས་ཞེས་པ། དེ་བཞིན་གཤེགས་པ་རྣམས་ཏེ་དེ་རྣམས་ཀྱི་འཁོར་ལོ་ནི་ཚོགས་སོ། །དེ་རྣམས་ཀྱི ས་བྱས་པའི་སྔགས་ཀྱི་ཚིག་ནི་མངག་གཞུག་པ་སྒྲུབ་པའི་ཚིག་གོ །དེ་རྣམས་ཀྱི་དམ་ཚིག་གི་གནས་ཞེས་པ་ནི། འདའ་བར་མི་བྱ་བའི་གནས་སྐབས་སོ། །དེ་ཡང༌། དམ་ཚིག་བསྐུལ་བ་ལ་སོགས་པའི་དབྱེ་བས་རྣམ་པར་བཞིའོ། །དམ་ཚིག་བསྐུལ་བ་དང་ཞེས་བྱ་བ་ལ། དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའི་བཀའ་ཡི་གེ་གསུམ་མོ་འོ་། །


JLD004_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་དེ་བཟླས་པ ས་ཐུགས་བསྐུལ་བ་ནི་རང་ནུས་ལྡན་དུ་བསྒྲུབ་པའི་དོན་དུ་གསོལ་བ་བཏབ་པ་སྟེ་འདེབས་པ། །རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི། སད་པར་བྱ་བ་བསྐུལ་བར་བཤད། ཅེས་སོ། །དམ་ཚིག་གཏོང་བ་ཞེས་བྱ་བ་ནི། དམ་ཚིག་གི་དེ་ཉིད་ནི་མི་འདའ་བའི་རིམ་པའོ་ཀྱི་དེ ས་བྱ་བ་རྣམས་ལ་སྦྱར་བ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་མངག་གཞུག་པའི་ཡེ་ཤེས་པ་རྣམས་སྤྱན་འདྲེན་པ་དང༌། དྲངས་པ་རྣམས་དམ་ཚིག་པ་ལ་འཇུག་པའི་ལས་རྣམས་ལ་སྦྱར་ནས་དམ་ཚིག་གི་དོན་བསྒྲུབ་བྱ་སྒྲུབ་པ སྟེ་འོ་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། འོད་ཟེར་འགྱེད་པ་གཏོང་བ་ཡིན་ཞེས་སོ། །དམ་ཚིག་བོད་པ་ནི་དམ་ཚིག་གི་ལྷ་དེ་ལས ས་འདི་འགྱུར་གསར་གཉིས་ལ་མེད་དོ། །་བོད་ཅིང་སྟེ་ལྷ་དེའི་མིང་དང་སྤེལ་ཚིག་སྦྱར་ནས་དམ་ཚིག་ཏུ་བྱེད་པ་སྟེ་བཀའ་བསྒོ་བ་ལས་མི་འདའ་བར་བྱེད་པ་སྟེ། རྡོ་རྗེ་ཅན་ཀུན་སྤྱན་འདྲེན་པས། རྡོ་རྗེ་ཅན་ཀུན་སྤྱན་དྲང་པའོ་ཞེས་སྤྱན་འདྲེན་པ་དང་དྲངས་བ་གཉིས་ཡོད་པའི་དོན་ནོ་འོ་། །དམ་ཚིག་འཆིང་བའོ་ཞེས་བྱ་བ་ནི། རང་རིགས་གསུམ་གྱི་རྡོ་རྗེ་ཅན་དུ་བསྒོམ་པའི་སྙིང་གའི་གནས་ཀྱི་ས་བོན་གྱི་འོད་ཟེར་གྱི་མཚོན་ཆ་སྤྲོས་པས། ཡེ་ཤེས་པའི་རྡོ་རྗེ་ཀུན་གྱི་ཐུགས་ཀར་བཏབ་ནས། འོད་ཟེར་གྱི་གོང་བུ་གཅིག་ཏུ་བྱས་པ་དམ་ཚིག་པ་དེ་ལ་འཆིང་བ་སྟེ་གཞུག་ཅིང་དེའི་འོག་ཏུ་ཞིང་དྲག་པོ་སྟེ་འོད་ཟེར་གྱི་མཚོན་ཆ ས་མངག་གཞུག་པའི་སྙིང་གར་ངེས་པར་སྦྱོར་བ་སྟེ་འདེབས་པ། །རྒྱུད་ཕྱི་མ་ལས། རྡོ་རྗེ་ཅན་གྱི་གནས་དེ་ཡི། །འོད་ཟེར་གྱིས་ནི་རྡོ་རྗེ་ཀུན། །བསྡུས་ནས་གོང་བུའི་ཚུལ་གྱིས་སུ། །བཅིངས་པས་བཅིང་བ་ཡིན་པར་བཤད། ཅེས་སོ། །དེ་ལྟར་ན་འཇིག་རྟེན་པའི་མངག་གཞུག་པ་རྣམས་ཀྱང་སྐྱེད་ཆོག་སྔར་ལྟར་


JLD004_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། དམ་ཚིག་བསྐུལ་བ་སོགས་བཞི་བྱའོ། ༈ །དེ་ལྟར་མངག་གཞུག་པ་སྒྲུབ་པས་གྲུབ་པ་དེ ས་ཅི་ཞིག་བྱེད་ཅེ་ན། མཁའ་དབྱིངས་རྒྱ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་རྒྱ་ཆེ་ཞིང་མཐའ་མེད་ལ་དག་ཅིང་སྒྲིབ་པ་མེད་པ་དང་། ཆོས་རྣམས་ཐམས་ཅད་རྣམ་པར་སྤངས། ཞེས་བྱ་བ་སྟེ། མཐོང་བ་ལས་འདས་པ་འདི་ལྟ་བུའི་ནམ་མཁའང་གོང་བུའི་ཚུལ་གྱིས་ཞེས་པ། གཟུགས་ཅན་གྱི་རང་གི་ངོ་བོས་རྡོ་རྗེ་ལྟར་སྲ་བའི་གཟུགས་སུའང༌། སྒྲུབ་པ་པོས་བསྐུལ་ན་མངག་གཞུག་པ་རྣམས་ཀྱིས་བྱེད་པར་འགྱུར་ན། གཞན་དག་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་ཕུལ་དུ་བྱུང་བའི་ཁྱད་པར་དུ་གསུངས་པའོ། ༈ །བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་ཞེས་རྒྱུད་དང་འགྲེལ་པ་གཉིས་ཀ་ལས་འབྱུང་བ་མ་དག་པས། གཞན་ལས་དེ་མེད་པ་:པ་ཚབ་ཆག:ལྟར་བྱའོ། །ཀྱི་བུ་གཅིག་པ་ཞེས་བྱ་བ་ནི།སངས་རྒྱས་ཐམས་ཅད་བུ་གཅིག་པ་གང་ལ་མངའ་བ་རྡོ་རྗེ་འཛིན་:པ་ཚབ:པ་དེས་ཟེར། གང་གི་བུ་གཅིག་པ་སངས་རྒྱས་ཐམས་ཅད་ཡིན་པ་དེ་ནི། རྡོ་རྗེ་སེམས་དཔའ་ཆེན་པོ་སྟེ་དེས་དེ་སྐད་ཅེས་བཀའ་སྩལ་པའོ། ༈ །ད་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་རྟོགས་པ་ལ་འཇུག་པས་ཤེས་རབ་ཆེན་པོ་དང་ལྡན་ཞིང་བསྟན་བཅོས་ཀྱི་རིགས་ཅན་ཏེ་དེ་ལ་མཁས་པའོ་ནོ་། །རྡོ་རྗེ་སེམས་དཔའ་ནི་རྒྱལ་བློན་ལ་སོགས་པ་བསོད་ནམས་ཆེ་ཞིང་བློ་བརྟན་པོ་


JLD004_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དེ་དག་ཀྱང་གལ་ཏེ་དབང་དུ་བྱ་བར་འདོད་ཅིང༌། རང་གི་མངོན་པར་འདོད་པ་གང་ཡོད་པ་ལ་འཇོག་པར་འདོད་ན། རྡོ་རྗེ་མཆོག་གསུམ་འཛིན་པ་ཆེ། ཞེས་བྱ་བ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་འི་ངོ་བོ་ཉིད་འཇམ་དཔལ་ཆེན་པོའི་སྐུ་གསང་བ་ཆེན་པོ་སྟེ། སྦས་པར་གྱུར་པ་འོག་ནས་བཤད་པ་འདི་བསམ་ཞིང་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་འཇམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཇམ་དཔལ་སྟོབས་ཆེ་ཞིང༌། བསྒྲུབ་པ་སྟེ་དབང་དུ་བྱ་བ ར་དཀའ་བ་ཡང་སྒྲུབ་པ་སྟེ་དབང་དུ་བྱེད་པ་ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་པ། འོད་གསལ་བ་ལས་བྱུང་བ་བསམ་ཞིང་བསྒོམ་པར་བྱའོ། ། བླ་མ་ཁ་ཅིག་འདི་བསྐྱེད་རིམ་པ་ལ་སྦྱོར། ཁ་ཅིག་ཟུང་འཇུག་པ་ལ་བྱ་དགོས་ཏེ། སྐད་ཅིག་གིས་ཞེས་པ་དང༌། འོད་གསལ་ལས་བྱུང་ཞེས་བཤད་པའི་ཕྱིར་རོ། །ཟེར་རོ། །རྟགས་དེ་ནི་ཤིན་ཏུ་ཡང་མ་ངེས་ཏེ། འགྲེལ་པ་འདིར་ནམ་མཁའི་དབྱིངས་ཀྱི་དབུས་གནས་ཞེས་པ་རྣམས་བསྐྱེད་རིམ་གྱི་སྐབས་སུ་འོད་གསལ་ལ་བཤད་པ་དུ་མ་ཞིག་སྣང་ཞིང༌། བསྐྱེད་རིམ་པ་ལ་ཡང་ལྷག་མོས་ཀྱི་དཀྱིལ་འཁོར་ལྟ་བུ་སྐད་ཅིག་གིས་བསྐྱེད་པ་དུ་མ་ཞིག་ཡོད་པའི་ཕྱིར་དང༌། བསྐྱེད་རིམ་ལ་བརྟན་ཞིང་སྤྱོད་པ་བྱས་པའི་དབང་རྣོན་གྱིས་འདི་འདྲའི་དངོས་གྲུབ་རྣམས་ཞག་བདུན་གྱིས་འགྲུབ་པར་གསུངས་པ་ལ། ཟུང་འཇུག་པས་འདི་ལ་ཟླ་ཕྱེད་


JLD004_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་དགོས་པའི་ཕྱིར་རོ། །དེས་ན་བསྐྱེད་རིམ་པ་ནང་ལ་མཆོག་ཏུ་གཞོལ་བའི་བསྙེན་པ་ལས་སུ་རུང་བས་བྱེད་པ་ཡིན་ནོ། །དེ་ཡང་སྟོང་པའི་ངང་ལས་འཇམ་དཔལ་དམར་པོ་ན་བཟའ་དང་རྒྱན་ཐམས་ཅད་དམར་པོ་ཕྱག་གཡས་ཀྱི་སོར་མོ་ལྔའི་ནང་ན་རཾ་ལས་བྱུང་བའི་མདའ་ཨུཏྤལ་དམར་པོ་ཁ་མ་བྱེ་བའི་མདེའུ་ཅན་ལྔ་འདྲེན་ཞིང་གཡོན་ན་བཾ་འམ་ཎཾ་ལས་བྱུང་བའི་གཞུ། ཨཾ་ལས་བྱུང་བའི་གཞུ་རྒྱུད་ཅན་དུ་བསྒོམ་མོ། །མདའ་ལྔའི་སྦྱོར་བ་དག་གིས་ནི། ཞེས་བྱ་བ་ལ། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ལ་ཡོད་པའི་མདའ་ལྔ་ནི་འདོད་ཆགས་རྒྱས་ཤིང་མྱོས་པར་བྱེད་པས་དྲེགས་པར་བྱེད་པ་དང༌། འདོད་པའི་དགའ་བས་མྱོས་ནས་རྨོངས་པར་བྱེད་པ་རྨོངས་པར་བྱེད་པ་དང༌། ཆགས་པའི་དབང་གིས་དྲན་པ་མེད་པར་བྱེད་པ་ཀུན་ཏུ་རྨོངས་པར་བྱེད་པ་དང༌། ཡུལ་དབང་རྣམ་ཤེས་ཉམས་པས་ཤིང་བཞིན་ས་ལ་ལྟུང་བར་བྱེད་པ་བརྒྱལ་བར་བྱེད་པ་དང༌། མི་གཡོ་བས་རོ་བཞིན་དུ་བྱེད་པ་སེམས་མེད་པར་བྱེད་པ་སྟེ་མདའ་ལྔའོ། །དེ་རྣམས་ཀྱི་སྦྱོར་བ་ནི་མདའ་ལྔ་ལས་ས་བོན་ལྔ་གཏོང་བ་སྟེ། དབུ་རྒྱན་གྱི་རྩེ་མོར་ཞེས་པ། བསྒྲུབ་པར་བྱ་བའི་མཆོག་ལ་ཡང་དག་སྤྲོ་ཞེས་བྱ་བ་སྟེ་འཕང་བར་བྱའོ། །མདའ་ལྔ་ཇི་ལྟར་འཕང་ཞེ་ན། གནས་ལྔ་དག་ཏུ་སྔགས་ཤེས་པས། ཞེས་བྱ་བ་སྟེ། ཧཱུཾ་སྙིང་ཁར་དང་ༀ་སྤྱི་བོར་དང་ལྟེ་བར་སྭ་དང་གསང་བར་ཨཱཿ དང་རྐང་པར་ཧ་སྟེ། གནས་ལྔ་རྣམས་སུ་སྔགས་ཤེས་པ་ཞེས་པ། ས་བོན་རྣམས་དགོད་པ་དང་གཏོང་ཤེས་པའི་སྔགས་པས་རྡོ་རྗེ་ཁྲོ་བོ་སྟེ་ལྷག་པའི་བསམ་པ་བརྟན་པས་ཁབསྒྲུབ་བྱ་ལ་དབབ་པར་བྱ་ཞིང་ཀམདའ་ལྔ་གབསྒོམ་པར་བྱའོ། །ཕྱག་གི་མདའ་ལྔ་ལས་ཡི་གེ་ལྔ་རིམ་པ་བཞིན་དུ་དྲེགས་བྱེད་ལ་སོགས་པའི་མདའ་ལྔའི་ངོ་བོར་


JLD004_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ནས། བསྒྲུབ་བྱའི་གནས་ལྔ་རུ་བསྣུན་པར་བསམ་མོ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། ཞེས་བྱ་བ་ལ། བྱིས་པ་ནི་ཤིན་ཏུ་གཞོན་ཤ་ཅན་དུ་གྱུར་པས་བྱིས་པ་དང་འདྲ་བ་འཇམ་པའི་དབྱངས་ཏེ་དེ་ལ་བློ་སེམས་པ་གང་ཡིན་པ་དེ་ནི། བྱིས་པའི་བློ་སྟེ་སྒྲུབ་པ་པོ་གྲགས་ཆེན་གྱིས་ཞེས་པ་ནི་ནུས་པ་ཆེན་པོ་དང་ལྡན་པ་དྲེགས་པར་བྱེད་པ་ལ་སོགས་པའི་མདས་བསྣུན་པས་བསྒྲུབ་པར་བྱ་བ་སྔངས་ཤིང་སྐྱབས་མེད་ལ་བརྒྱལ་ཞིང༌། རྨོངས་པར་བསྒོམ་ཞིང་བསམ་པར་བྱ་སྟེ། དབང་དུ་བྱ་བའི་བསམ་གཏན་འདི་ནི་གསང་བའི་བསྐུལ་བ་ཞེས་བྱ་བ། ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བས་ཟླ་བ་ཕྱེད་དེ་ཉིན་ཞག་བཅོ་ལྔའི་བར་དུ་བསྒོམ་པར་བྱ་བ་ནི། སྔགས་རྣམས་ཀུན་གྱི་ཞེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གསང་བ་ཡིན་པར། རྡོ་རྗེའི་དོན་གྱི་བློ་ཡིས་ཞེས་པ་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིང་བཤད་པ་ཡིན་ནོ། ༈ །བསྟན་པ་ལ་མ་མོས་པ་གདུག་པ་ཅན་གདུལ་བའི་དོན་གྱི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ། ལས་སྦྱོར་གྱི་དུས་སུ་ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པའི་ཧཱུཾ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཀྱི་དཀྱིལ་འཁོར་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀོད་པའི་མཆོག་ལྷ་སོ་གཉིས་རྟེན་དང་བཅས་པ་བསམ་པར་བྱའོ། །སྔགས་ཀྱི་རྡོ་རྗེ་ནི་ཡི་གེ་ཧཱུཾ་སྟེ་དེ་ལ་སོགས་པ་རིགས་ལྔའི་ས་བོན་རྣམ་པ་ལྔ་རྣམས་ཀྱིས། རྡོ་རྗེ་གསུམ་ལ་སོགས་པར་ཞེས་པ་བསྒྲུབ་པར་བྱ་བར་གྱུར་པའི་གདུག་པ་རྣམས་རབ་ཏུ་བསྒོམ་པར་བྱ་སྟེ་འོ་། །དེ་ཡང་ཞེ་


JLD004_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དང་གཏི་མུག་དང་རྒྱལ་དང་ཆགས་པ་དང་ཕྲག་དོག་ཤས་ཆེ་ན་རིམ་པ་བཞིན་དུ་ཧཱུཾ་ༀ་སྭཱ་ཨཱཿ ཧཱ་ལས་རིམ་པ་བཞིན་དུ་མི་བསྐྱོད་པ་ནས་དོན་གྲུབ་ཀྱི་བར་དུ་སྐྱེད་དོ། །དེ་རྣམས་ཀྱི་མིག་གི་དབུས་སུ་ཞེས་པ་མིག་གི་སྦུབས་སུ། ཡི་གེ་ༀ་དཀར་པོ་འོད་རབ་ཏུ་འཕྲོ་བ་བསམས་ནས། ནམ་མཁའི་ཁོངས་ན་བཞུགས་པའི་དཀྱིལ་འཁོར་འདི་བསྒྲུབ་བྱ་འདི་དག་གིས་མཐོང་བར་ཤོག་ཅིག །ཅེས་བྱིན་གྱིས་བརླབ་པའི་ཆོ་གས་གདུལ་བྱ་དེ་ལ་དཀྱིལ་འཁོར་དེ་བསྟན་པར་བྱའོ། །དེ་ལྟར་བྱས་ན་སྔགས་རྣམས་ཀུན་གྱི་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དག་ནི་ཞེས་བྱ་བ། ཕྱག་རྒྱ་ཆེན་པོའི་གཟུགས་སྐུ་གསུམ་རྡོ་རྗེ་ཅན་དུ་མཐོང༌། ཞེས་པ་སྟེ་སྒྲུབ་:ཆག:བསྒྲུབ་བྱས་ཞེས་པ་དང༌། བསྒྲུབ་པས་:པ་ཚབ:ཞེས་ཟེར་བ་ལྟར་བསྒྲུབ་བྱ་ཡིན་གྱི་སྒྲུབ་པ་པོ་མིན་ནོ། །པ་པོས་མཐོང་བར་འགྱུར་རོ། ༈ །བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། བཀྲེས་པ་དང་སྐོམ་པས་གདུངས་པ་ལ་སོགས་པས་ཟིལ་གྱིས་ནོན་པའི་སྒྲུབ་པ་པོས། སྦྱོར་བ་འདི་རྣམ་པར་བསམ་ན་རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། ཞེས་པ་རྡོ་རྗེ་འཆང་ཆེན་པོས་གསུངས་པ་བཞིན་དུ། སྡུག་བསྔལ་ཐམས་ཅད་བྱང་བར་འགྱུར། ཞེས་བྱ་བ་སྟེ། ལུས་དང་ངག་དང་ཡིད་ཀྱི་སྡུག་བསྔལ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའམ་དཔའ་བོ་གཅིག་པའི་གཟུགས་སུ་དོན་

ཤོག་ལྷེབ་ ༩༠༡ ནས་ ༡༠༠༠ བར།


JLD004_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འབྱོར་བ་སྟེ་སྩོལ་བ་བསམས་ལ། ཡི་གེ་བྃ་ཟླ་བའི་དཀྱིལ་འཁོར་རྫོགས་པ་ལྟ་བུ་ལ་བདུད་རྩིའི་ཐིགས་པ་འབབ་པ་ཁའི་ནང་དུ་སྟེ། རྐན་གྱི་དབུས་སུ་ཆུད་པར་བསྒོམས་ལ། ལྕེ་ལ་གནས་པའི་ཡི་གེ་ༀ་ལྕེ་ལ་:ཆག:འདུག་པ་ཁ་དོག་དཀར་པོ་ཡི་གེ་བྃ་ལས་བདུད་རྩིའི་ཐིགས་པ་འབབ་པ་ནང་དུ་འཇུག་པར་བསམས་ཏེ་ཟེར། ཡི་གེ་ༀ་ཁ་དོག་དཀར་པོ་བདུད་རྩིའི་ཐིགས་པ་འབབ་པའི་ནང་དུ་ཞུགས་པར་བསམས་ཏེ། བསམ་གཏན་དེ་ནི་བཟའ་བར་བྱ་བ་ཀུན་ཞེས་བྱ་བ་ཁ་ཟས་འཕྲོད་པ་དང༌། མི་འཕྲོད་པ་ཐམས་ཅད་ཀྱི་གནས་ཤེས་པ་སྟེ་ནད་མེད་པའི་གཞིའོ། །ཡིད་བཞིན་ནོ་བུས་བརྒྱན་པ་སྟེ། ཞེས་བྱ་བ་ནི། ལང་ཚོ་དང་ནད་མེད་པ་དང་བདེ་བ་དམ་པ་རབ་ཏུ་སྟེར་བས། ཡིད་བཞིན་གྱི་ནོར་བུ་ལྟར་མཆོད་པར་བྱ་བའོ། །ཞི་བ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ་དང། སྡུག་བསྔལ་ཐམས་ཅད་སེལ་བ་ཞེས་བྱ་བ་སྟེ། དུག་དང་སྦྱར་བའི་དུག་དང་འབྱུང་པོ་ལ་སོགས་པའི་ཉེ་བར་འཚེ་བ་ཐམས་ཅད་ཟློག་པའོ། །ཡེ་ཤེས་རྡོ་རྗེ་ལས་བྱུང་བའོ། ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་སྐྱེད་པར་བསྒོམ་པའོ། །འདིས་ནི་དང་པོར་རྡོ་རྗེ་འཆང་དུ་བསྐྱེད་པ་སྟོན་ཏེ། དེ་ནས་རྣམ་སྣང་དུ་བསྒྱུར་བར་བྱའོ། །འདི་ནི་ལྕེ་ཆུང་བའི་བདུད་རྩི་འཐུང་བའི་སྐབས་སུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བ་ནི། དཀོན་མཆོག་དཔལ་གྱི་ངོ་བོ་ཉིད་དེ་དེ་རྡོ་རྗེ་འཆང་ཆེན་པོའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔའ་


JLD004_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེན་པོ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་འགའ་ཞིག་གི་སྟེ་དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །རྡོ་རྗེ་བསྒོམ་པ་ནི་དཔའ་བོ་རྡོ་རྗེ་དེ་རྫོགས་པར་བྱེད་པའི་སེམས་རྩེ་གཅིག་པའོ། །དེས་བསྐྱེད་པའི་ཚིག་གི་མཆོག་ནི་ས་བོན་གྱི་ཁྱད་པར་ཏེ། དེ་རྡོ་རྗེའི་གསུང་ལས་ཕྱུང་ངོ༌། །བཱིཿ ཞེས་བྱ་བ་ནི་བཱིཿ ར་བཛྲ་ཞེས་པའི་མིང་ཡིག་དང་པོའོ། །:པ་ཚབ:གཞན་ལས་དྷི་ཞེས་འབྱུང་ཡང་དཀྱུས་དང་ཆག་འགྱུར་ལྟར་དག་གོ །ས་བོན་ནོ། །ཁསངས་རྒྱས་དཀྱིལ་འཁོར་འོད་བཟང་པོས་བརྒྱན་པས་བསྐོར་བའི་།ཀནམ་མཁའ་རྡོ་རྗེ་འོད་གསལ་ལས་བྱུང་བ འི་གདབུས་སུ་བསམ་མོ། ཞེས་བྱ་བ་སྟེ། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་འཁོར་ལོས་ཡོངས་སུ་བསྐོར་བའོ། །རྡོ་རྗེ་ཁསྐུ་ཀགསུམ་གསྦྱོར་བ་ཡིས། ཞེས་བྱ་བ། དཔའ་བོ་རྡོ་རྗེའི་སྐུ་དང་གསུང་ས་བོན་དང་ཐུགས་ཕྱག་མཚན་རྣམས་གཅིག་ཏུ་སྟེ་ངོ་བོ་དབྱེར་མེད་དུ་བྱས་པས་དཔའ་བོ་རྡོ་རྗེ་བསྐྱེད་དེ། བསྐྱེད་པ་འདི་རྣམ་པར་བསམ་པ་སྟེ་བསྒོམ་པ ར་བྱའོ། །སྐུ་དེ་ཇི་ལྟ་བུ་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། ཞེས་བྱ་བ་ནི། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའི་ཕྱིར་རོ། །ཅུང་ཟད་སེར་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཞལ་ཕྱག་གི་གྲངས་དང་ཕྱག་མཚན་དང་བཞུགས་ཚུལ་ཇི་བཞིན་པའོ་ནོ་། །རྡོ་རྗེ་འགྱིང་བ་ནི་རིན་འབྱུང་དེ་ཉིད་ཀྱི་རྣམ་པར་རོལ་ཞིང་འགྱིང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་ཞི་བ འི་ཉམས་ཅན་དང་རལ་པའི་ཐོར་ཚུགས་དང་རིན་པོ་ཆེའི་པྲོག་ཞུའི་དབུ་རྒྱན་ཅན། བསམ་ནས་


JLD004_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བརྩམ་པར་བྱ། ཞེས་བྱ་བ་ནི། འདི་ལྟར་བསམ་པའི་ཏིང་ངེ་འཛིན་གཉིས་བྱས་ནས་ལས་སྦྱོར་གྱི་དུས་སུ་ཞི་བ་ལ་སོགས་པ་ཐམས་ཅད་བརྩམ་པར་བྱའོ། །དཔའ་བོ་རྡོ་རྗེ་དབུས་སུ་སོང་བ་ན་དེ་ལ་རིན་འབྱུང་བསྟིམས། རིན་འབྱུང་གི་གནས་སུ་མི་བསྐྱོད་པ་དང༌། མཱ་མ་ཀཱིའི་གནས་སུ་རེག་རྡོ་རྗེ་བཞག་གོ །རྡོ་རྗེ་དཔའ་བོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་རླབས་ཀྱི་འཕྲེང་བ་ནི་འདི་གསུངས་པ་ལ་ཐུགས་སྤྲོ་བའི་དབའ་རླབས་ཀྱི་འཕྲེང་བ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་གང་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་དབྱངས་རྡོ་རྗེ་ཞེས་པ་ལ་ཀུན་ནས་ཏེ་སངས་རྒྱས་ཐམས་ཅད་ཀྱིས་དབྱངས་ཀྱི་རྣམ་པར་བསྒྲགས་ཤིང་བསྟོད་པ། སྐུལ་བྱེད་མའི་གཟུངས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་སྟེ་མི་ཕྱེད་པའི་ཏིང་ངེ་འཛིན་དེ་ལ་ཐུགས་རྩེ་གཅིག་ཏུ་མངོན་པར་འདུ་མཛད་ཅིང་བྱིན་གྱིས་བརླབས་ནས།:ཆག:རྡོ་རྗེ་ཆེན་པོ་ལས་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱ་བས་ན། རྡོ་རྗེ་ཆེན་པོ་བསྒོམ་པ་སྟེ་ཞེས་པ་ལེགས་ཏེ། ས་བོན་ལས་ཕྱག་མཚན་གྱི་རྡོ་རྗེ་དེ་ལས་འདིའི་སྐུ་སྐྱེད་པའོ། །རྡོ་རྗེ་འཆང་ཆེན་པོ་བསྒོམ་ཞིང་བསྐྱེད་པས་ན་རྡོ་རྗེ་ཆེན་པོ་བསྒོམ་པ་སྟེ་སྐུལ་བྱེད་མའོ། །དེའི་ཚིག་ནི་སྐྱེད་པར་བྱེད་པའི་ས་བོན་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །དེ་གང་ཡིན་ཞེ་ན། ཙུ་ནི་ཙུན་དའི་མིང་ཡིག་དང་པོའོ། །ནམ་མཁའ་རྒྱུད་ལས། ཉི་མའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། ཞེས་པའི་ནམ་མཁའ་རྡོ་རྗེའི་དོན་ནི། མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་


JLD004_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྫོགས་པའི་མཐར། ལས་རྒྱལ་མཆོག་གི་དུས་སུ་སྔར་བསྒོམ་པའི་མི་བསྐྱོད་པའི་ཡུམ་སྟོང་པར་སྦྱོང་བའོ། །དབུས་སུ་ཞེས་པ་ནི་སྟོང་པའི་ངང་ལས་བྱུང་བའི་ས་བོན་ནོ། །ཉི་མའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་བསམས་ལ། ཞེས་གསུངས་ཤིང༌། རྡོ་རྗེ་ནི་མི་བསྐྱོད་པའོ་ཞེས་གསུངས་པས། འདི་ལ་མི་བསྐྱོད་པ་དབུས་སུ་བསྒོམ་དགོས་ལ། ལས་རྒྱལ་མཆོག་གི་དུས་སུ་སྐུལ་བྱེད་མ་ཡང་དབུས་སུ་བསྒོམ་པ་ཡིན་པས། ཡབ་ཡུམ་གཉིས་ཀའི་ཐུན་མོང་གི་གདན་ཉི་དཀྱིལ་ལོ། །ཉི་དཀྱིལ་གྱི་སྟེང་དུ་སྐབས་འདིར་བཤད་པ་ལྟར་ས་བོན་ཙུཾ་དང༌། སྔར་རྡོ་རྗེ་ལས་བསྐྱེད་པར་གསུངས་པས་ཆོ་ག་གསུམ་གྱིས་སྐུལ་བྱེད་མ་བསྐྱེད་དེ། རྡོ་རྗེ་གསུམ་གྱི་ཞེས་པའི་སྐབས་སུ་གསུངས་པ་ལྟར་རྡོ་རྗེ་གསུམ་གནས་གསུམ་དུ་བཀོད་པས། བྱིན་གྱིས་བརླབས་ནས་མི་བསྐྱོད་པའི་ཡུམ་དུ་བྱའོ། །གྲགས་ཆེན་ནི་ཞེས་པ་ནས། དཀར་མོ་རབ་ཏུ་བསྒོམ་ཞེས་པའི་བར་དང་སྔགས་ཀྱི་ཚིག་དགོད་དོ་ཞེས་པ་ཡང་སྐུལ་བྱེད་མ་བསྐྱེད་པའི་སྐབས་འདིར་བླངས་ཏེ་འཁྲུགས་བསྡེབ་བོ། །རྡོ་རྗེ་ལ་ཉི་མའི་དཀྱིལ་འཁོར་རྣམ་པར་བསམས་ནས། དེའི་སྟེང་དུ་བཤད་མ་ཐག་པའི་ས་བོན་རྣམ་པར་བཀོད་དེ། སྐུལ་བྱེད་མ་བསྐྱེད་དོ། །སངས་རྒྱས་ཀྱི་སྤྲིན་ཞེས་བྱ་བ་མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཇི་ལྟར་སྐྱེད་ཅེ་ན། བདག་ཉིད་མི་བསྐྱོད་པ་རང་གི་དཀྱིལ་འཁོར་པ་རྣམས་ཀྱི་དབུས་སུ་གནས་པར་བསམས་ནས་ཆོ་ག་ཡིས། ཞེས་བྱ་བ་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་སོ་གཉིས་ཡུམ་གྱི་པདྨར་བསྐྱེད་པ་ཕྱིར་ལ། སྤྲོ་བ་དང་ཚུར་ལ་རང་གི་གནས་སུ་བསྡུ་བ་བྱས་པས་བྱའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། བསམས་ལ་ཞེས་པ་འདིར་བླངས་ཏེ་འཁྲུགས་


JLD004_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་པར་བྱའོ་སོ་། །རྡོ་རྗེ་གསུམ་གྱི་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་གནས་གསུམ་དུ་བཀོད་པ ས་བྱིན་གྱིས་བརླབས་པའོ། །གྲགས་ཆེན་ནི་ཞེས་བྱ་བ་ནི། སྡུག་བསྔལ་ཐམས་ཅད་ངེས་པར་སེལ་བས་གྲགས་པ་ཆེན་པོ་ཐོབ་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་དབབ་པ་ཞེས་བྱ་བ་ནི། གདུག་པ་རྣམས། སྐུལ་བྱེད་མའི་སྐུ་:པ་ཚབ:ལུས་དང་ངག་སེམས་ལས་འབེབས་པ་ཟེར། དང་གསུང་དང་ཐུགས་ཀྱི་རྡོ་རྗེས་འཇོམས་པར་བྱེད་པར་སྐུལ་བྱེད་རྡོ་རྗེ་མ་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཁ་དོག་དཀར་མོར་རབ་ཏུ་བསྒོམ། ཞེས་བྱ་བའོ། །དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། སྟེ་མི་བསྐྱོད་པ་བསམས་ལ་སྔགས་ཀྱི་ཚིག་དགོད་དོ། ཞེས་བྱ་བ་ལ། སྔགས་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །འདི་རྣམས་ཀྱི་ཚིག་སྟེ་:ཆག:གནས ནི་མཚན་མ་སྟེ་ཕྱག་མཚན་རྡོ་རྗེ་ལ་སོགས་པ་དྲུག་གོ །དེ་རྣམས་ཡུམ་གྱི་ཕྱག་ཏུ་དགོད་པར་བྱ འོ་ཞིང༌་།རྡོ་རྗེ་སེམས་:པ་ཚབ:དཔའ་དང་དེའི་མཚན་མ་དགོད་པར་བྱའོ་ཞེས་པ་ལ། རྡོ་རྗེ་སེམས་དཔའ་དགོད་པ་བཤད་ཟིན་པ་དང༌། མཚན་མའང་ཞེས་པ་མི་ལེགས་པས། :ཆག:གནས་ནི་མཚན་མ་སྟེ་རྡོ་རྗེ་སེམས་དཔའ་བཞིན་དགོད་དོ་ཞེས་པ་ལེགས་སོ། །རྡོ་རྗེ་སེམས་དཔའི་མཚན་མའང་དགོད་པར་བྱའོ་ཞེས་བྱ་བའི་བར་དུ་སྟེ་ཐ་ཚིག་གོ །རྡོ་རྗེ་ནི་མི་བསྐྱོད་པའོ། །དམ་ཚིག་ནི་ས་མ་ཏི་ཞེས་པའི་ངེས་ཚིག་ལས་མཉམ་པ་ཉིད་ཡིན་ལ་དེ་ཡང་འདིར་ཡབ་དེ་དང་ཡུམ་གཉིས་སྙོམས་པར་ཞུགས་པའོ། །འགྱུར་རྙིང་གི་དཔེ་ཁ་ཅིག་ལས། དེ་དང་


JLD004_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས་པ་ནི་མཚན་མས་མཉེས་པར་བྱེད་པའོ། །ཞེས་པ་དག་ལ་དེའི་དོན་ནི་ལས་རྒྱལ་མཆོག་གི་དུས་སུ། ཡབ་ཀྱི་རྡོ་རྗེའི་མཚན་མས་སྐུལ་བྱེད་མ་མཉེས་པར་བྱས་པ་ལ་བརྟེན་ནས། སྐུལ་བྱེད་མ་དབང་དུ་གྱུར་ཏེ་བདག་གི་འདོད་པ་ཐམས་ཅད་བསྒྲུབ་པའོ༡། ར་མཚན་མས་རྗེས་སུ་བྱེད་པའོ། །ནམ་མཁའ་ཞེས་པ་འགྱུར་གསར་གཉིས་ལ་མེད་ཅིང་མི་དགོས་སོ། །ནམ་མཁའ་རྡོ༢་རྗེའི་དམ་ཚིག་ནི་སྐུལ་བྱེད་མའི་གཟུགས་སོ། །སྐུ་དེ་ལ ས་ཡེ་ཤེས་ཀྱི་འོད་ཟེར་ནི་ཡེ་ཤེས་ཀྱི་སྣང་བ་འཕྲོ་བ་སྟེ། ཏིང་ངེ་འཛིན་གང་དེ་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁ་ཅིག་གླན་གྱིས་མི་བསྐྱོད་པའི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱས་ནས། ལས་སྦྱོར་གྱི་དུས་སུ་རང་མི་བསྐྱོད་པའི་མདུན་དུ་སྐུལ་བྱེད་མ་བསྐྱེད་པར་བཤད་པ་བཀག་ནས། བསྲུང་བའི་འཁོར་ལོ་ནས་དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་སྔོན་དུ་སོང་ནས། ཉི་མ་ལས་བྱང་ཆུབ་པ་སོགས་ལས་སྐུལ་བྱེད་མ་བསྐྱེད་དེ། སྐུ་གསུང་ཐུགས་བྱིན་རླབས་བྱས་པའི་འོག་ཏུ་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་སྐུལ་བྱེད་མ་སོར་བཞག་བྱེད་ན། དེས་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་མི་འཐད་ཅིང་ལྷ་སོ་གསུམ་དུ་འགྱུར་རོ། །སྐུལ་བྱེད་མ་དཀྱིལ་འཁོར་ལ་མི་འོང་ན་གཞན་དུ་འོང་བའང་མ་བཤད་པས། དེའི་སྒོ་ནས་ལས་སྒྲུབ་མི་འཐད་དོ། །དེས་ན་སྐབས་འདི་རྣམས་དངོས་གྲུབ་བསྒྲུབ་པའི་སྐབས་ཡིན་ཞིང༌། འདི་ལ་སྙོམས་པར་འཇུག་པའི་ཆོ་ག་མ་གཏོགས་པ་ལས་སྒྲུབ་པ་གཞན་མ་བྱུང་བས་སྔར་བཤད་པ་ལྟར་ལས་བསྒྲུབ་པར་གླན་གྱིས་བཤད་པ་ལྟར་ལེགས་པ་ཡིན་ནོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནོར་དང་འབྲུ་ཐམས་ཅད་ལ་སེམས་པ་ནི་བསམ་པ་ཐམས་ཅད་དེ། ཐམས་ཅད་ལ་བསམ་པ་སྟེ་སེམས་ཤིང་


JLD004_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བའོ། །གང་ཟག་དེ་རྡོ་རྗེ་དང་འདྲ་བར་ཐོགས་པ་མེད་པར་ལོངས་སྤྱོད་ཅིང་དམིགས་པར་ཏེ་སྐྱོང་བར་བྱེད་པས་ན། རྡོ་རྗེ་ལོངས་སྤྱོད་པ་སྟེ་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་གྱི་འཁོར་ལོའི་ཚུལ་ཞེས་བྱ་བ། གནོད་གནས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ས་བོན་གང་གིས་བསྐྱེད་པ་འདི། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ཛྃ་ནི་ཛམྦྷ་ལ་ཞེས་པའི་མིང་ཡིག་དང་པོ་ཛ་ལ་མ་ཡིག་ཀླད་ཀོར་དུ་བྱིན་པའོ། །དེ་ལ་ཛམྦྷ་ནི་རྨུགས་པ་དང༌། ལ་ནི་ལེན་པའམ་འཛིན་པ་ཡིན་པ་ལ་བསམས་ནས་རྨུགས་འཛིན་དུ་བསྒྱུར། ཡང་ཛམྦྷ་ལ་ལ་ངེས་ཚིག་གིས་སྟམྦྷ་གནོན་པ་དང༌། ཨ་ལཱ་ཡ་ཞེས་པ་གནས་ཡིན་པ་ལ་བསམས་ནས་གནོན་གནས་སུ་བསྒྱུར། ཁ་ཅིག་གིས་རྨུགས་པའི་སྒོ་ནས་གནོད་པ་བྱེད་པ་ལ་བསམས་ནས་གནོད་གནས་སུ་བསྒྱུར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པར་ནི་སྟོང་པར་བསྒོམ་པའོ། །དེའི་ངང་ནས་སངས་རྒྱས་ནི་ཏེ་གནོད་གནས་སོ། །གནོད་གནས་དེ་ཉིད་འདིར་སྙིང་པོར་གྱུར་པས་ན་དཀྱིལ་ལོ། །མཎྜལ་ལའི་ལ་ནི་སྙིང་པོ་དེ་ལེན་ཅིང་སྐྱེད་པས་ན་སངས་རྒྱས་དཀྱིལ་འཁོར་ཏེ་ས་བོན་ཛྃ་ཡིག་པད་ཟླའི་སྟེང་དུ་བསམ་མོ་ནོ་། །དེ་ལ་:འགྱུར་རྙིང:སངས་རྒྱས་ཀུན་གྱི་ཆོ་ག་ཡིས། ཞེས་པ་ལས། ཆོ་ག་:པ་ཚབ:ཡིས་ནི་སངས་


JLD004_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན། ཞེས་པ་བདེའོ། །ཁསངས་རྒྱས་ཀུན་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རིན་པོ་ཆེའི་རིགས་དང་ལྡན་པ་སྟེ་དེར་གཏོགས་པ་ཐམས་ཅད་འོ་། །ཀཆོ་ག་ཡིས་ཞེས་བྱ་བ་ས་བོན་ཛྃ་ཡིག་ལས་འོད་ཟེར་སྤྲོ ས་པས་བ་དང་གབསྡུ་བའི་སྦྱོར་བས་རྡོ་རྗེ་སྟེ་གནོད་གནས་སྒོམ་པ་པོས་ས་བོན་ལ་དབབ་པར་བྱ་ཞིང་ནང་དུ་བསྟིམ་པར་བྱ འོ་སྟེ་། ས་བོན་དེ་ཡོངས་སུ་གྱུར་པ་ལས། བཱི་ཛ་པུ་ར་ཛཾ་གྱིས་མཚན་པ། དེ་ལས་གནོད་སྦྱིན་ཆེན་པོ་གནོད་གནས་གསེར་གྱི་མདོག་ཅན་གསུས་པ་ཆེ་བ་མིའུ་ཐུང་གི་གཟུགས་ཅན་ཞལ་གསུམ་པ། ཕྱག་དྲུག་པ་ལག་པ་གཡས་རྣམས་ཀྱིས་བཱི་ཛ་པུ་ར་དང་ལྕགས་ཀྱུ་དང་མདའ་ཐོགས་པ། གཡོན་རྣམས་ལས་གཅིག་གིས་ཏེ་དང་པོས་རང་གི་རིག་མ་རང་དང་འདྲ་བ་ལ་འཁྱུད་པ་ལ་བརྩོན་པ་གཡོན་གྱི་གཞན་འོག་མ་གཉིས་ཀྱིས་ཞགས་པ་བཟང་པོ་དང་བཅས་པའི་ནེའུ་ལེ་དང་གཞུ་འཛིན་པ། ཐོར་ཚུགས་དང་དབུ་རྒྱན་དུ་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་ཡོད་པ་འདི་ལྟ་བུའི་ཚུལ་དུ། བདག་ཉིད་གནོད་གནས་སུ་རྫས་སྒྲུབ་པ་ལ་བསྒོམ་པར་བྱ་ཞིང༌། སངས་རྒྱས་ལྔ་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ། ཆོ་ག་ཡིས་ཞེས་བྱ་བ་རིམ་གྱིས་མགོ་བོ་དང་ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང་བྱིན་པ་རྣམས་སུ། ༀ་ལ་སོགས་པའི་ས་བོན་ལས་བྱུང་བ་བསྒོམ་པར་བྱའོ། །དེ་ནས་རང་གི་མདུན་དུ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་ཁ་རང་གི་སྙིང་ག་ལས་རང་དང་འདྲ་བའི་གནོད་གནས་ཕྱུང་ལ། བསྟིམ། ཀསྔ་མ་བདག་བསྐྱེད་བཞིན་དུ་སྟོང་པར་སྦྱང་བ་སོགས་ཐམས་ཅད་བྱས་ནས་གམདུན་གྱི་དེའི་ཅོད་པན་དུ། བདེ་བ་ཆེན་པོ་རྡོ་རྗེ་འཆང་རང་གི་ཕྱག་རྒྱ་དང་བཅས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་དང༌ ཡི་གེ་ཛྃ་ལས་བྱང་


JLD004_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཞེས་སོ་སོར་བཤད་དགོས་པའི་དང་པོའི་དོན་ནི། རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བབས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བར་བསམས་ལ། ཞེས་པའོ། །གཉིས་པའི་དོན་ནི་གནོད་གནས་དེའི་མགོར་ཆུའི་སྐད་དོད་ཛཱ་ལ་ཞེས་པའི་མིང་ཡིག་དང་པོ་ལ་ཐིག་ལེ་བྱིན་པའི་ཡི་གེ་ལས་ཆུ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་བདུད་རྩིའི་ཆུ ར་བསྐྱེད་པ་ༀ་ཛཱྃ་བྷ་ལ་ཛཱ་ཛཱ་ལ་ནི་ཆུའོ། །“ལཱེན་དྲཱ་ཨིནྡྲ་ནི་དབང་པོའོ། །ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདོན་པ་སྔོན་དུ་འགྲོ་བས་བསྒོམས་ལ་སྦྱིན་པར་བྱའོ། །དེ་ལྟར་སྦྱིན་པ་ནི། རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །དབུ་རྒྱན་དེ་ལ་རྣམ་པར་བསམ། ཞེས་བྱ་བའོ། །དེ་ལྟར་བྱས་པས་ནི་དེ་མཉེས་ཤིང་སྒྲུབ་པ་པོའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྡོ་རྗེའི་ཕྱག་རྒྱ་ནི་མི་ཕྱེད་པའི་གནོད་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེས་རྫས་སྒྲུབ་པ་ནི་རྫས་བསྐྱེད་པའོ། །དེ་ཉིད་ནི་ཏོག་དང་ལྡན་པར་མཐོ་ཞིང་དབལ་ཏེ་ནུས་པ་དང་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། གནོད་སྦྱིན་མོ་བསྒྲུབ་པ་གསུངས་པ་ཡིན་ཏེ། རྡོ་རྗེ་ནི་མཁའ་འགྲོ་མ་རྣམས་སོ། །འདོད་པ་ནི་དེ་དག་གི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་ནི་རྣམ་པར་རོལ་པ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་རྫོགས་པར་


JLD004_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་རྡོ་རྗེའི་ཚིག་སྟེ། ས་བོན་གྱི་ཡི་གེ་འོག་ནས་བཤད་པ་འདི། ཉིད་ཀྱི་སྐུ་ལ་སོགས་པ་ལས་ངེས་པར་ཕྱུང་བ་ནི་ཀྵ່་ནི་གནོད་སྦྱིན་མོའི་སྐད་དོད་ཡཀྵི་ཞེས་པའི་མིང་ཡིག་ཐ་མ་ལ། ཐིག་ལེ་ཀླད་ཀོར་དུ་བྱིན་པའོ། །མིང་ཡིག་རེ་རེ་བ་ས་བོན་དུ་བྱེད་པ་གཞན་རྣམས་ལ། མིང་ཡིག་གི་དང་པོ་ལ་ཐིག་ལེ་སྟེར་བ་དང༌། འདི་མི་འདྲ་བ་ནི། ཡཀྵ་ཞེས་པ་གནོད་སྦྱིན་ཡིན་པ་ལ། ཀྵི་ཞེས་པས་མོར་མཚོན་པས། ཡ་ཐུན་མོང་བ་དང༌། ཀྵ່་ཐུན་མོང་མིན་པར་སོང་བས་ཡིན་པ་འདྲའོ། །ཀྵ່་ཞེས་བྱ་བའོ། །མཁའ་དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་འཇམ་པའི་དབྱངས་ཀྱི་དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་གཉིས་སྔོན་དུ་བྱ་ནམ་མཁའི་དབྱིངས་ཀྱི་རྡོ་རྗེའི་དབུས་གནས་པར་ཞེས་པ་ནི་རྡོ་རྗེའི་སའི་སྔོན་དུ་ཡེ་ཤེས་ཀྱིས་སྒོམ་པའོ། །རྡོ་རྗེ་སའི་སྟེང་དུ་ལ་ཡི་གེ་ཀྵ່་ལས་བྱུང་བའི་ཁང་པ་རྩེགས་མ། གྲུ་བཞི་ལྷམ་པ་རབ་ཏུ་བཟང་ཞེས་དང་ལ་སོགས་པ ས་ཐམས་ཅད་རིན་ཆེན་བཞི་ལས་བྱས། ཞེས་པའི་ཡོན་ཏན་དང་ལྡན་པ་བསམ་པའོ། །ཁམེ་ཏོག་སྤོས་ཀྱིས་ཀུན་ཏུ་འཁྲིགས་བཟང་ཞེས་བྱ་བ་ནི། གནོད་སྦྱིན་མོ་རྣམས་ལ་མེ་ཏོག་ལ་སོགས་པ་ཕྱི་དང་ནང་གི་བདུད་རྩིའི་མཆོད་པ་རྣམས་ཀྱིས་ལེགས་པར་མཆོད་ལ། ཀ ལས་རྒྱལ་མཆོག་གི་དུས་སུ་རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་གནོད་སྦྱིན་མོ་ཞེས་བྱ་བ་གནོད་སྦྱིན་མོ་བཀུག་པའི་ཚོགས་ཀྱིས། ནམ་མཁའི་དབྱིངས་ཞེས་བྱ་བ་ནམ་མཁའི་ཁམས་ཏེ། དེ་ཡོངས་སུ་གང་བར་བསམ་པར་བྱའོ། །གརང་གི་རྡོ་རྗེ་གསུམ་གྱི་སྦྱོར་བ་སྟེ་སེམས་དཔའ་གསུམ་གྱི་འོད་ཟེར་གྱི ས་དབབ་ཅེས་བྱ་བ་ནི་གཞལ་ཡས་ཁང་གི་ནང་དུ་གཞུག་པའོ། །གཟུགས་ཀྱི་སྤྲིན་དག་རྣམས་བསམས་ལ། ཞེས་བྱ་བ་ནི། དེའི་འོག་


JLD004_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གནོད་སྦྱིན་མོའི་གཟུགས་ཀྱི་ཚོགས་མ་ལུས་པ་གནོད་སྦྱིན་མོ་ཅིག་གི་གཟུགས་སུ་བསམ་པའོ། །སྐུ་ལུས་གསུམ་རྡོ་རྗེའི་བྱེ་བྲག་གིས། ཞེས་པ་ལས། རྡོ་རྗེ་གསུམ་:པ་ཚབ:ལས་ཁྱད་པར་གྱིས། ཞེས་པ་འགྲེལ་པ་དང་མཐུན་ནོ། །གསུམ་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་གསུམ་སྟེ་འབྲུ་གསུམ་གནས་གསུམ་དུ་བཀོད་པ་ལས་བྱེད་བྲག་གིས་ཞེས་བྱ་བ་ནི། རྡོ་རྗེ་གསུམ་གྱི་ལྷ་གསུམ་སྤྱན་དྲངས་པས་སྐུ་ལ་སོགས་པ་སོ་སོར་བྱིན་གྱིས་བརླབས་པས་གནོད་སྦྱིན་མོ་དེའི་གཟུགས་ཀྱི་སྤྱི་བོ་ལ་སོགས་པའི་གནས་ལྔར་བསམ་གཏན་ཏེ་ས་བོན་ལས་རིགས་ལྔར་བྱ་བ་བསམ་པར་བྱའོ། །སྒྲུབ་པ་པོས་རྡོ་རྗེ་འཇམ་དཔལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་ཏིང་ངེ་འཛིན་ལ་གནས། ནས་བྱའོ། །ཞེས་པ་ནི་སྒྲུབ་པ་པོ་སྟེ། སྒྲུབ་པ་པོ་དེས་དབུ་རྒྱན་ཞེས་བྱ་བ་གནོད་སྦྱིན་མོའི་སྤྱི་བོར་ཁྲོ་བོ་སྟེ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བ་གནོད་སྦྱིན་མོ་དེ་གནོན་པའི་དོན་དུ་བསྒོམ་པར་བྱའོ། །སྙིང་ཁར་ཞེས་བྱ་བ་གནོད་སྦྱིན་མོའི་སྙིང་ཁའི་པདྨའི་ལྟེ་བ་ལ། སྔགས་ཀྱི་ཚིག་ཅེས་པ་ཡི་གེ་ཀྵ່་བསྒོམས་ལ། རྡོ་རྗེ་དང་པདྨ འི་སྦྱོར་བ་སྟེ་རང་དང་སྙོམས་པར་ཞུགས་པ་བརྩམ་པར་བྱའོ། །གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ཉིད་ནི་གཅིག་ཏུ་བྱས་པའོ། །དེ་ཉིད་གནས་པ་སྟེ་དེ་ལ་རོལ་བའོ། །དེའི་སྒོམ་པ་ནི་ཡང་དང་ཡང་དུ་སློབ་པར་བྱེད་པའོ། །དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ༈ །དངོས་གྲུབ་ཕྲ་མོ་སྟེ་དམན་པ་རྣམས་


