Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
ཤོག་ལྷེབ་ ༦༢༩ ནས་ ༧༠༠ བར།
   
   
   


 
previousཤོག་ལྷེབ་ ༦༢༩ ནས་ ༧༠༠ བར།next

ཤོག་ལྷེབ་ ༦༢༩ ནས་ ༧༠༠ བར།


JLD006_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་པའི་ཡིག་ཆུང་ཉེར་གཅིག་སོགས་བཞུགས་སོ།


JLD006_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལ་འཇུག་པའི་ལམ་བསྟན་པ་ཞེས་བྱ་བ། རྗེ་བཙུན་བླ་མ་རྡོ་རྗེ་འཆང་གི་ཞབས་ཀྱི་པདྨོ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། དམིགས་མེད་ཐུགས་རྗེས་བསྐྱོད་པའི་རྣམ་རོལ་གྱིས། མ་ནོར་རྒྱལ་བའི་ལམ་བཟང་གསལ་མཛད་པ། རྣལ་འབྱོར་དང་ཕྱུག་རྗེ་བཙུན་བླ་མ་ཡི། ཞབས་ཀྱི་པདྨོར་སྤྱི་བོས་ཕྱག་བགྱིད་དོ། རྡོ་རྗེ་འཆང་གི་ཐུགས་བཅུད་མཐར་ཐུག་པ། བླ་མའི་ཞལ་གྱི་གདམས་པ་གནད་ཀྱི་མཆོག སྔོན་མེད་ཡི་གེར་འབྲི་ལ་མཁའ་འགྲོ་ཡིས། བུ་ལྟར་བརྩེ་དགོངས་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་བདག་ཅག་གི་བླ་མ་རྗེ་བཙུན་རིན་པོ་ཆེ་འདི་ནི། ཆེས་དཔག་པར་དཀའ་བའི་བློ་གྲོས་ཀྱི་སྟོབས་ཀྱིས་མདོ་རྒྱུད་


JLD006_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་དྲི་མ་མེད་པའི་རིགས་པས་ལེགས་པར་དཔྱད་ཅིང་། ཕྲ་ཞིང་ཆེས་ཞིང་པར་ཚད་མ་གསུམ་གྱིས་སྒྲོ་འདོགས་ལྷག་མ་མེད་པར་བཅད་པ་དང་། འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་དབང་བསྐུར་ཅིང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་མཐའ་ཡས་པ་ཉིན་རེ་བཞིན་དུ་གསན་པས་འཁྲུལ་བའི་དྲི་མ་མ་ལུས་པར་སྤངས་པ་དང་ས་ར་ཧ་དང་ཀླུ་སྒྲུབ་དང་ཤ་ཝ་ལཱུ་ཨི་པ་ལ་སོགས་པའི་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་ཤིང་། ཞིང་སྐྱོང་གི་མཁའ་འགྲོ་མ་སྤྲིན་ལྟར་དབང་དུ་འདུས་པས་ཕྱི་ནང་གི་རྟེན་འབྲེལ་མ་ལུས་པར་འགྲིག་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་མཛད་པས་རྡོ་རྗེའི་རྣལ་འབྱོར་ཡན་ལག་དང་བཅས་པ་ཉམས་མྱོང་ཚད་


JLD006_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཐེ་ཚོམ་མ་ལུས་པར་སྤངས་པ་དང་། དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་ཨ་ཏི་ཤ་འདས་ནས་བོད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་གནད་མ་ལུས་པར་རྟོགས་པ་གཞན་མ་བྱུང་བས། ད་ཁྱོད་ཀྱིས་འདིའི་བདག་པོ་གྱིས་ཤིག་ཅེས་རྡོ་རྗེ་ཐེག་པའི་བསྟན་པ་གཏད་པས་རང་ཉིད་ཆོས་ཀྱི་རྒྱལ་པོར་གྱུར་ཏེ་ཁྱད་པར་ལྔ་དང་ལྡན་པ་ཡིན་ལ། རྗེ་འདིས་རང་ཉིད་ལམ་གང་ནས་རྡོ་རྗེ་འཆང་གི་སར་གཤེགས་ཤིང་གདུལ་བྱ་སྐལ་བ་དང་ལྡན་པ་དག་ཀྱང་ལམ་དེ་ནས་འཁྲིད་པར་མཛད་པའི་སྲོལ་ཐུན་མོང་མ་ཡིན་པའི་གཙོ་བོ་ནི། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་མཐར་ཐུག་པའི་ཡང་རྩེ་དཔལ་གསང་བ་འདུས་པ་དང་། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དང་སྙིང་པོར་གྱུར་པ་བྱིན་རླབས་ཀྱི་གཏེར་དཔལ་འཁོར་ལོ་སྡོམ་པ་གཉིད་ཡིན་ནོ། སྒོ་གཉིས་པོ་འདི་རེ་རེས་ཀྱང་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་སྦྱིན་མོད་ཀྱི། རྗེ་བླ་མའི་བཞེད་པ་གཉིས་ཀ་ཟུར་འབྲེལ་དུ་ཉམས་སུ་བླངས་ནས་བསྐྱེད་རྫོགས་གཉིས་ཀའི་སྐབས་སུ་མཆོག་ཏུ་གལ་ཆེ་བའི་གནད་ཁྱད་པར་ཅན་ཡོད་པས་ཅི་ནས་ཀྱང་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ཡིན་མོ། དེ་ལ་རྗེ་རིན་པོ་ཆེ་འདི་ཉིད་ཀྱི་གསུང་གི་མན་ངག་གི་གནད་ལ་ཤིན་ཏུ་མཁས་ཤིང་། རང་ཉིད་ལམ་སྲོལ་མ་ཉམ་པར་སྒྲུབ་པ་སྙིང་པོར་བྱེད་པའི་བླ་མས་ལམ་འདིའི་སྒོ་ནས་སློབ་མ་ཇི་ལྟར་བཀྲི་བ་དང་། སློབ་མས་ཚུལ་ཇི་ལྟར་འཇུག་པར་བྱ་སྙམ་ན། སློབ་མ་ནི་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པས་རྒྱུད་སྦྱངས་བས་


JLD006_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ལམ་ཆགས་ཤིང་། བྱང་ཆུབ་དོན་གཉེར་གྱི་གསམ་པ་པ་མྱོང་བ་སྣ་ཟིན་སྐྱེས་པ། སྟོང་པ་ཉིད་ཀྱི་ལྟ་བ་ལ་ངེས་བརྙེད་ཅིང་། ཟབ་མོ་རྡོ་རྗེ་ཐེག་པ་མོས་པ་ཡོད་པ་སྟེ། དེ་ཡང་གསང་སྔགས་ཤེས་ལོ་ཟེར་བ་དང་། དབང་དང་ཁྲིད་དང་བརྒྱུད་པ་ལ་སོགས་པ་ཐོབ་བོ་ཞེས་མིང་ཙམ་དོན་དུ་གཉེར་བ་མིན་པ་ཞིག་དགོས་ཏེ། དེ་འདྲ་བ་ནི་ཡུན་ཐུང་ལ་ཐོབ་རྒྱ་ཆེ་བ་ཞིག་དགོས་པས། མང་དུ་ཉན་ཀྱང་ཅི་འང་མི་ཤེས་པ་ཞིག་འོང་ཞིང་། དེས་མི་ཤེས་བཞིན་དུ་སློབ་མ་སྡུད་པ་གཙོ་བོར་བྱས་ནས་བཤད་པས། ཆོས་གང་ཟབ་ཟབ་ཐམས་ཅད་ཅལ་ཅོལ་དུ་སོང་ནས་འང་བ་ཙམ་གྱིས་བསྟན་པ་ལ་གནོད་པ་ཞིག་འོང་བ་ཡིན། རྟོག་གེ་དང་ཕྱིའི་བཤད་ཆོས་ལ་ཧ་ཅང་གཙོ་བོར་མི་འཛིན་པ་ཞིགས་ལ་ཆེ་སྟེ། གལ་ཆུང་སྔགས་ལ་བྱས་ནས་ཉ་བའི་ལག་ཏུ་ནོར་བུ་རིན་པོ་ཆེ་ཤོང་བ་འདྲ་བ་ཞིག་འོང་། ཁྱད་པར་དེ་འདྲ་བ་དེས་སྐྱས་བུ་གང་མང་བ་དང་སྣོད་དུ་མི་རུང་བའི་མདུན་དུ་བསྐྱེད་རྫོགས་ཀྱི་གནད་ཟབ་མོ་ཐམས་ཅད་གང་ཤེས་པ་འགྲོ་གླེང་དུ་ཁྱེར་ནས། གསང་སྔགས་དང་སྐུ་གསུམ་གྱི་རྩོད་པ་ལ་གསར་སྒྲོག་འོང་མི་མོང་གི་ཁྱད་པར་བློ་ཡུལ་ན་ཅི་ཡང་མིད་པ་ཞིག་འོང་བས། གསང་སྔགས་འདྲེལ་གཏད་པ་འདྲ་བ་ཞིག་འོང་། གཞན་ཡང་རྟོག་གེ་དང་ཕྱིའི་ཐོས་པས་དྲགས་ཤིང་ང་རྒྱལ་དེ་ལ་གཙོ་བོར་ཞེན་པ་ནི་ལན་གཅིག་སྔགས་ལ་ཞུགས་ཀྱང་ཡུན་རིང་དུ་དོན་དུ་གཉེར་བའི་སྐལ་


JLD006_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ང་མེད་པས་གདམས་པ་རྫོགས་པར་མ་ཐོབ་ཀྱངདུ་བསད་ནས་འགྲོ། ཆོས་ཐམས་ཅད་ལ་རགས་པ་བརྩེ་གཏོགས་ར་རྩྭ་ཟ་བ་འདྲ་བ་ཞིག་མིན་པ། གདམས་ངག་གི་གནད་ཕྲ་མོན་ས་རྩད་གཅོད་མི་ཤེས། གང་ཤེས་སྨྲ་བ་ལ་དགའ་བ་ལྷུར་ལེན་གྱི། ཉམས་སུ་ལེན་མི་ཤེས། ང་རྒྱལ་གྱི་བླ་མ་བསྟེན་མི་མཁས་པ་དམ་ཚིག་ལ་ཅི་ཡང་མི་སེམས་པ་ཞིག་འོང་བ་ཡིན། དེ་ལ་དགོངས་ནས། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཁྲོ་དང་བཅས་ཤིང་རྟོག་གེར་གུས། ན་སོ་དག་ནི་ཡོལ་བ་དང་། གང་ཡང་དགེ་སློང་དངོས་གནས་དང་། ཞེན་དང་ཆགས་པས་བཅིངས་པ་ལ། རིན་ཐང་མེད་པའི་རིན་ཆེན་ནི། དེ་ལ་བཤད་པ་མི་བྱའོ། ཞེས་དང་། དེའི་འགྲོལ་བར། ཁྲོ་དང་བཅས་ཞེས་བྱ་བ་ནི། སྤྲོ་ཐུང་བ་དང་གནོད་པར་སེམས་པ་སྟེ། བྱས་པ་དྲིལ་དུ་མི་གཟོ་བའོ། རྟོག་གེར་གུས་ཞེས་བྱ་བ་ནི། ཚད་མའི་བསྟན་བཅོས་ལ་གུས་པའམ་འཇིག་རྟེན་པའི་བསྟན་བཅོས་དོན་དུ་གཉེར་བའོ། ན་སོ་དག་ནི་ཡོལ་བ་དང་། ཞེས་བྱ་བ་ནི། ལུས་རྙིང་པ་སྟེ་ཁུ་བ་འཛིམ་མི་ནུས་པའོ། ཞེན་དང་ཆགས་པས་བཅིངས་པ་ལ། ཞེས་པའི་ཞེན་པ་ནི་སེར་སྣ་ཆེའོ། ཆགས་པས་བཅིངས་པ་ནི། མ་ནིང་སྟེ་དེ་དག་ལ་བསྟན་པར་མི་བྱའོ། ཞེས་གསུངས་ཏེ། དེ་ཡང་སྔགས་ལ་མོས་པ་དང་། འདུན་པླ་ཤུགས་དྲག་ཅིང་ཁེངས་པ་ཆུང་བའི་སྟེང་དུ་ཚད་མ་དང་། རིགས་པ་མཁས་པ་ནི་མཆོག་ཏུ་སྟོན་པ་ཡིན་གྱི་སྐྱོན་ག་ལ་ཡིན། རྟོག་གེ་དང་ཕྱིའི་ཐོས་པས་སེམས་འཕྲོགས་ཤིང་


JLD006_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་གཙོ་བོ་མི་འཛིན་པ་སྣོད་མིན་པར་བསྟན་པ་ཡིན་ལ། རྒན་པོ་སྣོད་དུ་མི་རུང་བར་བསྟན་པ་ནི། ལམ་འདི་ཉམས་སུ་ལེན་པ་ལ་ལུས་ཀྱི་ཁུ་བའི་ནུས་པ་མ་ཟད་པ་གལ་ཆེ་བར་སྟོན་ཏེ། འདི་ཤིན་ཏུ་གནད་ཆེའོ། དེས་ན་གཞོན་དུས་ཐོས་པ་བྱས་ནས་རྒན་སོང་བ་དང་ཉམས་ལེན་བྱེད་དོ། ཞེས་ཟེར་བ་ནི་ལམ་འདིའི་དགག་བྱའི་གཙོ་བོ་ཡིན་ནོ། གང་ཡང་དགེ་སློང་དངོས་གནས་དང་། ཞེས་པ་ལ། འགྲེལ་བར་དངོས་སུ་བཤད་པ་མ་བྱུང་ཡང་། གསང་དབང་དངོས་དབང་དུ་བསྐུར་བ་ལྟ་བུ་ལ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་མཆོག་འགའ་ཞིག་ལ་དགེ་སློང་ཡིན་ཡང་དང་པོ་ནས་དངོས་དབང་བསྐུར་བའི་སྐབས་ཡོད་ཀྱི། དེ་མ་གཏོགས་པའི་ནུས་པ་མ་ཐོབ་པའི་དགེ་སློང་ལ་གསང་དབང་སོགས་དངོས་དབང་དུ་བསྐུར་མི་རུང་ཞེས་པའི་དོན་ཡིན་གྱི། སྤྱིར་དགེ་སློང་སྔགས་བླ་མེད་ཀྱི་ལམ་སྟོན་པའི་སྣོད་དུ་མི་རུང་ཞེས་སྟོན་པ་མིན་ཏེ། སྔགས་ཀྱི་གདུལ་བྱ་ལ་སོ་ཐར་གྱི་སྡོམ་པ་མཆོག་དང་ལྡན་པ་རྟེན་མཆོག་ཏུ་དུས་འཁོར་སོགས་རྒྱུད་སྡེ་དུ་མ་ནས་གསུངས་སོ། གཞན་ཡང་བླ་མ་ལྔ་བཅུ་པ་སོགས་ནས་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་མདུན་དུ་འོངས་ཏེ་ལམ་འདིའི་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པའི་བཀའ་དྲིན་ཞུ་བའི་གསོལ་འདེབས་པར་བྱེད་ན། དེ་ལ་རིགས་གཉིས་ཏེ་གོ་བ་ཡོངས་སུ་རྫོགས་པ་དོན་དུ་གཉེར་བ་དང་། མྱོང་བ་སྐྱེས་ནས་བསྐྱེད་རྫོགས་


JLD006_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལམ་སྣ་ཟིན་པ་དོན་དུ་གཉེར་བའོ། དང་པོ་ནི། ཐོག་མར་བླ་མ་ལྔ་བཅུ་པ་རྩ་ལྟུང་དང་སྦོམ་པོའི་བསྲུང་མཚམས་ལེགས་པར་ཤེས་ཀྱི་བར་དུ་ཚིག་བཟུང་། བཤད་པ་ཉན་ནས་སྔར་དབང་མ་ཐོབ་པའམ་ཐོབ་ཀྱང་དམ་ཚིག་གསོ་བའི་ཕྱིར་དུ་དབང་བཞི་ཡོངས་སུ་རྫོགས་པ་དབན་དོན་འཕྲོད་ངེས་པོ་གོ་རིམ་མ་འཆོལ་བར་བླང་བར་བྱ་སྟེ། དེ་ཡང་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔོན་དུ་མ་སོང་བར། ལུས་དཀྱིལ་གྱི་དབང་མི་བསྐུར་ན་བུམ་དབང་མ་བསྐུར་བ་ལ་དབང་གོང་མ་བསྐུར་བ་ལྟ་ཅི་སྨོས། དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་ལ་ཐུན་དྲུག་གིས་སྡོམ་སེམས་མཆག་ཅིང་། ཕྱིར་བཅོས་དང་བསྲུང་སྡོམ་ལ་འབད་པའི་ངང་ནས། བློ་མཆོག་གིས་གསང་སྔགས་ལམ་རིམ་དང་། བློ་ཞན་པས་ཁོ་བོས་སྦྱར་བའི་རྒྱུད་སྡེ་སྤྱིའི་རྣམ་གཞག་རྣམས་ལེགས་པར་ཉན་ཅིང་སྦྱངས་ནས་སྔགས་དང་ཕར་ཕྱིན་གྱི་ལམ་གྱི་ཁྱད་པར་རྒྱུད་སྡེ་བཞི་དང་། ཕ་རྒྱུད་མ་རྒྱུད་ཀྱི་ལྨ་གྱི་ཁྱད་པར། སྨིན་བྱེད་དབང་དང་ལམ་རིམ་པ་གཉིས། ས་ལམ་དང་། སྤྱོད་ལ་བྱེད་ཚུལ། ཉོན་མོངས་ལམ་དུ་བྱེད་ཚུལ་དང་། འབྲས་བུ་མངོན་དུ་འགྱུར་ཚུལ་སོགས་ཀྱི་སྔགས་སྤྱིའི་རྣམ་གཞག་རགས་པ་ལེགས་པར་ཆགས་པ་ཞིག་བྱ། དེ་མེད་ན་སྔགས་ལ་མོས་སྐད་བྱས་ཀྱང་། གཞན་ཀྱིས་གཡམ་ལ་རྒྱུགས་ཤིག་མིན་པ་སྔགས་ཟབ་མི་ཟབ་གྱི་རྣམ་དབྱེ་ལྟ་ཅི་སྨོས། མུན་རྡོ་འཕེན་པ་དང་འདྲ་བ་ཞིག་འོང་ཡིན་ནོ། དེ་ནས་ཐོག་མར་གསང་


JLD006_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་དང་། དེ་ནས་བདེ་མཆོག་གི་སྒྲུབ་ཐབས་དཀྱིལ་ཆོག་ཐིག་སྦྱིན་སྲེག་སོགས་ཆ་ཆག་དང་བཅས་པ་ལ་ཞིབ་པར་སྦྱངས། དེ་ཡང་གསང་འདུས་ལ་སྔོན་དུ་གོ་བ་ཆགས་ན་གཞན་རྣམས་ལ་གོ་བ་འབད་མེད་དུ་འཆགས། དེ་ལས་བཟློག་ན་དེ་ཙམ་དུ་ཕན་ཆུང་བར་ཡོད་པས། སྔོན་ལ་འདུས་པ་ལ་ཁྲིད་པ་ཡིན། དེས་འདུས་པའི་བསྐྱེས་རིམ་ལ་རྗེ་མས་མས་མཛད་པའི་རྣམ་གཞག་རིམ་པའི་ཊཱིཀྐ་དང་། ཁོ་བོས་སྦྱར་བའི་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་པ་སོགས་ཞིབ་པར་ཉན་ཅིང་སྦྱངས་ནས། ཀུན་གྱི་གཞི་བསྐྱེད་རིམ་ལ་སྦྱང་གཞི་སྦྱོང་བྱེད་དང་། འབྲས་བུའི་ཆོས་མཐུན། རྫོགས་རིམ་གང་གི་སྨིན་བྱེད་དུ་གང་འགྱུར་བ་སོགས་ཀྱི་གོ་བ་ལེགས་པར་ཆགས་པ་ཞིག་བྱས། དེ་ནས་བསྐྱེད་རིམ་ལ་སེམས་འཛིན་ཚུལ་གོ་ལ་ལེགས་པར་ལོངས་པའི་བསྐྱེད་རིམ་གྱི་ཁྱིད་བྱ། དེ་ནས་གདན་རྫོགས་ཀྱི་ཁྲིད་སླ་ཆོས་སུ་མ་སོང་བར་ལེགས་པར་ཁྲིད་ནས་བསྒོམ་ཚུལ་རགས་པ་ཤེས་ཤིང་། བསྐྱེད་ཚུལ་གྱིས་ཕྱོགས་མཐོང་ཡོད་པ་རིམ་ལྔ་སྤྱི་དང་སོ་སོའི་གོ་བ་རགས་པ་ལེགས་པར་ཆགས་པ་ཞིག་ཁྲིད་ཀྱི་སྐབས་སུ་འོང་དགོས་པས། དེ་མ་བྱུང་བར་དུ་ཆོས་དང་ཟང་ཟིང་གི་འབྲེལ་བ་གཞན་ཅུང་ཟད་མེད་པར་འབུར་ལ་བཏབ་ནས་ཁྲིད་དགོས་པ་ཡིན། དེ་ཡང་ལུས་དབེན་གྱི་ཕྲ་མོ་བསྒོམ་པ་དང་རྡོར་བཟླས་གཉིས་ལ་དམིགས་པ་རེ་རེ་ལ་མ་མཐའ་ཟླ་བ་ཕྱེད་རེ་འམ། རིན་ན་ཁྲིད་དཀྱུས་མ་ལའང་དམིགས་པ་རེ་ལ་ཞག་ཉེར་གཅིག་ཙམ་འཇོག་པ་མཛད། དེ་ནས་མི་ཤིགས་པ་བསྒོམ་པ་དང་། རྨི་ལམ་གྱི་སྐོར་རྣམས་རིང་བར་


JLD006_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག གཞན་རྣམས་དུས་སྐབས་དང་སྦྱོར། དེ་ལྟར་ཁྲིད་རྫོགས་ནས་ངེས་པར་རིམ་ལྔ་གསལ་སྒྲོན་གསུང་བ་ཕྱག་ལེན་ཡིན་ཞིང་། མི་ཉན་ཀ་མེད་དུ་ཡོད་པས་ལེགས་པར་ཉན་ཅིང་། ཞིབ་ཏུ་ལྟ་བ་དབང་སེམས་པ་སོགས་ཀྱི་སྒོ་ནས་འདུས་པའི་ལམ་གྱི་གོ་ལ་ལེགས་པར་ཆགས་པ་ཞིག་བྱ། དེ་ཡང་འདུས་པའི་བསྐྱེད་རྫོགས་ཀྱི་གོ་བ་ལེགས་པར་ཆགས་པའི་སྒོ་ནས་སྟོང་པ་བཞི་ལས་སྒྱུ་མའི་སྐུ་བསྒྲུབ་ཚུལ་ལེགས་པར་ཤེས་པ་ཞིག་དང་། དེའང་འོང་གསལ་གྱིས་སྦྱངས་བས་ཟུང་འཇུག་གི་སྐུ་བསྒྲུབ་ཚུལ་མཐའ་ཆོད་པར་མ་ཤེས་ན། ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པའི་ཚུལ་ཇི་ལྟར་བྱེད་པའི་ལམ་གྱི་ཕྱོགས་མཐོང་ཙམ་ཡང་འོངས་མེད་པས། འདི་ལ་སྦྱང་བ་གལ་ཆེ་བ་ཡིན། དེ་ནས་བློ་གྲོས་གྱིས་ལྕོགས་པ་ཙམ་ཡོད་ན། ངེས་པར་འདུས་པའི་རྒྱུད་ལ་གོ་བ་ཆགས་ངེས་པ་སྦྱངས་ཤིང་། དེ་ནས་བདེ་མཆོག་གི་སྒྲུབ་ཐབས་ཀྱི་རྣམ་བཤད་ཆེན་མོ་རྗེ་བླ་མ་ཉིད་ཀྱི་མཛད་པ་ལེགས་པ་ཉན་ནས། བསྐྱེད་རིམ་གྱི་གོ་བ་ཆགས་པ་དང་བསྐྱེད་རིམ་གྱི་ཁྲིད་བྱེད། དེ་ནས་ལོ་དྲིལ་གྱི་ཁྲིད་རྗེ་ཉིད་ཀྱིས་མཛད་པ་དང་། ནག་པོ་པའི་རྫོགས་རིམ་གྱི་དཔྱིད་ཐིག་ལ་ཡི་གེ་མཛད་པ་མེད་ནའང་། རྗེ་ཉིད་ལ་ལེགས་པར་ཐོབ་པའི་གསུང་གི་སྟེང་ནས་བདེ་མཆོག་གི་རྫོགས་རིམ་སོ་སོའི་གྲུབ་ཆེན་གྱི་དགོངས་པ་ལྟར་སྐྱོད་ཚུལ་


