Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
  expand section
   
   
   
   
   
   
   
   
   
   
  expand section
   
དཔལ་གསང་བ་འདུས་པའི་མན་ངག་ཡིག་ཆུང་གི་སྒོར་རྣམས་བཞུགས་སོ།
   


 
previousདཔལ་གསང་བ་འདུས་པའི་མན་ངག་ཡིག་ཆུང་གི་སྒོར་རྣམས་བཞུགས་སོ། next

དཔལ་གསང་བ་འདུས་པའི་མན་ངག་ཡིག་ཆུང་གི་སྒོར་རྣམས་བཞུགས་སོ།


JLD006_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་མན་ངག་ཡིག་ཆུང་གི་སྒོར་རྣམས་བཞུགས་སོ།


JLD006_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་འཁོར་མེད་རིག་པའི་སེང་གེ་ལ། །སྙིང་ནས་འདུད་དོ་ཚད་མེད་ཐུགས་རྗེས་གཟིགས། །རབ་དཀར་དད་གུས་དྲག་པོས་གསོལ་འདེབས་ན། །ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ། ༈ གནས་ཚུལ་གྲུ་གཟིགས་རིག་པའི་སྐྱབ་འཛིན། །དེད་དཔོན་བཤེས་གཉེན་མཆོག་གི་ཞབས་བཏུད་ནས། །ཉིད་ཀྱི་ཐུགས་བཅུད་ཞལ་གྱི་གདམས་པ་མཆོག །ཡི་གེར་བཀོད་ལ་བསྲུང་མས་གྲོགས་མཛོད་ཅིག །དེ་ལ་ཞིག་ལྷག་གི་མཚན་ཉིད་དང་། །རྒྱུ་ཚོགས་བརྟེན་པའི་རིམ་པ་ལ་སོགས་པ་རྣམས་མཐར་དག་པར་བྱང་ཆུབ་ལམ་གྱི་རིམ་པར་ཤེས་པར་བྱས་ལ། འདིར་ནི་དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་ཤེས་དག་བྲི་བར་བྱའོ། དེ་ཡང་ཞི་ལྷག་གང་གི་སྐབས་སུ་ཡང་བྱིང་རྒོད་གཅོད་པ་ཤིན་ཏུ་གལ་ཆེ་བས། ཕྱིར་


JLD006_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་མཙན་ཐབས་སུ་སེལ་ཚུལ་ནི། །བྱིང་རྒོད་ཤས་ཆུང་ཞིང་ལན་རེ་ཙམ་ལས་མི་འབྱུང་ན། སྐབས་གཞན་ནས་འབྱུང་བ་ལྟར་དྲན་ཤེས་བསྟེན་ཚུལ་མཁས་པས་སེལ་ལ། །བྱིང་རྒོད་ཤིན་ཏུ་ཆེ་ཞིང་ཡང་འབྱུང་བ་ལ་ནི། །འདི་ལྟར་ཕྱིང་བ་དང་རྨུགས་པ་ཡང་ཡང་འབྱུང་ན། རང་གི་སེམས་དང་ནམ་མཁའ་གསལ་སྟོར་གཉིས་དབྱེར་མེད་དུ་བསྲེས་ནས་བཟུང་བས། སེམས་གསལ་ལ་དྭངས་ཤིང་དམིགས་པ་ལ་འདོད་པ་གཞན་གནས་པ་ཞིག་འོང་བ་ཡིན་ནོ། རྒོད་པ་ལ་ནི་རླུང་སྦྱོང་བྱས་ཏེ་ནང་དུ་བཟུང་བས་སེམས་ཡང་གནས་ཤིང་། རིག་པ་དྭངས་སྙིགས་ཕྱེ་ནས་འོང་བ་ཡིན་ནོ། སྤྱིར་རྒོད་བཙན་ཐབས་སུ་གཅོད་པའི་ཞལ་ཤེས་སོ། གང་ལ་འཇོག་པའི་དམིགས་པ་དང་། ཇི་ལྟར་འཇོག་པའི་དམིགས་


JLD006_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་། དམིགས་པ་བསྒོམ་པས་མྱོང་བ་སྐྱེ་ཚུལ་དང་། བྱིང་རྒོད་ཕྲ་རགས་ཀྱི་དབྱེ་བ་དང་ཁྱད་པར་རྣམས་ཤེས་པར་བྱ་དགོས་སོ། ལྷག་མཐོང་ལ་ཐོག་མར་དགག་བྱ་དེའི་ཚད་འཚར་ཚུལ་ནི། ཐོག་མར་བློ་ལྷན་སྐྱེས་ལ་ང་ཙམ་ཇི་ལྟར་འཆད་བ་ལྟེ། དེ་ངེས་ནས་ང་ཙམ་དེ་ངའོ་སྙམ་འི་བློ་ལ་ཇི་ལྟར་སྣང་བལྟ། སྣང་ཚུལ་དེས་ནས་ངའོ་སྙམ་བའི་བློ་འདིས། ང་ཇི་ལྟར་བཟུང་ངེས་པར་བྱེད་པ་སྟེ། དེ་ལ་ཡང་སྔོན་དུ་སྣང་བའི་འཆར་ཚུལ་དང་། དེ་ནས་ཞེན་པའི་འཆར་ཚུལ་གཉིས་ལ་རིམ་པ་བཞིན་ཐ་དད་དུ་གཉེན་པོ་བསྟེན་དགོས་སོ། བལྟ་ཚུལ་ཡང་ངའོ་སྙམ་པའི་བློ་མ་ཤོར་བར་བྱས་ནས་བློ་གཞན་ཞིག་གིས་ཟུར་ནས་བལྟ་དགོས་པ་ཡིན་ཏེ། དེ་ལྟར་བལྟས་པ་ན་ཐོག་མར་ཕུང་པོ་འཆར་བ་དང་མི་འཆར་བ་གཉིས་དང་། འཆར་བ་བ་ལ་ང་དེའི་ཕུང་པོའི་དཀྱིལ་ན་གནས་པ་ལྟར་དུ་འཆར་བ་དང་། ཕུང་པོ་ལས་གཞན་མི་འཆར་བ་དང་། མི་འཆར་བ་ཡང་ཅི་མེད་ཀྱི་སྟོང་སང་ལྟ་བུ་དང་། ཁ་དོག་དང་གཟུགས་ཀྱི་རྣམ་པ་ལྟ་བུ་འཆར་བ་རྣམས་ནི་འཆར་ཚུལ་རྣམ་དག་མིན་ནོ། ངེས་ན་བློ་ལྷན་སྐྱེས་འདི་ང་ཡུལ་གང་ལ་ཡང་ལྟོས་པ་མེད་པ་འདྲ་བའི་རང་ངོས་ནས་ལྷང་ངེ་ཞིག་འཆར་ལ། དེ་ཉིད་ཐ་སྙད་ཧརྔ་ངེ་བ་དང་། ཕོབ་ཕོབ་པ་དང་། ནུས་པ་ལྷང་ངེ་བ་དང་། ལམ་མེ་བ་སོགས་གང་དང་སྦྱར་ཡང་འཆར་བ་འདྲ་བ་ཞིག་འོང་ངོ་། སྣང་བ་དེ་ཡང་ཡུན་ཐུང་བས་ཕྲེང་ཙམ་ལས་མི་འཆར་རོ། དེ་ཡང་བློ་དེ་དང་མཉམ་དུ་སྔོན་ནས་གྲུབ་གྲུབ་པ་ཞིག་དྲན་པ་ལྟར་དུ་འཆར་རོ། འཆར་ཚུལ་དེ་ལ་ཡང་ཕུང་པོ་དང་གཅིག་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ངོ་།


JLD006_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ངན་ཞེས་པ་དང་ངའི་ལག་པ་ན་ཞེས་པ་ལྟ་བུའམ། ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་བར་ང་བྱ་བ་བྱེད་དོ། ཞེས་པ་ལྟ་བུ་ནི་ངར་ཞེན་པ་ཡིན་ནོ། ངའོ་སྙམ་པའི་བློ་ནི་ང་འགྲོ་ང་སྡོད་སྙམ་པ་རྣམས་སོ། དེ་ལྟར་འཆར་ཚུལ་ངེས་ནས་དེ་ལྟར་གྲུབ་ན་ཕུང་པོ་ལས་གཅིག་ཐ་དད་གང་རུང་ལས་མི་འདའ་བའི་ཚུལ་དང་། གཅིག་ཐ་དད་གཉིས་ཀ་ལ་གནོད་པ་ཡོད་པའི་ཚུལ་བསམས་ནས། ང་སྣང་བ་དེ་ལྟར་གྲུབ་པའི་འདུག་པར་ལྷང་གིས་ངེས་པ་ན། ངེས་ཤེས་ལྷང་ལྷང་བ་བར་མ་ཆད་དུ་སྐྱོང་བ་ནི་སྐྱོད་ཚུལ་གྱི་གནད་དམ་པའོ། དེའི་ཚེ་ཡང་དགག་བྱ་གསལ་བཏབ་ནས་དེ་ལྟར་དུ་མེད་དོ་སྙམ་དུ་བྱེད་པ་མིན་ཏེ། དང་པོར་དགག་བྱ་གསལ་བཏབ་སྟེ། དེ་ལྟར་མེད་པར་ངེས་པའི་དེས་ཤེས་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པའོ། དེ་ལ་གནད་བཞིན་བྱས་ན། དང་པོ་དགག་བྱ་དེ་དེས་བ། གཉིས་པ་ཁྱབ་པ་དེས་བ། གསུམ་པ་ཕྱོགས་ཆོས་ཀྱི་ཟུར་དང་པོ་ངེས་པ། བཞི་བ་ཕྱོགས་ཆོས་ཀྱི་ཟུང་གཉིས་པ་ངེས་པ་དང་བཞི་ལས། ཚད་མ་བཞིར་བྱས་ན། དགག་བྱའི་འཆར་ཚུལ་ངེས་པའི་ཚད་མ། གཅིག་ཐ་དད་ངེས་པའི་ཚད་མ། གཅིག་ཏུ་མ་གྲུབ་པར་ངེས་པའི་ཚད་མ། ཐ་དད་དུ་མ་གྲུབ་པར་དེས་པའི་ཚང་མ་དང་བཞིའོ། དེ་ལ་བོགས་འདོན་པ་ཡིན་མ། མཉམ་རྗེས་ཀྱི་སྐྱོང་ཚུལ་གཉིས་ལ་མཁས་པས་འདོན་པ་ཡིན་ལ། གེགས་སེལ་ལ་ཆད་ལྷ་ནི་གནད་དང་པོའི་ཚད་མས་ངེས་ན་མི་འབྱུང་ཡང་བདག་ཆད་ཀྱིས་དོགས་པའི་འཇིགས་པ་ནི། རྗེས་ཐོབ་ཀྱི་སྣང་བ་སྐྱོན་མེད་འདི་ཀས་


JLD006_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ནུས་སོ། སྟོང་ཉིད་རྒྱང་ཆད་དུ་བསྒོམ་ནས་བདེན་གྲུབ་ཀྱི་རྟག་ལྟ་བསྒོམས་པར་འགྱུར་བས། བློ་དང་བསྲེས་ནས་དབྱེར་མེད་དུ་བསྒོམ་མོ། ང་ཡི་བའི་འཆར་ཚུལ་ནི། ང་ཡིའོ་སྙམ་པའི་བློ་སྤྱི་འདིའི་འཆར་ཚུལ་ང་ཡིའོ་སྙམ་དུ་བསམས་པ་ན་བློ་དེ་དང་མཉམ་དུ་ལིང་ཆད་དུ་ཆར་ཆར་བ་འདྲ་བ་ཞིག་འཆར་ལ། དེ་ཉིད་སྣང་བ་ལྟར་གྲུབ་ན། མིག་སྣ་སོགས་དང་གཅིག་ཐ་དད་གང་རུང་དུ་གྲུབ་ངེས་ལ། གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་དུ་འགྱུར་བས། མིག་གིས་ཀྱང་སྒྲ་ཐོས་པར་འགྱུར་ལ། རྣ་བས་ཀྱང་གཟུགས་མཐོང་བ་ཐོགས་སུ་འགྱུར་རོ། ཐ་དད་དུ་གྲུབ་ན་ང་ཡི་འོ་སྙམ་པའི་བོ་དེ་ཉིད་ཀྱིས་ཡུལ་ལ་ལོངས་སྤྱོད་པ་ཡོད་པ་དང་། ང་ཡི་བ་རྣམས་བདེ་བ་བསྒྲུབ་བྱ་མིན་པར་འགྱུར་བས། དེ་ལྟར་ངེས་པ་དྲངས་ནས་སྐྱོན་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། དེ་ནས་ཤེས་པའི་འཆར་ཤུལ་ལ་ཡང་བལྟ་སྟེ། དེ་ཡང་ཡུལ་རང་དབང་དུ་སྤྱོད་པ་འདྲ་བའི་ཚུགས་ཐུབ་ཏུ་འཆར་རོ། དེའི་ཡང་ངེས་པ་འདྲེན་ཚུལ་དང་སྐྱོབ་ཚུལ་མཉམ་རྗེས་སོགས་སྔར་དང་འདྲའོ། དེ་ནས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོའི་སྟེང་དུ་གཏན་ལ་ཕབ་སྟེ་བསྒོམ་མོ། དེ་ནས་གང་ཟག་གཞན་དང་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟེང་དུ་བསྒོམ་མོ། དེའི་འཆར་ཚུལ་ནི། ཀ་བ་ལྟ་བུ་དེ་སྔར་ནས་གྲུབ་གྲུབ་པ་འདྲ་བའི་བརྟན་ཚུགས་པའི་རྣམ་པར་འཆར་རོ། ཐ་སྙད་དུ་ཡོད་པར་བཤད་པ་ནི་མིང་ཙམ་ཞིག་ཡོད་པ་ཡིན་ལ། རིགས་པས་མེད་པས་སྒྲུབ་པ་ནི། བློ་མ་རིག་པས་ཡུལ་རྣམས་རང་དབང་དུ་བཟུང་བ་ལྟར་མེད་པར་སྒྲུབ་པ་ཡིན་ནོ། ཙོང་ཁ་པ་ཡི་


JLD006_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ལུགས་གསལ་མཛད་ཆོས་ཀྱི་རྗེ། །མཁས་གྲུབ་ལེགས་བཤད་འོད་དཀར་རྒྱས་པ་དེས། །གང་གི་བློ་མུན་བསལ་བའི་མཐུ་བྱུང་བ། །ཞལ་ཤེས་གནད་ཀྱི་ཐོ་ཡིག་བྲིས་པ་འདིས། །འགྲོ་བའི་སྙིང་གི་མུན་པ་སེལ་གྱུར་ཅིག །ཞལ་ཤེས་གནད་ཀྱི་ཐིམ་ཡིག་དགེའོ། །༈ རྡོ་རྗེ་འཆང་དབང་གང་དེའི་བརྩེ་བ་ཡིས། །རོལ་བའི་བཤེས་གཉེན་ཚུལ་བཟུང་ཐེག་མཆོག་མགོན། །རྗེ་བཙུན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །རྩེ་བའི་ཐུགས་ཀྱིས་རྟག་པར་གཟིགས་སུ་གསོལ། །དེ་ལ་འདིར་ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལེན་པའི་གང་ཟག་གིས་དམིགས་པ་ཡིད་ལ་བྱེད་པའི་གནད་བཤད་པར་བྱའོ། དེ་ལ་ཐོག་མར་སྔོན་འགྲོ་གཏོར་མའི་གནད་ནི། རང་ཞེ་སྡང་རྡོ་རྗེར་བསྐྱེད་པའི་མདུན་དུ་ཐོང་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་ཤ་ལྔ་བདུད་རྩི་ལྔ་བྱིན་གྱིས་བརླབ་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ནས། ཕྱོགས་སྐྱོང་འཁོར་བཅས་རང་གི་ཕྱོགས་མཚམས་སུ་བཀུག་སྟེ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། རང་གི་མདུན་གྱི་བདུད་རྩི་དེ་ནས་ཐོད་པས་བཅུས་ནས་སོ་སོའི་མདུན་དུ་མཆོད་པས་བཞེས་པར་བསམ་པའོ། དཀྱིལ་འཁོར་མཚམས་སུ་བཀུག་སྟེ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། རང་གི་མདུན་གྱི་བདུད་རྩི་དེ་ནས་ཐོད་པས་བཅུས་ནས་སོ་སོའི་མདུན་དུ་མཆོད་པས་བཞེས་པར་བསམ་པའོ། དཀྱིལ་འཁོར་པའི་ལྷ་ལ་འབུལ་བ་ཡང་དམིགས་པ་འདྲ་ལ། ཁྱད་པར་རང་གི་མདུན་དུ་ལྷ་ཚོགས་གསལ་འདེབས་པ་ཡིན་ནོ། བསྲུང་འཁོར་ཀྱི་གནད་ནི། གཅོད་པའི་འཁོར་ལོའི་རྩིབས་ཐམས་ཅད་སྤུ་གྲིའི་སོ་ལྟར་རྣོ་བ་ཉི་གདན་ལ་ཅུང་


JLD006_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མ་རེག་པར་མགྱོགས་པར་འཁོར་བ། དེའི་དབུས་སུ་གཞལ་ཡས་ཁང་བསྒོམས་ན་ཡང་ཤིན་ཏུ་ལེགས་ཤིང་། གཏོར་མགྲོན་བསྐྱེད་པའི་སྐབས་ཀྱི་རིགས་པ་སྦྱོར་ན་ཡང་ཐོབ་པ་ཡིན་ནོ། དེ་ཡང་བསྲུང་འཁོར་གྲབ་ཙམ་ནས་འགྲུབ་ཁུངདང་ཕུང་བུ་སོགས་ཀྱང་གསལ་གདབ་བོ། གནས་གསུམ་གྱི་ཡི་གེ་གསུམ་ལས་རྡོ་རྗེ་དཀར་དམར་མཐིང་གསུམ་བྱུང་བས་ལུས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། སྒོ་གསུམ་བྱིན་རླབས་དང་སེམས་དཔའ་སུམ་བརྩེག་གི་ཚེ་སྔ་ཕྱིར་ཐུགས་ཀར་ཧཱུཾ་ཡིག་གཉིས་བྱུང་ཡང་ཐ་དད་དུ་མོས་པ་མ་གཏོགས་ཧཱུཾ་ཡིག་གཅིག་གིས་ཆོག་པ་ཡིན་ནོ། ཡུལ་ཅན་བདེ་བས་སྟོང་པ་བསྒོམ་པའི་གནད་ནི། བསྐྱེད་རིམ་གྱི་སྐབས་སུ་གཙོ་བོ་ཡིན་བདེ་ཡིན་པས་དེས་སྟོང་པ་སྔར་ངེས་ཟིན་ལ་རྩེ་གཅིག་ཏུ་འཇོག་པ་ཡིན་ནོ། དེ་ལ་གཉིས་སྣང་གིས་བར་ཆོད་ན་སྡུད་རིམ་གྱི་དམིགས་པ་བྱས་ནས་སྔར་ལྟར་འཇོག་པ་ཡན་ནོ། དེ་ལ་ང་རྒྱལ་འཇོག་པའི་གནང་ནི། ཐ་མལ་གྱི་ཕུང་པོ་དང་བདག་གཉིས་ངའོ་སྙམ་པའི་བློས་མིང་དོན་གཅིག་དུ་བཟུང་ནས་ཞེས་པས་འཁོར་བར་འཁོར་བ་ལྟར། ཡུལ་སྟོང་པ་ཉིད་ལ་གདགས་བཞིར་བྱས་ནས་ན་བཏགས་ཆོས་སུ་བྱས་ཏེ་མིང་དོན་གཅག་ཏུ་བཟུང་བའི་བདེན་འཛིན་སྤངས་ནས་ཆོས་སྐུའི་རྒྱུར་འགྱུར་བ་ཡིན་ནོ། གཟུང་རྣམས་ལྷར་འཆར་ཚུལ་གྱི་གནད་ནི། གཟུང་རྒྱུའི་ཡུལ་སྟོང་བ་ཉིད་དང་འཛིན་མཁན་ནི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་བོ། རྣམ་པ་ལྷར་འཆར་ཚུལ་ནི། ངོ་བོ་འདི་སྟོང་དབྱེར་མེད་དེ་ཉིད་ཡིན་པ་ལ། རྣམ་ལ་ལྷ་དང་གཞལ་ཡས་ཁང་དུ་གྲུབ་པར་


JLD006_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། ལྷག་མོས་ལུས་ལ་བསྡུས་ནས་ད་ལྟ་ཐིམ་པར་བསྒོམ་པ་ནི། གནས་དེ་ཉིད་དུ་ཕར་ལུས་ཀྱི་ནང་དུ་ཐིམ་པར་བསྒོམ་པ་དང་། འཆི་བའི་ཚེ་ལྟ་བུ་ནི་ཆོས་སྐུར་ཐིམ་པར་བསྒོམ་པའོ། དང་པོའི་མགོན་པོ་རང་ཉིད་མི་བསྐྱོད་པ་ལ་འཇུག་པ་ནི། གོས་མ་འཕོས་པར་དབུས་ཀྱི་གདན་ལ་གནས་པའི་ངང་ནས་འཇུག་པ་ཡིན་ལ། དེ་ནས་སྐུ་དེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་པ་ན་ལུས་ཀྱི་ཆ་ཤས་དེ་དག་དེ་གྱུར་པ་ལས་བསྐྱེད་པར་མོས་པ་མ་གཏོགས་རྣམ་པ་བསྡུས་ནས་དེར་གྱུར་པར་བསམ་པ་མིན་ནོ། ལུས་ཀྱི་གནས་རྣམས་སུ་ལྷ་བསྒོམ་པ་ཡང་། གོས་གཅིག་ཏུ་ལྷ་མང་པོ་བསྒོམ་པ་འཆར་དཀའ་ན། གསང་འདུས་འཇམ་རྡོར་ནས་གསུངས་པ་ལྟར་གནས་ཐ་དད་དུ་བསྒོམས་ཀྱང་རུང་ལ། རིགས་བདག་ཡབ་ཡུམ་ལས་བདུད་རྩིའི་རྒྱུན་བབས་པས་སེམས་དཔའ་གསུམ་ཚིམ་ཞིང་དགའ་བདེ་དཔག་ཏུ་མེད་པ་སྐྱེས་པར་ཡང་ཡང་བསམ་པ་གནད་ཆེའོ། མ་འབྱིན་པའི་གནད་ནི། ཐོག་མར་སྙིང་ག་ནས། སྨེ་ཤ་ཅན་ལ་སོགས་པ་རང་རིགས་ཀྱི་མི་མོའི་རྣམ་བཅན་ཡིད་ལ་བཅགས་པའི་བུ་མོའི་རྣམ་པ་གཅིག་ཕྱུང་སྟེ། དེ་ཉིད་བསངས་སྦྱངས་ནས་རེག་བྱ་རྡོ་རྗེ་མར་བསྐྱེད་པའོ། ཕཊ་ཡིག་གི་གནད་ནི། དབུ་ཅན་གྱི་ཕཊ་ཡིག་ཁ་དོག་གསེར་ལྟ་བུ་མགོ་བོ་ནང་དུ་ལྟ་བ་འོད་ཀྱི་རྣམ་པར་བསྒོམ་མོ། དེས་ནི་ཕཊ་ངག་ཏུ་བརྗོད་པ་དང་མཉམ་དུ་སྤྱི་བོ་ནས་བྱང་སེམས་འབོབས་པ་དང་། ཕྱིར་འཕོས་དགག་པ་དང་།


JLD006_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་ཡུལ་གྱི་པདྨར་འབེབས་པ་དང་བྱ་བ་གསུམ་བྱེད་དོ། དང་པོ་སྦྱོང་བ་ལས་མི་བྱེད་ན་ཡུལ་གྱི་པདྨ་འམ་རྡོ་རྗེའི་རྩེ་གང་རུང་དུ་ཐིག་ལེ་ཕབ་པ་ལས་ལྷ་སྤྲོས་ནས་མཛད་པ་དང་སྦྱར་དགོས་སོ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསྒོམ་པ་ནི། རྭ་དབུས་མའི་ཨོཾ་ཡིག་དེ་ལས་འོད་ཟེར་ལྔ་བྱུང་སྟེ་ལུས་ཀྱི་རྩ་ཐམས་ཅད་དང་པདྨའི་ནང་གང་བར་བསྒོམ་པ་ཡིན་ནོ། ཨོཾ་ཡིག་ནི་རྭ་དབུས་མའི་སྦོམ་གྱི་ཆའི་དབུས་སུ་འགོད་ལ། ཕཊ་ཡིག་ནི་རྭ་དངུས་མའི་རྩེར་འགོད་པ་ཡིན་ནོ། ང་རྒྱལ་འཇོག་པའི་གནད་ནི། བདེ་སྟོང་དབྱེར་མེད་ལ་སྔར་ལྟས་ང་རྒྱལ་བཞག་ནས། དེ་ཉིད་ལ་རང་རྡོ་རྗེ་འཆང་དངོས་ཡིན་པ་དང་དཀྱིལ་འཁོར་དེའི་རྣམ་འཕྲུལ་དུ་བལྟས་ཏེ་ཐ་དད་དུ་མི་བཟུང་ངོ་། གསལ་སྣང་འདོན་པའི་གནད་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལམ་གྱིས་གསལ་བཏབ་སྟེ། ཤེས་པས་སྤྱི་དེ་ལ་བཟུང་ནས་ཤེས་པ་ཆ་ཤས་ཕྲ་མོ་གཅིག་གིས་རེ་རེ་ནས་གསལ་སྣང་འདོན་པ་ཡིན་ནོ། ཕྲ་མོའི་གནད་ནི། རང་གི་རྡོ་རྗེའི་ཁའི་ཕཊ་ཡིག་དེ་ཉིད་གནད་དུ་གྱུར་ཏེ། དེའི་སྟེང་དུ་སྙིང་གནས་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་ཞིག་ཕྱུང་་སྟེ་ཕབ་ནས་བསྒོམ་པ་དང་། མཐར་ཐིག་ལེ་ཡང་དྲངས་ནས་ཉི་གདན་ཕཊ་ཡིག་དུ་བསྒྱུར་རོ། སྟེང་གི་སྣ་རྩེར་ཡང་ཉི་གདན་ལ་རྡོ་རྗེ་སྔོན་པོ་ནས་འབུ་ཙམ་དང་། དེ་བརྟན་པས་དེ་ལས་གཅིག་དང་། དེ་ནས་དེའི་རྩེ་ལས་གཅིག་སྟེ་ཇེ་མང་དུ་བཏང་། མཐའ་ཡང་སྙིང་གང་བསྡུ་ལ། དེ་དག་ནི་དམིགས་པ་ཡིད་ལ་བྱེད་པའི་གནད་བསྐྱེད་རིམ་གྱི་སྐབས་


JLD006_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་དུ་མི་རུང་བའི་ཤེས་དག་ཡིན་ནོ། སྲོག་ལས་ཀྱང་གཅེས་པར་གྱིས་གསུངས་སོ། ཞར་ལ་རྫོགས་རིམ་གྱི་གནད་ཅུང་ཟད་ཅིག་བརྗོད་ནས། བདེ་བ་ཆེན་པོ་ནི་ལམ་འདིའི་གཞི་ཡིན་ལ། དེ་རྫོགས་རིམ་ནང་སྒྲུབ་པ་ཡིན་པས། དེ་སྒྲུབ་པའི་ཐབས་འདིར་ཕྲ་མོ་ལས་མ་བཤད་ཀྱང་། མ་རྒྱུད་ཀྱི་གཏུམ་མོ་ཡང་བསྒོམ་ན་ཁྱད་པར་དུ་འགྱུར་བ་ཡིན་ནོ། སྲོག་རྩོལ་གསུམ་གྱི་སྐབས་སུ་སེམས་དཔའ་སུམ་བརྩེགས་དགོས་པས་དེ་བྱེད་ཚུལ་ནི། རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་དུ་སྐད་ཅིག་གིས་ལངས་པའི་སྙིང་གའི་རྩ་མདུད་ཀྱི་མི་ཤིགས་པའ་ཐིག་ལེ་དེའི་དབུས་སུ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་ཕྲ་བ་དང་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དབང་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་ངོ་བོ་རླུང་སེམས་ཀྱི་རང་བཞིན་ཁ་དོག་སྔོན་པོ་ཞིག་བསྒོམས་ནས་དེ་ལས་འབྱུང་འཇུག་བྱེད་པའི་རྡོར་བཟླས་དང་། དེ་ཉིད་ལ་སེམས་འཛིན་པའི་སྔགས་འཁོར་བསྒོམ་པ་རྣམས་བྱེད་པ་ཡིན་ནོ། མཐར་ཡང་རིལ་འཛིན་དང་། རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲེལ་ནས་ལེགས་སོ། བསྐྱེད་རིམ་ནི་རྫོགས་རིམ་གྱི་སྨིན་བྱེད་དུ་བསྒོམ་པ་ཡིན་པས། ལུས་དབེན་ནས་གཟུང་སྟེ་ཟུང་འཇུག་གི་བར་ཐམས་ཅད་དུ་རང་རྡོ་རྗེ་འཆང་དུ་འངས་པ་ན། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ལངས་དགོས་པ་ཡིན་ནོ། ཕྱག་རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པའི་སྲོག་རྩོལ་ནི། ཕྱག་རྒྱ་


JLD006_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་དང་སྙོམས་པར་ཞུགས་བཞིན་པའི་ཚེ་དྷཱུ་ཏཱིའི་མར་སྣང་དམིགས་པ་གཏད་པས། ཡབ་ཡུམ་གྱི་རླུང་དང་བྱང་སེམས་རིམ་གྱིས་འདུས་པ་རྣམས་ཀྱིས་དྷཱུ་ཏཱིའི་མར་སྣ་ཕྱེ་ནས་བཙན་ཐབས་སུ་རླུང་དབུ་མའི་ནང་དུ་འཇུག་པ་ཡིན་ནོ། དེ་ཉིད་སྙིང་གར་དམིགས་པ་གཏད་དེ་སྡུད་རིམ་དང་སྦྲགས་ན་འོད་གསལ་སྐྱེ་བའི་ཐབས་ཀྱང་མཆོག་ཏུ་འགྱུར་བ་ཡིན་ནོ། གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ཡང་འོད་གསལ་བཙན་ཐབས་སུ་འཛིན་པའི་གདམས་པའི་མཆོག་ཡིན་ནོ། ཁྱབ་བྱེད་ཀྱི་རླུང་འདི་རླུང་གཞན་ལས་སྡུད་དཀའ་ཞིང་འདི་རྫོགས་པར་མ་ཐིམ་ན་སེམས་དབེན་གྱི་འོད་གསལ་མཚན་ཉིད་པ་མི་འབྱུང་བས་རླུང་ཅུང་ཟད་སྡུད་ནུས་པ་ནས་འདིའི་སྡུད་རིམ་རེ་ཡང་ངེས་པར་བྱེད་དགོས་སོ། ལུས་དབེན་རྗེས་མཐུན་པ་ཐོབ་ནས་རིལ་འཛིན་དང་རྗེས་གཞིག་གི་དམིགས་པའི་སྡུད་རིམ་རེ་དང་སྦྲགས་ནས་ཉམས་སུ་བླངས་ནས་རླུང་འདུ་སླ་བ་དང་མཉེན་དུ་འགྲོ་འབི་གནད་ཡོད་དོ། རྡོར་བཟླས་ཀྱི་གནད་ནི། འཁོར་ལོའི་སྡུད་རིམ་བྱས་ཏེ་མི་ཤིགས་པ་ལ་སྡུད། མི་ཤིགས་པ་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ལ་བསྡུས་ཏེ། རྩེ་གཅིག་ཏུ་དེ་ཉིད་ལ་སེམས་བཟུང་བཞིན་དུ། ཡི་གེ་གསུམ་གྱི་རྡོར་བཟླས་བྱེད་པ་དེ་ཐུན་མོང་མིན་པའི་གནད་དོ། སྡུད་རིམ་དེ་ལྟ་བུ་དང་ཕྱག་རྒྱ་ལ་བརྟེན་པ་གཉིས་ཚོགས་ཀྱི་སེམས་དབེན་བསྐྱེད་པ་ནི། སེམས་དབེན་གྱི་གདམས་པའོ། སེམས་དབེན་རྗེས་མཐུན་པ་ཐོབ་ནས་སྒྱུ་མའི་སྐུར་ལྡད་ཚུལ་གྱི་གནད་


