Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
   
   
   
   
   
   
   
   
དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་ལྷན་ཐབས།
  expand section
   
   


 
previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་ལྷན་ཐབས།next

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་ལྷན་ཐབས།


JLD006_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་ལྷན་ཐབས་བཞུགས་སོ། །


JLD006_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་གྱི་ལྷན་ཐབས་ནི། མི་མངོན་པ་ལ་ས་སློང་བའི་སྐབས་སུ། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། ཞེས་པའི་བར་བརྗོད། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས། སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེའཆང་སྔོན་པོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་


JLD006_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་བརྒྱད་ཅུས་བརྒྱན་པ། རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན་ཅེས་པ་ནས། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་མགྲོན་པར་ཨཱཿ ཐུགས་ཀར་ཧཱུཾ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ནང་མཆོད་དང་ཉེར་སྤྱོད་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿ ཧཱུཾ་གིས་མཆོད་ཡོན་དང༌། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་གྱིས་མཆོད་ལ། བཛྲ་དྷྲིཀ་ༀ་ཨཱཿ ཧཱུཾ་ཞེས་ནང་མཆོད་དབུལ། དུས་གསུམ་རྡོ་རྗེའི་ཐུགས་


JLD006_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྲིད་དང་མཐར་གྱུར་གང༌། ཞི་ཞིང་སྒྲིབ་མེད་དག་པ་ནམ་མཁའི་ངོ་བོ་ཉིད། །སངས་རྒྱས་རྣམ་བརྒྱས་བྱང་ཆུབ་དབང་ཕྱུག་རྡོ་རྗེ་ཅན། །དེ་ལ་ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། ཞེས་པས་བསྟོད། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཞིང་སྐྱོང་འཁོར་བཅས་སྤྱན་དྲངས། མཆོད་གཏོར་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ལ། ༀ་ཨ་ཀཱ་རོའི་སྔགས་ལན་གསུམ་པརྗོད་དེ་ཕུལ་ནས། ༀ་ཨཱཿ ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ་ཞེས་མཆོད་ཡོན་དང༌། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་གྱིས་མཆོད་ནས། ༀ་ཀྵི་ཏྲ་པཱ་ལ་ས་པ་རི་ཝཱ་ར་ༀ་ཨཱཿ ཧཱུཾ་ཞེས་ནང་མཆོད་ཕུལ་ནས། གང་དག་འདིར་གནས་སོགས་ལན་གསུམ་པརྗོད།ཞིང་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། གནང་བ་ནོད་ཚུལ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་མི་བསྐྱོད་པའི་དཀྱིལ་འཁོར་སྤྱན་དྲངས། ཆུ་གཉིས་ནས་རོལ་མོའི་བར་སྔར་རྡོ་རྗེ་འཆང་གི་སྐབས་བཞིན་ཕུལ། བདག་གིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བགྱིད་པ་གེགས་མེད་པར་འགྲུབ་པར་མཛད་དུ་གསོལ། རིག་པ་འཛིན་པ་ཅི་དགའ་བར་གྱིས་ཤིག་ཅེས་གནང་བ་བྱིན་པར་གྱུར། ༀ་བྷཱུ་ཁཾ་ས་གཞི་ ས་གཞི་ཞེས་པ་འོག་མ་གཉིས་ལའང་སྦྱར། ནམ་མཁའི་རང་བཞིན་སྟོང་པ་ཉིད་དུ་གྱུར། ཅེས་དང༌། ༀ་ཨཱཿ ཞེས་སོགས་ཀྱི་རྗེས་སུ་རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཤིང་བསྲུངས་པར་གྱུར་ཅེས་དང༌། ལྟ་བའི་ཚེ་ཤར་དུ་བལྟས་ནས་གཡོན་


JLD006_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱངས་བྱས་ལ་ལག་པ་གཉིས་ཐུགས་ཀར་རྡོར་དྲིལ་བཟུང་ནས་བསྣོལ་ལ། བཛྲ་སཏྭ་ཟློས་ཤིང་མེ་མཚམས་སུ་བལྟས་ཏེ་གཡོན་དུ་མེ་མཚམས་མཐོང་གི་བར་དུ་ལུས་གཅུ་ཞིང་སླར་ཡང་གཡས་སུ་དེ་ལྟར་བྱས་ལ། སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པའི་རང་བཞིན་ཅན་དུ་གྱུར་ཅེས་དང༌། སྒྲུབ་ཐབས་བསྒོམ་ཚུལ་ནི། སྔོན་འགྲོའི་གཏོར་མ་མཆོད་བསྟོད་གྱི་བར་ཡན་ཆད་བསྒོམ་མོ། །སྤྲོ་བ་བསྐྱོད་པའི་རྗེས་སུ་གནང་བ་ནོད་པའི་སྐབས་བཞིན་སྤྱན་དྲངས་ལ། མཆོད་ཡོན་གྱི་རྗེས་སུ་མེ་ཏོག་ནས་རོལ་མོའི་བར་སྔར་བཞིན་ཕུལ་ནས། ལྷ་སོ་གཉིས་ཀྱི་མཚན་སྔགས་ལ་ༀ་ཨཱཿ ཧཱུཾ་བཏགས་ལ་ནང་མཆོད་དབུལ། བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར། མ་ལུས་ཕྱོགས་ན་བཞུགས གསོལ་གདབ་ཀྱི་ཚེ་མཆོད་པ་བྱིན་གྱིས་བརླབས། ཆུ་གཉིས་ནས་རོལ་མོའི་བར་སྔར་རྡོ་རྗེ་འཆང་གི་སྐབས་བཞིན་ཕུལ་ལ། བཛྲ་དྷྲིཀ་ༀ་ཨཱཿ ཧཱུཾ་ཞེས་ནང་མཆོད་ཕུལ་ལ། མི་སྐྱོད་རྡོ་རྗེ་ཞེས་པ་ནས་གསང་བའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་པའི་བར་རྣམས་སྒོ་བཞིའི་སློབ་དཔོན་གྱིས་ཕྱོགས་གཅིག་ཏུ་བྱ་ཞིང༌། དེ་ནས་ཤར་གྱི་སློབ་དཔོན་འགྲེངས་ཏེ་མཎྜལ་ཕུལ་ནས་རང་ཉིད་སྐད་ཅིག་གིས་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ནམ་མཁར་གནས་པའི་


JLD006_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་པའི་མཚན་ཉིད་གཅིག་གིས་གསོལ་བ་གདབ། དེ་བཞིན་དུ་ལྷོ་ནུབ་བྱང་གི་སློབ་དཔོན་རྣམས་ཀྱིས་རིམ་པ་བཞིན། རང་ཉིད་རིམ་འབྱུང་དུ་གསལ་གདབ་པ་སོགས་སྔར་བཞིན་བྱས་ལ་གསོལ་བ་གདབ། སོ་སོ་བ་རང་མཚན་ཉིད་ཐ་མ་ཀུན་གྱིས་ཐུན་མོང་དུ་བྱ། ཕྱག་འཚལ་བའི་ཚེ་གཞི་བཅའ་སྔོན་དུ་བཏང་ནས་མཉམ་པའི་རྐང་སྟབས་བྱས་ལ་ཕྱག་བྱའོ། །སེམས་ཅན་མ་རིག་པའི་མུན་པས་བསྒྲིབས་ཤིང་བདུད་ཀྱི་དབང་དུ་སོང་བ་རྣམས་ཀྱི་བདུད་བསལ་བའི་ཕྱིར་དུ། རང་ཉིད་གཙོ་བོ་ལས་བྱེ་བའི་ཞེ་སྡང་རྡོ་རྗེ་གཉིས་པ་འཁོར་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་མིག་གཡས་པ་མ་ལས་ཉི་མ་གཡོན་པ་ཊ་ལས་ཟླ་བ་མིན་འབྲས་ཧཱུཾ་ལས་དུས་མཐའི་མེ་ལྟར་འབར་བ་ལས། ཁྲོ་བོའི་རྡོ་རྗེ་ཕྱོགས་བཅུར་སྤྲོས་པས་བགེགས་ཐམས་ཅད་བཅོམ་པར་གྱུར། ཀྲོ་དྷཱ་ཌཐྚིཧཱི། དེ་ནས་བལྟས་ཏེ་གཡོན་བརྐྱངས་བྱས་ལ། གཡོན་དྲིལ་བུ་སྙིང་གར་བཟུང་། གཡས་བརྐྱངས་ཏེ་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་བརྐྱངས་ནས་མེ་མཚམས་སུ་བལྟས་ནས་ལུས་གཡོན་དུ་མེ་མཚམས་མཐོང་གི་བར་དུ་གཅུ་ཞིང༌། ལག་པ་གཡས་གཡོན་ཕྱོགས་སུ་ཁྱེར་རོ། །སླར་ཡང་གཡོན་སྔར་བཞིན་བརྐྱངས་ལ་གཡས་སྙིང་གར་བཞག་སྟེ་གཡས་སུ་སྔར་བཞིན་གཅུའོ། །དབང་ལྡན་ནས་ཁ་ནང་དུ་ཕྱོགས་ཏེ་བཀའ་བསྒོ་ལན་གསུམ་པྱས་པའི་རྗེས་སུ་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་བགེགས་


JLD006_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྐྲད་པར་གྱུར། ན་མཿ ས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾ་ཥྚོཊ་ཀ་ཊ་བྷཻ་ར་ཝཱ་ཡ། ཨཱ་སི་མུ་ས་ལཱ། པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ༀ་བཛྲ་ཨ་མྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊཱ་ཡ་བི་སྥོ་ཊཱ་ཡ། སརྦ་བི་གྷྣན་བི་ནཱ་ཡ་ཀ་ནཱན། མཧཱ་ག་ཎ་པ་ཏི། ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་སྭཱཧཱ། ཞེས་པ་བགེགས་མཐར་བྱེད་ཀྱི་ཕྲེང་སྔགས་བཟླས་ནས། དཀྱིལ་འཁོར་གྱི་ས་གཞི་ཡང་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་གྱུར་ཅེས་དང༌། ཁ་སྦྱོར་གྱི་ཚེ་སློབ་དཔོན་ནང་ནས་ཁ་ཕྱིར་བལྟས་ལ་བྱའོ། །བདག་བསྐྱེད་ཅེས་པའི་བསྒྲུབ་ཚུལ་ནི། ཤཱུ་ནྱ་ཏཱས་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཅེས་པ་ནས་འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞེས་པ་ནས། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག །དེའི་སྤྱི་བོར་ༀ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་