JLD006_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གོ་བའི་རྣམ་གཞག་ལེགས་པར་ཆགས་ཀྱི་བར་དུ་ཁྲིད་བྱ། དེ་ནས་བདེ་མཆོག་གི་རྒྱུད་ལ་ལེགས་པར་སྦྱངས། དེ་ཡང་བསྐྱེད་རྫོགས་ལ་སྔོན་དུ་གོ་བ་མ་ཆགས་ན་རྒྱུད་ཚར་ཇི་ཙམ་ཉན་ཡང་ཡམ་མེ་བ་ཞིག་ལས་འོངས་མེད་པས་གོ་རིམ་གྱི་ཕྱག་བཞེས་དེ་ཡ་མ་འཆོལ་བ་དགོས་ཤིང་། རྫོགས་རིམ་གྱི་ཁྲིད་ཐམས་ཅད་ལ་ཚོགས་འཁོར་རྒྱས་པ་དང་། གདན་རྫོགས་ཀྱི་སྐབས་སུ་ཁྲིད་ཀྱི་འགོ་འཛུགས་པ་ན་བླ་མ་ལ་མཆོད་པ་རྒྱས་པ་བཤམ། བྱིན་གྱིས་བརླབས་ཏེ། བླ་མ་རྡོ་རྗེ་འཆང་དུ་བསྐྱེད་པ་ལ་མཆོད་ཅིང་བསྟོད་དེ་གཏོར་མ་དང་མཎྜལ་རྒྱས་པར་ཕུལ་ནས་གསོལ་བ་གདབ་པ་དང་། སྒྱུ་ལུས་དང་འོད་གསལ་གྱི་དམིགས་པ་ལ་སློབ་པ་ནའང་དེ་ལྟར་བྱས་ཏེ། རིམ་ལྔ་ནས་འབྱུང་བའི་སྒྱུ་ལུས་དང་འོད་གསལ་གྱི་རང་རང་གི་ཐུན་མོང་མིན་པའི་བསྟོད་པ་གསོལ་གདབ་དང་བཅས་པ་བྱེད་པ་དང་། འདུས་པའི་རྒྱུད་ཀྱི་ཆོས་ཀྱི་ཐོག་མཐའ་གཉིས་སུ་ཇི་ལྟར་བྱ་བའི་ཆོ་ག་རྗེ་ཉིད་ཀྱིས་ཡི་གེ་ལོགས་སུ་མཛད་པ་ལྟར་བྱེད་པ་དང་། རྒྱུད་མཆོད་ཀྱི་ཚོགས་འཁོར་རྒྱས་པ་དང་། བདེ་མཆོག་གི་རྒྱུད་ཀྱི་ཐོག་མར་མཆོད་པ་གསོལ་གདབ་ཀྱི་བར་དུ་ཚོགས་འཁོར་རྒྱས་པ་དང་། མཐར་གཏང་རག་གི་མཆོད་གཏོར་དང་བསྟོད་པ་སོགས་རྒྱས་པར་བྱེད་པའི་ཕྱག་ལེན་རྣམས་སླ་ཆོས་དང་ཕྱི་བཤོལ་དུ་ཡེ་མ་ལུས་པ་གལ་ཆེ་བ་ཡིན། བདེ་མཆོག་གི་རྒྱུད་ཀྱི་སྐབས་སུ་སྔགས་བཅུ་བྱེད་ན་ཚོགས་


JLD006_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཁྱད་པར་ཅན་བྱས་ནས་སྔགས་བཏུའི་རྗེས་གནང་དང་སྦྲེལ་ནས་མཛད་པ་ཕྱག་ལེན་ཡིན། གལ་ཆེ་བ་རང་ལ་མིན་པ་རྒྱུད་གསུངས་རེས་ཀྱིས་མི་མཛད། དྲིལ་བུ་རིམ་ལྔའི་བླ་མ་སྔ་མའི་ཕྱག་བཞེས་ཀྱི་བྱིན་རླབས་དེའང་གལ་ཆེ་བ་ལ་མཛད། དེ་དག་གིས་འདུས་པ་དང་བདེ་མཆོག་གི་ལམ་གྱིས་སློབ་མ་ཇི་ལྟར་བཀྲ་བའི་ཚུལ་དང་དཀྱུས་མ་དེ་བརྗོད་པ་ཡིན་ནོ། ད་ནི་སློབ་མ་ཚེ་འདི་ལ་ལྟོས་པ་མེད་པར་སྒྲུབ་པ་སྙིང་པོར་བྱས་ཏེ། བསྐྱེད་རྫོགས་ཀྱི་ལམ་སྣ་ཟིན་པ་དོན་དུ་གཉེར་བ་ཞིག་བླ་མས་ཇི་ལྟར་བ་ཀྲི་བའི་ཚུལ་རྗོད་པར་བྱ་སྟེ། དེ་ཡང་བློ་ནུས་ཆེ་ཆུང་གི་རྒྱུད་ལ་སྦྱངས་པ་བྱེད་མི་བྱེད་སྐབས་དང་སྦྱར་བ་མ་གཏོགས་སྔར་བཤད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་སྔོན་དུ་བཏང་ན་ལེགས། དེ་ནས་བླ་མས་རིམ་གཉིས་ཀྱི་ཉམས་ལེན་ཐམས་ཅད་ལ་ཁྲིད་དུ་བྱས་ནས་དམིགས་པ་ཐམས་ཅད་ལ་རང་རང་གི་མྱོང་བ་སྣ་ཟིན་རེ་མ་སྐྱེས་ཀྱི་བར་དུ། མ་སྐྱེས་པ་བསྐྱེད་ཚུལ། སྐྱེས་པ་སོགས་འབྱིན་ཚུལ། གེགས་སེལ་ཚུལ་སོགས་མན་ངག་གི་གནད་ལ་མཁས་པས་ལེགས་པར་འཁྲིད་པ་ཡིན་ནོ། དམར་ཁྲིད་ཅེས་པ་སློབ་དཔོན་གྱིས་སློབ་མ་ལ་མིའི་རོ་ཁ་ཕྱེ་ནས་དོན་ལྔ་སྣོད་དྲུག་གི་ཆགས་ཚུལ་སོགས་རེ་རེ་ནས་དངོས་སུ་བསྟན་ནས་ཁྲིད་པ་ལྟར་འདི་ལྟར་བསྒོམས་ན་འདི་བཞིན་འབྱུང་ངོ་ཞེས་པའི་ལུང་སྟོན་པ་ཙམ་མིན་པར། དངོས་སུ་མ་སྐྱེས་ཀྱི་བར་དུ་བླ་མས་ལག་ཁྲིད་བྱས་ནས་ཁྲིད་པ་ལ་ཟེར་བ་ཡིན། དེ་ཡང་སྒྲུབ་པ་སྙིང་པོར་བྱས་ནས་ཚེ་འདིར་རྟོགས་


JLD006_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེ་བར་འདོད་ན། བླ་མའི་བསྟེན་ཚུལ་སོགས་ལ་ད་ལྟ་ཉམས་ལེན་བྱ་རྒྱུ་གལ་ཆེ་བའི་གནད་མང་དུ་ཡོད་པས། དེ་རྣམས་ཁོ་བོས་ཡིག་ཆུང་དུ་བཀོད་པ་ལྟར་ཤེས་པར་བྱས་ནས་ལག་ལེན་ལ་སྦྱོར་བ་བལ་ཆེ་བ་ཡིན། དེ་ནས་དམ་ཚིག་གི་སྐོར་ལ། དམ་ཚིག་གི་རྡོ་རྗེའི་བསྒོམ་བཟླས་དང་། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་སོགས་རྗེ་ཉིད་ཀྱིས་རྩ་ལྟུང་གི་རྣམ་བཤད་དུ་དེ་རྣམས་བྱའོ་ཞེས་གསུངས་པ་ལས་དངོས་སུ་མ་བཀོད་པ་དང་གཞན་ཡང་ཞལ་ལས་བྱུང་བའི་གནད་ཆེ་བ་ཁ་ཡར་ཡོད་པ་རྣམས་ད་ལྟ་ནར་མ་དང་། སྐབས་སུ་ལག་ལེན་ལ་སྦྱོར་བ་མི་རུང་བ་མ་ཡིན་པས་ཡི་གེར་ལོགས་སུ་བཀོད་པ་ལྟར་ཤེས་པར་བྱས་ནས། འཕྲལ་དུ་ལག་ལེན་པ་སྦྱར་བར་བྱའོ། དེ་ནས་ལམ་བསྐྱེད་རྫོགས་གང་ཉམས་སུ་ལེན་ཀྱང་ཐོག་མར་ལྟ་བ་མཐར་ཐུག་པ་དེ་ལེགས་པར་ངེས་ནས་སྐྱོང་ཚུལ་གྱི་གནད་ལ་མཁས་པ་ཞིག་དགོས་ཏེ། དེ་མེད་ན་བསྐྱེད་རྫོགས་གང་ཉམས་སུ་བླངས་ཀྱང་ཐབས་རྐྱང་བའི་ཉམས་ལེན་དུ་སོང་ནས་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ཆ་ཙམ་ཞིག་ཀྱང་མི་འབྱུང་ཞིང་། བསྐྱེད་རྫོགས་གང་ལ་ཡང་འཁོར་བའི་རྩ་བ་གཅོད་པའི་གཉེན་པོ་གཏན་ནས་མ་འདྲེས་པ་ཞིག་འོང་བས། ཐོག་མར་ལྟ་བ་ཚོལ་བ་དང་། དེ་ཡང་ཐོག་མར་དབུ་ཚད་ཀྱི་རིགས་པ་ལ་སྦྱངས་པ་ཡིན་ན་ཅུང་ཟད་ཁྲིད་སླ་ཡང་། མ་སྦྱངས་པ་ལ་ལྟ་བའི་ངེས་པ་འདྲེན་ཚུལ་ཇི་ལྟར་བྱ་བ་དང་། ལྟ་བ་གོ་ནས་བླ་མེད་དང་ཕང་


JLD006_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་གྱི་ཐེག་པའི་ལྟ་བ་སྐྱོང་ཚུལ་ཡེ་མི་འདྲ་ཞིང་། ཞི་ལྷག་གི་གོ་རིམ་དང་ལྟ་བ་བསྐྱངས་པའི་བྱེད་ལས་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དང་། རྫོགས་རིམ་དང་ཕར་ཕྱིན་གྱི་ཐེག་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མྱུར་བུལ་གྱི་ཁྱད་པར། ཉི་ཟླའི་འགྲོས་དང་། བ་ལང་གི་འགྲོས་ལས་ཀྱང་ཤིན་ཏུ་ཆེ་བ་ཡོད་པའི་ཚུལ་དང་། དེ་ལྟར་འོང་བའི་རྒྱུ་མཚན་གྱིས་གནད་ཤི་ཏུ་ཟབ་པ་དང་། དེའི་རྒྱུ་མཚན་གྱིས་མཚམས་མེད་པ་ལྔ་ཀ་དང་། མི་དགེ་བ་བཅུ་ཆེན་པོའི་ཆེན་པོ་རྣམས་གྲངས་ཚང་བ་དང་། ཆོས་སྤོང་བ་དང་། དགེ་སློང་ཐམ་པ་བཞི་ཆར་སྤྱོད་པ་རྣམས་ཀྱང་ལམ་འདིས་ཚེ་འདི་ཉིད་ལ་འཚང་རྒྱ་བའི་གནད་ལ་སོགས་པ་མང་པོ་ཞིག་ཤེས་དགོས་པ་ཡིན། དེ་དག་ལྟ་བའི་ཡི་གེར་ཤེས་པར་བྱའོ། དེ་ནས་བསྐྱེད་རིམ་ལ་བརྟན་པ་རྗེས་མཐུན་པ་ཐོབ་ནས་བསྒོམས་ན་རྫོགས་རིམ་ཀྱང་རྗེས་མཐུན་པ་ཙམ་སྐྱ་ལ། བསྐྱེད་རིམ་མཐར་ཕྱིན་ནས་བསྒོམས་ན། རྫོགས་རིམ་ཀྱང་རྒྱུད་སྡེ་དང་གྲུབ་ཆེན་གྱིས་བཤད་པ་ཇི་འདྲ་བའི་མཚན་ཉིད་ཚང་བ་སྐྱེ་བ་ཡིན་ཞིང་། རྒྱུད་དང་གྲུབ་ཆེན་གྱིས་བཤད་པའི་རྫོགས་རིམ་རྗེས་མཐུན་པ་ཙམ་སྐྱེས་ནའང་། བོད་ལ་རྫོགས་རིམ་འགངས་ཆེན་བསྐྱེད་པར་གྲགས་པ་ཕལ་ཆེ་བའི་རྟོགས་པས་བསྒྲུན་པར་མི་ནུས་ཤིང་། སྐྱེ་བ་གཏན་གྱི་མདུན་མ་གྲུབ་པ་ཡིན་ནོ། གང་ལྟར་ཡང་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ལ་མྱོང་བ་སྣ་ཟིན་མ་སྐྱེས་བར་དུ་སྦྱོང་བ་གནད་ཤིན་ཏུ་ཆེ་བ་ཡིན། དེ་ཡང་བསྐྱེད་རིམ་ལ་གསལ་སྣང་


JLD006_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དང་ང་རྒྱལ་བརྟན་པོ་སྒྲུབ་ཚུལ་རགས་པ་ཙམ་ཞིག་རྗེ་ཉིད་ཀྱི་གསུང་རས་རྣམས་ལས་བསྟན་མོད་ཀྱི། རེ་རེ་ནས་རིམ་ཅན་དུ་འཁྲིད་ཚུལ་ཞིབ་པར་ངེས་པ་དང་། དེ་དག་གི་སྐབས་སུ་བློའི་རིགས་སོ་སོ་ལ་ལྟོས་པའི་འཁྲིད་ཚུལ་མི་འདྲ་བ་དགོས་པ་རྣམས་ཞིབ་ཏུ་ངེས་དགོས་པར་ཡོད་པས་བསྐྱེད་རིམ་གྱི་ཡི་གེར་བལྟ་བར་བྱའོ། བསྐྱེད་རྫོགས་གང་གི་སྐབས་སུ་ཏིང་ངེ་འཛིན་རྣལ་མ་སྐྱེ་བའི་གེགས་ཀྱི་གཙོ་བོ་ནི་བྱིང་རྒོད་གཉིས་ཡིན་པས། འདི་གཅོད་པའི་ཚུལ་ལ་གཞུང་ཆེན་པོ་རྣམས་ནས་འབྱུང་བའི་བྱིང་རྒོད་ཀྱི་གཉེན་པོ་དང་དྲན་ཤེས་བསྟེན་ཚུལ་སོགས་ཀྱི་འགལ་སྤོང་གི་རྣམ་གཞག་རྒྱས་པ་ལམ་རིམ་དུ་རྗེ་ཉིད་ཀྱིས་རྒྱས་པར་གསུངས་པ་ལྟར་བསྐྱེད་རིམ་སོགས་ཀྱི་སྐབས་སུ་ཡང་ཤེས་པར་བྱས་ནས་བྱིང་རྒོད་གཅོད་པ་ཡིན་མོད། འོན་ཀྱང་བྱིང་རྒོད་ཤིན་ཏུ་ཤས་ཆེ་བ་ལ་ཐོག་མར་བྱིང་རྒོད་བཙན་ཐབས་སུ་གཅོད་པའི་མན་ངག་ཟབ་མོ་དང་། བྱིང་རྒོད་མི་སྐྱེ་བའི་རྒྱུད་དང་སྤྱོད་ལམ་བསྟེན་ཚུལ་སོགས་ཤིན་ཏུ་གལ་ཆེ་བའི་མན་ངག་དག་ལོགས་སུ་ཤེས་པར་བྱ་དགོས་སོ། ལུས་ལ་གནད་དུ་བསྣུན་ནས་རྫོགས་པའི་རིམ་པ་སྒོམ་པ་ལ་ནནི་ལུས་ཀྱི་བྱེད་པ་བཅིངས་དང་། འཁྲུལ་འཁོར་དང་སྤྱོད་ལམ་ལ་སོགས་པའི་གནད་ཞིབ་པར་ངེས་ནས་ལག་ལེན་ལ་གདབ་པ་གལ་ཆེ་བ་ཡིན་པས། དེ་དག་གི་རྣམ་པར་བཞག་པ་ཡང་ལུས་ཀྱི་བྱེད་བཅིངས་བསྟན་པ་ལས་ཤེས་པར་བྱའོ། ཁྱད་པར་དུ་ཡང་ལུས་ལ་


JLD006_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་བསྣུན་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲུབ་པར་འདོད་པ་དག་གིས་ཐོག་མར་གང་ལ་གནད་དུ་བསྣུན་པའི་གཞི་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ཀྱི་དང་པོར་གྲུབ་ཚུལ། དེ་ལྟར་རྩ་ཕྲ་རགས་རྣམས་ལུས་ཀྱི་གནས་གང་ན་ཚུལ་ཇི་ལྟར་གནས་པ། རླུང་རྣམས་གནས་གང་དུ་གནས་ནས་དུས་གང་གི་ཚེ་གང་ནས་གང་དུ་ཇི་ལྟར་རྒྱུ་ཞིང་ལས་གང་བྱེད་པ། ཁམས་དཀར་དམར་གཙོ་བོ་དང་ཕལ་བའི་ཁྱད་པར་དེ་དག་གནས་གང་ན་གནས་ཤིང་འཕེལ་འགྲིབ་སོགས་ཇི་ལྟར་བྱེད་པའི་རྣམ་གཞག་རྣམས་བླུན་པོའི་རང་བཟོས་མ་བསླད་ཅིང་། རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཇི་ལྟར་བ་བཞིན་དུ་བླ་མའི་མན་ངག་གིས་ལེགས་པྲ་ཏུ་ཆོད་ངེས་སུ་གོ་བ་ཞིག་མེད་མི་རུང་ཡིན་ལ། དེ་ཡང་རྗེ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པར་རྩའི་རྣམ་གཞག་རགས་པ་ཙམ་ཞིག་མཛད་ཀྱང་། གཞན་གསུང་རབ་གང་དུ་ཡང་དངོས་སུ་ཞིབ་པར་མཛད་པ་མེད་ཅིང་། ཞལ་ལས་ཞིབ་ཏུ་གསུངས་པ་རྣམས་ལེགས་པར་ངེས་དགོས་པ་ཡོད་ཅིང་། རླུང་གི་རྣམ་གཞག་ཞིབ་པར་རིམ་ལྔ་གསལ་སྒྲོན་དུ་གསུངས་མོད་ཀྱི། གསུང་རབ་བརླིང་བས་བློ་ཞན་པ་ཁ་ཅིག་གིས་ཅུང་ཟད་རྟོགས་དཀའ་བ་འགའ་ཞིག་དང་། ད་དུང་ཞིབ་ཆ་ངེས་དགོས་པ་ཅུང་ཟད་ཡོད་ལ། ཁམས་དཀར་དམར་ཀྱི་རྣམ་གཞག་ནི་རྫོགས་རིམ་གྱི་ཡི་གེ་རྣམས་སུ་ཅི་རིགས་གསུངས་མོད་ཀྱི། ད་དུང་ཁྱད་པར་ངེས་དགོས་པའང་མང་པོ་


JLD006_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡོད་ཀྱི། དེ་ལ་བརྟེན་ནས་སྙིང་གར་སེམས་དཔའ་སུམ་བརྩེགས་བྱེད་པའི་གནད་དང་། སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་འགོད་པའི་གནད་ལ་སོགས་པ་ཆེས་ཟབ་མོ་མང་པོ་ཞི་ལུས་ཤེས་དགོས་པ་ཡོད་དེ། དེ་དག་ནི་གནས་པ་རྩའི་གསལ་བྱེད། གཡོ་བ་རླུང་གི་གསལ་བྱེད། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་གསལ་བྱེད་རྣམས་ལས་ཞིབ་པར་ངེས་པར་བྱའོ། དེ་ལྟར་ཤེས་པ་ཙམ་གྱིས་ཕན་ཐོགས་ཤིང་། མ་ཤེས་ན་ཉམས་ལེན་གྱི་གཙོ་བོ་དག་མི་རྙེད་པས་གནས་དེ་དག་ལེགས་པར་ཤེས་དགོས་པ་སྔོན་དུ་བཏང་ནས། དེའི་རྗེས་སུ་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་ཟབ་མོ་སྒོམ་པ་ལུས་ལ་གནད་དུ་བསྣུན་ཞེས་པའི་དོན་ནི། ལུས་ཀྱི་གནད་ཆེ་སར་དམིགས་པས་བསྣུན་ནས་བསྒོམ་པ་ལ་ཟེར་བ་ཡིན་ཞིང་། དེ་ཡང་རྩའི་གནད་གང་ན་གནད་ཆེ་བ་གང་ཡོད་དེ་དག་ལ་གནད་དུ་བསྣུན་ཚུལ། ཇི་ལྟར་བྱས་ན་ཡོན་ཏན་གང་སྐྱེས། གནད་དུ་བསྣུན་ནས་བསྒོམས་པས་རྒྱུད་ལ་ཐོག་མ་དང་བར་དང་ཐ་མར་གང་སྐྱེས་བའི་རིམ་པ་ཇི་ལྟར་འབྱུང་། དེ་ཡང་རླུང་འདུ་མི་འདུ། འདུ་ལུགས་ལེགས་ཉེས། འདོད་པ་བཞིན་དུ་འདུ་བའི་ཕྱི་ནང་གི་རྟགས། འདུ་བའི་ཚུལ་ཇི་ལྟར་བྱེད། འདུ་ལུགས་ལེགས་པ་ལ་ཡོན་ཏན་སྐྱེ་ཚུལ། ཉེས་པ་ལ་སྐྱོན་སྐྱེ་ཚུལ། དེ་དག་ལ་བོགས་འདོན་དང་གེགས་སེལ་ཇི་ལྟར་བྱ་ཚུལ། ཁྱད་པར་རླུང་ཨ་ཝ་དྷཱུ་ཏཱིར་འདུས་པ་ལས་


JLD006_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་འབར་ཚུལ་ཁྱད་པར་ཅན་དང་། ཁྱད་པར་ཅན་མིན་པའི་རྣམ་དབྱེ་དེ་ལས་ཁམས་འཇུ་བ་ཁྱད་པར་ཅན་དང་ཁྱད་པར་ཅན་མིན་པ་ཇི་ལྟར་འབྱུང་བ། ཡས་བབས་དང་མས་བརྟན་གྱི་དགའ་བའི་རིམ་པ་མང་པོ་དང་། ཁྱད་པར་ཡས་བབས་ཀྱིས་དགའ་བཞི་ཐོག་མག་འདྲེན་ནུས་པའི་མཚམས་ནས་མས་བརྟན་རང་གིས་རང་གིས་རང་གིས་འདྲེན་མི་ཐུབ་པས། དང་པོར་ཆེད་དུ་གཏད་ནས་མས་བརྟན་བསྐྱེད་དགོས་ཤིང་། དེ་བྱང་བ་དང་རང་གིས་ངང་གིས་འདྲེན་ཐུབ་པས་ཐོག་མར་ཆེད་དུ་གཏད་ནས་མས་བརྟན་བསྐྱེད་པའི་མན་ངག་དང་། ཕ་རྒྱུད་དང་རྒྱུད་ཀྱི་མན་ངག་སོ་སོ་ལས་བསྐྱེད་པའི་དགའ་བཞིའི་ཁྱད་པར་ཤིན་ཏུ་ཆེ་བ་སོགས་ཀྱི་གོ་བ་ཙམ་མིན་པར་རིམ་ལྔའི་མན་རག་ལས་སྙིང་གར་སྟོང་པ་བཞི་འཆར་ནུས་པའི་མཚམས་ནས་མ་རྒྱུད་ཀྱི་དགའ་བཞི་དེའང་ཇི་ལྟར་འདོད་པ་བཞིན་འདྲེན་ནུས་སོ་ཞེས་རྫ་རིམ་པོ་ཆེས་མཛད་པའི་རྫོགས་རིམ་གྱི་ཡི་གེ་ལས་གསུངས་པ་ལྟར་ལག་ལེན་ལ་སྦྱོར་ཚུལ་གྱི་མན་ངག་གི་གནད་དང་། དེ་དག་གི་སྐབས་སུ་རླུང་གི་གེགས་བྱུང་ནས་སྲར་བཞིན་དུ་མན་ངག་བསྒོམས་པ་ལས་རླུང་ལ་སོགས་པའི་གེགས་ཆེན་པོར་སོང་བ་ཞིག་མ་མདུན་དུ་འོངས་ནས་མན་ངག་ལ་དོན་གཉེར་སྐྱེས་པར་རང་གིས་ཁྲིད་དགོས་པ་བྱུང་ན་རང་རེའི་དམིགས་པ་སྐྱོང་ཚུལ་ལ་གེགས་ཆེན་པོ་མི་འབྱུང་ངོ་བྱས་པས་མི་ཆོག་གི །སྔར་གེགས་ཆེན་པོ་བྱུང་ཟིན་མ་ཐོན་པ་དེ་བཏོན་ནས་འཁྲིད་དགོས་པས་གེགས་སེལ་