JLD006_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བ་ནི། འོད་གསལ་ལས་ལྡང་བ་ན། སྙིང་གའི་ཁམས་དཀར་དམར་གྱི་དབུས་ཀྱི་ཡེ་ཤེས་སེམས་དཔའ་སྐུ་མགོག་དཀར་པོ་རྡོ་རྗེ་འཆང་གི་རྣམ་པ་དེ་ཉིད་ལ་སེམས་ཁྲིག་གེ་གཏད་དེ། ཐིག་ལེ་འོག་མ་གདན་དང་སྟེང་མ་གོས་ཀྱི་རྣམ་པར་བྱས་ནས་ལུས་འདིའི་ཕྱི་རོལ་ཏུ་འཕེན་པའི་དབང་གིས་སྐད་ཅིག་ཙམ་གྱིས་འགྲུབ་པ་ཡིན་ནོ། སླར་ཡང་ལུས་ལ་འཇུག་པ་ན་སྔར་གྱི་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ཡིན་ཏེ། གནད་ཁྱད་པར་ཅན་གྱི་ཞལ་ཤེས་སོ། འདི་ལྟར་འཇུག་པའང་བར་དོའི་བསྲེ་བའི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ནི་ཕ་མའི་ཁུ་ཁྲག་དང་། གཉིད་ཀྱི་སྐབས་སུ་རྨི་ལམ་གྱི་ལུས་ཁྱད་པར་བ་ཕུང་པོ་ལ་འཇུག་པ་རྣམས་སྤྲུལ་སྐུ་དང་བསྲེ་བ་ཡིན་པས། སྐྱེ་གནས་ཀྱི་ཁུ་ཁྲག་དང་རང་གི་ཕུང་པོ་མི་བསྐྱོད་པྲ་བསྐྱེད་ནས་སྤྲུལ་སྐུ་བཟུང་བའི་བསམ་པས་འཇུག་དགོས་པ་ཡིན་ལ། རྡོ་རྗེ་འཆང་དུ་བསྐྱེད་པ་མ་ཡིན་ནོ། དེ་ལྟར་ལངས་པའི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་དེ་ནི་སྐུ་མདོག་དཀར་པོར་ཡོད་པ་ཡིན་ཏེ། སྐུ་དེའི་སྒྲུབ་གཞི་སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་དེ་ཁ་དོག་དཀར་པོ་ཡོད་པས་ཡིན་ནོ། དོན་གྱི་འོད་གསལ་ཐོག་མར་མངོན་དུ་བྱེད་པའི་མཚམས་ནི། སྐུ་སུང་ཐུགས་ཀྱི་སེམས་དཔའ་སུམ་བརྩེགས་བྱས་བས་མ་དག་པའི་སྒྱུ་ལུས་དེ་དག་ནས་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་ནཱ་ད་ཡང་འོད་གསལ་དུ་དག་པ་ན་ཐོབ་པ་ཡིན་ནོ། འཕོ་བ་ནི་གཙོ་བོར་མ་རྒྱུད་དག་ནས་འབྱུང་ཡང་ཕ་རྒྱུད་ལ་ཡང་ལམ་གྱི་ཡམ་


JLD006_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་ངེས་པར་དགོས་པས། དེའི་དམིགས་པའི་གནད་ནི། སྔགས་འཁོར་སོགས་རྒྱས་བསྡུས་གང་བྱེད་ཀྱང་འདི་དགོས་ཏེ། དམིགས་པ་སྦྱོང་བ་ན། སྙིང་གའི་ཡི་གེ་རྣམས་གྱེན་དུ་བསྒྱུར་བ་དང་། སྙིང་གའི་རྩ་འཁོར་ཡང་ཐུང་མ་ལ་སོགས་པས་རྒྱུ་མ་སོགས་ཀྱི་ཕྱི་ནང་བསྒྱུར་བ་ལྟར་དུ་དབུ་མའི་ནང་ནས་གྱེན་ལ་བསྒྱུར་ཏེ། དེའི་རྩེར་ཡི་གེ་དེ་རྣམས་དེད་པའི་རྣམ་པར་བསྒོམ། སླར་ཕྱིར་བསྒྱུར་ཏེ་སྔར་ལྟར་འཇོག་པ་ནི་གནད་དམ་པའོ། འདི་ལྟར་བྱས་པས་རྩ་རྣམས་མཉེན་དུ་སོང་ནས་སྦྱངས་པ་མཐར་ཕྱིན་པ་ན་དངོས་སུ་དེ་ལྟར་ནུས་པ་འབྱུང་ངོ་། སྟོང་ཉིད་བསྒོམ་པའི་གནད་ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་བཞིག་བསྐྱེད་དེ། དེ་ནས་རིགས་པས་ལེགས་པར་དཔྱད་ནས། ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས། ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་ལུས་ལ་གནང་དུ་བསྣུན་པའི་ཐབས་བསྒོམས་པས་རྫོགས་རིམ་གྱི་བདེ་བ་མ་མཐའ་གཅིག་རྙེད་པ་ནས། སྔར་ལྟར་དཔྱད་པ་མི་གྱེད་པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ། སེམས་བདེ་བའི་ངོ་བོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་པ་ཉིད་ལ་བོགས་ཐོན་ནས་སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང་། བདེན་འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་བཟློག་པ་ཡིན་ནོ། དེས་ན་ལམ་འདི་ལ་ནི་ཐོག་མར་འཁོར་བ་མཐའ་དག་ལ་གཏིང་ནས་ཞེན་པ་ལོག་ནས། འཁོར་བའི་ཕུན་ཚོགས་ཇི་འདྲ་བ་ཞིག་ལ་ཡང་


JLD006_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

བཙོན་དོང་ལྟར་མཐོང་བའི་ངེས་འབྱུང་གི་བསམ་པ་དྲག་པོ་ཞིག་དང་། དེ་ཡང་རང་ཉིད་གཅིག་པུའི་ཕྱིར་མིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་དུ་མས་མནར་བ་ལ་སྙིང་ཐག་པ་ནས་མ་བཟོད་པས་དེ་ཉིད་འདོན་པ་ལ་སྐད་ཅིག་ཀྱང་མི་ཡེངས་པར་རིགས་པའི་བློ་བཅོས་མ་མ་ཡིན་པ་ཞིག་དགོས་པ་ཡིན་ནོ། དེའི་ཕྱིར་ཐོག་མར་གང་ཁས་བླངས་པའི་བསྲུར་སྡོམ་པ་ལ་འབད་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ཞིག་བྱ། དེ་ནས་བྱང་ཆུག་ཀྱི་སེམས་བཅོས་མིན་ཞིག་མེད་ན་ཐེག་པ་ཆེན་པོའི་ལྨ་དུ་མི་འགྱུར་བས་དེ་ལ་འབད་པར་བྱའོ། བདག་མེད་ཀྱི་ལྟ་བ་རྣམ་དག་གཅིག་མེད་ན་འཁོར་བ་ལས་ཀྱང་མི་ཐར་བས་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་བྱ། དེ་ལྟར་བྱས་ཏེ་ཐབས་ཟབ་མོ་འདི་ལྟ་བུའི་ལམ་དང་སྦྲགས་ནས་ལུས་ལོངས་སྤྱོད་ལ་ལྟོས་པ་མེད་པར་བརྩོན་པ་ཆེན་པོས་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་བླངས་ན་འཁོར་བའི་སྡུག་བསྔལ་གྱི་ཆུ་བོའི་ཆེན་པོ་བསྐམས་ཏེ། རང་གཞན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་པའི་གོ་འཕང་ཡང་མྱུར་དུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། འདི་དག་ནི་གནད་འགག་སྡོམ་ཆེ་བ་རྣམས་ཀྱི་དམིགས་པའི་གནད་འགའ་ཞིག་བསྡུས་པའི་མན་ངག་ཐུན་མོང་མ་ཡིན་པའི་ཞལ་ཤེས་མེད་དུ་མི་རུང་བའི་སྲོག་དག་ཡིན་ནོ། རྣམ་འདྲེན་སྐུ་བཞིའི་གོ་འཕང་མཆོག་བརྙེས་ནས། གདུལ་བྱའི་བློ་མུན་མ་ལུས་སེལ་མཛད་པ། ཆོས་ཀྱི་རྒྱལ་པོ་མཁས་གྲུབ་དགེ་ལེགས་དཔལ། གང་དེའི་གསུང་གི་བདུད་རྩིས་ལུས་འཚོ་བ། དད་པའི་དབང་པོའི་སྐོལ་བཟང་སྐྱེ་


JLD006_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངོར། ཞལ་ཤེས་གདམས་པ་མ་ནོར་ཚར་བར་བྲིས། དེས་ནི་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། གཡེལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག ༈ རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། ལུས་དབེན་ཡི་སྐབས་སུ་འཛག་གེགས་བྱུང་ན། དྷཱུ་ཏཱིའི་མར་སྣང་དམིགས་པ་གཏད་ནས། དྷཱུ་ཏཱིའི་དབུས་སུ་དམིགས་པ་སྔོ། དེས་མ་སེལ་ན་གསང་བའི་རྩེར་སྤོ། དེས་ཀྱང་མ་སེལ་ན་ལྟེ་བར་སྦོ་བ་དང་། ལུས་དབེན་གྱིས་ཕྲ་ཐིག་བསྒོམ་པའི་སྨིན་བྱེད་དུ་བསྐྱེད་རིམ་པའི་ཕྲ་མོ་སྒོམ་པ་ཡིན་གསུངས་སོ། ངག་དབེན་གྱི་སྐབས་སུ་རྡོར་བཟླས་ཁྱབ་བྱེད་ཀྱི་རླུང་ལ་ཡང་བྱེད་པས་ཁྱབ་བྱེད་ཀྱི་རླུང་འདུས་བར་བྱེད་པའི་ཆེད་ཡིན་ཞིང་། འདུས་པའི་ལུས་དབེན་དང་ངག་དབེན་གྱི་དོན་མ་རྒྱུད་པའི་གཏུམ་མོའི་རྣལ་འབྱོར་ཡིན། དེ་ལ་ཡང་ཕྱིའི་གཏུམ་མོ་ཤ་ལྤགས་ཀྱི་བར་དང་། རོ་མའི་ནང་ནས་ནང་གི་གཏམ་མོ། རྩ་གཞན་རྩམས་ཀྱི་ནང་ནས་གསང་བའི་གཏུམ་མོ་དྷཱུ་ཏཱིའི་ནང་ནས་འབར་བ་བཞིན། དཀར་ཆ་ཡང་ཕྱི་ཤ་ལྤགས་དང་། རྐྱང་མ་དང་། ནང་ཏི་རྩ་གཞན་རྣམས་དང་། གསང་བ་དྷཱུ་ཏཱིའི་ནང་ནས་འབབ་པ་ཡིན་གསུངས་སོ། སེམས་དབེན་གྱི་སྐབས་སུ་སེམས་དབེན་རྫོགས་པར་སྐྱེ་བ་ངེས་པར་སྤྱོད་པ་ལྟོས་པའི་དགོས་པ་བྱ་བ་བྱེད་ཀྱི་རླུང་སྡུད་པ་ཡིན། འདུས་པའི་སེམས་དབེན་གྱི་དོད་ལ་མ་རྒྱུད་པ་ལ་དགའ་བཞི་བསྐྱེད་པ་ཡིན་པས། འདི་ལ་ཞས་ཤེས་མང་པོ་ཡོད་པར་གསུངས་སོ། ཕྱིའི་ཕྱག་རྒྱལ་གྲངས་བཅུ་གཉིས་མ་ལ་བསྔགས་པ་


JLD006_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དུས་གཏུམ་པོ་ཕལ་པ་ཡང་མཉམས་པའི་རྒྱུ་མཚན་གྱིས་ཡིན། སྤྱོད་པ་ལ་བརྟེན་ནས་ཀྱབ་བྱེད་ཀྱི་རླུང་སྡུད་པའི་རྒྱུ་མཚན། དེའི་རྐྱེན་གྱིས་བདེ་བ་ཁྱད་པར་ཅན་སྐྱེ། དེས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་སེམས་མ་ལུས་པར་འདུས་པ་ཡིན་གསུངས་སོ། དེ་ཡང་ལུས་དབེན་དང་ངག་དབེན་ཀྱི་སྐབས་སུ་བསྒོམ་སྟོབས་ཀྱིས་སྐྱེ་བས་དེ་ལ་ངེས་པར་ལྟོས་མི་དགོས་ཀྱང་། བརྟེན་པ་བྱུང་ན་ཤིན་ཏུ་སྟོབས་ཆེ་ཞིང་། དེའི་དགོས་པ་རྫོགས་རིམ་གྱི་རྟོགས་པ་སྔར་མེད་གསར་དུ་སྐྱེ་བའི་ཕྱིར་ཡིན་ནོ། སེམས་དབེན་དང་སྒྱུ་ལུས་སྟོན་པའི་དགོས་པ་རྟོགས་པ་གོང་ནས་དུ་འགྱུར་པའི་ཕྱིར་ཡིན། དེ་གོང་འོག་ཟུང་དུ་རྟེན་པའི་དགོས་པ་སྤང་བྱ་སྤོང་བ་ལ་ནུས་པ་མཐུ་ལྡན་དུ་བྱེད་པའི་ཕྱིར་ཡིན། ཡང་ལུས་དབེན་གྱི་ཕྲ་ཐིག་གི་སྐབས་སུ་བདེ་བ་ཁོ་ན་འདྲེན་པ་ཡིན། དེ་བརྟན་ནས་སྟོང་ཉིད་ངེས་ཟིན་བརྟན་པར་བྱས་ནས་སྦྱོར། རིགས་པས་དཔྱད་པ་མི་བྱེད། བྱས་ན་སླར་རྟོག་པའི་སྤྲོ་བསྡུ་ལས་རླུང་ལངས་ནས་གེགས་སུ་འགྲོ་ཡིན་གསུངས། སྒྱུ་ལུས་མཚུངས་ལྡན་ལྔ་དང་ལྡན་པ་ནི། གཉིད་ཀྱི་འབྱུང་བ་ཐིམ་རིམ་གྱིས་དཔེའི་འོད་གསལ་ལས་རྨི་ལམ་གྱི་ལུས་སུ་ལངས་པ་དང་། དེ་ཡང་རླུང་སེམས་ཙམ་ལས་གྲུབ་པ་དང་དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་གོ་ས་ལོགས་སུ་ཕྱེ་བ་ལྟུ་བུ་དང་། དེ་ཟུང་འཇུག་ཏུ་སྟོན་ཟེར། སླར་ཡང་ལུས་རགས་བ་ལ་འཇུག་པ་དང་། རིམ་པ་བཞིན་ལམ་དུས་ཀྱི་འབྱུང་བ་ཐིམ་རིམ་རྣམས་ཀྱིས་དཔེའི་


JLD006_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

འོདགསལ་ལས་སྒྱུ་ལུས་སུ་ལངས་པ་དང་། དེ་ཡང་རླུང་སེམས་ཙམ་ལས་གྲུབ་པ་དང་། དེར་ང་རྒྱལ་འཕོས་པ་དང་། ལུས་རགས་པ་ལས་ལོགས་སུ་ཕྱེ་བ་དང་། སླར་ཡང་ལུས་རགས་པ་ལ་འཇུག་པ་དང་ཆོས་མཚུངས་པ་ཡིན་གསུངས། བསྲེ་བའི་སྐབས་སུ་གཉིད་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན། རང་སྟོབས་ཆེ་ཞིང་རྨི་ལམ་རྣམས་ཕལ་ཆེར་འཁྲུལ་མེད་འོང་བའི་རྒྱུ་མཚན་སད་དུས་སུ་སྙིག་གའི་སྡུད་རིམ་ལ་ལེགས་པར་སྦྱངས་ནས་རླུང་འདུས་པ་དང་གཉིད་དང་རྨི་ལམ་དུ་སྙིང་གར་རླུང་ལེགས་པར་འདུས་པའི་དུས་སུ་ལྐོག་གྱུར་གཏན་ལ་འབེབས་པའི་བག་ཆགས་རྣམས་ཀྱང་འདུས་པའི་གནད་ཀྱིས་ཡིན་གསུངས། གཉིད་ཀྱི་འོད་གསལ་དང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་རླུང་སྟོབས་ཀྱིས་ཟིན་པར་ཁྱབ། དེ་བཞིན་དུ་གཉིད་ཀྱི་འོད་གསལ་དང་རྨི་ལམ་འདུན་པས་ཟིན་ན། འཆི་བའི་འོད་གསལ་དང་བར་དོ་འདུན་པས་ཟིན་པས་ཁྱབ་ཅིང་། སྨིག་རྒྱ་སོགས་ཀྱི་གྲངས་རྣམས་ངེས་པར་འཁྲུལ་མེད་འཆར་ན། རླུང་སྟོགས་ཀྱིས་གཉིད་ཀྱི་འོད་གསལ་སོགས་ཟིན་པས་ཁྱབ་པ་ཡིན་པས། རྨི་ལམ་གྱི་བསྲེ་བ་འདི་དག་བར་དོ་དང་བསྲེ་བའི་ཚད་འཛིན་འཁྲུལ་མེད་ཡིན་གསུངས་སོ། དེའི་ཐབས་ཀྱང་ཞག་འགག་གཡིད་བཅག་ནས་ཉིན་པར་སྙིང་གིའི་སྡུད་རིམ་སྦྱངས། མཚན་མོ་གཉིད་ལོག་ཁར། སྙིང་གའི་སྡུད་རིམ་དང་། རྡོར་བཟླས་དང་། བསམ་གཏན་གཉིས་ཀྱི་སྡུད་རིམ་གྱི་གཉིད་དུ་གཏང་བས་ལན་གཅིག་མི་འཆར་ཡང་། ཐེབས་


JLD006_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གསུམ་བྱས་པས་ངེས་པར་རྟགས་འཆར་གསུངས་སོ། གཉིད་དང་རྨི་ལམ་ཟིན་དུས་གཉིད་ཀྱི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག །དེ་ལས་ལྡང་བར་རྩོམ་པ་ན། འཕེན་པ་བཏང་ནས་ལོངས་སྤྱོད་རྫོགས་སྐུ་ལྡང་། དེ་ལས་སད་པར་བརྩམ་པ་ན། སྙིང་གའི་སྡུང་རིམ་སོགས་བྱས་ནས་གཉིད་ཀྱི་འོད་གསལ་དུ་སྟོང་འཁོར་མར་བྱེད་པ་ནི། གཉིད་དང་རྨི་ལམ་གྱི་དགེ་སྦྱོར་གྱི་གཙོ་བོ་ཡིན་གསུངས་སོ། སྤྲུལ་སྐུ་དང་བསྲེ་བའི་གནས་སྐབས་སུ་རླུང་སྟོབས་ཀྱིས་བར་དོ་ལོངས་སྐུ་ཟིན་པ་ལ་མི་དགོས་ཀྱང་། འདུན་པས་བར་དོ་ཟིན་པའི་དུས་སུ་འཕོ་བ་དགོས་པ་ཡིན་གསུངས་སོ། དེའི་མན་ངག་ནི་གཞན་ཏནམས་མི་དགོས་པར་བར་དོའི་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས་རྣམ་ཤེས་བཞོན་པ་དང་བཅས་པ་དེ་མཁའ་སྤྱོད་དམ་འོག་མིན་སོགས་སྔགས་སྤྱོད་པའི་ལུས་རྟེན་ཁྱད་པར་ཅན་དུ་འཕོ་གསུངས་སོ། རྨི་ལམ་རླུང་སྟོབས་དང་འདུན་པ་གང་གིས་ཟིན་ཀྱང་ལོངས་སྐུ་དེ་ལས་ལྡང་བར་བརྩམ་པ་ན་འཕེན་པ་བཏང་ནས་རྣམ་སྨིན་གྱིས་ལུས་སྤྲུལ་སྐུ་མི་བསྐྱོད་པ་སོགས་སུ་ལྡང་བར་བྱེད་ཅིང་དེ་ལས་ཕྲ་བ་ནི་རྨི་ལམ་གྱི་ལོངས་སྐུ་ལས་རྣམ་སྨིན་གྱི་ལུས་རང་དགའ་བར་ལྡང་བར་བརྩམ་པ་ན་འཕེན་པ་བཏང་ནས་སྤྲུལ་སྐུ་མི་བསྐྱོད་པའམ་རྡོ་རྗེ་འཆང་དུ་ལྡང་། དེ་ལས་ལྡང་བར་རྩོམ་པ་ན། རླུང་སྟོབས་ཀྱིས་ཟིན་ན་རྣམ་སྨིན་གྱི་ལུས་དང་། རྨི་ལམ་གྱི་ལུས་གཉིས་སོ་སོར་སྣང་བར་རྣམ་སྨིན་གྱི་ལུས་སྤྲུལ་སྐུ་མི་


JLD006_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པའམ་རྡོ་རྗེ་འཆང་སོགས་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་འཇུག་པ་ཡིན་གསུངས་སོ། སྒྱུ་ལུས་ཀྱི་མེད་མི་རུང་ཁྱད་པར་ལྔ་དང་ལྡན་པ་ནི། གང་ནས་ལྡང་བ་གནས་ཀྱི་ཁྱད་པར་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་ནས་དང་།་དེ་ཡང་ནང་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་བ་འདྲ་བའི་ནང་ནས་ལྡང་། གང་ལས་ལྡང་རྒྱུའི་ཁྱད་པར་ཐིག་ལེ་དེའི་ནང་གི་སྲོག་རླུང་ཤིན་ཏུ་ཕྲ་བ་དང་རྣམ་ཤེས་ཤིན་ཏུ་ཕྲ་བ་ལས་ལྡང་། ཐོག་མེད་ནས་ཀྱི་ཐིག་ལེ་ཤིན་ཏུ་ཕྲ་བ་ཡོད་གསུངས་སོ། གང་གིས་ལྡང་བ་རྟེན་གྱི་ཁྱད་པར་སྒྱུ་མའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེལ་བ་དྲག་པོས་ལྡང་། གང་གི་ཚེ་ལྡང་བའི་དུས་ཀྱི་ཁྱད་པར་ཀུན་རྟོག་གཡོས་བའི་རླུང་སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པའི་དཔེའི་འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་བཞག་བར་རྩོམ་པའོ། དེས་རྒྱུ་མའི་སྐུ་ལས་ལྡང་བར་རྩོམ་པ་ཡང་རིགས་འགྲེ་གསུངས་སོ། གང་གི་ངོ་བོར་ལྡང་བ་ལ་འབྲས་བུའའི་ཁྱད་པར་དང་པོའི་མགོན་པོ་སྐུ་མགོག་དཀར་པོ་མཚན་དཔེས་བརྒྱན་པ་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་ལྡང་བ་ཡིན་ཞེས་རྗེ་ཙོང་ཁ་པ་གསུངས་སོ། ཟབ་ཨྠྀི། ཡང་ལུས་དབེན་གྱི་སྐབས་སུ། ཕྲ་མོ་ལ་དམིགས་པ་ཐུན་འཁྱོངས་པ་བརྟན་པ་བྱུང་ཡང་རླུང་འགག་ཏུ་མ་འདོད་པ་སོགས་བྱུང་བའི་ཞལ་ཤེས་ནི། ལུས་ཀྱི་རྩ་སྟོང་


JLD006_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བདུན་ཅུ། སོག་སྦུབས་ལྟར་གྱུར་པ་དམིགས་རྟེན་ལ་ཟུག་པའི་ནང་དུ་རླུང་རྣམས་ཐིམ་པར་བསྒོམ། འདིས་གེགས་སེལླ་ཞིང་བོགས་འདོན་པ་ཡིན། འདི་དམིགས་པ་གཏོད་པའི་གནད་གཞན་ལ་ཡང་གེགས་བྱུང་ན་དམིགས་པ་འདི་ཀ་བྱེད་གསུངས་སོ། ཡས་བབས་མས་བརྟན་གྱི་དགའ་བའི་སྐབས་སུ་མས་བརྟན་གྱི་དགའ་བ་མཚན་ཉིད་པ་རྫོགས་པའི་ཕྱིར་བརྟན་པ་ལ་ནི་རླུང་དེ་ཉིད་སྔོན་དུ་སོང་བས་སྙིང་གའི་རྩ་མདུད་སོགས་མ་ལུས་པར་གྲོལ་བའི་མཚམས་ནས། རྣལ་འབྱོར་པས་འབད་པ་མེད་པར་ཡུད་ཙམ་གྱིས་བྱེད་ནུས་གསུངས་སོ། ཡས་བབས་ཀྱི་དགའ་བ་སྐྱེ་བ་ལ་རྩ་མདུད་མགྲོལ་བར་གཏུམ་མོའི་མེའི་ནུས་པས་ཞུ་ནས་དགའ་བཞི་སྐྱེ་བ་ཡིན། དཔེར་ན་རྫའི་བཤམ་གས་པའི་ནང་དུ་མར་འཁྱབས་པ་ཡོད་པ་འོག་ནས་མེ་འབར་བས་ཞུ་ནས་འཛག་པ་བཞིན་ནོ་གསུངས་སོ། བསྐྱེད་རིམ་པའི་ལྷའི་ང་རྒྱལ་འཛིན་པའི་ང་དེ་ཐ་སྙད་པའི་ང་ཙམ་དེ་ཡིན་གསུངས། བསྐྱེད་རིམ་པའི་བཟླས་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔལ་ང་རྒྱལ་འཇོག་པ་ཡིན་གསུངས་སོ། གཉིད་འཐུག་གི་སྐབས་སུ་འོད་གསལ་འཆར་བའི་ཐབས་སྙིང་གར་རང་གི་ལུས་སེམས་འོད་ཀྱི་ཕུང་པོར་བསྒོམ་པ་ཡིན་གསུངས་སོ། གཉིད་ཀྱི་བསྲེ་བའི་སྐབས་སུ་གཞི་དུས་ཀྱི་གཉིད་ཀྱི་སྟོང་པ་བཞི་དང་རྨི་ལམ་གྱི་དུས་དང་། རྨི་ལམ་གྱི་སྐབས་ཀྱི་རྣམ་སྨིན་གྱི་ལུས་སོགས་ནི་རིམ་བཞིན། གཞི་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་གསུངས། གཉིད་ཀྱི་སྟོང་པ་བཞིའི་འོད་


JLD006_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་ངོ་བོ་ཤར་བ་དང་། དེའི་མཚམས་ནས་རྡོ་རྗེ་འཆང་དུ་ལངས་པ་དང་། དེ་རྣམ་སྨིན་གྱི་ལུས་ལ་བསམ་བཞིན་དུ་གཞུག་པ་རྣམས་ནི། རིམ་པ་བཞིན་དུ་གཉིད་ཀྱི་སྐབས་ཀྱི་ལམ་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་ནོ། གཉིད་ཐུག་གི་མཐར་རྡོ་རྗེ་འཆང་གི་སྐུར་ལངས་པའི་རྨི་ལྨ་གྱི་ལུས་དེ་རྨི་ལམ་གྱི་སྐབས་ཀྱི་ལོངས་སྐུར་བྱས་པ་འདི་ལ་གཉིས་ཡོད་ཀྱང་རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ལྟ་བུ་ནུས་པ་མཐུ་ཅན་དུ་སོང་བ་ནི། རྨི་ལམ་གྱི་ལུས་དང་། རྣམ་སྨིན་གྱི་ལུས་གཉིས་སོ་སོར་སྣང་བར་འབྱུང་ལ། དེ་གོང་དུ་དེ་གཉིས་སོ་སོར་མི་སྣང་ཡང་། རྨི་ལམ་གྱི་ལུས་རྡོ་རྗེ་འཆང་གི་སྐུར་ལངས་པ་འབྱུང་། དེ་བཞིན་དུ་རྨི་ལམ་གྱི་སྤྲུལ་སྐུ་ལ་ཡང་གཉིས་ཡོད་ཅིང་། དེ་ངོས་ཟིན་པ་ལ་ཡང་། ཞལ་གྱི་གདམས་པ་མེད་ན་ཅུང་ཟད་དཀའ་ཡང་། འདིར་རྨི་ལམ་གྱི་སྐབས་དང་སད་པར་ཤེས་པའི་སྐབས་གང་ཡིན་ཡང་རུང་སྟེ། རྨི་ལམ་གྱི་ལུས་རང་དགའ་བའི་སྣང་བ་ནམ་ཤར་བར་འདོད་པའི་མཚམས་དེར་སྤྲུལ་སྐུ་རྡོ་རྗེ་འཆང་ཅུ་བསྒྱུར་བའོ། དེ་ཡང་ལུས་གཉིས་སོ་སོར་སྣང་བའི་གང་ཟག་ཡིན་ན། བསྐྱེད་རིམ་གྱི་སྐབས་སུ་ལོངས་སྐུ་སྤྲུ་སྐུ་ལ་ཞུགས་པར་གསུངས་པ་བཞིན་བྱས་པ་ཆོས་ཅིང་། དེའི་སྤྲུལ་སྐུ་ནི་དམ་ཚིག་པའི་དོད་དང་། ལོངས་སྐུ་ཡེ་ཤེས་སེམས་དཔའི་དོད་ལྟར་བྱས་པས་ཁྱབ་པོ། ཁམས་གསུམ་དག་གི་ལམ་མཆོག་ན། བུད་མེད་ཇི་སྙེད་ཡོད་པ་རྣམས། ཐམས་ཅད་ཆོ་ག་བཞིན་དུ་སྤྱད། གསུང་གི་རྡོ་རྗེ་མི་སྨད་དོ། ཞེས་པའི་སྐབས་སུ། ངག་གི་རྡོ་རྗེ་