JLD004_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་སྔགས་:པ་ཚབ:རྡོ་རྗེའི་སྔགས་ཐམས་ཅད་དང་ཟེར། ནི་དེ་བཞིན་གཤེགས་པ་རྣམས་སོ། །དངོས་གྲུབ་ནི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་རྣམ་པར་འཕྲུལ་བ་ནི་སྙོམས་པར་འཇུག་པའི་བྱ་བ་སྟེ། དེ་གང་དུ་སྟོན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། ཕྲ་མོ་སྟེ་འཇིག་རྟེན་པའི་མཁའ་འགྲོ་མ་དེ་རྣམས་ཀྱི་སྒོ་ནས་དངོས་གྲུབ་ཐོབ་པའི་ཐབས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། མཁའ་འགྲོ་མ་དེ་དག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་རྫུ་འཕྲུལ་རབ་ཏུ་སྟོན་པས་ཕྱུང་ཞིང་གསུངས་སོ། །དེ་རྣམས་ཀྱི་རྫུ་འཕྲུལ་ཇི་ལྟར་གསུངས་ཞེ་ན། སྐུ་དང་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་སྣ་ཚོགས་ལེན་པས་སྐུ་ཡང་དག་པར་གྲུབ་པར་དང། སྒྲ་སྣ་ཚོགས་ཀྱིས་སྟོན་པས་གསུང་གྲུབ་པ་དང༌། རང་གིས་ཇི་ལྟར་མངོན་པར་འདོད་པའི་དོན་འཐོབ་པ ར་ནུས་པ ས་སེམས་ཡང་དག་པར་གྲུབ་པར་གསུངས་:པ་ཚབ:སོ་ཟེར། ཐུགས་ཡང་དག་པར་གྲུབ་པ འོ་ས་རྡོ་རྗེ་མཁའ་སངས་རྒྱས་ཏེ་རྡོ་རྗེ་མཁའ་འགྲོ་མའོ། །དེ་རྣམས་ཀྱི་གཟུགས་:པ་ཚབ:ཟེར། ”འགྲོ་མར་བཤད་དེ། དེ་རྣམས་ཀྱི་གཟུགས་འཛིན་པ་ནི་དེ་དང་འདྲ་བའོ། །ཤིན་ཏུ་གསལ་བས་ན་འོད་བཟང་པོ་སྟེ་སྣང་བའོ། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། ཞེས་བྱ་བ་ནི་མཁའ་འགྲོ་མ་དེ་དག་གི་ཁ་དོག་གི་ཕྱོགས་གཅིག་ཉེ་བར་མཚོན་པའི་མཚན་ཉིད་ཀྱིས་ན་གསེར་དང་ལ་སོགས་པ ས་པདྨ་རཱ་ག་ལ་སོགས་པའི་མདོག་ཅན་ནོ། །དངོས་གྲུབ་ཕྲ་མོ འམ་དམན་པ་ནི་རང་གི་ངོ་བོ་ཡོངས་སུ་སྒྱུར་


JLD004_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཐབས་ཀྱི་དངོས་གྲུབ་དམན་པ་སྟེར་བ་ཏེ་དེ་ལ་གནས་པའོ། །དེ་དག་གིས་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་རྫུ་འཕྲུལ་དང༌། རྡོ་རྗེ་མཁའ་འགྲོ་མའི་གཟུགས་འདྲ་བ་འཛིན་ནུས་པར་བཤད་པས་དེས་མཚོན་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་མཆོག་ཏུ་གྱུར་པ་ཡང་ཤེས་པར་བྱའོ། །དེ་ནི་རྡོ་རྗེ་མཁའ་འགྲོ་དང་འཇིག་རྟེན་པའི་མཁའ་འགྲོ་མ་དང་སྒྲུབ་པ་པོ་གཉིས་འི་སྙོམས་པར་འཇུག་པའི་འབྲས་བུའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། མི་སྣང་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།ཁརྡོ་རྗེ་མཁའ་འགྲོ་མ་ཇི་ལྟ་བུ་ཞེ་ན མི་སྣང་བ་ནི་དེ་དང་སྙོམས་པར་ཞུགས་པར་རླུང་དྷཱུ་ཏཱིར་ཐིམ་ནས་སྟོང་པ་བཞིའི་རིམ་གྱིས་དངོས་པོ་མེད་པར་བྱས་པ་སྟེ་འོད་གསལ་དུ་འཇུག་པ། །དེ་ལ་སོགས་པ་ནི་འོད་གསལ་དེ་ལས་ཚུར་ལ་སྒྱུ་མའི་སྐུར་ལྡང་བ་དང་ལ་སོགས་པ ས་མན་ངག་ཁྱད་པར་ཅན་སྟེར་བ་དང་རྒྱུད་བྱིན་གྱིས་རློབ་པ་སོགས་གང་ཡིན་པ་དེ་ནི།མི་སྣང་སོགས་:པ་ཚབ:ཅན་དང་གྲུབ་ན་ཞེས་པ་ལྟར་དེ་འདྲ་བའི་ནུས་པ་ཅན་ཞེས་བྱའོ། །མི་སྣང་བ་ལ་སོགས་པ་དེ་འདྲ་བ་བྱེད་ནུས་པ་ཅན་གྱི་རྡོ་རྗེ་མཁའ་འགྲོ་མའོ་སྟེ་ཀརྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་ཀྱི་གྲུབ་པ་སྟེ་དེ་རྣམས་དང་སྒྲུབ་པ་པོ་སྙོམས་པར་འཇུག་པས་ནི་སྒྲུབ་པ་པོ་ཚེ་འདི་ཉིད་ལ་གཙོ་བོ་རྡོ་རྗེ་སེམས་དཔར་འགྱུར་རོ། །:འགྱུར་རྙིང:འཇམ་པའི་འོད་དང་འདྲ་བར་འགྱུར། ཞེས་པ་ལས། :པ་ཚབ:མངའ་བདག་རྡོ་རྗེ་འཛིན་པར་འགྱུར་ཞེས་པ་འགྲེལ་པ་དང་མཐུན་ནོ། །འདི་ནི་ཕོ་ཉ་ལྷན་སྐྱེད་ལ་བརྟེན་ནས། ལམ་བགྲོད་པ་སྟེ་ཕོ་ཉ་མོ་མཐར་ཐུག་གོ །གགནོད་སྦྱིན་རྒྱལ་པོ་གནོད་སྦྱིན་རྒྱལ་མོ་དང་:པ་ཚབ:གྲུབ་ཚེ་ཟེར། ནི་འཇིག་རྟེན་


JLD004_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་དང་སྒྲུབ་པ་སྟེ་གྲུབ་པ་སྙོམས་པར་འཇུག་པས་ནི་རི་ལུ་ལ་སོགས་པའི་གྲུབ་པའི་རྫས་བྱིན་པས་སྔགས་ལ་མཆོག་ཏུ་གཞོལ་བའི་རིག་པ་འཛིན་པ་དག་གིས་དབང་པོར་འགྱུར་རོ། ཞེས་བྱ་བ་སྟེ། མཁའ་འགྲོ་མ་གཉིས་བསྟེན་པའི་འབྲས་བུ་མཆོག་དམན་གྱི་ཁྱད་པར་རོ། །ཕྱི་མ་འདི་ནི་ཕོ་ཉ་མོ་ཞིང་སྐྱེས་དངོས་སམ། དེ་དང་འདྲ་བའི་ནུས་པ་ཅན་རྣམས་ཡིན་ལ། དེ་ལ་རིགས་མཐུན་པའི་འགྲོ་བའི་ཕོ་ཉ་མོ་སྔགས་སྐྱེས་ཁྱད་པར་ཅན་དང་། སྒྲུབ་པ་པོ་ཁྱད་པར་ཅན་གཉིས་ཚོགས་པས་སྔར་བཤད་པ་ལྟར་གྱི་མི་སྣང་བ་དང་ལྡང་བ་འགྲུབ་པ་ནི། ཕོ་ཉའི་ལམ་གྱིས་རོ་རྐྱང་གི་རླུང་དབུ་མར་འཇུག་པའི་སྲོག་རྩོལ་གྱི་གནད་དཔལ་རྡོ་རྗེ་འཕྲེང་བ་སོགས་ཀྱི་དགོངས་པ་ལེགས་པར་ཤེས་པ་ལ་རག་ལས་ཏེ་ཤིན་ཏུ་རྟོགས་པར་དཀའོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི། མཁའ་འགྲོ་མ་གཉིས་པོ ་འདི་དག་གི་སྒྲུབ་པ་སྟོན་ཏེ། རྡོ་རྗེའི་དངོས་གྲུབ་ནི་ལྷ་མོ་རྣམས་ཏེ། ཐམས་ཅད་དོ། །དེ་རྣམས་ཀྱི་གཟུགས་གསང་བ་ནི་གཞན་ལ་སྦེད་པའི་རང་གི་གཉུག་མའི་གཟུགས་ཕུན་སུམ་ཚོགས་པའོ། །དེ་ལ་སྟེ་དེ་དགུག་པའི། སྔགས་ཀྱི་དངོས་གྲུབ་ནི་ཀླགས་པས་མཁའ་འགྲོ་མ་གཉིས་འགྲུབ་པའི་སྔགས་ཀྱི་ཚིག་རྣམས་སོ། །མཁའ་འགྲོ་མའི་རང་གཟུགས་ཇི་ལྟ་བུ་ཞེ་ན། མཛེས་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛེས་པའི་གཟུགས་ནི་འོད་ཟེར་ཤིན་ཏུ་འབར་བས་ལྷམ་མེར་བྱས་པའི་འོད་གསལ་བ་སྟེ། དེ་འདྲ་བའི་གཟུགས་རྣམས་ཏེ་ཁ་དོག་མི་འདྲ་བ་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་ནི་ཐམས་ཅད་དུ་རྒྱུ་བ་དེ་མཐོང་བའི་ཉིད་ཀྱིས་ཚིམ་ཞིང་ཀུན་ཏུ་དགའ་བར་འགྱུར་བ་སྔགསཀྱི་དངོས་


JLD004_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་པའི་སྒྲུབ་པ་པོ་དེས་མཐོང་བར་འགྱུར་རོ། །གཙུག་ཏོར་ཞེས་བྱ་བ་ལ་སོགས་པ་ལ། གཙུག་ཏོར་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་:ཆག:སྔགས་སོ་ཟེར། པའོ། །ཐམས་ཅད་གྲུབ་པ་ནི་ཞེས་བྱ་བ་ནི་གཙུག་ཏོར་དང་དེའི་སྔགས་ཀྱི་སྒྲུབ་པ་ནི་འཇིག་རྟེན་པའི་ལྷ་མོ་སྟེ་མཁའ་འགྲོ་མ་ཐམས་ཅད་ཀྱི་གྲུབ་པ་སྟེ་སྒྲུབ་པ་པོ་ལའོ། །ཡིད་བཞིན་ནོར་བུའི་བདག་པོར་འགྱུར། ཞེས་བྱ་བ་ནི། མྱུར་བར་འགྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འདོད་པའི་དོན་ཕོ་ཉ་མོའི་བྱ་བ་སྒྲུབ་པར་འགྱུར་རོ། །གཙུག་ཏོར་འཁོར་བསྒྱུར་གྱི་ཏིང་ངེ་འཛིན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་གི་དུས་སུ་མཁའ་འགྲོ་མ་གཉིས་སྒྲུབ་པར་འདོད་ན། གུར་ནས་གསུངས་པའི་གཙུག་ཏོར་འཁོར་བསྒྱུར་གྱི་ཕྲེང་སྔགས་སྤེལ་ཚིག་དང་བཅས་པ་བཟླའོ། །ཕྱི་མ་ལ་ནི་གནོད་སྦྱིན་མོ་བཞིན་དུ་སྙོམས་འཇུག་བྱ་བས་སྒྲུབ་དགོས་པ་འདྲའོ། །ཅི་ཐབས་དེས་འཇིག་རྟེན་པའི་མཁའ་འགྲོ་མ་འདི་དག་ཁོ་ན་སྒྲུབ་པར་བྱེད་དམ་ཞེ་ན། སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ནི་རྡོ་རྗེའི་མཁའ་འགྲོ་མ་རྣམས་ཏེ་དེ་ཡང་སྒྲུབ་པར་བྱེད་པའོ། །འདི་དག་འབའ་ཞིག་བྱེད་པར་མ་ཟད་ཀྱི་གཞན་ཡང་སངས་རྒྱས་རྡོ་རྗེ་རབ་བསྒོམ་པའོ། ཞེས་བྱ་བ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་བ་ཉིད་ཅེས་པ་ནི་མིང་གི་རྣམ་གྲངས་སམ། ཡང་ན་སློབ་པ་དང་མི་སློབ་པའི་ཟུང་འཇུག་གོ །སྒྲུབ་པའོ། །ཞེས་བཅོམ་ལྡན་འདས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྡོ་རྗེ ནི་རྡོ་རྗེ་འཆང་སྟེ། དེ ས་དེ་སྐད་ཅེས་བཀའ་སྩལ་ཏོ། ༈ །དེ་ལྟར་རིམ་པ་གཉིས་ཀྱི་བྱ་བ་བྱས་པའི་:པ་ཚབ་ཆག:རྣལ་འབྱོར་པས། གནོད་སྦྱིན་མོ་ལ་སོགས་པའི།


JLD004_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་འཐོབ་པའི་ཐབས་བསྟན་ནས། ཐབས་དེས་ཕྱག་རྒྱ་མོ་རྙེད་ན་དེ་དང་ལྷན་ཅིག་ཏུ་སྤྱད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པར་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་ལ་སོགས་པའི་རིག་པའི་བརྟུལ་ཞུགས་ནི་ཆ་ལུགས་ཀྱི་ཁྱད་པར་རོ། །དེ་ཡང་དག་པར་ལེན་པའི་སྤྱོད་པ་སྟེ་དེ་ལ་སློབ་པའོ། །དེ་དག་དེ་དག་ཁོ་ན་ཉིད་:པ་ཚབ:སྐུ་ལ་སོགས་པའི་རང་གི་ངོ་བོ་ཟེར། ཉིད་ཀྱི་སྐུ་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་སྟོན་པས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བ་ནི་གསུངས་པའོ། །སྐུ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་གསུམ་པོ་རྣམས་ཀྱི ས་ལུས་སྐུ་རྡོ་རྗེ་དང་ངག་གསུང་རྡོ་རྗེ་དང་སེམས་ཐུགས་རྡོ་རྗེར་སྒོམ་པ་ནི་རང་ཚུལ་ལམ་རང་གཟུགས་ཉིད་ཀྱིས་ཞེས་བྱ་བ་རང་དང་ཕྱག་རྒྱ་མ་གཉིས་ཀ་འབག་དང་རྒྱན་དང་གོས་ལ་སོགས་པས་ལྷའི་ཆ་ལུགས་སུ་བསྒྱུར་བ་ཉིད་ཀྱིས་བསྒོམ་པར་བྱ་ཡི1385། ཆ་ལུགས་བསྒྱུར་བ་མེད་པར་སེམས་ཀྱིས་བསྒོམ་པ་ཙམ་གྱིས་ནི་མ་ཡིན་ཏེ། དེ་ལྟ་བུས་ཀནི་དེའི་སྐུ་ཉིད་ཅེས་བྱ་བ་ནི་འགྱུར་གསར་གཉིས་དང་རྩ་བ་ལ་མེད་དོ། །དེའི་སྐུ་ཉིད་ཅེས་བྱ་བ་ཁའདི་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པར་འགྱུར་རོ། ༈ །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི། རིགས་གསུམ་གྱི་སྡོམ་པ་སྟོན་ཏེ། ཐོར་ཚུགས་དབུ་རྒྱན་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ནི་རྣམ་སྣང་གི་ལྷའི་སྐུ་སྟེ་གཟུགས་དེ་ཐོར་ཚུགས་དང་དབུ་རྒྱན་གྱིས་


JLD004_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ཆེན་པོ་སྟེ། མཐོང་ན་ཡིད་དགའ་བ་ཁ་དོག་དཀར་པོ་ལྟ་བུར་ཏེ་དེའི་རྣམ་པ་ཅན་དུ་བྱ་བའོ། །སྔགས་ཀྱི་ཞེས་བྱ་བ་ནི་སྐུ་རྡོ་རྗེ་སྟེ། དེའི་སྡོམ་པ་ནི་འོག་ནས་བཤད་པའི་ཕྱག་རྒྱ་མ། །ཕྱག་རྒྱ་དེས་ཀུན་ཏུ་བསྡམས་པ་ནི་དེ་དང་ལྡན་པ་སྟེ། རྣམ་སྣང་དེ་ཤིང་ལ་སོགས་པ་ལས་ཆོ་ག་བཞིན་དུ་བྱའོ། །ལོ་གྲངས་བཅུ་དྲུག་ལོན་པ་ནི། རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །བཞིན་སྡུག་མིག་གི་དཀྱུས་རིང་བ། །རྙེད་ནས་རིག་པའི་བརྟུལ་ཞུགས་སྤྱད། ཅེས་གསུངས་པ་ལྟ་བུ འི་ཕྱག་རྒྱ་དང་ལྷན་ཅིག །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྤྱོད་པ་སྤྱད་པར་བྱའོ། །ཕྱག་རྒྱ་མ་དེའི་ཆ་ལུགས་བསྒྱུར་བ་བསྟན་པ་ནི། སྤྱན་གྱི་གོ་འཕང་ལོངས་སྤྱོད་ཅིང། ཞེས་བྱ་བ་སྟེ། སྤྱན་དང་འདྲ་བའི་གདོང་དང་མདོག་དང་ཕྱག་མཚན་དང་ལྡན་པར་བྱའོ། །རྡོ་རྗེའི་མཚན་མས་བསྒོམ་པར་བྱ། ཞེས་བྱ་བ་ལ། རྡོ་རྗེ་ནི་མི་བསྐྱོད་པ་སྟེ་མི་བསྐྱོད་པ་དེའི་མཚན་མས་ཞེས་པ་དེའི་ཞལ་དང་སྐུ་མདོག་དང༌། ཕྱག་མཚན་དང་ལྡན་པའི་ཆས་སུ་ཞུགས་པ་དང་ལྡན་པ ར་མི་བསྐྱོད་པའི་རྣལ་འབྱོར་པས་བརྟུལ་ཞུགས་སྤྱད་པར་བྱའོ། །ཕྱག་རྒྱ་ནི་མཱ་མ་ཀཱི་གཟུགས་འཛིན་པའི་རིག་པ འམ་མ། །སྔགས་ནི་རྣལ་འབྱོར་པའོ། །:པ་ཚབ:དེའི་ཆོ་ག་ཤེས་པས་ཏེ་མགོ་སྨོས་པས་ཤེས་པ་ཟེར། རྣལ་འབྱོར་པ་དེ་ཡིས་བསྟན་པའི་ཆོ་ག་ཤེས་པ་ནི་མགོ་སྨོས་པས་གོ་བའི་དབང་རྣོན་ནོ། དེའི་ཆོ་ག་ཤེས་པ་ནི་བརྡ་ཤེས་པའོ། །སྔགས་ཀྱི་རྒྱུད་ནི་ལེགས་པར་བསླབས་ཞེས་བྱ་བ་ནི། སྒྱུ་རྩལ་རེ་བཞིའི་ལས་ཀྱི་བྱ་བ་རབ་འབྱམས་


JLD004_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པ་སྟེ་དེ་ལྟ་བུ་རྙེད་ན ས་བརྟུལ་ཞུགས་སྤྱད་པར་བྱའོ། །:ཆག:དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི། འོད་དཔག་མེད་ཀྱི་རྣལ་འབྱོར་པའི་ཆོས་སྤྱོད་མ་སྟོན་ཏེ་ཟེར། བྱ་བ་ཞེས་བྱ་བ་ལ་སོགས་པའི་གཞུང་འདིས་ནི། འོད་དཔག་མེད་ཀྱི་རྣལ་འབྱོར་པས་ཆོས་ལ་སྤྱོད་པ་སྟོན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། འདིར་འོད་དཔག་ཏུ་མེད་པ་ལ་བྱ་བར་འདོད་དེ། དེའི་བཙུན་མོ་ནི་སངས་རྒྱས་བྱང་ཆུབ་ཅེས་བྱ་བ་སྟེ། གོས་དཀར་མོའོ། །ཕྱག་རྒྱ་མོ་བཤད་པས་དེ་དང་ལྷན་ཅིག་སྤྱོད་པ་ཡང་སྟོན་པ་སྟེ་བསྟན་པ ར་འགྱུར་རོ། །དེ་ལྟར་རིགས་གསུམ་གྱི་དམ་ཚིག་སྟེ་མི་འདའ་བའི་གི་སྡོམ་པ་སྟེ་ཕྱག་རྒྱ ས་བསྡམས་པ་ནི། རིགས་པའི་བརྟུལ་ཞུགས་ཆེན་པོ་སྟེ། དེ་དང་ལྷན་ཅིག་ཐོ་རངས་དང་སྔ་དྲོ་དང་ཕྱི་དྲོ་དང་སྲོད་ཀྱི་དུས་བཞིར་གསང་བའི་མཆོད་པ་སྟེ་སྙོམས་པར་འཇུག་པར་བྱ་བའོ། ༈ །སྡོང་བུ་ཞེས་བྱ་བ་ལ་སོགས་པས་སྡོང་བུ་རྩ་བ་འབྲས་བུ་ཡི། །བཟའ་དང་བཅའ་པ་སྤྱད་པར་བྱ། ཞེས་སོ། །ནི་སྒྲུབ་པ་པོའི་ཁ་ཟས་ཀྱི་ཆོ་ག་བསྟན་པ་ཡིན་ཏེ། སྡོང་བུ་སོགས་ལ་ལོངས་སྤྱོད་པས་ལུས་བརྟན་པ་སྟེ་གནས་པ ར་བྱས་ལ། བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་པ་:ཆག:སྤྱད་པར་བྱ་སྟེ། དམན་པའི་འཚོ་བ་སྤོང་བའོ་ཞེས་དང༌། :པ་ཚབ:སྤྱད་པར་བྱའོ་ཞེས་ཕོངས་པར་གནས་པ་ཡོངས་སུ་སྤོང་བའོ་ཞེས་འབྱུང་ཡང་དཀྱུས་བཞིན་ལེགས་སོ། །སྤྱད་པར་བྱ་བ་སྟེ། ཟས་གོས་སོགས་སྦྱིན་བདག་ལ་ལྟོས་པ་དང་བཅས་པ་ལ་ཞུགས་པ་སྤངས་ནས་སྤྱོད་པའོ། །འདི་ལྟར་བྱེད་པ་ནི་སྤྲོས་བཅས་ལའང་ཡོད་པས་ཤིན་ཏུ་སྤྲོས་མེད་པ་ཁོ་ན་ལ་མི་སྦྱར་


JLD004_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འོན་ཏང་མྱུར་དུ་སངས་རྒྱས་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་སྟོན་ཏོ། །སངས་རྒྱས་ནི་རིགས་ཐམས་ཅད་ཀྱི་བདག་པོ་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་སྟེ་འབྲས་བུ་དེ་དག་ཀུན་ཟླ་བ་དྲུག་ཏུ་སྤྱོད་པ་སྤྱད་པས། གདོན་མི་ཟ་བར་འཐོབ་པར་འགྱུར་རོ། །འདི་ལྟར་གསུངས་པས་གཙོ་ཆེར་རྫོགས་རིམ་པའི་སྤྱོད་པ་ལ་བྱའོ། ༈ །རྟག་ཏུ་གཞན་གྱི་ནོར་རྐུ་ཞིང༌། ཞེས་བྱ་བ་ལ་སོགས་པའི་སྡོམ་པ་ནི། ལེའུ་དགུ་པ་ལས་དགོངས་པས་བཤད་པས་རྣམ་པར་ཕྱེ་བ་དེ་བཞིན་དུ་འདིར་ཡང་བལྟ་བར་བྱའོ། ༈ །འདོད་ཆགས་རྡོ་རྗེ་ལྕགས་ཀྱུ་མོ། ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏན་ལུག་སྐ་རགས་ཟེར། རྒྱུད་མཱ་མ་ཀཱི“་1393 མཱ་མ་ཀཱིའི་ཁྱད་པར་སྟོན་ཏེ།དེ་ལ་འདོད་ཆགས་རྡོ་རྗེ་ཞེས་པ་ནི་དེ་ལ་འདོད་པ་སྤྱད་པ་ལས་མཚན་མར་འཛིན་པས་མི་ཕྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་བསྐྱེད་པའོ། །ཡང་ཕྱག་རྒྱ་མ་དེ་ཉིད་ཀྱིས་དངོས་གྲུབ་འགུགས་པས་ན་ལྕགས་ཀྱུ་མ1394འོ། །ཡོན་ཏན་སྐ་རགས་སུ་བྱས་པ་ནི་ལེའུ་བཞི་པར་བཤད་པ་བཞིན་ནོ། །དེའི་གསུང་དང་གི་རྡོ་རྗེ་སྟེ་སྐུ་དང་ཐུགས་མཆོག་ལ། ཞེས་བྱ་བ། འོད་དཔག་ཏུ་མེད་པ་དང་རྣམ་པར་སྣང་མཛད་དང་། མི་བསྐྱོད་པའི་སྦྱོར་བ སྟེ་རྣལ་འབྱོར་པ ས་ཀྱང་རྣམ་པར་དབྱེ་ཞིང་བསྟེན་པར་བྱ་སྟེ། རིགས་གསུམ་གས་ཀྱང་མཱ་མ་ཀཱི་རིག་མར་བྱེད་པའི་ཆོ་ག་འདི་ནི་རྣམ་པ་ཀུན་ཏུ་སྟེ་ཐམས་ཅད་དུ་རིགས་ཞེས་པ་བསྔགས་པ་ཡིན་ནོ། ༈ །བསམགཏན་ཞེས་བྱ་བ་ལ་སོགས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྤྱོད་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བསྟན་པ་ཡིན་ཏེ།ཁབསམ་གཏན་པ།ཀༀ་ཡིག་ལ་སོགས་པའི་ཡིག་གེ་གསུམ་གྱི་རྡོ་རྗེ་ཅན་གྱི། གཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་ཕྱི་རོལ་གྱི་བུད་


JLD004_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་ལྟོས་པ་མེད་པ་ལ་སྦྱིན་ནོ། །གང་སྦྱིན་ན་རང་གི་ཕྱག་རྒྱ་ནི་སྙིང་ལ་གནས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །རང་གི་:པ་ཚབ:ཕྱག་རྒྱ་སེམས་ཀྱིས་བསམ། །ཡིག་གསུམ་རྡོ་རྗེ་ཅན་ལ་དབུལ། ཟེར། ལྟོས་པ་མེད་པར་དབུལ་པར་བྱའོ། ཞེས་པ་མི་དག་པས། དཀྱུས་ན་ཡོད་པ་ལྟར། ཆག་འགྱུར་ནའང་ཡོད་པ་དག་གོ །དེའི་དོན་ནི་ཁ་ཅིག །དགེ་སློང་ཚངས་སྤྱོད་པ་དང་རབ་བྱུང་གི་དབང་དུ་བྱས་ཟེར་བ་ནི་གནད་མ་རྟོགས་པ་ཡིན་ཏེ། འདི་གཙོ་བོར་རྫོགས་རིམ་པའི་སྤྱོད་པའི་དབང་དུ་བྱས་ལ། དེའི་སྤྱོད་པ་བྱ་རན་པ་ན་ལས་རྒྱ་ལ་བརྟེན་ནས་ཉེས་མེད་དུ་འགྲོ་བའི་ཕྱིར་དང༌། རབ་བྱུང་གི་རྟེན་ལ་སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པ་གཉིས་ཀ་ཡོད་པའི་ཕྱིར་རོ། །དེས་ན་འདི་ནི་ཕྱི་རོལ་གྱི་བུད་མེད་ཀྱི་དོད་ཡེ་རྒྱས་ནུས་ཤིང་རྣམ་གཡེང་ཆུང་བ་ལྷུར་ལེན་པའི་དབང་དུ་མཛད་པའོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་བྱས་ན་སངས་རྒྱས་མཉེས་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་བློ་བརྟན་ཞིང་བརྩོན་འགྲུས་དྲག་པོ་དང་ལྡན་པས། ནགས་ཚལ་ཏེ་དགོན་པ་ཆེན་པོར་བསོད་སྙོམས་ཚོལ་ཞིང་སྤྱོད་པས་ན། ཁ་ཟས་བཟང་པོ་ལྷའི་ཞལ་ཟས་མི་དང་ཐུན་མོང་མ་ཡིན་པ། གནས་དེ་ན་གནས་པའི་ལྷ་དེ་དག་སྐྲག་ནས་ལྷ་རྣམས་ཀྱིས་བསྟར་ཞིང་སྦྱར་བའི་སྣ་ཚོགས་པའི་ཟས་རྫོགས་རིམ་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་ལ་སྟེར་བར་འགྱུར་ཏེ། སྒྲ་ཇི་བཞིན་པའོ། ༈ །རྡོ་རྗེ་ཞེས་འདིར་། རྡོ་རྗེ་:པ་ཚབ:གསུམ་བདག་ཅན་འདས་འགྱུར། །འཇིག་པ་རྡོ་རྗེ་མི་འགྱུར་འགྱུར། ཞེས་དང༌། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་རྣལ་འབྱོར་པ་འདས་པར་འགྱུར་ཏེ། མིའི་དངོས་པོ་ཟིལ་གྱིས་གནོན་པར་འགྱུར་རོ། །གཞིག་པར་བྱ་བས་ན་འཇིག་པ་སྟེ་ཐ་མལ་


JLD004_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུས་སོ། །དེ་བཞིན་དུ་གྱུར་ནས་རྡོ་རྗེ་ལྟར་མི་ཕྱེད་ཅིང་མི་འགྱུར་བ་རྣམ་པར་མི་འཇིག་པར་འགྱུར་ཏོ། ཞེས་པ་ལེགས་སོ། །འདི་ནི་སྒྲུབ་པ་པོ་མིར་གྱུར་པ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་པ་གཅིག་གིས་སྤྱོད་པ་ཟླ་བ་དྲུག་སྤྱད་པས་ཕན་ཡོན་འབྱུང་ཚུལ་སྟོན་པ་ཡིན་ལ། མིའི་ཐ་མལ་བའི་ལུས་འཇིག་པའི་དོན་ཟིལ་གྱིས་གནོན་པ་དང༌། དེ་བཞན་དུ་གྱུར་ནས་ཞེས་པ་ནི་ལུས་ཐ་མལ་པ་ཟད་པ་དང༌། དེ་གནས་གྱུར་པ་མིན་གྱི་ལུས་ཐ་མལ་པ་དང༌། དེ་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེའི་སྐུ་གཉིས་བརྗེས་པའོ། །བརྗེས་པའི་སྐུ་དེ་ཡང་རྟག་ཏུ་རིགས་འདྲ་མི་འཆད་པ་ཡིན་པས་མི་འཇིག་པར་གསུངས་ཏེ། དེ་ལ་ཨཀྵ་ར་ཡི་གེ་ལ་བསྒྱུར་བ་འདི་དང་། ཆག་གིས་བྱས་པ་ནི་འགྱུར་འཕྱུགས་པའོ། །སྐུ་དེ་ཡང་སློབ་པའི་ཟུང་འཇུག་ཐོག་མར་ཐོབ་པ་ནས་འབྱུང་བས། འདིའི་རྫོགས་རིམ་པའི་སྤྱོད་པ་ཡང་སྒྱུ་ལུས་ཐོབ་ནས་སྐུ་འདིའི་དོན་དུ་སྤྱོད་པ་བྱས་པར་གསལ་ཏེ། འཕགས་སྐོར་གྱི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཆེན་པོ་སྒྱུ་མའི་སྐུ་སྒྲུབ་པ་ཤེས་པ་ལ་རག་ལས་སོ། །བྱ་བ་ལ་སོགས་པས་ནི། སྤྱོད་པའི་འབྲས་བུ་གསུངས་པ་ཡིན་ཏེ། རྡོ་རྗེའི་བདག་ཉིད་གསུམ་གྱི་རྣལ་འབྱོར་པས། འདས་པར་གྱུར་ཅིང་མིའི་དངོས་པོ་སྤངས་ཏེ། འཇིག་ཅིང་མ་རུང་པར་འགྱུར་བ་སྟེ་ཐ་མལ་པའི་ལུས་རྣམ་པར་ཞིག་ནས། དེ་ཡོངས་སུ་གྱུར་པ་རྡོ་རྗེ་ལྟར་མི་ཕྱེད་པའི་ཡི་གེ་སྟེ། རྣམ་པར་མི་འཇིག་པར་འགྱུར་རོ་ཞེས་བྱ་བ་སྟེ། དགོངས་པས་བཤད་པའོ། ༈ །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། ལྷ་མ་ཡིན་ནམ་མི་མོའང་རུང༌། རྙེད་ནས་རིག་པའི་བརྟུལ་ཞུགས་བྱ། ཞེས་པ་ནི་གོ་སླའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཞེས་བྱ་བ་ནི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་པ་གསུམ་པོ་


JLD004_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཏེ། དེས་བསྟེན་པ་ནི་རིག་པའི་བརྟུལ་ཞུགས་སྤྱད་པ་སྟེ་ལྷ་མོ་ཞེས་སོགས་འདི་ནི་རིགས་གསུམ་གྱི་ཐུན་མོང་གི་ཆོ་གའོ། ༈ །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་བརྟུལ་ཞུགས་སྤྱོད་པ་སྟེ་སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་སྒྲུབ་པ་པོ་ཐམས་ཅད་ནི་གཙོ་བོར་རྫོགས་རིམ་པའི་སྤྱོད་པར་སྣང་ཡང་བསྐྱེད་རིམ་པའི་སྤྲོས་མེད་ཕྱག་རྒྱ་གཅིག་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱང་རྫོགས་རིམ་པའི་སྤྱོད་པ་དེ་དག་དག་སྤྱིའི་མཚན་ཉིད་མཚུངས་པས་རིམ་གཉིས་ཀྱི་སྒྲུབ་པ་པོ་ཐམས་ཅད་ཀྱི། དེ་ཉིད་གསང་བའི་སྟེ་ཤིན་ཏུ་གསང་བ་ཡིན་ཞིང༌། ཚུལ་ཆེན་ཡིན་ཞེས་བྱ་བ་དོན་ཆེན་པོ་ཐོབ་པར་བྱེད་པ་ཡིན་ལ། རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་། ཞེས་བྱ་བ་སྟེ། སྐུ་རྡོ་རྗེ་ལ་སོགས་པས་སྐུ་སྐུ་རྡོ་རྗེ་ལ་སོགས་:པ་ཚབ་ཆག:པས་རྡོ་རྗེའི་སྐུ་བསྐྱེད་པར་བྱེད་པའོ་ཟེར། རྡོ་རྗེ་ལ་སོགས་པར་སྐྱེད་པར་བྱེད་པའོ། །སངས་རྒྱས་བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེར་རབ་ཏུ་འཇུག་པ་ནི་ཐོབ་པ་སྟེ་འོད་གསལ་བས་རིམ་པ་གསུམ་པའི་སྒྱུ་མའི་སྐུ་རྣམ་པར་དག་པ ར་བྱས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པའོ། །ཞེས་བྱ་བའི་བར་དུ་སྟེ་ཐ་ཚིག་གོ་འོ་། །འདིས་ཀྱང་སྐབས་འདིའི་རྫོགས་རིམ་པའི་སྤྱོད་པ་འདི་སྒྱུ་ལུས་ལ་གནས་པས་བྱེད་པར་སྟོན་ནོ། ༈ བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི། སྡུད་པར་བྱེད་པས་ལེའུ་ཉེ་བར་སྡུད་པར་བྱེད་པའོ། ༈ །དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་གཙོ་བོ་འཕོ་བའི་ཚུལ་གྱིས་ལྷ་སུམ་ཅུ་སོ་གཉིས་ཀྱི་དཀྱིལ་འཁོར་གྱི་ཚོགས་སོ། །དེའི་དེར་:པ་ཚབ:རྡོ་རྗེ་ཟེར། དེར་རྡོ་རྗེ་གསུམ་ནི་དཀྱིལ་འཁོར་དེ་རྣམས་སུ་ཞུགས་ནས་སྒྲུབ་པའི་སྒྲུབ་པ་པོ་རྣམས་ཀྱི་མངོན་པར་


JLD004_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་པའི་ཡེ་ཤེས་བསྐྱེད་པའོ། །དེའི་དོན་གྱི་རིམ་པ་སྟོན་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་བཅུ་དྲུག་པ་སྟེ། སྒྲ་ཇི་བཞིན་པའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་དྲུག་པ་མཐའ་དྲུག་གིས་བཤད་པའོ། ༈ །ལེའུ་དང་པོ་ནས་བཅུ་དྲུག་པའི་བར་གྱིས་དབང་བསྐུར་ནས་རིམ་པ་གཉིས་ཁོང་དུ་ཆུད་པ ར་བྱས་པ ས་ཀྱང་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་གཉིས་ཀྱི་རང་རང་གི་བསླབ་པའི་གནས་ལས་མི་འདའ་བ འི་དམ་ཚིག་དང་རང་རང་གི་སྐབས་ཀྱི་བྱ་བ་མ་ཡིན་པ་བྱེད་པ་འགོག་པའི་སྡོམ་པ་ཉམས་སུ་མ་བླངས་ན་དངོས་གྲུབ་རིང་བར་འགྱུར་རོ་ཞེས། དམ་ཚིག་དང་སྡོམ་པ་དེ་བསྟན་པར་བྱ་བའི་ཕྱིར་ལེའུ་བཅུ་བདུན་པ་ཉེ་བར་སྟོན་ཏེ། ༈ དེ་བཞིན་གཤེགས་པ་ཐམས་ཅད་འདིར་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ། ཅེས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་གསོལ་བ་བཏབ་པ་གཉིས་ཀ་གསུངས་ཀྱང༌། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་གསོལ་བ་འདེབས་མཁན་ལ་བྱ་དགོས་པས། དཔེ་ཁ་ཅིག་དང་:པ་ཚབ:གཞན་ལས། ཐམས་ཅད་ལ་ཞེས་ཟེར་ཡང༌། འགོས་འགྱུར་གྱི་དཔེ་གཞན་དང་ཆག་འགྱུར་ལ་མེད་པ་ལྟར་བྱའོ། །གསོལ་བ་འདེབས་པ་བསྟན་པར་བྱ་བའི་ཕྱིར། སྡུད་པར་བྱེད་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱིས་མི་གཡོ་བས་ན། མི་བསྐྱོད་པའོ་རྡོ་རྗེ་སྟེ་ཐུགས་ཀྱི་རིགས་གང་ཡིན་པའོ། །སྟོང་པ་ཉིད་བཞི སྔ་མ་གསུམ་


JLD004_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དུ་ཐིམ་པའི་ཐམས་ཅད་སྟོང་པའི་བདག་ཉིད་ཅན་ཡིན་པས་ན་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་འཛིན་པར་བྱེད་པས་ན་རྡོ་རྗེ་དབྱིངས་ཏེ་དབྱིངས་ཀྱི་སྐད་དོད་དྷཱ་ཏུའི་སྒྲ་ལས་དྷཱ་ར་ནི་འཛིན་པའོ། །སོ། །བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ཡོངས་སུ་མཁྱེན་པས་ན་མཁས་པ་ཆེའོ། །སྐུ་རྡོ་རྗེ་ལ་སོགས་པ་ནང་ན་གཙོ་བོར་གྱུར་པས་ན་རྡོ་རྗེ་གསུམ་གྱི་མཆོག་གོ །དཀྱིལ་འཁོར་གསུམ་པོ་འདི་ལམ་གྱི་བསྐྱེད་རྫོགས་གཉིས་དང༌། འབྲས་བུའི་སྐབས་གསུམ་ལས་འདིར་ཕྱི་མ་སྟེ། དེར་ནི་བཅོམ་ལྡན་འདས་དོན་དམ་པའི་དཀྱིལ་འཁོར་འོད་གསལ་དང་སྐུའི་དཀྱིལ་འཁོར་དང༌། ཕྱུང་བ་སྟེ་འབྱིན་པའི་དཀྱིལ་འཁོར་གསུམ་གའི་གྱི་ངོ་བོ་ཉིད་ཡིན་པས་ན་དཀྱིལ་འཁོར་གསུམ་སྟེ།:ཆག:གསང་བ་གསུང་ནི་དམ་ཚིག་གི་དེ་ཁོ་ན་ཉིད་ཁོ་བོ་ཅག་ལ་བཤད་དུ་གསོལ་ཞེས་འབྱུང་སྟེ། གསང་བའི་དབྱངས་ཞེས་པའི་དབྱངས་གསུང་དུ་བསྒྱུར་བའོ། །གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་འདིའི་དབྱངས་བཤད་དུ་གསོལ་ཞེས་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །འོད་གསལ་བའི་མེས་འབར་བར་གྱུར་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་དག་པ་ཆེའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །རིགས་ལྔ་པོ་དེ་རྣམས་དྲི་མ་ཐམས་ཅད་ཀྱིས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་དྲུག་པར་གྱུར་པས་དྲི་མ་ཞི་བའོ། །མཆོག་ཏུ་དགའ་བ་ལྷན་སྐྱེས་ཀྱི་དགའ་བ འི་བདག་ཉིད་ཅན་ཡིན་པས་ན་དགའ་བ་ཆེའོ། །རང་བཞིན་རྡོ་རྗེ་:པ་ཚབ:རང་བཞིན་གྱིས་འོད་གསལ། །ཆོས་སྟོན་ཁྱོད་ལ་ཕྱག་འཚལ་ལོ།


JLD004_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བ་འགྲེལ་པའི་བཤད་པ་དང་མཐུན་ནོ། །གྱིས་འོད་གསལ་བ་ནི་ངོ་བོ་ཉིད་ཀྱིས་དག་པའོ། །ཆོས་སྟོན་པ་ནི་ཆོས་རྣམས་བཤད་པར་མཛོད་ཅིག་པ་སྟེ། རྡོ་རྗེ་ཞེས་པ་ནི་བོད་པའོ། །རིན་ཆེན་ནི་རིན་པོ་ཆེའི་རིགས་དང་ལྡན་པ་རྣམས་སོ། །རིགས་ཅན་དེ་རྣམས་དགའ་ཞིང་གསལ་བར་མཛད་པས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་རབ་ཏུ་ཟབ་བོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ནམ་མཁའ་དྲི་མ་མེད་པའོ། །གཟོད་མ་ཉིད་ནས་དག་པས་ན་རང་བཞིན་དག་པའོ། །གློ་བུར་གྱི་དྲི་མའི་ཆོས་ཐམས་ཅད་ཀྱིས་མ་གོས་པས་གོས་པ་མེད་པའི་གསང་བ་གསུངས་ཤིག་པའོ། །རྡོ་རྗེ་:པ་ཚབ:རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། ཞེས་པ་ནི་ཨ་མི་ཏ་དང་ཨ་མྲི་ཏ་གཉིས་ནོར་བ་སྟེ། འདིར་དཔག་མེད་ལ་བསྒྱུར་དགོས་སོ། །དཔག་མེད་ནི་པདྨའི་རིགས་དང་ལྡན་པ་རྣམས་སོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་ན་རྒྱལ་པོ་ཆེའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན་མི་རྟོག་པའོ། །དེ་ཉིད་ཀྱིས་ན་ནམ་མཁ འི་འ་རྡོ་རྗེ་འོད་གསལ་བའི་ཡེ་ཤེས་རང་གི་ངོ་བོར་འཛིན་པའོ་ནོ་། །འདོད་ཆགས་ནི་འཁོར་བ་ལ་ཞེན་པའི་མཚན་ཉིད་ཅན་ནོ། །དེའི་ཕ་རོལ་ནི་མཐའ་སྟེ་དེར་ཕྱིན་པ་ནི་སོན་པ་སྟེ་ཤེས་རབ་བོ། །དེ་བརྙེས་པས་ན་འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས་སོ། །:པ་ཚབ:གསང་བ་གསུང་ཁྱོད་ལ་ཕྱག་འཚལ། ཞེས་པ་འགྲེལ་བའི་བཤད་པ་དང་མཐུན་ནོ། །གདུལ་བྱ་རྣམས་ལ་དོན་ཡོད་པའི་ཡེ་ཤེས་རབ་ཏུ་སྩོལ་བས་ན། དོན་ཡོད་རྡོ་རྗེ་སྟེ་ཞེས་པ་ནི་དོན་ཡོད་པར་གྲུབ་


JLD004_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་ཅན་རྣམས་སོ། །རིགས་ཅན་དེ་རྣམས་ཀྱིས་རྫོགས་པའི་སངས་རྒྱས་སུ་མདུན་དུ་བདར་ཞིང་མཆོད་པ་བྱས་པས་ན་དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་སོ། །ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་སྒྲུབ་པ་པོའི་འགྲོ་བ་རྣམས་ཀྱི། མངོན་པར་འདོད་པ་ཐམས་ཅད་རྫོགས་པར་མཛད་པས་ན་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་འོད་གསལ་བའོ། །དེ་ལས་བྱུང་བས་ན་དག་པའི་ངོ་བོ་ཉིད་ལས་བྱུང་བ་སྟེ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་ཁྱེད་ལ་ཀྱེ་ཕྱག་འཚལ་ལོ་ཞེས་བསྟོད་པ་རྣམས་ཀྱི་མཇུག་ཏུ་འབྱུང་བ་རྣམས་ཕྱོགས་གཅིག་ཏུ་ཉེ་བར་བསྡུ ས་པ་སྟེ།རིགས་ལྔའི་སྒོ་ནས་རྡོ་རྗེ་འཆང་ལ་བསྟོད་པ་འདི་ནི་བསྟོད་པ་ཙམ་མིན་གྱི། བསྟོད་པ་སྔོན་དུ་འགྲོ་བས་ཆོས་སྟོན་པར་གསོལ་བ་འདེབས་པའོ། །དགོངས་པ་མ་ཡིན་པས་བཤད་པའོ། །སངས་རྒྱས་ཀུན་གྱིས་སྐུལ་བ་ཡི། ཞེས་བྱ་བ་ནི། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའོ། །བསྟོད་ཚིག་ཞི་བ་འདི་རྣམས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་སྟོན་པའི་བསྟོད་པའི་ཚིག །རང་བཞིན་གྱིས་ཡོངས་སུ་དག་ཅིང་ཞི་བ་བཤད་མ་ཐག་པ་འདི་རྣམས་ཀྱིས། རྡོ་རྗེ་ལོངས་སྤྱོད་ཅེས་བྱ་བ་རྡོ་རྗེ་འཆང་ཆེན་པོ་གང་གིས་བསྟོད་ཅིང་མཆོད་ན། དེ་ཡང་སྟེ་མཆོད་པ་པོ་ཡང་སངས་རྒྱས་དང་འདྲ་བ་ཞེས་བྱ་བ། རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་སྒྲུབ་པ་པོ་དེ་འགྱུར་རོ། ཞེས་པ་ནི་བསྟོད་པའི་ཕན་ཡོན་ཏེ། སྒྲ་ཇི་བཞིན་པའོ། ༈ དེ་ནས་


JLD004_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་བསྟོད་པས་རྡོ་རྗེ་འཆང་ཆེན་པོ་དགྱེས་ནས་ཞུས་པའི་དོན་གསུངས་པ་ལ་ཐུགས་མངོན་དུ་ཕྱོགས་པ་སྟོན་ཏེ། གདུལ་བྱའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་མཛད་པས་ན་སྟོན་པའོ། །སྟོན་པའི་སྐད་དོད་ཤཱསྟ་ལ་ངེས་ཚིག་གིས་ཤནྟི་ཀ་ར་ཞི་བ་ལ་འཇུག་པས་དེ་ལྟར་བཤད་དོ། །སངས་རྒྱས་ཀུན་ལ་ཞེས་པ་ནི། ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ལ་ཅི་རིགས་པར་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པས་ན་རྗེས་བརྩེ་བའོ། །རྡོ་རྗེ་གསང་བ་ནི་སྲོག་གཅོད་པ་སོགས་ཀྱི་དམ་ཚིག་བཞིའོ། །དམ་ཚིག་དེའི་:ཆག:གནས་ནི་གཞིར་གྱུར་བའོ་ཟེར། དེའི་གསུང་སྟེ་གནས་ནི་དེ་རྣམས་སྟོན་པའི་གཞིར་གྱུར་པའི་གསུང་ངོ་འོ་། །དག་པ་ནི་རྙོག་པ་མེད་པ་སྟེ། དེ་ལྟ་བུའི་རྡོ་རྗེའི་གསུང་བཀའ་སྩལ་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ཀྱི་སྟེ་མི་བསྐྱོད་པ་ལ་སོགས་པའི་སྒོ་ནས་བསྟོད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི། དོན་ལ་བརྩམས་ནས་བསྟོད་པའི་ཡི་གེ་ཆེན་པོ འི་ཚིག་གི་རྒྱུན་ནི་ཨེ་མའོ་ངོ་མཚར་ཆེའོ། །ཞེས་འཁོར་གྱི་དེ་བཞིན་གཤེགས་པས་བསྟོད་པ་ལ་ངོ་མཚར་བའོ། །ངོ་མཚར་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་བཞིན་སྒྱུ་མ་དང་འོད་གསལ་དང་ཡོངས་སུ་དག །་པ་ཟུང་འཇུག་གི་དོན་ནམ་མཁའི་དབྱིངས་བཞིན་དུ་དྲི་མ་མེད།་པ་སྟོན་པའི་བསྟོད་པ་ཡིན་པའི་ཕྱིར་རོ། །ཅེས་བྱ་བ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། ༈ །དེ་ལྟར་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པའི་:པ་ཚབ:


JLD004_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཞལ་གྱིས་བཞེས་ནས་ཟེར། བསྟོད་པ་དང༌། ཕན་ཡོན་དེ་དགོས་པ་ནི་ཆོས་གསུངས་པ་ཡིན་ལ། དེ་བདག་གིར་མཛད་པ་སྟེ་ཞལ་གྱིས་བཞེས་ནས། དམ་ཚིག་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །དམ་ཚིག་བཞི་ནི་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །འདིར་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་རྡོ་རྗེ་གཉིས་དང་རྡོ་རྗེ་འཛིན་ཐམས་ཅད་ཅེས་པ། ཐུགས་རྡོ་རྗེའི་དམ་ཚིག་འདི། ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང༌། ཞེས་པ་དང༌། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས། ཞེས་དང༌། གསུང་གི་རྡོ་རྗེ་ཡི་གེ་ཆེས། ཞེས་དང༌། རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེས། ཞེས་པ་གསུམ་གྱིས་རིམ་པ་བཞིན་དུ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་པ་བསྟན། སྲོད་གཅོད་སོགས་ཀྱི་དམ་ཚིག་བཞི་པོ་བསྲུང་བ་ནི་གསུམ་ག་ལ་གསུངས་ཤིང་བཟའ་བའི་དམ་ཚིག་ཐུན་མོང་མ་ཡིན་པ་ལ། རིམ་པ་བཞིན་དུ་ཤ་ཆེན་ཟ་བ་དང༌། བཤང་གཅི་ཟ་བ་དང༌། ཁྲག་དང་ཁུ་བ་སྦྱར་བ་བཟའ་བར་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་གསུམ་པོ་རྣམས་ཀྱིའོ། །དམ་ཚིག་འདི་ནི་རྨད་པོ་ཆེ། ཞེས་བྱ་བ་ནི་བཟའ་བསྲུང་གི་དམ་ཚིག་གང་རྨད་དུ་གྱུར་པ་འདི་ནི་སངས་རྒྱས་ཀུན་གྱི་ཞེས་བྱ་བ་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་བརྟག་པ་ཞེས་བྱ་བ་དུས་ཐམས་ཅད་པ། རྡོ་རྗེ་འཛིན་རྡོ་རྗེ་:པ་ཚབ:འཛིན་ཕྱིར་ཟེར། གྱིས་བསྲུང་བར་བྱ། ཞེས་པ། རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཡོངས་


JLD004_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐྱང་བར་བྱ་བའོ། །དམ་ཚིག་འདི་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་འབའ་ཞིག་གི་ཡིན་པར་མ་ཟད་ཀྱི། གཞན་ཡང་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱི་ཡང་འདི་ཉིད་ཡིན་ནོ་ཞེས་པ་བསྟན་པར་བྱ་བའི་ཕྱིར།གང་ཞིག་སྔར་བཤད་པའི་དམ་ཚིག་འདི་བསྲུང་བའི། རྡོ་རྗེ་སེམས་དཔའ་འོད་པོ་ཆེ་སྟེ། དེའི་རྣལ་འབྱོར་པ་ནི། སྐད་ཅིག་དེ་ལ་:པ་ཚབ:སངས་རྒྱས་ནི། །དེ་ཡི་སྐུ་གསུང་ཐུགས་གནས་འགྱུར། ཞེས་འབྱུང་བ་ལྟར་རོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་གོ་སླའོ། ༈ །དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པའི་དམ་ཚིག་བསྟན་ནས། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྷག་པར་མོས་པའི་གདུལ་བྱ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།འདིར་རང་སངས་རྒྱས་ཀྱི་དོན་གྱི་དམ་ཚིག་ཅེས་པའི་དོན་གྱི་ཞེས་པ་གཞན་ལ་མེད་དོ། །གདུལ་བྱ་དཀོན་མཆོག་གསུམ་ལ་དད་པ་བསྐྱེད་པས་དེ་ནས་འགྲོ་བའི་དོན་བྱེད་པ་ནི་སྟོན་པ་ཞེས་བྱ་ལ་དེ་ཡང་གཙོ་བོར་ནི་ལུས་དང་ངག་གིས་བྱེད་དོ། །དེ་ཡང་:པ་ཚབ:གཙོ་བོར་ལུས་ཀྱིས་ཆོས་སྟོན་གྱི་ངག་གིས་ནི་མ་ཡིན་ནོ། །དེ་ཡང་རང་སངས་རྒྱས་རྣམས་ལ་ནི་གཞན་ལ་སྟོན་པ་དང་བྲལ་བའི་ཕྱིར་མེད་མོད་ཀྱི། འོན་ཀྱང་གང་གི་ཕྱིར་ཆོ་འཕྲུལ་ཞེས་པ་ལེགས་སོ། །དེ་ལ་གཙོ་བོར་ཞེས་པས་ངག་གིས་སྟོན་པ་ཡང་ཅུང་ཟད་ཡོད་པར་སྟོན་ནོ། །དེ་ཡང་རང་སངས་རྒྱས་རྣམས་ལ་ནི་གཞན་གྱི་ལུང་ལ་བརྟེན་པ་མེད་པས། དེ་མེད་ཀྱི་གཞན་དུ་ན་ཆོ་འཕྲུལ་ཡ་མ་ཟུང་ནི་མི་མཐུན་པ་གཉིས་སྟོན་པ་སྟེ། དཔེར་ན་སྟོད་ནས་མེ་འབར་བ་དང་


JLD004_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ནས་ཆུ་འབབ་པ་སྟོན་པ་ལྟ་བུའོ། །ལ་སོགས་པ་རྨད་དུ་བྱུང་བ་སྟོན་པས། ལུས་ཀྱི་ཆོས་སྟོན་པ་དེས་འདུལ་བ་སྟེ་གདུལ་བྱ་རྣམས་ཀྱི་དོན་གྱི་བྱ་བ་སྟེ་གདུལ་བྱ་ལ་གང་བསྟན་པར་འདོད་པ་དེ་གོ་བར་བྱེད་པས་དེ་དག་ནི་ལུས་ཀྱིས་སྟོན་ཏོ། །་དེ་བས་ན་རྡོ་རྗེ་སྐུ་ལ་རབ་ཏུ་གནས། ཞེས་བྱ་བ་གསུངས་ཏེ། ངག་གིས་སྟོན་པ་མེད་པས་སོ་སེམས་ཅན་རྣམས་ལམ་ལ་འཇུག་པར་འགྱུར་བའི་རྒྱུར་གྱུར་བའི། རང་རྒྱལ་གྱི་ལུས་ཀྱི་སྡོམ་པ་སྟེ་སྡུད་པ་གང་ཡིན་པ་དེ་ཡང་ངག་གིས་སྟོན་པ་དང་འདྲ་ཞིང་རབ་ཏུ་རྟག་པ་སྟེ་ཐོག་མ་མེད་པའི་དུས་ཅན་ནོ། །དམ་ཚིག་ནི་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱི་བློ་དང་འཚམ་པའི་སྡོམ་པའོ། །ཞེས་པ་ནི་ལུས་ཀྱིས་ཆོས་སྟོན་པས་མཚོན་ནས། རང་རྒྱལ་གྱི་ལམ་བགྲོད་ཚུལ་ཡན་ལག་དང་བཅས་པ་གཟུང་བར་བྱའོ། ༈ །ཉན་ཐོས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞི་གང་ཟག་ལ་བདག་སྟེ་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་པའི་ལམ་གྱི ས་ཉན་ཐོས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་ཐོབ་པར་བྱེད་པའི་གང་ཟག་གང་ཡིན་པ་དེ་ནི་ཉན་ཐོས་སོ་ཏེ་།འོ་ན་འཇུག་འགྲེལ་ལས། དངོས་པོ་རང་བཞིན་མེད་པར་རྟོགས་པ་དང་བྲལ་ན་ཕྱིར་རོལ་པ་བཞིན་དུ་ཁམས་གསུམ་གྱི་ཉོན་མོངས་ཐམས་ཅད་སྤངས་པར་མི་འགྱུར་པར་བཤད་པ་དང་འགལ་ཏེ། ཆོས་རྣམས་རང་བཞིན་མེད་པར་མ་རྟོགས་ཀྱང་གང་ཟག་གི་བདག་མེད་རྟོགས་པར་ནུས་ལ། དེ་གོམས་པས་དགྲ་བཅོམ་པ་ཐོབ་པར་ཡང་བཤད་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་མེད་པར་རྟོགས་པ་གང་ཟག་


JLD004_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

གི་བདག་མེད་ཀྱི་ལྟ་བ་མཚན་ཉིད་རྫོགས་པར་འདོད་པ་ལྟར་གྱི་གང་ཟག་གི་བདག་མེད་རྟོགས་པ་ལ་ཇི་ཙམ་འབད་ཀྱང་ཉོན་མོངས་པ་ཐམས་ཅད་ཟད་པར་མི་ནུས་པ་དང༌། གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པར་རྟོགས་པའི་གང་ཟག་གི་བདག་མེད་ཀྱི་ལྟ་བ་ལ་གོམས་པར་བྱས་པས་དགྲ་བཅོམ་པ་ཐོབ་ནུས་པར་ཟླ་བའི་ཞབས་བཞེད་པའི་ཕྱིར་རོ། །དེས་ན་དེ་འདྲ་བའི་གང་ཟག་གི་བདག་མེད་རྟོགས་པ་ལ་ནི་ཆོས་ཀྱི་བདག་མེད་རྟོགས་པ་ངེས་པར་འོང་བས། གང་ཟག་གི་བདག་མེད་ལ་ཕྲ་རགས་མི་འདྲ་བ་ཆེན་པོ་གཉིས་ཡོད་པ་ཕྱེད་དགོས་ཏེ། རྟོགས་དཀའ་བ་འདི་གཞན་དུ་བཤད་ཟིན་ཏོ། །ཉན་ཐོས་ཀྱི་དགྲ་བཅོམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་མངོན་པར་སྦྱོར་བ་ནི་བསླབ་པའོ། །དེ་ཉིད་ནི་དམ་ཚིག་སྟེ་ཉན་ཐོས་ལ་ལྷག་པར་མོས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱིར་དུ། དེ་རྣམས་ལ་ལུང་སྟེ་ཉེ་བར་སྟོན་པ་ཉིད་ཀྱིས་རྡོ་རྗེ་འཆང་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་བ་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། སྲོག་གཅོད་པ་ལ་སོགས་པ་སྤོང་བའི་མཚན་ཉིད་ཅན་ནི། དགེ་བ་བཅུའི་ལས་ཀྱི་ལམ་ལ་རྟག་ཏུ་གནས་པར་བྱེད་པ་དང་མོ། །ཡེ་ཤེས་སྤངས་པ་རྣམས་ཞེས་བྱ་བ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ཞེས་པ་འདིས་མི་གནས་པའི་མྱང་འདས་ལ་ཐོབ་འདོད་མེད་པ་མི་སྟོན་ཏེ། དེ་ནི་དམན་པར་མོས་ཞེས་པས་བསྟན་པའི་ཕྱིར་རོ། །


JLD004_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་མི་གནས་པའི་མྱང་འདས་ལ་རྒྱབ་ཀྱིས་ཕྱོགས་པ་ནི། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། ཞེས་གསུངས་པ་ལྟར། ཟུང་འཇུག་གི་ཡེ་ཤེས་ཐོབ་པའི་ཐབས་སུ་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དམན་པར་མོས་པ་ཐམས་ཅད་ཀྱི། ཞེས་བྱ་བ་ནི། བདག་གཅིག་བུ་མྱ་ངན་ལས་འདས་པ་ལ་མཆོག་ཏུ་གཞོལ་བ་རྣམས་ཏེ། བདག་མེད་རྟོགས་པའི་ལྟ་བ་དང་ཀུན་སྤྱོད་དགེ་བ་བཅུ་ལ་གནས་པ་སོགས་དེ་རྣམས་ཀྱི་དམ་ཚིག་འདི་ནི་རྨད་དུ་བྱུང་བ་ཆེན་པོ་སྟེ་ཁ་ཅིག་ནི་ལམ་འདིར་གནས་པས་ཀྱང་བསྐྱེད་དགོས་ལ། ཁ་ཅིག་ནི་དེའི་རིགས་ཅན་འཁྲིད་པའི་ཕྱིར་དུ་དགོས་པའོ། །འདོད་རྟེན་ལ་སྲིད་པ་ཐ་མ་པའི་དུས་སུ་སློབ་དཔོན་གཞན་གྱི་ངག་གིས་ཆོས་བསྟན་པ་ལ་ལྟོས་མི་ལྟོས་དང༌། དེས་འབྲས་བུ་གྲུབ་པའི་ཚེ་གཞན་ལ་ལུས་ཀྱི་ཆོས་སྟོན་མི་སྟོན་མ་གཏོགས་པར་རང་རྒྱལ་ཡང་ཉན་ཐོས་དང་ལམ་མཚུངས་སོ། །འོ་། ༈ །ཚངས་པའི་ས་ལ་མོས་པ་རྣམས་ལ་ཚངས་པའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ཐོབ་པ ར་གྱུར་པས་གྲོལ་བར་སེམས་པ་ནི་གཏི་མུག་སྟེ། གང་ཟག་དེའི་རབ་ཏུ་སྤྱོད་པ་ནི་ལམ་མོ། །གཏི་མུག་ཅན་གྱི་ལམ་དེས་ལས་གང་སྨྱུང་བ་ཟས་གཅོད་པ་དང་ལ་སོགས་པའི་མེ་ལྔ་བསྟེན་པ་ལ་སོགས་པའི་མཚན་ཉིད་ཅན་རྣམས་བྱེད་པ་ནི། འཇིགས་ཤིང་མི་སྡུག་པ་སྟེ་བདེ་བ་འདོད་པ་རྣམས་ཀྱི་ཡིད་ལ་ཡང་དག་པར་འཇིགས་པ་སྟེ་མི་འདོད་པ་ཆེན་པོ་སྐྱེད་པའོ། །སངས་རྒྱས་ནི་ཚངས་པའི་ལམ་ལ་ལྷག་པར་མོས་པ་རྣམས་སོ། །བྱང་ཆུབ་ནི་དེ་རྣམས་ཀྱི ས་ཐོབ་པར་བྱ་བའི་ཡེ་ཤེས་སོ། །སྟོན་པ་ནི་དེ་ཐོབ་པར་བྱེད་པའི་འོ་། །དམ་ཚིག་དོན་མེད་པར་ནི་བདག་ཉིད་ངལ་ཞིང་དུབ་བར་བྱེད་པའི་དཀའ་སྤྱད་ཀྱི་མཚན་ཉིད་ཅན་ནོ། དེ་ནི་དེ་ལ་ལྷག་པར་མོས་པ་རྣམས་ལ་སྟོན་ཏེ། དེ་བས་ན་སྐུ་ཡི་རྡོ་རྗེ་


JLD004_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་ཉིད་དུ་འགྱུར། ཞེས་བྱ་བ་གསུངས་སོ། །དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་འདུལ་བ་རྣམས་ལ་དེའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་སྟེ་མཆོག་འབྲིང་དམན་གསུམ་དག་ན་གནས་པ་ཡི་བུད་མེད་རྡོ་རྗེ་སྟེ་དགུག་དཀའ་བ་ལས་བྱུང་བ་རྣམས་དགའ་ཞིང་མགུ་བའི་ཐབས་སྣ་ཚོགས་པའི་དངོས་པོས་ལོངས་སྤྱད་པ་ནི་དབང་ཕྱུག་གི་དམ་ཚིག་མཆོག་ཏུ་རྨད་དུ་བྱུང་བའོ། །འདི་ནི་གོ་སླའོ། །ཁྱབ་འཇུག་གི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ལས་བྱུང་བ་སྟེ། སྒོ་ང་ལས་སྐྱེས་པ་ལ་སོགས་པ་ཇི་སྙེད་པ་དེ་ཐམས་ཅད་སྟོང་པ་ཉིད་ཀྱི་བསམ་གཏན་གྱི་རྡོ་རྗེས་སྟོང་པར་བྱས་པ་ནི་གསད་པར་བྱ་བའོ། །རྡོ་རྗེ་ནམ་མཁའ་ནི་ནམ་མཁའི་ཁམས་ཏེ། སྣོད་ཀྱི་འཇིག་རྟེན་དང་བདག་ཉིད་ཀྱི་སྐུ་གསུམ་ དེ་ལུས་ངག་ཡིད་དེ་དག་ཀྱང་སྟོང་པ་ཉིད་དུ་དབྱེར་མེད་པར་བྱས་པ་ནི་ཁྱབ་འཇུག་གི་དམ་ཚིག་གོ །དེ་ལྟར་ཚངས་པ་ལ་སོགས་པ་ལ་ལྷག་པར་མོས་པ་རྣམས་ལ། དེ་རྣམས་ཀྱི་དམ་ཚིག་བསྟན་ནས་སྐུ་རྡོ་རྗེ་དང་ལ་སོགས་པ ས་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་གསུམ་གྱི་འི་ནང་དུ་རིམ་པ་བཞིན་ཚངས་པ་དང་དབང་ཕྱུག་དང་ཁྱབ་འཇུག་གསུམ་འདུས་པ ར་བསྟན་པ ས། ཚངས་སོགས་ཀྱི་དམ་ཚིག་ལ་བརྟེན་ན་ལོག་པར་ཞུགས་པའོ་སྙམ་པའི་འཁྲུལ་པ་བསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་:འགྱུར་རྙིང:རང་གི་དམ་ཚིག་རྡོ་རྗེ་འདི་ཞེས་འབྱུང་ཡང༌། གཞན་:པ་ཚབ:ལས། རྡོ་རྗེ་གསུམ་གྱི་དམ་ཚིག་འདི། ཞེས་པ་འགྲེལ་པ་དང་མཐུན་ནོ། །པ་གསུངས་ཏེ། རྡོ་རྗེ་གསུམ་གྱི་དམ་


JLD004_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ནི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་དོ། །སྐུ་ཡི་རྡོ་རྗེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། ཞེས་གསུངས་པས་རྣམ་སྣང་ལ་སོགས་པའི་རྡོ་རྗེ་གསུམ་གྱི་ལྷ་ལ་ཚངས་པ་ལ་སོགས་པའི་མིང་གིས་བཏགས་ནས། དེ་གསུམ་ལ་མོས་པ་རྣམས་འདུལ་བར་བྱེད་པའོ། ༈ །དེ་ལྟར་ལྷ་གཙོ་བོ་རྣམས་ཀྱི་དམ་ཚིག་བསྟན་ནས། གནོད་སྦྱིན་མོ་ལ་སོགས་པ་རྫུ་འཕྲུལ་ཆུང་བ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་དང་ཁྲག་དང་ཆང་ལ་སོགས་པ་ཟ་བའི་གནོད་སྦྱིན་མོ། རྟག་ཏུ་གཞན་གྱི་བུད་མེད་སྤྱོད། ཅེས་པ་ལས། བུད་མེད་རྟག་ཏུ་:པ་ཚབ:འདོད་ལྷུར་ལེན། ཞེས་པ་དག་པས་བུད་མེད་པ་ནི་གནོད་སྦྱིན་མོའོ། །འཁྲིག་པ་ལ་མཆོག་ཏུ་གཞོལ་བ་དེ་ནི་རྡོ་རྗེ་ཆེན་པོ་སྟེ། གདུག་པའི་རང་བཞིན་ཅན་ལ་ཤ་ལ་སོགས་པ་འདི་དག །སྦྱིན་པ་དང་རང་ཡང་ཟ་བ འི་མཚན་ཉིད་ཅན་གྱི་དམ་ཚིག་འདའ་དཀའ་བ་འདི་རྣམས་ཀྱིས་མཉེས་པར་བྱའོ། །ཀླུའི་བུ་མོའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀླུའི་རྒྱལ་པོ་ནི་ནོར་རྒྱས་ལ་སོགས་པའོ། །ཀླུའི་:པ་ཚབ:དབང་པོའི་རྒྱལ་མོ་ཐམས་ཅད་ཀྱི་ཟེར། དེ་རྣམས་ཀྱི་རྒྱལ་མོ་ནི་ཆུང་མ་རྣམས་སོ། །དེའི་དམ་ཚིག་ནི་ཀླུ་མོ་རྣམས་ཀྱི་མངོན་པར་འདོད་པའི་དོན་ནོ། །འོ་མ་འཐུང་བ་དང་ཕྲ་མ་ནི་ལྕེ་གཉིས་དང་ལྡན་པས་རྣམ་པར་འབྱེད་པར་བྱེད་པའི་ཚིག་ཅན་ནོ་སྟེ་། འདོད་པ་བསྟེན་པ་དང་སྤོས་ཀྱི་དྲི་ལྷུར་ལེན་པའི་ཀླུ་མོ་


JLD004_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཕྲ་མ་ལ་སོགས་པའི་དམ་ཚིག་འདི་རྣམས་ཉམས་སུ་བླངས་པས། བསྒྲུབ་པར་བྱ་ཞིང་སྔགས་པས་དབང་དུ་བྱ་སྟེ། དེ་ལྟར་བྱེད་པ་ལས་གཞན་དུ་མ་བྱས་ན་ངེས་པར་ཉོན་མོངས་པར་འགྱུར་ཞིང་རང་དབང་དུ་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ་ཐ་ཚིག་གོ་འོ་། །གང་ལྷ་མ་ཡིན་རྣམས་ཀྱི་བུ་མོ་དང༌། ལྷན་ཅིག་སྤྱོད་པར་འདོད་ན། དེ་བསྒྲུབ་པར་བྱ་བའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།:པ་ཚབ:མ་རུངས་ང་རྒྱལ་ཁུར་གྱིས་ནོན། ཟེར། “ཁྲོ་ཞིང་རྣམ་པར་འཚེ་བའི་བདག་ཉིད་ཅན་ང་རྒྱལ་གྱིས། ཁུར་བཞིན་དུ་མངོན་པར་ནོན་ཅིང༌། སྤོས་ལ་སོགས་པ་ཉེ་བར་སྤྱོད་པ་ལ་ཀུན་ཏུ་ཆགས་པ་འདི་ནི། དེ་རྣམས་ཀྱི་དམ་ཚིག་གི་ཕྱོགས་གཅིག་གོ །དེ་རྣམས་ཀྱི་དམ་ཚིག་རྒྱས་པ་ནི་གདུལ་དཀའ་བ་སྟེ། ཉམས་སུ་བླང་བར་དཀའ་བའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་འཇིགས་བྱེད་དང༌། རྡོ་རྗེ་ས་འོག་གི་རྒྱུད་ལས་གསུངས་པས་དེར་ཤེས་པར་བྱའོ་སོ། །སྲིན་མོའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོད་པའི་རུས་པའི་ཕྱེ་མ་དང་འབྲུ་མར་ཏེ་མིའི་རྐང་མར་དག་དང་གླང་པོ་དང་རྟའི་ཤ་ལ་སོགས་པ་བཙོས་པའི་ཞག་ལ་སོགས་པའི་གདུག་པ་དེ་རྣམས་ལ་སྦྱིན་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་དགའ་བར་འགྱུར་བའོ། །འབྱུང་པོ་ཀུན་གྱི་ཞེས་བྱ་བ་ཤ་ཟ་ལ་སོགས་པ་རྣམས་ཀྱི་ཡང་དམ་ཚིག་འདི་ཉིད་ཡིན་ནོ། །དག་བྱེད་ཅེས་བྱ་བ་ནི་བགེགས་འཇིག་པར་བྱེད་


JLD004_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དོན་ཆེན་བྱེད་ཅེས་བྱ་བ་ལ། དོན་ནི་སྒྲུབ་པ་པོ་རྣམས་ཏེ་དེ་རྣམས་ཀྱི་དོན་ཆེན་པོ་བྱེད་པ་ནི། བརྩམས་པའི་དོན་བསྒྲུབ་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར། དེའི་དམ་ཚིག་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ནི་རྡོ་རྗེ་མཁའ་འགྲོ་མ་ཞེས་པ་འདི། སྔར་བཤད་པའི་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་མིན་གྱི་འཇིག་རྟེན་པ་ཡིན་ཏེ། གནོད་སྦྱིན་མོ་ལ་སོགས་པ་རྫུ་འཕྲུལ་ཆུང་བ་རྣམས་ཀྱི་དམ་ཚིག་ཅེས་སྔར་གསུངས་པས་སོ། །དེས་ན་འདི་ཀྱཻ་རྡོར་གྱི་དཀར་མོ་སོགས་མིན་གྱི། དབང་ཕྱུག་གི་ཆུང་མ་གཽ་རི་ཞེས་དང༌། དཀར་མོ་ཞེས་གྲགས་པའི་དབུ་མའོ། །སོགས་ཀྱི་སྒྲས་ཀྱང་དེ་དང་འདྲ་བ་རྣམས་བསྡུས་སོ། །དཀར་མོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་བའོ། །བཤང་པ་ལ་སོགས་པའི་བདུད་རྩི་ལྔ་དང་ཤ་ལྔ་སྔགས་ཀྱིས་སྦྱངས་ནས་བཟའ་བ་དང་ཆང་སྟེ་སྦྱར་བའི་ཆང་དང་ལ་སོགས་པ ས་རྒུན་ཆང་དང་འབྲུའི་ཆང་རྣམས་རང་གིས་བཏུང་ཞིང་དེ་རྣམས་ལ་བྱིན་ན། རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཡིས། ཞེས་བྱ་བ་གཽ་རི་དཀར་མོ་ལ་སོགས་པའི་སྦྱོར་བས། གནས་ཀྱི་མཚན་ཉིད་ཀྱིས་ཞེས་པ་གདུག་པ་རྣམས་རྒྱས་བཏབ་ལ། ཁྲག་དྲང་བ་དང་སོགས་ཀྱི་སྒྲས་བསྡུས་པ་ནི་འོག་ནས་འཆད་པ་ལྟར་བྱའོ། །ལ་སོགས་པའི་སྦྱོར་བས། གསད་པར་བྱ་བ་འདི་ནི་རྡོ་རྗེ་མཁའ་འགྲོ་མའི་དམ་ཚིག་གོ ། ༈ དེ་ལྟར་ཚངས་པ་ལ་སོགས་པ་ནས་རྡོ་རྗེ་མཁའ་འགྲོ་མའི་མཐར་ཐུག་པའི་དམ་ཚིག་བསྟན་ནས། དམ་ཚིག་དེ་བརྒྱད་བཤད་པའི་མཚམས་སྦྱོར་བ་དགོངས་པ་:པ་ཚབ:བསྟན་པར་བྱ་


JLD004_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ལ་སོགས་པ་འདི་དག་ནི་རང་གི་ངོ་བོ་ཉིད་ཀྱིས་ཏེ། རང་དབང་གིས་ཐོག་མ་མེད་པའི་དུས་ཅན་ཏེ། སྣོད་ཀྱི་འཇིག་རྟེན་:པ་ཚབ:དང་ལྷན་ཅིག་ཏུ་བཞིན་དུ། ཀུན་ཏུ་འབྱུང་བ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ། ཁམས་གསུམ་དུ་སེམས་ཅན་རྣམས་ལ་ཕན་འདོགས་པ་དང༌། ཚར་གཅོད་པར་བྱེད་ཅིང་ཆ་ལུགས་སྣ་ཚོགས་པའི་གཟུགས་དང་རྒྱན་རྣམས་ཀྱིས་རྣམ་པར་སྤྱོད་པའོ། །དེ་བས་ན་དེ་རྣམས་ཀྱི་དམ་ཚིག་མ་ལུས་པ་དངོས་གྲུབ་ཀུན་འགྲུབ་པ་ལ་ཕན་ཞིང་དངོས་གྲུབ་ཐོབ་པར་བྱེད་པ་ལ་གསང་བ་འདུས་པ་པ་རྣམས་ཀྱི ས་སྤྱད་པར་བྱའོ། ༈ །ཁམས་གསུམ་ཞེས་བྱ་བ་:པ་ཚབ:ལ་སོགས་པ་ལ་ནི། ཟེར། སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ནི། རབ་ཏུ་བྱེད་པ་ཉེ་བར་སྡུད་པར་བྱེད་དོ། །ཁམས་གསུམ་དུ་འབྱུང་བས་ཁམས་གསུམ་པ་སྟེ། ཁམས་གསུམ་པ་ཐམས་ཅད་ནི་ཚངས་པ་ལ་སོགས་པའི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེའི་དམ་ཚིག་ནི་མི་འདའ་བར་ཉམས་སུ་བླང་བའི་རྡོ་རྗེ་འཆང་གི་བཀའོ། །དེའི་རྗེས་སུ་འབྲང་བ་ནི་འཇུག་པ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཚངས་པ་སོགས་ཀྱི་དམ་ཚིག་ལ་གནས་དགོས་པ་ནི། འདིར་ཡང༌། གསུངས་པ་ཕ་རོལ་རྒོལ་བ་གང་ཡང་རུང༌། ་མཚན་མའི་དབྱེ་བས་གནས་པ་རྣམས། །:པ་ཚབ:ཕ་རོལ་སྨྲ་བ་ངེས་བྱའི་ཕྱིར། །འགའ་ཞིག་རྟགས་བྱེད་རྣམས་གནས་པ། ཟེར། ཆོས་འདི་ལས་ཕ་རོལ་ཏུ་གྱུར་བའི་གྲུབ་མཐའ་སྨྲ་བ་རྣམས་རང་གི་ལམ་ལ་ངེས་པར་སྦྱར་བར་བྱ་བའི་ཕྱིར། ཚངས་པ་ལ་


JLD004_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འགའ་ཞིག །རྟགས་དང་ཆ་ལུགས་ཀྱི་བྱེད་པ་མི་འདྲ་བ་དུ་མས་རྣམ་པར་གནས་པ་དེ་རྣམས་རྡོ་རྗེ་ཐེག་པ་འདིར་མཐའ་གཅིག་ཏུ་བརྙས་པར་མི་བྱ་སྟེ། དེ་ལྟར་བྱེད་པ་ལ་རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །་པ་དུ་མ་ཡོད་པའི་ཕྱིར་རོ། ཞེས་གསུངས་པས་སོ། ༈ །ད་ནི་རྫོགས་རིམ་པས་མི་དགེ་བ་བཅུའི་ལས་ཀྱི་ལམ་འོད་གསལ་གྱི་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་དངོས་གྲུབ་ནི་ལུས་ཀྱི་བྱ་བ་རྣམས་སོ། །དེ་ཉིད་ནི་དེ་ཁོ་ནར་མཉམ་ཞིང་མི་ཕྱེད་པས་ན་དམ་ཚིག་རྡོ་རྗེ་སྟེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ལུས་ཀྱི་རྣམ་གསུམ་ཞེས་བྱ་བ་ནི། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། གཞན་གྱི་ཆུང་མའི་ཐད་དུ་འགྲོ་བའོ། །རྡོ་རྗེ་ལས་བྱུང་ནི་འོད་གསལ་བའོ། །ཐམས་ཅད་རབ་ཏུ་བྱ་བ་ནི་བདེ་འགྲོར་སྐྱེ་བའི་རྒྱུ་ཆོས་དང་ངན་འགྲོར་སྐྱེ་བའི་རྒྱུ་ཆོས་མ་ཡིན་པ་བླང་དོར་དུ་བྱེད་པ་ལ་ལྟོས་པ་མེད་པར་མཉམ་པ་ཉིད་དུ་སྐྱོང་བས་ཉམས་སུ་ལེན་པའོ། །དེ་ལྟར་བྱས་པའི་འབྲས་བུ་ནི། སེམས་ཅན་གྱི་ཁམས་ནི་ཁམས་གསུམ་པ་རྣམས་ནི་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་མོ་སོ་། །སངས་རྒྱས་སྐུ་བྱེད་པ་ཞེས་བྱ་བ་ནི་མི་འཇིག་པའི་རྡོ་རྗེའི་སྐུ་བྱེད་ཅིང་སྐྱེད་པ་སྟེ། བདེ་འགྲོ་དང་ངན་འགྲོར་འགྲོ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ངག་གི་དངོས་གྲུབ་ནི་ངག་གི་བྱ་བ་རྣམས་སོ། །ཚིག་གི་ལས་ལམ་ཞེས་པ་ནི་རྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་རྩུབ་པོ་དང་ངག་ཀྱལ་པར་སྨྲ་བའི་མཚན་ཉིད་ཅན་ནོ། །མ་ལུས་པར་ཞེས་བྱ་བ་ནི་རྣམ་པ་


JLD004_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའོ། །ཁམས་གསུམ་དྲི་མེད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དཀྱིལ་འཁོར་ཏེ་ཞེས་བྱ་བ་ནི་གནས་སོ། །དེ་གང་ཡིན་ཞེ་ན། འོད་གསལ་བ་སྟེ་ཁམས་གསུམ་དྲི་མ་མེད་པའི་དཀྱིལ་འཁོར་ནི། འོད་གསལ་བས་རྣམ་པར་དག་པའི་ཚིག་གི་ལམ་གང་ཡིན་པ་དེ་ཉམས་སུ་བླང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཚིག་གི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དངོས་གྲུབ་ཀྱི་གནས་ནི་ངག་གི་དབང་ཕྱུག་གོ །དེས་ཉམས་དགའ་བ་ནི་ཤིན་ཏུ་ཡིད་འཕྲོག་པ་སྟེ། འདི་ནི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའོ། །དེ་བཞིན་དུ་སེམས་རྣམ་པར་དག་པ་ནི་སེམས་ཀྱི་བྱ་བ་རྣམས་སོ། །ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན། ཞེས་བྱ་བ་ནི“་1456བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བའི་མཚན་ཉིད་ཅན་གྱི་ལས་རྣམ་པ་གསུམ་སྟེ། དེ་ལ་གནོད་སེམས་ནི་སེམས་ཅན་ལ་རྣམ་པར་སྡང་བའོ། །བརྣབ་སེམས་ནི་གཞན་གྱི་ནོར་ལ་བདག་གིས་ཐོབ་ན་སྙམ་དུ་མངོན་པར་འདོད་པའོ། །ལོག་པར་ལྟ་བ་ནི་སྦྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། གསུམ་པོ་འདི་དག་ནི་ཡིད་ཀྱི་ལས་རྣམས་སོ། །རྡོ་རྗེ་བརྟན་པ་འཛིན་པས་ཞེས་བྱ་བ་ནི་འོད་གསལ་བ་ལ་གཞོལ་བའི་བློ་གྲོས་སོ། །སྒོམ་པ་ནི་དགེ་མི་དགེའི་བྱ་བའི་དེ་ཁོ་ན་ཉིད་ལ་སོ་སོར་བརྟག་བཞིན་པས་རབ་ཏུ་འཇུག་པའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་པ་ཉེ་བར་སྡུད་པར་བྱེད་དེ། རྡོ་རྗེ་མི་ཕྱེད་གསུམ་ལྡན་གྱི། ཞེས་བྱ་བ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་


JLD004_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་རྣམས་ཀྱི་དམ་ཚིག་འདི་ཡིན་གྱི་གཞན་གྱི་ནི་མ་ཡིན་ཏེ། མི་འདའ་བར་ནན་ཏན་དུ་བྱ་བའི་དམ་ཚིག་གསུམ་པོ་བཤད་མ་ཐག་པ་འདི་ཡིན་ཞེས། བཅོམ་ལྡན་འདས་ཀུན་ཏུ་མཛེས་དགའ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་ཏོ། ༈ །ད་ནི་བསྐྱེད་རིམ་གྱི་སྒྲུབ་པ་རྩོམ་པར་བྱེད་པའི་སྔགས་པ་རྣམས་ཀྱི ས་ཕྱག་འཚལ་མི་འཚལ་ལ་ནན་ཏན་དུ་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཏེ། དེ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་གི་ཡུལ་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་དང། དེ་བཞིན་དུ་རང་རྒྱལ་དང་ཉན་ཐོས་རྣམས་ལ་སྐུ་གསུང་ཐུགས་སུ་སྦྱོར་བ་ན། ཞེས་བྱ་བ་ནི། ལྷའི་སྐུ་ལ་སོགས་པ་གསུམ་དང༌། རང་གི་སྒོ་གསུམ་གཅིག་ཏུ་གྱུར་པ སྟེ་གཅིག་ཏུ་བྱེད་པའི་སྔགས་པ ས་ཕྱག་མི་བྱ འོ་སྟེ་། དགོས་པའི་དབང་གིས་ལུས་རྐྱང་བའམ་སམ་ངག་རྐྱང་པའམ་གམ་། ལུས་དང་ངག་གཉིས་ཀྱི་ཚོགས་པ ས་ཕྱག་བྱ་བ་ལ་ནི་ཉེས་པ་མེད་ཀྱི། ཡིད་དང་བཅས་པའི་ལུས་སམ། ཡིད་དང་བཅས་པའི་ངག་གིས་ཕྱག་བྱས་ན་མངོན་པར་འདོད་པའི་དངོས་གྲུབ་ཉམས་པར་འགྱུར་རོ། །འདིར་ཡིད་ཀྱི་ཕྱག་བྱེད་པ་ནི་ཡིད་ཀྱིས་རང་དམན་པ་དང། ལྷ་བཟང་བའི་ཕྱིར་ན་དབྱེར་མེད་དུ་བྱེད་པ་མི་རུང་ངོ་སྙམ་ནས་ཕྱག་འཚལ་བའོ། །བསྐྱེད་པའི་རིམ་ལ་གནས་པ་རྣམས་ཀྱི་གཞན་ལ་ཕྱག་བྱ་བ་དང་མི་བྱ་བའི་ཚུལ་བསྟན་ནས།


JLD004_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་རིམ་པ་རྟོགས་པ་རྣམས་ཀྱི ས་ཕྱག་བྱ་མི་བྱ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་ལ་འི་བསམ་གཏན་གྱི་དམ་ཚིག་ནི། སྒྱུ་མའི་སྐུར་དམིགས་པའི་རྣམ་པ་སྟེ། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ཀུན་ཏུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ཏུ་སྟེ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ལུས་ལ་སོགས་པའི་ཚོགས་ལ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་ཀུན་ཏུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཞེས་བཤད་ཟིན་པས་འདིར་སོགས་མེད་པ་ཆག་འགྱུར་ལྟར་བྱ། རྡོ་རྗེ་:པ་ཚབ་ཆག:སེམས་དཔའ་ཞེས་པ་དང་པོའི་མགོན་པོ་སྟེ་དེའི་རྡོ་རྗེ་གསུམ་ཟེར་བ་ལྟར་རོ། །སོགས་པ་སྟེ་གང་ཡིན་པའི། བསམ་གཏན་རྡོ་རྗེ་གསུམ་སྦྱོར་བ། ཞེས་བྱ་བ་ནི། རྡོ་རྗེ་འཆང་གི་རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་དུ་དམིགས་པས། སྔགས་ཟློས་པ་ཞེས་པས་རྡོ་རྗེ་བཟླས་པ་ལ་དགའ་བའི་ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བས། བསམ་གཏན་བྱ་ཞིང་བསམ་གཏན་དམིགས་པ་ལ་སྤྱད་པར་བྱའོ། །དེ་ལྟ་བུའི་གང་ཟག་གི་ཕྱག་བྱ་བ་གང་ཡིན་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཀྱི་སྒྲུབ་པ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་དང་སྡོམ་པ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ཁམདོར་ན་ཞེས་བྱ་བ་ནི་གཅིག་ཏུ་གྱུར་པས་


JLD004_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གྱུར་པར་བྱའོ་སོ། །ཀསེམས་ཅན་ཁམས་རྣམས་ནི་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཚོགས་རྣམས་སོ། །གགཅིག་ཏུ་བྱེད་ཚུལ་ནི་བསམ་གཏན་རྡོ་རྗེས་ཞེས་བྱ་བ་ནི་བཤད་ནམ་ཐག་པའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་གྱི་བསམ་གཏན་གྱིས་རྡོ་རྗེ་འཆང་གི་སྐུ་གཅིག་ཏུ་བྱའོ་སོ་། །བསྐུལ་པར་བྱ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །རྡོ་རྗེ་གསུམ་གྱི་ཕྱག་འཚལ་བ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་མི་ཕྱེད་པའི་ངོ་བོར་བལྟས་ནས་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་གཟུགས་ལ་སོགས་པ་ལ་ཕྱག་བྱ་བའོ། །དེ་ལྟར་བྱེད་པ་དེའི་ཕྱག་འཚལ་བའི་མཆོག་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །རྡོ་རྗེ་ནི་རྫོགས་པ ཟུང་འཇུག་གི་འི་རྣལ་འབྱོར་རོ་:པ་ཚབ་ཆག:པའོ། །རྣལ་འབྱོར་འདི་ལས་འབྱུང་བས་ན་འབྱུང་བ་སྟེ། དག་མ་དག་གི་རླུང་སེམས་ཙམ་ལས། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་སྐྱེད་པའི་སྤྱོད་པ་ཞེས་བྱ་བའི་བར་དུའོ། ༈ །བསྙེན་པ་ལ་སོགས་པ་རྣལ་འབྱོར་བཞི་ལ་ཞུགས་པ་རྣམས་ཀྱི། བསྒྲུབ་པ་སྟེ་འདོད་ཡོན་ལ་ལོངས་སྤྱོད་པའི་དུས་སུ་ཡུལ་དབང་རྣམས་ཐབས་ཤེས་སུ་སྡུད་པའི་སྡོམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་པ་ཞེས་བྱ་བ་དང་ལ་སོགས་པ ས་ཉེར་སྒྲུབ་དང་བསྒྲུབ་པ་དང་སྒྲུབ་ཆེན་གྱི་འི་དོན་ནི་ལེའུ་བཅུ་གཉིས་པའི་འགྲེལ་པར་བཤད་ཟིན་ཏོ། །རྡོ་རྗེ་བཤང་གཅིས་ཞེས་བྱ་བ འི་བཤང་གཅི་ནི་ཡུལ་དང་དབང་པོ་འོ། །རྡོ་རྗེ་ནི་དེ་རྣམས་ལྷའི་ངོ་བོར་མི་ཕྱེད་པར་བྱས་པ་རྣམས་ཀྱིས་སོ། །ནམ་མཁའི་དབྱིངས་ནི་ནམ་མཁའི་ཁམས་མཐའ་ཡས་པའོ། །ཡོངས་སུ་གང་བར་


JLD004_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཡང་དག་པར་ཁྱབ་པར་རྣམ་པར་བསམ་ལ། དེ་ནས་དུས་གསུམ་རྡོ་རྗེ་དག་ལ་ཞེས་བྱ་བ། སྐུ་གསུམ་མི་ཕྱེད་པའི་ང་རྒྱལ་འཆང་བ་རྣམས་ལ་དབུལ་ཞིང་སྟེ་རྣམ་པར་བསྟེན་པར་བྱའོ། །དུས་ཏེ་ཐུན་གསུམ་དུ་ཡང་ཁམས་གསུམ་གྱི་ནང་ན་གནས་པའི་ཡུལ་དང་དབང་པོའི་ངོ་བོ་ཉིད་ཐམས་ཅད་ཀྱི་དབང་པོ་རྣམས་ཐབས་ཏེ་ལྷ་ཕོ་དང་ཡུལ་རྣམས་ཤེས་རབ་ལྷ་མོའི་ངོ་བོར་སྒོམ་པ་ཉིད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར་བསྒོམ་པ་ལ་འདོད་པ་ལ་ལོངས་སྤྱོད་པ་ན་ཐབས་ཤེས་རོལ་བའི་ཚུལ་གྱིས་བྱའོ་མོ་ཞེས་བྱ་བའི་བར་དུའོ། །དམ་ཚིག་རབ་ཏུ་རྟག་པའོ། ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སངས་རྒྱས་རྣམས་ལས་རིམ་པར་བརྒྱུད་པ་ཅན་ནོ། ༈ །དེ་ལྟར་འདོད་ཡོན་ལ་སྤྱད་པས་དེ་ཁོ་ན་ཉིད་རྟོགས་པ ས་འི་ཐ་མལ་པའི་ལུས་སྤངས་ནས་ཏེ་ལུས་ལས་ལོགས་སུ་བྱེ་ནས་རྣམ་པར་མི་འཇིག་པ་སྟེ་རིགས་འདྲ་རྒྱུན་མི་འཆད་པའི་རྡོ་རྗེའི་སྐུ་འཛིན་པར་བྱེད་པའི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མི་སྣང་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ། རྡོ་རྗེ་ཐམས་ཅད་ནི་:པ་ཚབཿ ཐ་མལ་གྱི་ཟེར། ཐུན་མོང་སྐུ་དང་གསུང་དང་ཐུགས་ཏེ། དེའི་མི་སྣང་བ་ནི་འོད་གསལ་བར་འཇུག་པའོ། །འོད་གསལ་འདི་ལས་རྡོ་:པ་ཚབ:རྡོ་རྗེའི་སྐུ་ཡང་དག་པར་འབྱུང་བས་ན་དམ་ཚིག་སྟེ། ཟེར། རྗེ་སྐུ་དང་མཉམ་པས་ན་དམ་ཚིག་སྟེ། རྡོ་རྗེ༌ཐམས་ཅད་:པ་ཚབ:དབྱིངས་མི་སྣང་བ་འོད་གསལ་དང་དམ་ཚིག་ཟུང་འཇུག་སྟེ་གཉིས་པོ་འདི་དག་སྟོན་


JLD004_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །དུས་འདིར :པ་ཚབ:།རྡོ་རྗེ་ཅན་གྱིས་ཉིན་རེ་ཞིང༌། ཐུན་བཞི་མཆོག་ནི་སྤྱད་པར་བྱ། སླར་ཡང་རྫས་ཀྱང་རྟག་ཏུ་དབྲོག །ཅེས་འབྱུང་བ་ལེགས་སོ། །བཞིར་ཞེས་བྱ་བ་ལ་སོགས་པ་ལ། དུས་བཞི་ཞེས་བྱ་བ་སྟོང་པ་ཉིད་བཞིའོ། །མཆོག་ཅེས་པ་སྟོང་ཉིད་སྒོམ་པའི་ལམ་བླ་ན་སྟེ་གོང་ན་མེད་པའོ། །ཉིན་རེ་ཞེས་བྱ་བ་རྟག་ཏུའོ། །སྤྱད་པར་བྱ་ཞེས་པ་ནི་བསྒོམ་པར་བྱ་བའོ། །སླར་ཡང་ན་རྫས་ཞེས་བྱ་བ་ལུས་ཀྱང་དབྲོག་པར་བྱ་ཞེས་བྱ་བ་བླང་བར་བྱ་བ་ནི་ཟུང་འཇུག་གི་སྐུ་མ་བྱིན་པར་ལེན་པ། །རྟག་ཏུ་ཞེས་པ་ནི་ལུས་འཕྲོག་པའི་ཐབས་རྟག་ཏུ་བྱེད་པ་ཡིན་ལ། དེ་ལ་ནི་དུས་ཐམས་ཅད་དུ་སྟེ་རྒྱུན་དུ་འོད་གསལ་དུ་འཇུག་པར་བྱ་བ་དང་སྟེ་། ཞུགས་པའི་མཐར་ཟུང་འཇུག་གི་སྐུ་སྒྲུབ་པའི་དགོས་པའི་དབང་གིས་ཏེ་ཕྱིར་དུ་སྒྱུ་མའི་སྐུར་ལྡང་བ ར་ཡང་ཡང་གི་སྒྲས་ནི་རྒྱུན་དུ་འོད་གསལ་དུ་འཇུག་པར་མ་ཟད་སྒྱུ་མའི་སྐུར་ལྡང་བ་ཡང་རྒྱུན་དུ་བྱེད་པ་ཡིན་ཏེ་རྟག་ཏུ་ཞེས་པ་དེ་གཉིས་ཀ་ལ་སྦྱར་དགོས་པས་སོ། །བྱའོ་ཞེས་བྱ་བར་དགོངས་སོ། དམ་ཚིག་རྡོ་རྗེ་རྫོགས་བྱེད་པའོ། ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་མཉེས་པར་བྱེད་པའི་དམ་ཚིག་གོ ། ༈ དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་འགྲོ་བའི་དོན་དུ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་བཅུད་ཀྱི་ལེན་གང་ཡིན་པ་དེ་ལ་ལྟོས་པ་མེད་པར་རང་གི་ལུས་གནས་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་རིག་པ་ནི་དེ་བཞིན་ཉིད་དོ། །དེ་འཛིན་པར་བྱེད་ཅིང་དམིགས་པར་བྱེད་པས་ན་ནམ་མཁའི་


JLD004_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཏེ་རྣལ་འབྱོར་པའོ། །འདི་ལས་:པ་ཚབ:ལུས་རྟས་པར་ཡང་དག་པར་འགྲོ་བས་ན་དམ་ཚིག་སྟེ་རྒྱས་པར་བྱེད་པའི་ཆོ་གའོ་ཟེར། དེའི་མཉམ་པ་འདིས་བྱེད་ཅིང་ལུས་རྒྱས་པར་བྱེད་པས་ན་དམ་ཚིག་སྟེ། བརྟ་བར་བྱ་བའི་ཆོ་ག་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོ་བདག །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་བདེ་བར་གནས་པར་བྱ་བའི་ཕྱིར། །དབུ་རྒྱན་དག་ལ་སྟེ་ཀླད་རྒྱས་ལ་བསམ་གཏན་ཏེ་བདུད་རྩི་ཀུནྟ་ལྟ་བུ ཞེས་བྱ་བ་བསམ་པར་བྱའོ། །ཀླད་རྒྱས་ནས་འཛག་པའི་བྱང་སེམས་ལྕེ་ཆུང་གི་ལམ་ནས་ལྕེའི་གཞུང་དུ་འབབ་པར་བཤད་པས། གནས་དེ་ནས་བརྒྱུད་དེ་བདུད་རྩི་ལྕེ་ཆུང་དུ་འབབ་པར་སེམས་པའོ། །ཁ་ཅིག་སྤྱི་བོར་དབྱངས་བཅུ་དྲུག་ཡོངས་སུ་གྱུར་བ་ལས་ཟླ་བའི་དཀྱིལ་འཁོར་བདུད་རྩི་འཛག་པ་བསམ་ཞེས་ཟེར་རོ། །དེའི་ཕན་ཡོན་ནི་རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་གསུམ་ནི་ལུས་སོ། །དེ་སྐྱེས་པ་ནས་བརྩམས་ཏེ་མཉམ་པར་འགྲོ་ཞིང་རྗེས་སུ་འགྲོ་བས་ན། རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ་རླུང་ལ་སོགས་པ་ནད་གཞི་རྣམས་སོ། །དེ་དག་ཐམས་ཅད་ཀཀྱི་ཁྲོས་ཁཤིང་རབ་ཏུ་འཁྲུགས་པ་རྣམས་ཀྱིས་བརྒྱལ་ཞིང་ཟིལ་གྱིས་གནོན་པར་ལུས་འདི་མི་ནུས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་མདོ་སྟེ་རྣལ་འབྱོར་མའི་རྒྱུད་ལས། གང་ཞིག་བདུད་རྩི་ཀུནྟ་ལྟ་བུའི་རང་བཞིན་དུ། །སྤྱི་བོ [ སྤྱི་བོ་ནས་རྟག་ངེས་འབབ་པ་:པ་ཚབ:ཟེར།་ནས་ར་རྟག་ཏུ་ངེས་པར་འབབ་པའི་བདུད་རྩི་དེ ། །རྣལ་འབྱོར་དབང་པོས་དེ་འཐུངས་


JLD004_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རྒ་དང་འཆི་བ་རྣམ་པར་འཇིག །པར་བྱེད་དོ། །ཇི་ལྟར་པདྨའི་སྡོང་བུ འི་ཁོང་སྟོང་ལས། །མི་ཡིས་ཆུ་ནི་འདྲེན་པར་བྱས་ཏེ་བྱེད་། །འཐུང་བ་དེ་བཞིན་དུ་ཆུ་ལྟ་བུའི་ཀླད་རྒྱས་ཀྱི་བདུད་རྩི་སྡོང་བུ་ལྟ་བུའི་ལྕེ་ཆུང་གི་ལམ་ནས་དྲངས་ཏེ་ཉེ་བར་འཐུངས་པ་ཡིས། རྣལ་འབྱོར་པ་ནི་སྟོབས་ཤིན་ཏུ་ཆེ་བ་དང་ཡུན་རིང་དུ་ན་འཚོ། །ཞེས་གསུངས་པ་དང༌། རྩ་བའི་རྒྱུད་དེ་ཉིད་བསྡུས་པ་ལས་ཀྱང༌། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང༌། །སྣ་ཡི་རྩེ་མོར་བསམ་པར་བྱ། །རྡོ་རྗེ་ཕྲ་མོ་བདེར་རེག་པས། །སེམས་ནི་མཉམ་པར་བཞག་པར་གྱུར། ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་བསྡུས་པའི་ལུང་འདིའི་དངོས་ཟིན་གྱི་དོན་ཆོས་རྒྱ་བསྒོམ་པ་པོས་ལྕེ་རྐན་ལ་སྦྱར་ནས་གདོང་གི་སྣ་རྩེར་རྡོ་རྗེ་ཕྲ་མོ་བསྒོམ་པ་ཡིན་མོད་ཀྱང༌། འདིར་དྲངས་པ་ལྟར་ན་ལྕེ་རྐན་ལ་སྦྱོར་བས་ལྕེ་ཆུང་བའི་སྣའི་རྩེ་མོར་རྡོ་རྗེ་སྟེ་ལྕེས་རེག་པར་བྱས་ནས་བདུད་རྩི་འཐུང་བའོ། །དེ་ནི་ལུང་དེ་གང་ལ་དགོངས་ནས་གསུངས་པའི་དགོངས་གཞིའི་སྒོ་ནས་གསུངས་པར་བྱ་སྟེ། དཔེར་ན་བཀའ་འགའ་ཞིག་གི་དངོས་ཟིན་དྲང་དོན་ཡིན་ཀྱང་དགོངས་གཞི་ངེས་དོན་དུ་འགྱུར་བ་མི་འགལ་བ་བཞིན་ནོ། ༈ །དེ་ལྟར་ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་ཚིམ་པར་བྱ་བའི་ཆོ་ག་བསྟན་ནས། སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་ཚིམ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་འཆང་ལས་དང་པོ་བ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔ འི་ཟློས་པ་པོ་སྟེ། དེ་རྣམས་ཀྱི་དམ་ཚིག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །སྐུའི་ཞེས་བྱ་བ་ལ་སོགས་པ་ལ། བཟའ་བ་ལ་སོགས་པ་ལ་ལོངས་སྤྱོད་པའི་དུས་