JLD006_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་ཤིན་ཏུ་མངས་དགོས་ཏེ། རྗེ་ཉིད་ཀྱི་དྲུང་དུ་འང་གཞན་དུ་གེགས་ཆན་པོར་གྱུར་པ་མན་ངག་བསྟན་པ་ཙམ་གྱིས་གྲོལ་བ་མང་དུ་བྱུང་ངོ་། དེ་ལྟར་གོ་བ་ཚོལ་ལུགས་མ་ནོར་བ་ཙམ་གྱིས་མི་ཆོག་གི །ཚེ་འདིར་ལྨ་རྒྱད་ལ་སྐྱེ་བའི་བློ་རྩེ་གཏོད་ན་ནི། དམིགས་པ་ཕྲ་རགས་སྒོམ་ཚུལ་བོགས་འདོན་གེགས་སེལ་དང་བཅས་པ་ཐམས་ཅད་ལས་ལེན་ལ་འགེལ་བ་ན་ཐེ་ཚོམ་མི་སྐྱེས་བའི་ལེགས་པར་བྱང་བ་ཞིག་དགོས་སོ། དེ་བས་ན་རྗེ་ཉིད་ཀྱི་གསུང་རབ་མང་ལ་གོ་བ་འཚོལ་ལུགས་མཐའ་དག་པ་གསུངས་མོད་ཀྱི། ལག་ལེན་ལ་སྦྱོར་ཚུལ་ཕྲ་ཞིབ་འགའ་ཞིག་དང་ཟབ་མོའ་གནད་མང་པོ་ཞིག་ཞལ་རག་ལས་པར་བྱས་ཏེ་དངོས་སུ་ཡི་གེར་མ་བཀོད་པ་མང་པོ་ཞིག་ཡོད་དེ། དེ་ལྟ་ནའང་བདག་གིས་བརྗོད་པས་འཇིགས་རྟེན་བླ་མ་ལ་གསོལ་བ་བཏབ་ནས་ཡིག་ཆུང་ཐོར་བུ་བྲིས་པ་ལ། མ་རྒྱུད་ནས་འབྱུང་བ་རྣམས་ཀྱི་རྫོགས་རིམ་གང་ལ་རྩལ་དུ་འདོན་པའི་གནད་ལུས་ཀྱི་གསང་གནས་དང་། ལྟེ་བར་གཏུམ་མོ་ལ་གནད་དུ་བསྣུན་པས་དགའ་བཞི་ཡས་བབས་དང་མས་བརྟན་ཇི་ལྟར་བསྐྱེད་པ་ལ་གནད་ཆེ་བའི་ཡིག་ཆུང་། འདུས་པའི་རྫོགས་རིམ་ལ་གཅོ་བོར་སྙིང་གར་གནད་དུ་བསྣུན་པ་ལས་སྟོང་པ་བཞི་བསྐྱེད་དེ། དེའི་མཐར་སྒྱུ་མའི་སྐུར་ལྡང་བ་ལ་རྡོ་རྗེའི་བཟླས་པའི་གནད་ཀྱི་ཡིག་ཆུང་། སེམས་དབེན་དང་སྒྱུ་ལུས་ཀྱི་གནད་ཀྱི་ཡིག་ཆུང་། རླུང་གི་འདུ་རྟགས་


JLD006_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་དང་འདུས་པ་ལས་ཉམས་མྱོང་སྐྱེ་བའི་རིམ་པ་སོགས་བསྟན་པའི་གནད་ཀྱིས་ཡིག་ཆུང་། སྒྱུ་ལུས་ཀྱི་གདམས་ངག་གི་ཡན་ལག་བསྲེ་བའི་སྐོར་ལ་གཉིད་འོད་གསལ་དང་བསྲེ་བ། རྨི་ལམ་སྒྱུ་ལུས་དང་བསྲེ་བ། སད་པ་སྤྲུལ་སྐུ་དང་བསྲེབ་གསུམ་རླུང་སྟོབས་དང་འདུན་པའི་སྟོབས་ཀྱིས་བསྲེ་བ་གང་བྱེད་མཆོག་ཏུ་གཅེས་ཤིང་། གདན་རྫོགས་ཀྱི་ཁྲིད་ཡིག་དང་རིམ་ལྔ་གསལ་སྒྲོན་གཉིས་ཀར་རྨི་ལམ་རླུང་དང་འདུན་པའི་སྟོབས་ཀྱིས་འཛིན་པ་གཉིས་ཀ་ལ་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་ལུགས་ཁྱད་པར་ཅན་ཞིག་སྣང་མོད། བླ་མས་ཞིབ་ཏུ་བསྟན་པར་བྱ་སྟེ། དེ་ནི་རྨི་ལམ་གྱི་གདམགས་ངག་གི་ཡང་སྙིང་པོ་ཡིན་ལ། ཁྱད་པར་དུ་རྨི་ལམ་ལ་བརྟེན་ནས་བར་དོ་སྒྱུ་མ་ཟིན་པའི་ཐབས་བླ་ན་མེད་པ་ཡིན་ནོ། ཞེས་དང་། གདན་རྫོགས་ཀྱི་ཁྲིད་ཡིག་ལས། བསྲེ་བ་གསུམ་གྱི་རྣམ་གཞག་ལ་ད་དུང་བླ་མས་ཞིབ་ཏུ་བཤད་དགོས་པ་འགའ་ཞིག་ཡོད་དོ་ཞེས་སོགས་ཀྱིས་གདམས་ངག་ཟབ་མོ་ཞལ་ཤེས་དགོས་པའི་ཁུངས་བསྟན་པ་ཙམ་མཛད་པ་ངེ་བརྗེད་ཐོ་ལྟ་བུར་བྲིས་པ་ཤིན་ཏུ་གཅེས་པ་བསྲེ་བའི་ཡིག་ཆུང་། གཙོ་བོར་མ་རྒྱུད་ནས་གསུངས་པ་འཕོ་བའི་སྐོར་ལ། རྗེ་ཉིད་ཀྱིས་མཛད་པའི་འཕོ་བའི་ཡི་གེ་ན་ཅུང་མི་གསལ་ཞིང་། ཞལ་ལས་བྱུང་བའི་དམིགས་པའི་གནད་ཅུང་ཟད་དག་བྲིས་པ་འཕོ་བའི་ཡིག་ཆུང་། དེ་ཐམས་ཅད་ཀྱི་སྐབས་སུ་ཉེ་བར་འཁོ་བ་རླུང་གི་


JLD006_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བ་དང་། ཐིག་ལེའི་གེགས་སེལ་བ་སྟེ་གེགས་སེལ་གྱི་ཡིག་ཆུང་གཉིས། རྣམ་གསུམ་རིགས་དབྱེའི་ཡིག་ཆུང་། སྔགས་བླ་མེད་ལ་ལམ་རིམ་གཉིས་གང་གི་སྐབས་སུའང་མཆོག་ཏུ་བསྔགས་པ་ཕྱག་རྒྱའི་ལམ་ཡིན་ལ། རྗེ་ཉིད་ཀྱིས་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ཆེ་བ་ཡང་ཡང་གསུངས་པ། དེའི་གནད་རྣམས་ཞིབ་པར་བྲིས་པ་ཕྱག་རྒྱ་བཞིའི་ལམ་གསལ་བར་བྱེད་པའི་ཡིག་ཆུང་། དེ་དག་གི་སྐབས་སུ་ཅི་རིགས་པར་ཉེ་བར་མཁོ་བའི་ཐོར་བུ་ཅི་རིགས་ཡི་གེར་བྲིས་པའི་ཡིག་ཆུང་སྟེ། དེ་ལྟར་བཀོད་པའི་ཡིག་ཆུང་ཐོག་བུ་དག་ལས་བསྟན་པ་ཐོག་མར་བླ་མ་བསྟེན་ཚུལ་དང་དམ་ཚིག་དང་སྡོམ་པ་དག་པར་བྱེད་ཚུལ་ལ་ཉམས་འོག་ཏུ་ཚུད་པའི་ལག་ལེན་བྱེད་པ་གཞིར་བྱས། ལྟ་བ་སྐྱོང་ཚུལ་གྱི་གནད་ལ་མཁས་པས་བསྐྱེད་རིམ་རྫོགས་རིམ་ལ་ལེགས་པར་ཁྲིད། མན་ངག་འདི་དག་གང་དང་གང་དུ་སྦྱོར་དགོས་པ་དེ་དང་དེར་སྦྱར་ཏེ་བོགས་འདོད་ཅིང་གེགས་བསལ་ནས་འཁྲིད་པས་ངེས་པར་ལམ་སྣ་ཟིན་པར་འགྱུར་བ་གདོན་མི་ཟ་བ་ཡིན་ནོ། དེ་ཡང་བོད་ལ་གྲགས་པའི་གདམས་ངག་ཇི་ལྟར་ཟབ་པ་དག་ལ་ཡང་ཉམས་ལེན་ཀྱི་གནད་རྒྱུད་སྡེ་དང་གྲུབ་ཆེན་གྱི་གཞུང་དང་བསྟུན་ནས་ལེགས་པར་དཔྱད་ན་ཕྱིན་ཅི་ལོག་ཏུ་སོང་བ་དང་། གནད་འཕྱུགས་པ་རང་མང་། ལྷག་པར་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་གདམས་ངག་ལ་གོ་བ་ཆགས་


JLD006_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྒྱུ་ལུས་དང་འོད་གསལ་ལས་ཟུང་འཇུག་གི་སྒུ་སྒྲུབ་པའི་གོ་བ་ཕྱོགས་མཐོང་ཙམ་ཆགས་པ་ཡང་ཉུང་བའི་ཚོད་དུ་འདུག དེའི་གནད་ཀྱི་སྒྲུབ་པ་སྙིང་པོར་བྱེད་པ་ཇི་འདྲ་ཞིག་ལ་ཡང་རྒྱུད་སྡེ་དང་མཐུན་པའི་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་པོད་འདིར་ཤིན་ཏུ་ཉུང་། རང་རེའི་རྗེ་རིན་པོ་ཆེའི་གདམས་པའི་གནད་ཐམས་ཅད་ལེགས་པར་ཤེས་ཤིང་། ལམ་སྐྱིའི་གོ་བ་ལེགས་པར་ཆགས་པ་ཞིག་གིས་ཚེ་འདི་ལ་ལྟོས་པ་མེད་པར་ཁ་བཤད་དང་རྣམ་གཡེང་གིས་ཡིད་མ་འཕྲོགས་པར་བྱས་ཏེ། སྔོན་གྱི་བླ་མ་མིང་ལ་དང་རྒོད་ཚང་པ་ལ་སོགས་པའི་མང་པོ་ཞིག་གི་ཕྱེད་ཙམ་གྱི་སྒྲུབ་པ་སྙིང་པོར་བྱས་ནས། རྒྱུད་སྡེ་དང་མཐུན་པའི་ལམ་རྒྱུད་ལ་སྐྱེས་པ་རྒྱ་གར་གྱི་གྲུབ་ཆེན་འདྲ་བ་འོང་བ་ལ་ཐེ་ཚོམ་མེད་པ་ཡིན། དེ་ལྟར་མན་ངག་གི་ཡིག་ཆུང་ཉི་ཤུ་འཇུག་པའི་ལམ་ལ་བསྟན་པའི་དཀར་ཆག་ཡིག་ཆུང་ཉེར་གཅིག་འདི་ནི་བདག་ཉིད་ཉམས་ལེན་ལ་སྒྲུབ་པ་སྙིང་པོར་བྱེད་འདོད་པའི་ཡིད་ཀྱི་རེ་བ་ཕྱིན་ནང་གི་བར་དུ་གཅོད་པས་བཅད་ན། ཉེ་བར་མཁོ་བའི་གཙོ་བོ་དག་བརྗོད་པས་འཇིགས་པ་དང་། སྐལ་བ་དང་ལྡན་པ་སྒྲུབ་པ་ལྷུར་ལེན་པར་འདོད་པ་ཙམ་བྱུང་སྲིད་ནའང་ཁྲིད་ཚུལ་ཞིག་ཏུ་ངེས་པས་ཕན་གདགས་པ་དང་། ཁོ་བོ་ཅག་དུས་ཀྱི་ཕོ་ཉས་ཁྲིད་པར་གྱུར་ན། རྗེ་རིན་པོ་ཆེའི་གསུངས་གི་རྡོ་རྗེ་འཆང་གི་ཞལ་གྱི་བདུད་རྩི་འདི་དག་གངས་རིའི་ཁྲོད་དུ་ལྷག་མ་མེད་པར་འགྱུར་དུ་དོགས་པས་འཇིགས་ཤིང་། མན་ངག་གི་གནད་


JLD006_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོ་བ་འཚོལ་ལུགས་ཀྱི་ཆེས་གནད་ཟབ་པ་ཞལ་ལས་ཤེས་པར་བྱ་བ་མང་དུ་ཡོད་པ་དག །ཁོ་བོས་དུས་ཕྱིས་རྗེ་ཉིད་ཀྱི་ཞབས་དྲུང་དུ་སླར་ཡང་སྙིང་ནས་གསོལ་བ་བཏབ་ཅིང་གསེར་གྱི་མཎྜལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་འབད་ཅིང་། ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ནས་ཟླ་བ་བཅུའི་རིང་ལ་ཉིན་མོ་རྒྱུད་སྟེ་དང་གཞུང་ཆེན་པོ་རྣམས་ཀྱི་བཤད་པ་དང་། མཚམ་རེ་ཟིང་བསྐྱེད་རྫོགས་ཀྱི་མན་ངག་གི་གནད་རྒྱུད་མ་ཆད་པར་སྩལ་བ་དག་ཡིད་ལ་བཅས་པར་བགྱིས་ཤིང་། ཁྱད་པར་ཞལ་ལས་ཤེས་པར་བྱ་བའི་གནད་ཞིབ་ཅིང་མང་བར་གསུངས་པ་དག་ཟུར་ཕྲ་མོ་ཙམ་ཡང་མཉམས་པར་དུས་དེ་ཉིད་ནས་ལོ་དྲུག་གི་བར་ཡང་ཡང་ཡིད་ལ་ཤར་བ་དང་སེམས་པས་མ་བརྗེད་པར་བྱས་ནས། ལོ་བདུན་པ་ལ་བབ་པ་ན་རྗེ་ཉིད་ལ་གསོལ་བ་མང་དུ་བཏབ་ཅིང་མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་ཕུནལ་ནས་གསོལ་བ་བཏབ་སྟེ་དཔལ་རི་བོ་མདངས་ཅན་གྱི་དགོན་པར་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་ཡི་གེར་བྲིས་པ་ཡིན་ནོ། ཞལ་ལས་ཤེས་པར་བྱ་བའི་གནད་འདི་དག་རྗེ་ཉིད་ཀྱིས་བཀའ་རྒྱས་དམ་དུ་བཏབ་པས་སྙིང་ནས་སྒྲུབ་པ་སྙིང་པོར་བྱེད་པའི་སྐལ་ལྡན་གསང་བདེ་གཉིས་ཀྱི་བསྐྱེད་རྫོགས་ཀྱི་གཞུང་ཁྲིད་རྗེ་ཉིད་ཀྱི་ཁྲིད་ཡིག་སྟེང་ནས་ལེགས་པར་ཐོབ་པ། བཤད་པ་ཙམ་ལ་སྙིང་པོར་འཛིན་པ་མིན་པ་ནན་གྱིས་


JLD006_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གཉེར་ཞིང་གུས་པས་གསོལ་བ་འདེབས་པ་དག་མིན་པ་ལ་བསྟན་པར་མེ་བྱའོ། དེའི་ཕྱིར་ལྷག་པའི་ཆོས་སྲུང་དག་གིས་ཆོས་འདོའི་བྱ་ར་མ་གཡེལ་བར་མཛོད་ཅིག ཟབ་མོ་རྡོ་རྗེའི་རྣལ་འབྱོར་འཇུག་པའི་ལམ་བསྟན་པ་ཞེས་བྱ་བ་དཀར་ཆག་ཐོའི་ཡིག་ཆུང་། ས་མ་ཡ་མུ་ཁ། འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་ནུས་པར་གྱུར་ཅིག ༈ རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །དྲི་མེད་མཁའ་འགྲོ་བྱེ་བའི་གསང་མཛོད། །རྩ་བཤད་ཤིན་ཏུ་སྦྱོར་བའི་རྣལ་འབྱོར་མཆོག །གྲུབ་ཆེན་ཙོང་ཁ་པ་ཡི་མན་ངག་བརྗོད། །དེ་འང་དམ་ཚིག་དང་སྡོམ་པ་ལས་མེ་འདའ་བའི་ཐབས་བཤད་པར་བྱ་བ་ལ་གཉིས་ལས། དམ་ཚིག་རྡོ་རྗེའི་བཟླས་པའི་གནད་དང་། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་སྒོ་ནས་སོ། དང་པོ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁ་ལས་རལ་གྲིའི་ཆང་བཟུང་ལ་ཧས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། དམ་ཚིག་གི་རྡོ་རྗེ་སྐུ་མདོག་ལྡང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུལ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་དྲིལ་གུ་དང་པདྨ་འཛིན་པ་ཡབ་ཡུམ་གཉིས་ཀའང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་


JLD006_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། ཛཿཧཱུྃ་བོ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། མཆོད་པས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་ཏུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་རང་གི་སྤྱི་བོ་ནས་དབང་བསྐུར་བས། དམ་ཚིག་རྡོ་རྗེའི་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམབས་ཅད་དག ཆུ་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས་ཡལ་ལ་མི་བསྐྱོད་པ་དང་ཡུམ་ལ་དོན་གྲུབ་ཀྱི་དབུ་བརྒྱན་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཾ་ལྗང་གུའི་བདུད་རྩིའི་རྒྱུན་ཕྲ་མོ་འཛག་པ་དེའི་མཐར། ཨོཾ་ཨཱཿཔྲཛྙཱདྷཱི་ཀ་ཧ་ཧཱུྃ་ཞེས་པས་བསྐོར་བར་དམིགས་ལ་བདུད་རྩིའི་རྒྱུན་དེ་སྣ་ཚོགས་རྡོ་རྗེའི་རྭའི་དབུ་དང་རིམ་གྱིས་བྱུང་ནས་ལུས་ཐམས་ཅད་གང་། ཟག་མེད་ཀྱི་བདེ་བ་མྱོང་བས་དམ་ཚིག་ཉམས་པ་ཐམས་ཅད་བ་སྤུའི་བུ་ག་ནས་ནག་ཉིལ་ཉིལ་ཐོན་པར་བསམ་ལ། ངག་ཏུ་གོང་གི་སྔགས་དེ་བཟླ། བཟླས་པ་ཚར་བ་དང་བདག་ནི་མེ་ཤེས་རྨོངས་པ་ཡིས། ཞེས་སོགས་བྱའོ། གཉིས་པ་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་བྱ་ཚུལ་ནི། རང་གི་མདུན་དུ་མེ་རྟོག་པོ་དུབ་མེད་པ་སྣོད་དུ་བཞག་ལ། ཨོཾ་ཨཱཿབིགྷཱཾ་ཏ་ཀྲྀ་ཏ་ཧཱུྃ། ཞེས་སོགས་རང་གི་སྔགས་


JLD006_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསངས། ཨོཾ་རཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པ་གྱུར། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་མེ་དམར་པོ་གྲུ་གསུམ་པར་རབ་ཏུ་འབར་བར་གྱུར། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་དེ་ཡངས་སུ་གྱུར་པ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་འཆིང་བས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབུ་ལྔ་ཁམ་སེར་གྱེན་དུ་བརྫེས་པ། ཞལ་རབ་ཏུ་གདངས་པ་ལྟོ་བ་འཕྱར་བ་ཡན་ལག་རགས་པ་གཡས་བརྐྱང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཊཱ་ཀས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་པཉྩ་ཀླུ་ལ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཞེས་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏེ་ཨརྒྷ་ཌ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུྃ། ཞེས་དབང་བསྐུར་བས་ལུས་ཐམས་ཅད་གང་། ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར།


JLD006_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཌཱ་ཀ་ཞེས་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། དེ་ནས་གསང་གནས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཟུ་ལྟ་བུ་དང་། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་བསྒོམ། སྙིང་གར་ཡི་གེ་པཾ་ནག་པོ་དེ་ལས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུས་ལུས་ཀྱི་སྟོད་སྨད་ཐམས་ཅད་ཁྱབ་པར་འཕྲོས་པས། རང་གི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་འོད་ཟེར་ནག་པོའི་རྣམས་པར་བསྡུས་ནས་པཾ་ལ་ཐིམ་པ་དང་མཉམ་དུ་གསང་གནས་ཀྱི་རླུང་གཡོས། ལྟེ་བའི་མེ་སྦར་བས་པཾ་དེ་ནག་ན་ར་ར་མགྲིན་པ་ནས་ཡར་བརྒྱུད་དེ། སྣའི་རྩེར་སླེབ་པ་ན་སྡིག་པ་རྭ་ཅན་གཀྱི་གཟུགས་སུ་གྱུར་པ་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་ཐོན་ནས། སྣའི་སྒོར་སྣོད་ཀྱི་ནང་དུ་ཏིལ་ཇི་ཙམ་འདོད་པ་བཟུང་ལ་དེ་རྣམས་དང་དབྱེར་མེད་དུ་གྱུར་པར་བསམ། རླུང་ཕྱིར་བུས་ལག་པ་གཉིས་ཀྱི་མཐབ་སྲིན་སྦྱར་བས་ཏིལ་མེ་ལ་བསྲེག་ཅིང་། ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷ་སྨིཾ་ཀུ་རུ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཏིལ་མེར་དོར་བའི་གྲངས་དང་མཉམ་པར་བརྗོད། དེ་ནས་སྔར་བཞིན་མཆོད་ནས། ཡིག་བརྒྱ་འདོན། མ་སྙེད་ཡོངས་སུ་མ་ཤེས་བརྗོད། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མ་འབར་བའི་རྣམ་པར་གྱུར། མེ་མ་འདས་ཀྱི་བར་དུ་མི་རེག་ཅིང་། ཤི་བ་དང་ཐལ་བ་འགོམ་ལམ་མི་འཆོར་བའི་ས་ཕྱོགས་མ་ཆུར་དོར་བས་བྱའོ། རྗེ་རིན་པོ་ཆེ་ཤར་ཙོང་ཁ་བའི་ཞལ་གདམས་