JLD006_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རོ་འཛིན་གྱི་བྱ་བས་བསྐྱོད་ལ་ཞེས་རྩ་གསུམ་པོ་ལྕེས་བསྐྱོད་པར་གསུངས་ལ། གླུ་ས་བསྐུལ་བ་ལས་བཞེངས་པའི་སྐབས་སུ། རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་། ཞེས་སོ་སོར་བསྐྱོད་པ་དང་གསུམ་བཤད་དོ། འདི་ལ་རྡོ་རྗེ་མཁའ་འགྲོ་ལས། ཆགས་པ་སྲབ་དང་རྒན་པ་སོགས་ལ་ནི་སོར་མོ་རིང་པོ་གསུམ་སྦྲུལ་མགོ་ལྟར་བྱས་ནས་དྲུད་པར་བྱ་བ་དང་། གཞོན་ཞིང་ཆགས་པ་མཉེན་པ་རྣམས་ལ་ནི་འོང་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩར། རྡོ་རྗེ་ཐུར་མས་ཕུ་གནས་བསྐྱེད་པར་གསུངས་ཏེ། ཡུལ་སོ་སོར་མཛད་པ་ནི་སོར་མོའི་བྱེད་པ་ལ་དགོངས་སོ། དཀྱིལ་འཁོར་རྡོ་རྗེ་ཕྲེང་བ་ལས། མཛུབ་མོ་དང་ལྕེའི་རྩེ་མོ་ལ་ཡི་གེ་ཧྲཱིཿདམར་པོ་བཀོད་པས་རྩ་བསྐུལ་བར་བཤད་པ་ལྟར་ན། ལུས་གཅིག་ལ་ཡང་སོར་མོ་དང་ལྕེ་གཉིས་ཀས་བསྐུལ་བར་གསུངས་བ་ནི། སོར་མོ་གཅིག་གི་ཁྱད་པར་རོ། དུས་ཇི་ཙམ་དུ་བསྐུལ་བ་ནི། པ་ཚབ་ཀྱི་འགྱུར་ལས། རོ་འཛིན་གྱི་བྱ་བ་དག་གིས་མ་ཕྱིན་གྱི་བར་དུ་བསྐྱོད་པར་བྱ་ཞིང་། ཞེས་འབྱུང་བ་ལྟར་ན། ཡུམ་གྱི་དབུ་མའི་མར་སྣ་ཕྱེ་ནས་བདུད་རྩི་འཛགས་པ་མ་བྱུང་གི་བར་དུའོ། རྡོ་རྗེ་མཁའ་འགྲོ་ལས། ཡུམ་ལས་སིད་ཅེས་བྱ་བའི་སྔགས་བྱུང་གི་བར་དུ་དྲུད་པར་གསུངས་ལ། དེ་ནི་ཡུལ་དེས་ཆད་དུ་བྱས་ནས་སྔགས་དེ་བཏོན་པ་མིན་པར་རང་ཤུགས་ཀྱིས་སྔགས་རེ་ཟློས་པར་བྱུང་བའོ། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། དེ་ལྟར་སྒྲུབ་པ་པོས་ཡང་ངང་ཡང་དུ་བསྐུལ་བས་སྙེང་འདར་བ་དང་


JLD006_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བས་མྱོས་ཤིང་སེམས་ཀྱི་རྡུལ་ཕྲ་མོ་འཛག་ལ། ངོ་ཚ་བ་ལ་སོགས་པ་དང་བྲལ་ཏེ་བ་སྤུ་ལངས་ནས་ཤིན་ཏུ་ཆགས་པས་བལྟ་ཞང་འཁྱུད་པ་ལ་གུས་པར་གྱུར་ཅིང་། སིན་ཅེས་ཟེར་བ་དང་། ཞེས་གསུངས་པ་ལྟར་ཡིན། དེ་རྣམས་ནི་སོར་མོ་དང་ལྕེས་བསྐུལ་ནས་རྩ་ཁ་ཕྱེ་བའི་རྟགས་སོ། སེམས་ཀྱི་རྡུལ་ཕྲ་མོའི་ཆུ་ནི། བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུའི་ཆུའོ། རྡོ་རྗེ་གུས་ལས། རྡོ་རྗེ་སོར་མོའི་རབ་སྦྱོར་གྱིས། རྡོ་རྗེའི་ས་གཞི་རབ་བསྐུལ་ཏེ། རྡོ་རྗེ་སེམས་སུ་རབ་བྱུང་བ་རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། ཕྱི་ནས་དེ་ཡི་བདེ་ལྡན་དུ། རྡོ་རྗེ་སེམས་དཔའི་རབ་བཅུག་སྟེ། རྡོ་རྗེ་བཅིངས་པའི་སྦྱོར་བ་ཡིས། རྡོ་རྗེ་མཆོད་པར་རབ་ཏུ་བརྩམས། ཞེས་གསུངས་ཏེ། རྡོ་རྗེའི་ས་གཞི་ནི་གསང་གནས་ཀྱི་རྡོ་རྗེའི་རྟེན་ཡུམ་གྱི་པདྨའོ། རྡོ་རྗེ་སེམས་སུ་ཞེས་པ་ནི་ཀུནྡ་ལྟ་བུའོ། ཕྱིན་ནས་ཞེས་པ་ནི་རྩ་སད་པར་བྱས་པའི་རྗེས་སུའོ། རྡོ་རྗེ་སེམས་དཔའ་ནི་ཡབ་ཀྱི་གསང་བའི་རྡོ་རྗེའོ། རྡོ་རྗེ་བཅིངས་པ་ནི་རྩ་གཉིས་མི་འབྲལ་བར་བཅིངས་པའོ། འདོད་པའི་བསྟན་བཅོས་རྣམས་ལས། པདྨ་ཅན་དང་དུ་བཙན་མ་ལ་སོགས་པའི་བུད་མེད་ཀྱི་མཚན་ཉིད་སྟོན་པ་ཡོད་པར་སྣང་ན་འང་། མན་ངག་འདི་ནི་དེ་དག་ལ་གཏན་མེད་དུ་ཤེས་པར་བྱའོ། འདི་ནི་མཐའ་དཔྱོད་ནས་གནད་དྲུངས་པ་ཡིན་ནོ། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། དེ་ལ་འདིར་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་སྲོག་རྩོལ་དུ་འགྲོ་བའི་ཚུལ་ཞེས་པ། ད་ལྟར་གྱི་གང་ཟག་ལ་དངོས་སུ་མི་དགོས་པ་ཤས་ཆེ་ཡང་དེའི་


JLD006_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

གོ་མ་ཆགས་ན་བསྐྱེད་རིམ་བསྒོམ་པ་སོགས་ཀྱི་སྐབས་སུ་ཡེ་རྒྱ་ལ་བརྟེན་པ་ལ་ཕན་ཆེ་བས་ཉེ་བར་མཁོ་བ་ཡིན་ནོ། དེ་ཡང་སྤྱིར་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་ལས་རྒྱ་ལོ་བཅུ་གཉིས་མ་ནས་སུམ་ཅུ་མའི་བར་གསུངས་པ་ནི། དེ་གཉིས་ལས་རྒན་པ་དང་གཞོན་པས་རང་གི་རྩ་སད་པར་བྱེད་མི་ནུས་པའམ་ནུས་ཀྱང་ཐབས་ཀྱི་རྩས་དཔའི་རྐྱེན་དུ་འགྲོ་མི་ནུས་པའི་སྒོ་ནས་སྤར་དགོས་པ་ཡིན། འདི་ལ་རྣལ་འབྱོར་མ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་མངའ་བ་སོགས་ནི་མ་ངེས་སོ། འོ་ན་རྩ་སད་ཐབས་ཇི་ལྟར་བྱ་སྙམ་ན། དེ་ནི་རྣལ་འབྱོར་པ་ཁྱད་པར་ཅན་ལས་རྒྱ་དང་སྙོམས་པར་འཇུག་པའི་ཚེ། མཛུབ་མོ་དང་ལྕེ་ལ་ཡི་གེ་འགོད་པ་སོགས་ཀྱི་སྦྱོར་བ་གཞན་ནས་གསུངས་པ་ལྟར་བྱའོ། དེ་ལྟར་རྩ་དབུ་མ་སད་པའི་ཕྱག་རྒྱ་དང་ཐབས་སྙོམས་པར་འཇུག་པ་ན། ཕྱག་རྒྱའི་རྩ་སད་པའི་རྐྱེན་དེས་ཐབས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་སད་པར་འགྱུར་ལ། དེ་སད་པ་ན་རོ་རྐྱང་གཉིས་ཁ་ཟུམ་པ་ཆོས་ཉིད་ཡིན་ཞིང་། དབུ་མ་སད་པའི་ནང་དུ་ཐུར་སེལ་ཞུགས། དེས་གཏུམ་མོ་སྦར་པ་སོགས་ཀྱི་རྐྱེན་གྱིས་ལྷན་སྐྱེས་འཆར་རོ། འདི་ནི་རྒྱུད་དོན་ཡིན་པར་ད་ལྟ་ཉམས་བཟང་བའི་གང་ཟག་འགའ་ཞིག་གི་ཡེ་རྒྱལ་བརྟེན་པའི་ཚེ་ཐོག་མར་ཡུམ་གྱི་རྩ་ནས་རླུང་ཚུར་བྱུང་ནས་རང་གི་རྡོ་རྗེའི་བུ་གར་ཞུགས་པ་སྙམ་བྱེད་པ་འབྱུང་བར་སད་པས་ཀྱང་ཤེས་སོ་གསུངས་སོ། དེས་ན་ཡབ་ཡུམ་གྱི་སྣ་རྩེ་གཉིས་ཕྲད་མཚམས་སུ་ཐིག་ལེ་ཕྲ་མོ་བསྒོམ་པ་ཡང་སྣ་རྩེ་གཉིས་སད་པའི་


JLD006_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་ཡིན་ནོ། འོ་ན་ལས་རྒྱ་ལ་བརྟེན་པའི་སྙིང་གའི་སྡུད་རིམ་དུ་འགྲོ་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ནི་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་དང་། སྙིང་གའི་སྡུད་རིམ་གྱི་དམིགས་པ་དང་། རྡོར་བཟླས་དང་། གསང་བའི་སྣ་རྩེར་རྫས་ཀྱི་སྲོག་རྩོལ་སྙིང་ར་སྡུད་རིམ་རྣམ་སྐབས་དེར་བྱེད་པའི་སྟོབས་ཀྱིས་ཡིན་ནོ། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་གྱི་གདམས་པའོ། ༈ རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་འཚལ་ལོ། འདིར་བསྲེ་བསྐོར་དགུའི་གདམས་པ་སྟོན་པ་ལ་དོན་གསུམ་སྟེ། སད་དུས་སུ་སྐུ་གསུམ་དང་བསྲེ་བ། གཉིད་དུས་སུ་སྐུ་གསུམ་དང་བསྲེ་བ། འཆི་དུས་སུ་སྐུ་གསུམ་དང་བསྲེ་བའོ། དང་པོ་ལ་གསུམ། སད་དུས་སུ་འོད་གསལ་ཆོས་སྐུ་དང་བསྲེ་བ། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བའོ། དང་པོ་ནི། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་བརྟེན་ནས་རླུངསྙིང་གའི་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྨིག་རྒྱུ། དུ་བ་ལ་སོགས་པའི་རྟགས་རྣམས་འཆར་ཞིང་། དེའི་རྗེས་སུ་སྣང་བ་མཆེད་པ་ཉེར་ཐོབ་འོད་གསལ་རྣམས་འཆང་ལ། དེ་རྣམས་ཀྱི་དུས་སུ་ལྟ་བར་དྲན་པར་བས་ཤིང་། བྱད་པར་འོད་གསླ་གྱི་དུས་སུ་གདམས་ངག་དང་སྦྱར་ནས་སྒོམ་པར་བྱེད་པ་ནི། སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ་ཡིན་ནོ། གཉིས་པ་ནི་གོང་དུ་གཤད་པ་ལྟར་གྱི་འོད་གསལ་ཆོས་སྐུ་


JLD006_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲེ་བ་དེ་ལས་ལྡང་བར་རྩོམ་པ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་རྣམ་སྨིན་གྱི་ཕུང་པོ་ལས་ལོགས་སུ་ཕྱེ་སྟེ། གསང་བ་འདུས་པའི་སྐབས་སུ་ཡིན་ན་ལོངས་སྐུ་དང་པོའི་མགོན་པོ་དང་། འཇིགས་བྱེད་ཀྱི་སྐབས་སུ་ཡིན་ན། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ། འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལྡང་བ་ནི། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ཡིན་ནོ། གསུམ་པ་ནི། གོང་དུ་བཤད་པ་ལྟར་ཀྱི་སྒྱུ་མའི་སྐུ་དེ་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་གསང་འདུས་ཀྱི་སྐབས་སུ་ཡིན་ན། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་འཆང་གི་སྐུ་བ་ལྡང་བ་དང་། འཇིགས་བྱེད་ཀྱི་སྐབས་སུ་ཡིན་ན། སྤྲུལ་སྐུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་ལྡང་ལ། གོང་དུ་བཤད་པ་ལྟར་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ལ་གྲུབ་པའི་ལོངས་སྐུ་དེ་ཡང་སྤྲུལ་སྐུའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པའི་སྤྲུལ་སྐུར་ལྡང་བ་ནི། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བ་ཡིན། དེ་ལྟར་ན་སད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། གཉིས་པ་ལ་གསུམ། གཉིས་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་སྐུ་དང་བསྲེ་བ། གཉིད་སད་པ་སྤྲུལ་སྐུ་དང་བསྲེ་བའོ། དང་པོ་ནི། སད་དུས་སུ་སྙིང་གར་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་གོམས་པའི་གང་ཟག་གིས། གཉིད་དུ་འགྲོ་ཁར་རླུང་སྡུད་པའི་དམིགས་པ་བྱས་ན་གཉིད་དུ་འགྲོ་བའི་ཚེ་ཡན་ལག་གི་རླུང་


JLD006_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་ཤུགས་ཀྱིས་སྙིང་གར་འདུ་བའི་གནད་ཀྱིས། སྙིང་གར་རླུང་གཞན་བས་འདུ་ཚབས་ཆེ་བ་ཞིག་འོང་ཞིང་། དེའི་དུས་སུ་རྨི་ལམ་གྱི་ལུས་གནས་ལ། དེའི་སྟོབས་ཀྱིས་གཉིད་དུ་སོང་བ་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འཆར་ལ། དེའི་འོད་གསལ་གྱི་དུས་སུ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས། འོད་གསལ་ལ་ཇི་ཙམ་གནས་ཀྱི་བར་འཇོགས་པ་ནི། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བའོ། གཉིས་པ་ནི། གོང་དུ་བཤད་པ་ལྟར་ཀྱི་གཉིད་ཀྱི་འོད་གསལ་ལས་ལྡང་བར་རྩོམ་པ་དང་། རྨི་ལམ་འཆར་བས་དེའི་དུས་སུ་རྨི་ལམ་གྱི་ལུས་དེ་རྣམས་སྨིན་གྱི་ལུས་ལས་ལོགས་སུ་ཕྱེ་བའི་ལོངས་སྐུ་དང་པོའི་མགོན་པོ་འམ། འཇིགས་བྱེད་ལྟར་ན་ལོངས་སྐུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་འཇའ་ཚོན་ལྟ་བུར་སྐད་ཅིག་གིས་ལངས་ཏེ། ཇི་ཙམ་གནས་ཀྱི་བར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི། རྨི་ལམ་ལོངས་སྐུ་དང་བསྲེ་བའོ། གསུམ་པ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ལས་ལྡང་བ་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་སྤྲུལ་སྐུ་རྡོར་སེམས་དང་། རྡོ་རྗེ་འཆང་གང་རུང་དང་། འཇིགས་བྱེད་ལྟར་ན། སྤྲུལ་སྐུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེའི་འཇིགས་བྱེད་ཀྱི་སྐུར་བསྒོམ་ལ། དེའི་ཐུགས་ཀར་རྨི་ལམ་གྱི་ལོངས་སྐུ་དེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་བསྒོམས་པ་འམ། སྤྲུལ་སྐུར་བསྒོམ་པ་ནི། སད་པ་སྤྲུལ་སྐུ་དང་བསྲེ་བ་སྟེ། དེ་ལྟར་ན་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ་མོ། གསུམ་


JLD006_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ། འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའོ། དང་པོ་ནི། འཛམ་བུ་གླིང་པའི་མི་མངའ་སྐྱེས་ཁམས་དྲུག་ལྡན་ཞིག་རིམ་གྱིས་འཆི་བའི་ཚེ་རླུང་སྙིང་གར་རང་ཤུགས་ཀྱིས་འདུ་བའི་གནད་ཀྱིས་འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་ལ་ཡོངས་སུ་རྫོགས་པར་འཆར་ཞིང་། དུས་དེར་ཤར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྙིང་ག་ལ་སོགས་པའི་གནས་རྣམས་སུ་གནད་དུ་བསྣུན་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར་བ་ནི། བུའི་འོད་གསལ་ཡིན་ཞིང་འཆི་གའི་ཚེ་རླུང་སྡུད་པར་རྩོམ་པ་ན། སྙིང་གའི་སྡུད་རིམ་ལེགས་པར་བསྒོམས་ཏེ། འོད་གསལ་མ་བུ་འདྲེས་པའི་འོད་གསལ་ཤར་བའི་ཚེ་ལྟ་ཐོག་ཏུ་ལེགས་པར་བཞག་སྟེ་འོད་གསལ་ལ་ཇི་ཙམ་གནས་གནས་ཀྱི་བར་མཉམ་པར་འཇོག་པ་ནི། འཆི་བ་ཆོས་སྐུ་དང་བསྲེ་བའོ། གཉིས་པ་ནི། གོང་དུ་བཤད་པ་ལྟར་ཀྱི་འཆི་བའི་འོད་གསལ་ལས་ལངས་ནས། བར་དོ་འཆར་བར་རྩོམ་པ་ན་བར་དོའི་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་ལོངས་སྐུ་དང་པོའི་མགོན་པོའམ། རྡོ་རྗེ་འཆང་གང་རུང་དུ་ལྡང་ཞིང་། འཇིགས་བྱེད་ལྟར་ན་ལོངས་སྐུ་རྡོ་རྗེ་འཛིན་པ་ཟུང་འཇུག་འཇའ་ཚོན་ལྟ་བུའི་སྐུར་ལྡང་བར་བྱའོ། འདི་ནི་ཐ་མར་པ་ལ་བར་དོ་རང་དགའ་བ་ཡོད་པའི་དོད་ལ། སྒྱུ་མའི་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་


JLD006_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་པས། འདི་ནི་བར་དོ་ལོངས་སྐུ་དང་བསྲེ་བའོ། གསུམ་པ་ནི། མངལ་དུ་སྐྱེ་བ་ལེན་པར་རྩོམ་པ་ན། སྐྱེ་བ་ལེན་རྒྱུའི་རྣམ་སྨིན་གྱི་ལུས་དེ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འམ། སྤྲུལ་སྐུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་པའི་སྙིང་གའི་དབུས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་དེ་ཉིད་ཞུགས་པར་བསྒོམ་སྟེ། སྐྱེ་གནས་སུ་སྐྱེ་བ་ལེན་པ་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་ཏེ། དེ་ལྟར་ན་འཆི་བའི་དུས་སུ་བསྲེ་བའི་བསྲེ་བ་སྐོར་གསུམ་མོ། དེ་ལྟར་བསྲེ་བ་རྣམས་ཀྱི་སྐབས་སུ་ལོངས་སྐུ་དང་པོའི་མགོན་པོ་འམ། འཇམ་དཔལ་གྱི་སྐུར་ལངས་པའི་དགོས་པ་ནི། བསྐྱེད་རིམ་གྱི་སྐབས་བར་དོའི་སྦྱོང་བྱེད་དང་བར་དོ་ལོངས་སྐུར་འཁྲྲ་བའི་ལམ་འཁྱེར་དང་པོའི་མགོན་པ་དང་། རྒྱུ་རྡོ་རྗེ་འཇིན་པ་འཇམ་དཔལ་ཡིན་པས་སོ། བསྐྱེད་རིམ་གྱི་སྐབས་ཀྱི་སྐྱེ་བ་སྤྲུལ་སྐུ་འཁྱེར་བའི་ལམ་འཁྱེར་དང་། སྐྱེ་བ་སྦྱོང་བྱེད་སྤྲུལ་སྐུ་རྡོར་སེམས་དང་། འཇིགས་བྱེད་གྱི་སྐབས་སུ་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཡིན་པས་སྤྲུལ་སྐུ་དང་བསྲེ་བའི་སྐབས་སུ། རྡོ་རྗེ་སེམས་དཔའི་དང་འཇིགས་བྱེད་དུ་ལྡང་དགོས་པའི་རྒྱུ་མཚ་དེ་ལྟར་ཤེས་པར་བྱའོ། བསྲེ་བ་སྐོར་དགུའི་གདམས་པ་འདི། དམ་ཚིག་སྡོམ་པ་ལྡན་པ་ཡི། སྐལ་ལྡན་སློབ་མ་མ་གཏོགས་པ། དེ་ལས་གཞན་དུ་ཅུང་ཟད་ཙམ། བསྟན་ཅིང་སྦྱིན་པར་བྱ་མ་ཡིན། དེ་བས་སྙིང་ལྟར་གཅས་པར་ཟུངས། དེ་ལྟར་བསྲེ་བ་སྐོར་དགུའི་གདམས་པ་ཤིན་ཏུ་


JLD006_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན་རླུང་དང་ལྷན་ཅིག་བཀུག་སྟེ། དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་རླུང་འདུ་ཞིང་ནད་སེལ་བའི་གདམས་པ་ཁྱད་པར་ཅན་ཡིན་གསུངས་སོ། རླུང་ཤ་ལྤགས་མཚམས་སུ་ཞུགས་ཏེ་ཁོལ་བུར་བསྐྲངས་ནས་ནན། གང་ནས་དེར་བདེ་བའི་ངོ་བོར་བལྟ་བ་དང་། དེར་སེམས་བཟུང་ལ་གྲོགས་གཅིག་དང་རང་གཉིས་ཀས་རླུང་དུས་གཅིག་ཏུ་བཟུང་ལ། གྲོགས་ཀྱིས་ན་ས་དེ་མཉེད། མི་ཐུབ་པ་དང་དུས་མཉམ་དུ་བཏང་ངོ་། ལུས་དབེན་སོགས་གང་གི་སྐབས་སུ་ཡང་སེམས་རྨུགས་པ་དང་བྱིང་བ་སོགས་བྱུང་ན་རྩའི་ནང་ཐམས་ཅད་དང་ཁྱད་པར་དུ་དབུ་མའི་ནང་དུ་སྒྲོན་མེ་ཤིན་ཏུ་གསལ་བའི་འོད་ཀྱིས་ཁྱབ་པ་འཚར་ཞིང་དྭངས་པ་བསྒོམ་པ་བྱའོ། འདི་གསལ་བའི་བོགས་འདོན་ཡིན་ནོ། ཨྠྀི། དམིགས་པ་གསལ་ཡང་བདེ་ཉམས་ཆུང་ན་རྩའི་ནང་ཐམས་ཅད་བྱང་སེམས་སྐར་མ་ཤང་བ་ལྟ་བུས་གང་བ་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་རྣམས་དབུ་མ་ལ་ཕྱོགས་པར་རྒྱུག་པ། ཁྱད་པར་སྤྱི་བོའི་ཧཾ་ཡིག་ཞུ་བ་དགའ་བཞིའི་རིམ་པས་འོངས་པ་དང་འགྲོགས་ཏེ་ནོར་བུའི་རྩེར་སླེབ་པས་ལྷན་ཅིག་སྐྱེས་དགའ་མྱོང་བར་བསམ་པ་ནི། རླུང་འདུ་ཞིང་བདེ་བའའི་བོགས་འདོན་པའི་གདམས་པ་ཡིན་ནོ། རྨི་ལམ་བཙན་ཐབས་སུ་འཛིན་པ་ནི་རྨི་ལམ་འཛིན་པའི་འདུན་པ་ལེགས་པར་སྦྱངས་བའི་མཚམས་ནས་གཉིད་ལོག་པའི་ཚེ་གྲོགས་རྨི་ལམ་འཛིན་པའི་ཚོད་ལ་མཁས་པ་ཞིག་གིས་རྨི་ལམ་འཛིན་པ་


JLD006_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། རྨི་ལམ་ལ་རྨི་ལམ་དུ་ངོས་ཤེས་བར་གྱིས་ལ་དགེ་སྦྱོར་འདི་ལྟ་བུ་གྱིས་ཤིག་ཅེས་རྣ་ཁུང་དུ་དང་པོ་སྒྲ་ཆུང་དུ་སྒྲོགས། གཉིད་མི་སད་པའི་གདེང་རྙེད་པའི་མཚམས་ནས་ཅུང་ཆེ་བར་སྒྲོགས། དེ་ཐོས་པས་རྐྱེན་བྱས་ནས་རྨི་ལམ་ངོ་ཤེས། དེ་ལྟར་ངོ་ཤེས་ནས་ཉིན་པར་གང་ལ་བྱང་བའི་དགེ་སྦྱོར་རྣམས་སྐྱོང་། དང་པོ་མ་གོམས་པར་དུ་གཉིད་མྱུར་དུ་སད་འོང་བས་དེ་ལ་ནི། སྙིང་གའི་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་བཟུང་། ཡང་སྔར་བཞིན་དགེ་སྦྱོར་སྐྱོང་། ཁྱད་པར་དུ་རྨི་ལམ་ལོངས་སྐུར་ལྡང་བ་ལ་བསླབ་པར་བྱའོ། དེ་ལྟར་བྱས་པས་རྨི་ལམ་མྱུར་དུ་ཟིན་པ་དང་། སད་འབྱམས་གཅོད་པའི་གདམས་པ་གཉིད་སྣང་ངོ་། ཕྱག་རྒྱ་ལ་བརྟེན་ནས་རླུང་དབུ་མར་འཇུག་པ་ནི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་སྙོམས་པར་འཇུག་པའི་ཚེ། དྷཱུ་ཏཱིའི་མར་སྣང་དམིགས་པ་གཏད་པས་ཡུམ་གྱི་རླུང་དང་བྱང་སེམས་འདུས་པ་རྣམས་ཀྱིས་དྷཱུ་ཏཱིའི་མར་སྣ་ཕྱེ་ནས་བཙན་ཐབས་སུ་རླུང་དབུ་མའི་ནང་དུ་འཇུག་པ་ཡིན་ནོ། དེ་ཉིད་ཐུགས་ཀར་སྡུད་རིམ་སྤྲགས་ན་འོད་གསལ་བསྐྱེད་པའི་ཐབས་མཆོག་དུ་གྱུར་པ་ཡིན་ནོ། གཉིད་ཀྱི་སྐབས་སུ་དེ་ལྟར་བྱས་ན་ཡང་འོད་གསལ་མཙན་ཐབས་སུ་འཛིན་པའི་གདམས་པ་མཆོག་ཡིན་ནོ། ཞལ་ཤེས་གདམས་པའོ། ཤིན་ཏུ་གཅེས་པའི་གདམས་ངག་སེམས་དཔའ་སུམ་བརྩེགས་བྱ་བ་ལ། གཞི་དུས་ཀྱི་སེམས་དཔའ་སུམ་བརྩེགས། ལམ་དུས་ཀྱི་སེམས་དཔའ་སུམ་བརྩེགས། འབྲས་དུས་ཀྱི་སེམས་དཔའ་སུམ་


JLD006_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བཀོད་པ་ནི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པའི་ཞལ་སྔ་ནས་ལ། གསེར་གྱི་མཎྜལ་ཕུལ་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པའི་ངོར་ཤིན་ཏུ་གོ་བ་དེ་ཞིང་མན་ངག་དབྱིས་ཕྱིན་པར་བཀོད་པའི་དགེ་བས་སེམས་ཅན་ཐམས་ཅད་སྐུ་གསུམ་གྱི་གོ་འཕང་ཐོབ་པ་དང་མི་འབྲལ་བར་གྱུར་ཅིག མན་ངག་འདི་གཞན་ལ་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་འཚལ། དགེའོ།། ལམ་བསྒོམ་པ་ཐམས་ཅད་ཀྱི་སྐབས་སུ་རང་རྒྱུད་ལ་ལྷག་པའི་ལྟས་བྱིང་གྱིས་རླབ་པ་དང་། བསྒོམ་པའི་ཉམས་སྣང་དང་། བགེགས་གྱི་བར་ཆད་ཀྱི་མཚན་མ་གསུམ་གྱི་རིགས་འདི་ལྟར་དབྱེ་བར་བྱ་སྟེ། ལྟ་བསྒོམ་པ་དང་བཟླས་པ་ལ་སོགས་པའི་སྐབས་སུ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལ་སོགས་པ་བྱུང་ན། རྩ་ཨ་ཝ་དྷཱུ་ཏཱིའི་ཡང་སྣ་རང་གི་སྨིན་མཚམས་ཀྱི་དབུས་སུ། ཁྲོ་བོ་རྣམས་ཀིས་སྤྱན་གསུམ་པ་འོངས་ས་དེར། རག་དུང་གི་ཁ་ལྟར་གདངས་པ་ལ་མིག་གནིས་ཀྱང་དྲིལ་ཏེ། དྷཱུ་ཏཱིའི་ཡང་སྣ་ནས་མཚན་མ་གང་ཡིན་པ་དེ་ལ་བལྟས་པས། དམིགས་པ་བསྒོམ་པའི་སྟོབས་ཀྱིས་ཉམས་ཡིན་ན། སྔར་ལས་ཤིན་ཏུ་གསལ་ཞིང་སྣུན་ལ་འོད་གསལ་ལྡན་པར་འགྱུར་རོ། དེ་ལ་མ་ཆགས་པར་སྒྱུ་མ་ལྟ་བུའི་ལྟ་བས་རྒྱས་བཏས་ལ་བསྒོམ། འོད་ཟེར་སྣ་ལྔ་འཕོ་ཞིང་སྔར་ལྟར་དུ་གནས་ན། ལྷས་རྒྱུད་བྱིན་གྱིས་རློབ་པའི་རྟགས་ཡིན་པས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་རང་ལ་བསྟིམ་ཞིང་གསོལ་བ་གདབ། དེ་ལྟར་བལྟས་པས་སྔར་ཀྱི་དེ་ཡལ་འགྲོ་