JLD006_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། ཕྱོགས་བཅུ་རྣམས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ཁྲོ་བོ་བཅུ་སྤྱན་དྲངས་ཞལ་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་བཅུ་ཧཱུཾ་རིང་པོ་བཅུར་གྱུར་པ་ནི། གཤིན་རྗེའི་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན་ཅེས་པ་ནས་རང་གི་ཐུགས་ཀར་དྲངས། ཡ་མཱནྟ་ཀྲིཏ་ཐུགས་ཀ་ནས་ཕྱིར་ཕྱུང་ཤར་གྱི་གདན་ལ་གཡོན་བརྐྱངས་ཀྱིས་འཁོད། དེ་བཞིན་དུ་གནོད་མཛེས་ཀྱི་བར་ཕྱུང་ལ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་ཞེས་པ་ནས་བཞུགས་པར་གྱུར་ཅེས་དང༌། མཆོད་པ་བྱིན་གྱིས་བརླབས་ཏེ། ༀ་ཨཱཿ བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨḒཾḻ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ་ཞེས་དང༌། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་གྱིས་མཆོད་ལ། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ༀ་ཨཱཿ ཧཱུཾ་ཞེས་ནང་མཆོད་དབུལ། གཙོ་བོ་ལ་མི་བསྐྱོད་རྡོ་རྗེ་ཞེས་སོགས་ཤོ་ལོ་ཀ་གཅིག་དང་ཁྲོ་བོ་བཅུ་ལ་གཏི་མུག་ཉེས་པ་ འདོད་ཆགས་རྡོ་རྗེ་ཆོས་བཅས་གང་ ཞེས་སོགས་ཀྱིས་བསྟོད། ཕུར་བུ་བསྒྲུབ་ཚུལ་ནི་ༀ་ཨཱཿ བི་གྷྣཱན་ཏ་ཀྲིཏ་ཧཱུཾ་ཞེས་པས་ཕུར་བུ་རྣམས་བསངས། ཤཱུ་ནྱ་ཏཱས་ཕུར་བུ་རྣམས་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་ཧཱུཾ་བཅུ་ལས་སྣ་ཚོགས་རྡོ་རྗེ་བཅུ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྡོ་རྗེ་ཕུར་བུ་


JLD006_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་བདུད་རྩི་འཁྱིལ་པ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཞེས་པ་ནས། ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིངས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར། དེ་རྣམས་ཀྱི་སྤྱི་བོར་ༀ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་རིགས་བདག་དོན་གྲུབ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། ཐོ་བ་བསངས་ལ་ཤཱུ་ནྱ་ཏཱས་རྡོ་རྗེའི་ཐོ་བ་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་ཐོ་བ་མེ་རབ་ཏུ་འབར་བར་གྱུར། མཆོད་པ་ཁྲོ་བཅུ་ལྟར་ཕུལ་ལ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་བུ་རབ་ཏུ་འབར། །མེ་སྟག་འབར་བ་འདྲ་བ་ཡི། །ཕྱོགས་བཅུའི་དཀྱིལ་འཁོར་གདབ་པར་མཛོད། ཅེས་བསྟོད། གནོད་མཛེས་ལ་བཀའ་བསྒོ་བའི་ཚེ་ལངས་ཏེ། ༀ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ་ཅེས་སོགས་སྔགས་ཚན་བཞི་ཕྱོགས་བཞིར་བརྗོད་ཅིང་སེ་གོལ་གདབ། གྷ་གྷ་ཞེས་སོགས་ཀྱིས་ཕུར་བུ་བཙུགས་ལ་མུངྒ་རས་བརྡུངས་པའི་རྗེས་སུ་གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་བར་ཏུ་འབར་བར་གྱུར་པས། དབང་ལྡན་ནས་བརྩམས་ཏེ་རིམ་པ་བཞིན་དུ་ཕུར་བུ་རྣམས་ཀྱི་སྤྱི་བོ་ནས་བརྡུངས་པས་ཞེས་སོགས་དང༌། ཁྲོ་བོ་དང་ཕུར་བུ་ལས་རྡོ་རྗེའི་མེ་འོད་རབ་ཏུ་འབར་བ་ཕྱོགས་བཅུར་འཕྲོས་པས་བགེགས་ལྷག་


JLD006_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ཀྱང་རིང་དུ་བྲོས་པ་དང་སྟེང་འོག་དང་ཁོར་ཡུག་ཆེན་པོ་བར་དུ་འགྲོ་བ་རྣམས་ ཞེས་པ་ནས་བགེགས་དང་བྲལ་བར་གྱུར་ཅེས་དང༌། སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པ་ལྷུར་ལེན་པའི་བསམ་པས་བདག་གིས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་བྱའོ། །བདག་ལ་དངོས་གྲུབ་མཆོག་སྩལ་ལགས་ཞེས་སོགས་བརྗོད་ནས་ཁྲོ་བོ་བཅུ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ལས་ཐིག་བསྐྱེད་པའི་ཚེ་སྔར་ལྷའི་རྣལ་འབྱོར་བསྒོམས་པའི་ཆོ་གའི་རྒྱུན་གཅིག་ཡིན་ན་རང་ཉིད་ཞེ་སྡང་རྡོ་རྗེར་གསལ་གདབ། མིན་ན་ཞེ་སྡང་རྡོ་རྗེ་ཆོ་ག་གསུམ་གྱིས་བསྐྱེད། གནས་གསུམ་པྱིན་གྱིས་བརླབས་ཡེ་ཤེས་པ་གཞུག །དབང་བསྐུར་མཆོད་པའི་བར་རྣམས་བྱ་སྟེ་འོག་གི་སྐབས་གཞན་དུ་ཡང་དེ་ལྟར་ཤེས་པར་བྱའོ། །ལས་ཐིག་བསངས་སྦྱངས་ལ་སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་བདུད་རྩི་འཁྱིལ་བ་སྔོན་པོ་ཞེས་པ་ནས་དགྲ་སྟ་འཛིན་པ། དེའི་སྤྱི་བོར་ༀ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ནས་ཡེ་ཤེས་པ་སྦྱན་དྲངས་པ་ནས་དབང་བསྐུར་བའི་བར་སྔར་ཕུར་བུའི་སྐབས་བཞིན་བྱའོ། །མཆོད་པ་བསངས་སྦྱངས་ལ། ༀ་ཨཱཿ བི་གྷྣཱན་ཏ་ཀྲིཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ་ཞེས་སོགས་ཀྱིས་ཆུ་གཉིས་ནས་རོལ་མོའི་བར་དང༌། ནང་མཆོད་ཀྱིས་མཆོད། རྡོ་རྗེ་བདུད་རྩི་ཁྲོ་བོ་ཆེ། །འོད་ཟེར་འཕྲོ་བ་རབ་ཏུ་འཁྲུག །དྲག་པོའི་འཁོར་ལོ་རབ་འབར་འདྲ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། ཅེས་པས་བསྟོད། མིག་གཉིས་


JLD006_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོར་གྱུར་ཅེས་དང་ བཛྲ་ཌིཥྚི་མ་ཊ། མཆོད་བསྐྱེད་ཅེས་པའི་མཆོད་པ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་མི་བསྐྱོད་པའི་དཀྱིལ་འཁོར་སྤྱན་དྲངས། ཞབས་བསིལ་དོར་བའི་མཆོད་ཡོན་ནས་རོལ་མོའི་བར་གྱིས་སྔར་རྡོ་རྗེ་འཆང་གི་སྐབས་ལྟར་མཆོད། མི་བསྐྱོད་རྡོ་རྗེ་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་བསྟོད་བསྐྱེད་ཅེས་པ་ནི། སློབ་མ་སྐད་ཅིག་གིས་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞེས་པ་ནས། རལ་གྲི་འཛིན་པ་ཞེས་དང་། ཕྱོགས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དོ། །བདག་དང་སློབ་མའི་ མིག་གཉིས་ཛཿ ཛཿ ལས་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་གྱུར། ཚངས་ཐིག་དང་པོ་བཏབ་པའི་རྗེས་སུ་རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་འབར་བ་ཞེས་དང༌། སྒོ་དབྱེ་ཞེས་པ་ནི། མིག་གཉིས་ཧིཿ ཧིཿ ལས་ཉི་མ་དང་ཟླ་བ་སེར་པོ་ཅན་གྱི་ལྷའི་སྐུ་སྒྱུ་མ་ལྟ་བུར་གྱུར་ཅེས་བརྗོད་ཅིང་དཀྱིལ་འཁོར་གྱི་ནང་ནས་ཤར་དུ་ཕྱོགས་ཏེ་གཡོན་བརྐྱངས་བྱས་ལ། ལག་པ་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བཀན་ཏེ་བཞག་ལ་ཁྲོ་བོའི་ལྟ་བས་བལྟས་ཏེ་ཧིཿ ཧིཿ ཞེས་བརྗོད་ཅིང༌། གཡོན་དང་གཡས་སུ་འགྱིང་བ་རེ་བྱས་ལ་ཧིཿ ཧིཿ ཞེས་ཤར་གྱི་སྒོ་དབྱེ། སྒོ་གཞན་གསུམ་ཡང་དེ་ལྟར་བྱའོ། །ཕུར་བུ་བསངས་སྦྱངས་ལ་ཧཱུཾ་ལས་བྱུང་བའི་སེང་ལྡེང་གི་ཕུར་བུ་སྟེང་རྡོ་རྗེ་རྩེ་ལྔ་པ་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་གྱུར་ཅེས་དང༌། གཏོར་མ་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས་ལ་