JLD006_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མིན་པའི་ཟབ་ཆོས་བླ་ན་མེད་པ་རྗེ་ཉིད་ཀྱིས་གསུངས་པ་བཞིན་ཡི་གེར་བཀོད་པའོ། མཁས་གྲུབ་རྗེའི་ཟིན་བྲིས། བཞི་པ་ལྟ་བའི་ཡིག་ཆུང་ལ་གསུམ། ཞི་གནས་དང་། ལྷག་མཐོང་དང་། ཞི་ལྷག་ཟུང་འབྲེལ་ལོ། དང་པོ་ལ། ཞི་གནས་ཀྱི་སྐབས་སུ་བྱིང་རྒོད་བཙན་ཐབས་སུ་གཅོད་པི་མན་ངག་ནི། ཚུལ་གནས་གྲུ་གཟིངས་རིག་པའི་སྐྱ་བ་འཛིན། དེད་དཔོན་བཤེས་གཉེན་མཆོག་གི་ཞབས་བཏུད་ནས། ཉིད་ཀྱི་ཐུགས་བཅུད་ཞལ་གྱི་གདམས་པ་མཆོག །ལེགས་པར་བཀོད་ལ་སྲུང་མས་གྲོགས་མཛོད་ཅིག དེ་ལ་ཞི་གནས་ཀྱི་མཚན་ཉིད་དང་། རྒྱ་ཚོགས་བསྟེན་པའི་རིམ་པ་ལ་སོགས་པ་རྣམས་མཐའ་དག་པར་བྱང་ཆུབ་ལམ་གྱི་རིམ་པར་ཤེས་པར་བྱ་ལ། འདིར་ནི་དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་བྲི་བར་བྱའོ། དེ་ཡང་ཞི་ལྷག་གི་སྐབས་སུ་བྱིང་རྒོད་གཅོད་པ་ཤིན་ཏུ་གལ་ཆེ་བས། བྱིང་རྒོད་བཙན་ཐབས་སུ་སེལ་ཚུལ་ནི། བྱིང་རྒོད་ཤས་ཆུང་ཞིང་ལན་རེ་ཙམ་ལས་མི་འབྱུང་ན། སྐབས་གཞན་ནས་འབྱུང་བ་ལྟར་དྲན་ཤེས་བསྟེན་ཚུལ་ལ་མཁས་པས་སེལ་ལ། བྱིང་རྒོད་ཤིན་ཏུ་ཤས་ཆེ་ཞིང་ཡང་ཡང་འབྱུང་བ་ལ་ནི་འདི་ལྟར་བྱིང་བ་དང་རྨུགས་པ་ཡང་ཡང་བྱུང་ན། ངང་གི་སེམས་དང་ནམ་མཁའ་སྟོང་གསལ་གཉིས་དབྱེར་མེད་དུ་བསྲེས་ནས་སེམས་བཟུང་བ་དང་། སེམས་གསལ་ལ་དྭངས་ཤིང་དམིགས་པ་ལ་འདོད་པ་བཞིན་དུ་གནས་པ་གཉིས་འོང་བ་ཡིན་ནོ། རྒོད་པ་ནི་རླུང་སྦྱོར་བྱས་ཏེ་ནང་དུ་


JLD006_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བས་སེམས་ཀྱང་གནས་ཤིང་། རིག་པ་དྭངས་སྙིགས་ཕྱེད་པ་འོང་བ་ཡིན་ནོ། བྱིང་རྒོད་བཙན་ཐབས་སུ་གཅོད་པའི་ཞལ་ཤེས་སོ། གང་ལ་འཇོག་པའི་དམིགས་པ་དང་། ཇི་ལྟར་འཇོག་པའི་ཚུལ་དང་། དམིགས་བསྒོམས་པས་མྱོང་བ་སྐྱེ་ཚུལ་དང་། བྱིང་རྒོད་ཕྲ་རགས་ཀྱི་དབྱེ་བ་དང་། ཁྱད་པར་རྣམས་ཤེས་པར་བྱ་དགོས་སོ། གཉིས་པ་ལྷག་མཐོང་ལ་གནད་བཞི་དང་། ཚད་མ་བཞི་ལྡན་དུ་སྐྱོང་ཚུལ་ནི་ཐོག་པར་དགག་བྱ་དེའི་ཚད་འཆར་ཚུལ་ནི། ཐོག་མར་བློ་ལྷན་སྐྱེས་ལ་ང་ཙམ་དེ་ཇི་ལྟར་འཆར་བ་བལྟ། དེ་དེས་ནས་ང་ཙམ་དེ་པའོ་སྙམ་པའི་བློ་ལ་ཇི་ལྟར་སྣང་བ་བལྟ། སྣང་ཚུལ་ངེས་ནས་དའོ་སྙམ་པའི་བློ་འདིས་ང་དེ་ཇི་ལྟར་བཟུང་བ་བྱེད་པ་དེ་ལ་ཡང་སྔོན་ལ་སྣང་བའི་འཚར་ཚུལ་དང་། དེ་ནས་ཞེན་པའི་འཆར་ཚུལ་གཉིས་ལ་རིམ་པ་བཞིན་ཐ་དད་དུ་གཉེན་པོ་བསྟེན་དགོས་སོ། ལྟ་ཚུལ་ཡང་ངའོ་སྙམ་པའི་བློ་མ་ཤོར་བར་བྱས་ནས། བློ་གཞན་ཞིང་གི་བཟུང་ནས་ལྟ་དགོས་པ་ཡིན་ཏེ། དེ་ལྟར་བལྟས་པ་ན་ཐོག་མར་ཕུང་པོ་འཆར་བ་དང་མི་འཆག་བ་གཉིས་དང་། འཆར་བ་ལ་ཡང་ང་དེ་ཕུང་པོའི་དཀྱིལ་ན་གནས་པ་འཆར་བ་དང་། ཕུང་པོ་ལས་གཞན་དུ་འཆར་བ་དང་། མི་འཆར་བ་ལ་ཡང་ཅི་མེད་ཀྱི་སྟོང་སང་ངེ་བ་ལྟ་བུ་དང་། ཁ་དོག་དང་གཟུགས་ཀྱི་རྣམ་པ་ལྟ་བུ་འཆར་བ་ནི། འཆར་ཚུལ་རྣམ་དག་མིན་ནོ། དེས་ན་བློ་ལྷན་སྐྱེས་འདི་ལ་ང་དེ་ཡུལ་གང་ལ་ཡང་ལྟོས་པ་མེད་པ་འདྲ་བའི་རང་ངོས་ནས་ལྷང་ངེ་བ་ཞིག་


JLD006_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ལ། དེ་ཉིད་ཐ་སྙད་ཧྲང་ངེ་བ་དང་། ཕོག་ཕོབ་པ་དང་། ནུས་ལྷང་ངེ་བ་དང་། ལམ་མེ་བ་དང་། གང་ལ་སྦྱར་ཡང་འཆག་བ་འདྲ་བ་ཞིག་འོང་ངོ་། སྣང་བ་དེ་ཡང་ཡུན་ཐུང་བས་བྲང་ཙམ་རེ་མི་འཆར་རོ། དེ་ཡང་བློ་དེ་དང་མཉམ་དུ་ལྗོན་ནས་གྲུབ་གྲུབ་པ་ཞིག་དྲན་པ་ལྟར་དུ་འཆར་རོ། འཆར་ཚུལ་དེ་ལ་ཡང་ཕུང་པོ་དང་གཅིག་དང་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ངོ་། དེ་ཡང་ང་ན་ཞེས་པ་དང་། དའི་ལག་པ་ན་ཞེས་པ་ལྟ་བུའོ། ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་བར་དབྱེ་བ་བྱེད་དོ་ཞེས་པ་ལྟ་བུའི་ངར་ཞེན་པ་ཡིན་ནོ། ངའོ་སྙམ་པའི་བློ་ནི། ང་འགྲོ་ང་སྡོད་སྙམ་པ་རྣམས་སོ། དེ་ལྟར་འཆར་ཚུལ་ངེས་ནས་དེ་ལྟར་གྲུབ་ན་ཕུང་པོ་དང་གཅིག་དང་ཐ་དད་གང་རུང་ལས་མི་འདའ་བའི་ཚུལ་དང་། གཅིག་དང་ཐ་དད་གཉིད་ཀ་ལ་གནོད་པ་འོང་བའི་ཚུལ་བསམ་པ་སྟེ། ང་སྣང་བ་དེ་ལྟར་གྲུབ་པ་མི་འདུག་པར་ལྷང་གིས་ངེས་པ་ན། ངེས་ཤེས་ལྷང་ལྷང་བ་བར་མ་ཆད་དུ་སྦྱོང་བ་ནི་སྦྱོང་ཚུལ་གྱི་གནད་དམ་པའོ། དེའི་ཚ་ཡང་དགག་བྱ་གསར་དུ་གསླ་བཏབ་ནས་དེ་ལྟར་དུ་མེད་མོད་སྙམ་དུ་བྱེད་པ་མིན་ཏེ། དང་པོར་དགག་བྱ་གསལ་བཏབ་ནས། དེ་ལྟར་མེད་པར་ངེས་པ་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པའོ། དེ་ལ་གནད་བཞིར་བྱས་ནས། དང་པོ་དགག་བྱ་ངེས་པ། གཉིས་པ་ཁྱབ་པ་ངེས་པ། གསུམ་པ་ཆོས་ངེས་པ། བཞི་པ་བསྒྲུབ་བྱ་ངེས་པ་དང་བཞི་ཡིན་ལ། ཚད་མ་བཞིར་བྱས་ན། དགག་བྱའི་འཆར་ཚུལ་ངེས་པའི་ཚད་མ། གཅིག་


JLD006_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐ་དད་གང་རུང་ངེས་པའི་ཚད་མ། གཅིག་ཏུ་མ་གྲུབ་པར་དེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པར་ངེས་པའི་ཚད་མ་དང་བཞིའོ། དེ་ལ་ལོགས་འདོན་པ་ནི། མཉམ་རྗེས་ཀྱིས་སྐྱོད་ཚུལ་གཉིས་ལ་མཁས་པས་འདོད་པ་ཡིན། གེགས་སེལ་ལ་གནད་དང་པོའི་ཚད་མ་ངེས་ན་མི་འབྱུང་ཡང་། བདག་ཆད་ཀྱིས་དོགས་པའི་འཇིགས་པ་ནི། རྗེས་ཐོབ་ཀྱིས་སྣང་བ་སྐྱོན་མེད་འདི་གས་སེལ་ནུས་སོ། སྟོང་ཉིད་རྒྱང་ཆད་དུ་བསྒོམས་ན་བདེན་གྲུབ་ཀྱི་རྟག་ལྟ་བ་བསྒོམས་པར་འགྱུར་བས་བློ་དང་བསྲེས་ནས་དབྱེར་མེད་དུ་སྒོམ་མོ། ང་ཡི་བའི་འཆར་ཚུལ་ནི། ང་ཡིའོ་སྙམ་དུ་བློ་སྤྱི་འདིའི་འཆར་ཚུལ་ང་ཡིའོ་སྙམ་དུ་བསམས་ན། བློ་དེ་དང་མཉམ་དུ་ལིང་ཆད་དུ་ཆར་བར་བ་འདྲ་བ་ཞིག་འཆར་ལ། དེ་ཉིད་སྣང་བ་ལྟར་དུ་གྲུབ་ན་མིག་རྣ་སོགས་དང་གཅིག་དང་ཐ་དད་གང་རུང་དུ་གྲུབ་པར་ངེས་ལ། གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་དུ་འགྱུར་བས། མིག་གིས་ཀྱང་སྒྲ་ཆོས་པར་འགྱུར་པ་དང་། རྣ་བས་ཀྱང་གཟུགས་མཐོང་བ་སོགས་སུ་འགྱུར་རོ། ཐ་དད་དུ་གྲུབ་ན་ངའི་འོ་སྙམ་པའི་བློ་དེ་ཉིད་ཀྱིས་ཡུལ་ལ་ལོངས་སྤྱོད་པ་དང་། ང་ཡི་བ་རྣམས་ཀྱི་བདེ་བ་བསྒྲུབ་བྱ་མིན་པར་འགྱུར་བས་དེ་ལྟར་ངེས་པ་དྲངས་ནས་སྐྱོང་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། དེ་ནས་ཤེས་པའི་འཆར་ཚུལ་ལ་བལྟས་ཏེ། དེ་ལ་ཡུལ་རང་དབང་དུ་སྤྱོད་པ་འདྲ་བའི་ཆུགས་ཐུབ་ཏུ་འཆར་རོ། དེའི་ངེས་པ་འདྲེན་ཚུལ་དང་། སྐྱོང་ཚུལ་


JLD006_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་རྗེས་སོགས་ཐམས་ཅད་སྔར་དང་འདྲའོ། དེ་ནས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་སྟེང་དུ་གཏན་ལ་ཕབ་སྟེ་སྒོམ་མོ། དེ་ནས་གང་ཟག་གཞན་དང་། རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟེང་དུ་སྒོམ་མོ། དེའི་འཆར་ཚུལ་ནི། ཀ་བ་ལྟ་བུ་དེ་སྔར་ནས་གྲུབ་གྲུབ་པ་འདྲ་བ་བརྟན་ཚུགས་པའི་རྣམ་པར་འཆར་རོ། ཐ་སྙད་དུ་ཡོད་པར་བཤད་པ་ནི་མི་ཙམ་ཞིག་ཡོད་པ་ཡིན་ལ། རིགས་པས་མེད་པར་སྒྲུབ་པ་ནི། བློ་མ་རིག་པས་ཡུལ་རྣམས་རང་དབང་དུ་བཟུང་བ་ལྟར་དུ་མེད་པར་སྒྲུབ་པ་ཡིན་ནོ། ཙོང་ཁ་པ་ཡི་རིང་ལུགས་གསལ་མཛད་ཆོས་ཀྱི་རྗེ། མཁས་གྲུག་ལེགས་བཤད་འོད་དཀར་རྒྱས་པ་དེས། གང་གི་བློ་མུན་བསལ་བའི་མཐུས་བྱུང་བ། ཞལ་ཤེས་གནད་ཀྱི་ཐེབས་ཡིག་བྲིས་པ་འདིས། འགྲོ་བའི་སྙིང་གི་མུན་པ་སེལ་གྱུར་ཅིག །འདི་གཉིས་གཅུང་ཆོས་རྒྱལ་བའི་ཟིན་བྲིས། གསུམ་པ་ཞི་ལྷག་ཟུངའབྲེལ་གྱི་སྐབས་འདིར། དབུ་མའི་ལྟ་བ་བསྒོམ་ཚུལ་ལ་ལྔ་སྟེ། ཐོག་པ་གཞན་གྱི་ཡུལ་ཅན་ཁྱད་པར་ཅན་གྱི་དེ་ཁོ་ན་ཉིད་སྒོམ་ཚུལ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་སྒོམ་ཚུལ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་སྒོམ་ཚུལ། ཞི་གནས་དངོས་ལ་བརྟེན་ནས་ལྷག་མཐོང་དངོས་སྒོམ་ཚུལ། ཞི་གནས་རྗེས་མཐུན་པ་ལ་བརྟེན་ནས་ལྷག་མཐོང་རྗེས་མཐུན་པ་སྒོམ་ཚུལ། ལས་དང་པོ་པས་ལྟ་བ་ལ་མྱོང་བ་འདོན་པའི་སྒོམ་ཚུལ་ལོ། དང་པོ་ནི། ལུགས་འདིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་ཚེ། དཔྱད་སྒོམ་འཇོག་


JLD006_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞར་ལ་ངེས་པའི་ལྟ་བ་འཛིན་སྟངས་ལ་མ་འཇོག་ཅིག གཉིས་པའི་ཚེ། དཔད་དོན་ངེས་པའི་ཚེ་ཡུལ་ཡུལ་ཅན་གཉིས་རོ་གཅིག་ཏུ་ངེས་ཀྱང་། ཆོས་ཉིད་ཀྱི་སྣང་ཆ་ཡུལ་དུ་མ་བྱེད་ཅིག གསུམ་པའི་ཚེ། དཔྱད་དོན་ངེས་པ་དང་ལྷན་ཅིག་ཏུ་ཤིན་སྦྱ་རས་གཉིས་ཐོག་པས་གནས་པ་འདྲེན་ཅིང་། གནས་པའི་ངང་ནས་སོ་སོར་དཔྱོད་ནུས་པས་མཉམ་བཞག་ན་གནས་པ་དང་། ཇི་ལྟ་བའི་དོན་སོ་སོར་འབྱེད་པའི་ཤེས་རང་གཉིས་ཟུང་འགྲེལ་དུ་ཡོད་པའི་ཆ་སོ་སོར་ཕྱེད་པར་མཛོད་ཅིག བཞི་པའི་ཚེ། དཔྱད་དོན་ངེས་པ་ན་གནས་ཆ་འདྲེན་པ་ཞི་གནས་སུ་གྲུབ་པའི་མཐུ་ཡིན་ཀྱང་། དེ་གཙོ་བོར་མི་འཛིན་པར་ཡང་དང་ཡང་དུ་དཔྱད་ནས་དཔྱད་དོན་ལ་ངེས་ཤེས་དང་། དཔྱད་མཐར་འཇོག་པ་གཉིས་མཉམ་པོར་སྒྲུབ་པ་མཛོད་ཅིག ལྔ་བའི་ཚེ། མྱོང་བ་ཐོན་པའི་རིག་ཤེས་ཀྱི་ངེས་ངོར་ཡོངས་གཅོད་ཀྱི་ངེས་པ་དགག་པར་གྱིས་ཤིག འདི་མཁས་གྲུབ་རྗེའི་ཟིན་བྲིས། ༈ ལྔ་པ་བསྐྱེད་རིམ་གྱི་ཁྲིད་ཡིག་ནི། རྡོ་རྗེ་འཆང་དབང་གང་དེའི་བརྩེ་བ་ཡིས། རོལ་བའི་བཤེས་གཉེན་ཚུལ་བཟུང་ཐེག་མཆོག་མགོན། རྗེ་བཙུན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། བརྩེ་བའི་ཐུགས་ཀྱིས་རྟག་པར་གཟིགས་སུ་གསོལ། དེ་ལ་འདིར་ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་གང་ཟག་གིས་དམིགས་པ་ཡིད་ལ་བྱེད་པའི་གནད་མན་ངག་ཏུ་བཤད་པར་བྱའོ། དེ་ལ་ཐོག་མར་སྔོན་འགྲོ་


JLD006_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་གནད་ནི། རང་ཞེ་སྡང་རྡོ་རྗེར་བསྐྱེད་ནས་མདུན་དུ་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་གི་ནང་དུ་ཤ་ལྔ་བདུད་རྩི་ལྔ་བྱིན་གྱིས་བརླབས་ཏེ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ནས། ཕྱོགས་སྐྱོང་འཁོར་དང་བཅས་པ་རང་གི་ཕྱོགས་མཚམས་སུ་བཀུག་སྟེ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། རང་གི་མདུན་གྱི་བདུད་རྩི་དེ་ནས་ཐོད་པས་བཅུས་ཏེ་སོ་སོའི་མདུན་དུ་མཆོད་པས་ལྗགས་འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་པར་བསམ་མོ། དཀྱིལ་འཁོར་པའི་ལྷ་ལ་འབུལ་བའང་དམིགས་པ་འདྲ་བ་ལ། ཁྱད་པར་རང་གི་མདུན་དུ་ལྷ་ཚོགས་གསལ་འདེབས་པ་ཡིན་ནོ། སྲུང་འཁོར་གྱི་གནད་ནི། གཅོད་པའི་འཁོར་ལོ་རྩིབས་ཐམས་ཅད་སྤུ་གྲིའི་སོ་ལྟར་རྣོ་བ། ཉི་གནད་ལ་ཅུང་ཟད་མ་རེག་པར་མགྱོགས་པར་འཁོར་བ། དེའི་དབུས་སུ་གཞལ་ཡས་ཁང་བསྒོམས་ན་ཤིན་ཏུ་ལེགས་ཤིང་། གཏོར་མགྲོན་བསྐྱེད་པའི་སྐབས་ཀྱི་རིགས་པ་སྦྱར་ན་ཡང་ཐོབ་པ་ཡིན་ནོ། དེ་ཡང་སྲུང་འཁོར་གྲུབ་ཙམ་ནས་འབྲུབ་ཁུང་དང་ཕུར་བུ་སོགས་ཀྱང་གསལ་བཏབ། གནས་གསུམ་གྱི་ཡི་གེ་གསུམ་ལས་རྡོ་རྗེ་དཀར་དམར་མཐིང་གསུམ་བྱུང་བས་ལུས་ངག་ཡིད་གསུམ་རྡོ་རྗེའི་རང་བཞིན་དུ་སྒོམ་མོ། སྒོ་གསུམ་བྱིན་རླབས་དང་སེམས་དཔའ་སུམ་བརྩེགས་ཀྱི་ཚེ་སྔ་ཕྱིར་ཐུགས་ཀར་ཧཱུྃ་ཡིག་གཉིས་བྱུང་ཡང་། ཐ་དད་དུ་མོས་པ་མ་གཏོགས་ཧཱུྃ་ཡིག་གཅིག་གིས་ཆོག་པ་ཡིན་ནོ། ༈ ཡུལ་


JLD006_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བདེ་བས་སྟོང་པ་བསྒོམས་པའི་གནད་ནི། བསྐྱེད་རིམ་གྱི་སྐབས་སུ་གཙོ་བོར་ཡིད་བདེ་ཡིན་པས་དེས་སྟོང་པ་སྔར་དེས་ཟིན་དེ་ལ་རྩེ་གཅིག་ཏུ་འཇོག་པའོ། དེ་ལ་གཉིས་སྣང་གིས་བར་དུ་ཆོད་ན་སྡུད་རིམ་གྱི་དམིགས་པ་བྱས་ནས་སྔར་ལྟར་འཇོག་པ་ཡིན་ནོ། དེ་ལ་ང་རྒྱལ་འཇོག་པའི་གནད་ནི། ཐ་མལ་གྱི་ཕུང་པོ་དང་གཉིས་པའོ་སྙམ་པའི་བློས་མིང་དོན་གཅིག་ཏུ་བཟུང་ནས་ཞེན་པས་འཁོར་བར་འཁོར་བ་ལྟར། ཡུལ་སྟོང་བ་ཉིད་ལ་གདགས་གཞིར་བྱས་ནས་བཏས་ཆོས་སུ་མིང་དོན་གཅིག་ཏུ་བཞུང་བས་བདེན་འཛི་སྤངས་ནས་ཆོས་སྐུའི་རྒྱུར་འགྱུར་བ་ཡིན་ནོ། གཟུང་རྣམ་ལྷར་འཆར་ཚུལ་གྱི་གནད་ནི། གཟུང་རྒྱུ་ནི་ཡུལ་སྟོང་བ་ཉིད་དང་། གཟུང་གཞི་ནི་སྟོང་ཉིད་རྟོགས་པའི་ཤེས་རག་པོ། རྣམ་པ་ལྷར་འཆར་ཚུལ་ནི། ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཡིན་པ་ལ། རྣམ་པ་ལྷ་དང་གཞལ་ཡས་ཁང་དུ་གྲུབ་པར་སྒོམ་པའོ། ལྷག་མོས་ལུས་ལ་བསྡུས་ནས་དེ་ལྟར་ཐིམ་པར་བསྒོམ་པ་ནི། དེ་གནས་དེ་ཉིད་དུ་ཕར་ལུས་ཀྱི་ནང་དུ་ཐིམ་པར་སྒོམ་པ་དང་། འཆི་བའི་ཚེ་ལྟ་བུ་ནནི་ཆོས་སྐུར་ཐིམ་པར་བསམ་པའོ། དང་པོའོ་མགོན་པོ་རང་ཉིད་མི་བསྐྱོད་པ་ལ་འཇུག་པ་ནི་གོ་ས་མ་འཕོས་པར་དབུས་ཀྱི་གདན་ལ་གནས་པའི་ངང་ནས་འཇུག་པ་ཡིན་ལ། དེ་ནས་སྐུ་བརྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་པ་ན། ལུས་ཀྱི་ཆ་ཤས་དེར་གྱུར་པ་ལས་བསྐྱེད་པ་མོས་