JLD006_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣ་ངན། བགེགས་ཀྱི་བར་ཆད་ཀྱི་མཚན་མ་ཡིན་པས། བསྲུང་འཁོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་བསྒོམ་ཞིང་། མཚམས་དམ་དུ་བཅད་ལ་ཆོས་སྐྱོང་ལ་གཏོར་མ་ཕུལ་བསྐང་བཤགས་བྱས་ལ། དགེ་སྦྱོང་སྔར་ལས་ཀྱང་འཇུག་དུ་གཏོར་མ་ཡིན་ནོ། སླར་ཡང་ཡང་ཡང་འོང་ནས་ཡལ་འགྲོ་མགོ་རྩོ་མན། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེའི་གཤེད་འཇིག་རྟེན་གསུམ་པོ་ཟ་བར་ནུས་པ། སྐུ་ལས་མེ་འོད་འཕྲོ་བ་བ་གྲི་ཤུག་དང་ཐོད་པ་འཛིན་པ་དུ་མ་སྤྲོས་ཏེ། ཆར་བབས་པ་གཞིན་དུ་དེ་ལ་བསྟིམ་པས་བྱ་སྒྲོ་མེས་ཚིག་པ་བཞིན་བསྲེགས་པར་བསམས་ལ། སྔར་ལྟར་བསྲུང་འཁོར་བསྒོམ་ཞིང་། དགེ་སྦྱོར་ལ་བསྒིལ་བར་བྱའོ། དགེ་སྦྱོར་གང་གི་སྐབས་སུ་མེད་དུ་མི་རུང་བའི་ཞལ་གྱི་གདམས་པ་ཨྠྀི། རྗེ་བཙུན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དང་དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། དངོས་གྲུབ་རྒྱ་མཚོ་འདུ་བར་མཛོད། ལུས་དབེན་གྱི་སྐབས་སུ་དམིགས་རྟེན་གསལ་བོ་བྱུང་ཡང་རླུང་ཇི་བཞིན་འདུ་བར་མ་འདོད་ན། རྩའི་སྒྲུབ་ཐམས་ཅད་ནས་རླུང་སྤོས་རིང་གི་དུད་པའི་རྣམ་པ་ཅན་སྟོད་སྨན་ཐམས་ཅད་ནས་དམིགས་པས་བཀུག་སྟེ། དམིགས་རྟེན་ལ་ཐིམ་པ་ཡང་ཡང་བྱས་པས་མྱུར་རུ་རླུང་གནས་དེར་འདུས་ནས་རྣམགས་རྣམས་འཆར་བས་རླུང་གི་བོགས་འདོན་ཁྱད་པར་ཅན་ཡིན་ནོ། དེ་ལྟར་བསྒོམས་པས་རླུང་འདུས་ཀྱང་ལུས་ཀྱི་གནས་གང་ཡང་རུང་བར་ནང་བསྐྱེད་ན། གང་ནས་དེ་ནས་ནད་ཁ་དོག་སྔོ་དམར་ཀྱི་


JLD006_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཏེ་གསུམ་ཚན་གསུམ་ཡོད་དོ། དང་པོ་ནི། ད་ལྟར་གྱི་ལུས་རགས་པ་འདི་དམ་ཚིག་སེམས་དཔའ། དེའི་སྙིང་གའི་དང་པོར་ཆགས་པའི་ཐིག་ལེ་དཀར་དམར་ནི་ཡེ་ཤེས་སེམས་དཔའ། དེའི་ནང་གི་སྲོག་འཛིན་ཤིན་ཏུ་ཕྲ་བ་ནི་ཏིང་ངེ་འཛིན་སེམས་དཔའ། དེ་བཞོན་པ་དང་བཅས་པ་ནི་སྒྱུ་ལུས་ཀྱི་སྒྲུབ་གཞི་ཡིན་ནོ། ལམ་དུས་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས། བསྐྱེད་རིམ་གྱི་ནི་གོ་སླ་ལ། རྫོགས་རིམ་གྱི་ནི་སྟོང་པ་བཞའི་མཐར་ཤིན་ཏུ་ཕྲ་བའི་རླུང་སེམས་ལས། སྒྱུ་ལུས་དངོས་སམ་རྗེས་མཐུན་པ་ལངས་ནས། སླར་ཡང་ཕུང་པོ་རྙིང་པའི་སྙིང་གར་ཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེ་ལྟར་ལྡང་བ་དང་འཇུག་པར་བྱེད་པའི་སེམས་ནི་ཏིང་ངེ་འཛིན་སེམས་དཔའ། དམ་ཚིག་སེམས་དཔའ་ནི་སྔར་བཞིན་ནོ། འབྲས་དུས་ཀྱི་སེམས་དཔའ་སུམ་བརྩེགས་ནི། དོན་གྱི་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེངས་པ་དེས་མཆོག་གི་སྤྲུལ་སྐུ་ལ་སོགས་པའི་སྐུ་རགས་པ་བཟུང་བ་འམ། གཞན་དོན་དུ་འགྱུར་པར་གཟིགས་ནས་སླུང་ཡང་། ཕུང་པོ་རྙིང་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྣམ་པར་བཅུགས་པ་ནི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་ཏིང་ངེ་འཛིན་སེམས་དཔའི་སྤྲུལ་སྐུ་སང་བའམ། ཕུང་པོ་རྙིང་པ་ནི་དམ་ཚིག་སེམས་དཔའོ། གྲུབ་ཆེན་ས་ར་ཧ་ལྟ་བུ་ནི་ཕུང་པོ་རྙིང་པ་ལ་ཞུགས་པ་ཡིན་གསུངས་སོ།


JLD006_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གཅེས་པས་སྙིང་ལ་ཆོངས། ཕྲ་ཐིག་དང་རྡོར་བཟླས་སོགས་ཀྱིས་རླུང་འདུས་ཀྱང་། སྟོང་པ་བཞའི་གོ་རིམ་ངེས་མེད་ཤར་ན་ཅུང་ཕན་ཆུང་བས། དེ་ལ་མི་འཁྲུལ་བར་བྱ་བ་ནི། རྟགས་བཞི་དང་སྟོད་པ་འཆང་བའི་གོ་རིམ་ལ་མཁས་པར་ནས། སྣང་བ་ཤར་བ་ན་འདི་སྣང་བ་ཡིན། འདིའི་སྔོན་དུ་ས་ཆུ་ལ་ཐིམ་པ་ལ་སོགས་པ་རྣམས་སོང་བ་ཡིན། སྣང་བ་འདི་འགགས་པའི་རྗེས་སུ་སྣང་བ་མཆེད་པ་འཆར་བ་ཡིན་སྙམ་དུ་ཡིད་ལ་དེས་བར་བྱ། དེས་གཞན་གསུམ་ལའང་འགྲེའོ། འདི་ནི་སྟོང་བ་བཞི་མི་འཁྲུལ་བར་བྱ་བའི་ཐབས་སོ། རྡོར་བཟླས་ཀྱི་སྐབས་སུ་སྲོག་ཐུར་བསྲེ་བ་ནི། སྟེང་འོག་གི་སྣ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པ་དུས་མཉམ་པ་དང་། སྙིང་གར་གནས་པ་དམིགས་རྟེན་ལ་སིམ་པའི་ཚུལ་གྱིས་དུས་མཉམ་པ་དང་། ཕྱིར་འགྲོ་བ་ཡང་དུས་གཅིག་ལ་གྱེས་པ་ཡིན་གསུངས་སོ། ཐུགས་རྡོ་རྗེའི་གནས་པ་བྱས་ན་ཚེ་རིང་བའི་རྟེན་འབྲེལ་ཡོད་གསུངས། བྱང་སེམས་འཛག་པ་བཙན་ཐབས་སུ་འགོག་པ་ནི། རྐང་པ་གཡོན་པའི་རྟིང་པས་རྡོ་རྗེའི་རྩ་བའི་རྩ་བསྡམས། ཤེས་པ་སྤྱི་བོའི་ཧཾ་ཡིག་ལ་གཏད། མིག་དང་ལྕེ་གྱེན་ལ་ཟློག །རྒྱུ་མ་སྒལ་ཚིགས་ལ་སྦྱར། ལག་པ་གཉིས་སྙིང་གར་བསྣོལ། ཡན་ལག་གི་སེར་མོ་བསྐུམ། ངག་ནས་ཧཱུྃ་རིང་པོ་རྡུབས་པའི་ཚུལ་དུ་དྲག་ཏུ་བརྗོད། ཡང་གཅིག་ལ་ལྟེར་རླུང་དྲག་ཏུ་མནན། འོག་རླུང་གླེད་ལ་བཞག དཔེར་ན་རིལ་བ་ཞབས་ཚགས་ཅན་བཞིན་ནོ་གསུངས་སོ། རྨི་ལམ་དུ་འཛག་པ་ནི། ཉིན་


JLD006_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྲོག་ལ་བབས་ཀྱང་བྱང་སེམས་མི་འཆོར་བར་བྱ་སྙམ་པའི་འཕེན་པ་གལ་ཆེ་གསུངས་སོ། ཁྱད་པར་ཉལ་བའི་འཕེན་པ་དང་། རྡོ་རྗེ་ཡང་རྐྱེན་དང་མི་འཕྲད་པར་བྱའོ། མ་ཚོང་བང་འཛག་པ་ལ་ནི། བྱ་སྤྱོད་ནས་བཤད་པའི་བསྲུང་སྐུད་ཀྱི་ཐབས་ཀྱིས་ཀྱང་ཐུབ་གསུངས་སོ། ༈ བདོམ་ལྡན་འདས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གུས་པས་ཕྱག་འཚལ་ལོ། བསྲེ་བའི་གདམས་ངག་ལས་ལམ་དུས་ཀྱི་སླ་གསུམ་དང་བསྲེ་བ་ལ་གསུམ་སྟེ། འདི་ལྟར་ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང་། ལམ་དུས་ཀྱི་ལོངས་སྐཀུ་དང་བསྲེ་བ་དང་། ལམ་དྱིས་ཀྱི་སྤྲུལ་སྐུ་བསྲེ་བའོ། དང་པོ་གསུམ་སྟེ། གཉིད་སད་དུས་ཆོས་སྐུ་དང་བསྲེ་བ་དང་། གཉིད་ཀྱི་དུས་སུ་ཆོས་སྐུ་དང་བསྲེ་བ་དང་། འཆི་བའི་དུས་སུ་ཆོས་སྐུ་དང་བསྲེ་བའོ། དང་པོ་ནི། ལུས་ཀྱི་གནད་ཆེས་ར་གནས་དུ་བསྣུན་པ་ལ་བརྟེན་ནས་སྟོང་པ་བཞི་བསྐྱེད་དེ། འོད་གསལ་སྟོང་པ་བཞི་ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་བསྒོམ་པ་ཡིན་ལ། གནད་དུ་བསྣུན་པ་ལ་ཡན་སྒོ་གསུམ་གསུངས་ཏེ། འོག་སྒོ་ནོར་བུའི་དབུས་སམ། ནོར་བུའི་སྣ་རྩེ་དྷཱུ་ཏཱིའི་མར་སྣར་རྫས་ཀྱི་ཐིག་ལེ་ཕྲ་མོ་བསྒོམ་པ་ལ་བརྟེན་ནས་དེ་བརྟེན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང་། དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་བ་དང་སྟོང་བ་ཆེན་པོ་ཞེས་བྱ་བ་མིང་གཞན་སྣང་བ་


JLD006_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྣང་བ་མཆེད་པ་དང་། སྣང་བ་ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར་ཐམས་ཅད་སྟོང་པ་འོད་གསལ་ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་དང་པོའོ། གཞན་ཡང་སྙིང་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་བསྒོམས་པ་ལ་བརྟེན་ནས། དེ་བརྟེན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་། ཐིམ་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་སྔོན་དུ་འཆར་ཞིང་། དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་བྱ་བ་མིང་གཞན་སྣང་བ་སྣང་བ་མཆེད་པ་དང་སྣང་བ་ཉེར་ཐོབ་ཅེས་བྱ་བ་གསུམ་ཤར་བའི་མཐར། ཐམས་ཅད་སྟོང་པ་ཞེས་བྱ་བ་འོད་གསལ་ཆེན་པོ་འཆར་བ་ནི་སྒོ་གཉིས་པའོ། ཡང་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་ཞེས་བ་རླུང་འོད་ཟེར་ལྔ་པ་སྣ་བུག་ནས་རྒྱུ་བའི་འཇུག་གནས་ལྡང་གསུམ་བཅོམ་པ་རྡོ་རྗེ་གསུམ་གྱི་རང་གདངས་སུ་འཆར་བར་བསྒོམ་ཞིང་། དེ་ཡང་དྷཱུ་ཏཱི་ནས་བྱེད་པར་མོས་པའི་རྡོ་རྗེ་བཟླས་པ་གོམས་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་དང་པོ་སྨིག་རྒྱུ་ལྟ་བུ་དང་། གཉིས་པ་དུ་བ་ལྟ་བུ་དང་། གསུམ་པ་མེ་ཁྱེར་ལྟ་བུ་དང་། བཞི་པ་མར་མེ་འབར་བ་ལྟ་བུའི་ཉམས་འབྱུང་སྟེ། རིམ་པ་བཞིན་ས་ཚུལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ་དང་། མེ་རླུང་ལ་ཐིམ་པ་དང་། རླུང་རྣམ་ཤེས་གསུམ་གྱི་སྣང་བ་དང་པོ་ལ་ཐིམ་པ་ལས་བྱུང་ངོ་། དེ་ནས་སྟོང་པ་དང་པོའི་དུས་སུ་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་གང་སྣང་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་


JLD006_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་ལ་ཟླ་བའི་འོད་ཟེར་གྱས་ཁྱབ་པྲ་ལྟ་བུའི་དཀར་ལམ་པའི་སྣང་བ་འབྱུང་། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་སྣང་བ་ཐམས་ཅད་མཚན་མོའི་ནམ་མཁའ་དྲི་མ་མེད་པ་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་ལྟ་བུའི་དམར་ལམ་པའི་སྣང་བ་འབྱུང་། དེ་ནས་སྣང་བདེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་བཞིན་གང་ཡང་མི་འཆར་བར་ཡུལ་དུ་སྣང་བ་ཐམས་ཅད་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱིས་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་གྱི་ཉམས་འབྱུང་། དེའི་སྟོད་སྨད་ལ་དྲན་པ་མི་ཉམས་ཤིང་། བར་དུ་རླུང་ཆེར་ཐིམ་པའི་མཐུས་དྲན་པ་ཆེར་ཉམས་པ་འབྱུང་ངོ་། དེ་ནས་སྣང་བ་དེ་ཡང་བསྡུས་ནས་མཚན་མོ་ཐོ་རངས་ཀྱི་ནམ་མཁའ་ཟླ་ཉི་སྨག་གི་འོད་དང་བྲལ་བའི་ནམ་མཁའི་རང་མདོག་ཇི་ལྟར་སྣང་བ་བཞིན་དུ། འོད་གསལ་མཐའ་དབུས་མེད་པ་ཤིན་ཏུ་དྭངས་པའི་ཉམས་འཆར་ཏེ། དེ་དག་གི་བཤད་པ་ནི་སྔ་མ་རྣམས་ལའང་ཤེས་བར་བྱའོ། དེ་ནི་སྒོ་གསུམ་པའོ། གཉིས་པ་ནི། གཉིད་ཀྱི་དུས་སུ་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ། གོང་གི་སྒོ་གསུམ་པོ་གང་རུང་གཅིག་གིས་སྟོང་པ་བཞི་དྲངས་ནུས་པའི་མཚམས་ནས་མཚན་མོ་གཉིད་དུ་འགྲོ་ཁར་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་འམ། རྡོ་རྗེ་བཟླས་པ་གང་རུང་ཉམས་སུ་བླངས་པ་ལ་བརྟེན་ནས། སྔར་བཤད་པའི་རྟགས་བཞི་དང་སྟོང་པ་བཞི་འཆར་ཞིང་། དེའི་


JLD006_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་འོད་གསལ་ཤར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་བསྟོམ་པ་ཡིན་ཏེ། སྤྱིར་གཞི་དུས་ཀྱི་གཉིདདུ་འགྲོ་བའི་ཚེ་རླུང་སྙིང་གར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས་སྟོང་པ་བཞི་འོལ་སྤྱི་ཙམ་ཞིག་འཆར་བ་ཡོད་ལ། དེ་ཤེས་ནས་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གིས་ཉམས་སུ་བླངས་ནས། སྟོང་པ་བཞི་འཆར་བའི་གནད་ཡོད་དོ། དེ་ཡང་གཉིད་ཀྱི་དུས་ལ་རྨི་ལྨ་མི་འཆར་བ་དང་། འཆར་བའི་དུས་གནིས་ལས། རྨི་ལམ་འཆར་བའི་དུས་སུ། གཉིད་ཀྱི་འོད་གསལ་འཛིན་པ་ཡིན་ལ། དེ་ཡང་གཉིད་དུ་སོང་བའི་ཐུན་སྟོད་ཀྱི་སྐབས་ཡིན་ནོ། གསུམ་པ་ནི། འཆི་བའི་དུས་སུ་འཆི་བའི་འོད་གསལ་ཆོས་སྐུ་དང་བསྲེ་བའི་ཚུལ་ནི། ད་ལྟར་གྱི་དུས་སུ་གཉིད་སད་དུས་དང་། གཉིད་ཀྱི་དུས་སུ་སྔར་བཤད་པ་བཞིན་དུ། འདོ་གསལ་ཆོས་སྐུ་དང་བསྲེ་བལ་བྱང་བ་ཞིག་གིས་འཆི་བའི་དུས་སུ། ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་དང་པོ་ཤར་བའི་དུས་སུ། སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང་། སྙིང་གའི་དྷཱུ་ཏཱིདབུས་ནས་རླུང་ལྡང་འཇུག་གནས་གསུམ་གྱི་རྡོ་རྗེའི་བཟླས་པ་བྱས་ན། གཞི་དུས་ཀྱིའི་ཆ་བའི་དུས་སུ་སྙིང་གར་རླུང་རང་ཤུགས་ཀྱིས་འདུ་བ་ཡོད་པའི་གནས་ཀྱིས་སྔར་བཤད་པའི་རྟགས་རྣམས་དང་། སྟོང་བ་བཞི་སྔར་བཤད་པ་བཞིན་དུ་འཆར་ལ། དེ་ལ་འཆི་བའི་ཚེ། སྟོང་པ་རང་ཤུགས་ཀྱིས་འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྔར་གཉིད་སད་པ་དང་། གཉིད་དུས་སུ་བསྒོམས་


JLD006_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང་། དེ་གཉིས་འཆི་བའི་འོད་གསལ་གྱི་དུས་སུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་བ་ཡིན་ནོ། གཉིས་པ་ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་ལ་གསུམ། གཉིད་སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་དང་། གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་ལོངས་སུ་དང་བསྲེ་བ་དང་། འཆི་བའི་འོད་གསལ་གྱི་མཐར་བར་དོ་དངོས་སམ་བར་དོ་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བའོ། དང་པོ་ནི། སྔར་བཤད་པའི་སྒོ་གསུམ་པོ་གང་རུང་ཞིག་གིས་འོད་གསལ་གྱི་ཏིང་ངེ་འཛིན་བསྐྱེད་དུས་སུ་འབད་པ་བསྐྱེད་ནས་འོད་གསལ་ལ་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག སྔར་རླུང་ཐིམ་པ་སླར་ལངས་པའི་མཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་པའི་ཚུལ་དུ་འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོང་གིས་ལྡང་སྟེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ནས་ཇི་སྲིད་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། གཉིས་པ་གཉིད་ཀྱི་དུས་སུ་རྨི་ལམ་ཤར་བའི་རྨི་ལམ་གྱི་སྒྱུ་ལུས་ལོངས་སུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་གཉིད་ཀྱི་འོད་གསལ་ཤར་བའི་ཚེ་འབད་ནས་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག །སྔར་རླུང་ཐིམ་པ་སླར་ཡང་ལ་ངས་པའི་མཐུས་ཏིང་ངེ་འཛིན་ལས་ལྡང་བར་


JLD006_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པའི་ཚེ། དེའི་མཐར་རྨི་ལམ་ཕལ་བ་གཞན་དུ་མ་ཤོར་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་དུ་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ། འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོང་གིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ནས་ཇི་ཙམ་གནས་གནས་ཀྱི་བར་དུ་འཇོག་པའོ། གསུམ་པ་འཆི་བའི་འོད་གསལ་གྱི་མཐར་བར་དོ་དངོས་སམ་བར་དོ་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། སྔར་བཤད་པ་ལྟར་གྱི་འཆི་དུས་སུ་འོད་གསལ་མ་བུ་བསྲེས་ནས་འོད་གསལ་ལ་ཇི་ཙམ་གནས་གནས་སུ་མཉམ་པར་འཇོག་གོ། སྔར་རླུང་ཐིམ་པ་ལས་སླར་ལགས་པའི་མ་ཐུས་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་ཚེ། དེའི་མཐར་བར་དོ་ཐ་མལ་བའི་ལུས་སུ་མི་ལྡནང་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་ནས། ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ། འོད་གསལ་གྱི་ངང་ལས་སྐུ་དེར་དཀྲོང་གིས་ལངས་ཏེ། སྒྱུ་མའི་སྐུ་དེ་ལ་སེམས་བཟུང་ནས་ཇི་ཙམ་གནས་གནས་ཀྱི་བར་དུ་མཉམ་པར་འཇོག་པའོ། འདི་ལ་གཉིས་ཡོད་དེ། སྒྱུ་མའི་ལོངས་སྐུ་བསྒོམ་པ་ཙམ་མ་ཡིན་པར་གཞན་ལ་བར་དོ་གྲུབ་པའི་དུས་སུ་རང་གི་ལུས་རྟེན་སྟེང་ནས་སྔར་བཤད་པའི་སྒྱུ་མའི་སྐུར་སྐྱེས་པ་ཡིན་བར་དོ་མཆོག་འགྲུབ་པ་ཡིན་ནོ། དེ་ལྟར་མ་ནུས་པར་བར་དོ་རང་དགའ་བའི་ལུས་བླངས་པ་ཡིན་ཀྱང་། ཡིད་ངོར་བར་དོའི་ལུས་ཐ་མལ་བའི་སྣང་བ་རེ་ཞིག་མི་འཆར་བར། དང་པོའི་མགོན་པ་ཡབ་


JLD006_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དུ་ཤར་བའི་ལོངས་སྐུའི་བསྲེ་བ་བྱུང་ནའང་ཁྱད་ཤིན་ཏུ་ཆེ་བ་ཡིན་ནོ། གསུམ་པ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ལ་གསུམ་ལས། དང་པོ་གཉིད་སད་པའི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི་སྔར་བཤད་པ་ལྟར་གཉིད་སད་དུས་ཀྱི་འོད་གསལ་གྱི་ངང་ལས་སྒྱུ་མའི་སྐུར་རྣམ་སྨིན་གྱི་ལུས་འདི་ལས་ལོགས་སུ་ཕྱི་ནས་སྒྱུ་མའི་ཏིང་ངེ་འཛིན་བསྒོམ་པའི་མཐར་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ལ་ཞུགས་ཏེ། རྣམ་སྨིན་གྱི་ཕུང་པོ་མི་བསྐྱོད་པར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པའོ། དེ་ནི་འབྲས་བུའི་ལོངས་སྐུ་མ་དག་པའི་སེམས་ཅན་གྱི་མིག་གི་ལམ་དུ་མི་འགྱུར་བ་དེའི་མཐུས། སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་མངལ་དུ་ལུས་རགས་པའི་སྐྱེ་བ་བཟུང་ནས་སྤྲུལ་པའི་སྐུ་དེ་སེམས་ཅན་མ་དག་པས་ཀྱང་མཐོང་བ་དང་འདྲ་བར་ལམ་དུས་ཀྱི་སྒྱུ་མའི་ལོངས་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མི་མཐོང་བ་དེ་རགས་པའི་ལུས་ལ་ཞུགས་པ་ན། དེས་བཟུང་བའི་མི་བསྐྱོད་པར་སྣང་བའི་རགས་པའི་ལུས་ཤའི་མིག་གི་ཡུལ་དུ་གྱུར་པ་ལ། སྤྲུལ་སྐུ་ཞེས་ཐ་སྙད་བཏགས་པ་དང་། ཡང་སྒྱུ་མའི་སྐུ་དེས་རགས་པའི་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མཐོང་བ་སྤྲུལ་བ་ལ་སྤྲུལ་སྐུ་ཞེས་ཐ་སྙད་བྱས་སོ། གཉིས་པ་གཉིད་དུ་སོང་ནས་སྨི་ལམ་འཆར་བའི་དུས་སུ་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། སྔར་བཤད་པ་བཞིན་གཉིད་ཀྱི་འོད་གསལ་གྱི་ངང་ནས་ལོངས་སྐུར་ལངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་


JLD006_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར་སྔར་གྱི་རྣམ་སྨིན་གྱིས་ལུས་ལ་ཞུགས་ནས་སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་དང་། ལོངས་སྐུ་དེས་བཟུང་བའི་རགས་པའི་སྐུ་སྤྲུལ་བ་ནི་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་གོ་དོན་ནི་སྔར་བཤད་པ་ལྟར་རོ། གསུམ་པ་འཆི་བའི་འོད་གསལ་གྱི་མཐར་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། འཆི་བའི་འོད་གསལ་སྔར་བཞིན་བསྒོམས་པ་གཅིག་གིས་འཆི་བའི་འོད་གསལ་གྱི་མཐར་ལོངས་སྐུར་ལངས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་རྗེས་སུ་གང་འདོད་པའི་སྐྱེ་གནས་ཁྱེད་པ་ཅན་དུ་སྐྱེ་བའི་འཕེན་པ་བཏང་ནས་སྐྱེ་གནས་གང་ཡིན་པ་དེར་བར་དོ་ཤི་བའི་སྟོང་པ་བཞི་སྔར་གོམས་པའི་ལམ་དང་བསྲེས་ནས་སྐྱེ་བ་ལེན་པ་ལ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་སྟེ། དེའི་གོ་དོན་ཡང་སྔར་བཞིན་ནོ། དེ་ལྟར་སྔར་བཤད་པ་ལྟར་གྱི་རླུང་གི་ནུས་པ་ཐོབ་ནས་ཤིན་རུ་ལེགས་པས་དེ་ལྟར་བྱ་ལ། དེ་ལྟ་བུ་མ་ཐོས་ན་ཡང་ད་ལྟར་གྱི་དུས་སུ་འཆི་བའི་ཚེ། རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ཡིད་ལ་དྲན་པར་བྱས་ལ། ཡང་དང་ཡང་དུ་གོམས་པར་བྱ་ཞིང་། འོད་གསལ་གྱི་མཐར་བར་དོ་འགྲུབ་པའི་དུས་སུ་བར་དོ་ལ་ལོངས་སྐུར་ལྡང་བ་སོགས་ཀྱི་མན་ངག་ཀྱང་ཡང་ཡང་གོམས་པར་བྱས་ལ། ད་གཟོད་འཆི་བའི་དུས་ཀྱི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་དང་། བར་དོའི་དུས་སུ་བར་དོ་ཟིན་པ་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། དེ་ནི་བསྲེ་བའི་གདམས་ངག་གི་གནད་བསྡུས་པ་ཡིན་ནོ། འཕོ་བ་ལ་


JLD006_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་སོ་སོ་ནས་མི་འདྲ་བ་མང་དུ་ཡོད་ཀྱང་། དཔལ་སཾ་བུ་ཊ་དང་རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེ་གདན་བཞི་གསུམ་ལས་གསུངས་པ་རྣམས་དོན་འདྲ་བར་སྣང་ལ། བདེ་མཆོག་སྡོམ་འབྱུང་དང་འཇམ་དཔལ་ཞལ་གྱི་ལུང་ལས་གསུངས་པ་གཉིས་ཀྱང་སྡམ་གཉིས་དང་མཐུན་ཤས་ཆེ་བས། ཡིད་ཆེས་པའི་ཁུངས་ཁྱད་པར་ཅན་ནས་འབྱུང་བའི་འཕོ་བའི་གདམས་པ་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་ནི། སྒོ་དབར་ཡི་གེ་བཀོད་ནས་དེ་ལ་གསལ་སྣང་བརྟན་པོ་རྙེད་པའི་སྒོ་ནས། སྒོ་དགུའི་རླུང་དེངས་པར་བྱ་སྔོན་དུ་བཏང་ནས། ལྟེ་བའི་བུམ་ཅན་ལ་ནུས་པ་རྙེད་པའི་མཚམས་ནས། འཕོ་བའི་དངོས་གཞིའི་དམིགས་པ་སྐྱོང་བ་ཡིན་ནོ། དེ་མ་གྲུབ་ཀྱང་བསྡུས་པ་བྱེད་ན། རང་ཡེ་ཤེས་ཀྱི་མཁའ་འགྲོ་མའམ། ཡིད་དམ་གྱི་ལྷ་གང་རུང་དུ་གསལ་བའི་ངང་ནས། སྙིང་ག་ཆོས་ཀྱི་འཁོར་ལོ་ཁ་ཐུང་དུ་བལྟ་བའི་འཁོར་ལོའི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོ་ཁ་ཐུར་དུ་བལྟ་བ་ཞིག་བསྐོམས། དེའི་མགོ་བོའི་འོག་ཏུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་སྔོན་པོ་ཐུར་དུ་བལྟ་བ་ཞིག་དང་། དེའི་མགོ་བོའི་འོག་ཏུ་ཧཱི་ཡིག་དཀར་མ་མགོ་བོ་ཐུར་དུ་བལྟ་བ་ཞིག་བསྒོམས། ཧཱུྃ་ཡིག་གི་ཞབས་ཀྱུའི་སྟེང་དུ་རྣམ་ཤེས་ཀྱི་བཞོན་པའི་རླུང་གི་ངོ་བོ་ཡུཾ་ཡིག་སྔོན་པོ་མགོ་བོ་གྱེན་དུ་བལྟ་བ་དང་། དེའི་དབུས་སུ་ཀ་ཡིག་དཀར་བོ་མགོ་བོ་གྱེན་དུ་བལྟ་བ་ཞིག་བསྒོམས་ཏེ། སྟེང་འོག་གི་ཧི་ཀ་གཉིས་ནི་རྣམ་ཤེས་རླུང་གི་