JLD004_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི་རང་ཉིད་སྐུ་རྡོ་རྗེ་འཛིན་པ་རྣམ་སྣང་དུ་ར་བྱིན་གྱིས་བརླབ་པར་བྱའོ། །ཕྱི་རོལ་རྡོ་རྗེ་འཛིན་པ་དང༌། ཞེས་བྱ་བ་ནི། ཟས་ཏེ་བཟའ་བཏུང་ལ་སྤྱོད་པ་ལས་གཞན་པའི་ཡུལ་གཟུགས་ལྟ་བ་དང་སྒྲ་ཉན་པ་དང་དྲི་སྣོམ་པ་དང་རེག་བྱ་ལ་རེག་པ་རྣམས་ལ་ལོངས་སྤྱོད་པའི་དུས་སུ་ནི་རང་ཉིད་རྡོ་རྗེ་འཛིན་པ་མི་བསྐྱོད་པ ར་བྱིན་གྱིས་བརླབ་པར་བྱའོ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། ཞེས་བྱ་བ་ནི། རྡོ་རྗེ་ཆོས་ཏེ་གསུང་རྡོ་རྗེར་རང་ཉིད་རྟག་ཏུ་བྱིན་གྱིས་བརླབ་པར་བྱའོ། །གང་ལ་ཞེ་ན། མདོ་གདོན་ཆོ་གའི་བྱ་བ་ལ། ཞེས་བྱ་བ་སྟེ། མདོ་ནི་གསུང་རབ་ལ་སོགས་པའོ། །དེ་གདོན་པ་ནི་ཀློག་པའོ། །ཆོ་གའི་བྱ་བ་ལ་ཞེས་བྱ་བ་ནི་ཚུར་སྤྱོན་དང་གཤེགས་སུ་གསོལ་བ་ཞེས་བྱ་བ་ལ་སོགས་པའི་དབང་དུ་བྱ་བའི་ཆོ་གའི་བྱ་བ་སྟེ། ཆོས་ཐམས་ཅད་ཚིག་ཏུ་འདོན་པ་དང་དབྱངས་ལེན་པ་ལ་སོགས་པ་ལ་འོད་དཔག་ཏུ་མེད་པར་བྱིན་གྱིས་བརླབ་པར་བྱའོ། །ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་པའོ། །དེ་ལྟར་རིགས་གསུམ་གྱི་ང་རྒྱལ་གྱིས་བྱེད་པ་དང༌། རང་གི་ལྷའི་ང་རྒྱལ་གྱིས་བྱེད་པ་གཉིས་གདམ་ང་ཅན་དུ་མངོན་ནོ། །གང་སྔར་བཤད་པ་དང་འོག་ནས་བཤད་པའི་ལས་ཀྱི་ཚོགས་ལ་སོགས་པ་བྱེད་པ་ན། རྣམ་པར་དག་པ་འོད་གསལ་ལ་སེམས་སྦྱར་ནས་བྱེད་པ་བ་དེ་བཤད་པའི་དོན་དུ་སྟོན་པས་འོད་གསལ་གྱི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་པ་ཐམས་ཅན་ནི་སྤངས་རྟོགས་ཡོངས་སུ་རྫོགས་


JLD004_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་བཞིན་གཤེགས་པ་རྣམས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་མ་རྫོགས་པའི་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་གཅིག་ཏུ་གཞོལ་བའོ། །རྣམ་པར་དགོངས་པ་ནི་བསྒོམས་ནས་ཅང་མི་གསུང་བར་གྱུར་ཏོ། ༈ །དེ་ནས་ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་ལ་སོགས་པ་ནི་གོ་སླའོ། ༈ །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ༌ལ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་གང་དམིགས་སུ་མེད་པ་ནི་འོད་གསལ་བ༢ འོ་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་མི་འགྱུར་བའི་གནས་:པ་ཚབ:ཟེར། ༢ངོ་བོ་ཉིད་ཀྱི་ཡི་གེའི་ཚིག་ཅེས་བྱ་བ་ནི། ངོ་བོ་ཉིད་ཀྱིས་དེ་ཁོ་ན་ཉིད་ལས་མི་འགྱུར་བའི་གནས་ཏེ། རིགས་ཀྱི་བུ་རྡོ་རྗེ་འཆང་ཆེན་པོའི་འདི་ནི་ངོ་བོ་ཉིད་མེད་པའི་ཚིག་སྟེ་གནས་ཞེ་ཅེ་ས་བྱ་བ་ནི། བརྗོད་དུ་མེད་ཅིང་རྣམ་པར་མི་འཇིག་པའི་གནས་ལ་རྣམ་པར་དཔྱོད་ཅིང་དགོངས་པར་མཛད་དེ། ཐུགས་སུ་ཆུད་ནས་བདག་ཅག་རྣམས་ལ་ངོ་བོ་ཉིད་མེད་པའི་གནས་དེ་སྟོན་པར་མཛད་པའི་ཕྱིར། ཅང་མི་གསུང་བར་བཞུགས་སོ་ཞེས་པ་སྟེ། འོད་གསལ་བ་ལ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་སེམས་པ་ནི་འདི་སྙམ་དུ་གྱུར་ཏོ་ཞེས་པ་ནི་སྔར་འོད་གསལ་དུ་ཞུགས་པའི་དོན་འདི་ཉིད་རྣམ་པར་འགྲེལ་ཏེ། ཏོ་ཞེས་ཡར་ལ་:པ་ཚབ:གཅད་དོ། །སྐུ་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ཉིད་སྐུ་མི་འགྱུར་བ་སྟེ། རང་བཞིན་གྱིས་མ་སྐྱེས་པའོ་དེ་མ་སྐྱེས་པ་ནི་རང་བཞིན་གྱིས་སྐྱེ་བའི་རྒྱུ་དང་རྐྱེན་མེད་


JLD004_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །མཚན་མ་མེད་ཅེས་པ་ལ་འདིས་མཚོན་པས་ན་མཚན་ཉིད་ཏེ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནོ། དེ་གང་ལ་མེད་པ་དེ་ནི་མཚན་མ་མེད་པ་སྟེ་སྐུ་དང་ལ་སོགས་པ ས་གསུང་དང་ཐུགས་གསུམ་པོ་འདི་དག་མཚན་མ་མེད་པའོ་གོ་།ནམ་མཁའི་རྡོ་རྗེར་རྟོག་པ་སྟེ་བརྟག་པར་བྱ་བ་ནི་དེ་བཞིན་ཉིད་དོ། །དེ་ལས་ཏེ་དེར་བྱུང་བ་ནི་དེ་ཐོབ་པ་སྟེ་དེའི་དོན་ནི་རྣམ་པར་དཔྱད་ན་དེ་བཞིན་ཉིད་དེའི་ངོ་བོར་གནས་པའོ། །ནམ་མཁའ་རྡོ་རྗེར་རྟོག་ལས་བྱུང༌། ཞེས་བྱ་བ་སྟེ། དེ་ནི་ཁམས་གསུམ་པའི་ཆོས་ཐམས་ཅད་དོ་འོ་། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བའི་དེ་ཁོ་ན་ཉིད་དུ་ཟད་ན། དེ་ལས་ལྷའི་འཁོར་ལོ འབྱུང་བ ར་ཇི་ལྟར་འགྱུར་ཞེ་ན། ལོག་པར་བཟུང་བས་ཟིན་པ་ཡིན། ཞེས་བྱ་བ་གསུངས་ཏེ། ལོག་པ་ནི་སྒྱུ་མའོ། །དེ་ཡང་དག་པར་བཟུང་ཞིང་ཉེ་བར་བླངས་པས་ན་ལོག་པར་བཟུང་བ་སྟེ། སྒྱུ་མ་ལྟ་བུའི་རྡོ་རྗེ་འཆང་གི་སྐུའོ། །རྡོ་རྗེ་འཆང་དེས་དཀྱིལ་འཁོར་པ་ཐམས་ཅད་ཡོངས་སུ་བཟུང་བས་ན་ཟིན་པ་སྟེ་དེ་སྐད་དུ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཉེ་བར་ལོངས་སྤྱད་ནི། །ཁམས་གསུམ་མ་ལུས་འདི་དག་གོ །ཞེས་གསུངས་པའི་ཕྱིར་རོ། ༈ །ལོག་པར་བཟུང་བ་ཞེས་བྱ་བའི་རྡོ་རྗེའི་ཚིག་འདིའི་དགོངས་པ་ཤེས་ཀྱང་མི་ཤེས་པ་བཞིན་དུ། བཅོས་ནས་འཇམ་དཔལ་ལ་སོགས་པའི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དེ་གསལ་བར་བྱ་བའི་བསམ་པས། དེ་བཞིན་གཤེགས་པ་རྣམས་ལ་སྐུལ་བར་བྱེད་པ་


JLD004_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་བྱ་བའི་ཕྱིར། དེ་ནས་འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་རྡོ་རྗེའི་ཚིག་ཅེས་བྱ་བ་ནི་རྡོ་རྗེ་འཆང་གི་ཆོས་སྟོན་པ ལ། །ཕྱིན་ཅི་ལོག་ནི་བརྫུན་པའི་ཚིག་གོ་འོ་། །ཚིག་དེ་མི་ཤེས་པ་འདི་ལས་ཀུན་ཏུ་འབྱུང་བས་ན་ཕྱིན་ཅི་ལོག་ཀུན་འབྱུང་བ་སྟེ། རྒྱུ འོ་:པ་ཚབ:་ནི་མི་ཤེས་པ་རྒྱུར་གྱུར་པར་མ་བཟུང་ཤིག་པ་སྟེ། འཛིན་པར་མི་འགྱུར་པར་མཛད་དུ་གསོལ་ཞེས་པ། །འདིའི་དོན་ནི་ལོག་པར་བཟུང་བས་ཟིན་པ་ཡིན། ཞེས་པའི་དོན་ཆོས་ཕྱིན་ཅི་ལོག་ཏུ་སྟོན་པའི་རྒྱུས་ཟིན་པའོ་སྙམ་དུ་འཁོར་རྣམས་ཀྱིས་མི་འཛིན་པར་མཛད་དུ་གསོལ། ཞེས་ཞུས་པའོ། །དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདས་པ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེའི་དབྱིངས་ནི་མྱ་ངན་ལས་འདས་པའི་དབྱིངས་སོ། ངོ་བོ་ཉིད་ནི་རང་བཞིན་ནོ། སྤྱོད་པ་ནི་མྱང་འདས་དེ་ལ་སྤྱད་པར་གྱུར་པ་སྟེ་ཐོབ་པ། །གཤེགས་པ་དང་བྱོན་པ་ནི་འོད་གསལ་བར་འཇུག་པ་དང་ཟུང་འཇུག་ཏུ་བཞེངས་པ་གང་ཡིན་པ་སྟེ། དེ་དག་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཉིད་སྤྱད་པར་འགྱུར་བ་གཤེགས་པ་དང་བྱོན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ཡིན་ཏེ། མྱ་ངན་ལས་འདས་པ་མཐར་ཐུག་པ་ཐོབ་དེ་བས་ན་གསུང་རྡོ་རྗེའི་ཚིག་ལ་ཕྱིན་ཅི་ལོག་ཏུ་མ་རྟོག་ཅིག་ཅེས་བྱ་བར་སྦྱར་རོ། ༈ །གང་བཤད་མ་ཐག་པའི་རྣམ་པས་ཟབ་པ་འོད་གསལ་དུ་འཇུག་པ་དང་རྒྱ་ཆེ་བ་ཟུང་འཇུག་ཏུ་བཞེངས་པ ར་བསྟན་པ། དེ་ལ་


JLD004_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དགོས་པ་ནི་ཅི་ཞིག་ཡོད་ཅེས་རྟོག་པར་འགྱུར་བས་དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་གསུངས་ཏེ། ཚངས་པ་ལ་སོགས་པ་ཞེས་བྱ་བ་ནི། སྐྱེ་དགུའི་བདག་པོ་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ནི་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི། ཉོན་མོངས་པ་ཅན་པ་ཡིན་པའི་མ་རིག་པའོ། །སློབ་དཔོན་འདིའི་ལུགས་ཀྱིས་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་ལ། ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་དུ་བཞེད་པ་ལྟར་བྱ་ཡི། བདེན་འཛིན་ཤེས་སྒྲིབ་ལ་འཆད་པ་དགོངས་པ་མིན་ཏེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །དེའི་སེམས་པ་སྟེ་སེམས་གང་ལ་ཡོད་པ་དེ་ནི་བྱང་:པ་ཚབ:ཚངས་པ་ལ་སོགས་པ་བྱང་ཆུབ་ཆེན་པོ་སེམས་པ་ཞེས་འབྱུང་བ་དག་གོ །ཆུབ་སེམས་དཔའ་ཆེན་པོའོ། །མངོན་པར་ཤེས་པ་ཆེན་པོ་ནི་ཕྲ་བ་དང་ཡང་བ་ཉིད་ལ་སོགས་པ་འཇིག་རྟེན་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དོ་འོ་། །ཡེ་ཤེས་ནི་འཇིག་རྟེན་པའི་ཐམས་ཅད་མཁྱེན་པ་སྟེ། དེ་དག་ཐོབ་པའོ། དེ་ལྟར་ཡིན་དུ་ཟིན་ཀྱང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་མི་ཤེས་ནས་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པའོ། །དེ་རྣམས་ཀྱི་མཚན་ཉིད་ནི་སྒྱུ་མ་དང་མཚུངས་པའི་ཀུན་རྫོབ་ཀྱི་བདེན་པའོ། །ངོ་བོ་ཉིད་ནི་འོད་གསལ་བ་སྟེ་གཉིས་པོ་དེ་དག་གི་རྣམ་པར་དབྱེ་བ་མི་ཤེས་ནས། འདི་སྙམ་དུ་རྣམ་པར་རྟོག་གོ །ཅི་ཞེས་པ་ནི་སོམ་ཉིར་གྱུར་པའོ། །རྡོ་རྗེའི་བདག་ཉིད་འདི་ཞེས་བྱ་བ་ནི་སྟོན་པ་པོའོ། །ཆོས་ཐམས་ཅད་ནི་རྒྱུ་བ་དང་མི་རྒྱུ་བ་རྣམས་སོ། །གང་དེ་རྣམས་ཀྱི་ཆོས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་མཐར་ཐུག་པའི་


JLD004_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དེ་མངོན་པར་མ་ཤེས་ཤིང་མ་རྟོགས་ཀྱང༌། གསང་བའི་ཡི་གེ་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་གསང་བ་འཆད་དམ། ཡང་ན་ཤེས་ནས་སྟོན་ཅེས་སོམ་ཉིར་གྱུར་ཏེ། ཚངས་པ་ལ་སོགས་པ་དེ་རྣམས་ཀྱི་སོམ་ཉི་བཟློག་པར་བྱ་བའི་ཕྱིར་དང༌། བཅོམ་ལྡན་འདས་བདག་ཉིད་ཀྱིས་བདེན་པ་གཉིས་ཐུགས་སུ་ཆུད་པར་བསྟན་པར་བྱ་བའི་ཕྱིར། འོད་གསལ་བར་ཞུགས་པ་དང་བཞེངས་པ་སྟོན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཇམ་དཔལ་ལ་སོགས་པ་ལ་ཐེ་ཚོམ་མེད་ཀྱང་ཡོད་པ་ལྟར་བཅོས་ནས་ཞུས་པ་ནི། ཚངས་པ་ལ་སོགས་པ་ལ་ཐེ་ཚོམ་ཡོད་པས་དེ་རྣམས་བསལ་བའི་ཕྱིར་དུ་ཞུས་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་མི་བསྐྱོད་པ་ལ་སོགས་པ་དེ་རྣམས་ཀྱིས། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་རེ་ཤིག་:ཆག:བྱང་ཆུབ་ཆེན་པོ་སེམས་པ་ཁྱེད་རྣམས་ལྟ་ཅི་སྨོས་ཟེར། སེམས་དཔའ་ཆེན་པོ་ཁྱེད་རྣམས་ལྟ་ཅི་སྨོས་ཏེ། ཞེས་བྱ་བ་ལ་སོགས་པས་ནི་ཚངས་པ་ལ་སོགས་པ་ཡིན་པར་སྟོན་ཏོ། །སྐུ་དང་གསུང་དང་ཐུགས་གསང་བའི་ཡི་གེ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པ ར་བྱེད་པའི་ཡི་གེ་རྡོ་རྗེའི་ཚིག་འདུས་པའི་རྒྱུད་གསང་བ་མི་འགྱུར་བ་རྙེད་ནས་:པ་ཚབ:ཀྱང་ཟེར། རྙེད་ཅིང་སྟེ་རྡོ་རྗེ་འཆང་ཆེན་པོ་ལས་མངོན་སུམ་དུ་ཐོས་ཀྱང་ངོ༌། །སྐུ་དང་གསུང་དང་ཐུགས་ཀྱི་བྱང་ཆུབ་ཅེས་བྱ་བ་ལ། སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་བྱང་ཆུབ་ནི་འབྲས་བུ་མངོན་


JLD004_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པ་སྟེ། དེ་ནི་ངེད་ཀྱིས་ཀྱང་མངོན་སུམ་དུ་མ་བྱས་ན། ཚངས་པ་ལ་སོགས་པས་ལྟ་སྨོས་ཀྱང་ཅི་དགོས་ཞེས་མི་བསྐྱོད་པ་ལ་སོགས་པས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི། རང་གིས་མ་རྟོགས་པའི་རྒྱུ་མཚན་སྟོན་ཏེ། སྐྱེ་བ་མེད་པའི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་མངོན་པར་བྱང་ཆུབ་པ་ནི་རྒྱུ་འོད་གསལ་དང་འབྲས་བུ་ཟུང་འཇུག་གཉིས་སུ་དོན་དམ་པར་མེད་པའོ། །རྟོགས་པ་ཐམས་ཅད་ཀྱི་གཟུང་བྱའི་ངོ་བོ་ཉིད་དང་དོན་དམ་པར་ངེས་པར་བྲལ་བས་ན་ངོ་བོ་ཉིད་མེད་པའོ། །རྒྱུ་མཚན་གཉིས་པོ་དེ་ཉིད་ཀྱིས་ན་མི་འགྱུར་བ་སྟེ་དོན་དམ་པའི་བདེན་པའོ། །དེ་ལྟར་རྟོགས་པའི་འོད་གསལ་དེ་ལས་བྱུང་བ་ནི་རབ་ཏུ་སྐྱེས་པའི་ཟུང་འཇུག་པ། ༈ །དེ་ལྟར་དོན་དམ་པ་ལ་བསམས་ནས་རྡོ་རྗེ་འཆང་བའི་མངོན་པར་བྱང་ཆུབ་པ་མི་བསྐྱོད་པ་ལ་སོགས་པས་རྙེད་པར་དཀའ་བར་བསྟན་ནས། ཡང་སེམས་ཅན་ཐམས་ཅད་དང་རང་བཞིན་རྣམ་དག་ཐུན་མོང་བ་ཉིད་ཀྱིས་རྙེད་པར་སླ་བར་བསྟན་པར་བྱ་བའི་ཕྱིར། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བོད་པའོ། །སེམས་ཅན་ཆེན་པོའི་ཁོངས་སུ་གཏོགས་པ་ཞེས་བྱ་བ་ནི། སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་གནས་པ་ཞེས་པ་སྟེ། བྱང་ཆུབ་ནི་སེམས་ཅན་དེ་དག་གི་རང་བཞིན་དེ་ཁོ་ན་ཉིད་དུ་:པ་ཚབ:ཁོང་དུ་ཆུད་པ ར་བྱ་བ། །བྱང་ཆུབ་ཀྱི་


JLD004_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དེ་ལ་གནས་པ་ནི་དེ་ཉིད་ལ་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་ཞུགས་པར་གྱུར་ནའོ། །སངས་རྒྱས་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི་འདིར་རྒྱུ་གསུངས་པའོ། །ཀྱེ་མ་ནི་ངེས་པའོ། །སེམས་ཅན་དེ་དག་ནི་ཞེས་པ་ནི་ཁམས་གསུམ་པར་གཏོགས་པའོ། །:པ་ཚབ:[ སྐུ་གསུམ་རྡོ་རྗེ་འཛིན་པ་ཉིད་ཉེ་བར་བཟུང་ནས་སོ། ཞེས་རྒྱུད་ལས་འབྱུང་བ་འགྲེལ་བ་དང་མཐུན་ནོ། །སྐུ་གསུམ་རྡོ་རྗེ་ནི་ཆོས་ཀྱི་སྐུ་ལ་སོགས་པ་གསུམ་མོ། །དེ་འཛིན་པར་མཛད་པས་ན་སྐུ་གསུམ་རྡོ་རྗེ་འཛིན་པ་སྟེ་དྲུག་པའོ། །རྡོ་རྗེ་འཆང་དེའི་རང་བཞིན་རྣམ་དག་གི་ངོ་བོ་ཉིད་ཡིན་པས་ན་སྐུ་གསུམ་རྡོ་རྗེ་འཛིན་པ་ཉིད་དོ། །རང་བཞིན་རྣམ་དག་གིས་ཁྱབ་པ་དེ་ཉེ་བར་བླངས་པ་སྟེ་བཟུང་ཞི་ཤི་ང་རྒྱུ མཚན་དུ ར་བྱས་ནས་སེམས་ཅན་ཐམས་ཅད་ནི་སངས་རྒྱས་རྡོ་རྗེའོ་ཞེས་བྱ་བ གསུངས་པ ར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།:ཆག:དེ་ཐོབ་པ་ནི་འཐོབ་པ་པོའི་ངོ་བོས་གནས་པ་སྟེ་ཐོབ་པ་བཞིན་ཉེ་བར་གདགས་པས་སོ། །ཟེར། དེ་ཐོབ་པ་ནི་ཐོས་པ་དང་སྒོམ་པ་ལ་གནས་པ་འཐོབ་པར་གྱུར་པ་དང་འདྲ་བར་ཉེ་བར་གདགས་པར་མཛད་པོ་ཡིན་ནོ། ༈ །དེ་ལྟར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་དྲིས་ལན་རྣམ་པར་སྨྲ་བས། རྒྱུད་ཀྱི་སྟོན་པ་བཅོམ་ལྡན་འདས་རབ་ཏུ་མཉེས་ནས། དོན་དེ་ཉིད་རང་གི་གསུང་གིས་སྟོན་པར་མཛད་པ་བསྟན་པར་བྱ་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།


JLD004_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དག་ཅིང་ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་སོ། །དེ་རྣམས་ཀྱི་བདག་མེད་པ་ནི་འོད་གསལ་བ་ཉིད་དོ། །ཆོས་ཀྱི་དབྱིངས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །ཆོས་དབྱིངས་:པ་ཚབ:མ་ལུས་གནས་གྱུར་བ། ཟེར། །དེ་ནི་ངེས་པར་ཀདགའ་ཞིང་ཁལྷའི་འཁོར་ལོ་མ་ལུས་པའི་སྐྱེ་བའི་གནས་སུ་གྱུར་པས་༧ རྡོ་རྗེ་:ཆག:ཡང་དག་འབྱུང་སྟེ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་དག་བྱུང་བའོ་ཟེར། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའོ། །རྟོག་རྟོག་པ་ནི་སངས་རྒྱས་ཀྱི་རྣམ་པར་:པ་ཚབ་ཆགའཕྲུལ་བ་ཟེར། པ་ནི་བློའི་རྣམ་པར་འཕྲུལ་པ་ལ་སོགས་པའི་བྱ་བའོ། །སྨྲ་བ་ནི་འཇའ་ཚོན་ལྟར་སྣང་བར་གྱུར་ནས་ཆོས་སྟོན་པའི་ཕྱིར་རོ། །སྨྲ་མ་ཡིན་ཞེས་པ་ནི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་རིགས་པས་རྣམ་པར་བརྟགས་ན་མི་རྙེད་པའི་ཕྱིར་རོ། ༈ །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ངེས་པར་བྱས་ནས། སློབ་བཞིན་པའི་རྣལ་འབྱོར་པའི་སངས་རྒྱས་ཉིད་དུ་འགྲུབ་པའི་རྒྱུ་ཞུས་པ་དང༌། ལན་བསྟན་པའི་སྒོ་ནས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་ཏེ། དེ་རྣམས་ཀྱི་སྐུ་ལ་སོགས་པའི་དངོས་གྲུབ་རྣམས་གང་ལས་ཡང་དག་པར་འབྱུང་ཞིང་སྐྱེ་བར་འགྱུར། གང་ན་གནས་པ་སྟེ་གང་དུ་ཐིམ་པར་འགྱུར་ཞེས་བྱ་བ་ནི། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའོ། ༈ །རྡོ་རྗེ་འཆང་ཆེན་པོས་ལན་གསུངས་པ་ནི།


JLD004_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་:པ་ཚབ:ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དངོས་གྲུབ་ཐམས་ཅད་དང་ཡོན་ཏན་ཐམས་ཅད་ནས་ཁམས་གསུམ་གྱི་བར་ནི་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྒྱུན་ལས་གནས་སོ་ཞེས་པ་འགྲེལ་བའི་བཤད་པ་དང་མཐུན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྐུ་དང་གསུངས་དང་ཐུགས་ཀྱི་རྒྱུན་ནམ་རྒྱུད་ནི་སྐད་ཅིག་མ་གཅིག་ནས་གཅིག་ཏུ་འབྱུང་བ་སྟེ། དེ་ཉིད་མི་ཕྱེད་པས་རྡོ་རྗེ་སྟེ་སྒོ་གསུམ་འོད་གསལ་བར་ཞུགས་པའི་ཡེ་ཤེས་སོ་འོ་། །གནས་སོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད། འོད་གསལ་གྱི་ཡེ་ཤེས་དེ་ལ་རྟེན་ཅིང་དེ་ཉིད་ལས་སྐྱེ་བོ་ཞེས་བྱ་བར་བཟུང་སྟེ། དངོས་གྲུབ་ཐམས་ཅད་འབྱུང་བ་དང་:ཆག:གནས་པ་དང་འཇུག་པའི་རྒྱུ་ནི་རང་གི་སྐུ་ལ་སོགས་པ་གསུམ་མོ་ཟེར་གནས་པ་སྟེ་ཐིམ་པའི་རྒྱུ་སྐུ་གསུམ་མོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པའི་དངོས་གྲུབ་འབའ་ཞིག་སྐུ་ལ་སོགས་པ་:པ་ཚབ:གསུམ་ལས་འབྱུང་བར་ཟེར། སྐུ་གསུམ་ལས་འབྱུང་བར་མ་ཟད་ཀྱི། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡོན་ཏན་ཐམས་ཅད་དང་། ཁམས་གསུམ་ཡང་སྐུ་དང་གསུང་དང་ཐུགས་ལས་བྱུང་ཞིང་སྐུ་དང་གསུང་དང་ཐུགས་ཉིད་ལ་གནས་སོ། ཞེས་ལན་གསུངས་པའོ། །ཁམས་གསུམ་ཐམས་ཅད་སྒྲུབ་པ་པོ་རང་གི་ལུས་ངག་ཡིད་གསུམ་ལས་འབྱུང་བ་དང་། དེ་ལ་གནས་པ་ནི་མཐར་གཏུགས་པའི་རྩ་བ་འོད་གསལ་ཡིན་པ་དང་། གནས་པའི་ཚེ་ཡང་རང་བཞིན་དེ་ལས་མི་འདའ་བའི་དོན་ནོ། ༈ །དེ་བཞིན་གཤེགས་པཐམས་


JLD004_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་དང་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ :པ་ཚབ:་ཀུན་གྱི་རྒྱུ་མཚན་སྐུ་དང་ཟེར། དངོས་གྲུབ་ཀྱི་མཚན་མ་སྟེ། སྐུ་དང་གསུང་དང་ཐུགས་དང་ཁམས་གསུམ་སྟེ། ས་ལ་སོགས་པ་གང་ན་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའོ། ༈ །ནམ་མཁའི་དབྱིངས་ནི་ཡང་དག་པའི་མཐའ་སྟེ། དེ་ལ་གནས་སོ་ཞེས་བྱ་བ་ནི་ལན་ནོ། །འདིས་ནི་ཆོས་རྣམས་ཀྱི་མཐར་གཏུགས་པའི་དེ་ཁོ་ན་ཉིད་རྟོགས་དགོས་པར་སྟོན་ནོ། །ནམ་མཁའ་གང་ན་གནས་ཞེས་བྱ་བ་ནི། ཡང་དག་པའི་མཐའ་ཅི་ལ་གནས་ཞེས་ཡང་ཞུས་པའོ། །རྡོ་རྗེ་འཛིན་གྱིས་གསུངས་པ། གང་ན་ཡང་མ་ཡིན་ནོ་ཞེས་གསུངས་པ་ནི་ལན་ནོ། །འདིས་ནི་ཆོས་རྣམས་ཀྱི་ཡང་དག་པའི་མཐའ་ལས་གཞན་དུ་གྱུར་བའི་དེ་ཁོ་ན་ཉིད་གཉིས་པ་རྟོགས་རྒྱུ་མེད་པར་སྟོན་ནོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངོ་མཚར་དུ་གྱུར་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་མཚར་དུ་གྱུར་པ་ནི་རྣམ་པར་དག་པ་འོད་གསལ་བ་ལའོ། །རྨད་དུ་གྱུར་པ་ནི་འོད་གསལ་ལས་ཟུང་འཇུག་པའི་སྐུར་ལྡང་བ་ལའོ། །ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། ཞེས་བྱ་བ་ནི་དོན་དེ་ལ་ཐུགས་ཤིན་ཏུ་རབ་ཏུ་དང་བ ར་གྱུར་བ ས་བཟླས་པ་སྟེ་གསུངས་པ། །ཨེ་མའོ་རྡོ་རྗེ་ཡི་བཤད་པ། ཞེས་བྱ་བ་ནི། དེ་འདྲ་བའི་བཤད་པ་རྙེད་པར་དཀའ་བ་ཉིད་


JLD004_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ངོ་མཚར་དུ་གྱུར་པ་སྟེ། རྡོ་རྗེའི་ཞེས་པ་ཀུན་:ཆག:ཀུན་རྫོབ་དང་དོན་དམ་པ་བསྟན་པ་ནི། གང་དུ་དོན་དམ་པའི་བདེན་པ་གང་ལ་ཟེར། རྫོབ་དང་དོན་དམ་པའི་བདེན་པའོ། །གང་དུ་ཞེ་ན། དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པ་གང་ཡིན་པ་དེའི་ངོ་བོར་ནི་ལུས་དང་ངག་དང་སེམས་མེད་པ་དེ་རུ་སྟེ། དེ་ལ ས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བདག་ཉིད་ཅན་གྱི། ལྷའི་སྐུར་རྣམ་པར་བསྒོམ་ཞིང་སྐྱེད་པར་བྱེད་པ་ནི་ངོ་མཚར་གྱི་རྒྱུའོ། །འདི་ལེགས་པར་རྟོགས་ན་ངོ་མཚར་ཞིང་ཡིད་འཕྲོག་པ་འབྱུང་གི། དེ་ལྟ་མ་ཡིན་ན་ཚིག་ཙམ་མོ། ༈ །དེ་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་ངེས་པར་བྱས་ནས། དེ་འགྲུབ་པའི་ཐབས་བསྐྱེད་རིམ་པའི་ལྷའི་སྐུ་ཇི་ལྟར་བསྐྱེད་པར་བྱ་བ་དེ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་མཆོག་ནི་ལྷ་ཆེན་པོ་དང་ཁྱབ་འཇུག་དང་ཚངས་པའོ། །དེ་རྣམས་ཀྱི་མཆོག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་གསུམ་གྱི་དབང་ཕྱུག་མཆོག །ནི་ཞེས་བྱ་བ་ལ། རྡོ་རྗེ་གསུམ་སྟེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་མཆོག་ཅེས་པ། ཁྱད་པར་དུ་དབང་བསྐུར་བས་ན་རྡོ་རྗེ་གསུམ་གྱི་དབང་ཕྱུག་གོ །དེ་ཡང་སྐུ་ཡི་དབང་ཕྱུག་ནི་སྐུ་ཡི་སྤྲུལ་པ་དཔག་ཏུ་མེད་པ་ཅིག་ཅར་སྟོན་པའོ། །གསུང་གི་དབང་ཕྱུག་ནི་མཐའ་ཡས་པའི་སེམས་ཅན་རང་རང་གི་སྐད་ཀྱིས་ཅིག་ཅར་དུ་ཆོས་སྟོན་པའོ་དང༌་། དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་ནི་རྟོགས་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་མཁྱེན་པའི་དང་།


JLD004_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་གྱི་དབང་ཕྱུག་ནི་ཐུགས་བསྐྱེད་པ་ཙམ་གྱིས་མཐའ་ཡས་པའི་རྫུ་འཕྲུལ་སྟོན་པའོ། །ཀུན་འགྲོ འི་དབང་ཕྱུག་ནི་ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་པའོ། །་གནས་ཀྱི་དབང་ཕྱུག་དང༌། ཅི་འདོད་ཀྱི་དབང་ཕྱུག་ནི་འདོད་པ་ཙམ་གྱིས་འདོད་པ་རྫོགས་པར་བྱེད་ནུས་པའོ། །སྐྱེད་པར་བྱེད་པའི་དབང་ཕྱུག་ནི་འདོད་པ་ཙམ་གྱིས་བརྟན་གཡོ་སྣ་ཚོགས་པའི་གཟུགས་སུ་བསྐྱེད་པའོ་། །དང་ཡོན་ཏན་གྱི་དབང་ཕྱུག་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།༡བརྒྱད་པའོ། །ཞེས་གསུངས་པས་སོ། །འདི་རྡོ་རྗེ་དཔལ་མཆོག་ཆེན་པོ་ལས་གསུངས་པར་རྒྱུད་ཕྱི་མའི་འགྲེལ་པར་བཤད་དོ། དབང་ཕྱུག་བརྒྱད་འདྲེན་ལུགས་འདི་ནི་ཐུགས་རྗེ་དཔལ་ཞབས་དང༌། སྐལ་ལྡན་གྲགས་པ་དང༌། འགྱུར་གསར་གཉིས་ལྟར་ཡིན་ལ། རྒྱུད་ཕྱི་མའི་འགྲེལ་པར་དབང་ཕྱུག་དང་པོ་ལྔ་འདྲ་ཞིང༌། ལྷག་མ་གསུམ་ལ་འདོད་པ་དང༌། གནས་ཀྱི་དང་འཁོར་གྱི་དབང་ཕྱུག་ཟེར་ཏེ། རྒྱ་དཔེ་དང་བོད་དཔེ་གང་རུང་གཅིག་མ་དག་པ་འདྲའོ། །དངོས་གྲུབ་དངོས་གྲུབ་ཀྱི་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་བྱེད་དུ་གྱུར་བའི་རིག་པའི་རང་བཞིན་:པ་ཚབ:ཟེར། ཀུན་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པར་གྱུར་པའོ། །རིག་པའི་རང་བཞིན་གྱི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ། དེའི་སྒོམ་པ་ནི་བསྐྱེད་པའི་རིམ་པའོ། །དེ་བཤད་པར་མཛད་པ་ནི་གསུང་བའོ། །མཁའ་དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་ནི་སྤངས་རྟོགས་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་ཏེ། དེ་ཐམས་ཅད་མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར་ཞེས་བྱ་བ། འོད་གསལ་བའི་ནང་དུ་ཆུད་པར་


JLD004_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཞིང་བསམ་པར་བྱ བ་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པ། །དེ་ནས་སེམས་ཅན་གྱི་ཚོགས་ཐམས་ཅད་འོད་གསལ་དུ་ཞུགས་པའི་ངང་ལས་སྐུ་རྡོ་རྗེའི་རྒྱུར་གྱུར་པ་ཟླ་བའི་གཟུགས་སུ་བསྒོམ་མོ། །སྤྱི་བོར་རྡོ་རྗེ་རང་ཏུ་བསྒོམ། ཞེས་བྱ་བ་ལ། སྤྱི་བོར་ཏེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་པ་སྐུ་གསུམ་ལས་བྱུང་བ་ཞེས་པ་སྐུ་གསུམ་གྱི་བདག་ཉིད་ཅན་རྣམ་པར་འཕྲོ་བ་སྟེ། འོད་ཟེར་ལྔ་སྤྲོ་བ་དང་བསྡུ་བ་དང་ལྡན་པ་བསམ་པར་བྱའོ། །རྡོ་རྗེ་འཁོར་ལོ་ནི་མི་བསྐྱོད་པའི་ལྷ་རྣམས་ཀྱི་ཚོགས་ཏེ། དེའི་བདག་ཉིད་ཅན་གྱི་འཁོར་ཀྱི་གཟུགས་འཛིན་ཅིང་སྤྲོ་བར་བྱེད་པས་ན་འཁོར་ལོ་རྡོ་རྗེ་འཛིན་པ་སྟེ། དེ་ལྟ་བུའི་ལྷའི་སྐུ་བསམས་ན་རྣལ་འབྱོར་པས་བྱང་ཆུབ་སྟེ་མི་བསྐྱོད་པ་ཉིད་མྱུར་དུ་འཐོབ་པར་འགྱུར་རོ། །རིམ་པ་འདི་ཉིད་དང༌། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་འཁོར་ལོ་ལ་སོགས་པ་ཡོངས་སུ་གྱུར་པ་ལས། ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པའི་གསང་བ་འདི། རིགས་ཀྱི་བྱེ་བྲག་གིས་ལྷའི་གཟུགས་འཛིན་པའི་གསང་བ་རྣམ་པར་བསམ་པར་བྱ་སྟེ། གཞན་དུ་ཞེས་པ་བྱང་ཆུབ་པའི་རིམ་པ་ལྔར་བཤད་པ་ལས་རྣམ་པ་གཞན་གྱིས་བསྒོམས་ན། རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་གི་དངོས་གྲུབ་མཆོག་སྟེ། དངོས་གྲུབ་ཀྱི་རྒྱུར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ༈ །དེ་ལྟར་བདག་ཉིད་བསྐྱེད་


JLD004_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན།ཞེས་པ་དེའི་འོག་ཏུ་ཞེས་པ་འདི་བསྐྱེད་རིམ་གྱི་སྐབས་སུ་རིག་མ་འདུ་བྱ་བ་ལ་སྦྱར་ན། འོག་ནས་འབྱུང་བ་དང་མི་འགྲིག་པས་བསྐྱེད་རིམ་ལ་སྔོན་དུ་བསླབས་པའི་རྫོགས་རིམ་པའི་སྤྱོད་པ་སྟོན་པའི་འབྲེལ་སྟོན་པ་ལ་བྱའོ། །ཁམས་གསུམ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་གསུམ་ནི་ལུས་སོ། །དེ་ལས་བྱུང་བ་ནི་ལུས་དེའི་སྙིང་གར་གནས་པའོ། །རྒྱལ་མོ་ཆེན་མོ་ནི་ལྷ་མོ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྙིང་ག་ནས་ཕྱུང་ནས་རང་གི་རིག་མར་བྱེད་པ། །མཉེས་པར་བྱེད་མ་ནི་དབང་ཚིམ་པར་བྱེད་ཅིང་། :པ་ཚབ:ཟེར། བསྐུར་པར་བྱེད་ཅིང༌། ཀུན་ཏུ་དགའ་བ་སྐྱེད་པར་རྣམ་པར་བསམ་ཞིང་བལྟ་བར་བྱའོ། །དེ་ལྟར་བྱས་པས་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་སྐུ་གསུམ་གྱིས་མཚན་པ། ཞེས་བྱ་བ་སྟེ། རྡོ་རྗེའི་སྐུ་སྟེ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཀྱིས་ཞེས་པ་ནི། འདི་ཡེ་རྒྱ་ལ་བརྟེན་པ་ཡིན་ཞིང༌། ལས་རྒྱ་ལ་བརྟེན་པ་འོག་གནས་སྟོན་པས་བསྒོམས་པའི་དབང་པོ་གཉིས་ལ་བྱའོ། །མཚན་པའི་ཉམས་སུ་མྱོང་བ་གསུམ་སྟེ། ཆགས་པ་དང་ཆགས་པ་དང་བྲལ་བ་དང་ཆགས་པ་བར་མ་སྟེ། དེ་ལ་ནི་རྡོ་རྗེ་སྐུ་གསུམ་གྱིས་མཚན་པ་ཞེས་བྱའོ། །འདིར་སྟོང་པ་གསུམ་མིན་པ་བཞི་པ་མ་སྨོས་པ་ནི་འདི་འོད་གསལ་མངོན་དུ་བྱེད་པའི་ཆེད་ཡིན་པས་ཤུགས་ཀྱིས་རྟོགས་ནུས་པ་ལ་དགོངས་སོ། །ཁྱུ་མཆོག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པ་སྟེ་འདི་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པ། །ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གང་ཞིག་འདི་དག་ཅེས་བྱ་བ་གསུངས་ཏེ་གང་ཞིག་འདི་


JLD004_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྒོམ་པ་ཡི། ཞེས་བྱ་བ་ནི་བདེན་པ་མཐོང་བའོ། །བྱང་ཆུབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་སེམས་པའི་སེམས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། བསྐྱེད་པའི་རིམ་པ་དང་རྗེས་སུ་མཐུན་པར་གནས་པ་སྔོན་དུ་བཏང་ནས། རྫོགས་པའི་རིམ་པ་ལ་གནས་པས་གྲགས་ཆེན་ཏེ་མཐུ་ཆེན་ཐོབ་པ་རྣམས་སོ། །གཟི་ཆེ་བའམ་འོད་ཆེན་པོ་ནི་བརྩོན་འགྲུས་ཀྱི་བརྟུན་པ་ཅན་ནོ། །ཞག་བདུན་གྱིས་ཞེས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་ཡུན་རིང་པོ་མི་ཐོགས་པར་འཐོབ་པའི་དོན་ཡིན་གྱི་ཞག་བདུན་ལས་མི་འདའ་བའི་དོན་མིན་ནོ་འོ་། །སྐུ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེའི་དངོས་གྲུབ་འཐོབ་པར་འགྱུར་བའོ། ༈ །སེམས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལ་སེམས་བརྟན་པ་མེད་པ་རྣམས་ཀྱིས། :པ་ཚབ་ཆག:ཕྱི་རོལ་གྱི་ཟེར། ཁ་ཅིག་ཆག་འགྱུར་གྱི་དེ་མི་འཐད་དེ། རྒྱ་དཔེ་ལ་དགག་སྒྲ་གསལ་བར་མེད་ཅིང༌། འགྲེལ་པར་སེམས་བརྟན་པ་ཞེས་བཤད་པ་དང་འགལ་བས་སོ། ཞེས་པ་དེ་ནི་མི་འཐད་དེ། འགྲེལ་པར་སེམས་བརྟན་པ་ཞེས་པའི་འགྱུར་བཅོས་པ་ཡིན་པས་གནོད་བྱེད་དུ་མ་རུང་བའི་ཕྱིར་དང༌། ལེའུ་བཅུ་དྲུག་པའི་འགྲེལ་པ་ལས་ཀྱང་ཕྱི་རོལ་གྱི་ཕྱག་རྒྱ་ལ་ལྟོས་པ་མེད་པ་རྣམས་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་སྦྱིན་པར་བཤད་པས། སེམས་བརྟན་པའི་དོན་ནི་ཁམས་མི་འཛག་པ་མིན་པའི་ཕྱིར་རོ། །དེས་ན་འགྱུར་གསར་གཉིས་ཀ་མཐུན་པར་འབྱུང་བ་ལྟར་བྱའོ། །ཡེ་རྒྱ་དང་སྙོམས་པར་འཇུག་པ་ལ་སེམས་བརྟན་པ་ནི་ཡེ་རྒྱ་ལ་བརྟེན་ན། ཕྱི་རོལ་གྱི་ཕྱག་རྒྱ་ལ་མི་ལྟོས་པར་དེའི་དགོས་པ་སྒྲུབ་ནུས་པའི་རིགས་ཅན་གཅིག་ཡོད་པས། དེས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་ཡིན་ནོ། །བརྟན་པ་ཐོབ་པས་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས། མཆོག་ཏུ་བདེ་བ་ཉམས་


JLD004_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱོང་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱས་པའི་ཡབ་ཡུམ་གྱི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པ་རྣམས། གང་དུ་ཐིག་ལེའི་གཟུགས་ཀྱིས་གཅིག་ཏུ་གྱུར་པ་དེ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྡུས་པའོ། །བསྡུས་པ་དེ་གང་ན་གནས་པ་ཡིན་ཞེ་ན། གསང་བ་སྟེ་ཡུམ་གྱི་ཆོས་འབྱུང་བ འི་ནང་དུ་གནས་པ། །དེའི་སྒྲུབ་པའི་ཡན་ལག་ཉིད་ཀྱིས་སྒྲུབ་པའི་ཆོ་ག་ནི་གསང་གསང་བའི་གསང་:པ་ཚབ:བ་ཟེར། བ་ཆེན་པོ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །སྐུ་དང་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། ཞེས་བྱ་བ་ནི། ས་མ་ཡཱ་ཏི་མཉམ་པར་འགྲོ་ཞིང༌། ཨ་ནུ་ཡཱ་ཏི་རྗེས་སུ་འགྲོ་བར་བྱེད་དོ་ཞེས་པ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དང་མཉམ་ཞིང་རྗེས་སུ་སྟེ་ཆ་འདྲ་བར་འགྲོ་བ ར་བྱེད་པ ས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་སྒྲུབ་པ་པོས་བསྒོམས་པའི་ཕྱག་ཆེན་ནོ་འོ་། །དོན་ནི་བསྒྲུབ་པ་པོའི་མངོན་པར་འདོད་པའི་དོན་ཏེ་ཀུན་ཏུ་དགའ་བ་ལྷན་སྐྱེས་ཀྱི་བདེ་བ། །དེ་འཁྱུད་པ་ལ་སོགས་པས་བརྟགས་ཤིང་རྫོགས་པར་བྱེད་པས་ན། ཕྱག་རྒྱ་ཆེན་པོའི་དོན་བརྟགས་པ་སྟེ། ལུས་དང་ངག་དང་སེམས་དམ་ཚིག་གི་ཕྱག་རྒྱ་ཆེན་པོའི་དོན་བརྟགས་པ་དེས་ལྷན་ཅིག་ཆོས་སྤྱོད་པ་དང༌། སྐུ་གསུང་ཐུགས་ཀྱི་:པ་ཚབ:དམ་ཚིག་ཀྱང་ཡིན་ལ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ་ཡང་ཡིན་པའི་ལྷན་ཅིག་ཆོས་སྤྱོད་མ་དེ་དང༌། ཟེར་ཏེ་ཆོས་སྤྱོད་མ་ལས་རྒྱ་དེ་དང་ལྷན་ཅིག་ཏུ་འདོད་


JLD004_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་འདོད་ཆགས་དང་བྲལ་བ་དང༌། ཆགས་པ་བར་མ་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་ཤེས་པའི་རྒྱུར། ཆོ་ག་བཞིན་དུ་ཕྱག་རྒྱ་འདུས་བྱས་བའི་ཆོ་ག་སྔོན་དུ་འགྲོ་བས། སྒྲུབ་པ་པོ་གང་གིས་གཉིས་ཀ་ལྷར་བསྒོམས་ཤིང་ཉེ་བར་སྤྱད་ན་དེ་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། རྫོགས་རིམ་ལ་མཉམ་པར་འཇོག་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་རྣམ་པ་སྟོན་པ་ཡིན་ཏེ། སྒྲུབ་པ་པོ་ཐམས་ཅད་ཅེས་བྱ་བ་ནི། རྟོག་པའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་ལུས་དང་ངག་དང་སེམས་ཀྱི་ཡུལ་མ་ཡིན་པས་གསང་བ་སྟེ་ཚིག་དེ། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །གལ་ཏེ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་མཆོག་རྡོ་རྗེ་འཆང་ཆེན་པོ་དེའི་བདག་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པར་འདོད་ཅིང༌། བསྒོམས་ན་ལག་པའི་སྐད་དོད་ཧསྟ་ལ་ངེས་ཚིག་གིས། པ་ཧྱཾ་ནི་ཕྱི་རོལ། དེ་བ་ཏཱ་ལྷ་སྟེ་ཕྱི་རོལ་གྱི་ལྷ་ལ་མངོན་ཞེན་བྱེད་པ་ལ་ལག་པའི་ཕྱག་རྒྱར་བྱེད་པས། སྒྲ་ཇི་བཞིན་པ་མ་ཡིན་པར་སྨྲ་མོད་ཀྱང༌། གཞུང་གི་དགོངས་པ་སོར་བཞག་ཡིན་ནོ། །ལག་པའི་ཕྱག་རྒྱ་ཕྱི་རོལ་གྱི་ལྷ་ལ་མངོན་པར་ཞེན་པར་བྱེད་པ་ཡིན་ལ། དེ་མི་བཅིང་སྟེ། བདག་ཉིད་རྡོ་རྗེ་སེམས་དཔའ་ནི། བདེ་སྟོང་གཉིས་སུ་མེད་པའི་བདག་ཉིད་མངོན་སུམ་སྟེ་དངོས་ཡིན་ན དེ་བཞག་ནས་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་གཞན་ནས་ཅི་ཞིག་ཚོལ། ཏེ་ཚོལ་མི་དགོས་ཞེས་གསུངས་པས་སོ། །སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། དོན་ཐམས་ཅད་སྒྲུབ་པའོ་


JLD004_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་སྔགས་རྣམས་ནི་སྔགས་རྣམས་ཐམས་ཅད་ཏེ། དེ་ལྟ་བུའི་གསང་བ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱི། དམ་ཚིག་འདི་ནི་རྒྱལ་བ་རྣམས་ཀྱང་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང༌། གསང་བ་འདུས་པ་ལ་མངོན་པར་བརྩོན་པས་ལག་པའི་ཕྱག་རྒྱ་མི་བཅིང་ངོ༌། ཞེས་བྱ་བའི་དམ་ཚིག་འདི་ལས་དེ་འདའ་བར་མི་མཛད་དོ། ༈ །གསང་བ་འདུས་པར་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་སྐུ་རྡོ་རྗེ་ནི་ལུས་སོ། །དེ འི་རིགས་དང་ལྡན་པ་ནི་ལུས་ལས་བྱུང་བའི་བཤང་གཅི་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་བཟའ་བའི་སྒོ་ནས་ཉམས་སུ་བླང་བར་བྱ་བ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤང་བ་ལ་སོགས་པ་ལ་སྨད་ཅིང་བཤུང་བ་སྟེ་ཐ་ཆད་ཉིད་དུ་སྔགས་པས་མི་བྱའོ། །མི་སྨད་པ་དེ་བས་ན་ཆོ་ག་བཞིན་དུ་སྟེ་འཁྱུད་པ་དང་ལ་སོགས་པ ས་ལས་ལ་གནས་པའི་སྦྱོར་བ་སྟེ་ཐབས་ཀྱི ས། ཁུ་བ་ལ་སོགས་པའི་བདུད་རྩི་གང་ཡང་དག་པར་བསྐྱེད་པ་དེ་རྟག་ཏུ་བཟའ་བར་བྱ་ཞིང་ཉེ་བར་སྤྱད་པར་བྱའོ། །ཅིའི་ཕྱིར་ཞེ་ན། བདུད་རྩི་བསྟེན་པའི་གསང་བ་འདི་རྡོ་རྗེ་གསུམ་བྱུང་ཡིན། ཞེས་བྱ་བ་སྟེ། ལུས་དང་ངག་དང་ཡིད་བདེ་བར་གནས་པར་བྱེད་པའི་བཅུད་ཀྱི་ལེན་ཏོ་ཞེས་བྱ་བའི་བར་དུའོ། །སྙོམས་