JLD006_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་གཏོགས། རྣམ་པ་བསྡུས་ནས་དེར་གྱུར་པར་བསམ་པ་མིན་ནོ། ལུས་ཀྱི་གནས་རྣམས་སུ་སྒོམ་པ་ཡང་གོ་ས་གཅིག་ཏུ་ལྷ་མང་པོ་སྒོམ་པ་འཆར་བཀའ་ན། གསང་འདུས་འཇམ་རྡོར་ནས་གསུངས་པ་ལྟར་གནས་ཐ་དད་དུ་བསྒོམས་ཀྱང་རུང་ངོ་། རིགས་བདག་ཡབ་ཡུམ་ལས་བདུད་རྩིའི་རྒྱུན་བབས་པས། སེམས་དཔའ་གསུམ་ཚིག་ཞིང་ཡིད་བདེ་དཔག་ཏུ་མེད་པ་སྐྱེས་པར་ཡང་ཡང་བསམ་པ་གནད་ཆེའོ། ༈ རིག་མ་འབྱིན་པའི་གནད་ནི། ཐོག་མར་སྙིང་གནས་སྨེ་ཤ་ཅན་ལ་སོགས་པ་རང་རིགས་ཀྱི་མི་མོའི་རྣམ་པ་ཅན་ཡིད་ལ་བཅགས་པའི་བུ་མོའི་རྣམ་པ་ཅན་ཞིག་ཕྱུང་སྟེ། དེ་ཉིད་བསངས་སྦྱངས་ནས་རེག་བྱ་རྡོ་རྗེ་མར་བསྐྱེད་པའོ། ༈ ཕཊ་ཡིག་གི་གནད་ནི། དབུ་ཅན་གྱི་ཕཊ་ཡིག་ཁ་དོག་སེར་པོ་ལྟ་བུའི་མགོ་ནང་དུ་བལྟ་བ་འོད་ཀྱི་རྣམ་པར་སྒོམ་མོ། དེ་ནས་ཕཊ་ངག་ཏུ་བརྗོད་པ་དང་མཉམ་དུ་སྤྱི་བོ་ནས་བྱང་སེམས་བབ་པ་དང་། ཕྱིར་འཕོ་བ་དགག་པོ་དང་། དམིགས་པ་ཡུམ་ཀྱི་པདྨར་འབེབས་པ་དང་བྱ་བ་གསུམ་བྱེད་དོ། དང་པོ་སྦྱོར་བ་ལས་མི་བྱེད་ན་ཡུམ་གྱི་པདྨ་འམ། རྡོ་རྗེའི་རྩེ་གང་རུང་དུ་ཐིག་ལེ་ཕག་པ་ལས་ལྷ་སྤྲོས་ནས་མཛད་པ་མཛད་པ་སྦྱར་དགོས་སོ། རྡོ་རྗེ་དང་པདྨའི་ནང་ཡོད་ཟེར་ལྔས་གང་བར་སྒོམ་པ་ནི། རྭ་དབུས་མའི་ཨོཾ་ཡིག་དེ་ལས་འོད་ཟེར་ལྔ་བྱུང་སྟེ། ལུས་ཀྱི་རྩ་ཐམས་ཅད་དང་པདྨའི་ནང་གང་བར་སྒོམ་པ་ཡིན་ནོ། ཨོཾ་ཡིག་ནི་རྭ་དབུས་མའི་སྦོམ་གྱི་ཆའི་དབུས་སུ་འགོད་ལ། ཕཊ་ཡིག་ནི་རྭ་དབུས་


JLD006_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྩེར་འགོད་པ་ཡིན་ནོ། ༈ ང་རྒྱལ་འཇོམ་པའི་གནད་ནི། བདེ་སྟོང་དབྱེར་མེད་ལ་སྡང་ལྟར་ང་རྒྱལ་བཞག་ནས་དེ་ཉིད་ལ་རང་ཉིད་རྡོ་རྗེ་འཆང་དངོས་ཡིན་པ་དང་། དཀྱིལ་འཁོར་ཐམས་ཅད་དེའི་རྣམ་འཕྲུལ་དུ་བ་ལྟས་ཏེ་ཐ་མི་དད་དུ་བཟུང་ངོ་། ༈ གསལ་སྣང་འདོན་པའི་གནད་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ལམ་གྱིས་གསལ་བཏབ་ནས་ཤེས་པ་སྤྱི་དེ་ལ་བཟུང་སྟེ་ཆ་ཤས་ཕྲ་མོ་གཅིག་གིས་རེ་རེ་ནས་གསལ་སྣང་འདན་པ་ཡིན་ནོ། ༈ ཕྲ་མོའི་གནད་ནི། རང་གི་རྡོ་རྗེའི་ཁའི་ཕཊ་ཡིག་དེ་ཉི་གདན་དུ་གྱུར་ཏེ། དེའི་སྟེང་དུ་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་ཞིག་བྱུང་སྟེ་ཕབ་ནས་སྒོམ་པ་དང་། མཐར་ཐིག་ལེ་ཡང་དྲངས་ཉི་གདན་ཕཊ་དུ་བསྒྱུར་རོ། དེའི་སྟེང་གི་སྨ་རྩེའི་ཡེང་ཉི་གདན་ལ་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་དྲང་། དེ་བསྟན་པ་ན་དེ་ལས་གཅིག་དང་། དེ་ནས་དེའི་རྩེ་ལས་གཅིག་སྟེ་ཇེ་མང་དུ་བཏང་། མཐར་སྙིག་གར་བསྡུའོ། དེ་དག་ནི་དམིགས་པ་ཡིད་ལ་བྱེད་པའི་གནད་བསྐྱེད་རིམ་གྱི་སྐབས་སུ་མེད་རུང་བའི་ཞལ་ཤེས་དག་ཡིན་ནོ། ད་དུང་ལུས་དཀྱིལ་སྒོ་མ་པ་སོགས་ཞིབ་ཆ་བླ་མའི་ཞལ་ལ་ལྟོས་སོ། ས་མ་ཡ་ཁ་ཐ་མ། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། དྲུག་པ་རྫོགས་རིམ་གྱི་ཁྲིད་ཡིག་ལ་གཉིས། སྤྱི་དང་། གསལ་བའི་དབྱེ་བའོ། དང་པོ་ལ་གསམ། དམིགས་རིམ། ལག་རྗེས། ཉེར་མཁོ་བསྟན་པའོ།


JLD006_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། རྫོགས་རིམ་གྱི་གནད་ཅུང་ཟད་ཅིག་བརྗོད་ན། བདེ་བ་ཆེན་པོ་ནི་ལམ་གྱི་གཞི་ཡིན་ལ། དེ་རྫོགས་རིན་ནས་སྒྲུབ་པ་ཡིན་པ་ལ། དེ་བསྒྲུབ་པའི་ཐབས་འདིར་ཕྲ་མོ་ལས་མ་བཤད་ཀྱང་མ་ཆུད་ཀྱི་གཏུམ་མོ་ཡང་བསྒོམས་ན་ཁྱད་པར་དུ་འགྱུར་བ་ཡིན་ནོ། སྲོག་རྩོལ་གསུམ་གྱི་སྐབས་སུ་སེམས་དཔའི་སུམ་བརྩེགས་སྒོམ་དགོས་པས། དེའི་བྱེད་ཚུལ་ནི། རང་ཉིད་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་དུ་སྐད་ཅིག་གིས་ལངས་པའི་སྙིང་གའི་རྩེ་མདུད་ཀྱི་དབུས་སུདྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ཐིག་ལེའི་དབུས་སུ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་ཕྲ་བ་དང་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ངོ་བོ་རླུང་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་ཞིག་བསྒོམས་ནས། དེ་ལས་འབྱུང་འཇུག་བྱེད་པའི་རྡོ་རྗེ་བཟླས་པ་དང་། དེ་ཉིད་ལ་སེམས་འཛིན་པའི་སྔགས་འཁོར་སྒོམ་པ་རྣམས་བྱེད་པ་ཡིན་ནོ། མཐར་ཡང་རིལ་འཛིན་དང་རྗེས་གཞིག་གི་རིམ་པའི་དམིགས་པའི་སྡུད་རིམ་རེ་དང་སྦྲེལ་ནས་ལེགས་སོ། བསྐྱེད་རིམ་ནི་རྫོགས་རིམ་གྱི་སྨིན་བྱེད་དུ་སྒོམ་པ་ཡིན་པས། ལུས་དབེན་ནས་བཟུང་སྟེ་ཟུང་འཇུག་གི་བར་ཐམས་ཅད་དུ་རང་རྡོ་རྗེ་འཆང་དུ་ལྔས་པ་ན། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་རྫོགས་སུ་ལྡང་དགོས་པ་ཡིན་ནོ། ༈ ཕྱག་རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་སྲོག་རྩོལ་ནི། ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ལ་སྙོམས་པར་


JLD006_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བཞིན་པའི་ཚེ། དྷཱུ་ཏཱིའི་མར་སྣང་དམགིས་པ་གཏད་པས། ཡག་ཡུམ་གཉིས་ཀྱི་རླུང་དང་བྱང་སེམས་འདུས་པ་རྣམས་ཀྱིས་དྷཱུ་ཏཱིའི་མས་སྣ་ཕྱེ་ནས་བཙན་ཐབས་སུ་དབུ་མའི་ནང་དུ་འཇུག་པ་ཡིན་ནོ། དེ་ཉིད་སྙིང་གར་དམིགས་པ་གཏད་དེ་སྡུད་རིམ་དེའི་སྒྲགས་ན་འོད་གསལ་སྐྱེ་བའི་ཐབས་ཀྱང་མཆོག་ཏུ་འགྱུར་བ་ཡིན་ནོ། གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ཡང་འོད་གསལ་མཙན་ཐབས་སུ་འཛིན་པའི་གདམས་པ་མཆོག་ཡིན་ནོ། ཁྱབ་བྱེད་ཀྱི་རླུང་འང་རླུང་གཞན་ལས་བསྡུ་དཀལ་ཞིང་། འདི་རྫོགས་པར་མ་ཐིམ་ནས་ཨེམས་དཔེན་གྱི་འོད་གསལ་མཚན་ཉིད་པ་མི་འབྱུང་བས། རླུང་ཅུང་ཟད་སྡུད་ནུས་པ་ནས་འདིའི་སྡུད་རིམ་རེ་ཡང་ངེས་པར་བྱེད་དགོས་སོ། ལུས་དབན་རྗེས་མཐུན་པ་ཐོབ་ནས་རིལ་འཟིན་དང་རྗེས་གཞིག་གི་དམིགས་པའི་སྡུ་རིམ་རེ་དང་སྦྲགས་ནས་ཉམས་སུ་བླངས་ན་རླུང་འདུ་བ་བསླ་བ་ནདག་མཉན་དུ་འགྲོ་བའི་གནད་ཡོད་དོ། ༈ རྡོར་བཟླས་ཀྱི་གནད་ནི། འཁོར་ལོའི་སྡུ་དང་མ་རེ་བྱས་ཏེ་མི་ཤིགས་པ་ལ་སྡུད། མི་ཤིགས་པ་ཡེ་ཤེས་སེམས་དཔའ་ལ་སྡུད། ཡེ་ཤེས་སེམས་དཔའ་ཨ་ཐུང་ལ་བསྡུས་ཏེ་རྩེ་གཅིག་ཏུ་དེ་ཉིད་ལ་སེམས་བཟུང་བཞིན་དུ་ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པ་ཐུམ་མོང་མ་ཡིན་གནད་དོ། སྡུད་རིམ་དེ་ལྟ་བུ་དང་ཕྱག་རྒྱ་ལ་བརྟེན་པ་གཉིས་ཚོགས་ཀྱིས་སེམས་དབེན་བསྐྱེད་པ་ནི་སེམས་དབེན་གྱི་གདམས་པའོ། ༈ སེམ་དབེན་རྗེས་


JLD006_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་ཐོབ་ནས་སྒྱུ་མའི་སྐུར་ལྔང་ཚུལ་གྱི་གནད་ཁྱད་པར་ཅན་ནི། འོད་གསལ་ལས་ལྡང་བ་ན། སྙིང་གའི་ཁམས་དཀར་དམར་གྱི་དབུས་ཀྱི་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་ཅན་དེ་ཉིད་ལ་སེམས་ཁྲིག་གིས་གཏད་དེ་ཐིག་ལེ་འོག་མ་གདན་དང་སྟེང་མ་གོས་ཀྱིས་རྣམ་པར་བྱས་ནས་ལུས་འདི་ལས་ཕྱི་རོལ་ཏུ་འཕེན་པའི་དབང་གིས་སྐད་ཅིག་ཙམ་གྱིས་གྲུབ་པ་ཡིན་ནོ། སླར་ཡང་ལུས་ལ་འཇུག་པ་ན་སྔར་གྱི་ཡེ་ཤེས་སེམས་དཔའི་ཚུལ་གྱིས་སྙིང་གར་འཇུག་པ་ཡིན་ནོ། གནད་ཁྱད་པར་ཅན་གྱི་ཞལ་ཤེས་སོ། ༈ འདི་ལྟར་འཇུག་པ་དང་བར་དོའི་བསྲེ་བའི་སྐྱེ་བ་སྤྲུལ་སྐུ་དང་སྲེ་བ་ནི། ཕ་མའི་ཁུ་ཁྲག་དང་། གཉིས་ཀྱི་སྐབས་སུ་རྨི་ལམ་གྱི་ལུས་ཁྱད་པར་བ་ཕུང་པོ་རྙིང་པ་ལ་འཇུག་པ་རྣམས་སྤྲུལ་སྐུ་དང་བསྲེ་བ་ཡིན་པས། སྐྱེ་གནས་ཀྱི་ཁུ་ཁྲག་དང་རང་གི་ཕུང་པོ་མི་བསྐྱོད་པར་བསྐྱེད་ནས་སྤྲུལ་སྐུ་བཟུང་བའི་བསམ་པས་འཇུག་དགོས་པ་ཡིན་ལ། རྡོ་རྗེ་འཆང་དུ་བསྐྱེད་པ་མིན་ནོ། དེ་ལྟར་ལངས་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་དེ་ནི། སྐུ་མདོག་དཀར་པོར་འོང་བ་ཡིན་ཏེ་སྐུ་དེའི་སྒྲུབ་གཞི་སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་དེ་ཁ་དོག་དཀར་པོར་ཡོད་པ་ཡིན་ནོ། དོན་གྱི་འོད་གསལ་ཐོག་མ་མངོན་དུ་བྱེད་པའི་མཚམས་ནི། སྐུ་གསུང་ཐུགས་ཀྱི་སེམས་དཔའ་སུམ་བརྩེགས་བྱས་པས་མ་དག་པའི་སྒྱུ་ལུས་དེ་དག་ནས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་ནཱ་ད་ཡང་འོད་གསལ་དུ་དག་པ་ན་ཐོབ་པ་ཡིན་ནོ་


JLD006_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་ནི་གཙོ་བོར་མ་རྒྱུད་ནས་འབྱུང་ཡང་། པ་རྒྱུད་ལའང་ལམ་གྱི་ཡན་ལག་ཏུ་ངེས་པར་དགོས་པས། དེའི་དམིགས་པའི་གནད་ནི་སྔགས་འཁོར་རྒྱས་བསྡུས་སོགས་གང་བྱེད་ཀྱང་འདི་དགོས་ཏེ། དམིགས་པ་བཟུང་བ་ནི་སྙིང་གའི་ཡིག་རྣམས་གྱེན་དུ་བསྒྱུར་བ་དང་། སྙིང་གའི་རྩ་འཁོར་ཡང་ཐུར་མ་ལ་སོགས་པས་རྒྱུ་མ་སོགས་ཀྱི་ཕྱི་ནང་བསྒྱུར་བ་ལྟར་དུ་དབུ་མའི་ནང་ནས་གྱེན་ལ་བསྒྱུར་ཏེ། དེའི་རྩེར་ཡི་གེ་དེ་རྣམས་དེད་པའི་རྣམ་པར་སྒོམ། སླར་ཡང་ཕྱིར་བསྒྱུར་ཏེ་སྔར་ལྟར་འཇོག་པ་དེ་གནད་དམ་པའོ། དེ་ལྟར་བྱས་པས་རྩ་རྣམས་མཉེན་པོར་སོང་སྟེ་སྦྱངས་པ་མཐར་ཕྱིན་པ་ན། དངོས་སུ་དེ་ལྟར་ནུས་པ་འབྱུང་ངོ་། ༈ སྟོང་ཉིད་བསྒོམ་པའི་གནད་ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་ཞིག་བསྐྱེད་དེ། དེ་ནས་རིགས་པས་ལེགས་པར་དཔྱོད་ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས་ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་པས། རྫོགས་རིམ་གྱི་བདེ་བ་མ་མཐའ་ཞིག་རྙེད་པ་ནས་སྔར་ལྟར་དཔྱད་པ་མི་བྱེད་པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ་སེམས་བདེ་བའི་ངོ་བོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་པ་ཉིད་ལ་བོགས་ཐོན་ནས་སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང་། བདག་འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་


JLD006_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ཡིན་ནོ། རེས་ན་ལམ་འདི་ལ་ཐོག་མར་འཁོར་བ་མཐའ་དག་ལ་གཏིང་ནས་ཞེན་པ་ལོག་སྟེ། འཁོར་བའི་ཕུན་ཚོགས་ཇི་འདྲ་བ་ཞིག་ལ་ཡང་མཙོན་དོང་ལྟར་དུ་མཐོང་བའི་ངེས་འབྱུང་གི་བསམ་པ་དྲག་པོ་ཞིག་དང་། དེ་ཡང་རང་ཉིད་གཅིག་པུའི་སྤྱིར་མ་ཡིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་དུ་མས་མནར་བ་ལ། སྙིང་ཐག་པ་ནས་མ་བཟོད་པས་དེ་ཉིད་འདོན་པ་ལ་སྐད་ཅིག་ཀྱང་ཡེངས་ལོང་མེད་པར་རིངས་པའི་བློ་བཅོས་མིན་ཞིག་དགོས་པ་ཡིན་ནོ། དེའི་ཕྱིར་ཐོག་མར་གང་ལས་བླངས་པའི་བསྲུང་སྡོམ་ལ་འབད་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ཞིག་བྱས། དེ་ནས་བྱང་ཆུབ་ཀྱི་སེམས་བཅོས་མིན་ཞིག་མེད་ན་ཐེགས་པ་ཆེན་པོའི་ལམ་དུ་མི་འཕྱུར་བས་དེ་འབར་བར་བྱའོ། བདག་མེད་ཀྱིས་ལྟ་བ་རྣམ་དག་གཅིག་མེད་ན་འཁོར་བ་ལས་ཀྱང་མི་ཐར་བས་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་བྱ། དེ་ལྟར་བྱས་ཏེ་ཐབས་ཟབ་མོ་འདི་ལྟ་བུའི་ལམ་དང་སྔགས་ནས་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པ་བརྩོན་པ་ཆེན་པོས་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་བླངས་ནས་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བསྒམས་ཏེ་རང་གཞན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བའི་གོ་འཕང་ཡང་མྱུར་དུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། འདི་དག་ནི་ལམ་གྱི་འགག་སྡོམ་ཆེ་བ་རྣམས་ཀྱི་དམིགས་པའི་གནད་འགའ་ཞིག་བསྡུས་པའི་མན་ངག་ཐུན་མོང་མིན་པའི་ཞལ་ཤེས་མེད་མི་རུང་བའི་སྲོག་དག་ཡིན་ནོ། རྣམ་འདྲེན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། གདུལ་བྱའི་བློ་མུན་མ་ལུས་


JLD006_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་མཛད་པ། ཆོས་ཀྱི་རྒྱལ་པོ་མཁས་གྲུབ་དག་ལེགས་དཔལ། གང་དེའི་གསུང་དག་བདུད་རྩིས་ལུས་འཚོ་བ། དད་པའི་དབང་པོས་སྐལ་བཟང་སྐྱེ་བོའི་ངོར། ཞལ་ཤེས་གདམས་པ་མ་ནོར་ཚང་བར་བྲིས། དེས་ནི་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། གཡེལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག འདི་གཉིས་ཆོས་རྗེ་བ་སོ་བའི་ཟིན་བྲིས་ཡིན། སྲོང་ཐུར་ཕྲ་བ་བསྲེ་ཚུལ་སོགས་གནད་རྣམས་བླ་མའི་ཞལ་ལས་ཤེས། ༈ གཉིས་པ་དེའི་ལག་རྗེས་རླུང་གི་འདུ་རྟགས་ལེགས་ཉེས་དང་། འདུས་པ་ལས་ཉམས་མྱོང་སྐྱེ་བའི་རིམ་པ་བསྟན་པའི་གནད་ཀྱི་ཡིག་ཆུང་ནི། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། འདིར་ལུས་དབེན་གྱི་སྐབས་སུ་འཛག་གེགས་བྱུང་ན། དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་ནས། དྷཱུ་ཏཱིའི་དབུས་སུ་དམིགས་པ་སྤོ། དེས་མ་སེལ་ན་གསར་བའི་རྩར་སྤོ། དེས་ཀྱང་མ་སེལ་ན་ལྟེ་བའི་རྩར་སྤོ་བ་དང་ལུས་དབེན་གྱི་ཕྲ་ཐིག་སྒོམ་པའི་སྨིན་བྱེད་དུ་བསྐྱེད་རིམ་པའི་ཕྲ་ཐིག་བསྒོམ་པ་ཡིན་གསུང་ངོ་། ངག་དབེན་གྱི་སྐབས་སུ་རྣལ་འབྱོར་པས་ཁྱབ་བྱེད་ཀྱི་རླུང་ལ་ཡང་རྡོར་བཟླས་བྱེད་པས། ཁྱབ་བྱེད་ཀྱི་རླུང་འདུ་བར་བྱ་བའི་ཆེད་ཡིན་ཞིང་། འདུས་པའི་ལུས་དབེན་དང་ངག་དབེན་གྱི་དོན། མ་རྒྱུད་པའི་གཏུམ་མོའ་རྣལ་འབྱོར་ཡིན། དེ་ཡང་ཕྱིའི་གཏུམ་མོ་ཤ་ལྤགས་ཀྱི་བར་དང་རོ་མའི་ནང་ནས། ནང་གི་གཏུམ་མོ་རྩ་གཞན་རྣམས་ཀྱི་ནང་ནས། གསང་བའི་གཏུམ་མོ་དྷཱུ་ཏཱིའི་ནང་ནས་འབར་བ་བཞིན། དཀར་ཆ་ཡང་


JLD006_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཤ་ལྤགས་ཀྱི་བར་དང་རྐྱང་མ་ནས་ནང་རྩ་གཞན་ཏནམས་ནས་གསང་བ་དྷཱུ་ཏཱིའི་ནང་ནས་འབབ་པ་ཡིན་གསུང་ངོ་། སེམས་དབེན་གྱི་སྐབས་སུ་སེམ་དབེན་རྫོགས་པར་སྐྱེ་བ་ངེས་པར་སྦྱོང་བ་ལ་ལྟོས་པའི་དགོས་པ་ཁྱབ་བྱེད་ཀྱི་རླུང་སྡུད་པ་ཡིན། འདུས་པའི་སེམས་དབེན་གྱི་དོན་མ་རྒྱུད་ལ་དགའ་བཞི་བསྐྱེད་པ་ཡིན་པས། འདི་ལ་ཞལ་ཤེས་མང་པོ་ཡོད་གསུང་། ཕྱིའི་ཕྱག་རྒྱ་ལོ་གྲངས་བཅུ་གཉིས་མ་ལ་བསྔགས་པ་དེ་དུས་གཏུམ་མོ་ཕལ་བ་མ་ཉམས་པའི་རྒྱུ་མཚན་གྱིས་ཡིན། སྤྱོད་པ་ལ་བརྟེན་ནས་ཁྱབ་བྱད་ཀྱི་རླུང་སྡུད་པའི་རྒྱུ་མཚན། དེའི་རྐྱེན་གྱིས་བདེ་བ་ཁྱད་པར་ཅན་བསྐྱེད། དེས་རླུང་སེམས་འཇུག་པ་གཅིག་པའི་མནད་ཀྱིས་རླུང་སེམས་མ་ལུས་པར་འདུ་བ་ཡིན་གསུང་། དེ་ཡང་ལུས་དཔོན་དག་དབེན་གྱི་སྐབས་སུ་སྒོམ་སྟོབས་ཀྱིས་སྐྱེ་བས་དེ་ལ་དེས་པྲ་ལྟོས་མི་དགོས། བརྟན་པ་བྱུང་ན་ཤིན་ཏུ་སྟོབས་ཆེ་ཞིང་། འདིའི་དགོས་པ་རྫོགས་རིམ་གྱི་རྟོགས་པ་སྔར་མེད་གསར་དུ་སྐྱེ་བའི་ཕྱིར་ཡིན། སེམས་དབེན་དང་སྒྱུ་ལུས་སུ་བརྟེན་པའི་དགོས་པ་རྟོགས་པ་གོང་ནས་གོང་དུ་འགྱུར་བའི་ཕྱིར་ཡིན། དེའི་གོང་འོག་ཟུང་དུ་བརྟེན་པའི་དགོས་པ། སྤང་བྱ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་བྱེད་པའི་ཕྱིར་ཡིན་གསུང་ངོ་། ཡང་ལུས་དབེན་གྱི་ཕྲ་ཐིག་གི་སྐབས་སུ་བདེ་བ་ཁོ་ན་འདྲེན་པ་ཡིན། དེ་ལ་བརྟེན་ནས་སྟོང་ཉིད་ངེས་ཟིན་དྲན་པར་བྱས་ནས་སྦྱོར། རིགས་པས་དཔྱད་པ་མི་བྱེད། བྱས་ན་སླར་ཡང་རྟོག་པའི་སྤྲོ་བ་སྡུ་ལས་རླུང་