JLD006_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

བཞོན་པ་ཅན་སྙིང་གའི་གནས་ནས་གྱེན་དུ་སྤྱི་གཙུག་ནས་འབྱིན་པའ་ཐས་སོ། དེནས་ལུས་གནད་བཅས་ཏེ། རླུང་ཕྱི་རོལ་ཏུ་འགྲོ་བའི་ཚེ། སྙིང་གའི་རྩ་འཁོར་གྱེན་དུ་ཕྱོགས་པར་བྱས་ཏེ་སྙིང་གའི་དྷཱུ་ཏཱིའི་ནང་ནས་ཧཱུྃ་ཡུཾ་ཧཱི་གསུམ་མགོ་བོ་བྱེད་དུ་བལྟས་ཏེ། སྔོན་དུ་རྒྱུ་ཞིང་ཡུཾ་ཀ་གཉིས་ཧཱུྃ་གི་གཤམ་ནས་མགོ་བོ་གྱེན་དུ་བལྟས་ཏེ། རྗེས་སུ་རྒྱུ་བའི་ཚུལ་གྱིས་སྤྱི་བོའི་ཚངས་བུ་ག་ལ་རེག་པའི་བར་དུ་འགོར་ཁར་བསམས་ལ། རླུང་ནང་དུ་འཇུག་པའི་ཚེ་སྔར་གྱི་གོ་རིམ་དེ་ཟློག་སྟེ་སྙིང་གར་འོངས་ནས་སྙིང་གའི་རྩ་འཁོར་ཐུར་དུ་ཕྱོགས་པར་བསམ། དེ་ལྟ་བུའི་ཚུལ་གྱིས་རླུང་འགྲོ་འོང་གཉིས་དང་ཡི་གེ་ལྔ་སྦྲགས་ཏེ་བསྒོམས་པའི་མཐར་ཆེད་དུ་གཏད་མི་དགོས་པར་རང་གིས་བང་གི་རླུང་དྷཱུ་ཏཱིར་འཇུག་ཐུབ་པ་དང་གཙུག་ཟབ་དང་། མཁྲིག་པ་ལ་སོགས་པ་བྱུང་བྱུང་བ་དུ་སྦྱངས་ལ། ལམ་སྦྱོར་གྱི་དུས་སུ་སྤྱི་གཙུག་ཚངས་པའི་བུ་ག་ཟང་ཐལ་གྱིས་ཕྱེ་བར་བསམས་ལ། དེའི་སྟེང་གི་ནམ་མཁའ་ལ་བླ་མ་དང་ཡི་དམ་དབྱེར་མེད་དུ་བཞུགས་པའི་ཐུགས་ཀར་འཕོ་བར་བྱའོ། འདི་ནི་འཆི་ལྟས་བྱང་ནས་བཟློག་པའི་ཐབས་བྱས་ཀྱང་མི་བཟློག་པར་མཐོང་པ་ན། ནད་ཀྱིས་མ་ཕོག་པའི་གོང་ཟླ་བ་ཇུག་ཙམ་ནས་བྱ་བར་གསུངས་སོ། དེ་གཉིས་ནི་བསྲེ་བ་དང་འཕོ་བ་ཞེས་བྱ་བའི་མན་ངག་ཁྱད་ཆོས་སུ་གྲགས་པ་ཡིན་ལ། དེའི་སྣ་མ་ནི། ཕ་རྒྱུད་གསང་བ་འདུས་པའི་སྐོར་ནས་ལེགས་པར་ཤེས་དགོས་པ་ཡིན་ལ། ཕྱི་མ་ནི་རྣལ་འབྱོར་མའི་རྒྱུད་རྣམས་ལས་ཤེས་དགོས་པ་ཡིན་ནོ། འདི་ནི་རྗེ་རིན་པོ་ཆེས།


JLD006_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱ་ཡུལ་དུ་ཐེགས་ཀར་གདམས་པ་འདི་གཉིས་ཞུས་པའི་དོན་དུ་མཛད་པའོ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པའི་སྐུར་བོར་བྱེར་མི་ཕྱེད་པའི་མི་སློབ་པའི་ཟུང་འཇུག་དེ་ཐོབ་བྱ་མཐར་ཐུག དེ་ལ་སློབ་པའི་ཟུང་འཇུག་སྔོན་དུ་འགྲོ་དགོས་ཏེ། མི་སློབ་པའི་ཟུང་འཇུག་དེ་ལ་རིགས་འདྲ་སྔ་མ་སྔོན་དུ་འགྲོ་དགོས་པའི་ཕྱིར། སློབ་མའི་ཟུང་འཇུག་ལ་རིམ་པ་བཞི་བའི་དོན་གྱི་འོད་གསལ་སྔོན་དུ་འགྲོ་དགོས་ཏེ། རིམ་པ་བཞི་པའི་འོད་གསལ་དང་དེའི་བཞོན་པར་གྱུར་པའི་རླུང་ལས་སློབ་པའི་ཟུང་འཇུག་སྒྲུབ་དགོས་པས་སོ། རིམ་པ་བཞི་པའི་དོན་གྱི་འོད་གསལ་ལ་རིམ་པ་གསུམ་པའི་སྒྱུ་ལུས་སྔོན་དུ་འགྲོ་དགོས་ཏེ། རིམ་པ་གསུམ་པའི་སྒྱུ་ལུས་དེ་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་བཅུག་ནས་དག་པར་གྱས་པ་ལས་རིམ་པ་བཞི་པའི་འོད་གསལ་སྒྲུབ་དགོས་པས་སོ། རིམ་པ་གསུམ་པའི་སྒྱུ་ལུས་ལ་སེམས་དབེན་སྔོན་དུ་འགྲོ་དགོས་ཏེ། སེམས་དབེན་གྱི་རླུང་སེམས་ལས་རིམ་པ་གསུམ་པའི་སྒྱུ་ལུས་བསྐྱེད་དགོས་པའི་ཕྱིར། སེམས་དབེན་ལ་སྲོག་རྩོལ་རྡོང་བཟླས་སྔོན་དུ་འགྲོ་དགོས་ཏེ། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་བསྒོམས་པའི་སྟོབས་ཀྱིས་སྙིང་གར་རླུང་སྡུད་པའི་སྡུ་རིམ་ཁྱད་པར་ཅན་ལས་སེམས་དབེན་བསྐྱེད་དགོས་པས་སོ། སྲོག་རྩོལ་ལ་ལུས་དབེན་སྔོན་དུ་འགྲོ་དགོས་ཏེ། སྙིག་གར་རླུང་སྡུད་པའི་སྡུད་རིམ་ཁྱད་པར་ཅན་བྱེད་པ་


JLD006_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེའི་སྔོན་དུ་ལུས་ཀྱི་གནས་གཞན་ཞིག་ཏུ་རླུང་དབུ་མར་ཚུད་པའི་བདེ་སྟོང་བསྒོམ་པ་དང་། རྗེས་ཐོབ་ཏུ་གང་སྣང་བདེ་བའི་རྣམ་རོལ་ཏུ་འཆར་བ་དང་། དེ་ཡང་ལྷའི་སྐུའི་རྣམ་པར་འཆར་བ་ལ་སློབ་པ་སྔོན་དུ་འགྲོ་དགོངས་པས་སོ། དེའི་རྒྱུད་གླིང་བྱེད་ཕྲ་མོ་རྟོག་པའི་རྣལ་འབྱོར་སྔོན་དུ་འགྲོ་དགོས། དེ་ཡག་སྔོན་དུ་རགས་པ་དྲན་པ་གཅིག་པའི་རྣལ་འགྱོར་འགྲོ་དགོས་པས་སོ། རིམ་གཉིས་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་ལ་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་སྔོན་དུ་འགྲོ་དགོས་སོ། དེ་ལ་རྒྱུད་ནས་བཤད་པའི་དབང་བསྐུར་བ་ལེགས་པར་ཐོབ་དགོས་སོ། དེ་ལ་ཐུན་མོང་པའི་ལམ་སེམས་ཅན་ཐམས་ཅད་ཤེས་དྲིན་དྲན་དྲིན་གཟོ་ཡིད་འོང་གི་བྱམས་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། ལྷག་བསམ་དེ་ལབ་རྟེན་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་སྔོན་དུ་འགྲོ་དགོས་སོ། དེ་ལ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམས་ནས་ཟབ་དོན་གཉེར་གྱི་བློ་བསྐྱེད་པ་སྔོན་དུ་འགྲོ་དགོས། དེ་ལ་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤང་བ་དང་བདེ་བའི་རྒྱུ་དགེ་བ་སྒྲུབ་པ་སྔོན་དུ་འགྲོ་དགོས་སོ། དེ་ལ་དལ་འབྱོར་རྙེད་དཀའ་བསམ་པ་སྔོན་དུ་འགྲོ་དགོས་ཞེས་གསུངས་སོ། དབང་དོན་ལམ་གྱི་རིམ་པར་བསྒྲིགས་ནས་བླ་མེད་ཀྱི་ཉམས་སུ་བླང་བྱའི་ལམ་ལ་བསྐྱེད་རྫོགས་གཉིས་སུ་ངེས་ལ། དེ་ལ་ཐོག་མར་བསྐྱེད་རིམ་བསྒོམས་ནས། དེས་རྒྱུད་སྨིན་པར་བྱས་ཏེ་རྫོགས་རིམ་བསྒོམ་དགོས་ཀྱི་དེ་ལྟར་མིན་པར་རམ་པ་


JLD006_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བསྒོམ་ཀྱང་བཤད་པ་ལྟར་མི་སྐྱེ་བསམ། ཐོག་མར་བསྐྱེད་རིམ་བསྒོམ་དགོས་པས། དེའི་སྣོད་རུང་དུ་བྱ་བའི་ཕྱིར་དུ་བུམ་དབང་བསྐུར་དགོས་པ་ཡིན་ལ། དེ་ལྟར་རིམ་པ་དང་པོས་རྒྱུད་སྨིན་པར་བྱས་ནས། དེ་ནས་རིམ་གཉིས་པ་བསྒོམ་དགོས་པས། དེ་ལ་ཐོག་མར་ལུས་དབོན་དང་ངག་དབེན་སོགས་ཀྱི་ཐབས་རོ་རྐྱང་གི་རླུང་རྣམས་དྷཱུ་ཏཱིར་ཞགས་གནས་ཐིམ་གསུམ་བྱས་པའི་ལག་རྗེས་ལ་སྣང་མཆེད་ཐོབ་གསུམ་དཔའི་འོད་གསལ་དང་བཅས་པའི་སེམས་དབེན་འདྲེན་ལ། དེ་ལས་རླུང་སེམས་ཙམ་ལས་གྲུབ་པའི་མ་དག་པའི་སྒྱུ་མའི་ལུས་རྣམས་རིམ་ཅན་དུ་སྐྱེ་བས་ལམ་དེ་རྣམས་སྒྲུབ་པའི་སྣོད་རུང་དུ་བྱ་བའི་ཕྱིར་དུ་དེའི་རྗེས་སུ་གསང་དབང་བསྐུར་བ་ཡིན་ནོ། དེ་ནས་མ་དག་པའི་སྒྱུ་ལུས་དེ་ཉིད་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་ཀྱི་འོད་གསལ་དུ་དག་པར་བྱས་པ་ལས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་མཚན་ཉིད་པ་སྐྱེ་བར་འགྱུར་ལ། དེའི་སྣོད་རུང་དུ་བྱེད་པའི་དབང་གསུམ་པ་གསང་དབང་གི་རྗེས་སུ་བསྐུར་བ་ཡིན་ནོ། དོན་གྱི་འོད་གསལ་དེ་ལས་ལུགས་ལྡོག་ཏུ་ལྡང་བ་ན། དག་པའི་སྒྱུ་མའི་སྐུ་དང་ཐུགས་དོན་གྱི་འོད་གསལ་གཉིས་ངོ་བོ་གཅིག་པའི་སློབ་པའི་ཟུང་འཇུག་ཐོབ་ལ། དེའི་རྒྱུན་གོམས་པ་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་དུ་བྱེད་པས། དེའི་སྣོད་དུང་དུ་བྱེད་པའི་དབང་བཞི་བ་གསུམ་པའི་


JLD006_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བསྐུར་བ་ཡིན་ནོ། དེས་ན་ཐོབ་བྱང་དེ་ལས་མཐར་ཐུག་པ་མེད་པས། དབང་བཞི་པ་ལས་གོང་ན་དབང་མེད་དོ། དབང་གི་གྲངས་དང་གི་རིམ་ངེས་པ་ལྟར་དུ་ལམ་གྱི་གོ་རིམ་ཡང་ཇི་ལྟར་བཤད་པ་ལྟར་ངེས་པས། དབང་བསྐུར་བྱེད་པ་དང་རང་ཉིད་པ་དག་འཇུག་ལེན་པ་སོགས་བྱེད་ན་འང་། ལམ་དེ་ལྟ་བུའི་ཆེད་དུ་བྱེད་དགོས་ཀྱི་གོ་བ་དམིགས་ཕྱེད་པ་གལ་ཆེའོ་གསོངས་སོ། ༈ དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ལ་ཕྱག་འཚལ་ལོ། འཕོ་བ་ནི་མ་རྒྱུད་ནས་འབྱུང་ཡང་། ཕ་རྒྱུད་ལ་ཡང་ལམ་གྱི་ཡན་ལག་ཏུ་ངེས་པར་དགོས་པས་དེ་བཤད་ན། འཕོ་བ་བསྡུས་ཏེ་ཉམས་སུ་ལེན་ཚུལ་ནི། ད་ལྟར་ནས་གོམས་པར་བྱེད་ཚུལ་དང་། དུས་ཐ་མར་ལས་ལ་སྦྱར་ཚུལ་གཉིས། དང་པོ་ནི། རང་ཡི་དམ་གང་ཡིན་དུ་བསྒོམས། ལུས་ཀྱི་དབུས་དྲང་པོ་ནས་རྩ་དབུ་མ་སྟེང་འོག་ཏུ་བྲལ་མས་ཡོད་པའི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་ན་རང་གི་རྣམ་སེཧས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོ་མགོ་ཐུར་དུ་བལྟ་བ། དེའི་གམོ་བོའི་འོག་ཏུ་ཡུཾ་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པ་གཉིས་ཀྱི་མཇུག་མས་ཧཱུྃ་གི་མགོ་བོའི་གཡས་གཡོན་བརྟེན་ལ། དེའི་འོག་ཏུ་ཧི་ཡིག་སྔོན་པོ་མགོ་ཐུར་དུ་བལྟས་པའི་མཇུག་པ་ཡུཾ་ཡིག་གཉིས་ཀྱིས་གཡས་གཡོན་ནས་བརྟེན་པ། ཧཱུྃ་གི་ཞབས་ཀྱུའི་སྟེང་དུའང་ཡུཾ་ཡིག་སྔོན་པོ་མཐོ་ཐུར་དུ་བསྟན་པ་གཉིས་ཀྱིས་ཧཱུྃ་ཏི་ཞབས་ཀྱུའི་གཡོས་གཡོན་ནས་བརྟེན་པ། དེའི་སྟེང་དུ་ཀ་ཡིག་


JLD006_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་མགོ་ཐུར་དུ་བལྟས་པའི་མགོ་བོའི་ཡུཾ་ཡིག་གཉིས་ཀྱི་མཇུག་མས་གཡས་གཡོན་ནས་བརྟེན་པ་གསལ་བཏབ། རང་གི་ཤེས་པ་དབུས་ཀྱི་ཧཱུྃ་ཡིག་དང་ངོ་བོ་དབྱེར་མེད་དུ་བྱས་ནས་སྤྱི་བོ་ཚངས་བུག་གི་བར་གྱི་དབུ་མའི་ནང་ན་མར་མེ་བཏེགས་པ་བཞིན་གསལ་སིང་དེ་མཐོང་བར་བསམ་མོ། ཚངས་བུག་གི་ནང་ན་ཧཾ་ཡིག་དཀར་པོ་ཐུར་དུ་བལྟས་པས་བཀག་པར་བསྒོམས། དེ་ནས་རླུང་ཕྱིར་འགྲོ་བ་ན། སྙིང་གའི་ཡི་གེ་ཐམས་ཅད་མགོ་གྱེན་དུ་བལྟ་བ་དང་མཉམ་དུ་སྡང་གྱི་ཡི་གེ་བརྩེགས་པའི་རིམ་པ་དེ་འགྱུར་ནས་སྔར་འོག་ན་གནས་པའི་ཀ་ཡིག་སྔོན་དུ་འགྲོ། དེའི་རྗེས་སུ་འོག་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་དབུས་ཀྱི་ཧཱུཾ་ཡིག དེས་རྗེས་སུ་སྟེང་གི་ཡུཾ་ཡིག་གཉིས། དེའི་རྗེས་སུ་སྟེང་གི་ཧི་ཡིག་འགྲོ་བའི་ཚུལ་གྱིས་རླུང་གིས་འདས་ནས། ཚངས་བུག་གི་ཧཾ་ཡིག་ལ་རེག་པ་ཙམ་དུ་ཐལ་མར་འགྲོ་བ་བསྒོམས། རླུང་ནང་དུ་འཇུག་པ་ན་ཡི་གེ་རྣམས་མགོ་འཇུག་བསྒྱུར་ནས་སྔར་སྙིང་གར་གནས་པའི་རིམ་པ་བཞིན་དུ་བྱས་ཏེ། རླུང་གིས་ཐུར་དུ་པད་ས་ནས། སྙིང་གའི་རྩ་འཁོར་ཀྱི་དབུས་ཀྱི་བར་དུ་འོངས། དེ་ལྟར་རླུང་འབྱུང་འཇུག་དང་བསྟུན་ནས་སྟེང་འོག་ཏུ་འགྲོ་འོང་བྱེད་པ་བར་མ་ཆད་པ་ཇི་ཙམ་ནུས་ཀྱི་བར་དུ་བསྒོམས། སྤྱི་གཙུག་ཟ་བ་དང་། མཁྲིག་པ་སོགས་བྱུང་ན་ལེགས་པར་འབྱོངས་པ་ཡིན་པས། ནུས་པ་མི་ཉམས་ཤིང་བརྟན་པ་ཐོབ་པའི་ཕྱིར་དུ་དེ་ནས་ཀྱང་རྒྱུན་ལྡན་དུ་བསྒོམ་དགོས་སོ། གོང་གི་ཡི་


JLD006_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

གེ་རྣམས་ཚང་བར་བསྒོམ་མི་ནུས་ན། སྙང་གའི་དཀྱིལ་དུ་ཧཱུྃ་ཡིག་གཅིག་བསྒོམས། དེ་དང་ཤེས་པ་བསྲེས་ནས་སྔར་ལྟར་སྦྱོང་བ་ཡིན་ནོ། གཉིས་པ་ནི། དུས་ལ་བབ་པའི་ཚེ་ལུས་ལོངས་སྤྱོད་ལ་ཆགས་ཞེན་སྤངས་སྤྱི་བོའི་ཧཾ་ཡིག་བསལ། སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་བསྒོམས། གསོལ་བ་དྲག་ཏུ་བཏབ། རང་གི་ཤེས་པ་ཧཱུྃ་དང་བསྲེས་ཏེ། ཧི་ཀ་ཉེར་གཅིག་བརྗོད་པ་དང་ཤེས་པ་ཧཱུྃ་དང་བསྲེས་པ་དེ་དབུ་མའི་ནང་ནས་གྱེན་དུ་སོང་སྟེ། ཚངས་བུག་སྐར་ཁུང་ཁ་བྱེ་བ་འདྲ་བ་དེ་ནས་ཐལ་མར་ཐོན་ཏེ། བླ་མའི་ཐུགས་ཀར་ཐིམ་པས་ཆོས་སྐུའི་ངང་དུ་འབྱེར་མེད་དུ་འདྲེས་པར་བསོམས། དེ་ལྟར་བྱས་པས་མཁའ་སྤྱོད་ལ་སོགས་པའི་གནས་སུ་འགྲོ་བར་གདོན་མི་ཟའོ། བློ་མཆོག་ཏུ་གྱུར་པས་ནི་རིགས་དྲུག་གི་གནས་སོ་སོར་འཕོ་བའི་སྒོ་དགུར་ཡི་གེ་བཀོར་ནས་འགོག་པའི་རྣལ་འབྱོར་གྱིས་སྒོ་དེ་དག་ནས་རྒྱུ་བའི་རླུང་རེངས་པར་བྱེད་པ་དང་། ལྟེ་བ་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་རླུང་དྷཱུ་ཏཱིར་འཇུག་པ་ལ་འབད་ནས། དེའི་རྗེས་སུ་བུམ་པ་ཅན་གྱི་རླུང་དྷཱུ་ཏཱིར་ཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ལས་ལྡང་བར་རྩོམ་པ་ན་དྷཱུ་ཏཱིའི་དབུས་ཀྱི་གཏུམ་མོའི་མེ་ཤིན་ཏུ་ཕྲ་ཞིང་རྣོ་བ་གྱེན་དུ་སོང་སྟེ། སྙིང་གའི་དྷཱུ་ཏཱིའི་ནང་གི་ཡི་གེ་རྣམས་ལ་ཕོག་པས་ཡི་གེ་རྣམས་སྔར་བཤད་པ་བཞིན་མགོ་གྱེན་དུ་བཟློག་པ་དང་དུས་མཉམ་དུ་སྙིང་གའི་རྩ་འདབ་རྣམས་གདུགས་ཁ་སྦུབ་པ་ལྟ་བུའི་དབྱིབས་སུ་ཡོད་པ་དེ་གྱེན་དུ་ལྡོག་གནས་གདུགས་ཁ་གྱེན་དུ་བསྟོད་པ་ལྟར་བསྒོམས་ཤིང་། ཡི་གེ་རྣམས་ཐུར་དུ་བབས་ཏེ་


JLD006_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གང་སླེབ་མ་ཐག་སྔག་བཞིན་དུ་རྩ་འདབ་ཁ་ཐུང་དུ་བལྟས་སོང་བར་བསྒོམས་པ་ཡིན་ནོ། སྒོ་དགུའི་ཡི་གེ་འགོད་ཚུལ་རྣམས་ནི་ཁྲིད་ཡིག་ཆེ་ན་མོ་གསེར་གྱི་སྒོ་འབྱེད་དུ་མཛད་པ་ལྟར་ཡིན་ཞིང་། ཆོས་རྗེ་ཤཱཀྱ་ཡེ་ཤེས་པ་ལ་གནད་པའི་ཡིག་ཆུང་དུ་སྟེང་འོག་ཏུ་ཡིག་གེ་རེ་རེ་ལས་མ་གསུངས་ཤིང་། ཡི་གེ་འགའ་ཞིག་མགོ་གྱོན་བསྟན་དང་། ཁ་དོག་དཀར་པོར་མཛད་ཀྱང་ཕྱིས་ཁྲིད་ཡིག་ཆེན་མོར་སྔར་འཛིན་མཛད་པ་ཡིན་པས། མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པ་དང་། ཇོ་གདན་བསོད་ནམས་ལྷུན་གྲུབ་པ་ནས་བརྒྱུད་པ་གཉིས་ཀ་ལ་ཡི་གེ་བདུན་དང་འགོད་ཚུལ་སྔར་བཞིན་མཛད་པ་ཡིན་ཞིང་། ཡིག་ཆར་མི་གསལ་བར་བླ་མས་བསྟན་དགོས་པའི་ཞལ་ཁ་ཤེས་ནི། རྩ་འཁོར་བཟློག་པ་དང་ཡི་གེ་ལྡོག་པའི་ཚུལ་ཡིན་ལ། རྩ་འཁོར་ཟློག་པའི་ཚུལ་ནི། གདུགས་ཕྱི་ནང་དུ་བསྒྱུར་བ་བཞིན་ཟླ་འོག་བསྒྱུར་བ་མིན་གྱི། དམིགས་པ་སྔར་བཞིན་བྱས་པ་ན། རྩ་འཁོར་གྱི་ལྟེ་བ་ལ་འོག་ནས་འོངས་པའི་རླུང་ཕོག་པའི་ཤུགས་ཀྱིས་དར་ཀྱི་ཤམ་བུ་གྱེན་དུ་བཏེག་པ་བཞིན་སོང་བར་བསྒོམ་པ་ཡིན་ལ། འདིའི་དུས་སུ་འང་སྙིང་གར་རླུང་འདུས་པས་ན་རྩ་འདབ་ཁ་གྱེན་དུ་ཕྱོགས་ཚུལ་དེ་བཞིན་འོང་བ་ཡིན་ནོ། ཡི་གེ་ཟློག་པའི་ཚུལ་ནི། ཁ་ཅིག་དབྱུག་པ་མགོ་འཇུག་བསྒྱུར་བ་ལྟར་སོང་བར་བསྒོམ་པ་དང་། ཁ་ཅིག་ཐང་སྐུའི་ཞལ་ཁེབས་བསྒྲིལ་བ་ལྟར་འོག་ནས་རིམ་པ་བཞིན་བསྒྲིལ་ནས་སྟེང་འོང་བསྒྱུར་བར་


JLD006_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་རྣམས་ནནི་དོན་མགོ་བར་བློས་བཏགས་ཀྱི་ཚོད་འཇོག་ཡིན་པས་མི་རུང་ངོ་། དེས་ན་ཡི་གེ་དེ་དག་གི་ཕྱི་རོལ་དུ་རླུང་ཕོག་པས་ཞྭ་རླུང་གིས་ཁྱེར་བ་ལྟར་སོང་བ་གྱི་དྷཱུ་ཏཱིའི་ནང་ནས་གྱེན་དུ་འོངས་པའི་རླུང་དེ་ཡི་གེ་དེ་དག་གི་ནང་དུ་ཞུགས་པས། རེ་རེ་ཞིང་ཕྱི་ནང་ལོག་སྟེ་རླུང་དང་ལྷན་ཅིག་སྔེང་དུ་སོང་བས་དར་གྱི་སྦུ་གུའི་ནང་དུ་དབྱུག་པ་བརྫངས་ནས་ཕྱི་ནང་ལོག་པ་ན་འོག་ནས་གང་ཡོད་པ་དབྱུག་པའི་རྩ་བ་བླངས་ཏེ་སྟེང་དུ་འོངས་ལ། སྔར་སྟེང་ན་གར་ཡོད་པ་དེ་དག་འོག་མྲ་འགྱུར་བ་བཞིན་ནོ། དེ་བཞིན་འོག་ཏུ་འཇུག་པ་ན་འང་། རླུང་སྣ་བུག་ནས་ནང་དུ་འཇུག་པ་ན། རླུང་གིས་ཧཾ་ཡིག་གི་རྩེ་ནས་སྔར་བཞིན་བཟློག་པས། ཧི་ཡིག་ཕྱི་ནང་ལོགས་པ་བཞིན་མགོ་ཐུར་དུ་བསྟན་ནས་རླུང་གི་རྩེ་ལ་སྔོན་ལ་ཁྱེར་ཏེ་གཞན་རྣམས་རེ་རེ་ནས་ཟློབ་པས་སྔར་སྙིང་གར་བཀོད་པའི་རིམ་པ་བཞིན་བྱས་ནས་སྙིང་གར་སླེབས་པ་ན་དེའི་ཤུགས་ཀྱིས་རྩ་འདབ་རྣམས་ཀྱང་ཁ་ཐུར་དུ་བལྟ་བ་ཡིན་ནོ། བླ་མའི་ཞལ་ཤེས་དགོས་པ་འདི་རྣམས་མ་གཏོགས་ཡིག་ཆར་གསལ་བ་ལྟར་ཁོ་ན་ཡིན་གྱི་འདི་དག་ལས་གཞན་པའི་མན་ངག་གཞན་གྱི་ཁྲིད་ལུགས་སྣ་རེ་ཙམ་མཐོང་བ་དང་ཐོས་པ་འདིར་བསྲེ་བ་དང་། ཕོ་ཚད་ཀྱིས་སྦྱར་བའི་ཡི་གེ་མང་དུ་བྱས་ནས། རྗེ་ཙོང་ཁ་བའི་ཞལ་ཤེས་ཡིན་ནོ་ཞེས་སྨྲ་བ་ནི་རྙེད་པ་དང་བཀུར་སྟི་སྒྲུབ་པའི་ཆེད་དུ་ལུགས་མིན་པ་རྣམས་གཅིག་ཏུ་བསྡེབས་པས་འཕྱོན་མའི་བུ་ལྟ་བུའི་གདམས་ངག་གིས་གནད་སླུ་བར་བྱེད་པ་ཡིན་པས། བློ་གྲོས་དང་ལྡན་པ་ཡང་དག་པའི་ལམ་དོན་དུ་གཉེར་བ་རྣམས་


JLD006_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རིང་དུ་ངོར་ཏེ་ལམ་བཟང་པོ་ལ་འཇུག་པར་བྱའོ། མན་ངག་ཡིད་བཞིན་ནོར་བུ་འདི། །རང་བའི་རྒྱལ་མཚན་རྩེར་བཀོད་པས། །རྡོ་རྗེའི་རྩ་ལ་དབང་ཐོབ་ནས། །བསམ་བཞིན་དག་པའི་གནས་ཐོབ་ཤོག །དབང་ཕྱུག་བརྒྱད་ལྡན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྣ་ནས་ཕྱི་ཞལ་གདམས་འགའ་ཞིག་གོ ༈ རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པའི་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། དེ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ། གོ་རིམ། གྲངས་ངེས། བྱེད་ལས། ས་མཚམས། སོ་སོའི་མྱོང་བ་འདོན་ཚུལ། མྱོང་བ་ཡང་དག་དང་ལྟར་སྣང་གི་དབྱེ་བ། གེགས་བྱུང་ན་སེལ་ཚུལ་རྣམས་ནནི། ཐམས་ཅད་མཁྱེན་པ་རྗེ་རིན་པོ་ཆེའི་མདོ་སྔགས་ཀྱིས་ལམ་གྱིས་རྣམ་གཞག་རྒྱས་པ་རྣམས་རྐུ་ཤེས་པར་བྱའོ། འདི་ཞལ་གྱི་གདམས་པ་འགའ་ཞིག་གསལ་སྒོན་དང་ཁྲིད་གཉིས་དང་སྦྱར་ཏེ་ཅུང་ཟད་བཤད་པ་བྱའོ། དེ་ལ་རིམ་པ་དང་པོའི་སྐབས་སུ་གང་སྣང་ལྷར་འཆར་བ་ལ་བསླབ་དགོས་པས་རྟེན་དང་བརྟེན་པ་རགས་པ་དང་ཕྲ་བ་མཐར་ཕྱིན་ནས། རྫོགས་རིམ་ལ་འཇུག་པ་ན། ཐོག་མར་ལུས་དབེན་ཉམས་སུ་ལེན་པའི་པའི་ཚུལ་ནི། རིམ་ལྔ་བསྡུས་པ་གསལ་བ་ལས། ལུས་དང་དུས་ངང་ཡུལ་རླུང་གི། གནད་ནི་རྣམ་པ་བཞིར་ཤེས་བྱ། ཞེས་གསུངས་པ་ལྟར་གནད་བཞི་དང་ལྡན་པར་བྱ་སྟེ། རང་ཉིད་གསང་ཆེན་རྡོ་རྗེ་འཆང་ཡབ་