JLD004_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གིས་བསྐྱེད་པའི་ཁུ་བ་སོགས་ཟོས་ན་རང་གི་ཁམས་འཕེལ་ནས་བདེ་བ་འདྲེན་པའོ། །འོ་ན་སྔར་བཤང་གཅི་ཟ་བ་གསུང་དང༌། ཁུ་ཁྲག་ཟ་བ་ཐུགས་ཀྱི་བཟའ་བའི་དམ་ཚིག་ཏུ་བཤད་པ་དང༌། འདིར་དེ་བཞི་ཀ་ཟ་བ་སྐུའི་དམ་ཚིག་ཏུ་བཤད་པ་དང་འགལ་ཞེ་ན་མི་འགལ་ཏེ། རྫས་འདི་དག་གི་ངོ་བོ་འདྲ་ཡང་ངོ་བོ་དང་གང་ཟག་དང༌། རིགས་དང༌། བྱེད་ལས་ཀྱི་སྒོ་ནས་རིགས་སོ་སོའི་དམ་ཚིག་ཏུ་འཇོག་པ་དུ་མ་ཡོད་པའི་ཕྱིར་དང༌། སྲོག་གཅོད་སོགས་བཞིའི་དམ་ཚིགས་རིགས་གསུམ་གའི་དམ་ཚིག་ཏུ་བཤད་པས། དམ་ཚིག་གསུམ་མི་འགལ་བའི་ཕྱིར་རོ། ༈ །དོན་བདུད་རྩི་ཟ་བ་དེ་ཉིད་ལས་བརྩམས་ཏེ་གསུང་གི་རྡོ་རྗེ་ནི་རང་གི་ལྕེའོ། །དེ འི་དམ་ཚིག་ནི་དེས་བསྐྱོད་པ་ལས་བྱུང་བའི་ཁུ་བ་སོགས་ཟ་བ་བསྟན་པར་བྱ་བའི་ཕྱིར། ཁམས་གསུམ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་དང་འབྲིང་དང་ཐ་མའི་བུད་མེད་ཅི་སྙེད་ཡོད་པ་དེ་རྣམས་ཀྱི་ཁམས་གསུམ་གྱི་ལམ་ནི་ཉམས་དགའ་བ་སྟེ། ཁམས་གསུམ་ནི་སེམས་ཅན་རྣམས་སོ། དེ་རྣམས་ཀྱི་ལམ་ནི་བགྲོད་པར་བྱ་བ་ཡིན་པས་ན། ཁམས་གསུམ་གྱི་ལམ་ནི་སྙོམས་པར་འཇུག་པའི་ལམ་སྟེ་པདྨའོ། །དེར་ཉམས་དགའ་བ་ནི་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པའོ། །ཐམས་ཅད་ནི་འདོད་པའི་གདུགས་ཏེ་རྩ་དབུ་མ་དང་ཟླ་བ་གང་བ་སྟེ་རྐྱང་མ་དང༌། རུས་སྦལ་གྱི་རྒྱབ་ལྟ་བུ་སྟེ་རོ་མ་ཞེས་བྱ་བ་ལ་སོགས་པའི་རྩ་སྦུབས་ཐམས་ཅད་ཆོ་ག་བཞིན་ཏེ། ཤེས་རབ་མ་རྗེས་སུ་མཉེས་པར་བྱེད་པ་ལ་སོགས་པའི་ཆོ་ག་འཁྲིག་ཐབས་ཀྱི་བྱེད་པ་སོར་མོས་བསྐུལ་བ་དང་བཅས་པ་སྔོན་དུ་བཏང་ན ས། ངག་གི་རྡོ་རྗེ་སྟེ་རོ་འཛིན་གྱི་བྱ་བ་དག་གིས་མ་ཕྱིན་གྱི་


JLD004_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བསྐྱོད་པར་བྱ་:པ་ཚབ་ཆག:ཞིང་ཟེར་ཏེ། མ་ཕྱིན་གྱི་བར་དུ་ཞེས་པ་ནི་ཡུམ་གྱི་རྡོ་རྗེ་དབྱིངས་ཕྱུག་མ་ངྷཱུ་ཏཱིའི་རྩའི་མར་སྣ་བྱེ་ནས་བདུད་རྩི་འཛག་པ་མ་བྱུང་གི་བར་དུ་ཡིན་ཏེ། རྩ་དེ་ཁ་བྱེ་བའི་རྟགས་ཤེས་པར་བྱའོ། །རོ་འཛིན་གྱི་སྟེ་ལྕེའི་ཐུར་མའི་བྱ་བས་རྩ་གསུམ་བསྐྱོད་ལ་ཀུན་ཏུ་ལོངས་སྤྱོད་ཅིང་དགའ་བར་བྱའོ། །རྩ་དེ་ལས་བྱུང་བ འི་བདུད་རྩི་རྣམས་སྨད་པར་མི་བྱ་ཞིང༌། སོར་མོ་དང་ལྕེས་བརྩལ་བ་ལས་བྱུང་བ་དེ་ཡོངས་སུ་སྤང་བར་མི་བྱ་སྟེ། ལྕེས་བླང་ལ་མྱང་བར་བྱའོ་ཞེས་བྱ་བའི་བར་དུའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཐུགས་རྡོ་རྗེ་ནི་བུད་མེད་ཀྱི་སེམས་སོ། །དེའི་དམ་ཚིག་གསུངས་པ་ཡིན་ཏེ། རྡོ་རྗེ་སྐུ་ནི་སེམས་དེ་དགའ་བར་བྱེད་ཅིང་མི་དགའ་བར་མི་བྱེད་པའོ། །རྡོ་རྗེ་སྐུ་གསུམ་ལ་གནས་པ། :པ་ཚབ:ཟེར། གསུང་ལ་གནས་པ། ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་དོ། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། ཞེས་བྱ་བ་ནི། པདྨ་ཅན་ཞེས་བྱ་བ་ལ་སོགས་པའི་བུད་མེད་རྣམས་སོ། །བུད་མེད་དེ་རྣམས་རྡོ་རྗེ་གསུམ་གྱི་དམ་ཚིག་གིས། ཞེས་བྱ་བ་སྟེ། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ཀྱིས་མགུ་ཞིང་དགའ་བར་བྱའོ། །ཐུགས་ཀྱི་རྡོ་རྗེ་མི་སྨད་དོ། །ཞེས་བྱ་བ་ནི། བུད་མེད་དེ་རྣམས་ཀྱི་ཐུགས་ཏེ་སེམས་འབྱུང་བར་ཏེ་སྨོད་ཚིག་གིས་སུན་དབྱུང་བར་མི་བྱ་བ་སྟེ།:ཆག:ལུས་ཀྱི་རྩ་བ་སེམས་ཡིན་པའི་ཕྱིར་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལུས་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ། པ་ཚབ་དང་ཡང་མཐུན་ཞིང་ལེགས་སོ། །དེའི་དོན་ནི་སྒྲུབ་པ་པོའི་བྱང་ཆུབ་ཀྱི་སེམས་ཀུནྟ་ལྟ་བུ་འཕེལ་བའི་རྩ་བ་ནི་པདྨ་ཅན་ལ་


JLD004_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ལུས་ཡིན་ལ་དེའི་ལུས་ཀྱི་རྩ་བ་ཡང་ཕྱག་རྒྱ་མ་དེའི་སེམས་ཡིན་པས་སྨོད་ཚིག་གིས་དེའི་སེམས་སུན་མི་དབྱུང་ཞེས་པའོ། །ཁ་ཅིག་སུན་དབྱུང་བར་མི་བྱ་བའི་སྐད་དོད་ལ་འདོད་ཆགས་དང་བྲལ་བར་མི་བྱ་ཞེས་པར་ཡོད་པས། ཐིག་ལེ་ཉམས་པས་འདོད་ཆགས་དང་བྲལ་བར་མི་བྱ་བ་ལ་འཆད་པ་ནི་སྐབས་དོན་མ་རྟོགས་པར་སྣང་སྟེ། ཐུགས་ཀྱི་རྡོ་རྗེ་མི་སྨོད་པ་ནི་སྨོད་ཚིག་གིས་བུད་མེད་ཀྱི་སེམས་མི་དགའ་བར་མི་བྱ་བའི་དོན་ཡིན་གྱི། སྒྲུབ་བ་པོ་རང་གི་སེམས་ལ་བྱེད་པ་མིན་པའི་ཕྱིར་རོ། །དེས་ན་སྐད་དོད་ལ་སྤྱིར་ཆགས་བྲལ་ལ་བསྒྱུར་དུ་བཏུབ་ཀྱང༌། སྐབས་འདིར་ནི་ཡིད་འབྱུང་བར་རམ། སུན་དབྱུང་བར་མི་བྱ་བའི་དོན་ལ་བསྒྱུར་དགོས་སོ། །འདི་ལ་དགོངས་ནས། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། ཞེས་པའི་བཅས་པ་ཡང་མཛད་དོ། །སེམས་ཀྱི་རྩ་བར་གྱུར་པ་ནི་ལུས་ཡིན་ལ། ལུས་ཀྱི་རྩ་བར་གྱུར་པ་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་དམ་ཚིག་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་གོ །ཐུན་མོང་མ་ཡིན་པས་ན་ཆེན་པོ་སྟེ་དེ་སྟོན་པར་མཛད་པས་རྡོ་རྗེ་འཆང་ཆེན་པོ་དེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་སྟེ་སྡུད་པར་བྱེད་པའི་ཚིག་གོ ། ༈ སྤྱོད་པ་གསུམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས། ཕྱི་རོལ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་མངོན་པར་ཞེན་པ་བསལ་བར་བྱ་བའི་ཕྱིར་དང༌། བདག་ཉིད་ལྷག་བའི་ལྷར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཏེ་དེས་བསྟན་པའོ། །དམན་པ་ལ་མོས་པ་རྣམས་ལ་སྦ་བར་བྱ་བ་ཡིན་པས་ན། གསང་བའི་རྡོ་རྗེ་སྟེ་དེ་སྟོན་པར་མཛད་པའོ། །མདོར་ན་ཞེས་བྱ་བ་ནི། མདོར་བསྡུས་ན་ཞེས་


JLD004_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དེ་གང་མདོར་བསྡུས་པ་ཡིན་སྙམ་ན། ཕུང་པོ་ལྔ་དང༌། དབང་པོ་ལྔ་དང༌། ཡུལ་ལྔ་དང༌། ཁམས་ལྔ་སྟེ་ཉི་ཤུ་པོ་རེ་རེ་ལ་རིགས་ལྔ་ལྔར་ཕྱེ་བའི་རིགས་བརྒྱ་མདོར་བསྡུས་ན་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ལྔར་ནི་རབ་ཏུ་གྲགས་པ། དེ་ནི་ཕུང་པོ་ལྔ་སྟེ། རང་གི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལས་གཞན་མ་ཡིན་ནོ།དེ་ལས་མ་གཏོགས་བའི་ཞེས་པ་འགྱུར་གསར་གཉིས་ཀ་ལ་མེད་པ་ལྟར་བྱའོ། །དེ་ལས་མ་གཏོགས་པའི་ཕྱི་རོལ་ན་གཟུང་བར་བྱ་བ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ་ཞེས་རྟོག་པར་བྱེད་པ་དེ་བཟློག་པར་བྱ་བའི་ཕྱིར། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད་པ་ལ་གཙོ་བོ་སྟེ་དབང་བྱེད་པར་གྱུར་པས་ན། རྡོ་རྗེ་སྟེ་དབང་པོ་རྣམས་སོ། །དེའི་སྐྱེ་མཆེད་ནི་རྣམ་ཤེས་ཀྱི་གནས་ཏེ་མིག་ལ་སོགས་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ། ཞེས་བྱ་བ་སྟེ། སའི་སྙིང་པོ་ལ་སོགས་པ་རྒྱལ་བའི་སྲས་རྣམས་ཀྱི་འཁོར་ལོ་གང་ཡིན་པ་དེ་དག་ཀྱང། དབང་པོ་ཉིད་ལས་གཞན་ན་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཡོད་པ་མ་ཡིན་ནོ། །གང་ཕྱི་རོལ་གྱི་སྤྱན་ལ་སོགས་པའི་རིག་པ་རྣམས་རང་གི་ལྷར་མངོན་པར་ཞེན་པ་དེ་རྫོགས་པ་སྟེ་བསལ་བ འི་ཐབས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དུ་གྲགས་པ་སྲིད་པ་གསུམ་མོ། །སྣོད་བཅུད་དེ་གང་གིས་ཀུན་ཏུ་


JLD004_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ཤིང་ངེས་པར་སྐྱེད་པར་བྱེད་པ་དེ་ནི། ཁམས་གསུམ་བསགས་པ་སྟེ་ས་ལ་སོགས་པའོ། །དེ་ཀུན་ཏུ་འོད་གསལ་བར་འཇུག་པ་དང་གནས་པས་ན་རྡོ་རྗེ་སྟེ་དེ་ཕྱུང་བར་གྱུར་པའོ། །དེས་ན་ཁམས་གསུམ་གྱི་འཁོར་ལོ་འདི་ཞེས་པ་འགྲེལ་བ་དང་མི་མཐུན་པས། ཁམས་གསུམ་:པ་ཚབ:སྡུད་པ་རྡོ་རྗེ་ཉིད་ཀྱི་ཞེས་པ་དག་གོ །ས་ལ་སོགས་པ་གང་ཡིན་པ་རྣམས་སྤྱན་ལ་སོགས་པར་ཡོངས་སུ་བརྟགས་པ་ནི། ཟིན་པ་དང་མ་ཟིན་པའི་སའི་ཁམས་ལ་སོགས་པ་ལས་སྤྱན་ལ་སོགས་པ་གུད་ན་མེད་པའོ། །འདིར་སྒྲུབ་པ་པོ་ལས་རྒྱུད་ཐ་དད་པའི་སངས་རྒྱས་དང་བྱང་སེམས་ཡོད་མོད་ཀྱང༌། སྒྲུབ་པ་པོའི་ཕུང་སོགས་ལས་གཞན་ན་དེ་རྣམས་མེད་དོ་ཞེས་པ་ནི། རང་ཉིད་ཀྱི་ཕུང་སོགས་ལྷར་བསྒོམས་ནས་མཆོད་པ་སོགས་ཀྱི་བྱང་ཆུབ་མྱུར་དུ་སྟེར་གྱི། ཕྱི་རོལ་གྱི་ལྷ་བསྒོམས་ནས་མཆོད་པ་སོགས་ལ་ཞེན་ན་དེ་ལྟར་མི་འགྲུབ་པས་དེ་སྐད་དུ་གསུངས་སོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། མཁའ་དབྱིངས་རྡོ་རྗེ་ནི་ཁམས་ལྔ་པ་ནམ་མཁའི་ཁམས་སོ། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་མཉམ་པར་ཁྱབ་ཅིང་རྗེས་སུ་འགྲོ་བས་ན། དམ་ཚིག་སྟེ་ནམ་མཁའི་ཁམས་དེ་ཉིད་རྡོ་རྗེ་འཛིན་པའི་ངོ་བོ་ཡིན་ནོ། ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའོ། །གནས་ནི་སྤྱན་ལ་སོགས་པའི་ངོ་བོ་ས་ལ་སོགས་པའི་ཁམས་ལྔ་སྟེ། དེ་རྣམས་ཀྱི་དབང་ཕྱུག །རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། ༈ །དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་ཕུང་པོ་ལྔའི་ངོ་བོ་ཉིད་དུ་བསྟན་ནས། འཁོར་རྣམས་ལ་ཞུ་བའི་


JLD004_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དབྱེ་བའི་དོན་དུ་ཅང་མི་གསུང་བར་བཞུགས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང༌། སའི་སྙིང་པོ་ལ་སོགས་པ་དང་སྤྱན་ལ་སོགས་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་ཕུང་པོ་ལྔ་ལ་སོགས་པ་དང་གཉིས་སུ་མེད་པ་ཉིད་དོ། །དེ་ལ་བཞུགས་པ་ནི་སྟོན་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཐུགས་རྩེ་གཅིག་ཏུ་སྙོམས་པར་ཞུགས་པར་མཛད་པའོ། །སྙོམས་པར་ཞུགས་ནས་ཀྱང་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་བཀོད་པ་ཐམས་ཅད་བསྡུས་ཏེ། སྟོན་པ་རང་གི་ཕུང་པོ་ལྔ་ལ་སོགས་པའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ། སྐུ་དཀྱིལ་གྱི་གནས་ཇི་ལྟ་བ་བཞིན་དུ་གནས་པ་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་པ་སྟེ། ཞུ་བའི་སྐབས་ཕྱེ་བར་མཛད་ནས་དོན་དམ་པའི་བདེན་པ་ལ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། ༈ །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ རྡོ་རྗེ་འཆང་གི་གསུང་གི ས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངས་སུ་མཁྱེན་ནས། རྒྱུད་ཀྱི་སྟོན་པ་པོའི་ཡུལ་ལ་ཇི་ལྟར་བལྟ་བར་བྱ་བའི་ངོ་བོ་ཉིད་ཤེས་པར་བྱ་བ་


JLD004_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

སོམ་ཉི་སྐྱེས་ནས། བཅོམ་ལྡན་འདས་མི་སྣང་བར་གྱུར་པས་ཞུར་མེད་པ་དང༌། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་འདྲི་བ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་པ་ནི་བོད་པའོ། །དེ་བཞིན་གཤེས་པ་ཐམས་ཅད་ནི་རྫོགས་པ་དང་མ་རྫོགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་ནི། དེ་ཁོ་ན་ཉིད་དེ་དེ་སྟོན་པའི་གཞུང་བསྡུས་པ་ནི་འདུས་པ་སྟེ། དེར་དབང་བསྐུར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་ཞིང་བདག་པོར་མཛད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྟོན་པས་ན་སློབ་དཔོན་ཏེ། སློབ་དཔོན་གྱི་སྐད་དོད་ཨཱ་ཙརླ་ལ་ངེས་ཚིག་གིས་ཨཱ་ཙཱ་རཱཾ་སྤྱོད་པ་དརྵ་ཡ་ཏི་སྟོན་པ་སྟེ་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཁྱེད་རྣམས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཞེས་པ་བདག་ཅག་རྣམས་ཀྱིས། ཇི་ལྟར་རྣམ་པ་གང་གིས་བལྟ་བར་བྱ་ཞིང་ཤེས་པར་བགྱི་ཞེས་བྱམས་པས་བསྐུལ་བ་དང༌། ༈ །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། སྟོན་པ་པོ་དེ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་ཞེས་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་སྟེ་རྡོ་རྗེ་འཆང་ཆེན་པོ་དང༌། སློབ་དཔོན་ནི་མི་བསྐྱོད་པ་སྟེ་གཉིས་པོ་འདི་དག་ནི་རྣམ་པ་གཉིས་སུ་དབྱེར་


JLD004_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། རྒྱུ་རྡོ་རྗེ་འཆང་དང་འབྲས་བུ་མི་བསྐྱོད་པ་གཉིས་ཐ་མི་དད་ཅིང་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱིས་དབྱེར་མེད་པ་ཉིད་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ། རིགས་ཀྱི་བུ་ཞེས་བྱ་བ་ནི་བྱམས་པ་ལ་བོད་པའོ། །མདོར་བསྟན་ན་ཞེས་བྱ་བ་ནི། ཤིན་ཏུ་མདོར་བསྡུས་ན་ཞེས་བྱ་བའི་དོན་ཏོ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ནི། ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཇི་སྙེད་འཁོད་ཅིང་བཞུགས་པ་རྣམས། ཆོས་ཀྱི་སྐུ་ལ ས་དུས་ནམ་ཡང་མི་གཡོ་བས་ན་འཁོད་པ་སྟེ་བཞུགས་པ་དང༌། ལོངས་སྤྱོད་པའི་སྐུས་འཚོ་བ་སྟེ་འོག་མིན་གྱི་གནས་ན་རྒྱུན་མི་འཆད་པར་ཆོས་སྟོན་པར་མཛད་པའི་ཕྱིར་རོ། །སྐྱོང་བ་ནི་སྤྲུལ་པའི་སྐུས་སེམས་ཅན་རྣམས་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པ་སྟེ། དེ་རྣམས་དུས་གསུམ་དུ་ཞེས་པ་ཐུན་མཚམས་གསུམ་དུ་བྱོན་ནས་གསང་བ་འདུས་པ་རང་ལ་སྟོན་པ་དང་སྤྱིར་ཡང་འདུས་པ་སྟོན་པའི་སློབ་དཔོན་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅན་ཀྱི་མཆོད་པས་ཞེས་བྱ་བ། སྐུ་དང་གསུང་དང་ཐུགས་ཀྱི་ལུས་ངག་ཡིད་གསུམ་གྱི་མཆོད་པས་ཡང་དག་པར་མཆོད་ནས། རང་གི་སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོ་ཞིང་འདི་སྐད་དུ། བདག་ཅག་གི་ཕའོ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཚོགས་འབྱིན་ཅིང་སྨའོ། །འདི་ལྟ་སྟེ་དཔེར་ན། སངས་རྒྱས་ཕྱོགས་བཅུ་ན་བཞུགས་པ་རྣམས་ལ་མཆོད་པ་དང༌། དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་མཉེས་པར་བྱས་


JLD004_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བའི་བསོད་ནམས་ལས་ཀྱང༌། སློབ་དཔོན་གྱི་བ་སྤུའི་ཁུང་བུ་གཅིག་མཆོད་པའི་བསོད་ནམས་ཁྱད་པར་དུ་འཕགས་པར་གསུངས་པའི་རྒྱུ་མཚན་དུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བའི་བླ་མ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་སྟེ་དབྱིངས་སུ་གྱུར་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། འཇིགས་ཤིང་སྐྲག་པའི་རྒྱུ་ནི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བྱ་ཞེས་པའི་དོན། སངས་རྒྱས་དང་འདྲ་བར་བལྟ་དགོས་སམ་མི་དགོས་ཞེས་ཐེ་ཚོམ་གྱི་ཚིག་ཏུ་གྱུར་ནས་མཆོད་པའི་གནས་བླ་མ་ལ། སོམ་ཉི་སྐྱེ་བ་ཉེས་པ་ཆེན་པོ་ཡོད་པ་དེའི་ཕྱིར་བྱམས་པ་ཅང་མི་སྨྲ་བར་གྱུར་ཏོ། ༈ །དེ་ལྟར་བྱམས་པ་ཅང་མི་སྨྲ་པར་གྱུར་པས། དེ་བཞིན་གཤེགས་པ་རྣམས་ལས་ལན་མ་ཐོབ་པ་དང༌། ཡང་བླ་མ་ལ་སངས་རྒྱས་སུ་བལྟ་བའི་དོན་དེ་ཉིད་བསྐུལ་བ་སྟེ་རྟོགས་པ ར་བྱ་བའི་ཕྱིར། བྱམས་པ་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ནས། སླར་ཡང་བླ་མ་ལ་རྡོ་རྗེ་འཆང་ཆེན་པོའི་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་བལྟ་བར་བཤད་པ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ལ་དམིགས་པ་ཞེས་བྱ་བ་ལ། རྡོ་རྗེ་འཛིན་ནི་གང་ཟག་མ་དག་པ་ལ་བསྟན་དུ་མེད་པའི་དེ་ཁོ་ན་ཉིད་དེ་དྲུག་པ་ལོངས་སྐུ། །དེ་ཉིད་སྤྲུལ་པའི་སྐུ་ཕར་ལ་འབྱིན་པ་དང༌། ཚུར་ལ་འཇུག་པའི་ཚུལ་གྱིས་འཛིན་པར་མཛད་པས་ན། རྡོ་རྗེ་འཆང་བ་སྟེ་དཀྱིལ་འཁོར་གྱི་བདག་པོའོ། དེའི་དངོས་གྲུབ་ཀྱི་དམ་ཚིག་ནི་སྤྲུལ་པའི་སྐུའོ། །དངོས་གྲུབ་ཀྱི་དམ་


JLD004_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཀྱི་དམ་ཚིག་ཐམས་ཅད་དོ། །དེ་རྣམས་ལ་དམིགས་པ་ནི་མངོན་སུམ་དུ་བྱས་པའོ། །མི་ཕྱེད་པས་ན་རྡོ་རྗེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་མི་བསྐྱོད་པ་ལ་སོགས་པས། བྱང་ཆུབ་སེམས་དཔའ་ཁྱེད་ཅེས་བྱ་བ་ལ་སོགས་པས་བཀའ་སྩལ་ཏོ། །ཞེས་པའི་སྐབས་སུ་གང་ཡང་ཞེས་པ་ནས་བདག་པོ་ཡིན་པའི་ཕྱིར་རོ། །ཞེས་པའི་དུས་གསུམ་གྱི་རྡོ་རྗེའི་ཡེ་ཤེས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་རོ་གཅིག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་རྡོ་རྗེ་འཛིན་པར་གྱུར་པའོ། །དེ་རྣམས་ཀྱང་འདུས་པའི་སློབ་དཔོན་དང་ཕྲད་ན་མཆོད་པ་བྱེད་ཅིང་ཕྱག་འཚལ་ལོ། ཞེས་པ་ནི་བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། ཞེས་གསུངས་བ་ལྟ་བུར་མ་ཟད་སྤྱིར་ཡང་འདུས་པའི་སློབ་དཔོན་དམ་པ་ལ་དེ་ལྟར་མཛད་པ་ཡང་ཤེས་པར་བྱའོ། དེའི་རྒྱུ་མཚན་གྱི་དོན་ནི་སློབ་དཔོན་དེ་ཉིད་གདུལ་བྱ་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ལ། དེ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་དོད་ཀྱང་ཡིན་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གདུལ་བྱའི་རྒྱུད་ལ་འབྱུང་བའི་བདག་པོའི་རྐྱེན་དམ་པ་ཡང་ཡིན་པའི་ཕྱིར་རོ། །འདི་མདོ་སྡུད་པ་ལས། མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང༌། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པར་མཛད། །གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང༌། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་འབྱུང༌། །འཇིག་རྟེན་སྟོན་པ་རྒྱལ་བ་


JLD004_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐྱེད་བྱེད་ཡུམ། ཞེས་གསུངས་པ་དང་ཚུལ་མཐུན་པར་སྣང་ངོ༌། ༈ །དེ་བཞིན་གཤེགས་པའི་གསུང་ཐོས་ནས་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཞུས་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་སྤྲུལ་པའི་སྐུ། གང་ན་བཞུགས་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པའོ། ༈ །སྐུ་གསུམ་གསང་བའི་སྐུ་དང་གསུང་དང་ཐུགས་ནི། རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་ཡིད་ལ་གནས་སོ་ཞེས་བྱ་བ་ནི། མི་བསྐྱོད་པའི་སྐུ་དང་གསུང་དང་ཐུགས་ལ་གནས་སོ། །ཞེས་ལན་གསུངས་པའོ། །མི་བསྐྱོད་པའི་ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས་ཞེས་བྱ་བ་ནི་ཞུས་པའོ། ༈ །གང་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི་ལན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ལ་གནས་སོ་ཞེས་བྱ་བ་དང༌། རྡོ་རྗེ་འཆང་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ་ཞེས་བྱ་བ་དེ་ནི། བཤད་པར་བྱ་བ་ཡིན་པ་ལས་དེ་མ་གསུངས་པར་གང་ལ་ཡང་མི་གནས་སོ། ཞེས་བྱ་བའི་ཚིག་གིས་ནི་དེ་ནི་འདི་ཡིན་ནོ་ཞེས་བསྟན་པར་མི་ནུས་ཏེ། བླ་མའི་མན་ངག་ལས་ཤེས་པར་བྱ་བའི་ཕྱིར་རོ། །དེས་ནི་དོན་དེ་ཁོ་ནར་མ་ཟད། བཤད་པའི་དོན་


JLD004_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བླ་མའི་མན་ངག་ལས་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱ་བར་བསྟན་ནོ། ༈ །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཐེ་ཚོམ་དང་བྲལ་བ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་མཚར་དུ་གྱུར་པ་ནི་སྟོན་པ་པོ་ལའོ། །རྨད་དུ་གྱུར་པ་ནི་སྟོན་པ་དེ་ཐོབ་པའི་རྒྱུ་ལའོ། ༈ །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་ནས་བརྩམས་ཏེ། གང་ན་ཡང་མི་གནས་སོ་ཞེས་བྱ་བའི་བར་གྱི་གཞུང་གི་ཚོགས་ཀྱིས། ཇི་ལྟར་རྫོགས་པར་གྱུར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དཀྱིལ་འཁོར་ཀྱི་བདག་པོ་མི་བསྐྱོད་པ་རང་ལ་གསང་བ་འདུས་པའི་ལམ་སྟོན་པ་པོར་གྱུར་པས། མཆོད་པར་བྱ་བ་དང་བླ་མར་བྱ་བ་ཡིན་པས་བདག་ཅག་རྣམས་ཀྱི་ཕའོ་ཞེས་བྱ་བ་ལ་སོགས་པ་ཚིག་སྙན་པས་མངོན་པར་བསྟོད་དེ། ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་པ། དེ་བཞིན་དུ་རིམ་པ་གཉིས་ལ་ཡང་དག་པར་བརྟེན་ཏེ།:ཆག:རྒྱན་རྣམ་པ་བདུན་བཤད་པའི་ཚུལ་ཟེར། རྒྱན་རྣམ་པ་བདུན་དང་བཤད་པའི་ཚུལ་རྣམས་ཀྱིས། གང་གསང་བ་འདུས་པ་རྣམ་པར་དབྱེ་བ་སྟེ་འཆད་པ་དེ་ཡང་མ་འོངས་པའི་ལག་ན་རྡོ་རྗེ་སྟེ་ཉན་པ་པོ་རྣམས་ཀྱི ས། རྡོ་རྗེ་འཆང་ཆེན་པོ་མངོན་སུམ་པ་བཞིན་དུ་གུས་པ་བསྐྱེད་ནས། མཆོད་པར་བྱའི་ཞེས་འདིའི་དོན་སྟོན་པ་ཡིན་ནོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། དཔལ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། སློབ་དཔོན་ཇི་འདྲར་བལྟ་ཞེ་ན། བླ་མ་ནི་སངས་རྒྱས་ཀུན་ཏེ་རིགས་ཀུན་གྱི་བདག་པོ་རྡོ་རྗེ་འཆང་དང་མཉམ། །པར་བལྟའོ། །བླ་མ་དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །སྟེ་མི་བསྐྱོད་པའོ། །དེ་ཉིད་དེ་བཞིན་གཤེགས་པ་སྟེ་རྣམ་སྣང་ངོ༌། །རིན་ཆེན་ཏོག །རིན་འབྱུང་ངོ༌། །བླ་མ་


JLD004_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །སྟེ་འོད་དཔག་མེད་དོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེན་སྦྱིན། །པར་མཛད་པས་དོན་ཡོད་གྲུབ་པའོ། །སློབ་དཔོན་གྱི་ནི་ཡོན་ཏན་རྣམས་གཟུང༌། སྐྱོན་རྣམས་ནམ་ཡང་གཟུང་བར་བྱ་བ་མ་ཡིན་ནོ། །ཡོན་ཏན་གྱིས་ནི་སྟེ་དེ་བཟུང་བས་དངོས་གྲུབ་ཐོབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་སྟེ་བཟུང་བས་དངོས་གྲུབ་ཉམས། །པར་འགྱུར་རོ། །དེ་ཕྱིར་ཀུན་ནས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྨིན་པའམ་སྦྱིན་པར་བྱེད་པ། །བླ་མ་ལ་སངས་རྒྱས་འབྲས་བུ་འདོད་པ་ཡིས། །སེམས་ཅན་དད་པས་དེ་མཆོད་ཅིག །ཅེས་གསུངས་པ་དང༌། དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའོ་མདོ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཨུ་རྒྱན་གྱི་རི་ལ་བཞུགས་ནས། རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་ཐམས་ཅད་ལ་བཀའ་སྩལ་པ། རྡོ་རྗེ་ཐེག་པ་མ་ལུས་པ་ལ་སློབ་པར་བྱེད་པ་རྣམས་ཉོན་ཅིག །དེ་བཞིན་གཤེགས་པ་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་མཐོང་ན་ཡང༌། རྡོ་རྗེ་སློབ་དཔོན་རྡོ་རྗེ་བླ་མ་དེ་འདིར་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང༌། དེ་བཞིན་དུ་སྟོང་ཕྲག་བརྒྱ་པ་ལས་ཀྱང༌། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་ཉེ་བར་བརྟེན་པས་སོ། ཞེས་གསུངས་པའི་ཕྱིར་རོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཞུ་བའི་དུས་སུ་སྟོན་པ་འོད་གསལ་བའི་བདག་ཉིད་ཅན་དུ་ཞུགས་པར་གྱུར་ཏོ། །དེའི་འོག་ཏུ་ཕྱག་ན་རྡོ་རྗེ་དེ་


JLD004_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ནི་སྟོན་པ་མི་བསྐྱོད་པའོ། །གསང་བའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རྣམ་སྣང་ལ་སོགས་པ་དེ་རྣམས་ཏིང་ངེ་འཛིན་གང་དུ་གནས་ཤིང་ཐིམ་པར་གྱུར་པ་དེ་ནི། གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ཏེ་ཡང་དག་པའི་མཐའ་འོད་གསལ་ལོ་འོ་། །དེ་ལས་བཞེངས་ནས་ཡང་སྔ་མ་བཞིན་དུ་ཞེ་སྡང་རྡོ་རྗེར་གྱུར་ནས། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ཉོན་ཅིག་ཅེས་བོས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྫོགས་པའི་རིམ་པ་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་སོ། །དེའི་ཟུང་འཇུག་གི་བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་གང་ལ་འབྱུང་ཞིང་སྐྱེ་བར་བྱེད་པའི་དཀྱིལ་འཁོར། གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྣམ་པར་མི་འཇིག་ཞེས་པ་ནི་གཞན་:པ་ཚབ:ལས། བྱང་ཆུབ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་འབྱུང་བའི་རྡོ་རྗེའི་བཤད་པའོ། །པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ། ཡིད་ཀྱི་དཀྱིལ་འཁོར་༧ སྔ་མ་རྣམས་བསམ་གཏན་གྱི་དཀྱིལ་འཁོར་འདི་ཟུང་འཇུག་པས་བསྒོམ་པའི་དཀྱིལ་འཁོར་དུ་འདོད་མོད་ཀྱང༌། དཀྱིལ་འཁོར་འདི་རྫོགས་རིམ་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་དཀྱིལ་འཁོར་དུ་གསུངས་ཀྱི། དེའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་བའི་དཀྱིལ་འཁོར་དུ་མ་བཤད་བས་མི་ལེགས་སོ། དེས་ན་འདིས་དཀྱིལ་ཀྱི་འཁོར་ལོ་ལ་སེམས་ཤིན་ཏུ་བརྟན་པའི་སློབ་དཔོན་གྱིས། སློབ་མ་མཚན་ཉིད་ཚང་བ་ལ་བསམ་གཏན་གྱི་


JLD004_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་དབང་བསྐུར་བ་སྟོན་པ་ཡིན་ནོ། །སྙིམ་ཏོག་ལས་ཀྱང་སློབ་དཔོན་སྤྲུལ་བའི་དཀྱིལ་འཁོར་བསྒོམས་པ་གསལ་པར་མཐོང་བའི་སེམས་བརྟན་པ་དང༌། དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་བྱེད་ཀྱང༌། དཀྱིལ་འཁོར་གསལ་བ་སྔར་བཞིན་དུ་མཐོང་བའི་སེམས་མི་འགྱུར་བས་སློབ་མ་བྲིས་པའི་དཀྱིལ་འཁོར་ལས་བསམ་ཏན་གྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས་པའམ་དམན་པ་མ་ཡིན་ནོ་སྙམ་པའི་མོས་པ་སྟོབས་ལྡན་གྱི་སེམས་བརྟན་པ་དང༌། བདག་གི་བླ་མ་འདིས་དུས་གསུམ་དུ་དབང་བསྐུར་བར་གྱུར་པ་དང༌། འགྱུར་བ་དང་དབང་བསྐུར་རོ་སྙམ་དུ་ཡིད་གཞན་གྱིས་བསྒྱུར་མི་ནུས་པའི་མི་འགྱུར་བ་ལ་བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དམ་ཚིག་ཉམས་པ་ལས་བསླང་བ་ལ་སོགས་པའི་དོན་དུ་ཡང་དཀྱིལ་འཁོར་འདིར་དབང་བསྐུར་བ་ནི་མན་ངག་ཡིན་ནོ་ཞེས་བཤད་དོ། །ཉོན་ཅིག་ཅེས་བོས་པར་གྱུར་པ་དང༌། ༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས། བཅོམ་ལྡན་འདས་ཀྱི་གསུང་གིས་ཡང་དག་པར་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་གསུང་ཇི་ལྟ་བ་བཞིན་དུ་གསོལ་བ་འདེབས་པར་གྱུར་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ༈ བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དེ་གསན་ནས་རྡོ་རྗེ་འཆང་ཆེན་པོས། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་ནམ་མཁའི་དབྱིངས་ཞེས་པ་ནས། གཞག་པར་བྱའོ་ཞེས་པའི་བར་ནི། ལེའུ་བརྒྱད་པའི་འགྲེལ་པ་ལས། གསང་དབང་བསྐུར་བ་ལ་བསམ་གཏན་ནམ་བྲིས་པའི་དཀྱིལ་འཁོར་གཉིས་སྒྲུབ་པའི་སྔོན་དུ་རྣལ་འབྱོར་དང་པོ་གསུམ་དང་ཕྱག་རྒྱ་འདུ་བྱས་ནས་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་རྒྱལ་མཆོག་སྐྱེད་པ་བྱ་


JLD004_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་པས། འདི་ནི་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་བདག་བསྐྱེད་བྱ་ཚུལ་སྟོན་པའོ། །དེས་ན་ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པའི་དཀྱིལ་འཁོར་བསམ་པ་ནི། ཡེ་ཤེས་ཀྱིས་བསྐྱེད་པའི་འོག་ཏུ་རྡོ་རྗེའི་སའི་སྟེང་དུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའོ། །དབྱིངས་ནི་ནམ་མཁའི་ཁམས་ཏེ། དེའི་དབུས་སུ་གནས་པའི་དཀྱིལ་འཁོར་བསམ་པའོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ། ཟུར་ཏེ་ངོས་བཞི་ནི་ས་ལ་སོགས་པའི་ངོ་བོ་ཉིད་སྤྱན་ལ་སོགས་པའི་ལྷ་མོ་བཞིའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གྲུ་བཞིའོ། །རབ་ཏུ་མཛེས་ཞེས་པ་ནི། སྐུ་སྟེ་ལུས་ཀྱི་འི་། དཀྱིལ་འཁོར་ཐ་མལ་པ་མ་ཡིན་པར་དག་པའི་དཀྱིལ་འཁོར་དུ་སྣང་བར་བསམ་པའོ། །འདི་ནི་དང་པོ་བྷཱུཾ་ལས་བསྐྱེད་པའི་དཀྱིལ་འཁོར་དེ་ཉིད་ཕྱིས་ལུས་དཀྱིལ་གྱི་རྟེན་གྱི་དཀྱིལ་འཁོར་དུ་བསྐྱེད་པའོ། སངས་སངས་རྒྱས་དཀྱིལ་འཁོར་སྦྱོར་བས་བསམས་:པ་ཚབ:ཟེར། རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། ཞེས་བྱ་བ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་ཞེས་པའི་དཀྱིལ་འཁོར་ནི་འབྱུང་བ་བཞི་དང་རྣམ་ཤེས་ཏེ་གསང་བ་ལྔའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་སྒྲུབ་པ་པོའི་ལུས་དེ་ཉིད་དོ་དེ་། སངས་རྒྱས་ནི་ལྷ་སོ་གཉིས་སོ། །དེ་གཉིས་སྦྱོར་བ་ནི་ལུས་དེའི་བདག་ཉིད་ཅན་གྱི་སྟེང་དུ་སྦྱོར་བའི་ཏིང་ངེ་འཛིན་ཏེ་གཟུགས་ཕུང་རྣམ་སྣང་དུ་སྦྱོར་བ་སོགས་དེས་བསམ་པར་བྱའོ་ཏོ་། །དེས་བསམ་གཏན་རྡོ་རྗེ་ཞེས་བྱ་བ་རྣལ་འབྱོར་པ་རྣམས་ཀྱིས། བསམ་ཞིང་བསྒོམ་པར་བྱ་བ་ཡིན་པས་ན་བསམ་གཏན་ཏེ་མི་བསྐྱོད་པའོ། །རྡོ་རྗེ་ནི་མི་ཕྱེད་པའི་དོན་ཡིན་ལ། དེ་ཡང་དྲུག་པ་རྡོ་རྗེ་འཆང་དང་མི་ཕྱེད་པར་སྦྱོར་བར་གྱུར་པས་རྡོ་རྗེའོ། །དེ་རབ་བསྐུལ་བྱ་ཞེས་བྱ་བ་ནི། མི་བསྐྱོད་པ་ཕར་ལ་སྤྲོ་བ་དང༌། ཚུར་ལ་བསྡུ་པས་རྡོ་རྗེ་འཆང་བདག་ཉིད་དང་ཆུ་དང་འོ་མ་འདྲེས་པ་ལྟར་གཅིག་ཏུ་བྱའོ་ཞེས་བྱ་བའི་བར་དུའོ། །རྡོ་རྗེའི་དཀྱིལ་འཁོར་


JLD004_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་བསྐྱོད་པའི་དཀྱིལ་འཁོར་རྒྱལ་མཆོག་ལ་བྱའི། མི་བསྐྱོད་པའི་ལུས་དཀྱིལ་ལ་སྦྱོར་བ་མིན་ཏེ། ལུས་དཀྱིལ་ནི་རྡོ་རྗེ་འཆང་གི་ལུས་དཀྱིལ་དུ་གསལ་བའི་ཕྱིར་རོ། མི་བསྐྱོད་པའི་རྟེན་གྱི་དཀྱིལ་འཁོར་དེར་ལྷ་རྣམས་དགོད་པའི་རིམ་པ་ནི་བསམ་གཏན་ནོ་ཏེ་།གདེས་ཀ རྡོ་རྗེའི་དཀྱིལ་འཁོར་བསྒོམ་པ་དེས་:པ་ཚབ:ཟེར། རྡོ་རྗེ་སྟེ་མི་བསྐྱོད་པའི་དཀྱིལ་འཁོར་ཡུམ་གྱི་པདྨར་བསྒོམ་ཁཔས་ངའཁོར་ལོ་ཅན་ཀུན་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཕྱིར་སྤྲོས་མཛད་པ་མཛད་གཅིག་ཏུ་འདུས། ཡེ་ཤེས་པ་དང་འདྲེས་ནས་ཚུར་བྱོན་ཏེ། དཀྱིལ་འཁོར་ལ་བཞུགས་པར་བྱ་ཞེས་བྱ་བ་སྟེ། གཞག་པར་བྱ་སྟེ་སྔར་བཤད་པའི་མི་བསྐྱོད་པའི་སྤྲོ་བསྡུ་ཡང་སྐབས་འདིར་བྱ། ༈ །སྔར་དེ་ལྟར་བཤད་པའི་ལུས་དཀྱིལ་དེ་རྡོ་རྗེ་འཆང་གི་སྐུ་དཀྱིལ་ཡིན་ལ། དེ་ཡང་རིགས་ཀུན་གྱི་ཡིན་པས་ཐུན་མོང་གི་སྐུའི་དཀྱིལ་འཁོར་དང༌། དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ནས་དེའི་འོག་ཏུ་ཅི་ཞིག་བྱ་བ་བསྟན་པར་བྱ་བའི་ཕྱིར། མཆོད་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་དེ་ཉིད་ཀྱིས་ཞེས་བྱ་བ་ལེའུ་བཞི་པར་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་ཆོ་ག་དེ་ཉིད་ཀྱིས། བློ་དང་ལྡན་པ་སྟེ་རང་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་མཆོད་པ་ཞེས་བྱ་བ། སྙོམས་པར་འཇུག་པའི་མཚན་ཉིད་ཅན་བརྟག་པར་བྱ་ཞིང་ཉམས་སུ་བླང་པར་བྱའོ། །འདི་མཆོད་པ་ཁོ་ན་ལ་མི་བྱའི། དཀྱིལ་འཁོར་སྒྲུབ་པ་ལ་ཡང་རང་ཉིད་མདུན་གྱི་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་


JLD004_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ཡུམ་གྱི་པདྨར་བསྐྱེད་པའི་དཀྱིལ་འཁོར་བའི་ལྷ་རྣམས་སྤྲོས་ལ། སྤྱན་དྲངས་ནས་དམ་ཚིག་པ་རྣམས་ལ་གཞུག་པ་སོགས་བྱ་བ་ལ་ཡང་སྦྱར་རོ། ༈ །སྙོམས་འཇུག་གི་མཆོད་པ་བརྩམས་པ་ཉིད་ཀྱིས་བསམ་གཏན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་མ་ལ་དབང་བསྐུར་བར་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་རང་གི་སྤྱོད་པ་སྤྱད་པས་རྡོ་རྗེ་འཆང་རང་གི་གནས་ཏེ་གོ་འཕང་འཐོབ་ཅིང་རེག་པར་འགྱུར་པས་ན་སློབ་དཔོན་ཏེ་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མེད་པ། །དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པའི་སློབ་དཔོན་དེའི་སྙིང་ཁར་ཞེས་བྱ་བ་སྙིང་གའི་པདྨ་དང་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་སྒྲུབ་ཐབས་གཉིས་ཇི་ལྟ་བ་བཞིན་དུ། བསྒོམས་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་སློབ་མ་བཀུག་སྟེ་རང་གི་ཞལ་དུ་ཞུགས་པ་ལ་ཡིད་ཀྱིས་ནང་གི་དབང་བསྐུར་བ་བརྩམ་ཞིང་སྤྱད་པར་བྱའོ། །ནང་དབང་བསྐུར་ཚུལ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་ལ།ཁསངས་རྒྱས་ཐམས་ཅད་ཀྱིས་ཞེས་བྱ་བ་དེ་ནས་དབང་གི་དོན་དུ་སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་གཉིས་དང་འདྲ་བར་ཏེ་དེའི་རྣམ་པ་ཅན་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་བཀུག་སྟེ། རང་གི་ཞལ་ནས་ཡང་དག་པར་ཞུགས་༼ཀ༽པས་ཀནམ་མཁའི་དབྱིངས་ཞེས་བྱ་བ། ཆོས་འབྱུང་བ་ ༼ཁ༽:ཆོས་འབྱུང་གི་ནང་དུ་ཡོངས་སུ་གང་བར་རྣམ་པར་བསམ་པར་བྱའོ་ཞིང་དེའི་དབུས་སུ་སློབ་མ་དབང་བསྐུར་བར་:པ་ཚབ:འགྱུར་བཞིན་གྱུར་པ་མི་བསྐྱོད་པ་ལ་སོགས་པ་སྐབས་གང་ཡིན་པའི་ལྷ ར་བསམ་ཞིང་བསྒོམ་པར་བྱའོ། དེའི་གབྱེད་ཚུལ་ནི་སློབ་མ་ཡུམ་གྱི་པདྨར་ལྷར་བསྐྱེད་པ་དེའི་འོག་ཏུ་རང་གི་ཞལ་ནས་ཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་


JLD004_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས། དབང་བསྐུར་བའི་གནས་ཏེ་ཚིག་གསུམ་གྱིས་ཞེས་བྱ་བ། ༀ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་གསུམ་འཇུག་གནས་ལྡང་གསུམ་གྱི་ངོ་བོར་སྲོག་དང་རྩོལ་བ་སྟེ་རླུང་ལ་དབྱེར་མེད་དུ་གནས་པས་ཆོ་ག་བཞིན་དུ་སྟེ་སྙོམས་འཇུག་གི་སྒོ་ནས་དབབ་པར་བྱ་ཞེས་པ་སྟེ། པདྨར་གནས་པའི་སློབ་མའི་མགོ་ལ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་ངོ་བོ ར་གྱུར་པ་དམིགས་པས་དབབ་ཅིང་ཕབ་པ་ལྟར་བབས་ནས་ལུས་ཐམས་ཅད་ཐིག་ལེ་དེས་གང་བ་པ་ར་བསམ་མོ། །འདི་དབང་པོ་དམན་པའི་གསང་དབང་ལ་སྦྱོར་བ་དོན་མ་རྟོགས་པ་ཡིན་པས། མཁས་པ་ཨ་བྷྱ་ཀ་ར་བཞེད་པ་ལྟར་རིག་པའི་དབང་ལྔ་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་གི་ནང་དབང་དྲུག་ལ་སྦྱར་ཏེ། བྲིས་པ་དང་བསམ་གཏན་གྱི་དཀྱིལ་འཁོར་གཉིས་ཀའི་ཐུན་མོང་བའོ། ༈ །དབང་བསྐུར་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བའི་མཆོག་འདིས་སློབ་མ་ལ་དབང་བསྐུར་ན་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པར་འོས་པའི་བྱང་ཆུབ་མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །:ཆག:མཐོང་བའི་ཆོས་འདི་ཉིད་ལ་ཟེར་ཏེ། ཚེ་འདི་ཉིད་ལའོ། །ཆོས་མཐོང་བ་འདི་ཉིད་ཀྱི་ངོ་མཚར་ཆེན་པོའི་དངོས་གྲུབ་ཀུན། ཞེས་བྱ་བ་ལ། དངོས་གྲུབ་ཐམས་ཅད་ནི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་སོ། དེས་ངོ་མཚར་ཆེ་ཞིང་ཁྱད་པར་འཐོབ་པའི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་འགྲུབ་ཅིང་འཐོབ་བོ་ཞེས་བྱ་བ་སྟེ།


JLD004_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དོན་ཕུན་སུམ་ཚོགས་པའོ། ༈ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། རྣམ་པར་སྣང་མཛད་ལ་སོགས་པ་དང་སའི་སྙིང་པོ་ལ་སོགས་པའོ་དེ་རྣམས་ཀྱི་དམ་ཚིག་ནི་ཞལ་དུ་བཅུག་པ་རྣམས་ཞུ་བའི་ཚེ་ལྷ་གཅིག་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཉམ་ཞིང་བྱང་ཆུབ་ཀྱི་སེམས་གཅིག་ཏུ་གྱུར་པ འོ་ར་།ཁབཤད་མ་ཐག་པའི་བསམ་གཏན་གང་གིས་གང་རྫོགས་པར་འགྱུར་བ་ཞིང་ཀརབ་ཏུ་སྦྱངས་པའི་འགྲོ་བ་སྟེ་སློབ་མ་དབང་བསྐུར་བར་བྱེད་པ་དེ་གནི། མི་ཕྱེད་བའི་བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱའོ། །འདི་ཡན་ཆད་ཀྱིས་ལེའུ་བཅུ་བདུན་པ་རྫོགས་པ་དང༌། འདི་མན་ཆད་རྒྱུད་ཕྱི་མ་དང་མ་བཅས་པ་ལེའུ་བཅོ་བརྒྱད་པར་བྱེད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པའི་བར་ལེའུ་བཅོ་བརྒྱད་པའི་ཕྱེད་ཀྱིས་རྩ་བའི་རྒྱུད་རྫོགས་པར་རབ་ཞི་བཤེས་གཉེན་གྱི་འགྲེལ་པར་བཤད་ལ། བི་ཤྭ་མི་ཏྲ་ཡང་དེ་བཞིན་དུ་འདོད་དེ། དེ་དག་གི་ལྟར་ན་རྩ་རྒྱུད་ལ་ལེའུ་ཕྱེད་དང་བཅོ་བརྒྱད་དུ་བྱེད་དོ། འདི་ནི་འཕགས་ལུགས་དང༌། གསང་འདུས་ལུགས་གཞན་གྱི་ཆེན་པོ་གཞན་སུ་དང་ཡང་མི་མཐུན་པས་ལེགས་པར་བཤད་པ་མ་ཡིན་ནོ། ༈ །གཞན་ཡང་གདུག་པ་རྣམས་ཚར་གཅད་པའི་ཐབས་ཀྱི་རྣམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བ་ནི་ལེའུ་བཅུ་གསུམ་པ་དང༌། ལེའུ་བཅུ་བཞི་པ་ལས་གསུངས་པའི་དྲག་པོའི་ལས་ལ་མངོན་པར་དགའ་བ་རྣམས་ཀྱི་འབྲེལ་པ་སྟོན་པ་ཡིན་ཏེ་ལེའུ་སྔ་མ་གཉིས་སུ་བསྟན་པར་མ་ཟད་པའོ་