JLD006_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ནས་གེགས་སུ་འགྲོ་བ་ཡིན་གསུང་ངོ་། ༈ གསུམ་པ་དེ་དག་གི་སྐབས་སུ་ཅི་རིགས་པར་ཉེ་བར་མཁོ་བའི་ཐོར་བུ་ཅི་རིགས་ཡི་གེར་བྲིས་པའི་ཡིག་ཆུང་ནི། ཡང་ལུས་དབེན་གྱི་སྐབས་སུ་ཕྲ་མོ་ལ་དམིགས་པ་ཐུམ་འཁྱོངས་པ་བརྟེན་པོ་བྱུང་ཡང་། རླུང་འགག་ཏུ་མ་འདོད་པ་སོགས་བྱུང་བའི་ཞལ་ཤེས་ནི། ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་པོ་སོག་སྦུབས་ལྟར་གྱུར་པ་དམིགས་རྟེན་ལ་ཟུག་པའི་ནང་ནས་རླུང་རྣམས་ཐམས་པར་བསྒོམ་འདིས་གེགས་སེལ་ཞིང་བོགས་འདོན་པ་ཡིན། འདི་དམིགས་པ་གཏོད་པའི་གནས་གཞན་ལ་ཡང་གེགས་བྱུང་ན། དམིགས་པ་འདི་ག་བྱེད་གསུང་ངོ་། ཡས་བབས་མས་བརྟན་གྱི་དགའ་བཞིའི་སྐབས་སུ། མས་བརྟན་གྱི་ལྷན་སྐྱེས་མཚན་ཉིད་རྫོགས་པ་སྤྱི་བོར་བརྟན་པ་ལ་ནི། རླུང་གི་དེ་ནིད་སྔོན་དུ་སོང་བས་སྙིང་གའི་རྩ་མདུད་སོགས་མ་ལུས་པར་གྲོལ་བའི་མཚམས་ནས་རྣལ་འབྱོར་པས་འབད་པ་མེད་པར་ཡུད་ཙམ་གྱིས་བྱེད་ནུས་གསུང་ངོ་། ཡས་བབས་ཀྱི་དགའ་བ་སྐྱེ་བ་ལ། རྩ་མདུད་མ་གྲོལ་ཡང་གཏུམ་མོའི་མེས་བཞུས་ནས་དགའ་བཞི་སྐྱེ་བ་ཡིན། དཔེར་ན། རྫའི་གཤགས་པའི་ནང་དུ་མར་འཁྱག་པ་ཡོད་པ་འོག་ནས་མེ་སྦར་བས་ཞུ་ནས་འཛག་པར་བཞིན་ནོ། ཞེས་གསུངས་སོ། བསྐྱེད་རིམ་པའི་ལྷའི་ང་རྒྱལ་འཇོག་པའི་ང་དེ་ཐ་སྙད་ཕའི་ང་ཙམ་དེ་ཡིན་གསུང་ངོ་། བསྐྱེད་རིམ་པའི་བཟླས་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔའ་ལ་ང་རྒྱལ་


JLD006_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པ་ཡིན་གསུང་ངོ་། གཉིད་འཐུག་པོའི་སྐབས་སུ་འོད་གསལ་འཆར་བའི་ཐབས་ནི་སྙིང་གར་རང་གི་ལུས་སེམས་འོད་ཀྱི་ཕུང་པོར་སྒོམ་པ་ཡིན་གསུང་། གཉིད་དང་བསྲི་བའི་སྐབས་སུ་གཞི་དུས་ཀྱི་གཉིད་ཀྱི་སྟོང་པ་བཞི་དང་། རྨི་ལམ་གྱི་ལུས་དང་། རྨི་ལམ་གྱི་སྐབས་ཀྱི་རྣམ་སྨིན་གྱི་ལུས་སོགས་ནི་རིམ་པ་བཞིན་གཞི་དུས་ཀྱི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཡིན། གཉིད་ཀྱི་སྟོང་པ་འོད་གསལ་གྱི་ངོ་བོར་ཤར་བ་དང་། དེའི་མཚམས་ནས་རྡོ་རྗེ་འཆང་དུ་ལངས་པ་དང་། དེ་རྣམ་སྨིན་གྱི་ལུས་ལ་བསམས་བཞིན་དུ་ཞུགས་པ་རྣམས་ནི་རིམ་པ་བཞིན་དུ་གཉིད་ཀྱི་སྐབས་སུ་ལམ་དུས་ཀྱི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཡིན་ནོ། གཉིད་འཐུག་གི་མཐར་རྡོ་རྗེ་འཆང་གི་སྐུར་ལྔས་པའི་རྨི་ལམ་གྱི་ལུས་དེ་རྨི་ལམ་སྐབས་ཀྱི་ལོངས་སྐུར་བྱས་པ་འདི་གཉིས་ཡོད་ཀྱང་། རྨི་ལམས་རླུང་སྟོགས་ཀྱིད་ཟིན་པ་ལྟ་བུའི་ནུས་པ་མཐུ་ཅན་དུ་སོང་བས་ནི། རྨི་ལམ་གྱི་ལུས་དང་རྣམ་སྨིན་གྱི་ལུས་གཉིས་སོ་སོར་སྣང་འབྱུང་ལ། དེའི་གོང་དུ་དེ་གཉིས་སོ་སོར་མི་སྣང་ཡང་། རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལངས་པ་འབྱུང་ངོ་། དེ་བཞིན་དུ་རྨི་ལམ་གྱི་སྤྲུལ་སྐུ་ལ་ཡང་གཉིས་ཡོད་ཅིང་། དེ་ངོས་ཟིན་པ་ཞལ་གྱི་གདམས་པ་མེད་ན་ཅུང་དཀའ་ཡང་། འདིར་རྨི་ལམ་གྱི་སྐབས་སམ་སད་པར་ཤེས་པའི་སྐབས་གཉིས་གང་ཡིན་ཡང་རུང་སྟེ། རྨི་ལམ་གྱི་ལུས་རང་དགའ་བའི་སྣང་བ་ནི་འཆར་བར་འདོད་པས་མཚམས་དེར་སྤྲུལ་སྐུ་རྡོ་


JLD006_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་དུ་བསྒྱུར་བའོ། སྤྲུལ་སྐུ་དེ་ཡང་ལུས་གཉིས་སོ་སོར་སྣང་བའི་གང་ཟག་ཡིན་ན། བསྐྱེད་རིམ་གྱི་སྐབས་སུ་ལོངས་སྐུ་སྤྲུལ་སྐུ་ཞུགས་པར་གསུངས་པ་བཞིན་དུ་བྱས་པས་ཆོག་ཅིང་། དེའི་སྤྲུལ་སྐུ་ནི་དམ་ཚིག་སེམས་དཔའི་དོད་དང་། ལོངས་སྐུ་ནི་ཡེ་ཤེས་སེམས་དཔའི་དོད་ལྟར་བྱས་པས་ཆོག་གོ། གཉིས་པ་གསལ་བའི་དབྱེ་བ་ལ་གསུམ། རྡོར་བཟླས། སེམས་དབེན། སྒྱུ་ལུས་ཀྱི་ཡིག་ཆུང་ངོ་། དང་པོ་ལ་གཉིས། རྡོར་བཟླས་ཀྱི་ངོ་བོ་དང་། དེའི་ཁྱད་པར་རོ། དང་པོ་ནི། བླ་མ་རྡོ་རྗེ་འཆང་ལ་ན་མོ། རྡོར་བཟླས་ཀྱི་གནད་གསལ་བར་དྲིལ་ན། དཔེར་ན། གཞལ་ཡས་ཁང་གི་རྒྱ་མཚོངས་ནས་རླུང་བྱུང་ནས་དྲི་མགོ་ལ་ཕོག་པ་ལྟར། མི་ཤིགས་པའི་ཐིག་ལེ་ལ་ང་རྒྱལ་འཕོས་ཏེ། རང་དང་ཐིག་ལེ་གཉིས་སུ་མི་སྣང་བར་སླར་ཡང་བློ་ཐིག་ལེ་རྣམས་ལྷན་ཅིག་ཏུ་བསྐྱེད་པ་སྟེ། སྙིང་གའི་རྩ་འཁོར་ཀྱི་དབུས་སུ་རྩ་དེ་དག་དཀར་པོ་འོང་དང་བཅས་པ་ཞིག་དམིགས་ལ། དེ་ཐིག་ལེའི་རྣམ་པ་གནས་པ་ལ་རླུང་རྨས་དབུ་མའི་ཡར་སྣ་སོགས་སྒྲུབ་ཀྱི་འཕྲོ་འདྲ་བ་ནས་ཞུགས་པས་ཡས་མར་འོད་ཀྱི་རྣམ་པར་འབྱུང་། རང་ཐིག་ལེར་གནས་པ་ལ་ཐིམ། ཅུང་ཟད་གནས་ནས་དབུ་མ་ནས་ཡར་མཛོད་སྤུའི་བར་སོང་བར་སྒོམ། ཐིག་ལེ་གསལ་ཞིང་བརྟན་པའི་དང་ནས་ལྡན་འཇུག་གནས་གསུམ་གྱི་རླུང་གི་རང་སྒྲ་དེ། ཨོཾ་ཨཱཿཧཱུྃ་གསུམ་གྱི་སྒྲར་གྲག་པ་ལ་རང་ཐིག་ལེའི་རྣམ་པར་གནས་པས་ཡིད་གཏད་ནས་ཉན་པའི་ཚུལ་དུ་སྒོམ་པ་


JLD006_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དབེར་ན། ཕྱི་རོལ་ནས་རླུང་བུ་གསོགས་ལ་ཕོག་པ་ན་སིང་ཟེར་བའི་སྤྲ་བྱུང་ཡང་། དེ་རང་གིས་བརྗོད་པའི་རྣམ་པ་མི་འབྱུང་ཞིང་། ཉན་ཤེས་ཀྱིས་ཚོར་བའི་རྣམ་པ་ཡིན་པ་བཞིན་ནོ་གསུངས་སོ། ལྡང་འཇུག་གནས་པ་རྣམས་ཀྱི་ཚེ་བདེ་བའི་རྣམ་པ་དང་། དངོས་པོ་མེད་པའི་ཚུལ་དུ་བྱ་ཞེས་ཞལ་ཤེས་སོ། གཉིས་པ་རྡོར་བཟླས་དེའི་ཁྱད་པར་ལ་གཉིས། སྙིང་གའི་རྩ་མདུད་འབྱེད་པའི་རྡོར་བཟླས་དང་། སྲོག་ཐུར་བསྲེ་བའི་རྡོར་བཟླས་སོ། དང་པོ་ནི། རྡོ་རྗེའི་བཟླས་པས་སྙིང་གིའི་རྩ་བདུད་འབྱེད་པའི་མན་ངག་ཁྱད་པར་བ་ནི། སྟེང་རླུང་ཨོཾ་གྱི་གདངས་ཀྱིས་ནང་དུ་འཇུག་པ་ན། སྙིང་གའི་རྩ་འཁོར་ཀྱི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་ད་མར་ལ་བུད་པ་ཞིག་བྱས་ཏེ། དེར་ཨཱཿའི་གདངས་ཀྱིས་གནས་ཤིང་། ཧཱུྃ་གི་གདངས་ཀྱིས་ཕྱིར་འབྱུང་བ་དང་དུས་མཉམ་དུ་སྔར་ཀྱི་གནས་སུ་ཐིག་ལེ་དེ་ཉིད་འབྱུང་བའའི་དམིགས་པ་བྱའོ། མན་ངག་འདི་རྨི་ལམ་འཛིན་པའི་སྐབས་སུའང་བྱའོ། གཉིས་པ་ལ་གཉིས། སྙིང་གར་སྲོག་ཐུར་རགས་པ་བསྲེ་བའི་རྡོར་བཟླས་དང་། གནས་གཞན་དུ་སྲོག་ཐུར་རགས་པ་བསྲེ་བའི་རྡོར་བཟླས་སོ། དང་པོ་ནི། སྟེང་འོག་གི་སྣ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པ་དང་དུས་མཉམ་དུ་སྙིང་གར་གནས་པ་དམིགས་རྟེན་ལ་སིམ་པའི་ཚུལ་གྱིས་དུས་མཉམ། ཕྱིར་འགྲོ་བ་ཡང་དུས་གཅིག་ལ་གྱེས་པ་ཡིན་གསུང་། ཐུགས་རྡོ་རྗེའི་ཧཱུྃ་ལ་གནས་པ་བྱས་ན་ཚེ་རིང་པའི་རྟེན་འབྲེལ་ཡོད་གསུང་། གཉིས་པ་ནི། དེ་བཞིན་དུ་


JLD006_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རླུང་སྣ་བུག་ནས་ཨོཾ་གྱི་གདངས་དང་། ལོག་རླུང་ཡང་འོག་སྒོ་གཉིས་ནས་ཨོཾ་གྱི་གདངས་ཀྱིས་གསང་གནས་བར་དུ་དུས་མཉམ་དུ་འཇུག་ཅིང་། གསང་གནས་ཀྱི་རྩ་འཁོར་གྱི་དབུས་སུ་ཨཱཿའི་གདངས་ཀྱིས་དུས་མཉམ་དུ་གནས་པ་དང་། ཕྱིར་འབྱུང་བ་ན་ཧཱུྃ་ག་གདངས་ཀྱིས་དུས་མཉམ་དུ་སྟེང་འོག་གི་སྒོ་གཉིས་ནས་ཕྱིར་འབྱུང་བ་དུས་མཉམ་པའི་རྡོར་བཟླས་བྱའོ། དེ་བཞིན་དུ་ལྟེ་བ་མགྲིན་པ་སྤྱི་བོ་རྣམས་སུ་བྱ་སྟེ། གནས་གཞན་དུ་སྲོག་ཐུར་བསྲེ་བའི་ཞལ་གྱི་གདམས་པའོ། མན་ངག་འདིའི་རྡོར་བཟླས་ཡང། རྩ་འཁོར་གཞན་གྱིས་དབུས་སུ་རང་རང་གི་ཐིག་ལེ་ལ་དམིགས་ནས་བྱའོ། མཁས་གྲུབ་རྗེའི་ཟིན་བྲིས་ཡིན། གཉིས་པ་སེམས་དབེན་ལ་གཉིས། སེམས་དབེན་རྗེས་མཐུན་པའི་སྐབས་སུ་དྲན་པ་སུམ་ལྡན་དུ་བྱ་བ་དང་། སེམས་དབེན་མཚན་ཉིད་པའི་སྐབས་སུ་དྲན་པ་སུམ་ལྡན་དུ་སྦྱོང་ཚུལ་ལོ། དང་པོ་ནི། ཕྲ་ཐིག་དང་རྡོར་བཟླས་ཀྱིས་རླུང་འདུས་ཀྱང་སྟོད་པ་བཞི་གོ་རིམ་ངེས་མེད་དུ་འཆར་ན་ཅུང་ཕན་ཅུང་བས། དེ་མི་འཁྲུལ་བར་བྱ་བ་ནི། རྟགས་བཞི་དང་སྟོང་པ་བཞི་འཆང་བའི་གོ་རིམ་ལ་མཁས་པར་བྱས་ནས། སྣང་བ་ཤར་བ་འདི་སྣང་བ་ཡིན། འདིའི་སྔོན་དུས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་རྣམས་སོང་བ་ཡིན། སྣང་བ་འདི་འགགས་པའི་རྗེས་སུ་སྣང་བ་མཆེད་པ་འཆར་བ་ཡིན་སྙམ་དུ་ཡིད་ལ་ངེས་པར་བྱའོ། དེས་གཞན་གསུམ་ལའང་རིགས་འགྲོའོ། འདི་ནི་སྟོང་པ་ཞི་མི་འཁྲུལ་


JLD006_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཐབས་སོ། འདི་ལ་སྐུ་མཆེད་གཉིས་ཀྱི་ཟིན་བྲིས་གཉིས་སྣང་ཡང་། ཕྱི་མ་གསལ་ལ་རྒྱས་པ་ལྟར་བཀོད་དོ། གཉིས་པ་སེམས་དབེན་མཚན་ཉིད་པ་ལ་གཉིས། སྣང་མཆེད་ཐོབ་གསུམ་དཔེའི་འོད་གསལ་དང་བཅས་པའི་སྐབས་སུ་དྲན་པ་སུམ་ལྡན་དུ་བྱ་བའི་ཚུལ་དང་། འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བའི་དུས་མཚམས་བསྟན་པའོ། དང་པོ་ནི། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས། དང་པོར་སྨིག་རྒྱུ་ལྟ་བུ། དེ་ནས་དུ་བ་ལྟ་བུ། དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུ། དེ་ནས་མར་མེ་འབར་བ་ལྟ་བུའི་ཉམས་འཆར་ཞིང་། དེའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བའི་ཡེ་ཤེས་འཆར་ལ། དེའི་དུས་སུ་འདི་ནི་སྣང་བའི་ཡེ་ཤེས་སོ་སྙམ་དུ་དྲན་པ་དང་། འདིའི་སྔོན་དུ་མར་མེ་ལྟ་བུ་སོང་བ་ཡིན་སྙམ་དུ་དྲན་པ་དང་། འདིའི་རྗེས་སུ་མཆེད་པའི་ཡེ་ཤེས་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་འབྱུང་སྙམ་དུ་དྲན་པའི་དྲན་པ་གསུམ་དང་ལྡན་པར་བྱ་ཞིང་། དེ་བཞིན་དུ་མཆེད་པའི་ཡེ་ཤེས་ཤར་བའི་ཚེ། འདི་ནི་མཆེད་པའི་ཡེ་ཤེས་སོ་སྙམ་དུ་དྲན་པ་དང་། དེའི་གོང་དུ་སྣང་བའི་ཡེ་ཤེས་སོང་བ་ས་བྱུང་བའོ་སྙམ་དུ་དྲང་པ་དང་། དེའི་རྗེས་སུ་ཉེར་ཐོབ་ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་མུན་པས་ཁྱབ་པ་ལྟ་བུ་འབྱུང་ངོ་སྙམ་དུ་དྲན་པའི་དྲན་པ་གསུམ་དང་ལྡན་པར་བྱ་ཞིང་། དེ་བཞིན་དུ་ཉེར་ཐོག་ཤར་བའི་ཚེ་ནམ་མཁའ་ཉེར་ཐོབ་ཀྱི་དུས་སུ་ངེས་མི་ནུས་ཀྱང་། ཉེར་ཐོབ་ཀྱི་


JLD006_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་སྨད་གཉིས་སུ་འདི་ནི་ཉེར་ཐོག་བོ་སྙམ་དུ་དྲན་པ་དང་། འདི་ནི་སྣང་བ་མཆེད་པའི་ཡེ་ཤེས་སྔོན་དུ་སོང་བ་ལས་འབྱུང་བའོ་སྙམ་དུ་དྲན་པ་དང་། འདིའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་འོད་གསལ་འབྱུང་ནོག་སྙམ་དུ་དྲན་པའི་དྲན་པ་གསུམ་དང་ལྡན་པར་བྱ་ཞིང་། དེ་བཞིན་དུ་འོད་གསལ་ཤར་བའི་ཚེ་འདི་འོད་གསལ་ལོ་སྙམ་དུ་དྲན་པ་དང་། འདི་ནི་ཉེར་ཐོབ་སྔོན་དུ་སོང་བ་ལས་བྱུང་བའོ་སྙམ་དུ་དྲན་པ་དང་། འདིའི་རྗེས་སུ་སྒྱུ་ལུས་འགྲུབ་པོ་སྙམ་དུ་དྲན་པའི་དྲན་པ་གསུམ་དང་ལྡན་པླར་བྱའོ། གཉིས་པ་ནི། འོད་གསལ་ཤར་བའི་ཚེ་སྟོན་གྱི་ནམ་མཁའ་གཡའ་དག་ལ་ཟླ་འོད་དང་། ཉི་འོད་དང་། མཚམས་ཀྱི་མུན་པ་དང་བཅས་པའི་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་དུ་ཐོན་པའི་སྟོང་སང་ངེ་བ་གཡོ་མེད་དུ་གནས་པ་ཞིག་འོང་ཞིང་། དེའི་རང་ནས་འདར་འཕྲིག་ཙམ་གྱི་ཅུང་ཟད་གཡོ་བ་ཞིག་འོང་བས། དེ་འབྱུང་བའི་ཚེ་འོད་གསལ་ལས་ལྡང་བར་རྩམ་པ་ཡིན་པས་མཚམས་དེ་ནས་སྒྱུ་མའི་སྐུར་ལྡང་བར་བྱའོ། སྣང་མཆེད་ཐོབ་གསུམ་གྱི་ཞལ་གདམས་ཆེས་ཤིན་ཏུ་ཟབ་པའི་མརྗེད་བྱང་། མཁས་གྲུབ་རྗེས་མཛད་པའོ། གསུམ་པ་ལ་གཉིས་སྒྱུ་ལུས་དངོས་དང་། དེ་དང་འབྲེལ་བའི་གདམས་པའོ། དང་པོ་ལ་གཉིས། སྒྱུ་ལུས་ཀྱི་མཚུངས་ལྡན་ལྔ་དང་། ཁྱད་པར་ལྔ་ལྡན་ནོ། དང་པོ་ནི། གཉིད་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱིས་གཉིད་ཀྱི་འོད་གསལ་ལས་རྨི་ལམ་


JLD006_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུས་སུ་ལངས་པ་དང་། དེ་འང་རླུང་སེམས་ཙམ་ལས་གྲུབ་པ་དང་། དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་གོས་ལོགས་སུ་བྱེ་བ་དང་། སླར་ཡང་ལུས་རགས་པ་ལ་འཇུག་པ་ལྟར་རིམ་པ་བཞིན་ལམ་དུས་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱིས་དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལངས་པ་དང་། དེའང་རླུང་སེམས་ཙམ་ལས་གྲུབ་པ་དང་། དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་གོ་ས་ལོགས་སུ་ཕྱེ་བ་དང་། སླར་ཡང་ལུས་རགས་པ་ལ་འཇུག་པ་དང་ཆོས་མཚུངས་པ་ཡན་གསུང་ངོ་། གཉིས་པ་ནི། གང་ནས་ལྡང་བ་གནས་ཀྱི་ཁྱད་པར། རྩ་འཁོར་ཀྱི་དབུས་དྷཱུ་ཏཱིའི་ནད་ནས་དང་། དེའི་ཡང་ནང་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་བ་འདྲ་བའི་ནང་ནས་ལྡང་། གང་ལས་ལྡང་བ་རྒྱུའི་ཁྱད་པར། ཐིག་ལེའི་ནང་གི་སྲོག་རླུང་ཤིན་ཏུ་ཕྲ་བ་དང་། རྣམ་ཤེས་ཤིན་ཏུ་ཕྲ་བ་ལས་ལྡང་། ཐོག་མེད་ནས་ཀྱི་ཐིག་ལེ་ཤིན་ཏུ་ཕྲ་བ་ཡང་ཡོང་གསུང་། གང་གྱིས་ལྡང་བ་རྟེན་གྱི་ཁྱད་པར། སྒྱུ་མའི་སྐུར་ངེས་པར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོས་ལྡང་། གང་གི་ཚེ་ལྔའི་བ་དུས་ཀྱི་ཁྱད་པར། ཀུན་རྟོག་གཡོ་བའི་རླུང་དང་སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པའི་དཔེའི་འོད་གསལ་ལ་ཇི་ཙམ་གནས་ཀྱི་པར་བཞག་པའི་མཐར་ལྡང་བར་རྩོམ་པ་ནི། དཔེར་ན། གཞོང་བ་ལ་སོགས་པ་ཆུས་བཀང་བ་ན། རླུང་མ་ལངས་པར་མེར་རེ་སྡོད་ལ། རླུང་ཅུང་ཟད་ལངས་པ་དང་མཐའ་མས་ཟེད་ཟེད་དམ་བན་བུན་བྱུང་ན་ལྡང་བར་