JLD006_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿ བི་གྷྣཱན་ཏ་ཀྲིཏ་ཧཱུཾ་སརྦ་དུ་ཥྚ་ཎ་ཅེས་སོགས་ལན་གསུམ་གྱིས་ཕུལ་ནས། ཆུ་གཉིས་རོལ་མོའི་བར་ནང་མཆོད་དང་བཅས་པ་སྔར་བཞིན་མཆོད་ནས། བདག་ལ་དངོས་གྲུབ་མཆོག་སྩལ་ལགས་ཞེས་སོགས་ཀྱིས་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་ཐིམ་པར་གྱུར་ཅེས་བརྗོད།སའི་ལྷ་མོའི་སྐབས་སུ་དགུག་གདབ་སོགས་ནི། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་གནོད་མཛེས་སྔོན་པོ་མི་བསྐྱོད་པའི་ཞེས་པ་ནས་རལ་གྲི་འཛིན་པ་མདུན་དུ་འདུག་སྟེ་བཀའ་ནོད་པ་ལ། ༀ་སུཾ་བྷ་ནི་ཞེས་སོགས། ཕྱོགས་མཚམས་རྣམས་སུ་ཧཱུཾ་རིང་པོ་ལས་གྲུབ་པའི་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་རྣམས་སུ་བཅུག་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་སྤྲོས་པའི་ཁྲོ་བོ་རྡོ་རྗེ་ཕུར་བུ་སྟོད་བདུད་རྩི་འཁྱིལ་པ་སྔོན་པོ་ དོན་གྲུབ་ཀྱི་དབུ་རྒྱན་ ཞེས་པ་ནས་གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་པས་དབང་ལྡན་ནས་བརྩམས་ཏེ་རིམ་པ་བཞིན་ཕུར་བུའི་སྤྱི་བོ་ནས་བརྡུངས་པས་ཞེས་སོགས་དང༌། གནོད་མཛེས་རང་བཞིན་གྱི་གནས་སུ་གཤེགས། ཊཱཀྐི་ཧཱུཾ་ཛཿ ཕྱི་རོལ་ཏུ་ལྕགས་ཀྱི་རྡོ་རྗེའི་ར་བ་ཞེས་པ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འཕྲོ་བ་དང་། དཀྱིལ་འཁོར་གྱི་ས་གཞི་ཡང་རྡོ་རྗེའི་ས་གཞིར་གྱུར། སའི་ལྷ་མོ་བསྐྱེད་པའི་ཚེ་དཀྱིལ་འཁོར་གྱི་དབུས་སུ་བཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་ཞེས་པ་དང༌། གསེར་གྱི་བུམ་པ་བསྣམས་པ་པདྨའི་གདན་ལ་བཞུགས་པ་


JLD006_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང༌། བདག་ཉིད་ཀྱི་ལག་པ་གཡས་པར་སོགས། རྡོ་རྗེ་དང་བཅས་པའི་སོར་མོའི་རྩེ་མོ་ས་ལ་བསྣན་པའི་སྒྲ་དང་ བསྲེས་ཞེས་པའི་སྐབས་སུ་འདྲེས་ནས་ཞེས་པ་ནས་སྩོལ་ཅིག་ཅེས་གསུང་བར་གྱུར་ཅེས་དང༌། གསོལ་གདབ་ཀྱི་སྐབས་སུ་དཀྱིལ་འཁོར་བྲི་ཞེས་གསོལ་བ་བཏབ་པས་དེ་ལྟར་གྱིས་ཤིག་ཅེས་པ་ནས་གནས་པར་གྱུར་ཅེས་དང༌། བསྡམས་ཞེས་པའི་སྐབས་སུ་རྡོ་རྗེ་བསྡམས་པ་ལས་ཞེས་པ་ནས་བྱས་པར་གྱུར་ཅེས་པ་དང༌། ལྷ་ལྷག་གནས་ཀྱི་སྐབས་སུ་ལྷའི་རྣལ་འབྱོར་ནི། སྔོན་འགྲོའི་གཏོར་མ་ནས་དང་པོ་སྦྱོར་བ་བསྒོམས་པའི་རྗེས་ལ་མཆོད་བསྟོད་བརྒྱ་པའི་བསྡུས་པའམ། ཡང་ན་དཀྱིལ་འཁོར་རྒྱལ་མཆོག་གི་མཐར་མཆོད་བསྟོད་བརྒྱ་པའི་རྒྱས་པ་བྱའོ། །རྟེན་བསྐྱེད་ཚུལ་ནི་ༀ་ཨཱཿ བི་གྷྣཱན་ཏ་ཀྲིཏ་ཧཱུཾ་གིས་བསངས་ལ། དངོས་པོ་མེད་པས་སྒོམ་པ་མེད་ཅེས་སོགས་ནས་བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན་ཅེས་དང༌། བརྟེན་པ་བསྐྱེད་ཚུལ་ནི། གདན་དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ཁཾ་ནས་ཧཱུཾ་བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གཉིས་ཞེས་པ་ནས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་ནག་པོ་རྡོ་རྗེ་དང་རྡོ་རྗེ་དེ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་སུམ་ཅུ་སོ་གཉིས་སུ་གྱུར་པ་ནི། གདན་དབུས་མའི་སྟེང་དུ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་མི་བསྐྱེད་པའི་དབུ་རྒྱན་ཅན་ཞེས་གཡས་རྡོ་རྗེ་རྩེ་དགུ་པ་ པ་ནས་གནོད་མཛེས་ཀྱི་བར་སྒྲུབ་ཐབས་བཞིན་བསྐྱོད་ལ།


JLD006_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་བཏེག་པ་སྤྱན་དྲངས་ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་ཡེ་ཤེས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དབྱེར་མེད་དུ་ཐིམ་པར་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ལྷ་སོ་སོ་ལ་དབང་བསྐུར་ཅེས་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ་སོགས་ཀྱིས་ཆུ་བཞི་ཐུན་མོང་དུ་དབུལ། ལྷ་ཡི་མེ་ཏོག་དམ་པ་འདིས་སོགས་ཀྱི་རྗེས་སུ་ལྷ་རེ་རེའི་མཚན་སྔགས་ཀྱི་རྗེས་སུ་མཆོད་སྔགས་རེ་རེ་སྦྱར་བའི་ཉེར་སྤྱོད་ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས་ཞེས་སོགས་འདོད་ཡོན་ལྔ་ཐུན་མོང་ནང་མཆོད་བསྟོད་པ། བུམ་པ་ལྷ་གནས་ལ་མགུལ་ཆིངས་སྐུད་ཅེས་པའི་སྐུད་པ་ནི་སྲད་བུ་དཀར་པོ་ཐ་དད་བདུན་གྱིས་བཅིང་བར་བྱའོ། །བསྐྱེད་པའི་ཚེ་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ༀ་ཏཱ་པྟེ་ཞེས་པ་ནས་སྭཱ་ཧཱ་ལྷའི་ཆོ་བོ་གངྒཱ་དང་བུམ་པའི་ཆུ་གཉིས་དབྱེར་མེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག་ཅེས་སོགས་ལྷ་སྟ་གོན་གྱི་སྐབས་ལྟར་ཞེ་སྡང་རྡོ་རྗེ་ནས་གནོད་མཛེས་ཀྱི་བར་རྣམས་ཆོ་ག་གསུམ་གྱིས་བསྐྱེད་ལ། བུམ་པའི་མཚན་མ་ལྔའི་གནས་སུ་ཐུན་མོང་གི་གདན་སྣ་ཚོགས་པདྨ་རེ་རེ་ཐུན་མོང་མིན་པའི་གདན་ཉི་མ་དང་ཟླ་བ་དང་རིན་པོ་ཆེ་དང་པདྨ་དམར་པོ་དང་སྣ་ཚོགས་


JLD006_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ༀ་སྭཱ་ཨཱཿ ཧཱ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། པདྨ་དམར་པོ་སྣ་ཚོགས་རྡོ་རྗེ་དེ་རྣམས་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་ལྔར་གྱུར་པ་ནི། ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ གཡས་རྡོ་རྗེ་རྩེ་དགུ་པ་ ཅེས་པ་ནས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་བརྗོད་ལ་ཡུམ་མེད་པ་བསྐྱེད། རྣམ་སྣང་དཀར་པོ་ཞེས་པ་ནས་དོན་གྲུབ་ལྗང་གུ་ཞེས་པའི་བར་རྣམས་བསྐྱེད་ལ། ལས་བུམ་གྱི་ནང་དང་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ་དེ་གཉིས་ཀྱི་སྟེང་དུ་ཧཱུཾ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་གཉིས། དེ་གཉིས་ཡོངས་སུ་གྱུར་པ་ལས་བགེགས་མཐར་བྱེད་གཉིས་སུ་གྱུར་པ་ནི། སྐུ་མདོག་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན་ཅེས་པ་ནས་དགྲ་སྟ་འཛིན་པ་རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་སུམ་ཅུ་རྩ་གསུམ་དང༌། མཚན་མའི་ལྷའི་ཡེ་ཤེས་པ་རྣམས་སྤྱན་དྲངས། སྔར་རྡོ་རྗེ་འཆང་གི་སྐབས་ལྟར་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ལ། ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པའི་འཁོར་ལོའི་ལྷ་སུམ་ཅུ་རྩ་གསུམ་དང་མཚན་མའི་ལྷའི་ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སྔ་མ་ལྟར་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སོགས་ཀྱིས་མཆོད་ བཟླས་པའི་ཚེ་བསྒྲུབ་གྲོགས་ཀྱིས་པད་ཀོར་བྱས་ནས་རྡོ་རྗེའི་ཕྲེང་བ་གཏད་ལ། སློབ་དཔོན་གྱིས་ཀྱང་པད་ཀོར་བྱས་ཏེ་བླངས་