JLD004_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

ནི་། ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་སྟོན་པའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་ལ། ཐམས་ཅད་ནི་སྐྱེ་སྐྱེ་བོ་དམ་པ་མ་ཡིན་པ་ཐམས་ཅད་:པ་ཚབ:ཟེར། བོ་དམ་པ་རྣམས་སོ། དེ་རྣམས་དེ་བཞིན་ཉིད་དུ་འཆི་བར་ཏེ་འཆི་བའི་འོད་གསལ་དུ་གང་འགྲོ་བ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཏེ། གདུག་པའི་སེམས་དང་ལྡན་པ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་སྦྱོར་བ་ནི། ཚར་གཅོད་པའི་ཐབས་ཏེ། དེ་གང་དུ་སྟོན་པ་དེ་ནི་སྐུ་དང་གསུང་དང་ཐུགས་གསང་བ་ཞེས་པ་སྐུ་ལ་སོགས་པ་སྐྱེད་པའི་ཡི་གེ་གསུམ་སྟེ། རང་གི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཧཱུཾ་ཐུགས་ཧྲཱི་གསུང་ཁྃ་སྐུ་ཤ་རུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་:ཆག:རེ་ཤེས་ཟེར། ཇི་སྲིད་སྒྲུབ་པ་པོས་རང་གི་ལུས་ཤ་དང་རུས་པ་དང་རྩ་རྒྱུས་ཀྱི་རང་བཞིན་ཏུ་བལྟས་ལ། ནམ་མཁའི་ཁམས་ཀྱི་དབུས་སུ་གནས་པ་སྟེ། འོད་གསལ་བར་ཞུགས་པར་བསམ་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་སྙིང་པོ་གསུམ་ཞེས་བྱ་བ། བཤད་མ་ཐག་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱིས། ས་བོན་གྱི་ཡི་གེ་རྣམ་པ་གསུམ་ནི། ཁ་དོག་ནག་པོ་ལས་རྩེ་གསུམ། དེ་གསུམ་གྱི་མཚན་པ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྟོབས་ཆེ་ཞིང་ཕ་རོལ་གནོན་པའི་རྡོ་རྗེ་མཁའ་འགྲོ་བསྐྱེད་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །དེ་ནས་དྲག་པོ་ཞེས་པ་གདུག་པ་རྣམས་ཀྱི་ཤ་ཁྲག་ཟ་བར་བརྩོན་པ། མི་སྡུག་ཅིང་ཁྲོས་པ་ཨུཏྤལ་སྔོན་པོ་དང་མདོག་


JLD004_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ། ཕྱག་བཞི་པར་ནི་ཆོ་ག་ཡིས། ཞེས་བྱ་བ། འོག་ནས་བཤད་པའི་རྩེ་གསུམ་ལ་སོགས་པའི་མཚོན་ཆའི་ཚོགས་ཏེ་ཕྱག་མཚན་དང་ལྡན་པར་བསྒོམ་པར་བྱའོ། །དེ་ལྟར་སྔགས་པ་རྡོ་རྗེ་མཁའ་འགྲོ་མའི་གཟུགས་སུ་རྣམས་པར་བསྒོམས་ནས། དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། འོད་ཟེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོད་ཟེར་ལྔ་ནི་ཡ་ར་ལ་ཝ་ཧཱ་ཞེས་བྱ་བ་རླུང་དང་མེ་ལ་སོགས་པ་འབྱུང་བ་ལྔའི་ས་བོན་ནོ། དེ་རྣམས་ཀྱི་འོད་ཟེར་ནི་ནག་པོ་དང་ལ་སོགས་པ ས་དམར་པོ་དང་སེར་པོ་དང༌། དཀར་པོ་དང་སྔོན་པོ་སྟེ། ཁ་དོག་སྣ་ལྔ་པའི་ས་བོན་ལྔ་པོ་དེས་སྣང་ཞིང་འབར་བར་གྱུར་པ་རང་གི་ལྕེ་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པ་ལ་བཀོད་པ་བརྟུལ་ཞུགས་ཅན་གྱིས་བསྒོམས་པར་བྱའོ། །བསམ་གཏན་རྡོ་རྗེ་སྦྱོར་བ་ཡིས། ཞེས་བྱ་བ་ནི། བཤད་མ་ཐག་པའི་རིམ་པས་བསྒོམས་པའི་ལྕེའི་རྡོ་རྗེ་དེ་ནི་བསམ་གཏན་རྡོ་རྗེའོ། །དེའི་སྦྱོར་བ་ནི་ས་བོན་ལྔ་བརྗོད་ནས་ཞེས་པ་ནི་ཧཱུྃ་ཧྲཱིཿ ཁཾ་བཛྲ་ཌཱ་ཀི་ནི་ཡ་ར་ལ་ཝ་ཧཱ་ཆེ་གེ་མོའི་རཀྵ་ཨ་ཀརྵ་ཡ་ཙཱུ་ཤ་ཡ་ཧཱུཾ་ཕཊ། ཅེས་བཟླས་ཤིང་ཡི་གེ་ཧཱུཾ་ལས་བསྒྲུབ་བྱའི་ལུས་ནང་ཁྲག་གིས་གང་བའི་རྐྱལ་པ་ལྟ་བུར་བསྐྱེད་ལ། དེའི་སྙིང་ཁ་ལ་ཕྱག་གི་མདུང་དང་ཕུར་བས་བསྣུན་ནས། ལྕེ་རྡོ་རྗེ་རྩེ་ལྔ་བའི་འོད་ཟེར་ལྔ་བསྒྲུབ་པར་བྱ་བའི་སྙིང་ཁར་བཅུག་ལ། སྲིན་བུ་པདྤ་ལྟར་ཡན་ལག་ཐམས་ཅད་ན་གནས་པའི་ཁྲག་དྲངས་ལ། དེ་རུས་པ་དང་ལྤགས་པ་ཙམ་ལྷག་མ་ལུས་པར་བསམས་ལ་འོད་ཟེར་ཉེ་བར་བསྡུས་ཏེ། རང་གི་ལུས་ལ་རབ་ཏུ་བཅུག་ནས་བདག་ཉིད་ལ་བླུགས་པར་


JLD004_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

:ཆག:ཟེར། བསླན་པར་བསམ་པ་ནི། ཁྲག་དྲང་བ་ནི་མཆོག་ཡིན་ནོ། །རྡོ་རྗེ་མཁའ་འགྲོའི་སྦྱོར་བ་འདི་ཉིད་ཀྱིས་ལག་པ་ན་གནས་པའི་མཚོན་ཆ་བཤད་པའི་སྒོ་ནས། བསད་པའི་སྦྱོར་བ་གཞན་དང་བསྟན་པར་བྱ་བའི་ཕྱིར། རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡས་ཀྱི་དང་པོ་ལ་མདུང་རྩེ་གསུམ་པ། གཉིས་ལ་རྡོ་རྗེ།ཕྱག་གཡོན་པའི་གཉིས་པ་ལ་དྲག་པོ་མཆོག་དག་ནི། རྣམ་པར་འཇོམས་པའི་ཕུར་བུ་སྟེ། རྡོ་རྗེ་རྩེ་གཅིག་པ་དང་པོ་ལ་ཐོད་པ་སྟེ་:ཆག:ཟེར། གསུམ་པ་ལ་དྲག་པོ་མཆོག་དག་ཅེས་བྱ་བ་ཤིན་ཏུ་ཡང་དྲག་པོའི་ཕུར་བུ་སྟེ་རྡོ་རྗེ་རྩེ་གཅིག་པ་དང༌། དང་པོ་ལ་ནི་ཐོད་པ་སྟེ། སྔར་ཕྱག་ན་ཐོད་པ་བསྣམས་པར་བསྒོམ། ཞེས་བཤད་པ་ཉིད་དོ། །གཞན་སྔར་དང་འདྲ་བ་ལ་བསྒྲུབ་བྱ་མདུན་དུ་གནས་པར་བལྟས་ནས། ཕྱག་གི་མཚོན་ཆ་རྣམས་ཀྱིས་དུམ་བུར་གཏུབས་པར་བསམ་ན་རྡོ་རྗེའི་སྦྱོར་བས་ཞེས་བྱ་བ་སྒྲུབ་པ་པོས། རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཉིད་ཀྱིས་སངས་རྒྱས་ཉིད་ཀྱི་སྐུ་དག་སྟེ། དེ་བཞིན་གཤེགས་པའི་སྐུ་དག་ཀྱང་མཚོན་ཆ་འདིས་བཏབ་ཅིང་བསྣུན་ན། ཐ་མལ་པའི་ལུས་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས། སྦྱོར་བའི་ཕུལ་ཏུ་བྱུང་བའི་ཁྱད་པར་བསྟན་པའོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བ་ནི་སྔར་བཤད་པའི་བཟའ་པའི་དམ་ཚིག་སྔ་མ་དྲན་པར་བྱེད་པ་བྱ་བའོ། །རྡོ་རྗེ་ནི་སྒྲུབ་པ་པོ་སྟེ་དེའི་ཁ་ཟས་ཀྱི་དམ་ཚིག་ནི་ཟས་ཀྱི་དུས་ཏེ། དེར་བྱ་ཞིང་ཉམས་སུ་བླང་བ་གང་ཡིན་པ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །བཟའ་བ་ནི་འབྲས་ཆན་དང་ཟན་དྲོན་ལ་སོགས་པའོ། །བཏུང་བ་ནི་


JLD004_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མ་ལ་སོགས་པའོ། །བརྟུལ་ཞུགས་ཅན་ནི་སྒྲུབ་པ་པོ་དབང་པོ་རབ་འབྲིང་ཐ་མ་རྣམ་པ་གསུམ་གྱིས་བཟའ་བའམ་འཐུང་བ་ན། དེ་ཐམས་ཅད་བཤང་གཅི ས་མཚོན་པའི་བདུད་རྩི་ལྔ་དང་ཤ ལྔ འི་སྦྱོར་བ་སྟེ་དེར་བསྐྱེད་པའི་རྣལ་འབྱོར་གྱི ས་ཆོ་ག་བཞིན་དུ་སྟེ་ཁ་ཟས་དང་སྙིང་ག་དང་ལྐོག་མ་སྦྱོང་བ་:པ་ཚབ:ཟེར། ཆོ་ག་བཞིན་དུ་བཟའ་བ་སྟེ། སྙིང་ཁ་དང་ལྐོག་མ་ཡོངས་སུ་སྦྱང་བ། སྒྲུབ་ཐབས་ལྟར་བྱེད་པ་སྔོན་དུ་འགྲོ་བས། བཟའ་བ་དང་བཏུང་བ་:པ་ཚབ:ཉེ་བར་སྤྱད་ཟིན་པ་རྣམས་ལྟེ་བར་སླེབ་པ་ན་དྲངས་མའི་བཅུད་ཟེར། ཅི་འབྱོར་པ་ཀ བཅུད་:ཆག:ཤ་ལ་སོགས་པའི་ངོ་བོར་ཡོངས་སུ་གྱུར་པར་བསམས་ལ་ཟེར། ཤ་དང་ཁུ་བ་ཁལ་སོགས་པ ར་ཡོངས་སུ་གྱུར་པར་བསམས་ལ། དེའི་ལྷག་མ་སྟེ་སྙིགས་མ་རྣམས་བཤང་པ་དང་གཅི་བའི་དངོས་པོར་ཡོངས་སུ་བརྟག་པར་བྱ་སྟེ། འདི་ནི་ནང་གི་སྦྱིན་སྲེག་གོ །ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ཟོས་ན་སྦྱིན་བདག་གིས་བྱིན་པའི་བཟའ་བཏུང་རྣམས་བུ་ལོན་དུ་མི་འགྱུར་ཏེ། གདན་བཞི་ལས། གང་ཞིག་ཅུང་ཟད་བཟའ་བཏུང་རྣམས། །བསྔོ་བ་བྱས་ནས་བཟའ་བར་བྱ། །འདི་ལྟར་སྤྱོད་པའི་རྣལ་འབྱོར་བ། །བུ་ལོན་དུ་ཡང་མི་འགྱུར་རོ། ཞེས་གསུངས་ཏེ་ཤིན་ཏུ་གལ་ཆེའོ། །བསྔོ་བ་བྱས་ནས་ཞེས་པ་ནི། ནང་དུ་ལྷ་ལ་བསྔོས་པ་ནང་གི་སྦྱིན་སྲེག་གོ ། ༈ དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱི་སེམས་ཅན་ཐམས་ཅད་ཏེ། ཀུན་སྤྱོད་ལས་འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། ཅེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཆོད་པའི་མཆོག་


JLD004_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མཆོད་པའི་ཁྱད་པར་ཏེ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །མཆོད་པའི་ཡོ་བྱད་ལྔ་ནི་ཡུལ་རྣམ་པ་ལྔའོ། །དེ་རྣམས་ཀྱི་མཆོད་པའི་མཆོག་ནི་ཡིད་དུ་འོང་བའི་ཡུལ་རྣམས་ཏེ། དེས་བདག་དང་གཞན་རྣམས་ལྷར་བསྐྱེད་པ་ལ་མཆོད་པར་བྱ་བའི་ཆོ་ག་འདི་ནི། རྡོ་རྗེ་ཐམས་ཅད་ཀྱིས་ཞེས་བྱ་བ་རྣལ་འབྱོར་བ་ཐམས་ཅད་ཀྱིས་སོ། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཞེས་བྱ་བ་ནི་འདའ་བར་མི་བྱ་བའི་དམ་ཚིག་གོ ། ༈ དེ་ལྟར་ཐུན་མོང་གི་མཆོད་པར་བསྟན་ནས། ཁྱད་པར་གྱི་མཆོད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བཤད་མ་ཐག་པ་སྟེ། འདི་རྣམས་ཀྱི་ལུས་དང་ངག་དང་སེམས་ཀྱི་མཆོད་པ་གསང་ཞིང་སྤས་པ་ཕྱུང་བའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། ཞེས་བྱ་བ། ནི་ཡབ་ཡུམ་གཉིས་ལྟར་གསལ་བའི་ངང་ནས་རྡོ་རྗེ་དང་པདྨར་ཡང་དག་པར་སྦྱོར་བས་སོ། །བདག་གི་ཁུ་བ་ལ་སོགས་པ། སྨོས་པས་ནི། རང་གི་ཁུ་བ་དང་རིག་མའི་རཀྟ འི་རྡུལ་ཆེན་པོ་གཉིས་ཡོངས་སུ་གྱུར་པའི་མེར་མེར་པོ་ལ་སོགས་པ་མངལ་གྱི་གནས་སྐབས་ལྔ་རིགས་ལྔ ར་གྱུར་པར་ལེགས་པར་བསམ་ལ། བུ་དང་ཚ་བོ་ལ་སོགས་པ་མངལ་ན་གནས་པའི་དུས་དང༌། ཕྱི་རོལ་ཏུ་བཙས་པའི་ཚེ། ཆོ་ག་བཞིན་དུ་ཞེས་པ་རྒྱུད་གཞན་ནས་བཤད་པ་བཞིན་དུ་བསྲུང་བ་དང་གསོ་བ་ལ་སོགས་པའི་ཆོ་ག་རྣམས་ཀྱིས་མཆོད་ཅིང་ཡང་དག་པར་བླང་པར་བྱ་སྟེ། དེ་ལྟར་བྱས་ན་བསྲུང་བ་ལ་སོགས་པ་བྱས་པའི་གང་ཟག་


JLD004_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་པའོ། ༈ །དེ་ལྟར་བདག་དང་གཞན་ལ་མཆོད་པ་བསྟན་ནས། སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་ལ་མཆོད་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི།ཁཇི་ལྟར་ཀདང་པོར་སྐྱེ་བའི་ཚེ་གའོངས་པའི་རིམ་པ་རྣམ་པར་འཇིག་པ སྟེ་འཆི་བ་ན་རིམ་པ་དེ་བཞིན་དུ་འགྲོ་བས་ན། དེ་བཞིན་གཤེགས་པ་སྟེ་སེམས་ཅན་ཐམས་ཅད་དོ། །ལུས་དང་ངག་དང་སེམས་ཀྱི་སྡོམ་པ་ཞེས་བྱ་བ་ནི།དེ་རྣམས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྡོམ་པ་:ཆག:ཟེར། ༼ཁ༽:རྣལ་འབྱོར་པ་རྣམས་ཀྱི། ༼ཀ༽སེམས་ཅན་དེ་རྣམས་ཀྱི་དོན་སྒྲུབ་པ་༼ག༽སྡོམ་པ་སྟེ་སྡུད་པ་ནི་སེམས་ཅན་དེ་རྣམས་རྗེས་སུ་གཟུང་བ་སྟེ། འཛིན་པར་བྱེད་པའོ། །གདུལ་བྱར་སྡུད་པ་དེ་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི། ཞེས་བྱ་བ་ནི། སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་གྱི་ཚོགས་རྣམས་སོ། །མ་རྣམས་ལ་ཞེས་བྱ་བ་ནི་སྤྱན་ཏེ་དེ་གང་ཡིན་ཞེ་ན་སའོ། ཇི་ལྟ་བུ་ཞེ་ན་དམ་ཚིག་འཛིན་པའི་ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་ཅན་གསུམ་གྱི་སྐབས་ནི། དམ་ཚིག་སྟེ་དེ་འཛིན་པར་བྱེད་པས་ན་དམ་ཚིག་འཛིན་པའོ། །དམ་ཚིག་འཛིན་པ་དེ་ནི་སེམས་ཅན་གྱི་ཁམས་མ་ལུས་པ་དང་བཅས་པའི་ས་སྤྱད་པར་བྱའོ། །


JLD004_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟརསྤྱད་ན་དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད། ཅེས་བྱ་བ་ནི། བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་དགེ་བ་སེམས་ཅན་ལ་ཕུགས་སུ་ཕན་ཞིང་འཕྲལ་དུ་བདེ་བ་དང་ཉེ་བར་ལྡན་པས་དེ་ལ་སྤྱད་པར་བྱ་ཞིང་སེམས་ཅན་རྣམས་དགའ་བར་བྱ་བ་ལ་རྗེས་སུ་གཟུང་བར་བྱའོ། །བསམ་སྦྱོར་གཉིས་ཀས་སེམས་ཅན་གྱི་དོན་དུ་འཇུག་པའི་དམ་ཚིག་འདི་ནི་གསང་བ་འདུས་བ་པ་རྣམས་ཀྱི་རྨད་ཆེན་པོ་སྟེ། སེམས་ཅན་གྱི་ཚོགས་ཆེན་པོ་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར་ཕུལ་ཏུ་བྱུང་བའོ། ༈ །དེ་ལྟར་མཆོད་པའི་རྣམ་པ་བསྟན་ནས། དེ་བྱེད་པ་ན་མཚན་འཛིན་གྱི་དྲི་མ་རྣམ་པར་དག་པ ར་བྱེད་པ བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་མ་ཐག་པའི་མཆོད་པའི་ཆོ་ག་ཐམས་ཅད་དང་ཐུན་མོང་དུ་གྱུར་པས། རྒྱུད་ལས། སྒྲུབ་པ་པོ་ཐམས་ཅད་ཀྱི་ཞེས་པ་ལ། ཐམས་ཅད་སྒྲུབ་པ་ཞེས་པ་དག་གོ །ཐམས་ཅད་ནི་སྒྲུབ་པ་སྟེ་བླ་མེད་བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བས་ན། །མཆོད་པ་དེ་རྣམས་ཡང་དག་པར་བཟུང་བ་ནི་སྡོམ་པ་སྟེ་སྡུད་པ། །ཚོགས་དེའི་སྙིང་པོ་ནི་སྟོང་ཉིད་རྟོགས་པའི་རྡོ་རྗེ་སྟེ་དེ་ཕྱུང་བའོ། །ལུས་དང་ངག་སེམས་ལོངས་སྤྱོད་ནི། ཞེས་བྱ་བ་ནི། མཆོད་པའི་ཆོ་ག་རྣམས་བསྒྲུབ་པ་ལ་གང་ལུས་ལ་སོགས་པའི་སྒོ་གསུམ་གྱི་བྱ་བ་སྟེ། དེ་རྣམས་བྱེད་པ་ནི་གསང་བ་གསུམ་གྱི་གནས་སམ་རྟེན་དུ་གྱུར་པའི་རྡོ་རྗེ་སྐྱེས། ཞེས་བྱ་བའི་རྡོ་རྗེ་ནི་རང་བཞིན་གྱིས་སྟོང་པའི་འོད་གསལ་བ། །སྐྱེས་པ་ནི་རང་བཞིན་མེད་པ་དེའི་དང་ལས་ཡང་དག་པར་བྱུང་པར་ལྷག་པར་མོས་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལྟར་ལྷག་པར་


JLD004_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ནས་ཅི་ཞིག་བྱ་ཞེ་ན། བཟང་པོ་བདག་གིས་བསྒྲུབ་པར་བྱ། ཞེས་བྱ་བ་སྟེ། བཟང་པོ་ནི་རྡོ་རྗེ་འཛིན་པ་ཉིད་དེ་:ཆག:དམ་སངས་རྒྱས་ཉིད་དོ། །བདག་གིས་བསྒྲུབ་པར་བྱ་བ་ནི་ཐོབ་པར་བྱ་བའོ་ཞེས་བྱང་ཆུབ་ལ་སེམས་བརྟན་པ་བསྐྱེད་པར་བྱའོ། །གལ་ཏེ་མཆོད་པ་སོགས་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པ་དེ་ལྟར་མ་བྱས་ན་དེ་ཚེ་ཅིར་འགྱུར་ཞེ་ན།ཁའདིར་ནི་ཡོང་ཡེ་སྟེ་རྣམ་པ་ངའཇིག་པར་འགྱུར། ཞེས་བྱ་བ་སྟེ།ཀབྱང་ཆུབ་ཀྱི་ཚོགས་ལ་འབད་པ་གཐམས་ཅད་དུ་ཅའདོད་པའི་འབྲས་བུ་མེད་པར་བྱེད་དེ། བདེན་འཛིན་གྱི་དམིགས་པ་དང་བཅས་པའི་ཕྱིར་རོ། །དེ་ལྟར་ན་དམ་ཚིག་འདི་ནི་རྨད་ཆེན་པོ། ཞེས་པས་ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པ་གཅིག་བསྟན་ལ། འདིར་ནི་ཡོང་ཡེ་ཞེས་པས་སྟོང་ཉིད་རྟོག་པའི་ཤེས་རབ་བསྒོམ་པ་མེད་ན། ངལ་བ་འབྲས་བུ་མེད་པར་གསུངས་པས། ཐུན་མོང་བའི་བྱང་ཆུབ་ཀྱི་སེམས་དང༌། ཡིན་ལུགས་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཅིག་གསང་སྔགས་ལའང་མེད་མི་རུང་དུ་ཤེས་པར་གྱིས་ཤིག ། ༈ དེ་ལྟར་རྣལ་འབྱོར་པས་སེམས་ཅན་རྣམས་ཀྱི་ཡུལ་ལ་རབ་ཏུ་འཇུག་པ་བསྟན་ནས། ཡང་བདག་ཉིད་ཀྱི་ལུས་བརྟ་བར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་ལ་སོགས་པ་འདིས་སྒྲུབ་པར་བྱེད་པས་ན། སྒྲུབ་པ་པོ་ཐམས་ཅད་དེ་རང་གི་ལུས་སོ། །ལུས་དེའི་རྡོ་རྗེ་སེམས་དཔའི་སྡོམ་པ་ནི། རྡོ་རྗེ་སེམས་དཔའི་སྡོམ་པ་སྟེ་སྔགས་ཀྱི་སྡོམ་པ་དང་ལྡན་པ་གང་གི་རྡོ་རྗེ་སེམས་དཔའ་སྐྱེད་པར་བྱེད་པ་སྟེ་དེ་ཕྱུང་བའོ། །མཐོ་གང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་མགོ་བོ་


JLD004_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྤྱི་གཙུག་ནས་མཐོ་གང་ཙམ་གྱི་འི་སྟེང་གི་ནམ་མཁའ་ལ་ཡི་གེ་བ་ཡོངས་སུ་གྱུར་པ་ལས། ཡང་དག་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་རྫོགས་པ་བརྟག་པར་བྱ་ཞིང་དང་པོར་བསམ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ༀ་རླུང་ནང་དུ་འཇུག་པའི་བདག་ཉིད་ཅན་ཟླ་བའི་དཀྱིལ་འཁོར་གྱི་འོག་གི་དབུས་སུ་གནས་པར་བསམས་ལ། དེ་ལས་བདུད་རྩི་ལྔ་པོ་འོད་ཟེར་ཁ་དོག་སྣ་ལྔ་པ་དབབ་པར་བྱ། སྟེ་འཆི་བར་མི་འགྱུར་བས་ན་བདུད་རྩི་སྟེ། དེ་འདྲ་བའི་བདུད་རྩི་ལྔ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་ངོ་བོར་བསམ་མོ་སོ་། །དེ་རྣམས་དབབ་པར་བྱ་བ་ནི་འོད་ཟེར་ལྔའི་ངོ་བོ་ཉིད་ཀྱིས་སྤྱི་བོ འི་གཙུག་ནས་རྐང་པའི་མཐིལ་གྱི་མཐར་ཐུག་པའི་བར་དུ་དབང་བསྐུར་བར་བྱའོ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི་ཞེས་བྱ་བ་ནི། བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་སྦྱོར་བ་དེ་བཞིན་གཤེགས་པ་ལ་དམིགས་པ་འདིས། སྐད་ཅིག་གིས་ནི་ཞེས་བྱ་བ་རིང་པོར་མི་ཐོགས་པར་གཟི་ཅན་འགྱུར་ཞེས་པ་སྟེ་ལུས་གཟི་མདངས་དང་ལྡན་ཞིང༌། ལུས་དང་ངག་དང་སེམས་བདེ་བར་གནས་པ་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཕན་ཡོན་ནོ། ༈ །སྤྱོད་པ་རན་པའི་རྫོགས་པའི་རིམ་པ་རྟོགས་པ་སྟེ་ཐོབ་པ ར་གྱུར་ཅིང༌། ཕྱག་རྒྱ་ཆེན་པོ འི་དངོས་གྲུབ་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱི་ལུས་དང་ངག་གི་འཇུག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཐམས་ཅད་ཀྱི་གསང་བ་གང་ཡིན་པ་དེ་ནི་སྔགས་ཐམས་ཅད་ཏེ་གསང་བ་འདུས་པའོ། །དེ་འཛིན་


JLD004_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པས་ན་སྔགས་འཛིན་པ་ཐམས་ཅད་ཏེ། གསང་བ་འདུས་པའི་རྫོགས་རིམ་གྱི་རྣལ་འབྱར་བ་ཆེན་པོའོ། །དེའི་ལུས་དང་ངག་དང་སེམས་ཀྱི་གསང་བ་ནི། ལུས་ལ་སོགས་པའི་འཇུག་པ་གསང་བ་སྟེ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །མཆོད་རྟེན་དག་གི་ཞེས་བྱ་བ་ལ་སོགས་པ་ལ། མཆོད་རྟེན་གྱི་ལས་ནི་ས་དང་བྱེ་མ་ལ་སོགས་པ་ལས་མཆོད་རྟེན་བྱེད་པ་དང་བྱས་པ་ལ་གྱི་མཆོད་པའི་ལས་མི་བྱ་སྟེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྫོགས་རིམ་པས་མཆོད་རྟེན་གྱི་མཆོད་པ་ལ་མངོན་པར་ཞེན་པ་མི་རིགས་པའི་ཕྱིར་རོ། །གླེགས་བམ་ཀླག་པའང་མི་བྱ་ཞིང་ཞེས་པ་ནི། འབད་པ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པ་ཉིད་ཀྱི་རྡོ་རྗེ་བཟླས་པ་ལ་རྟག་ཏུ་རབ་ཏུ་འཇུག་གི །དེ་ལས་གཞན་དུ་ངག་གིས་ཀློག་པ་ལ་འཇུག་པ་ལ་སོགས་པ་མི་རིགས་པའི་ཕྱིར་རོ། །དེ་བཞིན་དུ་དཀྱིལ་འཁོར་དག་ཀྱང་ཡོང་མི་བྱ། ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་མི་བྱ་བ་སྟེ། རང་གི་ལུས་དཀྱིལ་འཁོར་དུ་བཤད་པའི་དོན་ལ་རྟོགས་ཤིན་ཏུ་བརྟན་པ ས་ཕྱིའི་དཀྱིལ་འཁོར་བྲི་བ་སོགས་དེ་ཁོ་ན་ཉིད་སྟེ་ངེས་པའི་དོན་དུ་མེད་པའི་ཕྱིར་རོ། །རྡོ་རྗེ་མཆོག་གསུམ་ཕྱག་མི་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་མཆོག་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་དངོས་དང༌། དེ་དག་གི་སྐུ་གཟུགས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ཏེ། དེ་རྣམས་ལ་ལུས་ལ་སོགས་པའི་རབ་ཏུ་འདུད་པའི་ཕྱག་མི་བྱ་སྟེ། བདག་


JLD004_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་བདེ་སྟོང་གི་རྟགས་པ་བརྟན་པ་ལ་གནས་པར་དུ་གྱུར་པ་དང་དེ་དག་བྱེད་པ་འགལ་བའི་ཕྱིར་རོ། །མཆོད་རྟེན་བྱེད་པ་སོགས་དེ་དག་ཐམས་ཅད་གཏན་མི་བྱའམ་ཞེ་ན་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱིས་བཏགས་པ་སྟེ་ཐ་སྙད་ལ་བརྟེན་ནས་བདེན་འཛིན་གྱི་མངོན་པར་ཞེན་པ་མེད་པས་ནང་མཚན་མེད་བསྒོམ་པ་ལས་མི་གཡེང་ན་དགོས་པ་དབང་གིས་བྱ་བ་ལ་ནི་འགལ་བ་མེད་དོ། ༈ །ལེའུ་བཅོ་ལྔ་པ་ལས་གསུངས་པའི་ལས་ཕྲ་མོའི་ལྷག་མ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུག་ཐམས་ཅད་ནི་སེམས་མེད་པ་ཤིང་ལ་སོགས་པ་ལས་བྱུང་བ་དང་སེམས་ཡོད་པ་སྦྲུལ་ལ་སོགས་པ་ལས་བྱུང་བ འི་དུག་རྣམ་པ་མང་པོས་ཟིན་པ་དེའི་དུག་ཕྱིར་ལ་འབྱིན་པ་དང་ལ་སོགས་པ ས་དུག་གནོད་པ་དང༌། གཞི་གཞན་དུ་འདྲེན་སྟེ་སྤོ་བ་རྣམས་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །དུག་འབྱིན་པ་སོགས་དེ འི་བྱེད་ཚུལ་ནི་འདི་ལྟ་སྟེ། ཞེས་པ་ནང་ལ་མཆོག་ཏུ་གཞོལ་བས་རྣམ་སྣང་གི་སྒོ་ནས་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱ། ལས་རྒྱལ་མཆོག་གི་དུས་སུ་འོད་ཟེར་དཀར་པོ་ཞེས་བྱ་བ་ལ་སོགས་པ་ལ། ༀ་དཀར་པོ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ ར་ཨོ་དཀར་པོས་མཚན་པ་ལ། དུག་གིས་ཕོག་པའི་ནད་པ་འཁོར་ལོའི་དབུས་སུ་གཞག་ལ། མདོག་འོད་ཟེར་སེར་པོ་ཀུན་ནས་འཁྲིགས་པའི་དུག་ག་གཟི་བརྗིད་སེར་པོ་རྣམས་ཀྱིས། ནད་པའི་ལུས་མ་ལུས་པ ར་ཁྱབ་པ ར་བསམས་ལ། ༀ་དཀར་པོ་ལས་བྱུང་བའི་འཁོར་ལོ་དཀར་པོ། ལྟེ་བ་


JLD004_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ༀ་དཀར་པོས་མཚན་པ་ཉིད་ཀྱིས་མགོ་ནས་མནན་ཏེ། འཁོར་ལོ་དང་ཡི་གེ་དེའི་འོད་ཟེར་དཀར་པོའི་གྱི་ཚོགས་ཀྱིས་ཐུར་དུ་རིམ་གྱིས་རིམ་གྱིས་དུག་གི་ངོ་བོའི་འོད་ཟེར་སེར་པོ་བསལ་པར་བྱ་བ་སྟེ་དེད་པ ར་བསམས་ལ་འོག་གི་འཁོར་ལོའི་ལྟེ་བའི་ༀ་ལ་བཅུག་པས་དུག་མེད་པར་བྱ་སྟེ། འདི་ནི་དུག་བསལ་བའི་ཆོ་གའོ། །སེར་པོ་ལྟ་བུར་བསྒོམ་པར་བྱ། ཞེས་བྱ་བ་ནི། འཁོར་ལོ་དང་ཡི་གེ་དང་འོད་ཟེར་འདི་དག་ཐམས་ཅད་དུག་གནོད་པ འམ་རེངས་པར་བྱེད་པའི་བསམ་པས་བྱེད་ན་ཁ་དོག་སེར་པོར་བསམ་པར་བྱ་སྟེ། འདི་ནི་དུག་གནོན་པའི་ཆོ་གའོ། །དུག་གནོད་པ་ནི་ཁ་དོག་གི་ཁྱད་པར་མ་གཏོགས་པ་སྔར་དང་འདྲ་བ་ལ། དུག་དེད་ནས་ས་འོག་ཏུ་སོང་བར་བསམ་པའོ། །དུག་གང་ཟག་གཞན་ལ་སྤོ་བར་བྱེད་ན་འཁོར་ལོ་དང་ཡི་གེ་དང་འོད་ཟེར་འདི་དག་ཐམས་ཅད་དུ་བའི་མདོག་ཅན་དུ་བསམས་ལ་གང་དུ་སྤོ་བར་འདོད་པ་དེར་སྤོ་བར་བྱ་སྟེ། འདི་ནི་དུག་འདྲེན་པའི་ཆོ་ག་བཤད་པར་གྱུར་པ་ཡིན་ནོ། །རྡོར་གསུམ་འོད་ཟེར་དམ་ཚིག་གིས། ཞེས་བྱ་བ འི་རྡོ་རྗེ་གསུམ་གྱི་འོད་ཟེར་ནི། དཀར་པོ་དང་སེར་པོ་དང་དུད་ཀའི་འོད་ཟེར། རོ། །དམ་ཚིག་ནི་འོད་ཟེར་གྱི་སྦྱོར་བས་དུག་སེལ་བའོ་སོ་། །ས་བོན་གསང་གསུམ་ལས་བྱུང་བའོ། །ཞེས་བྱ་བ་ནི། གསང་བ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་གིས་བཤད་པ་ལས་བྱུང་བའི་ས་བོན་གྱི་ཡི་གེ་ༀ་འདི་ནི། དུག་འབྱིན་པ་ལ་སོགས་པའི་དེ་ཁོ་ན་ཉིད་དེ་མི་སླུ་བ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། ༈ །དེ་ལྟར་དེ་ལྟར་:པ་ཚབ:དུག་བསལ་བ་ལ་སོགས་པ་ལ་བརྩོན་པའི་སྔགས་པས་བསྲུང་


JLD004_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཟེར། དུག་བསལ་བ་ལ་སོགས་པ་དང་ལྡན་པའི་སྔགས་པ་བསྲུང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་སེམས་བསྲུང་བའི་ཕྱིར་འཁོར་ལོ་སྟེ། འཁོར་ལོ་དེའི་སྔགས་རྡོ་རྗེ་དང་ལྡན་པ འམ་རྡོ་རྗེ་ནི་སྔགས་ཀྱི་སྙིང་པོ་སྟེ་སྔགས་དེ་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །དང་པོ་ༀ་དང་ལྡན་ཞིང་ཐ་མར་ཕཊ་ཡོད་པའི་སྔགས་འདི་ནི་མིང་མཐའ་མེད་ཅེས་བྱ་སྟེ། རྣམ་སྣང་ངམ་བདུད་རྩི་འཁྱིལ་བའི་ཏིང་ངེ་འཛིན་གཞན་གཉིས་སྔོན་དུ་བྱ། ལས་སྦྱོར་གྱི་དུས་སུ་སྔགས་འདི་གྲོ་ག་དང་ལ་སོགས་པ ས་དར་དང་ཤོག་བུ་སེར་པོ་ལ་འཁོར་ལོ་རྩིབས་བརྒྱད་པ། ལས་ཀྱི་རྡོ་རྗེ་ལ་གནས་པར། ཞེས་བྱ་བ། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པར་བྲི་བའོ། །ཧ་ནི་དབུས་སུ་བཞག་ནས་སུ། ཞེས་བྱ་བ་ནི། འཁོར་ལོའི་དབུས་སུ་སྟེ་ལྟེ་བར་གནས་པར་ཡི་གེ་ཧྃ་གྲུ་གསུམ་པ་མགོ་པོ་ཆེ་བ་ཟླ་ཕྱེད་དང་ཐིག་ལེ་དང་ནཱ་ད་དང་ལྡན་པ་བྲི་བའོ། །མིང་ནི་དབུས་སུ་བྲི་བར་བྱ། ཞེས་བྱ་བ་ནི། ཧྃ་དེའི་མགོ་བོའི་ནང་དུ་བསྲུང་བར་བྱ་བའི་མིང་སྔགས་དང་བཅས་པ་བྲི་བ་སྟེ་དཔེར་ན། ༀ་ཛི་ན་ཆེ་གེ་མོའི་རཀྵཾ་ཀུ་རུ་ཛིཀ་ཅེས་པ། །སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས། ཞེས་བྱ་བ་ནི། ༀ་ཞེས་བྱ་བ་ལ་སོགས་པས་སོ། །བརྒྱན་ཏེ་རྟག་ཏུ་གཞག་པར་བྱ། ཞེས་བྱ་བ་ནི། རིམ་བཞིན་དུ་འཁོར་ལོའི་རྩིབས་རྣམས་ལ་བརྒྱན་ནས་དེ་ནས་རང་གི་སྙིང་གར་རྣམ་སྣང་ལ་སོགས་པའི་ལྷའི་འཁོར་ལོ་བསྐྱེད། བྲིས་པའི་འཁོར་ལོ་བཀོད་པའི་ཡི་གེ་རེ་རེའང་བདུད་རྩི་ཐབ་སྦྱོར་དུ་བསྐྱེད་ལ། རྣམ་སྣང་གི་ཐུགས་ཀའི་ཟླ་བ་གནས་པའི་བསྒྲུབ་བྱའི་མིང་ཡིག་དང་པོ་ལས། བསྒྲུབ་བྱའི་རྡོ་རྗེའི་ལུས་དང་ལྡན་པ་ལ། ཧྃ་ལས་བྱུང་བའི་རྡོ་རྗེའི་གོ་བཀོན་པར་བསམ། ཡེ་ཤེས་པ་བཅུག །དབང་བསྐུར་རྒྱས་


JLD004_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་སྟེ་མཆོད་པས་མཆོད་ལ་རྟག་ཏུ་སྟེ། དུས་ཐམས་ཅད་དུ་ཟ་མ་ཏོག་ལ་སོགས་པར་ལེགས་པར་བཞག་ནས་མཆོད་པར་བྱ་སྟེ། རྩིབས་དང་པོ་ལ་ༀ། གཉིས་པ་ལ་ཧུ་ལུ་ཧུ་ལུ། གསུམ་པ་ལ་ཏིཥྛ་ཏིཥྛ། བཞི་པ་ལ་བན་ངྷ་བན་ངྷ། ལྔ་པ་ལ་ཧ་ན་ཧ་ན། དྲུག་པ་ལ་ད་ཧ་ད་ཧ། བདུན་པ་ལ་ཨམྲྀ་ཏེ། རྩིབས་བརྒྱད་པ་ལ་ཧཱུཾ་ཕཊ་ཅེས་བྲི་བ་སྟེ། འདི་ནི་སྔགས་ཀྱི་ཡི་གེ་དགོད་པའོ། །སྔགས་ཀྱི་ཡི་གེ་དགོད་པ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ། སྒྲུབ་པ་པོ་རྣམས་ཀྱི་གསང་བ་གསུམ་གྱི་ཞེས་བྱ་བ། སྐུ་དང་གསུང་དང་ཐུགས་ཏེ་སྒོ་གསུམ་པོ་དེའི་བསྲུང་བའི་གནས་ནི་བསྲུང་བ་བསྡུས་ཤིང་བཏུས་པའོ། ༈ །ད་ནི་རྒྱུད་འདིར་ལས་རབ་འབྱམས་བཤད་པའི་ཀྱི་མཐར་རྡོ་རྗེ་མིག་སྨན་ཨཉྫ་ནའི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་དུ་བྱ་བ་ལ་སོགས་པའི་ལས་རྣམས་ལ་མི་སླུ་བས་ན་རྡོ་རྗེ་ཨཉྩ་ན་ཞེས་པའི་ཉྫ་ན་སླུ་བ། ཨས་བཀག་པས་མི་སླུ་བ། །དེ་ཉིད་ཕུན་སུམ་འཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པས་ན། གནས་ཞེས་པ་ནི་རྟེན་ཏེ་དེ་ཕྱུང་ངོ༌། ལམ་གྱི་ཞེས་བྱ་བ་ལ་སོགས་པ་ནི། སྒྲུབ་པ་པོའི་གནས་ཏེ་ལམ་གྱི་བཞི་མདོ་ལམ་གྱི་བཞི་མདོ་དང་ཤིང་གཅིག་ནི་བཤད་ཟིན་ལ། མ་མོའི་གནས་ནི་སྔར་བཤད་པའི་མ་མོ་བདུན་གྱི་གནས་སོ། །ཞི་བ་ནི་རྟག་ཞི་བ་ཞེས་པ་དབང་ཕྱུག་ཡིན་ལ། དེའི་གནས་ནི་དབང་ཕྱུག་གི་ལིང་གའི་མཚན་མ་ཡོད་པའི་གནས་སོ།


JLD004_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེ་རུ་རྡོ་རྗེ་ཨཉྩ་ན་མིག་སྨན་ཐོད་པར་རྟག་ཏུ་དབབ་པར་བྱའོ། །ལ་སོགས་པ་ནི་གྲགས་པར་ཟད་དོ། །རྡོ་རྗེ་ཨཉྩ་ན་ཞེས་བྱ་བ་ལ་སོགས་ལ། མན་ངག་ནི་འདི་ཡིན་ཏེ། བསྙེན་པ་ལས་སུ་རུང་བས་རང་གི་ལྷའི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ། ལས་རྒྱལ་མཆོག་གི་དུས་སུ་ཚིལ་ཆེན་པོ་དང་ཁྲག་དང་བཤང་བ་གསུམ་དང་ཁུ་བ་དང་དྲི་ཆུ་སྟེ་བདུད་རྩི་ལྔ་ལ་སྤངས་པའི་པདྨའི་སྐུད་པ་དང་ཨརྒའི་སྐུད་པ་ལས་སྡོང་བུ་བྱས་ལ། ཐོད་པ་གསུམ་གྱི་འི་སྒྱེད་བུའི་དབུས་ན་གནས་པ་ཚིལ་ཆེན་བཞུས་པའི་ཞག་གིས་བཀང་བའི་ཐོད་པའི་ནང་དུ་བཞག་པ་སྟེ་བཙུགས་ལ། མེ་སྦར་ཏེ་དེའི་སྟེང་དུ་ཆང་གིས་བཀང་བའི་ཐོད་པ་བཞག་ལ་མར་མེའི་དུད་པ་འཆགས་པར་བྱའོ། །བཤད་མ་ཐག་པའི་འཁོར་ལོའི་སྔགས་ༀ་ཧུ་ལུ་ལ་སོགས་པ་བརྒྱ་རྩ་བརྒྱད་བཟླས་ནས། འབྱུང་པོའི་ཉིན་ཞག་གི་ཉི་ཤུ་དགུའི་ནམ་ཕྱེད་ན་ཐོད་པའི་སྟན་ལ་གནས་པའི་སྒྲུབ་པ་པོས། སྒྲུབ་ཐབས་སུ་བཤད་པའི་བསྲུང་འཁོར་གྱི་བཀའི་འཁོར་ལོ་སྤྱད་པའི་ཆོ་གས་བསྲུང་བ་བྱས་ལ་དུད་པ་དབབ་པར་བྱ་སྟེ། རྡོ་རྗེ་ཨཉྩ་ནའི་ཆོ་གའོ། །དེ་ནས་དུ་བ་བླངས་ལ་ཟ་མ་ཏོག་ཏུ་ལེགས་པར་བཞག་སྟེ། དེ་ཉིད་ལ་སྔགས་བརྒྱ་རྩ་བརྒྱད་ཀྱིས་བཏབ་ཅིང་བཟླས་ནས་མིག་ལ་བྱུགས་ན། མཆོག་དང་འབྲིང་དང་ཐ་མ་སྟེ་དངོས་གྲུབ་རྣམ་པར་གསུམ་འགྲུབ་པར་འགྱུར་ཏེ། དེ་ལ་མི་སྣང་བ་ནི་མཆོག་གོ །ས་འོག་ན་གནས་པའི་གཏེར་མཐོང་བ་ནི་འབྲིང་ངོ༌། །ལྟས་པས་མཐོང་བའི་འགྲོ་བ་དབང་དུ་བྱེད་པ་ཐ་མའོ་ཞེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་གསུངས་སོ། ༈ །དེ་ནས་སྡུད་པར་བྱེད་པས་རྒྱུད་ཀྱི་ཆེ་བ་ཉིད་གསལ་བར་བྱ་བའི་ཕྱིར་རྒྱུད་ཀྱི་བསྟོད་

ཤོག་ལྷེབ་ ༡༠༠༡ ནས་ ༡༠༤༡ བར།


JLD004_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨྲས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་:ཆག:གསང་བའི་ཡི་གེ་དུ་རྟོགས་པ་དང་ལྡན་ན་ཟེར། བའི་ཡི་གེ་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་ཐོས་ནས། འདུས་པ་འདི་ལ་དད་ཅིང་དེའི་ལམ་སྒོམ་པར་འགྱུར། ཞེས་བཅོམ་ལྡན་འདས་ལ་ཞུས་པར་གྱུར་བའོ། དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་:ཆག:རྟོགས་པ་དང་ལྡན་ན་ཟེར། དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་དུ་སྤྱད་པའི་རྡོ་རྗེ་འདུས་པ་གང་ཡིན་པ་དེ་ལ་དད་ཅིང་དེའི་ལམ་སྒོམ་པར་འགྱུར་རོ། ཞེས་བྱ་བ་ནི་ལན་ནོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ། གསུམ་པོ་གང་ཞིག་ལགས། ཞེས་བྱ་བ་ནི་ཡང་ཞུས་པའོ། རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སྟེ་དེ་གསུམ་མོ། ཞེས་བྱ་བ་ནི་ལན་ནོ། །རྒྱུད་ཀྱི་མཆོག་འདི་ལ་རྡོ་རྗེ་


JLD004_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གསང་བ་རྟོགས་པ་དང་ལྡན་ན་འདི་ལ་མོས་པ་ཆེན་པོ་འཐོབ་ཅིང༌། འདིའི་དོན་བསྒོམ་པར་འགྱུར། ཞེས་གསུངས་པའི་དོན་ནི། རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པ་བཤད། ཅེས་གསུངས་པས་རྡོ་རྗེ་གསུམ་གྱི་གསང་བ་ནི། འདུས་པའི་འདུ་རྒྱུ་ཡིན་ལ། དེའི་ཤུགས་ཀྱིས་འདུས་པ་ཡང་འཛིན་པས། གསང་འདུས་པའི་མཚན་གྱི་དོན་རྟོགས་དགོས་པར་སྟོན་པའོ། །དེས་ན་ལེའུ་དང་པོའི་འགྲེལ་པར་གསང་བ་དང་འདུས་པ་གཉིས་པོ་རེ་རེ་ལ་ཚུལ་བཞི་བཞིར་བཤད་པ་ལྟར་དུ་གོ་ན་དད་ཅིང་སྒོམ་པར་འགྱུར་བའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་ཅང་མི་གསུང་བར་གྱུར་ཏོ། །ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཐེ་ཚོམ་དང་བྲལ་བར་གྱུར་པའོ། ༈ །གཞན་ཡང་རྒྱུད་རྙེད་པར་དཀའ་བ་ཉིད་བསྟན་པས་རྒྱུད་ལ་དད་པ་རྣམ་པར་འཕེལ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་བོས་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད། སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི། སངས་རྒྱས་ཀྱི་ཞིང་གི་རྡུལ་རབ་ཏུ་ཕྲ་བ་དང་མཉམ་པའི་བསྐལ་པ་ཡང་འདས་ནས། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མར་མེ་མཛད་ནི་བསྐལ་ཆེན་གྲངས་མེད་


JLD004_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང༌། དགུ་བཅུ་རྩ་གཅིག་གི་གོང་རོལ་ཏུ་བྱུང་བ་སྟེ། དེས་ཐེག་པ་འདི་གསུངས་སོ། །མཛད་འདས་པ་ནས། ཐུབ་པ་ཆེན་པོ་འོད་སྲུངས་མངོན་པར་སངས་རྒྱས་པའི་བར་གྱིས་ཀྱང་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་ཆེན་པོའི་གནས་ཀྱི་དོན་བཤད་པ་དེ། དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ། ཞེས་བྱ་བ་ལ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི། འདས་པའི་ཚུལ་གྱི་གཏམ་བསྡུས་པ་ཡིན་ཏེ། དེ་བཞིན་གཤེགས་པ་འོད་སྲུངས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་མ་བྱུང་བར་བསྟན་པ་ཡིན་ན། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི། ཅིའི་ཕྱིར་མ་གསུངས་པའི་རྒྱུ་མཚན་འདིར་གསུངས་པ་ཡིན་ཏེ། དུས་དེ་སྲིད་ཀྱི་བར་དུ་ནི་སེམས་ཅན་ཐེག་པ་ཆེན་པོ་བ་རྣམས་ཀྱང་དམན་པ་སྟེ་རྒྱུའི་ཐེག་པ་ལ་ལྷག་པར་མོས་ཤིང༌། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བྱིན་དྲུག་གི་ལམ་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་དང་བྲལ་བའི་ཆོས་ཀྱི་འདུལ་པ། ཆགས་པ་ལམ་དུ་བྱེད་པའི་ཆོས་ཟབ་མོ་བསྟན་པས་སྐྲག་པ་སྟེ་སེམས་མི་དགའ་བ འི་ཡིད་དང་ལྡན་པ་ཡིན་ཏེ། དེ་བས་ན་ཐེག་པ་འདི་ལ་སྐལ་བ་མེད་པས་དེའི་ཚེ་གསང་བ་ཆེན་པོ་འདོད་ཆགས་ཀྱི་ཆོས་ཀྱིས་འཚང་རྒྱ་བའི་དོན་བཤད་པ་མ་གསུངས་སོ། ཚེ་ལོ་བརྒྱ་བའི་དུས་འདིར་ནི་སེམས་ཅན་རྣམས་འདོད་ཆགས་ལ་ལྷག་པར་སྤྱོད་ཅིང་ཆེ་དང་ལྟ་བ་དང་སེམས་ཅན་དང་དུས་དང་ཉོན་མོངས་པའི་སྙིགས་མ་ལྔ་བདོ་བ་སྟེ་རྒྱས་པའི་འགྲོ་བ་རྣམས་ཀྱི་ཐེག་འདི་ལ་མོས་པར་འགྱུར་པ་མཁྱེན་ནས་བྱོན་ཏེ། དེ་བཞིན་