JLD006_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་བཞིན། དཔེའི་འོད་གསལ་ལས་ལྡང་བར་རྩོམ་བའོ། དེས་སྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ཡང་རིགས་འགྲེ་གསུང་ངོ་། གང་གི་ངོ་བོར་ལྡང་བ་འབྲས་བུའི་ཁྱད་པར། དང་པོའི་མགོན་པོ་སྐུ་མདོག་དཀར་པོ་མཚན་དཔེས་བརྒྱན་པ། ཐུགས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་ལྡང་བ་ཡིན་ཞེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་གསུང་ངོ་། ཞར་ལ་གཞན་ནས་དབྱུང་བའི་སྟོང་གཟུགས་ཀྱི་སྐུ་ངེས་པ་ལྔ་ལྡན་སོགས་ཤེས་དགོས་སོ། གཉིས་པ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། དང་པོ་ནི། སྒྱུ་ལུས་སྐབས་ཤིང་ཏུ་གཅེས་པའི་གདམས་པ་སེམ་དབང་སུམ་བརྩེགས་སུ་བྱ་བ་ལ། གཞི་དུས་ཀྱི་སེམས་དཔའ་སུམ་བརྩེགས། ལམ་དུས་ཀྱི་སེམས་དཔའ་སུམ་བརྩེགས། འབྲས་དུས་ཀྱི་སེམས་དཔའ་སུམ་བརྩེགས་ཏེ་གསུམ་ཚན་གསུམ་དུ་ཡོད་དོ། གཞི་དུས་ཀྱི་སེམས་དཔའ་སུམ་བརྩེགས་ནི། དེ་ལྟར་ཀྱི་ལུས་རགས་པ་འདི་དམ་ཚིག་སེམས་དཔའ། དེའི་སྙིང་གའི་དང་པོར་ཆགས་པའི་ཐིག་ལེ་དཀར་དམར་ནི་ཡེ་ཤེས་སེམ་དཔའ། དེའི་ནང་གི་སྲོག་འཛིན་ཤིན་ཏུ་ཕྲ་བ་ནི་ཏིང་ངེ་འཛིན་སེམས་དཔའ། ཤིན་ཏུ་ཕ་བའི་སེམས་དེའི་བཞོན་པ་དང་བཅས་པ་ནི་སྒྱུ་ལུས་ཀྱི་སྒྲུབ་གཞི་ཡིན་ནོ། ལམ་དུས་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས་བསྐྱེད་རིམ་ནི་གོ་སླ་ལ། རྫོགས་རིམ་ནི་སྟོང་བ་བཞིའི་མཐར་ཤིན་ཏུ་ཕྲ་བའི་རླུང་སེམས་ལས། སྒྱུ་ལུས་དངོས་


JLD006_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

སམ་རྗེས་མཐུན་པར་ལངས་ནས་སླར་ཡང་ཕུང་པོ་རྙིང་པའི་སྙིང་གར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེ་ལྟར་ལྡང་བ་དང་ཞུགས་པར་བྱེད་པའི་སེམས་ནི་ཏིང་ངེ་འཛིན་སེམས་དཔའ། དམ་ཚིག་སེམས་དཔའ་ནི་སྔར་བཞིན་ནོ། འབྲས་དུས་ཀྱི་སེམས་དཔའ་སུམ་བརྩེགས་ནི། དོན་གྱི་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེངས་པ་དེས། མཆོག་གི་སྤྲུལ་སྐུ་ལ་སོགས་པ་གཟུགས་རགས་པ་བཟུང་བའམ་གཞན་དོན་འགྱུར་བར་གཟིགས་ནས་སླར་ཡང་ཕུང་པོ་རྙིང་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྣམ་པར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེའི་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཏིང་ངེ་འཛིན་སེམས་དཔའ། སྤྲུལ་སྐུ་གསར་བའི་ཕུང་པོ་རྙིང་པ་ནི་དམ་ཚིག་སེམས་དཔའ། གྲུབ་ཆེན་ས་ར་ཧ་ནི་ཕུང་པོ་རྙིང་པ་ལ་ཞུགས་པ་ཡིན་གསུང་། འདི་རྣམས་ལ་སྐུ་མཆེད་གཉིས་ཀྱི་ཟིན་བྲིས་གཉིས་སྣང་ཡང་། གནད་རྣམས་ཕྱི་མ་གསལ་རྒྱས་པར་འདུག་པས་བཀོད་པ་ཡིན་ནོ། ༈ གཉིས་པ་ཐུན་མོང་མ་ཡིན་པའི་སེམས་དཔའ་དགུ་བརྩེགས་ཀྱི་གནད་རྣམས་བླ་མའི་ཞལ་གྱི་དཀྱིལ་འཁོར་འབའ་ཞིག་ལས་ཤེས་དགོས་སོ། གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། རྨི་ལམ་བཙན་ཐབས་སུ་འཛིན་པའི་མན་ངག་ནི། ལམ་འཛིན་པའི་འདུན་པ་ལེགས་པར་སྦྱངས་བའི་མཚམས་ནས་གཉིད་ལོག་པའི་ཚེ། གྲོགས་རྨི་ལམ་འཛིན་པའི་ཚོད་ལ་མཁས་པ་ཞིག་གིས་རྨི་ལམ་ཡིན་ནོ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་གྱིས་ལ་དགེ་སྦྱོར་འདི་ལྟ་བུ་


JLD006_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག་ཅེས་རྣ་ཁུང་དུ་དང་པོར་སྒྲ་ཆུང་དུ་སྒྲོག གཉིད་མི་སད་པའི་གདང་རྙེད་པའི་མཚམས་ནས་ཅུང་ཆེ་བར་སྒྲོག དེ་ཐོས་པས་རྐྱེན་བྱས་ནས་རྨི་ལམ་ངོ་ཤེས། དེ་ལྟར་ངོ་ཤེས་ནས་ཉིན་པར་གང་ལ་བྱང་བའི་དགེ་སྦྱོར་རྣམས་སྐྱོང་། དང་པོ་མ་གོམས་པར་དུ་གཉིད་མྱུར་དུ་སད་འོང་བས། དེ་ལ་ནི་སྙིང་གའམ་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ཞིག་ལ་སེམས་བཟུང་། ཡང་སྔར་བཞིན་དགེ་སྦྱོང་སྐྱོང་། ཁྱད་པར་རྨི་ལམ་ལོངས་སྐུར་ལྡང་བ་ལ་བསླབ་པར་བྱའོ། དེ་ལྟར་བྱས་པས་རྨི་ལམ་མྱུང་དུ་ཟིན་པ་དང་། སད་འབྱམས་གཅོད་པའི་གདམས་པ་གཉིས་སྣང་ངོ་། གསང་འདུས་མར་ལུགས་ཀྱི་གདམས་ངག་གི་སྙིང་པོ་བླ་ན་མེད་པ་འདིའི་གནད་རྣམས་ཞིབ་ཏུ་ད་དུང་བླ་མའི་ཞལ་ལས་ཤེས་དགོས་ཤིང་། ལག་ལེན་ནི་གྲོགས་ཁྱད་པར་ཅན་ལ་ལྟོས་དགོས་སོ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རྨི་ལམ་མི་འཁྲུལ་པའི་ཐབས་ལ་རླུང་བྱང་བའི་གནད་ནི། བསྲེ་བའི་སྐབས་སུ་གཉིད་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན་རང་སྟོབས་ཆེ་ཤིང་། རྨི་ལམ་རྣམས་ཕལ་ཆེར་འཁྲུལ་མེད་འོང་བའི་རྒྱུ་མཚན། སད་དུས་སུ་སྙིང་གའི་སྡུད་རིམ་ལེགས་པར་སྦྱངས་ནས་རླུང་འདུས་བ་དང་གཉིས་དུས་དང་རྨི་ལམ་གྱི་དུས་སྙིང་གར་རླུང་ལེགས་པར་འདུས་པའི་དུས་སུ་ལྐོག་གྱུར་གཏན་ལ་ཕེགས་པའི་བག་ཆགས་རྣམས་ཀྱང་འདུས་པའི་གནད་ཀྱིས་ཡིན་གསུང་ངོ་། གདན་རྫོགས་དང་ཆོས་དྲུག་གི་ཁྲིད་ཡིག་ཏུ་གནད་


JLD006_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འགའ་ཞིག་ལ་བརྟེན་ནས་རྨི་ལམ་མི་འཁྲུལ་བར་བྱ་བའི་ཐབས་ཁྱད་པར་ཅན་ཞིག་ཀྱང་ཡོད་པར་སྣང་ངོ་ཞེས་གསུངས་པ་ནི་ཞལ་ལས་ཤེས་དགོས་སོ། གཉིད་ཀྱི་འོད་གསལ་དང་རྨི་ལམ་རླུང་སྟོགས་ཀྱིས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་རླུང་སྟོབས་ཀྱིས་ཟིན་པས་ཁྱབ། དེ་བཞིན་དུ་གཉིད་ཀྱི་འོད་གསལ་དང་རྨི་ལམ་འདུན་པས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་འདུན་པས་ཟིན་ས་ཁྱབ་ཅིང་། སྨིག་རྒྱུ་སོགས་ཀྱི་རྟགས་རྣམ་ངེས་པར་འཁྲུལ་མེད་འཆར་ན། རླུང་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་སོགས་ཟིན་པས་ཁྱབ་པ་ཡིན་པས། རྨི་ལམ་གྱི་བསྲེ་བ་འདི་དག་བར་དོ་དང་བསྲེ་བའི་ཚོད་འཛིན་འཁྲུལ་མེད་ཡིན་གསུང་ངོ་། དེའི་ཐབས་ཀྱང་ཞག་འགའ་གཉིད་བཅག་ནས་ཉིན་པར་སྙིང་གའི་སྡུད་རིམ་ལ་སྦྱངས། མཚན་མོ་གཉིད་ལོག་ཁར་སྙིང་གའི་སྡུད་རིམ་དང་། རྡོར་བཟླས་དང་། བསམ་གཏན་གཉིས་ཀྱི་སྡུད་རིམ་གྱིས་གཉིད་དུ་བཏང་བས་ལན་ཅིག་ལ་མི་འཆར་ཡང་། ཐེངས་གཉིས་གསུམ་བྱས་པས་དེས་པར་རྟགས་འཆར་རོ་གསུངས་སོ། རྨི་ལམ་འདུན་པས་ཟིན་ནས་རླུང་སྟོབས་ཀྱིས་ཟིན་པའི་མན་ངག་ནི། རྨི་ལམ་འདུན་པས་ཟིན་པར་དང་སྙིང་གའི་སྡུད་རིམ་རྡོར་བཟླས་སོགས་བྱས་པས། གཉིད་ཀྱི་འོད་གསལ་སོགས་རླུང་སྟོབས་ཀྱིས་ཟིན་པས་ཐབས་མཁས་ཁྱད་པར་ཅན་ཡིན་ནོ་གསུངས་སོ། གཉིད་དང་རྨི་ལམ་ཟིན་དུས་ཀྱི་གཉིད་ཀྱི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག དེ་ལས་


JLD006_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་བར་རྩོམ་པ་ན་འཕེན་པ་བཏང་ནས་ལོངས་སྐུར་ལྡང་། དེ་ནས་སད་པར་རྩོམ་པ་ན་སྙིང་གའི་སྡུད་རིམ་སོགས་བྱས་ནས་གཉིད་ཀྱི་འོད་གསལ་དུ་གཏོང་བ་འཁོར་མར་བྱེད་པ་ནི། གཉིད་དང་རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་གསུང་། སྤྲུལ་སྐུ་དང་བསྲེ་བའི་སྐབས་སུ་རླུང་སྟོབས་ཀྱིས་བར་དོ་ལོངས་སྐུ་ཟིན་པ་པ་མི་དགོས་ཀྱང་། འདུན་པས་བར་དོ་ཟིན་པའི་དུས་སུ་འཕོ་བ་དགོས་པ་ཡིན་གསུང་། དེའི་མན་ངག་གི་གཞན་རྨང་བ་མི་དགོས། བར་དོའི་ལུས་དེ་བས་མ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུ་གནས། རྣམ་ཤེས་བཞིན་པ་དང་བཅས་པ་དེ་མཁའ་སྤྱོད་འོག་མིན་སོགས་སྔགས་སྤྱོད་པའི་ལུས་རྟེན་ཁྱད་པར་ཅན་དུ་འཕོ་བའོ་གསུངས་སོ། རྨི་ལམ་རླུང་དང་འདུན་པ་གང་གིས་ཟིན་ཀྱང་། ལོངས་སྐུ་དེ་ལས་ལྡང་བར་རྩོམ་པ་ན། འཕེཔ་བཏང་ནས་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པ་སོགས་སུ་ལྡན་བར་བྱེད་ཅིང་། དེ་ལས་ཕྲ་བ་ནི་རྨི་ལམ་གྱི་ལོངས་སྐུ་ལས་རྨི་ལམ་གྱི་ལུས་རང་དགའ་བར་ལྡང་བར་རྩོམ་པ་ན། འཕེན་པ་བཏང་ནས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་དུ་ལྡང་། དེ་ལས་ལྡང་བར་རྩོམ་པ་ན་འཕེན་པ་བཏང་ནས་རླུང་སྟོབས་ཀྱིས་ཟིན་ན། རྣམ་སྨིན་གྱི་ལུས་དང་རྨི་ལམ་གཉིས་པོ་སོ་སོར་སྣང་བས། རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་སོགས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་གསུང་ངོ་། ༈ རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་


JLD006_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། ༈ སད་དུས་ཀྱི་འོད་གསལ་དང་། གཉིད་དུས་ཀྱི་འོད་གསལ་དང་། འཆི་དུས་ཀྱི་འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་རྣམ་སྨིན་གྱི་ཕུང་པོ་རྙིང་པ་འདི་ལས་ལོགས་སུ་ཕྱེ་སྟེ། གསང་འདུས་ཀྱི་སྐབས་སུ་དང་པོའི་མགོན་པོའི་སྐུར་ལྡང་བར་བྱ་སྟེ། དེས་མཚོན་ནས་རྡོ་རྗེ་འཇིགས་བྱེད་སོགས་ལའང་དེ་དག་རང་རང་གི་སྐབས་ཀྱི་རིམ་པ་བཞིན་པར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་ཡིན་ཞིང་། འདིར་ཡང་སྒྱུ་ལུས་ལོངས་སྐུར་ལྡང་བ་ཡིན་པའི་ཕྱིར་རོ། འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བའི་ཚེ་རྣམ་སྨིན་གྱི་ལུས་ལས་གོ་ས་ལོགས་སུ་ཕྱེ་ནས་ལྡང་བ་དང་། ཆུ་ལས་ཉ་ལྡང་བའི་ཚུལ་གནིས་གསུངས་ཀྱང་སྔ་མ་གདམས་ངག་གི་མཆོག་ཡིན་ལ། དེ་ཡངརྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་ནས་ལོངས་སྐུར་ལྡང་ཞིང་། ལོངས་སྐུ་དེ་ཡང་རྣམ་སྨིན་གྱི་ཕུང་པོ་ལ་ཚུར་འཇུག་པ་ནི་སྤྲུལ་སྐུར་ལྡང་བ་ཡིན་ནོ། འདི་རྣམས་མཁས་གྲུབ་རྗེའི་ཟིན་བྲིས་ཡིན། ༈ དེ་ལྟར་རྫོགས་རིམ་གྱི་སྤྱིའི་ཡིག་ཆུང་གསུམ། སོ་སོའི་ཡིག་ཆུང་གསུམ་སྟེ་དྲུག་གིས་བཅུ་གཅིག་པའི་བར་དུ་བརྗོད་ནས། བཅུ་གཉིས་པ་སྒྱུ་ལུས་ཀྱི་ཡན་ལག་བསྲེ་བའི་ཡིག་ཆུང་ལ་གཉིས། བསྲེ་བ་དགུའི་རྣམ་གཞག་དང་། ཤིན་ཏུ་གཅེས་པའི་གདོམས་ངག་ཟབ་མོའི་ཞལ་ཤེས་རྣམས་ཞིབ་ཏུ་བཤད་པའོ། དང་པོ་ལ་གཉིས། སྐུ་གསུམ་དུས་གསུམ་དང་སྦྱར་བ་དང་། དུས་གསུམ་སྐུ་གསུམ་དང་སྦྱར་བའོ། དང་པོ་ནི། བཅོམ་ལྡན་འདས་ཁྱབ་བདག་རྡོ་རྗེ་འཆང་ཆེན་


JLD006_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཕྱག་འཚལ་ལོ། བསྲེ་བའི་གདམས་ངག་ལ། ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བ་ལ་གསུམ་སྟེ། འདི་ལྟར་ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང་། ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་དང་། ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བའོ། དང་པོ་ལ་གསུམ། གཉིས་སད་དུས་ཆོས་སྐུ་དང་བསྲེ་བ་དང་། གཉིད་ཀྱི་དུས་ཆོས་སྐུ་དང་བསྲེ་བ། འཆི་བའི་དུས་སུ་ཆོས་སྐུ་དང་བསྲེ་བའོ། དང་པོ་ནི། དང་པོར་ལུས་ཀྱིས་གནད་ཆེ་ས་ར་གནད་དུ་བསྣུན་པ་ལ་བརྟེན་ནས་སྟོང་བ་བཞི་བསྐྱེད་པའི་འོད་གསལ་སྟོང་བ་བཞི་པ་ཤར་བའི་དུས་ན་ལྟ་ཐོག་ཏུ་བཞག་ནས་སྒོམ་པ་ཡིན་ལ། གནད་དུ་བསྣུན་པ་ལ་ཡང་སྒོ་གསུམ་སྟེ། འོག་སྐོར་ནོར་བུའི་དབུས་སམ། ནོར་བུའི་སྣ་རྩེ་དྷཱུ་ཏཱིའི་མར་སྣར་རྫས་ཀྱི་ཐིག་ལེ་ཕྲ་མོ་བསྒོམས་པ་ལ་བརྟེན་ནས་དེ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་པོ་སྔོན་དུ་འཆར་ཞིང་། དེའི་འོག་ཏུ་སྟོང་བ་དང་། ཤིན་ཏུ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་ཞས་བྱ་བ། མིང་གཞན་སྣང་བ་དང་། མཆོད་པ་དང་། ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བའི་འོད་གསལ་ཆེན་པོ་ཤང་བ་ནི་སྒོ་དང་པོའོ། གཞན་ཡང་སྙིང་གའི་སྣ་རྩེར་མི་ཤིགས་པའི་སྔགས་ཀྱི་ཐིག་ལེ་བསྒོམས་པ་ལ་བརྟེན་ནས། དེ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། སྨིག་རྒྱ་ལ་སོགས་པའི་རྟགས་བཞི་པོ་སྔོན་དུ་འཆར་ཞིང་། དེའི་


JLD006_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

འོག་རུ་སྟོང་པ་དང་། ཤིང་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་ཞེས་བྱ། མིང་གཞན་སྣང་བ་དང་། མཆེད་པ་དང་། ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བའི་འོད་གསལ་ཆེན་པོ་ཤར་བ་ནི་སྒོ་གཉིས་པའོ། ཡང་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་ཞེས་བྱ་བ་རླུང་འོད་ཟེར་ལྔ་པ་སྣ་བུག་ནས་རྒྱུ་བའམ་འཇུག་ལྡང་གནས་གསུམ་མ་བཅོས་པ་རྡོ་རྗེ་གསུམ་གྱི་རང་གདངས་སུ་ཤར་བར་སྒོམ་ཞིང་། རེ་ཡང་དྷཱུ་ཏཱི་ནས་བྱེད་པར་མོས་པའི་རྡོ་རྗེའི་བཟླས་པ་བསྒོམས་པའི་མཐར། རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། དང་པོ་སྨིག་རྒྱུ་ལྟ་བུ་དང་། གཉིས་པ་དུ་བ་ལྟ་བུ་དང་། གསུམ་པ་མེ་ཁྱེར་ལྟ་བུ་དང་། བཞི་པ་མར་མེ་འབར་བ་ལྟ་བུའི་ཉམས་འབྱུང་སྟེ། རིམ་པ་བཞིན་ས་ཆུ་ལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ་དང་། མེ་རླུང་ལ་ཐིམ་པ་དང་། རླུང་རྣམ་ཤེས་ཀྱི་སྣང་བ་དང་པོ་ལ་ཐིམ་པ་ལས་འབྱུང་ངོ་། དེ་ནས་སྟོང་བ་དང་པོའི་དུས་སུ་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འབྱུང་། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གནང་སྣང་ཐམས་ཅད་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་ཉི་མའི་འོད་ཟེར་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་གྱི་སྣང་བ་འབྱུང་། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་


JLD006_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་ནག་ལམ་གྱི་སྣང་བ་འབྱུང་། དེའི་སྟོད་སྨད་ལ་དྲན་པ་མི་ཉམས་ཤིང་། བར་དུ་རླུང་ཐིམ་པའི་མཐུས་དྲན་པ་ཆེས་ཉམས་པ་འབྱུང་ངོ་། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་མཚན་མོ་ཐོ་རངས་ཀྱི་ནམ་མཁའ་ཟླ་ཉི་སྨག་གི་འོད་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་དུ་འོད་གསལ་གསལ་མཐའ་དབུས་མེད་པ་ཤིན་ཏུ་དྲངས་པའི་ནམས་འཆར་རོ། དེ་དག་གི་བཤད་པ་རྣམས་ཀྱིས་སྔ་མ་རྣམས་འང་ཤེས་པར་བྱའོ། དེ་ནི་སྒོ་གསུམ་པའོ། གཉིས་པ་གཉིད་ཀྱིས་དྲུས་ཆོས་སྐུ་དང་བསྲེ་བའི་ཚུལ་ནི། གོང་གི་སྒོ་གསུམ་པོ་གང་རུང་ཞིག་གིས་སྟོང་པ་བཞི་དྲངས་ནུས་པའི་མཚམས་ནས། མཚན་མོ་གཉིད་དུ་འགྲོ་ཁར་སྙིང་གར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང་། རྡོ་རྗེ་བཟླས་པ་གཉིས་པོ་གང་རུང་ཉམས་སུ་བླངས་པ་ལ་བརྟེན་ནས་སྡང་བཤད་པའི་རྟགས་བཞི་དང་སྟོང་པ་བཞི་འཆར་ཞིང་། དེའི་མཐར་འོད་གསལ་ཤང་བའི་དུས་སུ་ལྟོ་ཐོག་ཏུ་བཞག་ནས་སྒོམ་པ་ཡིན་ཏེ། སྤྱིར་གཞི་དུས་ལ་གཉིད་དུ་འགྲོ་བའི་དུས་སུ་རླུང་སྙིང་གར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས་སྟོང་པ་བཞི་འོད་གསལ་གྱི་ཙམ་ཞིག་འཆར་བ་ཡོད་ལ། དེ་ཤེས་ན་གཉིད་ཀྱི་འོད་གསལ་འཛིན་པའི་མན་ངག་ཉམས་སུ་བླངས་ན་སྟོང་པ་བཞི་འཆར་བའི་གནད་ཡོད། དེ་ཡང་གཉིད་ཀྱི་དུས་སུ་


JLD006_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་མི་འཆར་བ་དང་ཤར་བའི་དུས་གཉིས་ལས། རྨི་ལམ་མི་འཆར་བའི་དུས་སུ་གཉིད་ཀྱི་འོད་གསལ་འཛིན་པ་ཡིན་ལ། དེ་གཉིད་དུ་སོང་བའི་ཐུན་སྟོད་ཀྱི་སྐབས་ཡིན་ནོ། གསུམ་པ་ནི། འཆི་བའི་དུས་སུ་འཆར་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ་ནི། དེ་ལྟར་གྱི་དུས་སུ་གཉིད་སད་དུས་དང་གཉིད་ཀྱི་དུས་སུ་སྔར་བཤད་པ་བཞིན་དུ་འོད་གསལ་ཆོས་སྐུ་དང་བསྲེ་བཞིག་གིས་འཆི་བའི་དུས་སུ་ས་ཅུ་ལ་ཐིམ་པ་སོགས་ཀྱི་རྣགས་དང་པོ་ཤར་བའི་དུས་སུ་སྙིང་གར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང་། སྙིང་གིའི་དྷཱུ་ཏཱིའི་དབུས་ནས་རླུང་ལྡང་འཇུག་གནས་གསུམ་གྱི་རྡོ་རྗེའི་བཟླས་པ་བྱས་ན། གཞི་དུས་ཀྱི་འཆི་བའི་དུས་སུ་སྙིང་གར་རླུང་རང་ཤུགས་ཀྱིས་འདུ་བ་ཡོད་པའི་གནད་ཀྱིས་སྔར་བཤད་པའི་རྟགས་རྣམས་དང་། སྟོང་པ་བཞི་སྔར་བཤད་པ་བཞིན་དུ་འཆར་ལ། དེ་ལ་འཆི་བའི་ཚེ་སྟོང་བ་བཞི་རང་ཤུགས་ཀྱིས་འཆར་བའི་འོད་གསལ་ནི་མིའི་འོད་གསལ་ཡིན་ལ། སྣར་གཉིད་སད་པ་དང་། གཉིད་དུས་སུ་བསྒོམས་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང་། དེ་གཉིས་འཆི་བའི་འོད་གསལ་གྱི་དུས་སུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་ཞེས་ཐེར་བ་ཡིན་ནོ། གཉིས་པ་ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་ལ་གསུམ་སྟེ། གཉིད་སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། འཆི་བ་འོད་གསལ་གྱི་མཐར་བར་དོ་དངོས་