JLD006_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དུང་ཆོས་ཀྱི་བཟླས་པའི་མཐར་ཡེ་ཤེས་ཀྱི་བདུད་རྩི་ཞེས་པ་ནས་རང་བཞིན་དུ་གྱུར་ཅེས་དང༌། བཟླས་བྱའི་སྔགས་ཀྱིས་བསྐོར་བའི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀའི་ཧཱུཾ་དང་ཁམས་ལས་ལྷའི་ཚོགས་འཕྲོས་འགྲོ་བའི་དོན་བྱས་སླར་འདུས་ཏེ་ཐུགས་ཀའི་ཧཱུཾ་དང་ཁཾ་ལ་ཐིམ་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར་ཅེས་གཙོ་བོའི་བཟླས་པ་བྱ། དེ་བཞིན་དུ་ལས་བུམ་གྱི་བཟླས་པའི་བར་ལ་སྦྱོར་རོ། །མཆོད་ཡོན་མེ་ཏོག་ཕུལ་ཏེ། བུམ་པ་རྣམས་སྤོས་ཀྱིས་བདུག་པ་སོགས་དང༌། ཇི་ལྟར་དཀྱིལ་འཁོར་གྱི་བྱ་བ་མ་ཟིན་གྱི་བར་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག་ གཏོར་མ་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ལ། ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་ཅེས་དང༌། ཆུ་བཞི་ནས་ཀུ་རུ་སྭཱ་ཧཱ་ཞེས་པའི་བར་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཕུལ་བའི་རྗེས་སུ། ཞལ་བསིལ་ནས་རོལ་མོའི་བར་དང་ནང་མཆོད་ཀྱིས་མཆོད་པ་རྣམས་ཀྱང་སྒྲུབ་ཐབས་ལྟར་བྱའོ། །མི་བསྐྱོད་རྡོ་རྗེ་སོགས་དང༌། རྡོ་རྗེ་བདུད་རྩི་ཁྲོ་བོ་ཆེ་སོགས་ཀྱིས་ བསྟོད་པའི་རྗེས་སུ་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་ཞེས་པ་ནས་རོ་གཅིག་ཏུ་གྱུར། མཚན་མའི་ལྷ་རྣམས་ཀྱང་ཞུ་ནས་ལྷ་རང་རང་གི་ས་བོན་ནམ་ཕྱག་མཚན་གྱི་རྣམ་པར་གྱུར་ཅེས་དང་། ལྷ་ལ་གསོལ་བ་གདབ་པའི་ཚེ་སྤྱན་དྲངས་མི་དགོས་ལ། སྤྲོ་བ་བསྐྱེད་པའི་རྗེས་སུ་སྔར་བཞིན་མཆོད་པ་ཕུལ་ལ། སྙན་མནན་པ་སོགས་སྔར་བཞིན་བྱས་པའི་རྗེས་སུ་བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར་ནས། སྟ་གོན་གྱི་ལྷ་དང་ནམ་མཁར་གནས་


JLD006_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ་པ་ནི། ཐུགས་རྗེ་ཡི་ནི་ཞེས་པ་ནས་མཛད་པར་འོས། ཞེས་གསོལ་བ་བཏབ་པས་དགྱེས་བཞིན་དུ་སྣང་བ་བྱིན་པར་གྱུར་ཅེས་དང༌། སློབ་མ་སྟ་གོན་གྱི་སྐབས་སུ་སློབ་མའི་གནས་གསུམ་པྱིན་གྱིས་བརླབས་པའི་རྗེས་སུ་མེ་ཏོག་འབུལ་བའི་ཚེ་པུཥྤཾ་པྲ་ཏཱི་ཙྪ་ཧཱུཾ་ཞེས་སོགས་ཀྱི་སྔགས་བརྗོད། འདེགས་པའི་ཕྱག་རྒྱ་བྱས་ལ། སྟ་གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཞུགས་པར་གྱུར། དེ་ལ་དེ་ནུབ་མཆོད་པ་མ་ཆད་པ་བྱ། ནང་པར་སྔ་བར་ལངས་ཏེ་མཆོད་པ་དང༌། ཚོམ་བུ་མཐའ་ནས་བསྡུ་བ་སོགས་བྱས་ལ། རང་ཉིད་སྒྲུབ་ཐབས་རྫོགས་པའམ་ཞེ་སྡང་རྡོ་རྗེར་ཆོ་ག་གསུམ་གྱིས་བསྐྱེད་པ་གང་རུང་གིས་ཡེ་ཐིག་འདུ་བྱ་བ་ནི།ཡེ་ཐིག་གི་སྡོམས་ནི། བསྐོར་བསྒྱུར་གཉིས་པོསྐྱེད་བཏང་བཟུང་ལྟ། གསོལ་གདབ་དགུག་སྒྲིལ་བྱུག་བཀོད་བཞག །མཆོད་བསྲུང་མིག་གཏོར་བཟླས་མཛེས་མཆོད། །ཕྱོགས་མིག་བཏང་བཟུང་ནམ་མཁར་གདབ། །ལྟ་ཞེས་པ་ནི་ནམ་མཁར་བཞུགས་སུ་གསོལ་བའི་ཞེས་པ་ནས་འོད་ཟེར་ལྔའི་རང་བཞིན་ཅན་དུ་གྱུར་ཅེས་དང༌། དགུག་ཅེས་པ་ལ་འབར་བའི་ལྟ་སྟངས་ཞེས་པ་ནས་སོ་སོ་ལ་ཐིམ་པར་གྱུར་ཅེས་དང༌། བཀོད་ཅེས་པ་ནི། ཐིག་སྐུད་ཀྱི་ནང་གི་མཐའ་གཉིས་དང་དབུས་སུ་ༀ་ཨཱཿ ཧཱུཾ་གིས་མཚན་པར་གྱུར་ཅེས་དང་། ནམ་མཁར་གདབ་ཅེས་པ་ལ་ཐིག་གི་སྒྲས་སེམས་ཅན་དོན་དུ་ཞེས་པ་ནས་ཐིག་སྐུད་ལ་ཐིམ་པར་གྱུར་ཅེས་དང་། ས་ལ་གདབ་པའི་ཚེ་ངོ་བོ་ཡེ་ཤེས་ལ་ཞེས་པ་ནས་ཐིམ་པར་གྱུར་ཞེས་བརྗོད་དོ། །གཏོར་མ་ནི་ༀ་


JLD006_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ བཛྲ་དྷྲིཀ་ཧཱུཾ་ཛི་ན་ཛིཀ་ཅེས་པ་ནས་ཀུ་རུ་སྭཱ་ཧཱ་ཞེས་པའི་བར་གྱིས་ཕུལ་ལ། ཆུ་གཉིས་ནས་ནང་མཆོད་ཀྱི་བར་གྱིས་མཆོད། གཤེགས་པའི་ཚེ་ བདག་ལ་དངོས་གྲུབ་མཆོག་སྩལ་སོགས། ནམ་མཁར་བཞུགས་པའི་རྒྱལ་བ་རྣམས་ཀྱི་ཐུགས་ཀར། ཡེ་ཤེས་ཀྱི་ཐིག་སྐུད་ཅེས་པ་ནས་གཤེགས་ཤིང་དམ་ཚིག་པ་རང་ལ་ཐིམ་པར་གྱུར་ཅེས་བརྗོད་དོ། །ཚོན་བྱིན་གྱིས་བརླབ་པ་ནི་ཚོན་སོ་སོ་ལ་ཧཱུཾ་ལ་སོགས་པའི་ས་བོན་ རྡུལ་ཚོན་སྔོན་པོ་ཧཱུཾ་ལས་མི་བསྐྱོད་པ་ཞེས་པ་ནས་དོན་གྲུབ་ཀྱི་ངོ་བོར་གྱུར། ནམ་མཁར་བཞུགས་སུ་གསོལ་བའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་ཧཱུཾ་ༀ་སྭཱ་ཨཱཿ ཧཱ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་འོད་ཟེར་གྱི་རང་བཞིན་ཅན་དུ་གནས་པ་དང་། རང་གི་མིག་གཉིས་ཛཿ ཛཿ ལས་ཞེས་པ་ནི་ཤི་ཛ། སོ་སོ་བྲིས་ལ་ལྷ་བསྐྱེད་དོ། །དགུག་པ་ནི། འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་ནམ་མཁར་གནས་པའི་རིགས་ལྔའི་ཐུགས་ཀར་ཧཱུཾ་ༀ་སྭཱ་ཨཱཿ ཧཱ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་བཀུག་ནས་དམ་ཚིག་པ་སོ་སོ་དང་རོ་གཅིག་ཏུ་གྱུར། ཅེས་དང༌། མིག་གཉིས་ཧིཿ ཧིཿ ལ་སོགས༌རྡུལ་ཚོན་རྣམས་ལ་ཡང་ཧེ་ཡིག་གིས་མཚན་པར་གྱུར། མཆོད་ཅེས་པ་ནི། མེ་ཏོག་ནས་རོལ་མོའི་བར་རྣམས་སྔར་རྡོ་རྗེ་འཆང་གི་སྐབས་བཞིན་ཕུལ། བྲིས་ཟིན་པ་ན་མཆོད་གཏོར་ཡེ་ཐིག་གི་སྐབས་ལྟར་ནས་ཡེ་ཤེས་ ཡེ་ཤེས་ཀྱི་ཚོན་ཅེས་པ་ནས་ཡེ་ཐིག་བཞིན། པ་ནམ་མཁའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་གཤེགས་པར་གྱུར། དཀྱིལ་འཁོར་བསྒྲུབ་པའི་སྐབས་སུ་གདན་དེ་རྣམས་ཀྱི་སྟེང་དུ་ཞེས་པ་ནས་ༀ་ཨཱཿ ཧཱུཾ་ཧཱུཾ་བཅུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི ། སྤྱན། རྡོ་རྗེ། པདྨ། ཨུཏྤལ།