JLD004_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཤཱཀྱའི་རྒྱལ་པོ་འབའ་ཞིག་གིས་གསུངས་པ་ཡིན་ནོ། །འདིས་ན་དབང་པོ་ཤིན་ཏུ་རྣོ་བ་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་མོས་ཤིང༌། དེ་ལས་བཟློག་པ་ལ་མི་མོས་པའི་གདུལ་བྱ་ལ་ལམ་འདི་གསུངས་པར་སྟོན་ནོ། །སྔགས་བླ་མེད་གསུངས་པ་དང་མ་གསུངས་པའི་ཚུལ་འདི་ལྟར་བཤད་པ་ནི། གཙོ་བོར་མའི་གདུལ་བྱའི་ཁྱད་པར་མང་པོ་ཞིག་ལ་དགོངས་ནས་ཡིན་ནོ། ༈ །རྒྱུད་རྙེད་དཀའ་བ་འོན་ཀྱང་སངས་རྒྱས་ཉིད་ལམ་འདིས་འཐོབ་པར་འགྱུར་རམ་མི་འགྱུར་ཞེས་འགའ་ཞིག་རྟོག་པར་འགྱུར་པས་དེ་བསལ་བར་བྱ་བའི་ཕྱིར། འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་འདི་ལ། སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །གང་གཱ འི་ཀླུང་ནི་ཆུ་བོ་ཆེན་པོའོ། །དེའི་གི་བྱེ་མ་ནི་ཆུའི་རྔུལ་ལོ། །དུ་མ་ནི་རྡུལ་དེ་རེ་རེའི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བསམ་པས་འབད་ཅིང་སྦྱོར་བས་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་གང་ཡིན་པ་དེ། གསང་བ་འདུས་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ལྟ་བུས་སྙིགས་དུས་ཀྱི་ཚེ་གཅིག་པོ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང༌།ཞེས་པས་ནི། ཐེག་པ་འདིར་བཤད་པའི་ཚེ་གཅིག་གིས་རྫོགས་པའི་སངས་རྒྱས་འཐོབ་པ་ནི་སྤངས་རྟོགས་མཐར་ཐུག་པའི་སངས་རྒྱས་མ་ཡིན་གྱི། ས་དང་པོ་སོགས་ཡིན་པར་འདོད་པ་རྣམས་བཀག་པ་ཡིན་ནོ། །སངས་རྒྱས་ཀྱི་བྱང་ཆུབ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་རྫོགས་པར་བྱེད་དོ། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་


JLD004_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྐྱེད་རིམ་ནས་བརྩམས་ཏེ། སློབ་བའི་ཟུང་འཇུག་གི་བར་བསྐྱེད་ནས། དེའི་འོག་ཏུ་སྤྱོད་པ་བྱས་པའི་མཐར་ནང་གི་མངོན་པར་བྱང་ཆུབ་པའི་རིམ་གྱིས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་དོན་དམ་པའི་བདེན་པ་འོད་གསལ་ལ་ཞུགས་ནས། རྙོག་པའི་དྲི་མ་ཕྲ་མོ་ཐམས་ཅད་ཀྱང་བཀྲུས་ཏེ་སྐད་ཅིག་སྟེ་སེ་གོལ་གཏོགས་པ་ཙམ་དང༌། ཐང་ཅིག་ཡུངས་ཀར་བསྐོར་བ་ཙམ་དང་ཡུད་ཙམ་དབུགས་འབྱུང་རྔུབ་ཙམ་དང༌། མིག་འཛུམས་པའི་ཡུན་ཙམ་གྱིས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ནི་དག་པའི་སྒྱུ་མའི་སྐུའོ། །དེ ས་ལངས་ནས།ཞེས་པ་ནི་འོད་གསལ་ལས་བཞེངས་པ་མ་ཡིན་ཏེ། འདི་འཚང་རྒྱ་ཁ་མའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་སློབ་ལམ་གྱི་ཐ་མའི་ཐུགས་འོད་གསལ་གྱི་ཡེ་ཤེས་དེ་ཉིད་ཀྱིས། །ཀུན་མཁྱེན་ཡེ་ཤེས་ཀྱི་སྐད་ཅིག་དང་པོ་སྐྱེད་པ་དེ་བཞིན་དུ་སློབ་ལམ་གྱི་ཐ་མའི་རྡོ་རྗེའི་སྐུ་དེ་ཉིད་ཀྱི་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྐུའི་སྐད་ཅིག་མ་དང་པོ་བསྐྱེད་པ་ལ་ལངས་ཞེས་བརྗོད་པའོ། །ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། ༈ །གསང་བ་འདུས་པ་འདི་ལ་དེ་ཁོ་ན་ཉིད་རྟོགས་པ་རྣམས་མཐོང་བའི་ཆོས་ཉིད་ལ། ཚེ་འདི་ཉིད་དུ་སངས་རྒྱས་ཉིད་འཐོབ་པ་ཐོས་ཤིང༌། །རྒྱུད་ཀྱི་གཞུང་མ་ལུས་པར་ཐོས་ཀྱང་མཐའ་དྲུག་གི་ཚིག་གི་དབྱེ་བས། རྒྱུད་ཀྱི་དོན་ལ་རྨོངས་པ་དང་མ་བྲལ་བ་ཙན་དན་ལྟ་བུའི་གང་ཟག་ལ་སོགས་པའི། །ཉན་པ་པོ་རྣམས་སེམས་ཇི་ལྟ་བ་བཞིན་དུ་རངས་པ་མ་ཐོབ་པར་གྱུར་


JLD004_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ད་དག་གིས་གསུང་རྡོ་རྗེའི་ཚིག་འདི་ཐོས་ནས་རབ་ཏུ་ངུས་སོ། ཞེས་བྱ་བ་གསུངས་སོ། ༈ །དེ་ལྟར་སྡུག་བསྔལ་བའི་ཡིད་ཀྱིས་དབང་པོ་དམན་པ་རྣམས་རབ་ཏུ་ངུ་བར་གཟིགས་ནས། སྔོན་བྱུང་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དབུགས་འབྱིན་པ་ལྟར་མཛད་པ་ན། རྗེས་འཇུག་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་རིམ་པ་གཉིས་ཀྱི་ཕྱོགས་གཉི་ག་ལ་འཇིགས་པ་མེད་པ ས་ཇི་ལྟར་དབུགས་འབྱིན་པར་བྱེད་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་མ་ངུ་ཞིག །སྡུག་བསྔལ་གསུམ་ལ་མ་བསྒོམ་ཞིག །ཅེས་བྱ་བ་གསུངས་ཏེ། དེ་ལྟར་རྗེས་འཇུག་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཙན་དན་ལྟ་བུའི་གང་ཟག་དབུགས་ཕྱུང་ནས། དེ་ནས་ཙན་དན་ལྟ་བུ་ལ་སོགས་པས་བདག་ཉིད་ཀྱི་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཇི་ལྟ་བ་བཞིན་དུ་གསོལ་བ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་མི་ངུ་བར་བགྱི། ཇི་ལྟར་སྡུག་བསྔལ་གསུམ་མི་བསྒོམ་པར་བགྱི། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སྔར་རྒྱུད་མ་ལུས་པར་ཐོས་པར་བསྟན་པས་གསང་བའི་ཡི་གེའི་མིང་ཙམ་ཐོས་པའི་


JLD004_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་ཡང་མ་མཆིས་སོ། །ཞེས་པ་ནི་འདུས་པའི་མིང་ཚིག་གི་དོན་ཐོས་བསམ་གྱིས་ལེགས་པར་མ་རྟོགས་པ་ཡིན་ལ། ཙམ་གྱི་སྒྲས་ནི་རྫོགས་རིམ་གྱི་ལམ་སྐྱེ་བ་གཅོད་དོ། །ཞེས་བྱ་བ་གསོལ་ཏེ། སྡུག་བསྔལ་གསུམ་ཞེས་བྱ་བ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལམ། ལུས་དང་ངག་དང་ཡིད་ཀྱི་སྡུག་བསྔལ་ནི་སྡུལ་བསྔལ་གསུམ་མོ། །གསང་བའི་ཡི་གེ་ཞེས་བྱ་བ་ལ། སྐུ་དང་གསུང་དང་ཐུགས་ནི་གསང་བ་གསུམ་སྟེ་ཡི་གེའི་དོན་ནོ། ཡི་གེ་གསུམ་ནི་གསང་བ་གསུམ་སྟེ་སྤྱིའི་དོན་ནོ། །འཇུག་པ་དང་གནས་པ་དང་ལྡང་བ་གསུམ་ནི་གསང་བ་གསུམ་སྟེ་སྦས་པ་གསུམ་གྱི་སྣང་བ་སེམས་ཀྱི་སྤས་པར་བསྡུ། །ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་གསུམ་ནི་གསང་བ་གསུམ་སྟེ། རིམ་པ་བཞི་པའི་འོད་གསལ་གྱི་སྔ་ལོགས་ཀྱི་སྟོང་བ་གསུམ་འོད་གསལ་གྱི་མཐར་ཐུག་ཏུ་བསྡུས་པའོ། །གསང་བའི་ཡི་གེ་གསུམ་པོ་དེ་དག་འདི་ལྟར་དོན་དམ་པར་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག །ཡི་གེ་ནི་ཐུན་མོང་སྟེ། ཐུན་མོང་བ་ཡིན་ཚུལ་ནི་རིགས་ཀྱི་བུ་ཁྱེད་རྣམས་ཀྱི་ཇི་ལྟར་མི་ཤེས་པ་སྟེ་དོན་མངོན་དུ་མ་གྱུར་པ་དང་མ་ཐོས་པ་སྟེ་ཐོས་བསམ་གྱིས་མ་ཤེས་པ། དེ་བཞིན་དུ། ངེད་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང༌། རིགས་ཀྱི་བུ་གསང་བའི་ཡི་གེ་འདི་དག་མ་ཐོས་ཤིང་མངོན་པར་སངས་མ་རྒྱས་སོ། །


JLD004_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར་རོ། ཞེས་པ་ནི་དོན་དམ་ལ་དགོངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཅང་མི་སྨྲ་བར་གྱུར་ཏོ། །ཞེས་བྱ་བ་གསུངས་ཏེ། ཁྱེད་རྣམས་ཀྱིས་ཇི་ལྟར་མི་ཤེས་མ་ཐོས་པ་གང་ཡིན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་འདི་ནི་ཐུན་མོང་ངོ༌། ཅིའི་ཕྱིར་གསང་བའི་ཡི་གེ་དེ་མ་ཐོབ་ཅེ་ན། དོན་དམ་པར་གཟུང་བར་བྱ་བ་མེད་པས་མ་ཐོབ་ཅིང་དོན་དམ་པར་འཛིན་པ་པོ་མེད་པས་མངོན་པར་སངས་མ་རྒྱས་པ་སྟེ་མངོན་སུམ་དུ་མ་གྱུར་ཏོ་སོ་། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ལ། གསང་བའི་ཡི་གེ་རྣམས་ནི་རང་བཞིན་གྱིས་གྲུབ་པས་སྟོང་པའི་འོད་གསལ་བ་སྟེ། སྟོང་པ་དེས་རྣམ་པར་དག་པའི་ཕྱིར་རོ། །ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་གསལ་བར་མཛད་པ་ཡིན་ནོ། ༈ །དེ་ལྟར་མགོ་སྨོས་པས་གོ་བ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས། ཙན་དན་ལྟ་བུ་ལ་སོགས་པའི་གང་ཟག་རྣམས་ཀྱི་ཤེས་རབ་ཀྱི་རབ་རིབ་ཀྱི་སོམ་ཉི་རྣམ་པར་བསལ་ནས། དེ་ཁོ་ན་ཉིད་མངོན་པར་རྟོགས་ཤིང་ཤིན་ཏུ་སྦྱངས་པས། འབྲས་བུའི་གནས་སྐབས་གང་འཐོབ་པར་འགྱུར་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་གྱུར་ཏོ། ཞེས་བྱ་བ་གསུངས་ཏེ་འདིས་ནི་ཙན་དན་ལ་སོགས་པའི་གང་ཟག་ཡིན་ཀྱང་འདུས་པ་ལ་ཤིན་ཏུ་སྦྱངས་པས་རྒྱུད་དོན་ལེགས་པར་རྟོགས་པ་འབྱུང་བར་བསྟན་ནོ། །དགོངས་པ་མ་ཡིན་པས་བཤད་པའོ། ༈ །དེ་ལྟར་དེ་བཞིན་གཤེགས་པའི་གསུང་གིས་ཐེ་


JLD004_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་དང་བྲལ་བར་གྱུར་པའི། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི ས་ཉམས་སུ་བླངས་པ་དེའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་པོ་འདུས་པའི་དྲུག་པ་རྡོ་རྗེ་འཆང་རང་གི འི་བདག་ཉིད་དུ་འོད་གསལ་བར་ཇི་ལྟར་ཞུགས་པར་གྱུར་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྡོ་རྗེ་འཆང་གི་བཙུན་མོ་འོད་གསལ་དེ་ཉིད་སངས་རྒྱས་ཀྱི་ཆོས་སྐྱེ་བའི་སྐྱེ་གནས་སུ་གྱུར་པས་འི་བྷ་ག་ལ་བཞུགས་སོ། །ཞེས་པ་འོད་གསལ་དུ་ཞུགས་པའོ། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་ནི་ལེའུ་དང་པོ་འགྲེལ་པར་བཤད་ཟིན་ཏོ། །དེས་ནི་ལམ་བསྒོམས་པ་ལས་འབྲས་བུ་བཅོམ་ལྡན་འདས་རྡོ་རྗེ་འཆང་དང་མཉམ་པའི་འོད་གསལ་གྱི་རྟོགས་པ་འཐོབ་པར་བསྟན་ནོ། ༈ །དེ་ལྟར་ཁའོད་གསལ་བའི་བདག་ཉིད་ཅན་དུ་གྱུར་པ་རྡོ་རྗེ་འཆང་ཆེན་པོ་གལ། བཙུན་མོ་བཞི་རྡོ་རྗེ་འཆང་དེ་དང་འབྲེལ་བས་གདུང་བའི་ཡིད་ཀྱིས་བལྟ་བར་འདོད་པའི་ཕྱིར། སྙིང་རྗེ་དང་བཅས་པས་ཏེ་རང་ཉིད་སྙིང་རྗེ་རྗེ་ལྟར་བྱས་ནས་ཇི་ལྟར་སྨྲེ་བ འི་སྨྲེ་སྔགས་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བཙུན་མོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་དགའ་བས་བསྟོད་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཏེ།


JLD004_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐུ་དང་གསུང་དང་ཐུགས་མཉེས་:པ་ཚབ:པར་བྱེད་པའི་ཀྱི་བཙུན་མོ་ནི་སྤྱན་ཏེ། དགའ་བས་ཏེ་རྡོ་རྗེ་འཆང་དང་སྙོམས་པར་འཇུག་པར་འདོད་པས་བསྟོད་པ་བྱེད་པ་སྟེ་དྲུག་ལྡན་ནི་གཅིག་ཏུ་བསྔགས་པ་བརྗོད་པར་བྱེད་པ་དང༌། ལུས་ཀྱི་བྱ་བཞིན་པ་རྣམས་དང༌། བསྔགས་པ་སྣ་ཚོགས་པ་སྟེ་གསུམ་དང༌། དབུས་སུ་དང་བར་སྐབས་སུ་དང༌། ཐ་མར་ཡང་འཕྲལ་དུ་བསྔགས་པས་རྨོངས་པར་བྱེད་པ་གསུམ་དང༌། དྲུག་གོ་ཞེས་ཐུགས་རྗེ་དཔལ་ཞབས་ཀྱིས་བཤད་དོ། །ལ་སོགས་པ ས་ནི་ཀ་མོ་དང་སོ་རིང་དང་ས་འཛིན་པ་སོགས་སྒེག་ཅིང་སྟེ་དབྱངས་འཇམ་པ་དང་སྙན་པའི་སྣ་གླུའི་དབྱངས་ཀྱི། བསྟོད་པ་སྔོན་དུ་འགྲོ་བས་སྐུལ་བར་བྱེད་པའོ། སེམས་ཅན་ཁམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གྱི་:ཆག:ཁམས་ཁམས་ནི་ཟེར། ཏེ་དབྱིངས་ན་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་རྣམ་དག་གི་བདག་ཉིད་དུ་གྱུར་པས་སོ། །:པ་ཚབ:སའི་དབང་ཕྱུག་ཟེར། གནས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་བརྙེས་པའི་ཕྱིར་རོ། །ཁྱོད་ནི་ཞེས་བྱ་བ་ནི་མདུན་ན་གནས་པ་བཞིན་དུ་བལྟས་ཏེ་སྨྲེ་བའོ། །རྡོ་རྗེ་ཐུགས་ཞེས་བྱ་བ་ནི། ཐུགས་ལ་དབང་དུ་གྱུར་པ་བརྙེས་པའོ། །དགའ་བ་ནི་སྙོམས་འཇུག་གིས་རོལ་པའོ། །རོལ་པ་དེའི་ཡིད་དུ་འོང་བས་ཚིམ་པ་སྐྱེད་པས་ན་དགའ་བ་ཡིད་འོང་ངོ༌། །དོན་ཆེན་ནི་མཆོག་ཏུ་དགའ་བ་ཞེས་པ་སྟོང་པ་བཞི་པ་ལྷན་སྐྱེས་ཀྱི་བདེ་བ།དེ་འདོད་ཅིང་སྟེ་སྐྱེད་པས་ན་དོན་ཆེན་འདོད་པ་སྟེ། དེ་ལྟ་བུའི་དགའ་བ་ཡིད་དུ་འོང་བའི་དོན་ཆེན་འདོད་པས་འཁྱུད་པ་ལ་སོགས་པས། བདག་ལ་བསྐྱབ་ཏུ་གསོལ་ཞིང་སྟེ་


JLD004_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བར་མཛོད་ཅིག་པའོ། །མགོན་པོ་ཞེས་བྱ་བ་ནི་བདག་པོ་སྟེ། གལ་ཏེ་དེ་རིང་སྤྱན་མ་བདག་གསོན་ཞིང་འཚོ་བར་མཆིས་པར་བཞེད་ན།སེམས་ཅན་ཐམས་ཅད་ནི་འོད་གསལ་གྱི་ངང་ནས་སྐྱེ་བ་ཡིན་ལ། འོད་གསལ་དེ་མཐར་ཐུག་པ་ནི་རྡོ་རྗེ་འཆང་གི་ངོ་བོ་ཉིད་ཡིན་པས་རྒྱུར་གྱུར་པས་ཞེས་ཐ་སྙད་མཛད་དོ། །སེམས་ཅན་ཐམས་ཅད་སྐྱེད་པའི་རྒྱུར་གྱུར་པས་ཡབ་ཡིན་ཞིང༌། སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བ་བྱེད་པས་སེམས་ཅན་གྱི་གཉེན་གྱི་མཆོག་ཆེན་པོས། བདག་ལ་དགྱེས་པར་མཛད་པར་གསོལ་ཞིང་རོལ་བར་མཛད་དུ་གསོལ་ཞེས་པའོ། །སྤྱན་མས་བསྐུལ་བར་མ་ཟད་ཡང་མཱ་མ་ཀཱིའི་བསྐུལ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་མི་བསྐྱོད་པའོ། །དེའི་བཙུན་མོ་ནི་འཕགས་མ་མཱ་མ་ཀཱིའོ། །རྡོ་རྗེ་འདོད་པའི་དགའ་བའི་མཆོད་པའི་མཆོག་ནི། ཐ་མལ་པ་མ་ཡིན་པའི་ཁྱད་པར་གྱི་ཤིན་ཏུ་དགའ་བ་ལ་ཞུགས་པ་སྟེ། དེ་སྟོན་པའི་ཡི་གེའི་ཚིག་གིས་བསྟོད་པར་གྱུར་པའོ། །རྡོ་རྗེའི་སྐུ་ཁྱོད་ཅེས་བྱ་བ་ནི་འཁོར་བ་ཇི་སྲིད་ཀྱི་བར་དུ་སྐུའི་རིགས་འདྲ་མི་འཇིག་པ་སྟེ་མི་འཛད་པའི་སྐུ་དང་ལྡན་པའི་ཕྱིར་རོ། །བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན་ཞེས་བྱ་བ་ལ། ཁྱོད་ནི་སེམས་ཅན་ལ་རྗེས་སུ་ཕན་པ་མཛད་པའི་བཀའི་འཁོར་ལོ་བསྐོར་བར་མཛད་པས་ན་དེ་སྐད་ཅེས་བྱའོ། །སངས་རྒྱས་དོན་དོན་དང་ཟེར་:པ་ཚབ: དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་སྟོན་པ། ཞེས་བྱ་བ་ལ། སངས་རྒྱས་ནི་


JLD004_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྔ་རྣམས་སོ། །ཕུང་པོ་ལྔ་པོ དེ་རྣམས་ཀྱི་ཤིན་ཏུ་ཕྲ་བའི་དོན་ནི་རླུང་སེམས་ཙམ་ལས་བསྒྲུབས་པའི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ། །བྱང་ཆུབ་ནི་དོན་དམ་པ་འོད་གསལ་ལོ་འོ་། །དེའི་དོན་དམ་ནི་ཀུན་རྫོབ་དང་དོན་དམ་དེ་གཉིས་ཡང་དག་པར་འདུས་པ་ལས་བྱུང་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་སྐུ་སྟེ། དེ་སེམས་ཅན་རྣམས་ལ་ཕན་པའི་དགོངས་པས་རབ་ཏུ་སྟོན་པར་མཛད་པས་ན་ཕན་པ་རྗེས་སྟོན་པའོ། །འདོད་ཆགས་ཞེས་བྱ་བ་ནི། འདོད་ཆགས་འདོད་ཆགས་ཀྱིས་ནི་འདོད་ཆགས་རྣམ་པར་སྦྱོང་བའི་རྣམ་པས་སོ། འདོད་ཆགས་དམ་ཚིག་མ་ནི་སྟེ་འདོད་ཆགས་ལ་སྤྱོད་པའི་རང་བཞིན་ཅན་བདག་:པ་ཚབ:ལ་ཟེར། ཀྱིས་འདོད་ཆགས་རྣམ་པར་སྦྱོང་བའི་རྣམ་པས་ཕྱིར་རོ། །༢དམ་ཚིག་ཆགས་པ་ནི་འདོད་ཆགས་ལ་སྤྱོད་པའི་ངོ་བོ་ཉིད་ཏེ།༢བདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་དབང་ཕྱུག་ནི་འོད་དཔག་ཏུ་མེད་པའོ། །སྣང་མཐའ་དེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྤྱན་སྤྱན་གྱི་སྐད་དོད་འདྲེན་པར་བསྒྱུར་དུ་རུང་བས། རྡོ་རྗེ་འདྲེན་པ་:པ་ཚབ:ཟེར་ཏེ་སྣང་མཐའ་བདག་གི་གམ་དུ་འདྲེན་པའོ། །ནི་གོས་དཀར་མོ་སྟེ། དེས་རྡོ་རྗེ་འཛིན་པ་ཆེན་པོ་ལ་བསྐུལ་བའོ། །ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཞེས་བྱ་བ་ནི། ངག་གི་དབང་ཕྱུག་བརྙེས་པས་སོ། །སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ་སྟེ། མཆོག་ཏུ་ཐུགས་རྗེ་ཆེ་བའི་བདག་ཉིད་དོ། །དེ་བས་ན་ཚངས་པའི་གནས་པ་ཚད་མེད་བཞིས་འཇིག་རྟེན་དག་གི་སྟེ། སེམས་ཅན་མ་ལུས་པའི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་སྟེ།


JLD004_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཐམས་ཅད་དུ་བརྩོན་ཞིང་འཇུག་པར་མཛད་པའོ། །སེམས་ཅན་གྱི་ཁམས་རྣམས་ཀུན་ནས་བཟང་ཞིང་དགེ་བ་ཐོབ་པར་མཛད་པས་ན་ཀུན་ཏུ་བཟང་པོ་སྟེ། བདག་ལ་དགྱེས་ཤིང་རོལ་པར་མཛོད་ཅིག་པ་སྟེ། གཞན་དག་དགྱེས་པ་སྟེ། དགའ་བའི་རོལ་པས་ཚིམ་པ་དང༌། དོན་ཆེན་སྐྱེད་པས་འཁྱུད་པ་སོགས་མཛོད་ཅེས་པ་རྣམས་ནི་འདིར་ཡང་འདྲ་སྟེ་སྤྱན་མའི་སྐབས་སུ་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པའོ། །དེའི་བཙུན་མོ་ནི་འཕགས་མ་སྒྲོལ་མ་སྟེ། རྡོ་རྗེ་འཆང་ཆེན་པོ་རང་བཞིན་བརྒྱ་དྲུག་ཅུའི་རྣམ་པའི་སྤྱོད་པ་སྟེ་རྒྱུ་བ་འགགས་ཤིང༌། ཡེ་ཤེས་ཀྱི་གཉིད་ཀྱིས་ཐམས་ཅད་སྟོང་པར་བཞུགས་པ་ལ་བལྟས་ཏེ་སྐུལ་བར་བྱེད་པའོ། །ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་བྱ་བ་ནི། དོན་ཡོད་པར་གྲུབ་པའི་སྒོ་ནས་བོད་པ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས། ཞེ་སྡང་ལ་སྤྱོད་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བས་ན་རྡོ་རྗེ་འདོད་པའོ། །ལས་ཀྱི་རིགས་ཀྱི་བདག་པོར་གྱུར་པས་ན་དམ་ཚིག་མཆོག་གོ །འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི། འདོད་ཆགས་ལམ་དུ་བྱས་པའི་རྣམ་པར་དག་པའི་ཐབས་འོད་གསལ་གྱི་ཡེ་ཤེས་ཀྱིས་བྱང་ཆུབ་རབ་ཏུ་སྩོལ་བས་ན་ཕན་དོན་ཆེའོ། ཤཱཀྱའི་རིགས་ལས་བྱུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན། རྫོགས་སངས་རྒྱས་གདུང་


JLD004_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རིགས་མཆོག་གོ །ཡང་ན་སོ་སོར་རྟོག་པའི་ཡེ་ཤེས་ཞེས་པ། བ་ཚབ་ཀྱི་འགྱུར་ལས་ཀྱང་འབྱུང་ཡང༌། ཆག་གིས་ཡང་ན་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་ཞེས་པ་ལེགས་སོ། ཡང་ན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པས་ན། རྫོགས་སངས་རྒྱས་ཀྱི་གདུང་མཆོག་གོ །རང་དང་གཞན་དུ་རྣམ་པར་དབྱེ་བའི་མངོན་པར་ཞེན་པའི་དམིགས་པ་དང་བྲལ་བ་ཉིད་ཡིན་ཡང། སེམས་ཅན་རྣམས་ལ་རྗེས་སུ་ཐུགས་བརྩེ་བས་ཀུན་ནས་ཉེ་རིང་མེད་པར་མཉམ་པ་ཉིད་རྗེས་བརྩེ་བའོ། །ཡོན་ཏན་:པ་ཚབ:དེ་ལྟ་བུས་ཁྱད་པར་དུ་འཕགས་པས་ཡོན་ཏན་གྱི་གཏེར་རིན་པོ་ཆེ་མང་པོ་འབྱུང་བ་བདག་ལ་ཞེས་འབྱུང་བ་ལེགས་ཏེ། དེ་ལྟ་བུའི་ཡོན་ཏན་ཞེས་པ་རྡོ་རྗེ་འཆང་ལ་སྦྱར་དགོས་ཤིང༌། ཡོན་ཏན་མང་པོའི་གཏེར་དུ་གྱུར་པ་ནི། སྒྲོལ་མ་རང་ཉིད་ལ་བསྟོད་པ་བྱེད་པར་བཤད་པས། སྒྲོལ་མ་ལ་སྦྱར་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པའི་ཡོན་ཏན་གྱི་རིན་པོ་ཆེ་མང་པོའི་གཏེར་དུ་གྱུར་པས། བདག་ལ་དགྱེས་ཤིང་སྟེ་སྟེན་པར་མཛོད་ཅིག་པ་སྟེ། གང་གི་ཕྱིར་ཁའདོད་ཆགས་མཆེད་པ་དང་ཀའདོད་ཆགས་དང་བྲལ་བ་སྣང་བ་དང་གའདོད་ཆགས་བར་མ་ཉེར་ཐོབ་དང༌། འོད་གསལ་བའི་ཡེ་ཤེས་འདི་སྐྱེད་པར་བྱེད་པ་ཡིན་པས་ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ འོ་ཞེས་བདག་ཉིད་བསྟོད་པར་བྱེད་པའོ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསེན་པར་མཆིས་བཞེད་ན། ཞེས་བྱ་བ འི་རྐང་པ་བཞིའི་དོན་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ་སྣང་བ་གསུམ་རྣམ་པར་དག་པའི་ཐབས་


JLD004_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གྱི་ཡེ་ཤེས་ཀྱིས། རྡོ་རྗེ་སེམས་དཔའི་ཚེ་དང་སྲོག་:པ་ཚབ:ལང་ཚོ་ཟེར། སྟེ་འཆི་མེད་ཀྱི་དངོས་གྲུབ་རྩོལ་བས་གསོན་པར་མཛོད་ཅིག་ཅེས་བྱ་བར་དགོངས་སོ། །དེས་ན་ཐུགས་རྗེ་ཞབས་ཀྱིས་གསོན་ཞིང་འཚོ་བའི་དོན་ཟག་བཅས་དང་ཟག་མེད་ཀྱི་བདེ་བ་མྱོང་བ་ནི། རིམ་པ་བཞིན་དུ་ཐ་མལ་པ་དང༌། ཐ་མལ་པ་མིན་པའི་བུད་མེད་ཀྱི་འཚོ་བའོ་ཞེས་པ་ནི་དོན་མིན་ནོ། །དེ་ལྟར་གླུས་བསྐུལ་བ་འདི་རྣམས་ཀྱིས་ནི་འབྲས་བུའི་སྐབས་སུ་སྟོན་པ་ཞི་བ་ཕྱོགས་གཅིག་ལ་མི་བཞུགས་པར་གཞན་དོན་མཛད་པ་དང༌། རྗེས་འཇུག་ལ་པདྨ་ཅན་སོགས་ལས་ཀྱི་ཕྱག་རྒྱ་བཞི་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྟོང་པ་བཞིའི་ཡེ་ཤེས་བསྐྱེད་དེ། རྡོ་རྗེ་སེམས་དཔའི་ཚེ་བསྒྲུབ་པར་བསྟན་ནོ། ༈ །དེ་ལྟར་ཚངས་པའི་གནས་པ་ཚད་མེད་བཞིའི་རང་བཞིན་གྱི་ལྷ་མོ་བཞི་རྣམས་ཀྱིས་འགྲོ་བའི་དོན་དང་འདོད་ཡོན་ལ་རོལ་བ་ལ་ཡང་དག་པར་བསྐུལ་པར་གྱུར་པ་དང༌། སྔོན་གྱི་སྨོན་ལམ་གྱི་རྒྱུན་གྱི་ཤུགས་ཀྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་འོད་གསལ་ལས་གཞན་སྣང་དུ་བཞེངས་པར་བསྟན་ནས། རྗེས་འཇུག་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཤིན་ཏུ་དགའ་བའི་བདེ་བས་འདོད་ཆགས་ལ་སྤྱོད་དགོས་པར་བསྟན་པར་བྱ་བའི་ཕྱིར། འཁྱུད་པ་ལ་སོགས་པའི་ཚུལ་རྣམས་སྟོན་པར་མཛད་དོ། །འཁྱུད་པ་དང་འོ་བྱེད་པ་དང། མ་མཆུ་དང་པདྨའི་སྣ་རྩེ་འཇིབ་པ་དང་ཐལ་མོ་བརྡབ་པ་དང༌། གནས་རྣམས་སུ་སོ་འདེབས་པ་དང་སེན་མོས་འདེབས་པ་དང༌། ནུ་མ་དང་སྨད་ཉེད་པ་དང་ཁྱུང་ལྡིང་ནི་ཁ་ཅིག་གིས་དཔྱང་ཐག་དང་ཁ་ཅིག་གིས་ཁྱོགས་སུ་བསྒྱུར་ཏེ། དོན་ནི་སྐྱེས་པ་འོག་དང་


JLD004_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་སྟེང་དུ་བྱས་ནས་སྤྱོད་བའོ་དང་། རབ་ཏུ་བརྐྱང་བ་ནི་རྐང་པ་བརྐྱང་ནས་སྦྱར་བའོ་དང༌་།“གོང་ལ་སོགས་པའི་བྱེད་པ་ལ་བྱང་བ་ཉིད་:ཆག:ཀྱིས་ཟེར། གྲོང་གི་བྱ་བས་རྒྱབ་ནས་སྤྱོད་པའོ། །རྒྱས་པར་ནི་རྡོ་རྗེ་མཁའ་འགྲོའི་འགྲེལ་པར། དེ་ཡང་འཁྱུད་པ་དང༌། འོ་བྱེད་པ་དང༌། སེན་མོ་འདེབས་པ་དང། སོ་འདེབས་པ་དང༌། ཡང་དག་པར་བསྐྱོད་པ་དང༌། སིད་ཀྱི་སྒྲ་སྒྲོག་པ་དང༌། སྐྱེས་པའི་བྱ་བ་བྱེད་པ་དང༌། སྟེང་ན་འདུག་པ་དང་བརྒྱད་ནི་རྣམ་པར་རྟོག་པའི་ཁྱད་པར་གྱིས་བརྒྱད་བརྒྱད་དྲུག་བཅུ་རྩ་བཞིར་འགྱུར་རོ། །ཞེས་གསུངས་སོ། ཞེས་པ་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞིར་བཤད་པ་ལས་ཤེས་པར་བྱའོ། །མུ་ཏིག་གི་འཕྲེང་བ་སྟེ་དོ་ཤལ་དང༌། གདུ་བུ་དང། འཁོར་གདུ་བུ་:པ་ཚབ:རྒྱན་ཅན་ཟེར། གདུབ་དང༌། རྐང་གདུབ་རྣམས་བསྐྱོད་པའི་ཀྱི་སྒྲ་དང་ཡུལ་དང་དབང་པོ་སྙོམས་པར་ཞུགས་པ་ནི། ཐབས་ཀྱི་དབང་པོ་ལྔས་ཤེས་རབ་ཀྱི་ཡུལ་ལྔ་སྤྱོད་པའོ་སྟེ་། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་ཞིང༌། སྟེ་སྦྱོར་བ་:པ་ཚབ:ལས་ཤེས་རབ་དང་ཐབས་ཀྱི་སྙོམས་པར་ཞུགས་པ་ནི་རྡོ་རྗེ་འཕྲེང་བ་ལས། དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རེག་གྱུར་པ། ཞེས་གསུངས་པ་ལྟར་གསང་གནས་གཉིས་ཀྱི་ངྷཱུ་ཏཱིའི་མར་སྣ་གཉིས་ཕྲད་ནས་སྙོམས་པར་ཞུགས་པ་ཡིན་ཏེ། ལས་རྒྱ་ལ་བརྟེན་ནས་ལྷན་སྐྱེས་འདྲེན་པའི་གནད་མཆོག་གོ །དེ་ལྟར་ཞུགས་པ ས། ཨཱ་ལི་ཀཱ་ལི་སྟེ་སྤྱོད་བསྡུས་ཆག་འགྱུར་ལས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས། དྲི་མ་མེད་པའི་


JLD004_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྒྱུན་ལྟ་བུས་ཨཱ་ལི་ཀཱ་ལི་ཞུ་བར་གྱུར་ནས་ཞེས་གསུངས་དང་དོན་གཅིག་སྟེ། རྩ་རྣམས་ཀྱི་ནང་ནས་ཨཱ་ལི་བྱང་སེམས་དཀར་པོ་དང༌། ཀཱ་ལི་བྱང་སེམས་དམར་པོ་འབབ་པའོ། །འདོད་པའི་གདུགས་དང་རུས་སྦལ་རུས་སྦལ་གྱི་མགུལ་པ་ལ་:པ་ཚབ:ཡང་ཟེར། དང་ཟླ་བ་གང་བ་སྟེ། རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང༌། རབ་ཏུ་བསྐུལ་བ ནི་སྙོམས་པར་འཇུག་པའི་སྔོན་དུ་བྱའོ་འི་དགའ་བའི་སྒྲས་ཞེས་པ་དང་སྒྱུ་མའི་སྒྲས་ཞེས་པ་ནི་རྡོ་རྗེ་དང་པདྨ་གཉིས་སྲུབ་པའི་སྒྲའོ། །དེས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བ་ནི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་ཉིད་སྤྱི་བོ་ནས་བརྩམས་ཏེ། དྲི་མ་མེད་པའི་ཆར་གྱི་རྒྱུན་བཞིན་དུ་བཞུས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་འཛག་པས། ཡུམ་གྱི་ཆོས་འབྱུང་བའི་ནང་དུ་ཡང་དག་པར་བཞག་སྟེ། ཐིག་ལེ་དེས་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྣམ་པར་སྦྱངས་ནས། དཀྱིལ་འཁོར་གྱི་འཁོར་ལོ ར་གྱུར་པ་ཕྱིར་ཕྱུང་སྟེ། སྤྲོས་པས་མཛད་པ་མཛད་བསྡུས་ཏེ་དཀྱིལ་འཁོར་དུ་འཁོད་པའི་རྗེས་སུ་སླར་ཡང་གཙོ་བོ་འོད་གསལ་བར་ཞུགས་ནས་རྣམ་པར་རྟོག་པ་མེད་པ་ཉིད་དུ་གྱུར་ཏོ། །བཤད་མ་ཐག་པའི་དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ། འདོད་ཆགས་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་དེ་དག་ལ་དམ་ཚིག་གི་འཁོར་ལོས། འདོད་པ་སྤྱོད་ཅིང་ཅང་མི་གསུང་བར་གྱུར་ཏོ། །ཞེས་བྱ་བ་གསུངས་ཏེ། འདོད་པ་ཆགས་ཆགས་ཞེས་པ་འགྱུར་གསར་གཉིས་ལ་མེད་དོ། །ཐམས་ཅད་ནི་རིག་མའི་


JLD004_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ལ་ལོངས་སྤྱོད་པ་ནི་དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཡིན་ལུགས་ཡོངས་སུ་ཤེས་པས་མིག་ལ་སོགས་པ་དང་མཉམ་པར་སྦྱོར་བ་སྟེ་ཡུལ་ལ་འགྲོ་བ་མི་འགོག་པར་ལོངས་སྤྱོད་པ། །དེའི་དཔལ་ནི་བདེ་སྟོང་མཉམ་པ་ཉིད་ཏེ། ཀུན་ཏུ་དགའ་བའི་བདེ་བའི་གནས་སྐབས་སོ། །ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་ནི་བརྙེས་པའོ། །དེ་བཞིན་གཤེགས་པ་ནི་བདག་པོ་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་བཙུན་མོ་དེ་དག་ནི་སྤྱན་ལ་སོགས་པ་བཞི།དམ་ཚིག་གི་འཁོར་ལོ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པ་རིགས་བཞི འི་ངོ་བོ་ཉིད་ཀྱིས། སྤྱན་སོགས་ལ་འདོད་པ་སྤྱོད་ཅིང་རོལ་བར་མཛད་ནས་མི་གསུང་བར་གྱུར་པ་སྟེ། ཆོས་སྟོན་པ་ལ་སོགས་པའི་བྱ་བ་དང་བྲལ་ཞིང་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ལྷན་ཅིག་སྙོམས་པར་ཞུགས་ནས་བཞུགས་སོ་ཞེས་བྱ་བའི་བར་དུ སྟེ་ཐ་ཚིག་གོ། །འབྲས་བུའི་སྐབས་ཀྱི་ཡུམ་སྤྱན་མ་ལ་སོགས་པ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱར་བཤད་པས། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡེ་ཤེས་ཀྱི་སྐུར་གྱུར་པའི་ལྷ་མོ་གཅིག་དང༌། རྟོག་པས་ལྷ་མོར་བསྐྱེད་པ་གཉིས་ཤེས་པར་བྱའོ། ༈ །དེ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་འོག་ཏུའོ། །ནམ་མཁའི་དབྱིངས་འདི་དག་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གི་འཁོར་ལོས་:པ་ཚབ:ཟེར། ཁུ་བས་ཡོངས་སུ་གང་སྟེ། བུམ་པ་རྡོ་རྗེ་ཆུས་གང་བ་ལྟར་གནས་པར་གྱུར་ཏོ། །ཞེས་


JLD004_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། ནམ་མཁའི་གཏོས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ། རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པའི་སྐུ་རྡོ་རྗེ་སོགས་རྡོ་རྗེ་གསུམ་དང་ཡང་དག་པར་ལྡན་པ། དམ་ཚིག་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་འཁོར་ལོ་སྟེ་ཚོགས་ཀྱིས། ཡོངས་སུ་གང་ཞིང་ཏིལ་གྱི་གང་བུ་བཞིན་དུ་བར་མཚམས་མེད་པར་གྱུར་ལ། བུམ་པ་རྡོ་རྗེ་ཆུས་གང་བ་ལྟར་ཞེས་པ། མཆོག་ཏུ་དགའ་བ་སྟེ་འདོད་པ་ཐམས་ཅད་རྫོགས་པར་བྱེད་པའི་བུམ་པ་བཟང་པོ་རྡོ་རྗེའི་ཆུས་གང་བ་བཞིན་དུ་བར་མཚམས་མེད་པར་གནས་ཤིང་མི་གཡོ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། ༈ །སྔར་བཤད་པ་དེ་ལྟར་བཅོམ་ལྡན་འདས་ཀྱི ས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་འགྲོ་བའི་དོན་མཛད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ནམ་མཁའི་དབྱིངས་འདི་ན་གང་སེམས་ཅན་སྐུ་གསུམ་གྱི་དམ་ཚིག་ལས། ཡང་དག་པར་བྱུང་བ་དེ་རྣམས་རྡོ་རྗེ་དཔལ་གྱིས་རེག་ནས། ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་ཏོ་ཞེས་བྱ་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ནམ་མཁའི་དབྱིངས་ནི་ཁམས་གསུམ་གྱི་:ཆག:གནས་ན་སྟེ་དེ་ན་གནས་པའི་གང་སེམས་ཅན་རྣམས་སོ། སྐུ་གསུམ་གྱི་དམ་ཚིག་ལས་ཡང་དག་པར་བྱུང་བ་ནི་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་དོ། །རྡོ་རྗེ་དཔལ་གྱིས་ཞེས་བྱ་བ་ནི་རྡོ་རྗེ་:པ་ཚབ:འཆང་ཆེན་པོའི་བདེ་བས་རེག་ཅིང་ཟེར་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་


JLD004_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་རེག་པའོ། །རྡོ་རྗེ་འཆང་ཆེན་པོའི་དཔལ་གྱིས་ཏེ། བདེ་བས་རེག་ཅིང་ཡུལ་དུ་བྱས་པས་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཉིད་ཐོབ་པའོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་ཡེ་ཤེས་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སྟེ། དེ་མྱོང་བར་གྱུར་པའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི། རྡོ་རྗེའི་འོད་ཟེར་གྱིས་དབང་བསྐུར་བརྩམས་ནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་དབང་བསྐུར་བར་གྱུར་ནས། ཀུན་ཏུ་བཟང་པོ་ཀུན་ཏུ་བཟང་པོ་ཞེས་སྔོན་མ་བྱུང་བའི་དོན་གྱི་མིང་ཅན་དུ་གྱུར་ཏོ། །མཛད་པ་འདིས་འཁོར་བ་སྟོངས་པར་སྟོན་པ་མིན་གྱི། སེམས་ཅན་མཐའ་ཡས་པ་ཅིག་གོ་འཕང་དེ་ལ་བཀོད་པའོ། ༈ །དེ་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས་དབང་བསྐུར་ནས། གདུལ་བྱའི་སེམས་ཅན་རྣམས་ཀུན་ཏུ་བཟང་པོར་མཉམ་པ་ཉིད་དུ་བསྟན་པས་འཁོར་རྣམས་ཀྱིས་ཇི་ལྟར་སྨྲ་བར་གྱུར་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས་སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་རོ་གཅིག་པའི་ཀྱི་མཉམ་པ་ཉིད་མཐོང་ངམ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་དེ་


JLD004_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །ཞེས་བྱ་བ་གསུངས་ཏེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ནི་རྡོ་རྗེ་འཆང་རང་གི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་བདེ་བ་ཉམས་སུ་མྱོང་བ་ཉིད་ཀྱིས། སེམས་ཅན་ཐམས་ཅད་ཀྱི ས་ཀྱང་སྙོམས་པར་འཇུག་པའི་བདེ་བ་དེ་བདག་གིར་མཛད་པ་སྟེ་ཉམས་སུ་མྱོང་བར་མཛད་པ། ༈ །དེ་ལྟར་འཁོར་གྱི་བཅོམ་ལྡན་འདས་:པ་ཚབ:རྣམས་ཀྱིས་ཟེར། བཅོམ་ལྡན་འདས་རྣམས་ཀྱིས་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ཉམས་སུ་མྱོང་བ ས་འོད་གསལ་དུ་ཞུགས་པ ར་མཛད་ནས། སླར་ཡང་སྙོམས་པར་འཇུག་པ་འོད་གསལ་དེ་ལས་བཞེངས་ནས། ཇི་ལྟར་ཐུགས་རབ་ཏུ་དགྱེས་པར་གྱུར་པས་བཅོམ་ལྡན་འདས་ལ་མངོན་པར་གསོལ་པ། དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་འཁོར་གྱི་བཅོམ་ལྡན་འདས་རྣམས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་འོད་གསལ་དུ་ཞུགས་པ་ལས་མངོན་པར་བྱུང་ནས། བཅོན་ལྡན་འདས་ཕྱག་ན་རྡོ་རྗེ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གང་འདོད་ཆགས་ཀྱི་ཡི་གེའི་ཚིག་གིས་སངས་རྒྱས་ཀྱི་བྱང་ཆུབ། རྗེས་སུ་རྟོགས་པར་བྱ་བ་དེ་ནི། བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། ཞེས་བྱ་བ་གསུངས་ཏེ། གང་ཞེས་བྱ་བ་ནི་རྒྱུ་མཚན་གང་གི་ཕྱིར་རོ། །འདོད་ཆགས་ཀྱི་


JLD004_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེའི་ཚིག་ཅེས་བྱ་བ་ནི། འདོད་ཆགས་ཀྱི་ཡི་གེའི་ཚིག་གིས་བསྟན་པའི་འདོད་ཆགས་ཀྱི་སྤྱོད་པ་ལ་སྤྱོད་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་སྟེ། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་རྗེས་སུ་ཆུད་ཅིང་ཐོབ་པ་གང་ཡིན་པ་དེ་ངོ་མཚར་རབ་ཏུ་ཆེ་བའོ། ༈ །དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་མཚར་གྱི་ཚིག་སྟོན་པས་ཐོས་པ་སྟེ་གསན་ནས།འདོད་ཆགས་:ཆག:ལ་སོགས་དེ་རྣམས་ཀྱིས་ཟེར། དེ་ཁརྣམས་ཀྱི་འདོད་ཀཆགས་ལ་སོགས་པ་ག རང་བཞིན་རྣམ་པར་དག་པ་བསྟན་པས། འདོད་ཆགས་ཀྱི་ཆོས་ཀྱིས་བྱང་ཆུབ་འཐོབ་བམ་མི་འཐོབ་ཅེས་ཇི་ལྟར་སོམ་ཉི་མེད་པར་མཛད་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཀྱི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ནམ་མཁའི་རྡོ་རྗེའི་དམ་ཚིག་དང་མཚུངས་པའི་ཕྱིར། ཆགས་སོགས་ཀྱི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་དཔྱད་ན་དེ་རྣམས་ནི་གཟུགས་ཀྱི་ཕུང་པོ་མ་ཡིན། ཚོར་བའི་ཕུང་པོ་མ་ཡིན།འདི་དང་པ་ཚབ་ཀྱི་འགྱུར་ལ་ཕུང་པོ་ཕྱི་མ་གསུམ་མེད་ཀྱང༌། ཆག་འགྱུར་ལ་ཡོད་དོ། །ཁམས་བཅོ་བརྒྱད་པོ་གང་ཡང་མ་ཡིན། སྐྱེ་མཆེད་བཅུ་གཉིས་པོ་གང་ཡང་མ་ཡིན། འདོད་ཆགས་མ་ཡིན་ཞེ་སྡང་མ་ཡིན། གཏི་མུག་མ་ཡིན། ཆོས་དགེ་བ་མ་ཡིན་ཆོས་མ་ཡིན་པ་མི་དགེ་བ་མ་ཡིན་ཏེ་དེ་རྣམས་གང་དུ་ཡང་མི་རྙེད་པའི་ཕྱིར་རོ་ནོ་། ཞེས་བྱ་བ་གསུངས་ཏེ། ནམ་མཁའི་རྡོ་རྗེའི་དམ་ཚིག་ནི་དེ་བཞིན་


JLD004_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དྲུག་པ་སྟེ། ཇི་ལྟར་རྡོ་རྗེ་འཆང་ཆེན་པོས་ཆགས་སོགས་ཀྱི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འོད་གསལ་དུ་ཐུགས་སུ་ཆུད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཀྱང་རྡོ་རྗེ་འཆང་གི་རྟོགས་པ་དེ་དང་མཉམ་པ་སྟེ་འདྲ་བ འི་ཕྱིར་ན་འདོད་ཆགས་ཀྱི་ཆོས་ཀྱིས་བྱང་ཆུབ་འཐོབ་པ་མི་སྲིད་པ་ལྟར་མཐོང་ནས། འདོད་ཆགས་ཀྱི་ཡི་གེའི་ཚིག་གིས་བྱང་ཆུབ་འཐོབ་པ་ཤིན་ཏུ་ངོ་མཚར་རོ་ཞེས་པ་དེ་སྐད་ཅེས་མ་ཟེར་ཅིག་ཅེས་ཐེམ་ཚོམ་མེད་པར་མཛད་པ་ཡིན་ཏེ། འདོད་ཆགས་དང་དེའི་འོད་གསལ་བ་གཉིས་ངོ་བོ་དབྱེར་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ། །གཟུགས་ཀྱི་ཕུང་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་འཆང་དང་མཚུངས་པའི་དོན་འདི་ཉིད་སྤྲོས་ནས་ཏེ་རྒྱས་པར་སྟོན་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་འོད་གསལ་བ་ཉིད་དུ་གསུངས་པའི་ཚིག་གི་རྗེས་ཐོགས་ཉིད་ལ་འོད་གསལ་མངོན་སུམ་དུ་བྱས་ནས་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་ལ་སྒོམ་ཞིང་བཞུགས་པར་གྱུར་པའོ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གི་དོན་ཡིན་ནོ། ༈ །དེ་ལྟར་གསང་བ་འདུས་པའི་དོན་བསྟན་པ་ཡོངས་སུ་རྫོགས་ནས། འདུས་པ་དེས་འདུལ་བའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་རྣམས་ལ་ཇི་ལྟར་ཡོངས་སུ་གཏད་པར་མཛད་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་བཀའ་སྩལ་པ། ཁྱེད་