JLD006_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དུ་གསལ་བའི་ནོར་བུའི་རྩེའི་དྷཱུ་ཏཱིའི་མར་སྣའི་ནང་ངམ། མན་ངག་སྙེ་མར་ནོར་བུའི་དབུས་ན་རྩ་འཁོར་འདབ་མ་བརྒྱད་པ་ཞིག་བཤད་པས། དེའི་དབུས་སྨ་དྷཱུ་ཏཱིའི་ནང་གང་རུང་དུ་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ། ཐིག་ལེ་ཁྱད་པར་གསུམ་ལྡན། ཁ་དོག་སྔོན་པོ། དབྱིབས་ཟླུབ་པོ། ནས་འབྲུའམ་ཡུང་ཀར་གྱི་འབྲུ་ཚད་ཙམ་ཤིན་ཏུ་འཚེར་བ། ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ལྔ་འཕྲོ་བ། རང་གི་ལྷའི་ངོ་བོར་བལྟས་ལ། དེ་ལ་རང་གི་སེམས་དབྱེར་མེད་དུ་ཞུགས་པའི་ཚུལ་གྱིས་བྱིང་རྒོད་དང་བྲལ་བར་བྱས་ཏེ། ཚིག་བསྒྲིལ་དུ་བསྒོམས་པས་སེམས་རྩེ་གཅིག་ཐིག་ལེ་དང་འདྲེས་པའི་ཉམས་སྐྱེས་ནས། དབང་པོའི་རླུང་ནང་དུ་ལོག་པ་དང་། དྷཱུ་ཏཱིའི་ནང་གང་རུང་དུ་ཞུགས་གནས་ཐིམ་གསུམ་འབྱུང་བའི་རྟགས་བཞི་རིམ་པ་ངེས་ཅན་དུ་ཤར་ནས་གཏུམ་མོ་ཁྱད་པར་ཅན་དྷཱུ་ཏཱིའི་ནང་ནས་འབར་ཏེ་བྱང་སེམས་ཞུ་བ་གང་དུ་སླེབས་པས་ཡས་བབས་དང་མས་བརྟེན་གྱི་དགའ་བཞི་བསྐྱེད་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། དེ་ནི་དགའ་བར་བཤད་པ་ཡིན། ཡོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། དགའ་བྲལ་ཆོས་ཀྱི་འཁོར་ལོ་གནས། སྤྲུལ་བའི་འཁོར་ལོ་ལྷན་ཅིག་སྐྱེས། དགའ་བ་ཉམས་སུ་མྱང་བར་བྱེད། ཅེས་གསུངས། སྤྱི་བོ་ནས་མགྲིན་པའི་བར་ལ་དགའ་བ་འཇོག་ལ། དེས་གཞན་གསུམ་ལ་འང་ཤེས་པར་བྱའོ། མས་བརྟན་གྱི་སྐྱེད་ཚུལ་ཡང་དེ་ཉིད་ལས། སྤྲུལ་


JLD006_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁོར་ལོ་དགའ་བ་དང་། མཆོག་དགའ་ཆོས་ཀྱི་འཁོར་ལོ་གནས། ལོངས་སྤྱོད་བྲལ་བའི་དགའ་བ་དང་། ལྷན་ཅིག་སྐྱེས་དགའ་བདེ་བ་ཆེ། ལུགས་ལྡོག་རིམ་པ་ཞེས་ནི་གསུངས། ཞེས་གསུངས་སོ། འདིའི་གནས་ཀྱང་སྔར་བཤད་པའི་རིགས་པས་ཤེས་པར་བྱའོ། འདིར་བདེ་བ་ཆེན་པོ་ལམ་གྱི་སྲོག་ཡིན་ལ། དེ་བརྟན་པ་ལ་མས་བརྟན་གྱི་བདེ་བ་ལ་རག་ལས་པས་ན། དེ་བསྐྱེད་ཚུལ་གལ་ཆེའོ། དེ་ཡང་མན་ངག་སྙེ་མ་ལས། དེའི་འཆར་ས་ནི་ནོར་བུ་ནས་བརྩམས་ཏེ་ལྟེ་བ་ཇི་སྲིད་པ། དེ་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས་སྟེང་དུ་ཉེ་བར་འགྲོ་ཞེས་པའི་ཚིག་ཟིན་ལྟར་ན། ནོར་བུ་ནས་ཕྱིར་མ་འཕོས་ན། རང་ལོག་བྱེད་པ་འདྲ་བ་ཞིག་འདུག་ཀྱང་། དང་པོའི་དུས་སུ་རང་ལོག་བྱེད་པ་མིན་པས། ཡར་ལ་དྲིལ་ནས་སྤྱི་གཙུག་གི་བར་འགྲོ་བ་ཞིག་དགོས་པ་ནི་རྣལ་འབྱོར་པས་ཆེན་དུ་བྱ་དགོས་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། རླུང་གི་དེ་ཉིད་སྔོན་བྱས་ནས། དེ་ཉིད་སྟེང་དུ་རྒྱུ་བ་ནི། རྣལ་འབྱོར་བས་ནི་སྒྲུབ་པར་བྱེད། དེ་ལས་སྤྲུལ་བའི་འཁོར་ལོ་ནི། དགའ་བ་ཞེས་བྱར་རྣམ་པར་ཤེས། ཞེས་གསུངས་པས། ནོར་བུའི་རྩེ་ནས་སྤྲུལ་བའི་འཁོར་ལོ་བར་དུ་དགའ་བ་དང་། དེ་ནས་ཆོས་ཀྱི་འཁོར་ལོའི་བར་དུ་མཆོག་དགའ་དང་། དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་བར་དུ་ཁྱད་དགའ་དང་། དེ་ནས་བདེ་ཆེན་གྱི་འཁོར་ལོའི་བར་དུ་ལྷན་ཅིག་པའི་དགའ་བ་དང་། དེ་བཞི་གཡང་མན་ངག་སྙེ་མར།


JLD006_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་དུ་ལྷན་སྐྱེས་ལ། ཆུང་ངུ་། བར་མ། ཆེན་པོ། ཆེན་པོའི་ཆེན་པོར་བྱེད་དོ། དེ་ནས་ཡས་བབས་ཀྱི་ལྷན་སྐྱེས་ཉམས་སུ་མྱོང་ནས་མས་བརྟན་བཞི་རྣལ་འབྱོར་བས་སྒྲུབ་པར་བྱེད་ཚུལ་ནི། བདེ་སྟོང་སྦྱར་ནས་བསྒོམས་པའི་མཇུག་ཏུ་རླུང་ལྡང་བར་རྩོམ་པ་ན། དམིགས་པས་བྱངས་སེམས་དྲིལ་ཏེ་དྷཱུ་ཏཱིའི་ནང་ནས་རིམ་གྱིས་དྲངས་ཏེ། སྤྲུལ་པའི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་བཟུང་། དེ་ནས་ཆོས་ཀྱི་འཁོར་ལོའི་དྷཱུ་ཏཱིའི་ནང་དུ་དྲངས་པར་མོས་ནས་ཡུན་རིང་དུ་བསྒོམས། དེ་ནས་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོའི་རིམ་པ་བཞིན་དུ་དྲངས་ནས། བདེ་ཆེན་གྱི་དབུས་སུ་དྷཱུ་ཏཱིའི་ནང་དུ་ལྷན་སྐྱེས་ཀྱི་དང་པོ་སྟོང་ཉིད་དང་སྦྱར་ཏེ་ཡུན་རིང་དུ་བསྒོམ། རླུང་ལྡང་བར་རྩོམ་པ་ན་དམིགས། པས་བྱང་ཆུབ་ཀྱི་སེམས་དྷཱུ་ཏཱིའི་ནང་ནས་ཕྱིར་སྔ་མ་བཞི་དུ་དྲངས་ཏེ་ནོར་བུའི་རྩེར་ལྷན་སྐྱེས་དང་སྟོང་པ་སྦྱར་ཏེ་བསྒོམས། དང་པོའི་དུས་སུ་ཇི་ལྟ་བ་བཞིན་སྒྲུབ་མ་ནུས་པར་རླུང་ལངས་ན། ཡང་ནོར་བུ་རྩེར་སྔར་བཞིན་ཕྲ་མོ་བསྒོམས་ནས། ཡས་བབས་དང་མས་བརྟན་གྱི་དགའ་བཞི་བསྐྱེད་དོ། དགའ་བ་བཞི་སྐྱེ་བ་ལ་བྱང་ཆུབ་ཀྱི་སེམས་འབབ་དགོས། དེ་ལ་གཏུམ་མོའི་མེ་ཁྱད་པར་ཅན་འབར་དགོས། དེ་འབར་བའི་ཚད་ནི། ནང་གི་གཏུམ་མོ་འབར་བས་བསིལ་བའི་བྱ་བ་བྱེད་པར་མ་ཟད། ཕྱིའི་ཚ་བས་ཀྱང་བསིལ་བའི་བྱ་བ་བྱེད་ཅིང་། ཕྱིའི་གྲང་བའི་རེག་པས་དྲོ་བའི་བྱ་བྱེད་པས། ལུས་སེམས་ལ་གདུང་བ་བསྐྱེད་པའི་གཏུམ་མོ་ལྟར་སྣང་དུ་ཤེས་པར་གྱིས་ཤིག ཡས་


JLD006_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

བབས་དང་མས་བརྟན་གྱི་ལྷན་སྐྱེས་ཀྱིས་ནོར་བུ་དང་། བདེ་ཆེན་གྱི་དབུས་སུ་བདེ་སྟོང་སྦྱར་ཏེ་བསྒོམས་པའི་སྟོབས་ཀྱིས། རླུང་སྔ་མ་ལངས་པའི་སྟེང་དུ་ནང་གི་ཁྱབ་བྱེད་ཀྱི་རླུང་རགས་པ་འགའ་ཞིག་འདུས་ནས་ཞུགས་གནས་ཐིམ་གསུམ་བྱས་པའི་མཐར། ལྷན་སྐྱེས་གཉིས་ཀྱི་བདེ་སྟོང་སྦྱར་ནས་བསྒོམས་པ་ཤིན་ཏུ་ག་ཆེའོ། དེ་ཡང་ཆོས་ཉིད་ཕྱག་རྒྱ་ཆེན་པོ་ཉིད་བསྒོམས་པས་ལུས་སེམས་ལ་བདེ་བ་བསྐྱེ་ཡང་འདིར་ནི་སྒོམས་སྟོབས་ཀྱིས་རླུང་ཞུགས་གནས་ཐིམ་གསུམ་བྱུང་བའི་ལྷན་སྐྱེས་ཀྱི་སྟོང་ཉིད་བསྒོམ་པ་ཞིག་དགོས་སོ། ཆོས་ཉིད་ལ་བརྟེན་ནས་ནས་བདེ་བ་ཁྱད་པར་ཅན་འདྲེན་པ་སེམས་དབེན་གྱི་སྐབས་སུ་འབྱུང་བས། དེ་ཉི་སྙིང་གའི་སྡུད་རིམ་དང་སྦྲེལ་ཏེ་བཤད་པར་བྱའོ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོརྗེའི་རྩ་བར་དགའ་བ་དང་། དབུས་སུ་མཆོག་དགའ་དང་། མགྲིན་པ་ཁྱད་པར་གྱི་དགའ་བ་དང་། ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་གསུངས་པ་ནི། རྒྱུད་དེ་ཡས་བབས་ཀྱིས་ལྷན་སྐྱེས་ཀྱི་མགོ་ལྟེ་བ་ནས་བརྩམས་ཏེ། ནོར་བུའི་རྩེར་ངོ་བོ་རྫོགས་པར་གསུངས་པས་ལྷན་སྐྱེས་ལ་དགའ་བ་བཞིར་བྱེད་པ་མངོན་ནོ། མས་བརྟན་གྱི་དག་འབ་བཞི་ཡས་བབས་ཀྱི་དགའ་བ་བཞི་ལས་བདེ་བ་ཆེ་དགོས་པ་ཡན་ཏེ། མན་སྙེ་ལས་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པའི་སྟེང་དུ་ཉེ་བར་འགྲོ་ཞེས་པའོ། མས་བརྟན་ལས་མ་ལངས་པའི་ཡས་བབས་ཀྱི་དགའ་བཞི་ནི་སྔ་མའི་མས་བརྟན་ལས་བདེ་བ་ཆེ་ཞིང་ལྷན་སྐྱེས་


JLD006_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཞག་དགོས་པ་ནི། མན་སྙེ་ལས། མས་བརྟན་ལ་བཤད་པའི་རིགས་པས་ཤེས་སོ། མས་བརྟན་ལས་ལངས་པའི་རྗེས་སུ་ཕྲ་མོ་བསྒོམ་སྟོབས་ཀྱིས་སྐྱེས་པའི་དགའ་བཞི་ནི། སྔ་མའི་མས་བརྟན་ལས་བདེ་བ་ཆེ་བ་དང་། བཞི་ག་ལྷན་སྐྱེས་ཡིན་པའི་ངེས་པ་མེད་དོ། འདི་རྣམས་ནི་མས་སྒྲུབ་ཚུལ་དང་། བདེ་བ་ཆེ་ཆུང་གི་ཁྱད་པར་ལྷན་སྐྱེས་སུ་བཞག་པས་ཆོ་གའི་མི་ཆོག་རྣམས་ཀྱིས་སྒོ་ཙམ་ཞིག་བསྟན་པས་རྟོག་པ་བྱང་བར་བྱས་ཏེ་ཕྲ་མོ་ནས་འཇུག་སྡོག་བྱ་དགོས་སོ། འོག་སྒོའི་ཕྲ་མོས་མཚོན་ནས། ལུས་ལ་གནད་དུ་བསྣུན་པའི་ཕྱི་ནང་གི་ཐབས་ལ་བརྟེན་ནས། དྷཱུ་ཏཱའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱུང་བའི་མཐར་སྐྱེས་པའི་མྱོང་བ་ཐམས་ཅད་ཀྱི་སྐབས་སུ་དེ་ཉིད་ཤེས་བར་གྱིས་ཤིག འདི་ས་བཟུང་སྟེ་རྡོར་བཟླས་མཐར་ཕྱིན་པའི་བར་དུ་དྷཱུ་ཏཱིའི་ཡར་སྣ་མར་སྣའི་རྩ་འཁོར་སོ་སོའི་དབུས་སུ་འམ། དྷཱུ་ཏཱིའི་ནང་གང་རུང་དུ་རླུང་དང་ཐིག་ལེ་འབར་འཛག་གི་རྣལ་འབྱོར་རྣམས་ལ་བརྟེན་ནས་དྷཱུ་ཏཱིའི་ངན་དུ་རླུང་འདུས་པའི་ཐབས་གང་དུ་བྱས་པ་དེར་རླུང་འདུ་བ་ནི། དྷཱུ་ཏཱིའི་ནང་གི་རླུང་འདུ་སླ་བ་ཡིན་པ་དང་། དེར་འདུ་བའི་ཐབས་བྱས་པ་གཉིས་ཚོགས་ལ་བརྟེན་ནས། གང་དུ་འདུ་བའི་ཐབས་བྱས་པའི་དྷཱུ་ཏཱིའི་ནང་དུ་རླུང་འདུས་ནས་ཞུགས་གནས་ཐིམ་གསུམ་ཡོང་བ་ཡང་། དྷཱུ་ཏཱིའི་ནང་དུ་འདུས་པའི་ཐབས་གང་དུ་བྱས་སར་མ་འདུས་པར་དྷཱུ་ཏཱིའི་ནང་གཞན་དུ་འོང་ནི། སྙིང་གའི་འཁོར་ལོའི་དབུས་དྷཱུ་ཏཱིའི་ནང་དུ་རླུང་འདུ་བའི་ཐབས་ལན་མང་དུ་


JLD006_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་། དེར་འདུ་མི་ཐུབ་པར་དྷཱུ་ཏཱིའི་ནང་གཞན་དུ་འདུས་ནས་ཞུགས་གནས་ཐིམ་གསུམ་ལན་མང་དུ་བྱས་པའི་མཐར། སྙིང་གའི་དྷཱུ་ཏཱིའི་ནང་དུ་འདུ་བ་ཞིག་འོང་བར་ཤེས་སོ། སྙིང་གའི་རྩ་མདུད་མ་གྲོལ་གྱི་བར་དུ་དྷཱུ་ཏཱིའི་ནང་ནས་གཏུམ་པོ་ཁྱད་པར་ཅན་འབར་ཡང་བདེ་ཆེན་འཁོར་ལོའི་བར་དུ་དྷཱུ་ཏཱིའི་ནང་ཁོ་ན་ལ་འབར་བའི་ངེས་པ་མེད་ཅིང་། བྱང་ཆུབ་ཀྱི་སེམས་ཞུ་ན་འབབ་པ་ཡང་དང་པོ་དྷཱུ་ཏཱིའི་ནང་ནས་འབབ་ཀྱང་ཕྲ་སྐབས་སུ་རྩ་གནས་སོ་སོར་བྱེར་ནས། ཡང་དྷཱུ་ཏཱིའི་ནང་དུ་འདུ་བ་དང་མི་འདུ་བ་ལ་སོགས་པའི་རིམ་པ་དུ་མ་འོང་བ་ཡང་། རིགས་པ་སྔ་མས་ཤེས། ཡས་བབས་དད་མས་བརྟན་གྱི་ལྷན་སྐྱེས་ཀྱིས་སྟོང་ཉིད་ངེས་པའི་བེ་སྟོང་སྦྱར་ཏེ། མཉམ་བཞག་ཏུ་ཇི་ཙམ་ནུས་པའི་བར་བསྒོམས་ནས་ལྡང་བྲ་རྩོམ་པ་ན། བདེ་སྟོང་དབྱེར་མེད་རླུང་གི་བཞོན་པ་དང་བཅས་པ་ལས་ལུགས་ལྡོག་གི་ཉེར་ཐོག་གྲུབ་པའི་དུས་སུ་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ཡིད་ངོར་ཐོལ་ཏེ་ལྡང་བར་བྱའོ། འདི་ནས་གཟུང་སྟེ་རིམ་པ་གསུམ་པའི་སྒྱུ་ལུས་མ་གྲུབ་ཀྱི་བར་དུ་སད་དུས་ཀྱི་སྟོང་པ་བཞི་དང་། གཉིད་དུས་ཀྱི་སྟོང་པ་བཞི་དང་། རྨི་ལམ་གྱི་སྟོང་པ་བཞི་དང་། འཆི་དུས་ཀྱི་སྟོང་པ་བཞི་རྣམས་ཀྱིས་དུས་སུ་ཡང་། འོད་གསལ་གྱི་རླུང་སེམས་ལས་ཉེར་ཐོབ་གྲུབ་པའི་དུས་སུ་ཆུ་ལས་ཉ་བཞིན་ཡིད་ངོར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ། འདི་ལ་ཡང་གནས་ཀྱི་སྒོ་ནས་ལྡང་ལུགས་ཁྱད་


JLD006_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ཞིག་ཡོད་པ་དང་། འདི་རྣམས་ཀྱི་གནད་ཞིབ་པར་འོག་ཏུ་བཤད་པར་བྱའོ། མཉམ་བཞར་དུ་བདེ་སྟོང་བསྒོམས་པའི་མཐར། བདེ་སྟོང་རླུང་དང་བཅས་པ་ལས་སྔར་ལྟར་རྡོ་རྗེ་འཆནྲ་ཡབ་ཡུམ་གྱི་སྐུར་ལངས་ནས་རྗེས་ཐོབ་ཏུ་བསྒོམ་ཚུལ་ནི། བཤད་བྱུང་རྡོ་རྗེ་འཕྲེང་བ་ལས། དབང་པོ་ཡུལ་ལ་སྤྱོད་པ་ནི། གང་གནས་དེ་ནི་གདམས་ནས་ནི། སྟོང་ཉིད་གཉིས་མེད་སྒྱུ་མ་ལ། སོགས་པ་ཀུན་སྤྱོད་ལྷག་སྤྱད་བྱ། ཤེས་རབ་ཡེ་ཤེས་དབང་བསྐུར་སོགས། ཉམས་སུ་མྱོང་བའི་བདེ་བ་ཡིན། བདེ་བ་ཆནེ་པོ་དྲན་པ་ཡིན། དང་པོ་རྣམས་ནི་ཀུན་ལས་ཟློག ཅེས་སོ། འདི་ནི་སྟོང་ཉིད་འོད་གསལ་དང་། གཉིས་མེད་ཟུང་འཇུག་དང་། ཀུན་རྫོབ་སྒྱུ་ལུས་ཀྱི་སྐབས་དང་། སོགས་ཀྱིས་བསྡུས་པ་དེ་རྣམས་འོག་མའི་སྐབས་སུ་ཡང་ཡུམ་རྣམས་ལྷག་པར་སྤྱོད་ཚུལ་སྟོན་པས། ངག་དབེན་མན་ཆད་དུའང་སྟོང་པ་བཞི་དྲངས་པའི་སྐབས་ཐམས་ཅད་དུ་གང་ཤར་ལ་བདེ་སྟོང་གིས་རྒྱས་འདེབས་ཚུལ་ནི་འདི་ལྟར་བཤད་པ་བཞིན་ཤེས་པར་བྱའོ། འདི་ལྟར་དབང་གསུམ་པ་དངོས་དབང་དུ་བྱས་པའི་བདེ་བ་སོགས་ཀྱིས་བསྡུས་པ་སྔར་བཤད་པ་ལྟ་བུའི་བདེ་བ་ཆེན་པོ་སྔར་མྱོང་བ་དྲན་ནས་ཡུལ་ལོངས་སྤྱོད་པའི་ཚེ། རྒྱས་བཏབ་ནས་དེ་དང་མི་མཐུན་པའི་ཡིད་བྱེད་བསྔགས་ཏེ་གནས་ན། ཡུལ་སྣང་ཀུན་བདེ་བར་འཆར་ཞིང་། དེའི་རྗེས་སུ་བདེ་བ་འབར་བའི་རྐྱེན་གྱིས་དབང་པོའི་སྒོ་ནས་འཇུག་པའི་རླུང་ནང་དུ་ལོག་པ་ན། དབང་ཤེས་ཀྱང་སྡུད་པར་ཐིམ་


JLD006_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་པ་ལ་བརྟེན་ནས་སྐྱེས་པའི་དྷཱུ་ཏཱིའི་མར་སྣ་དང་། བུད་མེད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་འཕྲད་པའི་ཚེ། རྩ་གཉིས་སད་ནས་རོ་རྒྱང་གི་རླུང་དྷཱུ་ཏཱིར་ཞུགས་ཏེ། བདེ་བ་ཕུལ་ཆེན་ཡུལ་རྟེན་གཉིས་ཀས་ཡུན་རིང་དུ་ཉམས་སུ་མྱོང་བ་གཞི་དུས་སུ་འོང་སྲིང་གསུངས་པས། དེ་འདྲས་འཁྲུལ་གཞི་བྱས་ནས་ལམ་ལ་མ་སྦྱངས་པར་གྲོལ་བ་ཞིག་ཁས་ལེན་དགོས་པར་ཧ་ཅང་ཐལ་ལོ། བསྐྱེད་རིམ་མཐར་མ་ཕྱིན་པའི་ང་ལྟའི་གང་ཟག་འགའ་ཞིག་ལ་སྔོན་གྱི་རྒྱུའི་ཁྱད་པར་གྱིས་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་འོང་བ་ཞིག་སྲིད་ཀྱང་། སྤྱིར་བསྐྱེད་རིམ་ཕྲག་རགས་མཐར་མ་ཕྱིན་པར་སྙིང་གའི་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་རླུང་ཞུགས་གནས་ཐིམ་གསུམ་འོང་བ་གཏན་མི་སྲིད་དོ། འདི་རྣམས་ལ་དཔག་ནས་གཞི་དང་ལམ་གྱི་རྣམ་གཞག་རྗེ་ཞལ་སྔ་ནས་ཀྱིས་དངོས་སུ་མ་གསུངས་པ་དོན་གྱིས་ཐོབ་པ་ག་ལ་ཆབ་རྣམས་ཀྱང་ཤེས་པར་གྱིས་ཤིག དེ་ལྟར་བསྒོམས་པས་ལུས་དབེན་མཐར་ཕྱིན་ནས་ངག་དབོན་ལ་འཇུག་པ་ན། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་གྱི་སྲོག་རྩོལ་གསུམ་ཡུན་རིང་དུ་བསྒོམས་པས། སྙིང་ཐའི་རྩ་མདུད་གྲོལ་ཏེ་རྡོར་བཟླས་མཐར་ཕྱིན་པ་ན། སེམས་དབེན་གྱི་ངོ་བོ་ཙམ་འཐོབ་ཀྱང་། སེམས་དབེན་རྫོགས་པར་ཐོབ་ནས་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པ་ལ་ནི། ད་དུང་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ལན་མང་དུ་བྱ་དགོས་


JLD006_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

སོ། དེ་ཡང་སྙིང་གའི་རྩ་མདུད་ཀྱི་དབུས་དྷཱུ་ཏཱིའི་ནང་དུ་རླུང་སྡུད་པའི་ཐབས་བཤད་པ་གཙོ་བོ་ཡིན་ཏེ། སྟོང་པ་བཞིའི་འཆི་རིམ་དང་མཐུན་པར་དྲངས་པའི་འོད་གསལ་གྱི་རླུང་སེམས་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པའི་དུས་རིམ་པ་གསུམ་པའི་སྒྱུ་ལུས་དང་དངོས་གྲུབ་པའི་ཕྱིར་རོ། སྔར་གནས་གཞན་དུ་རླུང་འདུ་བའི་ཐབས་བྱས་པ་དང་། དྷཱུ་ཏཱིའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱུང་བ་ཐབས་ཅད་སྙིང་གའི་མི་ཤིགས་པ་ལ་ཞུགས་གནས་ཐིམ་གསུམ་འཆི་རིམ་དང་མཐུན་པར་འབྱུང་བའི་ཡན་ལག་ཡིན་པས། སྙིང་གའི་རྩ་མདུད་གྲོལ་ནས་མི་ཤིགས་པའི་ཐིག་ལེ་ལ་ཞུགས་གནས་ཐིམ་གསུམ་བྱེད་པའི་ཐབས་ལ་འབད་དོ། དེ་ལ་ནང་གི་ཐབས་མི་ཤིགས་པ་ལ་རྡོར་བཟླས་བྱེད་པ་དང་། སྒོན་གསལ་ལས་རླུང་སྡུད་པར་བཤད་པ་ནི། སྐབས་འདི་ནས་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གྱིས་ལུས་ཀྱི་སྟོད་སྨད་ནས་རླུང་བྱང་སེམས་དང་བཅས་པ་མི་ཤིགས་པ་ལ་བསྡུས་ནས་ཐིམ་པའི་ལུགས་འབྱུང་གི་སྟོང་བ་སྙིང་གར་དྲངས་ཏེ་འོད་གསལ་གྱི་སྟོང་ཉིད་ཡུལ་རིང་དུ་བསྒོམས་ནས། འོད་གསལ་བཞོན་པའི་རླུང་དང་བཅས་པ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པའི་དུས་སུ་རིམ་པ་གསུམ་པའི་སྒྱུ་མའི་སྐུར་ལྡང་བ་ཡིད་ནོར་ལན་མང་དུ་བྱའོ། སྐབས་འདི་ནས་ཁམགས་མ་སྙོམས་པའི་རྐྱེན་མེད་ན་རླུང་འདུ་བའི་ཐབས་བྱས་རེས་ཀྱིས་སྟོང་བ་བཞི་འདྲེན་པ་དང་ཡིད་ངོར་ལྷ་སྐུར་ལྡང་བ་ངེས་ཅན་འོང་ངོ་། འོན་ཀྱང་ད་དུང་ནང་གི་ཐབས་ཀྱིས་སྙིང་གའི་དབུས་སུ་


JLD006_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྦར་བཞིན་བདེ་བ་རྣམས་སྐྱེའོ། རིམ་པ་གཉིས་པའི་སྐབས་སུ་ནི་གང་ཤར་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་རུ་འཆར་བ་ཞིག་དགོས་ཤིང་། དེ་ཡང་རྫོགས་རིམ་པའི་བདེ་ཆེན་ལྷན་སྐྱེས་རྙེད་ཕྱིན་ཚད་ནས་ཡིན་པས། འདིར་ལུས་དབེན་གྱི་སྒོ་ནས་གང་ཤར་ཐམས་ཅད་བདེ་ཆེན་ཡི་རྣམ་རོལ་ཏུ་བ་ལྟ་བར་གསུངས་པ་ནི་གང་ཤར་ཐམས་ཅད་བདེ་བར་འཆར་བའི་ཆེད་དུའོ། དེ་ལ་ཐོག་མར་དངོས་པོ་ཀུན་གྱི་རང་བཞིན་རྣམས་གཏན་ཕབ་པའི་སྒོ་ནས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་འགྱུར་དུ་ཤེས་པ་དང་། དེ་ནས་བདེ་སྟོང་སྦྱོར་ཚུལ་གྱི་སྒོ་ནས་བདེ་བ་ཆེན་པོའི་རྣམ་འགྱུར་དུ་ཤེས་པ་ཞིག་དགོས་སོ། དེ་ལྟར་བསྐྱེད་རིམ་མཐར་ཕྱིན་ནས། འོག་སྐོར་ཕྲ་མོ་བསྒོམས་ཏེ་དྲངས་པའི་ལྷ་སྐྱེས་ཀྱིས་མཉམ་བཞག་ཏུ་སྟོང་ཉིད་བསྒོམས་ནས་ལངས་པའི་རྗེས་སུ་བདེ་སྟོང་བསྒོམ་པ་དེ་རིམ་པ་དེས་ཅན་ཡིན་ན། འཇམ་དཔལ་ཞལ་ལུང་ལས། ལམ་གྱི་སྣོད་རུང་དུ་སྒྲུབ་པའི་ཤེས་རབ་ཡེ་ཤེས་གྱི་དབང་གི་དུས་སུ་ཕྱག་རྒྱ་སྲོག་རྩོལ་དུ་སོང་བའི་མཐུས། ལྷན་སྐྱེས་མཚན་ཉིད་པ་ཉམས་སུ་མྱོང་བ་ལ་རྫོགས་རིམ་དུ་བཞག་པ་ཇི་ལྟར་ཡིན་ཞེ་ན། བསྐྱེད་རིམ་མཐར་མ་ཕྱིན་པའི་གང་ཟག་ཁྱེད་པར་ཅན་འགའ་ཞིག་ལ། དབང་དང་བསྐྱེད་རིམ་གྱི་དུས་སུ་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱུང་བའི་དབང་གིས་ལྷན་སྐྱེ་ཉམས་སུ་མྱོང་བ་ཞིག་སྲིད་ཀྱང་། བསྐྱེད་རྫོགས་ཀྱི་ལམ་ངོ་བོ་ཡོངས་སུ་རྫོགས་པ་དང་། ཁྱད་