JLD006_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང༌། པི་ཝང་། དྲིའི་དུང་ཆོས། རོའི་སྣོད། ཀླུ་ཤིང་གི་མེ་ཏོག་སྡོད་བུ་དང་བཅས་པ་འཁོར་ལོས་མཚན་པ། འཁོར་ལོ། རིན་པོ་ཆེ་གཉིས། པདྨ་གཉིས། རལ་གྲི་གཉིས། ཐོ་བ་རྡོ་རྗེས་མཚན་པའི་དབྱུག་པ། པདྨ། སྣ་ཚོགས་རྡོ་རྗེ། རལ་གྲི། ཞགས་པ། རལ་གྲི། གཙུག་ཏོར་གྱི་མཚན་མ། ཞགས་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་ རིམ་གྱིས་ལྷ་སུམ་ཅུ་སོ་གཅིག་ཏུ་གྱུར་པ་ནི། ཞེས་དང༌། ཡུམ་བསྐྱེད་པའི་ཚེ་རང་གི་ཐུགས་ཀ་ནས་རང་རིགས་ཀྱི་རིག་མ་ཕྱུང་ལ་སྟོང་པར་གྱུར། སྟོང་པའི་ངང་ལས་ༀ་ཨཱཿ ཁཾ་ཧཱུཾ་ལས་གོས་ཁ་དོག་སྣ་ཚོགས་པ་དེ་ཡོངས་སུ་གྱུར་པ་ལས་ཞེས་དང༌། ༀ་ཞེས་པ་ནས་ཛཿ ཛཿ ཛཿ འོག་མིན་ནས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ནམ་མཁར་བཏེག་པའི་ལྷ་སྟ་གོན་གྱི་དཀྱིལ་འཁོར་སྤྱན་དྲངས། གོང་ལྟར་འདོད་ཡོན་ལྔས་མཆོད། ཛཿ ཧཱུཾ་བཾ་ཧོ་རང་རང་སོ་སོའི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་དོ། །མདུན་བསྐྱེད་བསྒྲུབ་ཚུལ་གཞན་བསམ་གཏན་གྱི་སྒྲུབ་མཆོད་ཀྱི་སྐབས་ལྟར་ཤེས་པར་བྱའོ། །ཕྱི་མཆོད་པ། ༀ་ཨཱཿ བཛྲ་དྷྲིཀ་བཛྲ་ས་ཏྭ་སྤརྴ་


JLD006_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སོགས་ཀྱིས་གཙོ་བོ་ཡབ་ཡུམ་རིགས་བདག་དེ་བཞིན་གཤེགས་པ་བཞི་ལ་སྡེ་ཚན་གཅིག །ལྷ་མོ་བརྒྱད། བྱང་སེམས་བརྒྱད། ཁྲོ་བོ་བཅུ་རྣམས་ལ་སྡེ་ཚན་རེ་རེ་ལ་ཆུ་བཞི་ནས་མཆོད་པའི་ང་རྒྱལ་ཡན་རེ་རེ། ཐུན་མོང་དུ་ན་བཟའ་རྒྱན་གདུགས་བུམ་པ་ང་རྒྱལ་བསྐོར་བ་བསྟོད་པ་གཉིས་རྒྱུན་བཤགས་སྡོམ་གཟུང་གཉིས་པོཟླས་གཏོར་སོགས་བྱའོ། །རོལ་པའི་གཏོར་མའི་སྐབས་སུ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཕྱི་ནང་གི་ཕྱོགས་མཚམས་རྣམས་སུ་གནས་པ་ནི། ནང་གི་ཤར་དུ་གཤིན་རྗེའི་གཤེད་ནག་པོ་ཞེས་པ་ནས་འོག་ཏུ་གནོད་མཛེས་ཞེས་སོགས་དང༌། ཕྱིའི་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་པ་ནས་ཡིག་བརྒྱ་བརྗོད་པའི་བར་རྣམས་སྒྲུབ་ཐབས་བཞིན་བྱས་ལ། ཁྱད་པར་ནི་ཉེར་སྤྱོད་འབུལ་བའི་ཚེ་ༀ་ཨཱཿ བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་པུཥྤཾ་པྲ་ཏཱི་ཙྪ་ཞེས་སོགས་ཀྱིས་ནང་མཆོད་དང་བཅས་པ་དབུལ་ལོ། །ཇི་སྲིད་དུ་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་ ཕྱི་ནང་གི་ཕྱོགས་མཚམས་རྣམས་སུ་འཁོད་ནས་ བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག་ཅེས་གསོལ་བ་གདབ། ཁྲོ་བོ་སོགས་ཕྱོགས་སུ་བཀོད་ནས་ཉི་མ་གཞན་ལ་གཏོར་མ་འབུལ་བའི་ཚེ་ཁྲོ་བོ་སོགས་སྤྱན་དྲང་མི་དགོས་པས་གསལ་གདབ་བོ། །ཕྱི་རོལ་པའི་གཏོར་མ་ཕུལ་ནས་ནང་དུ་སླེབས་པ་དང༌། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་བ་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར། སྐོར་བ་བྱེད་པའི་ཚེ་ༀ་སུཾ་བྷ་ནི་ཞེས་པ་ནས་བི་དྱཱ་རཱ་ཛཱ་ཧཱུཾ་ཧཱུཾ་ཕཊ྄་ཕཊ྄་ཅེས་པའི་བར་བརྗོད་དེ་ཤར་སྒོ་ནས། ༀ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་


JLD006_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་འདུད། །ཛཿ ཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧི། མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། ཞེས་པས་མེ་ཏོག་ཕུལ། ཕྱག་འཚལ་བའི་ཚེ་པྲ་ན་མ་མི་སོགས་བརྗོད། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་སྩོལ་ཅིག །དཀྱིལ་འཁོར་དུ་འཇུག་པའི་སྐབས་ཀྱི་ཆས་འཇུག་ཟིན་པའི་འོག་ཏུ་རང་ཉིད་རྣམ་སྣང་དཀར་པོ་ཞེས་པ་ནས་རལ་གྲི་འཛིན་པ་དེའི་ཐུགས་ཀར་རྡོ་རྗེ་ལ་གནས་པའི་ཉི་མའི་སྟེང་དུ་ཧཱུཾ་ནག་པོ་ ཡི་གེ་གསུམ་གྱི་འོད་ཟེར་གྱིས་ཞེས་སོགས་ ཞེས་སོགས་དང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་ཞེས་ཐུན་མོང་གི་སྡོམ་པ་བཟུང་པའི་རྗེས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་པ་ནས་མྱ་ངན་འདས་ལ་འགོད་ཅེས་པའི་བར་གྱིས་ཐུན་མོང་མིན་པའི་སྡོམ་པ་བཟུང་། སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པ་ནས་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྗོགས་པའི་རྣམ་པར་གྱུར་ཅེས་དང༌། ཆོས་ཐམས་ཅད་ཅེས་པ་ནས་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པ་ཅན་དུ་གྱུར་ཅེས་སོགས་དང༌། ཤར་སྒོ་ནས་ཕྱག་འཚལ་བའི་ཚེ་རང་ཡི་དམ། སློབ་མ་མི་བསྐྱོད་པར་གྱུར་ༀ་ཞེས་སོགས་དང༌། ཕྱག་ཟིན་པའི་རྗེས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་ཕྱག་ཅེས་པ་ནས་བྱིན་གྱིས་རློབས་ཤིག་ཅེས་ཤར་སྒོ་ནས་གསོལ་བ་


JLD006_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པས་རྒྱལ་བ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་གྱུར་ཅེས་དང༌། དེ་བཞིན་དུ་ཕྱག་གཞན་རྣམས་ཀྱི་སྐབས་སུ་ཡང་ཇི་ལྟར་རིགས་པར་བྱའོ། །ཡེ་ཤེས་དབབ་པའི་ཚེ་སློབ་མ་མངོན་བྱང་ལྔས་བསྐྱེད་ཚུལ་ནི། ཤཱུ་ནྱ་ཏཱས་སྟོང་པར་གྱུར། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨཱཿ ལས་བྱུང་བའི་པདྨ་དམར་པོ་ཨཱཿ ས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་དམར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་ཞེས་པ་ནས་གཡོན་གཉིས་རིན་པོ་ཆེ་དང་རལ་གྲོ་འཛིན་པ། གཡོན་བརྐྱངས་ཀྱི་སྟབས་ཀྱིས་བཞུགས་པ་དེའི་སྤྱི་བོར་ཧ་ཞེས་སོགས་དང༌། རྡོ་རྗེ་གསུམ་ལུས་ཀྱི་ནང་དུ་ཐིམ་པས་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཁོང་སྟོང་དུ་གྱུར། རྐང་པའི་འོག་ཏུ་ཡཾ་ལས་ཞེས་པ་ནས་ལུས་ཐམས་ཅད་སྦྱངས་ནས་ཡེ་ཤེས་སེམས་དཔའི་ངོ་བོ་རང་གི་རྣམ་པར་ཤེས་པ་འོད་གསལ་དུ་ཞུགས། འོད་གསལ་གྱི་ངང་ལས་རང་ཉིད་འོད་དཔག་མེད་ཡི་གེ་གསུམ་དང་བཅས་པར་བཞེངས་པའི་སྙིང་གར་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ། མགྲིན་པར་ཨཱཿ ལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་དང་དྲིལ་བུ་འཛིན་པས་རང་འདྲ་བའི་ཡུམ་གོས་དཀར་མོ་ལ་འཁྱུད་པ་ཞེས་དང༌། ཛྷཻའི་འོད་ཟེར་གྱིས་བསྐུལ་བས་ཞེས་པ་ནས་ལུས་གང་བར་གྱུར། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ་ཞེས་པ་དང༌། སྤོགས་