JLD006_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སམ་བར་རྡོ་རྗེས་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བའོ། དང་པོ་ནི། སྔར་བཤད་པའི་སྒོ་གང་རུང་ཞིག་གིས་འོད་གསལ་གྱི་ཏིང་ངེ་འཛིན་སྐྱེས་པའི་རྗེས་ལ་འབད་པ་བསྐྱེད་ནས་འོད་གསལ་ལ་ཇི་ཙམ་གནས་སུ་མཉམ་པར་འཇོག སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡན་བར་རྩོམ་པའི་ཚེ། དེའི་མཐར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས་ཅུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོང་གིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ཇི་ཙམ་གནས་ཀྱི་བར་མཉམ་པར་འཇོག་པའོ། གཉིས་པ་གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་ཚེ་རྨི་ལམ་གྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ཤར་བའི་ཚེ་འབད་ནས་ཇི་ཙམ་གནས་སུ་མཉམ་པར་བཞག །སྔར་རླུང་ཐིམ་པ་ལས་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལ་ལྡང་བར་རྩོམ་པའི་ཚེ། དེའི་ཚེ་རྨི་ལམ་ཕལ་བ་གཞན་དུ་མ་ཤོར་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་བ་ལས་ཉ་ལྡན་བའི་ཚུལ་དུ་འོད་གསལ་གྱི་ངང་ལས་སྐུ་དེར་དེ་ཀྲོང་གིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ལ་ཇི་སྲིད་གནས་ཀྱི་བར་ལ་མཉམ་པར་འཇོག་པའོ། གསུམ་པ་འཆི་བ་འོད་གསལ་གྱི་མཐར་བར་དོ་དངོས་སམ་མར་དོ་རྗེས་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་


JLD006_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར་གྱི་འཆི་བའི་དུས་སུ་འོད་གསལ་མ་བུ་བསྲེས་ནས་འབད་དེ་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་ལ་མཉམ་པར་འཇོག་པའོ། སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡན་བར་རྩོམ་པའི་ཚེ་དེའི་མཐར་བར་དོ་ཕལ་བའི་ལུས་སུ་མི་ལྡང་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྔར་བར་བྱའོ་སྙམ་དུ་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་སྐུ་དེར་དཀྲོང་གིས་ལྡང་ངོ་། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་སྟེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། འདི་ལ་གཉིས་ཡོད་དེ། སྒྱུ་མའི་ལོངས་སྐུ་སྒོམ་པ་ཙམ་མིན་པར་གཞན་ལ་བྲ་དོ་འགྲུབ་པའི་སྐབས་སུ་རང་གི་ལུས་དོན་སྟེང་ནས་སྔར་བཤད་པའི་སྒྱུ་མའི་སྐུར་བསྐྱེད་པ་ཡིན་ན། བར་དོར་མཆོག་འགྲུབ་པ་ཡིན་ནོ། དེ་ལྟར་མི་ནུས་པར་བར་དོ་རང་དགའ་བའི་ལུས་བླངས་པ་ཡིན་ཀྱང་། ཡིད་ཀྱི་ངོར་བར་དོའི་ལུས་ཐ་མལ་བའི་སྣང་བ་རེ་ཞིག་མི་འཆར་བར་དད་པོའི་མགོན་པོ་ཡབ་ཡུམ་དུ་ཤར་བའི་ལོངས་སྐུའི་བསྲེ་བ་བྱུང་ན་འང་ཁྱད་ཤིན་ཏུ་ཆེ་བ་ཡིན་ནོ། གསུམ་པ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ལ་གསུམ་ལས་དང་པོ་གཉིད་སད་པའི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གཉིད་སད་དུས་ཀྱི་འོད་གསལ་གྱི་ངང་ལས་སྒྱུ་མའི་སྐུར་རྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་སྟེ། སྒྱུ་མའི་ཏིང་ངེ་འཛིན་བསྒོམས་པའི་མཐར་རྣམས་སྨིན་གྱི་ཕུང་པོ་འདི་ལ་ཞུགས་ཏེ། རྣམ་སྨིན་གྱི་ཕུང་པོ་མི་བསྐྱོད་པར་གསལ་བའི་ཐུགས་ཀར་ཡེ་


JLD006_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའི་ཚུལ་གྱིས་གནས་པའོ། འདི་ནི་འབྲས་བུའི་ལོངས་སྐུ་མ་དག་པའི་སེམས་ཅན་གྱི་མིག་ལམ་དུ་མ་གྱུར་པ་དེའི་མཐུས། སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་མངལ་དུ་ལུས་རགས་པའི་སྐྱེ་བ་བཟུང་ནས་སྤྲུལ་པའི་སྐུ་དེ་སེམས་ཅན་མ་དག་པས་ཀྱང་མཐོང་བ་དང་འདྲ་བར། ལམ་དུས་ཀྱི་སྒྱུ་མའི་ལོངས་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མི་མཐོང་བ་དེར་རགས་པའི་ལུས་སུ་ཞུགས་ནས། དེས་བཟུང་བའི་མི་བསྐྱོད་པར་སྣང་བའི་རགས་པའི་ལུས་ཤའི་མིག་གི་ཡུལ་དུ་གྱུར་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་དུ་བཏོགས་པ་དང་། ཡང་སྒྱུ་མའི་ལོངས་སྐུ་དེས་རགས་པའི་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མཐོང་བར་སྤྲུལ་པ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བྱེད་པའོ། གཉིས་པ་གཉིད་དུ་སོང་བའི་རྨི་ལྨ་འཆར་བའི་དུས་སུ་རྨི་ལམ་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། སྔར་བཤད་པ་བཞིན་གཉིད་ཀྱི་འོད་གསལ་ཀྱི་ངང་ནས་ལོངས་སྐུར་ལངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་མཐར་སྔར་གྱི་རྣམ་སྨིན་གྱི་ལུས་ལ་ཞུགས་ཏེ་སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་དང་། ལོངས་སྐུ་དེ་རགས་པའི་སྤྲུལ་སྐུ་སྤྲུལ་པ་ནི་སྤྲུལ་སྐུ་དང་བསྲེ་བཞེས་བྱ་བ་དེའི་གོ་དོན་སྔར་བཤད་པ་ལྟར་རོ། གསུམ་པ་འཆི་བ་འོད་གསལ་གྱི་མཐར་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། འཆི་བའི་འོད་གསལ་སྔར་བསྒོམས་པ་ཞིག་གི་འཆི་བའི་འོད་གསལ་གྱི་མཐར་ལོངས་སྐུར་ལངས། སྒྱུ་མ་ལྟ་བུའི་


JLD006_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་བསྒོམས་པའི་རྗེས་སུ་འདོད་པའི་སྐྱེ་གནས་ཁྱད་པར་ཅན་དུ་སྐྱེ་བའི་འཕེན་པ་བཏང་ནས། སྐྱེ་གནས་གང་ཡིན་པ་དེར་བར་དོར་ཤི་བའི་སྟོང་པ་བཞི་སྔར་བསྒོམས་པའི་ལམ་དང་བགྲེ་ནས་སྐྱེ་བ་ལེན་པ་ལ་སྤྲུལ་སྐུ་དང་བསྲེ་བཞེས་བྱ་སྟེ། དེའི་དོན་ཡང་གོང་ལྟར་རོ། དེ་ལྟར་སྔར་བཤད་པ་ལྟར་གྱི་རླུང་གི་ནུས་པ་ཐོབ་ན་ཤིན་ཏུ་ལེགས་པས་དེ་ལར་བྱ་ལ། དེ་ལྟ་བུ་མ་ཐོབ་ན་འང་ད་ལྟར་གྱི་དུས་སུ་འཆི་བའི་དུས་ཀྱི་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ཡིད་ལ་དྲན་པར་བྱ་སྟེ། ཡང་ཡང་བསྒོམ་པར་བྱ་ཞིང་། འོད་གསལ་གྱི་མཐར་བར་དོ་འགྲུབ་པའི་དུས་སུ་བར་དོ་ལོངས་སྐུར་ལྡང་སོགས་ཡང་དང་ཡང་དུ་བསྒོམ་པར་བྱ་ཞིང་། ད་གཟོད་འཆི་བའི་དུས་ཀྱི་ཚེ་རྟགས་བཞི་དང་། སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་ལ་སོགས་པ་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། འདི་ནི་བསྲེ་བའི་མན་ངག་གི་གནད་བསྡུས་པའི་ཡིག་ཆུང་མཁས་གྲུབ་རྗེས་ཟིན་བྲིས་མཛད་པའོ། ༈ གཉིས་པ་ནི། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། འདིར་བསྲེ་བ་དགུའི་གདམས་པ་སྟོན་པར་བྱེད་པ་ལ་དོན་གསུམ་སྟེ། སད་དུས་སུ་སྐུ་གསུམ་དང་བསྲེ་བ། གཉིད་དུས་སུ་སྐུ་གསུམ་དང་བསྲེ་བ། འཆི་དུས་སུ་སྐུ་གསུམ་དང་བསྲེ་བའོ། དང་པོ་ལ་གསུམ། སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བའོ། དང་པོ་ནི། རྡོ་རྗེའི་ལུས་ལ་གནད་དུ་


JLD006_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུ་པ་ལ་བརྟེན་ནས། རླུང་སྙིང་གའི་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྨིག་རྒྱུད་དུ་བ་ལ་སོགས་པའི་རྟགས་རྣམས་འཆར་ཞིང་། དེའི་རྗེས་སུ་སྣང་བ་མཆེད་པ་ཉེར་ཐོབ་འོད་གསལ་རྣམས་འཆར་ལ། དེ་རྣམས་ཀྱི་དུས་སུ་ལྟ་བཀྲན་པར་བྱེད་ཅིང་། ཁྱེད་པར་འོད་གསལ་གྱི་དུས་སུ་བདེ་སྟོང་དབྱེར་མེད་སྦྱར་ནས་སྒོམ་པར་བྱེད་པ་ནི། སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བར་བྱེད་པ་ཡིན་ནོ། གཉིས་པ་ནི། གོང་དུ་བཤད་པ་ལྟར་གྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་དེ་ལས་ལྡང་བར་རྩོམ་པ་ན། ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་སྒྱུ་ལུས་དེ་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་སྟེ། གསང་འདུས་ཀྱི་སྐབས་སུ་ཡིན་ན། ལོངས་སྐུ་དང་པོའི་མགོན་པོ་འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལྡང་བ་ནི། སང་དུས་ཀྱི་སྒྱུ་མ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། གསུམ་པ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་སྐུར་ལྡང་ལ། གོང་དུ་བཤད་པ་ལྟར་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་པངས་སྐུ་དེ་སྤྲུལ་སྐུའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པའི་སྤྲུལ་སྐུ་ལྡང་བ་ནི། སད་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་སྟེ་དེ་ལྟར་ན་སད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། གཉིས་པ་གཉིད་དུས་ཀྱི་བསྲེ་བ་ལ་གསུམ། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་སྐུ་དང་བསྲེ་བ་


JLD006_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སད་པ་སྤྲུལ་སྐུ་དང་བསྲེ་བའོ། དང་པོ་ནི། སད་དུས་ཀྱི་སྙིང་གར་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་གོམས་པའི་གང་ཟག་གིས་གཉིད་དུ་འགྲོ་ཁར་རླུང་སྦུད་པའི་དམིགས་པ་བྱས་པས་གཉིད་དུ་འགྲོ་བའི་ཚེ་ཡན་ལག་གི་རླུང་རྣམས་དང་ཤུགས་ཀྱིས་སྙིང་གར་འདུ་བས་འདུ་ཚབས་གཞན་ལས་ཆེ་བ་ཞིང་འོང་ཞིང་། དེའི་སྟོབས་ཀྱིས་གཉིད་དུ་འགྲོ་བ་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཡོངས་སུ་རྫོགས་པར་འཆར་ལ། དེ་དག་གི་འོད་གསལ་གྱི་དུས་སུ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་དེའི་འོད་གསལ་ལ་ཅི་ཙམ་གནས་ཀྱི་བར་མཉམ་པར་འཇོག་པ་ནི། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བའོ། གཉིས་པ་ནི། གོང་དུ་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ལས་ལྡན་བར་རྩོམ་པ་ན་རྨི་ལམ་འཆར་བས། དེའི་དུས་སུ་རྨི་ལྨ་གྱི་ལུས་དེ་རྣམ་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་སྟེ། ལོངས་སྐུ་དང་པོའི་མགོན་པོ་འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལངས་ཏེ། ཇི་ཙམ་གནས་ཀྱི་བར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཛོག་པ་ནི། རྨི་ལམ་ལོངས་སྐུ་དང་བསྲེ་བའོ། གསུམ་པ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མ་ལྟུ་བུའི་ཏིང་ངེ་འཛིན་ལས་ལྡན་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་འཆང་གང་རུང་གི་སྐུར་བསྒོམས་ལ། དེའི་ཐུགས་ཀར་རྨི་ལམ་གྱི་ལོངས་སྐུ་དེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་བསྒོམས་པའི་སྤྲུལ་སྐུར་ལྡང་བ་ནི། སད་པ་སྤྲུལ་སྐུ་དང་བསྲེ་བའོ། དེ་ལྟར་གཉིད་དུས་ཀྱི་བསྲེ་བ་


JLD006_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གསུམ་མོ། གསུམ་པ་འཆི་བའི་དུས་སུ་སྐུ་གསུམ་དང་བསྲེ་བ་ལ་གསུམ། འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའོ། དང་པོ་ནི། འཛམ་བུ་གླིང་གི་མི་ཁམས་དྲུག་ལྡན་ཞིག་རིམ་གྱིས་འཆི་བའི་ཚེ་སྙིང་གར་རང་ཤུགས་ཀྱིས་རླུང་རྣམས་འདུ་བའི་སྟོབས་ཀྱིས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཡོངས་སུ་རྫོགས་པར་འཆར་ཞིང་། དུས་དེར་ཤར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྙིང་ག་ལ་སོགས་པའི་གནས་རྣམས་སུ་གནད་དུ་བསྣུན་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ནི་བུའི་འོད་གསལ་ཡིན་ཞིང་། འཆི་བའི་ཚེ་རླུང་སྡུད་པར་རྩོམ་པ་ན་སྙིང་གའི་སྡུད་རིམ་ལེགས་པར་བསྒོམས་ཏེ་འོད་གསལ་མ་བུ་ལེགས་པར་བསྲེ་བའི་འོད་གསལ་ཤར་བའི་ཚེ་ལྟ་ཐོག་ཏུ་ལེགས་པར་བཞག་སྟེ། དེའི་འོད་གསལ་ཇི་ཙམ་གནས་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ནི། འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའོ། གཉིས་པ་ནི། གོང་དུ་བཤད་པ་ལྟར་གྱི་འཆི་བའི་འོད་གསལ་དེ་ལས་ལངས་ནས་བར་དོ་འཆར་བར་རྩོམ་པ་ན། བར་དོའི་ལུས་དེ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་དང་པོའི་མགོན་པོའམ་རྡོ་རྗེ་འཆང་གང་རུང་གི་སྐུ་འཇའ་ཚོན་ལྟ་བུའི་སྐུར་ལྡང་བར་བྱའོ། འདི་ཐ་མ་ལ་པ་ལ་བར་དོ་རང་དགའ་བ་འོང་བའི་དོད་ལ་སྒྱུ་མའི་


JLD006_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་སྐུར་ལྡང་བ་ཡིན་པས། འདི་ནི་བར་དོ་ལོངས་སྐུ་དང་བསྲེ་བ་ཡིན་ནོ། གསུམ་པ་ནི། མངལ་དུ་སྐྱེ་བ་ལེན་པར་རྩོམ་པ་ན་སྐྱེ་བ་ལེན་རྒྱུའི་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་སྐུར་བསྒོམས་པའི་དབུས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་དེ་ཉིད་བཞུགས་པར་བསྒོམ་སྟེ། སྐྱེ་གནས་སུ་སྐྱེ་བ་ལེན་པ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་ཏེ། དེ་ལྟར་འཆི་བའི་དུས་ཀྱི་བསྲེ་བསྐོར་གསུམ་མོ། དེ་ལྟར་བསྲེ་བ་རྣམས་ཀྱི་སྐབས་སུ་ལོངས་སྐུ་དང་པོའི་མགོན་པོར་ལྡང་བའི་དགོས་པ་ནི། བསྐྱེད་རིམ་གྱི་སྐབས་ཀྱི་བར་དོའི་སྦྱོང་བྱེད་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་དང་པོའི་མགོན་པོ་ཡིན་ནོ། བསྐྱེད་རིམ་གྱི་སྐབས་ཀྱི་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་དང་། སྐྱེ་བ་སྦྱོང་བྱེད་སྤྲུལ་སྐུ་རྡོར་སེམས་ཡིན་པས་སྤྲུལ་སྐུ་དང་བསྲེ་བའི་རྡོ་རྗེ་སེམས་དཔའི་སྐུར་ལྡང་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་པར་ཤེས་པར་བྱའོ། བསྲེ་བསྐོར་དགུའི་གདམས་པ་འདི། དམ་ཚིག་སྡོམ་པ་ལྡན་པ་ཡི། སྐལ་ལྡན་སློབ་མ་མ་བཏགས་པ། དེ་ལས་གཞན་དུ་ཅུང་ཟད་ཙམ། བསྟན་ཅིང་སྦྱིན་པར་བྱ་བ་མིན། དེ་བས་སྙིང་ལྟར་གཅེས་པར་བཟུང་། དེ་ལྟར་བསྲེ་བསྐོར་དགུའི་གདམས་པའི་ཡིག་ཆུང་གསལ་བར་མཁས་གྲུབ་རྗེས་མཛད་པའོ། ༈ གཉིས་པ་ཤིན་ཏུ་གཅེས་པའི་གདམས་ངག་ཟབ་མོ་ཞལ་ཤེས་རྣམས་ཞིབ་ཏུ་བཤད་པ་ལ་གཉིས། རྒྱས་པར་བཤད་པ་དང་། དེའི་དོན་བསྡུས་པའོ་


JLD006_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིངས་སྐྱབས་སུ་མཆིའོ། བརྩེ་བ་ཆེན་པོར་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། རྡོ་རྗེ་འཆང་དབང་ཐུགས་ཀྱི་བང་མཛོད་ལས། མངོན་པར་དབང་བསྐུར་དཔལ་ལྡན་བླ་མའི་ཞབས། སྙིང་ནས་འདུད་དོ་ཐུགས་རྗེའི་ལྕགས་ཀྱུ་ཡིས། བདག་དང་དམ་ཚིག་ལྡན་པའི་སློབ་མ་རྣམས། འཇིགས་རུང་འཁོར་བའི་གཙོན་ར་ལས་བསྒྲལ་ནས། བདེ་ཆེན་ཐར་བའི་གནས་སུ་དྲང་དུ་གསོལ། འདིར་རྒྱུད་སྡེ་བླ་ན་མེད་པའི་དགོངས་པའི་གནད་མཐར་ཐུག་པ། རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ། གྲུབ་ཆེན་རྣམས་ཀྱི་ཉེ་ལམ། རྣལ་འབྱོར་བའི་བློའི་གདེངས་འཆའ་ས། བསྲེ་བ་བསྐོར་གསུམ་གྱི་གདམས་ངག །དཔལ་ལྡན་བླ་མ་དམ་པའི་ཞལ་གྱི་བདུད་རྩི་ཉམས་ཀྱིས་དོགས་ནས་གནད་བསྒྲིལ་ནས་བརྗོད་པར་བྱ་སྟེ། དེ་ཡང་ཚེ་འདིའི་ལུས་འབུལ་བ་ན་བར་དོའི་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཉིད་ཕ་མའི་ཁུ་ཁྲག་གི་དྭགས་མ་གཉིས་ཀྱི་དབུས་སུ་འཇུག་ཅིང་། དེ་ནས་ཁུ་ཁྲག་གི་དྭངས་མ་གཉིས་ཀྱི་དབུས་ན་ཤིན་ཏུ་ཕྲ་བའི་རླུང་སེམས་བཅུག་པ་དེ་སྙིང་གའི་དབུ་མའི་ནང་དུ་བཅུག་ནས་སྙིང་གའི་རྩ་འཁོར་ཆགས་ཤིང་། དེ་ནས་རྩ་ཡར་མར་དུ་གྱེས་པའི་ནང་ནས་རྒྱུ་བའི་རླུང་རགས་པ་རྣམས་དང་། དེ་ལ་ཞོན་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་རགས་པ་རྣམས་སྐྱེལ། དེའི་ཚེ་ཤིན་ཏུ་ཕྲ་


JLD006_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རླུང་སེམས་ཀྱིས་བྱ་བ་མི་བྱེད་ཅིང་། འཆི་བའི་ཚེ་སའི་ཁམས་ཐིམ་པ་ན་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་ཆུའི་ཁམས་ཐིམ་པ་ན་དུ་བ་ལྟ་བུའི་སྣང་བ་འཆང་། དེའི་རྗེས་སུ་མེའི་ཁམས་ཐིམ་པ་ན་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་རླུང་རགས་པ་ཐིམ་འགྲོ་བ་ན་མར་མེ་འབར་བ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་རང་བཞིན་གྱི་རྟོག་པའི་བཞོན་པར་གྱུར་པའི་རླུང་རགས་པ་འདི་དབུ་མའི་ནང་དུ་ཐིམ་པ་ན། ཁ་རང་སྣ་བུག་ནས་རྒྱུ་བ་འགགས་འགྲོ་ཞིང་། ཕྱི་དབུགས་ཆད་པ་ཞེས་ཟེར། དེའི་ཚེ་མིག་གིས་གཟུགས་མི་མཐོང་། རྣམ་པས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེ་ས་རོ་མི་མྱོང་། ལུས་ཀྱིས་རེག་བྱ་མི་ཚོར་ཞིང་། ཡིད་ངོར་སྟོན་གྱིས་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ་ཟླ་འོད་ཀྱིས་ཁྱབ་པར་ལྟ་བུའི་དཀར་ལམ་གྱི་སྣང་བ་འཆར། དེ་ལ་སྣང་བ་ཞེས་ཟེར། དེའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ་ཉི་མའི་འོད་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་གྱི་སྣང་བ་འཆར། དེ་ལ་མཆེད་པ་ཞེས་ཟེར། དེའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་ལ་ལྟ་བུའི་སྟོང་སང་ལ་མཚམས་ཀྱི་མུན་པས་ཁྱབ་པ་ལྟ་བུའི་ནག་ལམ་གྱི་སྣང་བ་འཆར་བ་དེ་ཉིད་ཉེར་ཐོབ་ཀྱི་སྟོད་ཡིན། དེ་ནས་བརྒྱལ་བ་ལྟ་བུའི་དྲན་མེད་དུ་སོང་བ་དེ་ཉིད་ཉེར་ཐོབ་ཀྱི་སྨད་ཡིན། སྣང་བ་མཆེད་པ་ཉེར་ཐོབ་གསུམ་གའི་སྐབས་སུ་རྟོག་པ་གཞན་ཕྱི་རོལ་གྱི་ཡུལ་གང་ལ་ཡང་མི་འཕྲོ་བ་ཞིང་འོང་། དེའི་


previousཤོག་ལྷེབ་ ༦༢༩ ནས་ ༧༠༠ བར།next