JLD006_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་རིམ་པ་ལྔ་གྲུབ་ཆེན་གྱིས་ཇི་ལྟར་བཤད་པ་བཞིན་མཚན་ཉིད་ཚང་བ་སྐྱེ་བ་ལ་གོང་དུ་བཤད་པའི་གོ་རིམ་མེད་ན་མི་འབྱུང་བའི་གོ་རིམ་ཡིན་ཏེ། ལམ་འདིའི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཀྱང་རིམ་པ་ཏེ་བསླབ་དགོས་ན། དེ་མན་ཆད་གྱི་གདུལ་བྱ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་ཕྱག་ན་རྡོ་རྗེའི་དབང་བསྐུར་བའི་རྒྱུད་ལས། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་གང་རི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོའི་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུགས་པར་བྱ། ཞེས་པ་དང་། བླ་མ་ལྔ་བཅུ་པ་ལས་ཀྱང་། བསམ་པ་ཐག་པའི་སློབ་མ་ནི། དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། བླ་མའི་རྗེས་སུ་འཇུག་པ་ནི། ཁ་ཏོན་བྱ་བ་སྦྱིན་པར་བྱ། དེ་ནས་སྔགས་སོགས་སྦྱིན་པ་ཡིས། དམ་ཆོས་སྣོད་དུ་བྱས་ནས་སུ། ཞེས་གསུངས་པ་དང་། སྤྱོད་པ་སྡུས་ལས་ཀྱང་། དེ་ཡི་རིམ་པའང་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསླབ་པལ་སློབ་བོ། གང་གིས་སངས་ཀྱི་ཐེག་པའི་བསླབ་པ་ལ་ལོབས་པའི་ཚེ། ཐེག་པ་གསར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་པོ། ཞེས་གསུངས་པའི་ཕྱིར། དེ་ལྟ་མིན་ན། རྗེ་ཞལ་སྔ་ནས་ཚེ་འདིར་ལམ་ལ་གཏན་ནས་སམ་སྦྱངས་བའི་ཡུལ་རྟེན་ཁྱད་པར་ཅན་གཉིས་སྙོམས་


JLD006_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་བཞི་དྲངས་པའི་འོད་གསལ་གྱི་ཆོས་ཉིད་བསྒོམས་པའི་སྟོབས་ཀྱིས་ནང་གི་ཁྱབ་བྱེད་ཀྱི་རླུང་རགས་རིམ་ནས་སྙིང་གར་བསྡུས་ནས་མི་ཤིགས་པ་ལ་ཐིམ་པའི་སྟོང་པ་བཞི་པས་ཡང་ཆོས་ཉིད་བརྩོལ་བ་ཕལ་ཆེར་འཁོར་མར་འོང་བའི་མཚམས་ནས། སྤྱོད་པ་གསུམག་གང་རུང་བྱེད་པ་དང་། ནང་གི་ཐབས་རྣམས་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་སྔར་འདུ་མ་ཐུབ་པ་རྣམས་རགས་རིམ་བསྡུས་ཏེ་མི་ཤིགས་པ་ལ་ཐིམ་པའི་སྟོང་བས་པས་ཆོས་ཉིད་བསྒོམ་རེས་ཀྱིས་ཁྱབ་བྱེད་ཀྱི་རླུང་ལྷག་མ་སྡུད་ནུས་པ་ངེས་ཅན་དུ་འོང་བའི་མཚམས་ནས་ཆོས་ཉིད་ཀྱིས་ཕྱག་རྒྱའི་བྱ་བ་བྱེད་ནུས་པ་མཐུ་ཅན་དུ་སོང་བ་ཡིན། གོང་གི་རིམས་དེས་ཁྱབ་བྱེད་ཀྱི་རླུང་ལྷག་མམ་ལུས་བར་བསྡུས་ནས་མི་ཤིགས་པ་ལ་ཐིམ་པས་རྟགས་བཞིའི་རིམ་པ་ངེས་ཅན་དུ་ཤར་ནས་སྤྲིན་མེད་པའི་སྟོང་ཀའི་ནམ་མཁའ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བའི་ཡེ་ཤེས་སྐྱེ། སྣང་བ་གཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས་ཉི་འོད་ཀྱི་ཁྱབ་པ་ལྟ་བུའི་མཆེད་པའ་ཡེ་ཤེས་སྐྱེ། མཆེད་པ་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས་སྲོད་ཀྱི་དུས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ། ཉེར་ཐོབ་བཞོན་པའི་རླང་དང་བཅས་པ་ཐིམ་པ་ལས། ཐོ་རངས་ཀྱི་ནམ་མཁའ་སྤྲིན་མེད་ལྟ་བུའི་ཐམས་ཅད་སྟོང་བ་འོད་གསལ་སྐྱེ། དེས་སྟོང་ཉིད་ཡུན་རིང་དུ་བསྒོམས་པ་ལས། བདེ་སྟོང་གི་བཞོན་པའི་སྲོག་འཛིན་དང་བཅས་པ་ལས། ལུགས་ལྡོག་གི་ཉེར་མོས་


JLD006_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དུས་སུ་རིམ་པ་གསུམ་པའི་སྒྱུ་ལུས་འགྲུབ་པར་འགྱུར་རོ། རྡོར་བཟླས་མཐར་ཕྱིན་པའི་མཚམས་ནས་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་དུས་སུ་ཡབ་ཡུམ་གྱི་གསང་བའི་སྣ་རྩེ་གཉིས་སུ་དྷཱུ་ཏཱིའི་ནང་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཉིས་སོག་སྒྲུབས་གཅིག་གི་ནང་དུ་གཅིག་བཅུག་པ་ལྟར་དུ་བར་མཚམས་མེད་པར་བསྒོམས། འདི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལ་ཡང་ཤེས་པར་བྱའོ། ད་ལྟར་བྱས་པས་རྩ་གཉིས་སད་ནས་དང་པོར་ཡུམ་གྱི་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་པ་ལས་ཡུམ་ལ་བདེ་བ་ཆེན་པོ་སྐྱེ། དེ་ནས་ཡབ་ཡིས་དྷཱུ་ཏཱིར་ཞུགས་པའི་སྟེང་དུ་ཡུམ་གྱི་དྷཱུ་ཏཱིའི་ནང་ནས་རླུང་དང་བྱང་སེམས་ཡབ་ཀྱི་དྷཱུ་ཏཱིའི་ནང་དུ་ཞུགས་པས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་པ་ལས་ཀྱང་ལྷག་པའི་བདེ་ཆེན་ཡབ་ལ་སྐྱེ། དེ་ཡང་སྙིང་གའི་དྷཱུ་ཏཱིའི་ནང་དུ་སྐྱེས་པ་ཞིག་དགོས་སོ། ཚུལ་འདི་ལས་རྒྱ་ལ་བརྟེན་ན་དངོས་སུ་འབྱུང་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སེམས་བརྟན་ནས་བསྒོམས་པའི་སྟོབས་ཀྱིས་བྱེད་ལས་ཇི་ལྟ་བ་བཞིན་དུ་མཚུངས་པ་འབྱུང་། ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བ་དང་། བོགས་འདོན་དུ་འགྲོ་ཡང་ཚུལ་འདིས་ཤེས་དགོས་སོ། འདི་ལུས་དབེན་ནས་བཟུང་སྟེ་སློབ་པའི་ཟུང་འཇུག་ཐོབ་ནས་སྤྱོད་པ་བྱེད་པའི་བར་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་དུས་ཐམས་ཅད་དུ་ཤེས་པར་བྱའོ། བསྲེ་བའི་ཞལ་གྱི་གདམས་པ་ཅུང་ཟད་བརྗོད་ན། སྤྱོད་བསྡུས་ལས། རྨི་ལམ་ལ་བརྟེན་ནས་མཚོན་བྱེད་དཔེའི་སྒྱུ་མ། སྒྱུ་ལུས་ཀྱི་སྐབས་སུ་གསུངས་


JLD006_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་དུ་བྱས་ནས། རྨི་ལམ་གྱི་གདམས་པ་རྣམས་སྒྱུ་ལུས་ཀྱི་སྐབས་སུ་འབྲེལ་ནས་གཉིད་ཀྱི་སྟོང་པ་བཞི་འཛིན་པའི་གདམས་པ་ཡང་སྐབས་འདིར་འབྲེལ་ལོ། དོན་གྱི་དབང་དུ་བྱས་ནས་སང་དུས་སུ་སྟོང་པ་བཞི་མ་མཐའ་འདྲེན་ནུས་པའི་མཚམས་ནས། རྨི་ལམ་གྱི་གདམས་པ་རྣམས་གཉིད་ཀྱི་སྟོང་པ་ལ་འཇུག་ཅིང་། དེའི་དུས་སུ་རྨི་ལམ་གྱི་སྟོང་པ་རྣམས་བསྒོམས་པས། ལུས་དབེན་དང་ངག་དབེན་དང་སེམས་དབེན་གྱི་སྐབས་སུ་ཡང་འབྱུང་ངོ་། འཆི་བ་དང་བར་དོ་དངོས་བསྲེ་བ་ནི་དེ་དག་གི་སྐབས་སུ་ཡིན་ལ། དེ་གཉིས་དང་མཐུན་པར་བསྐྱེད་པ་ལ་དེ་གཉིས་བསྲེ་བའི་ཐ་སྙད་བྱེད་པས་དེ་ནི་སད་དུས་དང་གཉིད་དུས་ཅི་རིགས་སུ་འབྱུང་ངོ་། དེ་ལྟར་བསྲེ་བའི་སྐོར་རྣམས་གང་ལས་གསུངས་ན། བཤད་རྒྱུ་དགོངས་པ་ལུང་སྟོན་དང་འཕགས་པ་ལྷའི་སྤྱོད་བསྡུས་ལས་གསུངས། གང་ཟག་གང་གི་དབང་དུ་བྱས་ནས་གསུངས་ན། ཚེ་འདིར་འཚང་རྒྱ་བའི་གང་ཟག་གི་དབང་དུ་བྱས་ནས་གསུངས། དེའི་ཤུགས་ལ་བར་དོར་འཚང་རྒྱ་བ་དང་། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གཉིས་ལའང་ཤེས་པར་བྱའོ། བསྲེ་བ་དངོས་པོ་སད་སུ་རླུང་སྟོགས་ཀྱིས་སྟོང་པ་བཞི་འདྲེན་ནུས་པའི་མཚམས་ནས་འཕེན་པས་བསྲེ་བར་སྤྱོད་བསྡུས་ལས་གསུངས་སོ། སྙིང་གི་མི་ཤིགས་པའི་ཐིག་ལེ་ལ་རྡོར་བཟླས་བྱས་ཏེ་བསྲེ་བར་དགོངས་པ་ལུང་སྟན་ལས་གསུངས་སོ། སྙིང་གར་བསྲེ་བ་ཡང་དེའི་རིགས་པས་ཤེས་སོ་


JLD006_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རུ་ལེན་པའི་ཚུལ་ནི། གཉིད་དུ་འགྲོ་བའི་སྔོན་དུ་སྨིག་རྒྱུ་སོགས་རྟགས་བཞི་རིམ་བཞིན་དུ་ཤར་བའི་རྗེས་སུ་སྣང་བ་ལ་སོགས་པའི་སྟོང་པ་བཞི་རིམ་པ་བཞིན་དུ་ཤར་བ་ངོ་ཤེས་པར་བྱས་ཏེ། ཐམས་ཅད་སྟོང་པ་འོད་གསལ་གྱི་དུས་སུ་འོད་གསལ་གྱི་སྟོང་ཉིད་ཡུན་ཉིད་དུ་བསྒོམས་ལ། དེའི་གཞོན་པའི་རླུང་དང་བཅས་པ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པའི་དུས་སུ། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕན་པ་བཏང་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་རྡོར་བཟླས་བྱེད་བཞིན་པའི་ངང་ནས་གཉིད་ལོག་ནས། འཕེན་པ་དང་མཐུན་པར་རིམ་པ་དེ་དག་འབྱུང་བ་འགྱུར་རོ། དང་པོ་ལན་འགའ་ཡང་མ་གྱུར་ཡང་མྱུར་དུ་ངེས་པར་འོང་ངོ་། རྡོར་བཟླས་ཀྱིས་མཚོན་ནས་སྙིང་གའི་མི་ཤིགས་པ་ལ་རླུང་སྡུད་པའི་ཐབས་གཞན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་ནུས་སོ། གོམས་པ་མཐུ་ཅན་དུ་སོང་ནས། ཁམས་མི་སྙམས་པ་ལ་སོགས་པའི་རྐྱེན་མ་བྱུང་ན་ལམ་གྱི་འོད་གསལ་འཆི་བའི་སྣོད་གསལ་དང་བསྲེ་ནུས་པའི་ཚད་ནི་ཞག་མང་རབས་ཀྱི་བར་དུ་གཉིད་ཆག་པའམ། བཅག་ནས་གཉིད་ཤིན་ཏུ་བྲོ་བའི་དུས་སུ་འཕེན་པ་དང་རྡོར་བཟླས་སོགས་གོང་ལྟར་བྱས་ཏེ། གཉིད་ལོག་ནས་རིམ་པ་སྔ་མ་རྣམས་ཇི་ལྟ་བ་བཞིན་དུ་འོང་མི་འོང་ལན་མང་རབས་ཀྱི་བར་དུ་ཚད་ངེས་ཅན་དུ་འོང་བ་སྣང་ན། སད་དུས་ཀྱི་སྟོང་པ་བཞི་དང་གཉིད་དུས་ཀྱི་སྟོང་པ་བཞི་བསྒོམ་སྟོབས་ཀྱིས་འཆི་དུས་ཀྱིས་ཆུ་ལ་ཐིམ་པ་ནས་བཟུང་སྟེ། འཆི་བ་འོད་གསལ་


JLD006_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་ཇི་ལྟ་བ་བཞིན་ངེས་ནས་འཆི་བའི་འོད་གསོལ་ལམ་གྱི་འོད་གསལ་གྱི་ངོ་བོར་བསྐྱེད་ནས། དེས་སྟོང་བ་ཉིད་བསྒོམ་པ་ལེགས་པ་འོང་། གཉིད་ཀྱི་འོད་གསལ་ལས་རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ལངས་པའི་རྨི་ལམ་གྱི་དུས་སུ་འཕེན་པ་དང་། རྡོར་བཟླས་སོགས་ཀྱིས་ཐབས་སྔ་མ་བཞིན་བྱས་ན་ཡང་གཉིད་དུ་སོང་ནས་སྨིག་རྒྱུ་ནས་གཉིད་ཀྱི་འོད་གསལ་གྱི་བར་སྔ་མ་བཞིན་དུ་འཆར་ལ། ཡང་རྨི་ལམ་དུ་འགྲོ་བར་རྩོམ་པ་ན། རྡོ་རྗེ་འཆང་གི་སྐུར་ལངས་ནས་སྟོང་བ་བཞི་འདྲེན་པའི་ཐབས་བྱའོ། དེ་ལྟར་མ་ནུས་པའི་རྨི་ལམ་ལས་ལྡང་དགོས་པ་བྱུང་ན། རང་ཉིད་སྤྲུལ་སྐུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ལྔར་བར་བྱའོ། བར་དོ་དང་བསྲེ་ཆུས་པའི་ཚད་ནི། ཐབས་སྔ་མ་རྣམས་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་ལས་རྡོ་རྗེ་འཆང་གི་སྐུར་ལྡང་ནུས་མི་ནུས་བརྟགས་པ་སྔ་མ་བཞིན་དུ་བྱས་པའི་ཚེ། རྡོ་རྗེ་འཆང་གི་སྐུར་ཡིད་ངོར་ངེས་ཅན་དུ་ལྡང་ནུས་ན། སད་དུས་དང་གཉིད་དུས་ཀྱི་སྟོང་པ་བཞི་གོམས་པའི་མཐུས་འཆི་བའི་འོད་གསལ་གྱི་རླུང་སེམས་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པའི་དུས་སུ། བར་དོའི་ལུས་ཡིད་ངོར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་ངེས་པར་ལྡན་ནུས་སོ། འདིས་འཆི་བའི་སྔོན་ལ་འཕེན་པ་དང་། རྡོར་བཟླས་སོགས་ཀྱི་ཐབས་བྱས་པའི་མཐུས། འཆི་བའི་འོད་གསལ་ལས་རྡོ་རྗེ་འཆང་གི་སྐུར་ལངས་པའི་གནད་ཀྱིས་བར་དོའི་ལུས་རྡོ་རྗེ་འཆང་གི་སྐུར་ལངས་པའི་སྙིང་གར་སྔ་མ་བཞིན་དུ། རྡོར་


JLD006_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་སོགས་ཀྱི་ཐབས་བྱས་པས་སྔར་བཞིན་སྟོང་པ་བཞི་དྲངས་པའི་མཐར་རྡོ་རྗེ་འཆང་གི་སྐུར་ལྡང་ལ་ལན་མང་དུ་བྱེད་པ་ནི་བར་དོའི་དགེ་སྦྱོར་གྱི་གཙོ་བོ་ཡིན་ནོ། དེ་ནས་འཕོ་བའི་རྣལ་འབྱོར་བྱས་ནས་སྐྱེ་གནས་འདམས་ཏེ་རིག་པ་འཛིན་པའི་རྟེན་ཁྱད་པར་ཅན་དུ་སྐྱེས་ནས། རིག་འཛིན་གཙོ་བོར་གྱུར་ཏེ། སྐྱེ་བ་གཞན་མི་ལེན་པར་རིམ་གྱིས་ཚེ་དེ་ལ་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་གཙོ་བོ་ཡིན་ནོ། རིམ་པ་འདི་རྣམས་ད་ལྟར་གྱི་གང་ཟག་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པ་རྣམས་ཀྱིས་ཀྱང་འབད་ནས། སྒྲུབ་པ་པོས་རྨི་ལམ་གྱི་དུས་སྙིང་གར་རླུང་སྡུད་པའི་ཐབས་བྱས་ནས་སྟོང་པ་བཞི་འཁོར་མར་དྲངས་པའི་མཐར། འོདགསལ་ལས་རྡོ་རྗེ་འཆང་གི་སྐུར་ལྡང་བ་འཁོར་མར་འོང་བ་ནི། རྨི་ལམ་གྱི་དགེ་སྦྱོར་གྱི་གནད་མཐར་ཐུག་པ་ཡིན་ཞིང་། སད་དུས་ཀྱི་སྟོངས་བཞི་ཡང་མཐུན་ཅན་དུ་འགྲོ་བ་ལ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་དུས་སུ་བཟའ་བ་དང་འཆག་པ་མ་གཏོགས་པ་གཉིད་འགའ་ཞིག་ལོག་པར་བཤད་པས་ཀྱང་འདི་རྣམས་ལ་ངེས་པ་ཆེན་པོ་རྙེད་པར་འགྱུར་རོ། གཉིད་ཀྱིས་སྟོང་བ་བཞི་འདྲེན་པའི་ཐབས་སྔར་བཤད་པ་འདི་རྣམས་རྨི་ལམ་གྱི་དུས་ཀྱི་སྟོང་པ་བཞི་དང་འཆི་བའི་དུས་ཀྱི་སྟོང་བ་བཞི་དང་། བར་དོའི་དུས་ཀྱི་སྟོང་པ་བཞི་འདྲེན་པའི་སྐབས་རྣམས་སུ་འཕེན་པ་རྡོར་བཟླས་ཀྱི་ཐབས་རྣམས་ཁ་སྤོ་བ་ལེགས་པར་ཤེས་པར་བྱའོ། ད་ནི་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་ལུགས་ཁྱད་པར་ཅན་ཞིག་སྣང་བ་དེ་


JLD006_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བསྟན་པར་བྱ་སྟེ། དེ་ནི་རྨི་ལམ་གྱི་ཡང་གདམས་ངག་གི་ཡང་སྙིང་ཡིན་ལ་ཁྱད་པར་དུ་རྨི་ལམ་ལ་བརྟེན་ནས་བར་དོའི་སྐྱ་མ་ཟིན་པའི་ཐབས་བླ་ན་མེད་པ་ཡང་ཡིན་ནོ། རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་བ་ལ་གང་ནས་ལྡང་བ་གནས་ཀྱི་ཁྱད་པར། གང་ལས་ལྡང་བ་རྒྱུའི་ཁྱད་པར། གང་གི་ངོར་ལྡང་བ་འབྲས་བུའི་ཁྱད་པར་དང་བཞི་ལས། གནས་ཀྱི་ཁྱད་པར་ནི་སྙིང་གིའི་རྩ་མདུད་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པ་ལས་ལྡང་ངོ་། རྒྱུའི་ཁྱད་པར་ནི་ཐིག་ལེ་དེའི་ནང་ན་གཞིའི་འོད་གསལ་སྲོག་འཛིན་ཤིན་ཏུ་ཕྲ་བ་དང་། ཡིད་ཀྱི་ཤེས་པ་ཤིན་ཏུ་ཕྲ་བ་གཉིས་ངོ་བོར་དབྱེ་མེད་པ་ལམ་གྱི་འོད་གསལ་གྱི་ངོ་བོར་སྐྱེས་ས་ལྡང་ངོ་། དུས་ཀྱི་ཁྱད་པར་ནི་སྟོང་པ་ལྔ་མ་རྣམས་རིམ་པ་བཞིན་དུ་ཐིམ་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་སྐྱེས་པའི་ལུགས་འབྱུང་གི་འོད་གསལ་གྱི་རླུང་སེམས་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པའི་དུས་སུ་ལྡང་ངོ་། གང་གི་ངོར་ལྡང་བ་འབྲས་བུའི་ཁྱད་པར་ནི་རིམ་པ་གསུམ་པའི་སྒྱུ་ལུས་མ་གྲུབ་ཚུལ་ཆད་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ཡིད་ངོར་ལྡང་བར་བྱའོ། སང་དུས་དང་། གཉིད་དུས་དང་། རྨི་ལམ་གྱི་དུས་སྟོང་བ་བཞི་དྲངས་པའི་སྒྱུ་ལུས་མན་ཆད་དུ་ལྡང་ལུགས་ཁྱད་པར་ཅན་བཞི་དང་ལྡན་པ་འདི་དགོས་པ་ཡིན་ཏེ། གཞི་ལ་འཆི་བའི་སྟོང་བ་བཞིའི་


JLD006_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་དོ་འགྲུབ་པ་དང་། སེམས་དབེན་གྱི་ཐམས་ཅད་སྟོང་པ་འོད་གསལ་གསལ་ལས་རིན་པ་གསུམ་པའི་སྒྱུ་མའི་སྐུ་འགྲུབ་པ་དང་། དོན་གྱི་འོད་གསལ་ལས་རིམ་པ་ལྔ་བའི་སྒྱུ་མའི་སྐུ་འགྲུབ་པ་རྣམས་ལ་ཡིད་ངོར་མ་གཏོགས་ལྡང་ལུགས་ཁྱད་པར་ཅན་གཞི་ལྡན་དུ་དགོས་པའི་ཕྱིར་རོ། འོན་ཀྱང་གཞི་ལ་འཆི་བའི་འོད་གསལ་གྱི་འོད་གསལ་གྱི་ངོ་བོར་སྐྱེས་པ་ཡང་མེད་དོ། དེ་དག་གི་གཙོ་བོ་རླུང་སྟོབས་ཀྱིས་སྟོང་པ་བཞི་འདྲེན་ནུས་པ་ཡན་ཆད་གྱི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། ཞལ་ལ་ད་ལྟའི་གང་ཟག་གི་རྨི་ལམ་འདུམ་པས་འཛིན་པ་རྣམས་ཀྱིས་བྱ་བའི་རིམ་པ་ནི། སྤྱིར་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རྣམས་གཞག ཁྱད་པར་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ཀྱི་གོ་ཡུལ་དང་། རིམ་པ་ལྔའི་གོ་རིམ་དང་། འདི་ནས་བཤད་པའི་བསྲེ་བའི་གོ་ཡུལ་ལག་ཏུ་ལེན་པའི་རིམ་པ་དེ། ལུས་དབེན་ནས་བཟུང་སྟེ་མི་སློབ་པའི་ཟུང་འཇུག་མ་ཐོབ་ཀྱི་བར་དུ་གཞི་སོ་སོ་ལ་ཁ་སྤོ་ཚུལ་ཨེལགས་པར་དམིགས་ཕྱིར་པར་བྱས་ཏེ། ཤར་བསྒོམས་ཡན་ཆད་ཀྱིས་ཐུན་བཞིར་འབད་པས་བསྐྱང་བར་བྱའོ། རྨི་ལམ་འདུན་པས་དེས་ཅན་ཟིན་པ་ཡིན་ན། སད་དུས་ཀྱི་སྟོང་པ་བཞི་འདྲེན་མི་ནུས་པས་ཀྱང་རྨི་ལམ་ཟིན་མ་ཐག་གོན་དུ་བཤད་པའི་འཕེན་པ་རྣམས་བཏང་ནས། རྡོར་བཟླས་སོགས་ཀྱིས་སྙིང་གིའི་མི་ཤིགས་པའི་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་ལན་མང་དུ་བྱས་ན། དང་པོའི་དུས་སུ་རླུང་ཞུགས་གནས་ཐིམ་


JLD006_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱུང་བའི་སྟོང་བ་བཞི་འདྲེན་མི་ནུས་ཀྱང་མྱུར་དུ་སྟོང་པ་བཞི་འདྲེན་ནུས་པ་ཞིག་འོང་བ་ཡིན་ཏེ། རྨི་ལམ་གྱི་དུས་སུ་རླུང་རགས་པ་འགའ་ཞིག་འདུས་ཡོད་པའི་སྟོབས་ཀྱས་རྡོར་བཟླས་སོགས་ཀྱིས་སྡུད་བ་སད་དུས་ལས་ཆེས་སླའོ། དེ་ལྟར་རྨི་ལམ་གྱི་དུས་སུ་རྡོར་བཟླས་སོགས་ཀྱི་ཐབས་ལ་བརྟེན་ནས་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱུང་བས་དྲངས་པའི་སྟོང་བ་བཞི་ལན་འགའ་ཉམས་སུ་མྱོན་ན། སད་དུས་སུ་རྡོར་བཟླས་ཀྱི་ཐབས་ལ་བརྟེན་ནས་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱུང་བའི་སྟོང་པ་བཞི་མྱུར་དུ་འདྲེན་ནུས་ཏེ། འདི་ད་ལྟར་གང་ཟག་བརྩོན་དང་ལྡན་པ་རྣམས་ཀྱིས་འབད་ནས་ཉམས་སུ་བླངས་ན་དལ་བར་དོན་ལྡན་དུ་བྱར་ཡོད་དོ། དེ་ལྟར་ཡང་མི་ནུས་པའི་གང་ཟག་རྣམས་ཀྱིས་རྫོགས་རིམ་གྱི་ལམ་གྱི་རྣམ་གཞག་རྣམས་དམིགས་ཕྱེད་པའི་སྟེང་དུ་གོང་དུ་བཤད་པའི་བསྲེ་བའི་སྐོར་རྣམས་ཞིབ་ཏུ་ངེས་པར་བྱས་ནས་ཐོག་མར་འདིར་ལམ་རྣམས་རྒྱུད་ལ་སྐྱེ་པའི་ཕྱིར་དུ་བླ་མ་དང་ཡི་དམ་དབྱེར་མེད་དུ་བྱས་ནས་གསོལ་བ་དྲག་ཏུ་འདེབས། སྒོ་གསུམ་གྱི་དགེ་བ་གང་བྱེད་ཐམས་ཅད་འདི་རྣམས་རྒྱུད་ལ་སྐྱེ་བའི་ཕྱིར་དུ་བྱེད། ལམ་གྱི་ངོ་བོ་དང་ཡན་ལག་བསྲེ་བའི་སྐོར་རྣམས་ཤར་བསྒོམས་གྱིས་ཐུན་བཞིར་འབད་ནས་ཉིམས་སུ་ལེན། རྡོར་བཟླས་སོགས་ལ་འབད་ནས་དེ་ལྟར་བྱས་ན། སྒྲུབ་པ་པོ་བསགས་རྒྱབ་ཆེ་བ་འགའ་ཞིག་ལ་འཆི་བ་འོད་གསལ་དང་བསྲེ་ནུས་པ་དང་། བར་དོ་སྒྱུ་ལུས་དང་བསྲེ་ནུས་


JLD006_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕལ་ཆེར་འོང་བར་ཚུལ་དེ་རྣམས་ལ་འབད་པར་བྱའོ། ང་ནི་ད་ལྟར་གྱི་གང་ཟག་རྣམས་ཀྱིས་ལམ་ཐུན་མོང་བ་དང་ཁྱད་པར་དུ་གསང་སྔགས་བླ་མེད་ཀྱི་ལམ་གྱི་གོ་ཡུལ་དང་། ཉམས་མྱོང་གི་རིགས་ཀྱི་ནུས་པ་འཇོག་ཚུལ་ཙམ་ཞིག་བརྗོད་པར་བྱའོ། དེ་ལ་དང་པོ་མདོ་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་ལམ་གྱི་ངོ་བོ། གོ་རིམ། གྲངས་ངེས། བྱེད་ལས། སོ་སོའི་མྱོང་བ་འདོན་ཚུལ། ཕུན་སུམ་ཚོགས་པའི་ཡན་ལག་དང་། མེད་མི་རུང་གི་ལག་གཉིས་ལས། བློས་ལྕོགས་ན་ཕུན་སུམ་ཚོགས་པའི་ཡན་ལག་རྣམས་ཀྱང་མཐའ་དག་པར་ཁོང་དུ་ཆུད་པར་བྱ། མ་ལྕོག་ན་མེད་མི་རུང་གི་ཡན་ལག་ཐུན་མོང་བ་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཐསོ་ཆེན་པོར་ཡུན་རིང་དུ་འཁྱམས་པས་ཡིད་སྐྱོ་བ་དང་། ད་དུང་གཏིང་མཐའ་མ་མཐོང་བས་ཤིན་ཏུ་འཇིགས་པའི་ངེས་འབྱུང་གི་བློ་བསྐྱེད་པ་དང་། མགོན་པོ་ཀླུ་སྒྲུབ་ཡབ་སྲས་གྱི་རིགས་ལམ་ནས་དྲངས་པའི་གང་ཟག་དང་ཆོས་ཀྱི་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པ་བཙལ་ནས་མཉམ་བཞག་ནས་མཁའ་ལྟ་བུའི་སྟོང་ཉིད་དང་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་སྐྱོང་བ་དང་། རང་གཞན་སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་སྔན་པའི་ཕྱིར་དུ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆོགས་བཟུང་ནས་བསླབ་བྱ་རྣམས་ལ་སློབ་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་འདོད་སྦྱོང་། རགས་པ་