JLD006_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཚོག་གི་ཚེ་རྡོ་རྗེ་འཆང་མངོན་བྱང་ལྔས་བསྐྱེད་ཚུལ་ནི། ཤཱུ་ནྱ་ཏཱས་སྟོང་པར་གྱུར། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ཨཱཿ ཧཱུཾ་གི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ༀ་ཨཱཿ ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཞེས་པ་ནས། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་དེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཅེས་པ་ནས་འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་ཞེས་པ་ནས། སྤྱི་བོར་ཧ་ལས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པས་རང་འདྲ་བའི་ཡུམ་སྤྱན་མ་ལ་འཁྱུད་པ། ཡན་ལག་ཐམས་ཅད་ལ་ཨཱཿ དམར་པོ་འོད་ཟེར་དང་བཅས་པ། དེའི་འོད་ཟེར་གྱིས་ཞེ་སྡང་རྡོ་རྗེའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོ་བསྐུལ་བས་ཞེས་པ་ནས། འོད་ཟེར་ཆར་ལྟར་འབབ་པར་གྱུར་ཨཱ་བེ་ཤ་ཞེས་སོགས་དང༌། ཡེ་ཤེས་ཕབ་པ་གཤེགས་པའི་རྗེས་སུ་སྤྱི་བོར་ༀ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ཞེས་དང་ལས་ཐམས་ཅད་པ་བརྗོད། བདག་འཇུག་གི་ཚེ་ༀ་བཛྲ་ཨཱ་བེ་ཤ་ཞེས་སོགས་ཀྱི་རྗེས་སུ་ཡིག་བརྒྱ་བརྗོད་དོ། །སྔར་གྱི་ཞེ་སྡང་རྡོ་རྗེ་ཡུམ་མེད་པ་བསྐྱེད་དོ། །མེ་ཏོག་དོར་བའི་སྔ་རོལ་ཏུ་ལུས་དཀྱིལ་དགོད་པའི་ཚེ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་


JLD006_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཅན་ཞེས་པ་ནས་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་ཞེས་པ་ནས། དེའི་ཐུགས་ཀར་ཧཱུཾ་ལས་མི་བསྐྱོན་པ་སྤྱི་བོར་ༀ་ལས་རྣམ་སྣང་ཞེས་པ་ནས་རྐང་མཐིལ་གཉིས་སུ་ཧཱུཾ་ལས་གནོད་མཛེས་རྒྱལ་པོ་མི་བསྐྱོད་པ་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་རང་གི་ཕུང་པོ་དང་ཁམས་དང་དབང་པོ་དང་ཡུལ་དང་ཡན་ལག་རྣམས་དང་དབྱེར་མེད་པར་གྱུར་ཅེས་དང༌། མེ་ཏོག་དོར་བའི་ཚེ་རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས་གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་པར་གྱུར་ཏིཥྛབཛྲ་ཞེས་སོགས་དང༌། དཀྱིལ་འཁོར་སྟོན་པའི་ཚེ་སྒོམ་སྤང་གི་ས་བོན་སྤངས་པས་དྲ་བ་དང༌། མངོན་གྱུར་སྤངས་པས་དྲ་བ་ཕྱེད་པ་ཞེས་དང༌། བརྟེན་པ་ལྷ་སྟོན་པའི་ཚེ་དབུས་སུ་ཞེ་སྡང་རྡོ་རྗེ་ཤར་དུ་རྣམ་སྣང་ཞེས་པ་ནས་འོག་ཏུ་གནོད་མཛེས་རྒྱལ་པོ་ཞེས་དང༌། ལུས་དཀྱིལ་སྟོན་པའི་ཚེ་ཕང་པོ་ལྔའི་རང་བཞིན་དུ་ཞེས་པ་ནས་གཤིན་རྗེའི་དགྲ་སོགས་བསྟན་པར་བྱ་ཞེས་པའི་བར་བརྗོད། དབང་གི་དངོས་གཞིའི་སྐབས་སུ་ནང་དབང་བསྐུར་བའི་ཚེ་རང་ཉིད་བདག་འཇུག་ལེན་པ་ཡིན་ན། བསངས་པའི་རྗེས་སུ་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་ཉིད་དྲངས་པ་ཞལ་ནས་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཐོན་པ་སྐད་ཅིག་གིས་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་མཐིང་ནག་ནག་དཀར་དམར་བའི་ཞལ་གསུམ་ཞེས་པ་ནས། གཡོན་དྲིལ་བུ་


JLD006_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རལ་གྲི་འཛིན་པ། མཱ་མ་ཀཱི་སྔོན་མོ་ཞལ་གསུམ་ཞེས་པ་ནས་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པས་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་སོགས་ ན་ཞེས་པ་ནས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཞེས་སོགས་དང༌། འདི་དང་དབང་དངོས་གཞིའི་སྐབས་ཀྱི་འོག་ནས་འབྱུང་བའི་མཆོད་པ་རྣམས་སྔར་རྡོ་རྗེ་འཆང་གི་མཆོད་པའི་སྐབས་བཞིན་ཆུ་གཉིས་ནས་རོལ་མོའི་བར་དབུལ་ལོ། །སྩལ་དུ་གསོལ་ནམ་མཁའི་རྒྱལ་བ་ཡབ་ཡུམ་རྣམས་ཞེས་པ་ནས་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར་ཏེ། ཡུམ་གྱི་པདྨ་ནས་ཕྱུང་དཀྱིལ་འཁོར་གྱི་ཤར་དུ་ཁྲུས་དཀྱིལ་གྲུ་བཞི་སྒོ་བཞི་པ་ཕྱི་ནས་རིམ་པ་བཞིན་དཀར་དམར་ནག་པའི་རྩིག་པ་རིམ་པ་གསུམ་དང་ལྡན་པ་འཕར་མ་གཉིས་དང་ལྡན་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་རྡོ་རྗེ་ནག་པོ་ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་ཆེན་སེར་པོ་ནུབ་ཏུ་པདྨ་དམར་པོ་བྱང་དུ་རལ་གྲི་ལྗང་གུས་མཚན་པ། དེའི་སྟེང་དུ་ཤིང་སྟན་ལ་གནས་པའི་སྣ་ཚོགས་པདྨའི་སྟེང་དུ་འཁོད་པར་གྱུར།དབང་རྫས་བུམ་ཆུ་བསྐྱེད་པའི་སྐབས་སུ་ༀ་ཨཱཿ བིགྷྣཱན་ཏ་ཀྲིཏ་ཧཱུཾ།


JLD006_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོཉ་ཧཾ་བུམ་ཆུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཞེས་སྔར་བཞིན་བསྐྱེད་ལ། ཁྱད་པར་འདིར་ཡབ་ཡུམ་གཉིས་རིགས་བདག་དང་བཅས་པ་བསྐྱེད་དོ། །རིག་པའི་དབང་འོག་མ་རྣམས་ཀྱི་སྐབས་སུའང་དེ་ལྟར་ཤེས་པར་བྱའོ། །བླ་མ་དང་ཐ་མི་དད་པའི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ཅེས་དང༌། མཆོད་པའི་རྗེས་སུ་མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་ཆུར་གྱུར། བླ་མ་དང་ཐ་མི་དད་པའི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རྒྱལ་བ་ཡབ་ཡུམ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ། སྤྱན་དྲངས་པ་རྣམས་ནམ་མཁར་འཁོད་ནས་བསྒྲུབས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་ཅེས་པ་ནས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲག་པར་གྱུར་ཅེས་དང་། ༀ་ཨཱཿ ཞེས་པ་ནས་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་དབང་བསྐུར་བས་ཞེས་སོགས་དང༌། དབང་ལྷ་བསྟིམས་པའི་སྐབས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཞེས་པ་ནས་རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར་ཅེས་དང༌། ཆུ་དབང་གི་དག་པའི་རྗེས་སུ་བརྒྱན་ཅིང་གླུ་བླང་བ་


JLD006_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྐོར་བ་རྣམས་བྱའོ། །འདི་ལས་གཞན་རྣམས་ཀྱི་སྐབས་སུ་བརྒྱན་ཅིང་གླུ་བླང་བ་སོགས་མི་དགོས། རིག་པའི་དབང་ཐ་མ་བཞིའི་ནང་དབང་བསྐུར་བའི་རྗེས་སུ་ཡུམ་གྱི་པདྨ་ནས་ཕྱུང་རང་གནས་སུ་འཁོད་པར་གྱུར་ཅེས་དང༌། རིག་པའི་དབང་འོག་མ་རྣམས་ཀྱི་སྐབས་སུ་ཤིས་པ་རྣམས་མ་བརྗོད་ཀྱང་ཆོག་པས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ་ཞེས་སོགས་དང༌། ཤིས་པ་བརྗོད་ནས། དབུ་རྒྱན་གྱི་དབང་གི་ཚེ་བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན་ཞེས་སོགས་རང་རང་གི་ཕྱོགས་ཀྱི་ཚིགས་བཅད་རེ་རེ་བརྗོད། ས་བོན་ཏྲཾ་ཧྲཱི་ཨཱཿ ལས་བྱུང་བའི་དྲིལ་བུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁཾ་ལ་སོགས། འོག་མ་རྣམས་ལའང་དབང་རྫས་ཀྱི་ཡེ་ཤེས་པ་དང༌། དབང་ལྷ་སྐྱེད་པ་བུམ་དབང་བཞིན། འོག་མ་རྣམས་ཀྱི་བུམ་ཆུའི་སྔགས་ཀྱི་མཐའི་སྭཱ་ཧཱ་མེད་པར་ཧཱུཾ་གི་གོང་དུ་ཨཱཿ བཅུག་ནས་ༀ་གྱི་འོག་ཏུ་ན་དཀྱིལ་ཆོག་བཞིན་མི་འདུག་གོ། ཁྱད་པར་དབུ་རྒྱན་གྱི་དབང་གི་སྐབས་སུ་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲག་པར་གྱུར། ༀ་བཛྲ་དྷཱ་ཏཱི་ཞེས་སོགས་དང་། དབང་རྫས་དབུ་རྒྱན་བསྐྱེད་པའི་ཚེ་ཡུམ་མཱ་མ་ཀཱི་སྔོན་མོ། །རིན་འབྱུང་གི་དབུ་རྒྱན་ཅན་ཞེས་པ་ནས་གཡས་ནོར་བུ་འཁོར་ལོ་ཨུཏྤལ་ལ་སྔོ་དམར་ཞེས་དང༌། རིག་པའི་དབང་འོག་མ་རྣམས་ཀྱི་དག་པ་བརྗོད་པའི་ཚེ། དེ་ལྟར་བུམ་དབང་དགུ་ལས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཐོབ་ཅེས་སོགས་སྦྱར་རོ། །རང་གི་མིག་གཉིས་སུ་ཡི་གེ་བྲཾ་རེ་རེ། མིག་ཕྱེ་བའི་རྗེས་སུ་