JLD004_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འདི་བསྒོ་བར་གྱིས་ཤིག །པ་ནི་འཛིན་དུ་ཆུག་ཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་ཡོད་པའི་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་འདི་བསྒོ་བར་གྱིས་ཤིག་ཅེས་བྱ་བ་ནི། རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་རྣམ་པ་གཉིས་དང༌། དེ་སྟོན་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོའོ། །དེ་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་དང་ལྡན་པའི་སེམས་ཅན། འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་ཐོབ་པ་ལ་སྣོད་དུ་གྱུར་བའི་ཕྱིར། དེ་ལྟར་སྐལ་བ་ཡོད་པ་ཉིད་ཡིན་ནོ། ༈ །དེ་ལྟར་ཡུལ་ལ་ཆགས་པའི་སེམས་ཅན་རྣམས་རྒྱུད་འདིའི་སྣོད་དུ་གྱུར་པར་བསྟན་ནས། མ་འོངས་པའི་སེམས་ཅན་ལ་ཡང་དག་པར་སྟོན་པར་འགྱུར་པའི་ཕྱིར། རྡོ་རྗེ་ཆོས་ནི་རྡོ་རྗེ་ཐེག་པ་སྟེ་དེ་ལ་དབང་བས་ན། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་ཆོས་སོ། །དེ་ལ་རྒྱུད་གཏད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཆོས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་ཟུངས་ཤིག །ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་ཞེས་བྱ་བར་དབང་བསྐུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་གསོལ་ནས། ཅང་མི་སྨྲ་བར་གྱུར་ཏོ། ཞེས་བྱ་བ་གསུངས་སོ། །


JLD004_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ། འདའ་བར་མི་བྱ་བའི་དམ་ཚིག་གི་དེ་ཁོ་ན་ཉིད་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན། གསང་བ་འདུས་པའི་ཚུལ་འདི་ད་ལྟར་ངས་བཤད་པ་ཁྱོད་ཀྱིས་ཡིད་ལ་ཞོག་ལ་ཟུངས་ཤིག །གང་གི་ཕྱིར་ན ཁརྣམ་པར་སྣང་མཛད་ལ་སོགས་པ ས། ཀ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏེ། གགཞུང་དུ་བྱས་པའི་བསྟན་པའི་ཆོས་ཐམས་ཅད་ཏེ། གསང་སྔགས་ཀྱི་ཆོས་དེ་རྣམས་ལ་སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པ ས་ན་དབང་ཕྱུག་སྟེ་གཙོ་བོར་དབང་བསྐུར་ཞིང་རྗེས་སུ་གནང་བ་མཛད་ཚུལ་ནི། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བྲིས་ནས། ལག་ན་རྡོ་རྗེ་དབང་ཆེན་པོ་བསྐུར་བས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དབང་བསྐུར་བ་ནས་དེ་ཉིད་ལ་བསྟན་པ་གཏད་དོ། ཞེས་གསུངས་པ་ལྟར་རོ། །སྟེ། རྡོ་རྗེ་ཐེག་པའི་བསྟན་པ་འདི་དག་ལ་ནི་ཁགསུང་གི་གསང་བ་རྣམས་ལ་ཕྱག་ན་ཀརྡོ་རྗེ་སྟེ་གསང་སྔགས་ཀྱི་གགཙོ་བོ་སྟེ་བདག་:ཆག:པོ་ཡིན་པའི་ཕྱིར་རོ། །ཤཱནྟི་པ་དང་སྐལ་ལྡན་གྲགས་པས་ཀྱང་ཕྱག་རྡོར་ལ་རྒྱུད་གཏད་པར་བཤད་དོ། །རྒྱ་གར་བའི་སློབ་དཔོན་ཁ་ཅིག་རྡོ་རྗེ་ཆོས་ནི་འཇིག་རྟེན་དབང་ཕྱུག་ལ་བཞེད་དོ། །སེམས་དཔའ་ཆེན་པོ་ཅང་མི་སྨ་བར་གྱུར་པ་ནི། དེ་བཞིན་གཤེགས་པའི་གསུང་ཇི་ལྟ་བ་བཞིན་དུ་ཁས་བླངས་པའི་ཕྱིར་རོ། ༈ །རྒྱུད་གཏད་པའི་འོག་ཏུ་ཉན་པ་པོའི་


JLD004_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཅི་ཞིག་མཛད་ཅེ་ན། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་ཡི་གེ་རྡོ་རྗེ་གསུམ་ལ་རང་གི་སྐུ་དང་གསུང་དང་ཐུགས་ཞུགས་པར་གྱུར་ཏོ། ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་པར་འགྱུར་ཏེ། རིགས་ལྔ་དང་ལྡན་པའི་སྤྲུལ་པའི་སྐུ་དཔག་ཏུ་མེད་ཅིང་མཐའ་ཡས་པའི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། ཁྲོ་བོའི་རྒྱལ་པོ་དང་ལ་སོགས་པ ས་གཤེགས་པ་དང་སེམས་མ་དང་ཁྲོ་མོ་ཐམས་ཅད་ཀྱི་རང་གི་སྐུ་གསུང་ཐུགས་ཐམས་ཅད་རྡོ་རྗེ་སེམས་དཔའི་ཡི་གེ་གསུམ་ལ་ཞུགས་པ་སྟེ་རྣམ་པར་སྣང་མཛད་དང༌། འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་ཉིད་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནི་ཁམས་གསུམ་ཐམས་ཅད་ཀྱི། སྐུ་རྡོ་རྗེའི་ངོ་བོ་ཉིད་དུ་ཇི་ལྟར་གྱུར་པ་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་གསུམ་གྱི་གནས་འདི་ན་སྒོ་ང་ལས་སྐྱེས་པ་ལ་སོགས་པ་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན། མཆོག་དང་འབྲིང་དང་ཐ་མ་བའི་ཚོགས་རྣམས་ཀྱི་ལུས་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་དོ། ཞེས་བྱ་བ་འདིའི་དོན་ནི་ཁམས་གསུམ་ཐམས་ཅད་ཀྱི་ལུས་


JLD004_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ་གནས་ཤིང་ཞེས་བྱ་བ་འདིས་སྟོན་ཏོ། །སེམས་ཅན་རྣམས་ཀྱི་ལུས་དང་ཁརྣམ་པར་སྣང་མཛད་ནི་རྟེན་ཀ ཏེ་རྒྱུ་དང་གབརྟེན་པ་སྟེ་འབྲས་བུ་ཉིད་དུ་སྟེ་དེ་ཁོ་ནར་མེད་ཅིང༌། དེ་བཞིན་དུ་སྤངས་རྟོགས་རྫོགས་པའི་ལུས་དང་མ་རྫོགས་པའི་ལུས་དག་ནི་དེ་ཁོ་ན་ཉིད་དུ་དབྱེར་མེད་པར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཉིས་མཉམ་པ་ཉིད་དེ་རང་བཞིན་གྱིས་གྲུབ་པས་སྟོང་ཡང་དེར་སྣང་བའི་སྒྱུ་མ་ལྟ་བུ འི་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་བཞིན་དུ་ཞེས་པ་ནི་ཁམས་གསུམ་པའི་བཤད་པ་དང་། དེ་དག་གི་ངག་དང་སྣང་མཐའ་གཉིས་རྟེན་དང་བརྟེན་པར་མེད་པ་དང༌། རྫོགས་པ་དང་མ་རྫོགས་པའི་ངག་དབྱེར་མེད་པ་དང༌། གསུང་མཉམ་པ་ཉིད་ཀྱི་བཤད་པ་རྣམས་རྣམ་སྣང་ལ་བཤད་པ་བཞིན་དུ་ཤེས་པར་བྱ་ལ། མི་བསྐྱོད་པ་ལ་ཡང་མི་འདྲ་བར་བཤད་པ་དངོས་སུ་བྱུང་བ་མ་གཏོགས་པ་དེ་དང་འདྲའོ། །ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི། ངག་གང་ཡིན་པ་དེ་ནི་འོད་དཔག་མེད་པའོ། ཞེས་བྱ་བའི་དོན་ནི་ངག་རྡོ་རྗེ་ལ་གནས་ཞེས་པ འདི་ཡིན་ཏེ། དེ་ནས་གསུང་རྡོ་རྗེ་དེ་བཞིན་གཤེགས་པ། ཁམས་གསུམ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལ་གནས་ཤིང་། ཞེས་བྱ་བས་བསྟན་ཏོ། །དེ་བཞིན་དུ་སེམས་ཐམས་ཅད་ཀྱི་སེམས་གང་ཡིན་པ་དེ་མི་བསྐྱོད་པའོ། །ཞེས་བྱ་བའི་དོན་ནི་སེམས་རྡོ་རྗེ་ལ་གནས་ཤིང་ཞེས་པ་འདི་ཡིན་ཏེ། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང༌། ཞེས་བྱ་བའི་རྡོ་རྗེའི་ཚིག་གིས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་


JLD004_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གང་ཡིན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་གང་ཡིན་པ་གཅིག་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་དུ་གྱུར་པས། བདེན་པ་གཉིས་གཉིས་སུ་མེད་ཅིང་གཅིག་པ་ཉིད་ཟུང་འཇུག་ལ་དམིགས་པར་མཛད་ནས་ཅང་མི་གསུང་བར་གྱུར་ཏོ། ཞེས་མཐར་ཐུག་པ་སྟེ་:པ་ཚབ:མཐར་ཕྱིན་པ། གསུངས་པ་ཡིན་ནོ། །སྐབས་འདིར་:ཆག:རྩ་བའི་རྒྱུད་ཀྱི་མཐར་སྨྲས་པ་ཞེས་པ་ཅིག་ཡོད། ༈ འདིར་ཟླ་བའི་སློབ་མས་ཞུ་བ་བྱེད་པའི་ཚུལ་ཡིན་པས་སློབ་དཔོན་སྐལ་ལྡན་གྲགས་པས། སློབ་དཔོན་ནི་ཀླུ་སྒྲུབ་དང༌། དྲིན་གྱིས་ནི་དེས་རྗེས་སུ་བཟུང་བས། ཟླ་བ་གྲགས་པ་རྒྱུད་དོན་ལ་ཐེ་ཚོམ་དང་བྲལ་བར་འཆད་པ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟ་ཡིན་ན་ཐེ་ཚོམ་གཞན་ཡོད་པ་གཅོད་པར་ཞུ་བ་པོ་ཡང༌། ཟླ་གྲགས་ལ་བྱ་དགོས་པར་འགྱུར་བས་ཤིན་ཏུ་མ་འབྲེལ་བར་འགྱུར་དང༌། སྤྱོད་བསྡུས་ལས་ཀྱང༌། བསྟན་བཅོས་མཛད་པ་པོ་ལ་སློབ་མས་དྲི་བའི་ཚུལ་དུ་མཛད་པའི་དྲི་བ་འདི་འདྲའི་རིགས་མང་དུ་འབྱུང་བ་དང་འདྲ་བས། འགྲེལ་པ་མཛད་པ་པོའི་བཀའ་དྲིན་གྱིས་རྒྱུད་དོན་ལ་ཐེ་ཚོམ་ཆོད་ཀྱང༌། ཐེ་ཚོམ་གཞན་ཅིག་ཡོད་པ་ཞུ་ཞེས་ཟླ་བའི་སློབ་མས་འདྲི་བའི་ཚུལ་ཡིན་པའི་ཕྱིར་རོ། །ཟླ་བའི་གྱི་ཞལ་སྔ་ནས་ཀྱི ས། རྒྱུད་དོན་རྒྱ་ཆེར་འགྲེལ་གྱིས་བཤད་པའི་བཀའ་དྲིན་གྱིས་རྩ་རྒྱུད་ཀྱི་བརྗོད་བྱའི་དོན་རིམ་གཉིས་དང་རྒྱུད་འཆད་པའི་ཚུལ་མཐའ་དྲུག་དང་ཚུལ་བཞི་དང་འཆད་ཚུལ་དེས་བཤད་པའི་དོན་གྱི་གཙོ་བོ་ཆོས་ཉིད་དེ་ཁོ་ན་ཉིད་ཟུང་འཇུག་ལ་སོམ་ཉི་སྟེ་ཐེ་ཚོམ་དང་བྲལ་མོད་ཀྱི། སྟེ་ཀྱང༌། ད་དུང་སོམ་ཉི་གཞན་འགའ་ཞིག་བདག་ལ་ཡོད་དེ། དེ་ཁྱེད་ལ་ཞུ་ཞེས་པའོ། །ཞུ་བ་དེ་ནི་རྩ་རྒྱུད་མཐའ་དྲུག་


JLD004_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་ན ས་བཤད་དགོས་པ་ལ་རྒྱབ་ཀྱིས་ཕྱོགས་པ་སྟེ་དེ་ལྟར་ལེགས་པར་འཆད་མི་ཤེས་པའི་སྔགས་པ་རྣམས། སྒྲ་ཇི་བཞིན་དུ་གསུངས་པའི་ཚིག་ལ་སྟེ་རྩ་རྒྱུད་ཀྱི་སྒྲས་ཟིན་གྱི་དོན་བཤད་པ་ཙམ་ལ་བརྟེན་ཏེ། རང་རང་གི་སློབ་དཔོན་གྱི་མན་ངག་གིས་ཟླ་བ་དང་ཉི་མ་སོགས་ཀྱི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པ ས་ཡོངས་སུ་ནས་སློབ་པ་དང་ཞེས་སྦྱར་རོ་དང་། དེ་བཞིན་དུ་སྦྱར་ཏེ། ཟླ་བ་དང་ས་བོན་དང་རྡོ་རྗེ་རིམ་པའམ།པ་ཚབ་ཀྱིས་ཟླ་བ་དང་རྡོ་རྗེའི་རིམ་པས་སྲིད་པ་འབྱུང་བ། ཞེས་བསྒྱུར་ཡང༌། འགྱུར་རྙིང་དང་ཆག་གིས་འམ་ཞེས་བསྒྱུར་བ་དག་སྟེ། རྡོར་སེམས་ཀྱི་སྒྲུབ་ཐབས་ལས། རྡོ་རྗེ་སློབ་དཔོན་ཁ་ཅིག་ཟླ་བ་དང་རྡོ་རྗེའི་རིམ་པས་རྡོ་རྗེ་སེམས་དཔའ་རྫོགས་པར་རྟོག་གོ །ཁ་ཅིག་ནི་སྲིད་པ་སྐྱེ་བའི་རིམ་པས་སོ། ཞེས་དེ་གཉིས་ལུགས་སོ་སོར་བཤད་པའི་ཕྱོར་རོ། །འཆི་སྲིད་དང་བར་སྲིད་དང་སྐྱེ་བའི་སྲིད་པ་གསུམ་འབྱུང་བ་དང་མཐུན་པར་སྐྱེད་པའི་རིམ་གྱིས་ཡོངས་སུ་བརྟགས་པའི་ལྷའི་རྣལ་འབྱོར་ལ་སློབ་པ་དང་།འདིར་སློབ་པ་དང་ཞེས་པ་དང་། སློབ་པ་:ཆག:སྟེ་ཞེས་འབྱུང་ཡང་། ལྷའི་རྣལ་:པ་ཚབ:འབྱོར་ལ་གོམས་པར་བྱེད་མོད་ཀྱི་ཞེས་འབྱུང་བ་ལེགས་ཏེ། དེ་ལྟར་བྱེད་མོད་ཀྱང་མཐའ་དྲུག་གི་སྒོ་ནས་མ་བཤད་པའི་གནད་ཀྱིས་ཟུང་འཇུག་གི་གནད་མི་རྙེད་ཅེས་པའི་དོན་ཡིན་པའི་ཕྱིར། ༈ །ཡོངས་སུ་དག་པའི་ལྷའི་རྣམ་འབྱོར་ཟུང་དུ་འཇུག་པ་ཡང་བདེན་པར་འཛིན་པའི་རྟོག་པ་ཐམས་ཅད་ལས་འདས་པ་སྟེ་ཟད་པར་སྤངས་བ་ལམ་འདིའི་རྣམ་འབྱོར་པ་ཟུང་འཇུག་ཐོབ་པ་སོ་སོ་རང་གིས་མངོན་སུམ་དུ་རིག་པ། དེའི་རང་གི་ངོ་བོ་དང་སྒྲུབ་ཚུལ་མཐའ་དག་པ་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་


JLD004_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནོར་བུ་རིན་པོ་ཆེ་སྣོད་གང་གི་ནང་དུ་འཇོག་པའི་སྣོད་ལ་རིན་པོ་ཆེའི་ཟ་མ་ཏོག་ཅེས་ཟེར་བས་སྒྲུབ་པ་པོའི་ཕུང་པོ་རིན་པོ་ཆེའི་ཟ་མ་ཏོག་དང་འདྲ་བའི་གི་ནང་ན་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ།སྟེ་ཀླུ་བྱང་གིས་ཀྱང་ཡང་དག་མགོན་པས་དེ་ཉིད་ནི། འབད་པས་སྦས་ནས་ཕུང་པོ་ཡི། །རིན་ཆེན་ཟ་མ་ཏོག་ཏུ་བཞག །ཅེས་གསུངས་སོ། །ཡོད་པ་སྲིད་པའི་མཐའ་དང་མེད་པ་ཞི་རྐྱང་གི་མཐ འི་ཕྱོགས་གཉིས་དང་བྲལ་བ། རྒྱུད་ཀྱི་ཡི་གེ་སྟེ་ཚིག་ཟིན་ཙམ་གྱི་དོན་བཤད་པའི་རྗེས་སུ་འབྲང་བ་རྣམས་དང༌། རྒྱུད་མཐའ་དྲུག་གིས་འཆད་བའི་མན་ངག་མེད་པ་རྟོག་གེ་པ་རྣམས་ཀྱི ས་ཇི་ཙམ་བརྟགས་ཤིང་དཔྱད་པའི་ཡུལ་མ་ཡིན་པ། རྩ་རྒྱུད་མཐའ་དྲུག་དང་ཚུལ་བཞིས་བཤད་རྒྱུད་ལ་བརྟེན་ནས་ལེགས་པར་འཆད་པའི་བླ་མའི་མན་ངག་འབའ་ཞིག་ལས་ཤེས་པར་བྱ་སྟེ། ༈ །སྔར་བཤད་པའི་ཁྱད་པར་བདུན་དང་ལྡན་པ་འདི་ལྟ་བུའི་ལྷའི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་སྡུད་པ་པོ་རྣམས་ཀྱང༌། འཇིག་རྟེན་འདིར་གདུལ་བྱའི་སྣང་ངོར་མེད་པར་གྱུར་པའི་ཕྱི་མའི་དུས་ན། སངས་རྒྱས་ཀྱི ས་ཡང་དག་པར་བཤད་པ་འདི་རྒྱུན་མི་འཆད་པར་སུ་ཞིག་གིས་སྟོན་པར་འགྱུར།ཞེས་ཞུས་སོ། །རྩ་རྒྱུད་ལ་དོན་ཟབ་མོ་དུ་མ་ཞིག་ཡོད་ཀྱང་སྒྲས་ཟིན་ཙམ་གྱི་བཤད་པ་ལ་བརྟེན་ན། དག་པའི་སྒྱུ་མ་ཟུང་འཇུག་མི་རྙེད་པ་དང༌། དེ་ཉིད་མ་འོངས་པ་ན་སུས་སྟོན་འདྲི་བ་ནི། རླུང་སེམས་གཉིས་ཙམ་ལས་བསྒྲུབས་པའི་སྒྱུ་མའི་སྐུ་འོད་གསལ་དུ་ཞུགས་པའི་འོད་གསལ་གྱི་རླུང་སེམས་གཉིས་ཙམ་ལས་དག་པའི་སྒྱུ་མའི་སྐུར་འཁྲུངས་པའི་སྒྱུ་ལུས་དང༌། ལྷན་སྐྱེས་ཀྱི་བདེ་


JLD004_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་འོད་གསལ་གཉིས་ངོ་བོ་གཅིག་ཏུ་སྦྱོར་བའི་ཟུང་འཇུག་ནི་རྟོགས་དཀའ་བའི་མཐར་ཐུག་པ་ཡིན་པས་དེ་ཉིད་སུས་སྟོན་ཞུས་པ་ཡིན་ཏེ། འདིའི་མཐའ་གཅོད་པ་གཞན་དུ་བཤད་པ་ལས་ཤེས་པར་བྱའོ། །གདུལ་བྱའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་རྒྱུན་མི་འཆད་:པ་ཚབ:པར་ཇི་ལྟར་འཇུག་པར་འགྱུར། ༈ །དྲི་བ་དེའི་ལན་སྨྲས་པ་མ་འོངས་པའི་དོན་འདི་ནི། ལང་ཀར་གཤེགས་པའི་མདོ་ལས། དེ་བཞིན་གཤེགས་པ་ལ་མཚན་གཞན་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་དོན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞུས་པ་དེ་འདིར་བསྟན་པར་བྱ་སྟེ། མན་ངག་དམ་པ་མེད་པའི་རྟོག་གེ་རྣམས་ཀྱི་ཡུལ་མིན་པ། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ནི། ཕྱི་མའི་དུས་སུ་གྱུར་པ་ན། མགོན་པོ་ཞེས་བོས་ནས་གང་ཟག་སུ་ཞིག་གིས་འཛིན་པ་དང་སྟོན་པར་འགྱུར་བ་གསུངས།ཤིག་ཅེས་ཞུས་ཏེ་ཚིག་རྐང་གོང་མ་གཉིས་ཀྱིས་འདྲི་བ་ན། དེ་ཁོ་ན་ཉིད་ཀྱི་དོན་མཐར་ཐུག་པའི་ལྟ་བ་དང༌། སྔར་བཤད་པའི་ཟུང་འཇུག་གཉིས་ཀ་ལ་བསམས་ནས་དྲིས་སོ། །བདེ་གཤེགས་མྱ་ངན་འདས་པའི་འོག །ཏུ་ལོ་བཞི་བརྒྱའི་དུས་དག་འདས་ནས་འབྱུང་བ་ནི། །གང་ཞིག་རྒྱལ་བའི་བསྟན་པའི་སྙིང་པོ་འཛིན་པར་འགྱུར་བ་དེ་ནི་ཏེ། །བདག་གིས་བཤད་ཀྱི་བློ་གྲོས་ཆེན་པོ་ཁྱོད་ཀྱིས་ཤེས་པར་བྱོས། །ཤིག །རྒྱ་གར་གྱི་ལྷོ་ཕྱོགས་བཱཻ་ད ར་བ་ཞེས་པ་འཇག་མ་སྐྱེ་བ འི་ཡུལ་དུ་ནི། །རྟེན་དགེ་སློང་དཔལ་ལྡན་ཞེས་བྱ་བ། །དེ འི་མིང་འཇིག་རྟེན་ན་ཀླུ་ཞེས་བོད་པ་སྟེ། །ཞེས་པའམ་དེའི་མིང་:ཆག:ཡང་ན་


JLD004_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ་སྟེ་ཞེས་པ་ལྟར་རོ། །གང་དུ་བཟུང་ན་ཕུང་བར་འགྱུར་བའི་ཡོད་པ་དང་མེད་པའི་ཕྱོགས་ཏེ་མཐའ་གཉིས་འཇིག་པ། །སྟེ་སྤངས་པའི། ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་སྟེ་གོང་ན་མེད་པའི་ཐེག་ཆེན་གྱི་ལམ་མཐར་ཐུག་པ་འཇིག་རྟེན་འདིར་རབ་ཏུ་སྟེ་གསལ་བར་བཤད་ཅེས་པ་ནི་མདོ་སྡེ་དང་རྒྱུད་སྔའི་ཕྱོགས་གཉིས་ཀ་ལ་དགོངས་ནས་གསུངས་པའོ། །ནས། །རབ་ཏུ་དགའ་བའི་ས་བསྒྲུབས་སྟེ། །བདེ་བ་ཅན་དུ་དེ་འགྲོའོ། ༈ །ཞེས་ལུང་བསྟན་པའི་རིམ་པ་འདིས་ན། དེ་བཞིན་གཤེགས་ཡོངས་སུ་མྱ་ངན་ལས་འདས་ཤིང་སྡུད་པ་པོ་རྣམས་མི་ཞུགས་ཀྱང༌། ཇི་སྲིད་དུ་འཇིག་རྟེན་དུ་དམ་པའི་ཆོས་གནས་པ་དེ་སྲིད་ཀྱི་བར་དུ། བླ་མེད་ཀྱི་རྡོ་རྗེ་ཐེག་པ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་འདུས་པའི་ཀྱི་ལུང་ལ་བརྟེན་ནས། བསྐྱེད་པའི་རིམ་པའི་གོ་རིམས་ཀྱིས་རྫོགས་པའི་རིམ་པ་རྟོགས་པར་བྱ་བ འི་ཚུལ་ནི། འདི་དྲི་བ་དང་པོའི་ལན་ནོ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བརྩམས་པ་སྟེ་ཉེ་བར་བཟུང་ནས་ཕས་བསགས་པའི་ཏེ་གཏེར་ལ་བུ་བརྒྱུད་ཀྱིས་ལོངས་སྤྱོད་པ་དང་འདྲ་བར། སློབ་དཔོན་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམས་ཀྱིས་རང་རང་གི་བླ་མའི་ཞལ་ནས། གསང་བ་འདུས་བ་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དུ་འགྱུར་པའི་གང་ཟག་གི་རྒྱུད་ལ་འཇུག་ཅིང་འཕོའོ། ༈ །དེ་ལྟར་ལུང་བསྟན་པའི་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་བཞེད་པའི་དོན་མཐར་ཐུག་པ་རྗེས་སུ་བརྙེས་ནས། གཞན་གྱི་དོན་རྗེས་སུ་སྒྲུབ་པའི་ཕྱིར་དུ་འཕགས་པ་མཆོག་གི་སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་རྡོ་རྗེ་


JLD004_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་རྡོ་རྗེ་འཆང་ཆེན་པོ་སྒྲུབ་པའི་ཐབས་སུ་གྱུར་པའི་ཏིང་ངེ་འཛིན་གཏན་ལ་འབེབས་པའི་གཞུང་རིམ་ལྔ་དང་མདོར་བྱས་སོགས་མིའི་འཇིག་རྟེན་དུ་བསྟན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང༌། མུ་སྟེགས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་དང༌། སྙོམས་པར་འཇུག་པའི་བདེ་བ་ཐམས་ཅད་ལས་འདས་ནས། སྲིད་པར་སྐྱེ་བ་དང་འགག་པ་སྟེ་འཆི་བ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ། མཚན་དཔེའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་བརྒྱན་པ་བརྙེས་ནས། བདེ་ཅན་དུ་གཤེགས་ཏེ། སྐུ་ཡི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་བཞུགས་སོ། ། འོ་ན་ལང་གཤེགས་ལས། ས་དང་པོ་བསྒྲུབས་ཏེ་བདེ་བ་ཅན་དུ་གཤེགས། ཞེས་པ་དང། འདིར་མངོན་པར་རྫོགས་པར་སངས་རྒྱས་ནས་བདེ་བ་ཅན་དུ་གཤེགས་པར་བཤད་པ་གཉིས་འགལ་ལོ་སྙམ་ན། མི་འགལ་ཏེ། ཀུན་དགའ་བོ་མདོ་སྡེའི་ཕྱོགས་སུ་རྒྱུན་ཞུགས་སུ་བཤད་ལ། ཐམས་ཅད་གསང་བའི་རྒྱུད་ལས། ཀུན་ཏུ་བཟང་པོར་བཤད་པ་བཞིན་དུ་གདུལ་བྱའི་དགོས་པའི་དབང་དང༌། ཐེག་པ་ཕྱོགས་རེ་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །སྤྲིན་ཆེན་ལས། མཐར་རབ་ཏུ་དང་པའི་འོད་ཅེས་བྱ་བའི་ཞིང་དུ་མཐར་འཚང་རྒྱ་བར་གསུངས་པ་དང་ཡང་མི་འགལ་ཏེ། ཤཱཀྱའི་རྒྱལ་པོ་ཚེ་ལོ་བརྒྱ་བའི་དུས་སངས་རྒྱས་པར་གསུངས་པ་དང༌། སྔོན་བསྐལ་པ་དུ་མའི་སྔོན་དུ་སངས་རྒྱས་པར་གསུངས་པ་གཉིས་མི་འགལ་བ་དང་འདྲ་བའི་ཕྱིར་རོ། ༈ །དེ་ལྟར་ལུང་བསྟན་པ་དང་ལུང་


JLD004_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྟན་པ་གང་ཡིན་ནམ་སྙམ་པའི་ཐེ་ཚོམ་གྱི་རྣམ་པར་རྟོག་པ་བསལ་ལ། བཤད་པ་ཡང་དག་པ་དང་ལྟར་སྣང་བའི་ངོ་བོ་ཉིད་ལེགས་པར་ཤེས་པས་མཐའ་དྲུག་གི་སྒོ་ནས་བཤད་པའི་ཕྱོགས་འདི་དང་སྒྲས་ཟིན་གྱིས་དོན་ཙམ་གྱི་ཕ་རོལ་གྱི་གྲུབ་པའི་མཐའ་སྟེ་ལུགས་གཉིས་ཀྱི་ཁྱད་པར་གཉིས་ལེགས་པར་ངེས་པར་བྱའོ། ༈ །ད་ནི་རྒྱུད་ཀྱི་གཞུང་ཉེ་བར་སྡུད་པར་བྱེད་དེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ། རྒྱུད་མ་ལུས་པར་རྒྱན་རྣམ་པ་བདུན་དང།བདུན་:ཆག:བཤད་པའི་ཟེར། ༢བཤད་པའི་ཚུལ་གྱིས་སྟོན་པ་ལ་ཐོས་ནས།རྩ་རྒྱུད་ལས། རྒྱན་བདུན་གྱི་བཤད་པ་དངོས་སུ་མེད་ཀྱང་སྡུད་པ་པོས་རྒྱན་བདུན་གྱི་བཤད་པ་འཇུག་པར་མཁྱེན་པའོ། །དོན་དང་ཚུལ་དང་ཆོས་ཉིད་ཁོང་དུ་ཆུད་དེ། རིམ་པ་གཉིས་ཀྱི་མན་ངག་སྦྱིན་པ་སྔོན་དུ་འགྲོ་བས། རྒྱུད་སྡུད་བའི་དུས་ཀྱི་ཉན་པ་པོ་རྣམས་ལ་ཡང་དག་པར་བཤད་དེ་སྡུད་པར་བརྩམས་པའི་དོན་ཡོངས་སུ་རྫོགས་ནས། བདག་ཉིད་ཀྱི ས་སྡུད་པར་དམ་བཅས་པའི་བསམ་པ་ཡོངས་སུ་རྫོགས་པར་སྟོན་པ་ནི། སྡུད་པར་བྱེད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། ཞེས་བྱ་བ་སྨྲས་ཏེ། གསང་བ་འདུས་པའི་རྒྱུད་འདི་དེ་སྐད་ཅེས་བཀའ་སྩལ་སྟེ། རྡོ་རྗེ་འཆང་ཆེན་པོ་བདེ་བ་ཆེན་པོས་རབ་ཏུ་བསྟན་པའོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྡོ་རྗེ་གསུམ་གཙོ་བོར་བྱས་ནས་གཅིག་ཏུ་ཞུགས་པ་སྟེ། དེ་ཡང་རྒྱུད་གང་དུ་གསང་བ་གསུམ་པོ་རྣམས་ཀྱི་འདུས་པ་ནི་དེ་གསུམ་ཚོགས་


JLD004_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང༌། སྡོམ་པ་རྡོ་རྗེ་བྱིན་གྱི་བརླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་ལེའུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའོ། །རིགས་ལྔ་པོ་དེ་རྣམས་ཀྱི་དམ་ཚིག་ནི་ཉམས་སུ་བླང་བར་བྱ་བ འི་དོན་བསྲུང་བ་དང་ལ་སོགས་པ ས་བཟའ་བ་དང་བསྟེན་པའི་དམ་ཚིག་རིགས་ལྔས་བསྡུས་པའི་དམ་ཚིག་ལྔའོ། །སྡོམ་པ་ནི་ཉམས་སུ་བླང་བྱའི་དོན་དེ་ལ་ནན་ཏན་དུ་སྒྲུབ་པ་སྟེ། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ལྔས་བསྡུས་པའི་སྡོམ་པ་ལྔའོ། །གཉིས་:ཆག:པོ་དེ་ནི་ཟེར། གདེ་ནི་ཀདམ་ཚིག་དང་སྡོམ་པ་གཉིས་ཁཔོ་སུ་མེད་ཅིང་འདའ་བར་བྱ་བ་མ་ཡིན་པས་ན་རྡོ་རྗེ་སྟེ་མི་ཕྱེད་བར་བྱ་བ། །དམ་ཚིག་དང་སྡོམ་པ་དེའི་བྱིན་གྱིས་བརླབས་ཀྱི་རྒྱལ་པོ་རྡོ་རྗེ་ཞེས་པ་འདི་རྒྱུད་ལ་མེད་དོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ། །དེའི་མཚན་གྱི་རྣམ་གྲངས་ནི་རྡོ་རྗེའི་རིགས་ལ་སོགས་པའི་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། ཐོག་མ་དང་ཐ་མ འི་མཚམས་གཟུང་དུ།་མེད་པ་དང་པོའི་སངས་རྒྱས། རིག་པ་ཆེན་པའི་སྐྱེས་བུའི་གཟུགས། ཡེ་ཤེས་ཀྱི་སྐུ། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན། ས་གསུམ་གྱི་འཇིག་རྟེན་གསུམ་གྱི་བདག་ཉིད་ཅན། སྐུ་གསུམ་གྱི་བདག་ཉིད་ཅན། ཐེག་པ་གསུམ་གྱི་བདག་ཉིད་ཅན། འདས་པ་ལ་སོགས་པའི་དུས་གསུམ་གྱི་བདག་ཉིད་ཅན། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། བདེན་པ་གཉིས་ཀྱི་བདག་ཉིད་ཅན། ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་


JLD004_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པའི་མཚན་གྱི་རྣམ་གྲངས་མཐའ་ཡས་ཏེ། དམ་ཚིག་དང་སྡོམ་པ་དང་དེ་བྱིན་གྱིས་བརླབ་པ་དེ་སྟོན་པའི་གཞུང་བསྡུས་པ་མ་ལུས་པ་ནི། སྔ་མ་ལེའུ་དང་པོར་བཤད་པ་བཞིན་དུ་གོས་དང་འདྲ་བའི་ཕྱིར་ན་ལེའུ་ཞེས་བྱའོ། ༈ །བདེ་བར་གཤེགས་པ་རྡོ་རྗེ་འཆང་གི་གསུང་དོན་ཤིན་ཏུ་ཕྲ་བ་སྟེ་རྟོགས་པར་དཀའ་བ འི་རྣལ་འབྱོར་གྱི་རྒྱུད། དཔལ་འདུས་པའི་དོན་རྣམས་མཐའ་དྲུག་གིས་བཤད་པ་དང་བྲལ་བར་བཤད་ཀྱང་ངེས་པར་རྟོགས་པར་ནུས་སོ་ཞེས་གང་སྨྲ་བ་དེ ས་ནི་འདུས་པའི་དོན་ཟབ་མོ་རྣམས་ཀྱི་དེ་ཉིད་བློས་མཐོང་བ་སྟེ་རྟོགས་པ་མིན་གྱི་རྒྱུད་ཀྱི་ཡི་གེ་སྟེ་ཚིག་ཟིན་ཙམ་གྱི་དོན་བལྟ་བ་སྟེ། རྟོགས་པ་ལ་བདག་གིས་འདུས་པའི་དོན་ཀུན་ཤེས་སོ་སྙམ་དུ་འཛིན་པ་ཙམ་ཡིན་ཏེ། དཔེར་ན་བྱིས་བ་ཆུང་དུ་ལ་རྒན་པས་ཟླ་བ་ལྟ་བ་སྟེ་བསྟན་པར་འདོད་ནས་སོར་མོ་མིག་སྔར་བཞག་སྟེ་རིམ་གྱིས་གྱེན་དུ་བཏེག་པར་ཟླ་བ་ལ་མི་བལྟ་བར་སོར་མོ་ཁོ་ན འི་རྩེ་ལ་ལྟ་བ་ན་སོར་མོས་མཚོན་པར་བྱ་རྒྱུའི་ཟླ་བ་ལ་མི་བལྟ་བར་མཚོན་བྱེད་ཀྱི་སོར་མོ་ལ་བལྟ་བ་དང་མཚུངས་ཇི་ལྟར་མཚུངས་ན་རྩ་རྒྱུད་ཀྱི་དངོས་ཟིན་གྱི་དོན་ནི་སོར་མོ་དང་འདྲ་བར་མཚོན་བྱེད་དོ། ཚིག་ཟིན་གྱི་དོན་དེས་མཚོན་པར་བྱ་བའི་ངེས་དོན་ནི་ཟླ་བ་དང་འདྲའོ། །རྡོ་རྗེ་འཆང་གི་ངེས་དོན་དེ་ལྟར་བསྟན་པར་འདོད་ནས་ཚིག་ཟིན་གྱི་དོན་བསྟན་པ་ནི་རྒན་པོས་ཟླ་བ་བསྟན་པར་འདོད་ནས་སོར་མོས་མིག་ཁྲིད་པ་དང་འདྲ་བས། རྡོ་རྗེ་འཆང་གིས་གདུལ་བྱ་མཆོག་ལ་བསྟན་པར་བཞེད་པའི་སྐབས་དོན་གྱི་གཙོ་བོ་མ་རྙེད་པས་ངལ་བ་འབྲས་མེད་དུ་འགྲོའོ། །སོ། ༈ །གཞན་ཡང་རྒྱལ་བ་སྐྱེས་མཆོག་རྣམས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སོགས་ལས་རྣམ་པར་བཤད་པའི་མཐའ་དྲུག་གི་བཤད་སྲོལ་གྱི་ལམ་གང་ཡིན་པ། །གང་ཞིག་གིས་འདུས་པའི་རྩ་རྒྱུད་འདི་དང་


JLD004_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་འདྲ་བའི་རྒྱུད་ཀྱི་ཚུལ་གཞན་མ་ལུས་པ་རྣམ་པར་འབྱེད་པར་བྱེད་པས་རྒྱུད་ཀྱི་མཐར་ཐུག་འདུས་པ་བཤད་པར་བྱས་པས། །ཟླ་བའི་ཞབས་བདག་གིས་དགེ་བ་གང་ཐོབ་པ་དེས་ནི་སྒྲོན་མ་འབར་བའམ། གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་འདི འི་བཤད་པ་འཇིག་རྟེན་ན་རིང་དུ་གནས་ཤིང༌། །ཟག་པ་མེད་པའི་བདེ་བ་དམ་པའི་གནས་ཏེ་གོ་འཕང་མཆོག་གི་ཟླ་བའི་དཀྱིལ་འཁོར་རྫོགས་ལ་གསལ་བ་ལྟ་བུའི་བློ་དང་འགྲོ་བ་རྣམས་ནི་ལྡན་པར་ཤོག །ཅིག་པའོ། །འགྲེལ་པ་བརྩམས་པའི་དགེ་བ་སྒྲོན་གསལ་གྱི་བཤད་པ་རིང་དུ་གནས་པའི་དོན་དུ་བསྔོ་བ་མཛད་པས་ན། གསང་བ་འདུས་པ་འཕགས་པ་ཡབ་སྲས་ཀྱི་ལུགས་སུ་རྒྱུད་འཆད་པ་རྣམས་ཀྱིས། འགྲེལ་པའི་མཆོག་འདི་ཉིད་ཀྱི་སྟེང་ནས། འཇིག་རྟེན་གསུམ་གྱི་རིན་པོ་ཆེ་གཅིག་ཏུ་དཔལ་གསང་བ་འདུས་པའི་དོན་རྣམས་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱའོ། ༈ །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་བདུན་པ་མཐར་དྲུག་གིས་བཤད་པའོ། ༈ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་འདུས་བའི་རྒྱ་ཆེར་བཤད་པ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནཱ་གཱརྫུ་ནའི་མན་ངག་ལ་བརྟེན་ཏེ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། ༈ །རྒྱ་གར་གྱི་མཁན་པོ་ཤྲ་ངྷཱ་ཀ་ར་ཝརྨ་དད་བྱེད་བོ་ཆ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་གྱི་མཁན་པོ་ཤྲཱི་དཔལ་


JLD004_Page_1038
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཛྙཱ་ན་ཀ་ར་བཱ་:ཆག:ལས་བཤད་ནས་ཟེར་བ་ལྟར་ན། དཔལ་ཡེ་ཤེས་སྐྱོང་བར་བྱེད་པའོ། །ཛྙཱ་ནཱ་ཡེ་ཤེས་ཀ་ར་བྱེད་པ་བས་བཤད་ནས། བོད་ཀྱི་ཞུ་ཆེན་གྱི་ལོཙྪ་བ་འགོས་ལྷས་བཙས་ཀྱིས་ཞུ་གཏུགས་གཡར་ཁྲལ་འཚལ་བའོ། །ཡང་སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ནག་པོའི་ཞལ་སྔ་ནས་ཀྱིས་བཤད་ནས། བོད་ཀྱི་ལོཙྪ་བ་འགོས་ལྷས་བཙས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་བཅོས་པའོ། ། ༈ ། །རྗེ་རིན་པོ་ཆེ་འགོས་ཀྱིས་དང་པོར་ལོ་ཆེན་གྱིས་བསྒྱུར་བའི་སྒྲོན་གསལ་ལ་བཤད་པ་མང་དུ་མཛད། དེའི་རྗེས་སུ་ཁོང་རང་གིས་ཛྙཱ་ན་ཀ་ར་ལ་བརྟེན་ནས་འགྱུར་བཅོས་མཛད་པ་ལ་བཤད་པ་མང་དུ་མཛད། དེའི་རྗེས་སུ་ཁོང་རང་གིས་ནག་པོ་དམ་ཚིག་རྡོ་རྗེ་ལ་བརྟེན་ནས་འགྱུར་བཅོས་མཛད་པའི་སྒྲོན་གསལ་ལ་བཤད་པ་མང་དུ་མཛད་པའི་གནད་ཀྱིས། འགོས་འགྱུར་རང་ལའང་དཔེ་མི་མཐུན་པ་མང་དུ་ཡོད་ནའང༌། འགྱུར་རིམ་པ་གསུམ་པ་དག་པར་བླ་མ་གོང་མ་རྣམས་མཛད་པར་འདུག་པས། འགྱུར་གསུམ་པ་ལ་གཞི་བྱས་ནས་འགོས་འགྱུར་གྱི་སྒྲོན་གསལ་མང་དུ་བསགས་ཏེ། དོན་ལ་ཞིབ་ཏུ་དཔྱད་ཅིང་འགོས་འགྱུར་གྱི་ཆ་འགའ་ཞིག་མི་བཅོས་སུ་མི་རུང་བ་རྣམས་ལ། འགྱུར་གསར་པས་སྐྱེད་ཐོན་པ་རྣམས་འགྱུར་མཆན་དུ་བཀོད་པའི་ཞུས་དག་ཡིད་ཆེས་པའི་གནས་སུ་རུང་བར། དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དག་གཏེར་བྱས་


JLD004_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ། ། །སརྦ་མངྒཱལཾ། ༈ །དོན་མང་གཞུང་ཉུང་ཤིན་ཏུ་གཏིང་དཔག་དཀའ། །རྣམ་མང་བཤད་པའི་རླབས་ཀྱི་འཕྲེང་བས་དཀྲིགས། །དངོས་གྲུབ་གཉིས་ཀྱི་རིན་ཆེན་གཏེར་གྱུར་པ། །དཔལ་ལྡན་འདུས་པ་བདུད་རྩིའི་རྒྱ་མཚོ་ཆེ། །སྤས་དོན་གསལ་བའི་ཀླུ་སྒྲུབ་མན་ངག་གིས། །རྒྱུད་རྒྱལ་གདམས་པར་ཤར་བའི་ཉམས་ལེན་དང༌། །རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་ཀྱི། །སྲུབ་ཐག་བཟང་པོས་དཀྲིས་པའི་བཤད་རྒྱུད་ཀྱི། །སྲུབ་ཤིང་མཆོག་གིས་ཡང་ཡང་བསྲུབས་པ་ལས། །ཚིག་གི་ཟུར་ཕྱིན་དོན་གྱི་གནད་གསལ་བ། །སྔོན་ཆད་ཕྱོགས་འདིར་མངོན་དུ་མ་གྱུར་བའི། །ཚིག་དོན་བདུད་རྩིས་གང་བའི་བུམ་པ་རྙེད། །དེ་ལས་འོངས་པའི་རྣམ་དག་བདུད་རྩིའི་ཆུ། །སྒྲོན་མ་གསལ་བའི་གླེགས་བམ་ངོས་རྣམས་ལ། །ཡི་གེའི་གཟུགས་ཀྱིས་ཆགས་པའི་མཆན་བུ་འདི། །རྣམ་དཔྱོད་ཡངས་པའི་མིག་གི་བདུད་རྩིའོ། །རབ་འབྱམས་གཞུང་དང་ཁྱད་པར་དུ། །ཕྱོགས་འདིར་འགྱུར་བའི་འཕགས་སྐོར་དང༌། །ཚུལ་འདིར་སྦྱངས་པ་ཆེ་བ་ཡི། །གངས་ཅན་མཁས་པའི་གཞུང་རྣམས་ལ། །རིང་དུ་ལེགས་པར་སྦྱངས་པའི་མཐར། །བཀོད་པ་ཡིན་མོད་འོན་ཀྱང་ནི། །ཚུར་མཐོང་བློ་མིག་ཞན་པའི་མཐུས། །ཇི་བཞིན་མིན་བཤད་སྙིང་ནས་འཆགས། །དེར་འབད་པ་ལས་འོངས་པ་ཡི། །ཚོགས་གཉིས་ཤིན་ཏུ་དཀར་བ་རྣམས། །ལམ་བཟང་འདི་དང་མི་འབྲལ་ཞིང། །འགྲོ་ཀུན་ལམ་འདིས་བགྲོད་ཕྱིར་བསྔོ། །ཞེས་དཔལ་གསང་བ་འདུས་པ་སྒྲོན་མ་གསལ་བས་བཤད་པའི་མཐའ་གཅོད་ཀྱི་སྤྱི་དོན་ནི་ལོགས་སུ་བཤད་པ་བྱེད་པར་ཡོད་ལ། རྩ་འགྲེལ་གྱི་ཚིག་དོན་ཟུར་ཕྱིན་པར་མཆན་གྱིས་གསལ་བར་བཤད་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་


JLD004_Page_1040
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་བྱེད་ནུས་པར་གྱུར་ཅིག། ༈ ། །འདི་ལ་སྤྱིར་པར་དུ་མ་འཁོད་པའི་འགྲོ་དོན་ཆེ་བའི་རིགས་ལ་བྲིས་ནོར་རྒྱུན་འབྱམས་དང༌། སོ་སོའི་དཔེ་ཡིན་པར་བསམ་པས་བསམ་ཚོད་སྣ་ཚོགས་བྲིས་པ་ལས་མཆེད་པ་མང་ཞིག་ཡོང་གིན་འདུག་པ་ལྟར་འགྲེལ་མཆན་འདིར་ཡང་སྦྲུལ་ཤད་དང༌། ཀ་རྟགས། མཆན་འཇུག་སོགས་ལ་མི་འདྲ་བ་མང་ཞིག་འདུག་པ་གཞུང་དང་རྒྱལ་མཚན་མཐོན་པོ་གཉིས་ཀྱི་ཕྱག་དཔེ་དང༌། འཆད་ཉན་པ་དག་གི་དཔེ་ཁུངས་བཙུན་གྱིས་མཚོན་འགྲེལ་པ་དང་ཟིན་བྲིས་ཉི་ཤུ་སྐོར་བསགས་ཏེ་ཞུས་དག་ལེགས་པར་གྲུབ་པ་ལས། མཆན་དངོས་གཞི་དང༌། རྒྱ་སྐད་ཀྱི་རིགས་རྣམས་མཐུན་མིན་བྱུང་བ་རྣམས། འཕགས་འོད་ཡོན་ཏན་རྒྱ་མཚོ། རྗེ་ཤེས་རབ་སེང་གེས་དངོས་སློབ་བཅས་འགྲེལ་བཤད་རྣམ་ངེས་སོར་བཞག་ཏུ་བྱས། དཀྱུས་མཆན་རྣམས་དང༌། རྩ་འགྲེལ་གྱི་ཁ་སྐོང་ཕལ་ཆེ་བ་དཀྱུས་སུ་བཀོད། ཟུར་མཆན་གྱི་རིགས་ཡིག་འཕྲེང་དངོས་གཞིའི་སྟེང་འོག་སོགས་ཅི་རིགས་པ་ནས་བཅུག་ཅིང༌། དེ་ཡང་སྤྱིར་ན་དཀྱུས་མཆན་རྣམས་དཀྱུས་མའི་དོན་དང༌། ཟུར་མཆན་རྣམས་འཕྲོས་དོན་ལས་དཀྱུས་མའི་དོན་མིན་པར་བརྟེན། དཀྱུས་ཟུར་གྱི་མཆན་འཇུག་ཚུལ་ཡང་ཡི་གེའི་སྲུབས་ལ་བཅུག་པ་དང༌། ཡི་གེ་དང་ཚེག་གི་སྟེང་འོག་ཏུ་འཇུག་པའི་དབྱེ་བ་རྗེ་རིན་པོ་ཆེ་ཉིད་ཀྱི་གནང་བའི་དོན་བཞིན་དཀྱུས་མཆན་དངོས་གཞི་དཀྱུས་མའི་དོན་དུ་མ་ཟད་ཚིག་གོང་འོག་གཉིས་ཀར་འགྲིག་པ་དགོས་ཤིང༌། ཟུར་མཆན་ལ་ངེས་པ་མེད་རུང༌། རེ་གཉིས་ལ་དོན་དཀྱུས་མཆན་དུ་ཐོབ་པ་འདྲ་ཞིག་བྱུང་ཀྱང༌། དཀྱུས་མཆན་དུ་བྱས་ན་འགྲེལ་བའི་འཇུག་ཡུལ་གོང་འོག་གང་རུང་རེ་མ་འབྲེལ་བ་ཆེན་པོར་གྱུར་པ་དག་ཟུར་མཆན་དུ་བཀོད། ས་བཅད་མཚམས་སྦྲུལ་ཤད་ཡང་འགྲེལ་ཚིག་ལ་འཐེན་ཕྱོགས་ཡོད་པར་བརྟེན། རྣམ་ངེས་དང་བསྡུས་དོན་གྱི་དཔེའི་རིགས་ལ་མི་མཐུན་པ་ཁ་ཤས་འདུག་པ་དགའ་ལྡན་གྱི་བསྡུས་དོན་པར་རྙིང་སོར་བཞག་ཏུ་བྱས་ཏེ། ཡིད་ཆེས་ཀྱི་གནས་སུ་ལེགས་པར་གྲུབ་ཡོད་པས། ཐོག་མར་པར་གྲུབ་མཚམས་རང་ནས་རྩ་བ་རྣམས་སེར་


JLD004_Page_1041
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་དང༌། ཀ་རྟགས་དང༌། འགྱུར་མཚན་དང་སྦྲུལ་ཤད་རྣམས་མཚལ་གྱིས་ཕྱེ་ན་ཤིན་ཏུ་ལེགས་པས་དེ་ལྟར་ཅི་འགྲུབ་བྱ། སེར་འབྱེད་ཅིས་ཀྱང་མ་གྲུབ་ནའང་ཀ་རྟགས་དང༌། འགྱུར་མཚན་སྦྲུལ་ཤད་རྣམས་མཚལ་གྱིས་ཕྱེ་བ་ཞིག་བྱུང་ན་གོ་བདེ་ཞིང༌། དྭང་པ་འདྲེན་པ་སོགས་ལ་ཁྱད་ཆེ་ངེས་སུ་ཡོང་དེ་ལྟར་ཅི་ནས་ཀྱང་མཛད་པར་ཞུ། འདིས་ཀྱང་བསྟན་པའི་སྙིང་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ། །ༀ་སྭསྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲུ་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཱམ། ། །


no previousརྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ།no next