JLD006_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། མ་རིག་པའི་ཞེས་པ་ནས་ཕྱེ་མར་གྱུར་ཅེས་དང༌། ཨ་ལས་བྱུང་བའི་མེ་ལོང་དུ་གྱུར། སློབ་དཔོན་གྱི་དབང་ལ། ཕྱག་མཚན་གྱི་དབང་བསྐུར་བའི་ཚེ་རང་དང་འཁོར་ལོ་རྣམ་སྣང་དུ་གྱུར། རྣམ་པར་སྣང་མཛད་ཞུ་བ་ལས་བྱུང་བའི་འཁོར་ལོ་སེམས་ཅན་ཀུན་ལ་ཞེས་དང༌། དྷརྨ་ཙ་ཀྲ་ཞེས་བརྗོད་དེ་དབང་བསྐུར་བས་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོ་བསྐོར་བའི་འཁོར་ལོ་བསྒྱུར་ རྒྱལ་དུ་ བར་དབང་བསྐུར་ གྱུར་ ཞེས་དང༌། གཞན་གསུམ་ལའང་དེས་རིགས་བསྒྲེས་ལ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ཞེས་པའི་རིམ་པ་ལྟར་རིན་པོ་ཆེའི་རིགས་དང༌། པདྨའི་རིགས་དང་། ལས་ཀྱི་རིགས་དང་ཞེས་པས་བརྗེའོ། །ཡུམ་གྱི་མཁའ་གསང་བསྐྱེད་པའི་སྐབས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ་ཞེས་དང༌། པདྨ་ནས་ཕྱུང་སྟེ་དཀྱིལ་འཁོར་གྱི་ཤར་དུ་ཁྲུས་ཀྱི་དཀྱིལ་འཁོར་གྲུ་བཞི་ཞེས་པ་ནས་བྱང་དུ་རལ་གྲི་ལྗང་གུས་མཚན་པ་ལ་གནས་པའི། སེངྒེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་འཁོད་ཅེས་དང༌། རྡོ་རྗེའི་དམ་ཚིག་སྦྱིན་པའི་སྐབས་སུ་སྟོང་པ་ཉིད་དང་དབྱེར་མེད་པའི་ཞེས་པ་ནས་དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པར་བྱེད་པའི་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིག་ཅེས་དང༌། དྲིལ་བུའི་དམ་ཚིག་གི་སྐབས་སུ་ཆོས་


JLD006_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོགས་པར་སེམས་པའི་སྒོ་ནས་དྲིལ་བུ་འཛིན་པར་བྱེད་པའི་དྲིལ་བུའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིག་ཅེས་དང༌། ཕྱག་རྒྱའི་དམ་ཚིག་གི་སྐབས་སུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས་ཞེས་པ་ནས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་པ་དང༌། ཆུ་དབང་བསྐུར་བའི་ཚེ་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས་ཏེ་རང་གི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྙིང་གར་མི་བསྐྱོད་པ་སྤྱི་བོར་རྣམ་སྣང་ཞེས་པ་ནས་རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། མི་བསྐྱོད་པ་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་རང་གི་ཕུང་པོ་དང་ཁམས་དང༌། དབང་པོ་དང་ཡུལ་དང་ཡན་ལག་རྣམས་དང་དབྱེར་མེད་པར་གྱུར་ཅེས་དང༌། སྔགས་ཀྱི་དབང་བསྐུར་བའི་སྐབས་སུ་རང་ཞེ་སྡང་རྡོ་རྗེ་སེམས་དཔའ་སུམ་རྩེགས་ཅན་དུ་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པ་ཞེ་སྡང་རྡོ་རྗེར་གྱུར་པའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞེས་པ་ནས་རྡོ་རྗེ་སྔོན་པོའི་ལྟེ་བའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོའི་མཐར། འདིར་ཧཱུཾ་སོགས་ས་བོན་ལྔ་ཀ་འདུག །ༀ་ཞེས་པ་ནས་སྭཱ་ཧཱ་རྣམས་གཡས་སྐོར་དུ་གནས་པར་གྱུར་ཅེས་དང༌། རྗེས་ཟློས་ལན་གསུམ་པྱས་པའི་རྗེས་སུ་སྔགས་ཀྱི་འཕྲེང་བ་བླ་


JLD006_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཐུགས་ཀ་ནས་བརྒྱུད་ཅེས་པ་ནས་མཐའ་སྐོར་ན་གནས་པར་གྱུར་ཅེས་དང༌། ཕྲེང་སོགས་བླང་བའི་སྐབས་སུ་རང་ཉིད་རྣམ་སྣང་དུ་གྱུར་ཕྲེང་བ་ལ་སོགས་ཞེས་དང༌། རྡོ་རྗེ་བརྟུལ་ཞུགས་ཀྱི་སྐབས་སུ་རང་ཉིད་མི་བསྐྱོད་པར་གྱུར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འདི་དེ་ཞེས་དང༌། གསང་དབང་ལ་གཉིས་པོསྐྱེད་ཅེས་སོགས་ཀྱི་སྐབས་སུ་རང་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཞེས་པ་ནས་རལ་གྲི་འཛིན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པ་ཞེ་སྡང་རྡོ་རྗེ་སེམས་དཔའ་སུམ་རྩེགས་ཅན་དུ་གྱུར།ཤཱུ་ནྱ་ཏཱས་རིག་མ་སྟོང་པར་གྱུར། སྟོང་པའི་ངང་ཁཾ་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན་ཅེས་པ་ནས་འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ། དེའི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ༀ་དཀར་པོ་ལས་རྣམ་སྣང་དཀར་པོ་ཞེས་པ་ནས་ལྟེ་བ་ནས་བརླའི་རྩ་བའི་བར་དུ་ཧཱ་ལྗང་གུ་ལས་དོན་གྲུབ་ཅེས་སོགས་དང༌། ཡབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས་ཞེས་པ་ནས་ལས་ལ་གནས་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། ཁྱད་པར་ནི། མི་བསྐྱོད་པར་གྱུར་ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པའི་སྦྱོར་མཚམས་ནས་འཕྲོས་པའི་འོད་ཟེར་གྱི་ཞེས་པ་ནས། བླ་མ་དང་གཙོ་བོ་ཐ་མི་དད་པའི་སྐུའི་དཀྱིལ་འཁོར་ལ་གནས་པ་རྣམས་གཙོ་བོའི་ཐུགས་ཀར་བསྡུས་པ་ཆགས་པ་ཆེན་པོའི་མེས་ཞུ་སྟེ་ཞེས་པ་ནས་ལྷ་རྣམས་ཞུ་བའི་ཐིག་


JLD006_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལེར་གྱུར་ཅེས་དང༌། གསང་རྫས་ལྕེ་ཐོག་ཏུ་བཞག་པའི་ཚེ་སངས་རྒྱས་ཐམས་ཅད་ཞུ་བ་འདུས་པའི་ངོ་བོས་རང་གི་ལུས་ལ་ཞེས་པ་ནས། མི་གཡོ་བའི་བསམ་པས་མྱངས་ཨ་ཧོ་མཧཱ་སུ་ཁ་ཞེས་པ་དང༌། གསང་དབང་ཙམ་གྱི་རྫས་བསྒྲུབ་པའི་སྐབས་སུ་ༀ་ཨཱཿ ཧཱུཾ་ཞེས་བརྗོད་ལ་སྒྲུབ་ཐབས་ནས་འབྱུང་བའི་གཏོར་མ་ལྟར་བྱིན་གྱིས་བརླབས། འདིའི་སྐབས་ཀྱི་ཤིས་བརྗོད་སློབ་མ་ལ་བྱེད་པ་ཡིན་ནོ། །གསང་དབང་ཙམ་བསྐུར་ཟིན་པའི་འོག་ཏུ་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་མྱངས་པས་བདེ་བ་སྐྱེས་པ་རང་བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་གསང་བའི་དབང་གི་ངོ་བོ་ཡིན་ལ། དེའི་མཐུས་རང་ལྷར་བསྒོམས་པའི་ལྷ་སྐུ་སྒྱུ་མ་དང༌། འཇའ་ཚོན་བཞིན་དུ་འཆར་ཞིང༌། ད་ལྟ་ལྷའི་སྐུ་འཇའ་ཚོན་དང༌། སྒྱུ་མ་བཞིན་དུ་སྣང་བ་འདི་དང་འདྲ་བའི་སྒྱུ་མའི་སྐུ་འགྲུབ་པར་འགྱུར་རོ། ཞེས་བརྗོད་དོ། །གཞན་ལ་དབང་བསྐུར་བའི་ཚེ་དེ་ལྟར་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ལྕེས་མྱངས་པ་རྩའི་སྤུབས་རྣམས་སུ་ཕྱིན་པ་ན་ཞེས་པ་ནས། ལྷ་སྐུ་སྒྱུ་མ་དང་འཇའ་ཚོན་ལྟ་བུར་ངེས་དགོས་པས་ཁྱེད་ཀྱིས་ལུས་ལ་གནད་དུ་བསྣུན་པའི་གདམས་ངག་གིས་རླུང་ཤིན་ཏུ་དུལ་བར་སྦྱངས་པ་ན་ཞེས་པའི་བར་དང༌། དེའི་མཐུས་ཞེས་པ་ནས་འགྲུབ་པར་འགྱུར་རོ། ཞེས་བརྗོད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་རིག་མ་གཏད་པའི་སྐབས་སུ་བྱིན་གྱིས་བརླབ་པ་ནི། གསང་དབང་


JLD006_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐབས་ལྟར་སྟོང་པར་སྦྱངས་ནས་གནས་ལྔར་རིགས་ལྔ་པསྐྱེད་པའི་བར་སྔར་བཞིན་བྱའོ། །རིག་མ་ལ་མཆོད་པའི་རྗེས་སུ་ཤེས་བརྗོད་ནི། བཀྲ་ཤིས་གང་ཞིག་ཅེས་སོགས་བརྗོད་དོ། །རིག་མ་དང་སློབ་མ་ལ་མེ་ཏོག་དོར། རང་རྡོ་རྗེ་འཛིན་པ་གཉིས་པ་དང་རིག་མ་ལ་གདུགས་དང་རྒྱལ་མཚན་དང་རྔ་ཡབ་དང་ཕྲེང་བ་དང་ཙན་དན་ལ་སོགས་པས་མཆོད་ཅིང་རོལ་མོའི་སྒྲ་སྐད་སྣ་ཚོགས་པ་དང་བཀྲ་ཤིས་ཀྱི་དབྱངས་ཀྱིས་ཤིས་པ་བརྗོད་པར་གྱུར། དེ་ནས་རིག་མ་དེས་དཔའ་བོ་བུ་ནི་ཞེས་སོགས་འདྲི་བ་ལ། ཁུ་ཁྭག་ལ་སོགས་ཞེས་བརྗོད་པས་རིག་མ་དེ་དགྱེས་ནས་སྐྲ་གྲོལ་གོས་དང་བྲལ་བར་བྱས་ནས་རང་གི་ཆུ་སྐྱེས་ཕྱེ་ནས་གསལ་བར་སྟོན་ཅིང་ཨེ་མ་སོགས། སློབ་མ་བསྐྱེད་ཅེས་པའི་སྐབས་སུ་རང་ཞེ་སྡང་རྡོ་རྗེ་མཐིང་ནག་མི་བསྐྱོད་པའི་དབུ་རྒྱན་ཅན་ཅེས་པ་ནས་རལ་གྲི་འཛིན་པ་ཞེས་སོགས་དང༌། དེའི་སྤྱི་བོར་ༀ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ཅེས་དང༌། རྡོ་རྗེ་པདྨ་སྔར་བཞིན་འདུ་བྱས་པའི་རྗེས་སུ་རང་ཉིད་རིན་འབྱུང་དུ་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཞེས་སོགས་ནས་རང་ཉིད་མི་བསྐྱོད་པར་གྱུར་ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་བའི་བདེ་བ་ཐོབ་པར་གྱུར། རང་དང་བླ་མ་དང་གཙོ་བོ་ཐ་མི་དད་པ་དང་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་རྒྱལ་བ་ཡབ་ཡུམ་རང་གི་ལུས་ལ་ཐིམ། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྩ་བར་


JLD006_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་ན་སྣང་བ། རྡོ་རྗེའི་དབུས་སུ་སླེབས་པ་ན་མཆེད་པ། ནོར་བུའི་དབུས་སུ་སླེབས་པ་ན་ཉེར་ཐོབ། ནོར་བུའི་རྩེ་མོར་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་ཞེས་དང་། དགྱེས་བརྗོད་ཅེས་པའི་སྐབས་སུ་དེ་ནས་ལྷ་མོ་དེ་དགྱེས་ནས་བྷ་ཛ་བྷཀྵ་ཞེས་གསུང་ཞིང་རྐང་པ་གཡོན་པ་བདག་གི་མགོ་ལ་བཞག་ནས། དེ་རིང་ཞེས་པ་ནས་བུ་ཡིས་སྤྱོད་ཅེས་དང༌། དག་པ་བརྗོད་པའི་སྐབས་སུ་ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས་བྷ་གའི་དཀྱིལ་འཁོར་དུ་ཞེས་སོགས། དབང་བཞི་པ་ལ་དབང་དོན་ངོ་སྤྲོད་ཚུལ་ནི། དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་ཞེས་པ་ནས་དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །དངོས་པོ་ཐམས་ཅད་དང་བྲལ་བ། ཞེས་སོགས་ཀྱི་ཚིགས་བཅད་བརྗོད་དོ། །གཞན་ལ་དབང་བསྐུར་བའི་ཚེ་འདིར་དབང་བཞི་པ་བསྐུར་བ་ནི། འདིའི་བར་ཐམས་ཅད་ལ་མཐའ་བརྗོད་ཅིང་དོན་བཤད་དོ། །དག་པ་བརྗོད་པའི་ཚེ་ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས་དོན་དམ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་ཞེས་དང༌། དེ་ནས་དབང་བཞི་རྫོགས་པར་ཐོབ་པའི་ཡོན་དུ་མཎྜལ་དབུལ་ལོ། །དབང་བཞི་པའི་སྡོམས་ནི། ཡོན་དབུལ་གསོལ་གདབ་སློབ་མ་ལ། །ཤེས་རབ་ཡེ་ཤེས་དཔེར་བྱས་ནས། །མཐར་ཐུག་ཟུང་འཇུག་འབྲས་བུའི་དབང༌། །ངེས་པར་བྱས་ལ་དག་པ་སྦྱིན། །མཇུག་གི་ཆོ་ག་ལ། མཆོད་པའི་སྐབས་སུ་ཆུ་བཞི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་འདོད་ཡོན་ལྔ་ནང་མཆོད་རྣམས་དབུལ་


JLD006_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། མི་བསྐྱོད་རྡོ་རྗེ་ཞེས་སོགས་དང༌། གང་ཞིག་གཟུགས་དང་ཞེས་སོགས་ཀྱིས་བསྟོད། ཕྱོགས་ཀྱི་མཆོད་གཏོར་ཅེས་པ་ནི། སྔར་ཕྱོགས་མཚམས་སུ་བཀོད་པའི་ཁྲོ་བོ་བཅུ་ཕྱོགས་སྐྱོང་དང་བཅས་པ་ལ། སྔར་ཕྱི་རོལ་གྱི་གཏོར་མའི་སྐབས་སུ་བཤད་པའི་ཆོ་གས་མཆོད་གཏོར་དབུལ་ལོ། །ཡང་ན་མཆོད་པ་ནི། ས་ཆོག་གི་སྐབས་ཀྱི་ཕུར་བུ་བསྒྲུབ་པའི་རྗེས་ལྟར་ཕྱི་ནང་གི་མཆོད་པ་གཉིས་དབུལ་ལོ། །ནང་དུ་ཕྱག་འཚལ་བའི་ཚེ་པྲ་ན་མ་མི་སོགས་བརྗོད། གཙོ་བོ་ལ་ཆུ་གཉིས་ནས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པའི་བར་སྔར་རྡོ་རྗེ་འཆང་གི་སྐབས་བཞིན་དབུལ་ལོ། །དེ་ནས་དགེ་བ་བསྔོ་བས་ཏེ་སྨོན་ལམ་བཏབ། གཤེགས་གསོལ་གྱི་སྐབས་སུ་ཡེ་ཤེས་པ་གཤེགས་ཞེས་པ་ནས་དམ་ཚིག་པ་རྣམས་རང་གི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྙིང་གར་མི་བསྐྱོད་པ་སྤྱི་བོར་རྣམ་སྣང་ཞེས་པ་ནས་རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ་མི་བསྐྱོད་པ་ནས་གནོད་མཛེས་ཀྱི་བར་ཞེས་སོགས་སྔར་མེ་ཏོག་དོར་བའི་ལུས་དཀྱིལ་གྱི་སྐབས་བཞིན་བརྗོད་དོ། །རང་ཡབ་ཡུམ་སྙོམས་པར་ཞུགས་ཞེས་པ་ནས་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་གྱུར་ཅེས་དང༌། རྡུལ་ཚོན་ཁྱེར་བའི་བུམ་ཆུས་ཁང་པ་སོགས་ལ་བསང་གཏོར་བྱས་ནས་ཤིས་བརྗོད་བྱའོ། །ཕུར་བུ་བཀྲུས་པའི་ཚེ་བགེགས་རྣམས་སོས་ཏེ་སངས་རྒྱས་པར་གྱུར་ཅེས་དང༌། ཕུར་བུའི་ལྷ་གཤེགས་པའི་ཚེ་བདག་ལ་དངོས་གྲུབ་མཆོག་སྩོལ་ལགས་ཞེས་སོགས་བརྗོད། ཕུར་བུ་སོ་སོའི་གནས་སུ་བཞག་པའི་


JLD006_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཕྱོགས་མཚམས་སུ་བཀོད་པའི་ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་འཁོར་བཅས་ལ་མཆོད་གཏོར་སྔར་ལྟར་ཕུལ་ལ། ཁྲོ་བོ་རང་ལ་བསྡུ་ན་ༀ་ཡོ་ག་ཤུདྡྷ་སོགས་བརྗོད་དོ། །སྦྱིན་སྲེག་མཆོད་བསྟོད་མཆོད་གཏོར་བྱ། །ཕྱག་མཆོད་སྨོན་ལམ་བསྐོར་དང་བཞི། །བཟོད་གསོལ་གསོལ་གདབ་གཤེགས་གསོལ་བསྡུ། །ཚོན་བསྡུ་ཆུར་དོར་གཏོར་ཤིས་བརྗོད། །དབྱུང་བཀྲུ་དགང་གཤེགས་བཞག་བསང་བཞག །གཏོར་མཆོད་བསྡུ་དང་གཤེགས་སུ་གསོལ། །མཇུག་ཆོག་སྡོམས་སུ་བསྡུས་པའོ། །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་ཉིད་དྲངས་པ་ཞལ་ནས་ཞུགས་ཞེས་སོགས་ཀྱི་ཚིག་ཅི་རིགས་རང་ཉིད་བདག་འཇུག་ལེན་པའི་དབང་དུ་བྱས་པ་ཡིན་པས། གཞན་ལ་དབང་བསྐུར་བའི་ཚེ་རང་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། སློབ་མ་དྲངས་ལ་ཞེས་སོགས་ཇི་ལྟར་རིགས་པར་བསྒྱུར་རོ། །མངྒ་ལཾ། བྷ་ཝནྟུ།། །།༈ ཤར་ཙོང་ཁ་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྗེ་སློབ་དཔོན་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲངས་པ་དེའི་ཞལ་སྔ་ནས་ཀྱི་གསུང་བགྲོས་ཇི་ལྟ་བ་བཞིན། འདུལ་བ་པའི་མིང་ཅན་གྲགས་པ་རྒྱལ་མཚན་གྱིས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྲིས་པའོ། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། །


previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་ལྷན་ཐབས།next