JLD006_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ཉགས་འོག་ཏུ་ཚུང་པ་དང་། འཇུག་སྡོམ་བཟུང་ནས་ལས་དང་པོ་པའི་སྤྱོད་པ་ལ་སློབ་པོ། ཐུན་མོང་མིན་པ་གསང་སྔགས་ཀྱི་རྒྱུད་སྡེ་དང་གཞུང་ཁུངས་ཐུབ་ནས་བཤད་པའི་དབང་བཞི་རྣམ་པར་དག་པ་ཞིག་གིས་རང་རྒྱུད་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་བསྒྲུབས། དེའི་དུས་སུ་ཁས་བླངས་པའི་རྩ་བའི་ལྟུང་བ་སྲོག་བསྔོས་བྱས་ཏེ་བསྲུངས། ཡན་ལག་གི་ལྟུང་བ་རྣམས་ཀྱིས་མགོས་པ་ལ་འབང་། གལ་ཏེ་ལྟུང་བ་འབྱུང་བའི་རྒྱུ་བཞི་གང་རུང་གིས་ལྟུང་བར་གང་བྱུང་ཡང་། ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱས་ནས་ཕྱིན་ཆད་བསྡམས། དཔལ་གསང་བ་འདུས་པ་དང་། དཔལ་འཁོར་ལོ་བདེ་མཆོག་གཉིས་ལ་སོགས་པའི་བླ་མེད་ཀྱི་བསྐྱེད་རྫོགས་ཀྱི་གཞི་ལམ་གྱི་རྣམས་གཞག་མ་ལུས་པར་གསལ་བའི་རྗེ་རིན་པོ་ཆེའི་གསུང་རབ་ལས་བསྐྱེད་རྫོགས་ཀྱི་གོ་ཡུལ་དམིགས་ཕྱེད་པ་བཙལ་ལ། ལམ་དེ་རྣམས་ཀྱི་མྱོང་བརྒྱུད་ལ་བསྐྱེད་པའི་འདུན་པ་ཤུགས་དྲག་ལ་རྒྱུ་ནི་རང་བ་ལན་མང་དུ་སྦྱངས། ཁྱད་པར་དུ་གདམས་ངག་གི་ལུས་ཡོངས་སུ་རྫོགས་པར་འཁྲེད་པའི་རྩ་བའི་བླ་མ་དེ་ལ་རང་དང་ཆོས་ཀྱི་འབྲེལ་བ་ཡོད་པའི་བླ་མ་ཐམས་ཅད་དང་། གཞན་བརྒྱུད་པའི་བླ་མ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དང་ཆོས་སྐྱོང་བསྲུང་མ་མ་ལུས་པ་སྤྱན་དྲངས་ནས་བསྟིམ། རང་ལྷག་པའི་ལྷ་གང་ཡིན་པ་དང་ངོ་བོ་དབྱེར་མེད་དུ་བྱས་ཏེ། རྣམ་པ་ལྷག་པའི་ལྷར་སྣང་ཡང་ངོ་བོ་བླ་མ་ཡིན་པར་མོས་ནས། གོང་


JLD006_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་པའི་ལམ་ཐུན་མོང་བ་དང་། ཐུན་མོང་མིན་པའི་གོ་ཡུལ་དང་མྱོང་བ་རྣམས་ང་ནས་བཟུང་སྟེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་རྒྱུན་ཆད་མེད་པར་སྐྱེ་བའི་གསོལ་འདེབས་འདུན་པ་དྲག་པོས་ཐུན་གྱི་ཐོག་མཐར་ལན་ཉེར་གཅིག་ངེའི་བར་དུ་བྱའོ། བླ་མ་དང་ཡི་དམ་ཆོས་སྐྱོང་རྣམས་ལ་བློ་ལིང་བསྐྱུར་བའི་རེ་ལྟོས་ཆེན་པོ་བྱས་ནས། མོས་གུས་ཆེན་པོ་སྤྱོད་ལམ་ཐམས་ཅད་དུ་བྱ། ལམ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལ་བརྩོན་འགྲུས་ཁྱད་པར་ཅན་དགོས་པས། གོང་དུ་བཤད་པའི་གོ་ཡུལ་དང་མྱོང་བ་རྣམས་སྐྱེ་བའི་གུས་སྦྱོར་དང་། རྟག་སྦྱོར་གྱི་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྐྱེ་བའི་གསོལ་བ་དྲག་ཏུ་བཏབ་ཅིང་འདུན་པ་མང་དུ་སྦྱངས། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པའི་གྲོགས་ཀྱི་གཙོ་བོ་ཕྱག་རྒྱ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དབང་པོ་གཉིས་མཉམ་པར་སྦྱོར་བ་དང་། ལུས་ལ་གནད་དུ་བསྣུན་པའི་ཐབས་གཉིས་བརྟེན་ནས་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱུང་བའི་ལྷན་སྐྱེས་ཀྱིས་སྟོང་ཉིད་བསྒོམས་པ་དང་། སྔར་བཤད་པ་ལྟར་ཁྱད་པར་བཞི་ལྡན་གྱིས་ལངས་པའི་སྒྱུ་མའི་སྐུ་དང་བདེ་སྟོང་དབྱེར་མེད་ཀྱི་གཏམ་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ལྡང་བ་དང་། མིག་ནས་ཆི་མ་འཛག་པ་དང་། ནང་དུ་དགའ་བ་ཡང་ཡང་སྐྱེ་ཞིང་། དེས་ལུས་ཀྱང་བདེ་བ་ཞིག་མ་བྱུང་གི་བར་དུ་སྦྱངས། རང་གིས་རྒྱུན་དུ་གསོལ་བ་འདེབས་པའི་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱིས་ཐོག་དྲངས་པའི་སངས་རྒྱས་


JLD006_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས། ལྷན་སྐྱེས། ཞིང་སྐྱེས། སྔགས་བསྐྱེད་ཀྱིས་ཕྱག་རྒྱ་རྣམས་སྤྲིན་གྱི་ཕུང་པོ་བཞིན་དུ་འདུས་ནས་གོང་དུ་བཤད་པའི་གོ་བ་དང་། མྱོང་བ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བའི་ཕྱིར་དུ་རྒྱུད་བྱིན་གྱིས་རློབ། ཕྱག་རྒྱ་གསུམ་གྱིས་བདེ་བ་ཆེན་པོ་རྒྱུད་ཆད་མེད་པར་གྱུད་ལ་སྐྱེ་བའི་འགྲོགས་རྨི་ལམ། ཉམས་སྣང་། མངོན་སུམ་དུ་མཛད་པའི་གསོལ་བ་དྲག་ཏུ་བཏབ་ཅིང་། འདུད་པ་མང་སྦྱངས། བླ་མེད་ཀྱི་ལམ་གྱི་གཙོ་བོ་བདེ་སྟོང་དབྱེར་མེད་དང་སྒྱུ་མའི་སྐུ་ཡིན་པས། འདི་དཔལ་དུས་ཀྱི་འཁོར་མ་གཏོགས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་འདི་གཉིས་ལ་བབ་ཏན་བྱའོ། གོང་དུ་བཤད་པ་འདི་རྣམས་བདེ་དགྱེས་ལ་སོགས་པ་བླ་མེད་ཀྱི་བསྐྱེད་རྫོགས་གསལ་བར་མངོན་སུ་སྟོན་པ་དང་། གསལ་བར་མི་སྟོན་པ་རྣམས་ལའང་དོན་གྱིས་འཐོབ་པར་ཤེས་པར་གྱིས་ཤིག བདེ་སྟོང་སྦྱོར་བ་དུས་འཁོར་གྱི་ཡང་གཙོ་བོ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་རྫོགས་པའི་རིམ་པ་སྦྱོར་བ་ཡན་ལག་དྲུག་ལས། རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་དོད་ཐུབ་པའི་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་འགྲུབ་པའི་ཐབས་ཁྱད་པར་ཅན་ཡོད་པ་འདི་ཡང་ཤེས་ནས་འདུན་པས་སྐྱོང་བ་ག་ལ་ཆེའོ། དེ་ཡང་དང་པོར་སོར་བསམ་ནས་ཆ་མཐུན་པའི་ཡང་ཁྱད་པར་ཅན་མི་འོང་། སྲོག་འཛིན་གྱི་མཐར་རྗེས་དྲན་གྱི་སྐབས་སུ་འོང་བས་ཤེས་དགོས་སོ། དེ་མན་ཆད་དུ་


JLD006_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཚུལ་ཁྱད་པར་ཅན་ཞིག་ཡོང་པ་དེ་བྱས་ན་བརྟན་པ་འོང་ངོ་། དེའི་ཚུལ་ཅུང་ཟད་པ་ཤར་ན་རྒྱུད་འགྲེལ་ཆེན་གཉིས་ལས་ཁྱིམ་པ་ཉིན་རེ་བཞིན་འཁྲིག་པ་བསྟེན་པ་དང་། རབ་ཏུ་བྱུང་བ་རྨི་ལམ་ན་བྱང་ཆུབ་ཀྱི་སེམས་དབང་པོའི་སྒོར་འཕོ་བ་གཉིས་ཀས་ཚེ་དེ་ལ་མཆོག་མི་འགྲུབ་པའི་དཔེར་ཕུག་རོན་ཉིན་རེ་བཞིན་འཁྲིག་པ་བསྟེན་པ་དང་། སེང་གེ་ལོ་རེ་ལ་འཁྲིག་པ་ལན་རེ་བསྟེན་པ་གཉིས་སྨོས་སོ། ལུགས་འདི་ལ་གཏུམ་མོ་འབར་ནས་བྱང་སེམས་ནོར་བུའི་རྩེའི་བར་དུ་ཕབ་པ་ཞིག་ནི་ངེས་པར་དགོས་སོ། བྱང་ཆུབ་ཀྱི་སེམས་དབང་པོའི་རྩེ་ནས་ཕྱིར་འཕོས་ན་ཕབ་པའི་དགོས་པ་མི་འགྲུབ་པས། མི་འཕོ་བའི་ཐབས་ལ་རང་སྟོབས་ཀྱིས་མི་འཕོ་བ་ཞིག་དང་། གཞན་སྟོབས་ཀྱིས་མི་འཕོ་བའི་ཐབས་གཉིས་ཡོད་པ་ལས། རླུང་དང་ཕྱག་རྒྱ་མ་གཉིས་ཀྱི་སྟོབས་ཀྱིས་མི་འཕོ་བ་ནི། འདིར་གཙོ་བོ་མིན་ཞིང་རང་སྟོབས་ཀྱིས་མི་འཕོ་བ་ཞིག་དགོས་པས་དེ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཁོ་ནས་ནུས་ཀྱི་གཞན་གྱིས་མི་ནུས་པར་གསུངས་པའི་ཕྱིར་རོ། དེ་ལ་སྟོང་པ་ཉིད་ཀྱི་གཟུགས་ནི། རང་གི་སེམས་མ་བརྟགས་པར་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་སྣང་བ་དགོས། དེ་ཡང་སྲོག་འཛིན་མན་ཆད་དུ་སྒྲུབ་ཚུལ་ཁྱད་པར་ཅན་གྱིས་མ་བསྒྲུབས་ན། ནམ་འདོད་དུ་མི་འོང་བས། རྗེས་དྲན་ནས་འོང་ལ། མི་འགྱུར་བའི་བདེ་བ་སྐྱེས་རེས་ཀྱིས་བདེ་བ་དེས་སྟོང་ཉིད་ངེས་པའི་བདེ་སྟོང་དབྱེར་མེད་ཡུན་རིང་དུ་བསྒོམ་དགོས་ཤིང་། དེ་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་


JLD006_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྟེན་ནས། བྱང་ཆུབ་ཀྱི་སེམས་ནོར་བུའི་བར་འབེབས་པ་ལན་མང་དུ་བྱས་ནས། ནོར་བུ་ནས་གཙུག་ཏོར་གྱི་བར་གྱི་ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ན། གསེར་འགྱུར་རྩིས་ལྕགས་ལ་སོགས་པའི་ཁམས་ཟོས་པ་ན། གསེར་འགྱུར་གྱི་རྩི་ཡང་མེད་ལ་ལྕགས་ལ་སོགས་པའི་ཁམས་ཀྱང་མེད་པར་གསེར་གྱི་ཁམས་སུ་འགྱུར་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱིས་ཐ་མལ་བའི་ཕུང་ཁམས་སྐྱེ་མཆེད་ཟོས་པ་ན། བྱང་སེམས་ཀྱང་མེད་ལ་ཕུང་ཁམས་སྐྱེ་མཆེད་ཀྱང་མེད་པར་སྒྲིབ་པ་ཐམས་ཅད་ཟད་པའི་ཡེ་ཤེས་སུ་འགྱུར་རོ། དེའི་ཕྱིར་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་མཆོག་སྒྲུབ་པར་འདོད་པས། བྱང་ཆུབ་ཀྱི་སེམས་མི་ཉམས་པ་ལ་རྣམ་པ་ཐམས་ཅད་དུ་འབད་དོ། བླ་མེད་ཀྱི་རྫོགས་རིམ་གཞན་གྱི་སྒོ་ནས་མཆོག་སྒྲུབ་པའི་སྒྲུབ་པ་པོ་རྒྱུད་ཚོད་མ་ཉམས་པ་རྣམས་ཀྱང་བྱང་སེམས་ཉམས་མ་ཉམས་ཀྱི་ཆ་ནས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་དཀའ་སླ་དབང་། སྐྱེས་བ་ཡང་སྟོབས་ཆེ་ཆུང་དང་མཆོག་འགྲུབ་པ་ལ་ཡང་མྱུར་བུལ་གྱི་ཁྱད་པར་ཤིན་ཏུ་ཆེ་བས། བྱང་སེམས་མ་ཉམས་པ་ལ་འབད། ལན་འགའ་ཡང་ཉམས་ཀྱང་སྒྱུ་ལུས་སྒྲུབ་ཚུལ་གྱི་གནད་ཀྱིས། ཚེ་དེ་ལ་མཆོག་གཏན་མི་འགྲུབ་པ་ནི་མ་ཡིན་ནོ། ཚུལ་འདི་རྣམས་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་བྱས་ནས། གསང་སྔགས་བླ་མེད་ཀྱི་རིགས་ཀྱི་ནུས་པ་ཇེ་ཆེར་རྒྱས་པར་བྱའོ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་


JLD006_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

གནས། བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ་རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ན་གྲགས་པ་དེའི་ཞལ་གྱི་གདམས་པ་འགའ་ཞིག གསལ་སྒྲོན་དང་། ཁྲིད་གཉིས་དང་སྦྱར་ཏེ། སྦོང་བ་པ་དགེ་ལེགས་དཔལ་བཟང་པོས་གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་ནུས་པར་གྱུར་ཅིག ན་མོ་གུ་རུ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཛད་པའི་ལྟ་བའི་ཡིག་ཆུང་། ལྟ་བ་རྡོ་རྗེའི་ཆིག་ལས། ལས་དང་པོ་པས་ལྟ་བ་མྱོང་བ་འདོན་པའི་ཚེ། དཔྱད་དོན་ངེས་པའི་རིག་ཤེས་ཀྱི་ངོར་ཡོངས་གཅོད་ཀྱི་ངེས་པ་དགག་པར་གྱིས་ཤིག ཅེས་གསུངས་པའི་དོན་སྔར་བཤད་པ་ལྟར། ང་ལྟ་བུ་དེ་སྣང་བ་ལྟར་ཡོད་མེད་གང་ཡིན་འཚོལ་བའི་གཞིར་བྱས་ནས། དེ་ཉིད་ལ་རང་བཞིན་སེམས་པའི་རིག་པས་བཙལ་བ་ན། ཅུང་ཟད་ཀྱང་མ་རྙེད་པའི་ངེས་པ་ལྷང་བ་སྐྱེ་བའི་འཛིན་སྟངས་ཤུགས་མཉམས་པར་སྐྱོང་བའི་ངེས་དོན། དང་པོ་འཚོལ་བའི་གཞིར་བྱས་པའི་ང་ལ་སོགས་པའི་སྣང་བ་གཏན་ནས་མེད་པ་དང་། གང་ངེས་རྒྱུའི་སྟོང་ཉིད་ཀྱི་སྣང་བ་རྒྱངས་ཆད་དུ་མི་འཆར་བར་ངེས་ཤེས་དེ་ཉིད། སྔར་བཤད་པའི་དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་ཁོ་ནའི་རྣམ་ལྡན་དུ་སྐྱེ་བ་ཞིག་དགོས་པའི་དོན་ཡིན་ནོ། ཡང་དེ་ཉིད་ལས། ཞི་གནས་རྗེས་མཐུན་པ་ལ་བརྟེན་ནས་ལྷག་མཐོང་རྗེས་མཐུན་པ་བསྒོམས་པའི་


JLD006_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔྱད་དོན་ངེས་པ་ན། གནས་ཆ་འདྲེན་པ་ཞི་གནས་འགྲུབ་པའི་མཐུ་ཡིན་ཀྱང་། དེ་གཙོ་བོར་མ་འཛིན་པར་ཡང་དང་ཡང་དུ་དཔྱད་ནས་དཔྱད་དོན་ལ་ངེས་ཤེས་དང་། དཔྱད་མཐར་འཇོག་པ་གཉིས་ཆ་མཉམ་སྒྲུབ་པར་མཛོད་ཅིག ཅེས་གསུངས་འི་དོན་དེ་ཁོ་ན་ཉིད་ལ་རིགས་པར་དཔྱད་པའི་ཚེ། དཔྱད་དོན་ངེས་པ་ན་ཞི་གནས་རྗེས་མཐུན་པ་གྲུབ་པའི་མཐུས། དེས་དྲང་བའི་གནས་ཆར་བྱུང་བ་དེ་ཉིད་རྩེ་གཅིག་ཏུ་འཇོག་པ་གཙོ་བོ་བྱས་ཏེ་སྒོམ་པ་ནི་ཇི་ལྟ་བ་ལ་དམིགས་པའི་ཞི་གནས་སུ་འགྱུར་གྱི། དེ་ལ་ལྷག་མཐོང་གི་སྐྱོང་ཚུལ་མེད་པས་དཔྱད་བསྒོམ་དང་། འཇོག་སྒོམ་གཉིས་ཆ་མཉམ་པར་བྱེད་དགོས་པའི་དོན་ནོ། གསུམ་པ་ཡང་། ཞི་གནས་ལ་བརྟེན་ནས་ལྷག་མཐོང་དངོས་བསྒོམ་པའི་ཚེ། དཔྱད་དོན་ངེས་པ་དང་ལྷན་ཅིག་ཏུ་ཤིན་སྦྱངས་གཉིས་ཐོབ་པས། དཔྱད་པས་གནས་པ་འདྲེན་ཅིང་། གནས་པའི་ངང་ནས་སོ་སོར་དཔྱོད་ནུས་པས་མཉམ་པར་བཞག་ན་གནས་པ་དང་། ཇི་ལྟ་བའི་དོན་ལ་སོ་སོར་འབྱེད་པའི་ཤེས་རབ་ཟུང་འབྲེལ་དུ་ཡོད་པའི་ཆ་སོ་སོར་ཕྱེད་པར་མཛོད་ཅིག ཅེས་པའི་དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་གནས་བཞིན་པའི་ངང་ནས། དེ་ཉིད་ལ་སོ་སོར་འབྱེད་པའི་སྟོབས་ཀྱིས་ཤིན་སྦྱངས་གཉིས་དྲངས་བའི་རྩེ་གཅིག་ཏུ་གནས་པའི་ཆ་ནི་ཞི་གནས་དང་། དེའི་སོ་སོར་དཔྱོད་པའི་ཤེས་རབ་ནི་ལྷག་མཐོང་ཡིན་པས། དེ་གཉིས་ཞི་ལྷག་སོ་སོ་དང་།


JLD006_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དུས་ན་དེ་གཉིས་ཀ་ཡོད་པས། ཞི་ལྷག་ཟུང་དུ་འབྲེལ་བའང་ཡིན་ནོ་ཞེས་པའོ། བཞི་པ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་བསྒོམས་པའི་ཚེ། དབྱང་དོན་ངེས་པའི་ཚེ་ཡུལ་ཡུལ་ཅན་རོ་གཅིག་ཏུ་འདྲེས་ཀྱང་། ཆོས་ཉིད་ཀྱི་སྣང་ཆ་ཡུལ་དུ་མ་བྱེད་ཅིག ཅེས་པའི་དོན་ནི། འདིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་སྔོན་དུ་དེ་ཁོ་ན་ཉིད་ལ་སོ་སོར་དཔྱོད་པའི་བློ་ནི་ངེས་ཤེས་རྟོག་པ་ཡིན་ལ། དེའི་དུས་སུ་བློ་དེའི་ངེས་ངོ་དང་མཉམ་པར་འཇོག་པའི་དུས་སུ་སྣང་ངོར་ཆོས་ཉིད་ཀྱི་སྣང་ཆ་ཡུལ་དུ་མ་བྱེད། ཅེས་པ་ཡང་། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་སྒོམ་པའི་འཕགས་པ་ལ་དེ་ལྟར་འདོམས་པ་མ་ཡིན་གྱི། འཕགས་པས་དེ་ཁོ་ན་ཉིད་ལ་སོ་སོར་དཔྱོད་པའི་དུས་དང་། དཔྱད་རྗེས་སུ་ཆོས་ཉིད་མཉམ་པར་བཞག་པའི་དུས་སུ། རིམ་བཞིན། སྣང་ངོར་ཆོས་ནིད་ཀྱི་སྣང་ཆ་ཡུལ་དུ་བྱེད་པ་པ་མ་འཛིན་ཅིག ཅེས་ད་ལྟར་གྱི་གདུལ་བྱ་རྣམས་ལ་འདོམས་པ་ཡིན་ནོ། དེ་ལྟར་མ་གོ་བར་འཕགས་པ་ལ་དེ་ལྟར་སྟོན་མི་དགོས་པས། འདི་རྗེ་ཐམས་ཅད་མཁྱེན་པས་མཛད་པ་མ་ཡིན་ཟེར་བ་ནི། འདི་ལྟ་བའི་མན་ངག་འཆུན་ཆེ་ཞིང་སྐྱོང་ཚུལ་གྱི་གནང་ཟ་ནི་པ་རྣམས། རྣལ་དཔྱོད་ལ་དགའ་བའི་མཆོད་པ་བླ་ན་མེད་པ་སྟེར་བ། ཤིན་ཏུ་ངོ་མཚར་བའི་ཞལ་གྱི་གདམས་པ་བླ་ན་མེད་པ་ཡིན་འདུག་ན་འང་། བློ་གྲོས་ཀྱི་མི་གཟུམ་པ་ལ་ལེགས་བཤད་ཀྱི་ཟླ་འོད་ཀྱང་ལོག་རྟོག་གི་མུན་པ་འབའ་ཞིག་ཏུ་སྣང་བའི་མུན་སྤྲུལ་


JLD006_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། ལྔ་པ་ཐེག་པ་གཞན་གྱི་ཡུལ་ཅན་ཁྱད་པར་ཅན་གྱི་དེ་ཁོ་ན་ཉིད་བསྒོམས་པའི་ཚུལ། ལུགས་འདིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་ཚེ་ནི། དཔྱད་བསྒོམ་འཇོག་པའི་ཞར་ལ་ལྟ་བ་ངེས་པའི་འཛིན་སྟངས་མ་འཇོག་ཅིག ཅེས་པའི་དོན་ནི། སྔགས་བླ་མེད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པའི་ལྟ་བའི་བསྒོམ་ཚུལ་ཡིན་ལ། འདིས་ལྷག་མཐོང་བསྒོམ་པའི་ཡུལ་ཅན་གྱི་གནད་ཀྱིས་སྔར་བཞིན་དཔྱད་བསྒོམ་མི་དགོས་ཀྱང་གང་ཟག་དང་ཆོས་རྣམས་སྔར་བཤད་པའི་སྣང་ཚུལ་ལྟར་མ་གྲུབ་པར་ངེས་པའི་འཛིན་སྟངས་ཀྱིས་ཤུགས་དྲག་པོས་ངེས་པ་དགོས་པས། གནེས་པ་དེ་མ་འཇོག་ཅིག་ཅེས་པའི་དོན་ཡིན་ནོ། དེ་རྣམས་ཀྱིས་ནི་ལས་དང་པོ་པ་ནས་འཕགས་པའི་བར་གྱིས་མཉམ་པ་བཞག་ནམ་མཁའ་ལྟ་བུའི་ང་རང་བཞིན་མེད་པར་བསྒོམ་ཚུལ་གྱི་གནད་བསྡུས་ནས་བསྟན་པ་དེས། གཞི་ང་ཡི་བ་དང་། ཆོས་ཀྱི་བདག་མེད་པ་གནས་སྐབས་ལྔར་བསྒོམ་ཚུལ་ཡང་ཤེས་པར་བྱའོ། དེས་ན་ནམ་མཁའ་ཐོགས་པའི་རེག་བྱ་བཅད་ཙལ་ལ་འཇོག་པ་ལྟར། དགག་བྱ་རྣམ་པར་བཅང་ཙམ་གྱིས་སྟོང་ཉིད་མེད་དགག་དེ་ཉིད་ཀྱི་ངང་དུ་རྩེ་གཅིག་ཏུ་འཇོག་པས། མཉམ་བཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་ཞེས་གསུངས་པ་ཡིན་ནོ། ༈ བླ་མ་དང་རྡོ་རྗེ་འཆང་གི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། འདིར་རྒྱུད་སྟེ་ནས་ལན་གཅིག་མ་ཡིན་པར་གསུངས་པའི་ཕྱག་རྒྱ་སྲོག་རྩོལ་གྱི་


JLD006_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

གནད་མཐར་ཐུག་པ། རྗེ་བཙུན་བླ་མའི་ལེགས་བཤད་ཐུན་མོང་མ་ཡིན་པ། གསང་བ་ལས་ཀྱང་ཆེས་གསང་བའི་གནད་རྣམས་བརྗེས་བྱད་དུ་བྲི་བར་འཚལ་ན། བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གནང་བ་མཛད་ནས་བདེ་ཆེན་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། དེ་ལ་ལས་རྒྱལ་བརྟེན་པའི་དགོས་པ་ནི། དེ་བརྟེན་པས་སྲོག་རྩོལ་དབུ་མར་ཞུགས་ཏེ། ཡས་བབས་དང་མས་བརྟན་གྱི་དགའ་བཞི་བསྐྱེད་པའི་ཆེད་ཡིན་ནོ། དེས་ན་ཐབས་ཀྱི་མཆོག་འདི་བཤད་པ་ལ་གསུམ། ལས་ཀྱི་ཕྱག་རྒྱའི་མཚན་ཉིད། སྲོག་རྩོལ་དུ་འགྲོ་བའི་གང་མས་ངག་དངོས། ཐབས་དེ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཅིང་བདེ་སྟོང་སྦྱོར་ཚུལ་ལོ། དང་པོ་ནི། རྣལ་འབྱོར་བཞི་རིམ་སོགས་ནས་གསུངས་པའི་པདྨ་ཅན་ལ་སོགས་པ་བཞའི་དོན་ནི་རྩའི་དབྱིབས་མི་འདྲ་བ་སོགས་བཞིའི་སྒོ་ནས་བརྟག་པ་ཡིན་ལ། དེ་ཡང་དྷཱུ་ཏཱིའི་མས་སྣའི་དབང་དུ་བྱས་པ་ཡིན་ཞིང་། དེའི་རྣམ་པ་ཇི་བཞིན་པ་ནི་ཡས་སྣ་ཀུན་རྫོབ་ཀྱི་སྣ་ཚོགས་ཀྱིས་མཚོན་པར་བྱེད་དོ། དེས་ན་གླང་པོ་ཅན་གྱི་རྩའི་མར་སྣ་གཡོན་ནས་གཡས་སུ་ཅུང་ཟད་འཁྱིལ་བའི་རྣམ་པར་ཡོད་ལ། བདེ་རྟགས་རྩ་དེའི་ཡས་སྣ་ཡོད་ཕྱོགས་ཀྱི་བུད་མེད་དེའི་སྣ་གཡས་སུ་འཁྱིལ་བའི་རྣམ་བཙན་ལ་སོགས་པའི་ལས་ཡི་ཕྱག་རྒྱ་དེ་གླང་པོ་ཅན་གྱི་རིགས་སུ་གཏོགས་པ་ཡིན་ནོ། དུང་ཅན་མ་ནི་རྩ་དེའི་མས་སྣ་དུང་དཀར་གྱི་ཁ་ལྟ་བུ་འཁྱིལ་ཞིང་སྦུབས་ལ་རིང་བ་ཞིག་ཡོད་པས་དེའི་རྟགས་ལ་རྩའི་ཡས་སྣ་ཡོད་ཕྱོགས་


JLD006_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐྲ་དང་སྣ་ཡང་རིང་བ་ལ་སོགས་པའི་ལས་རྒྱ་དེ་དུང་ཅན་མའི་རིགས་སུ་ཤེས་པར་བྱའོ། རི་དྭགས་ཅན་མ་ནི་རྩ་དེའི་མས་སྣ་རི་དྭགས་གླ་བའི་ལྟེ་བ་འདྲ་བ་ཁ་རྩུབ་ཅིང་གོར་པོའི་རྣམ་པ་ཅན་དུ་ཡོད་པས་རྩ་དེའི་ཁ་ཤིན་ཏུ་འཚོལ་དཀའ་བས་དེས་ན་རྣལ་འབྱོར་པས་སེན་མོས་བཙལ་དགོས་པ་སོགས་གསུངས་སོ། དེའི་རྟགས་ལ་ཡས་སྣའི་ཕྱོགས་ཀྱི་སྣ་ལ་རི་མོ་ཡོང་ལ། དེར་མ་ཟད་ལུས་གཞན་ལས་སྦོམ་པ་སོགས་ཡིན་ནོ། པདྨ་ཅན་ནི་མས་སྣ་མེ་ཏོག་པདྨའི་དབྱིབས་ལྟ་བུར་ཡོང་བས་རྩ་དེའི་ཁ་བཙལ་སླ་ཞིང་འབྱེད་པར་སླ་བས་ཕྱག་རྒྱའི་མཆོག་ཏུ་གསུནས་པ་ཡིན་ནོ། དེའི་རྩའི་མས་སྣ་དེ་ལྟར་ཡོད་པས་ཡས་སྣའི་ཕྱོགས་དེའི་སྣ་ནི་ཛ་བའི་མེ་ཏོག་ལྟར་ཡོད་པར་གསུངས་པ་ཡིན་ནོ། དེ་ལྟར་ཕྱག་རྒྱ་བཞིའི་རྩལ་མི་འདྲ་བའི་ཁྱད་པར་དེ་ལྟར་ཡོད་པའི་སྒོ་ནས་པདྨ་ཅན་སོགས་སུ་བཞག་པའི་དོན་དེ་ཉིད་རང་གི་བླ་མ་ཁོ་ནའི་མན་ངག་ཡིན་པས་རང་ཁོ་ནའི་སྙིང་ལ་བཅད་རྒྱུ་ཡིན་གསུངས། དེའི་རྒྱུ་མཚན་ཆགས་ལམ་ལ་ཤིན་ཏུ་མཁས་པ་གྲགས་པའི་བོད་ཀྱི་བླ་མ་ཐམས་ཅད་ཀྱིས། རྒྱུད་ནས་གསུངས་པའི་ཕྱག་རྒྱ་རིགས་བཞའི་ཁྱད་པར་སྣ་གཡོན་གཡས་སུ་འཁྱིལ་བ་དང་། ཞེས་སོགས་རྩའི་དབྱིབས་ལ་བརྟགས་པའི་དོན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་ཤིང་། རྩལ་མི་འདྲ་བ་བཞི་ཡོད་པའི་གནད་མ་རྟོགས་པ་ཤ་སྟག་ཡིན་པས་ཕྱོགས་འདི་ལ་ཁ་བོ་ཇི་ལྟར་ཆེ་ཡང་མཁས་པའི་བཞད་གད་ཀྱི་གནས་འབའ་ཞིག་ཡིན་གསུངས་


JLD006_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

སོ། གཉིས་པ་སྲོག་རྩོལ་དུ་གཏོང་བའི་ཐབས་དངོས་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། རྩ་ནི་ཉེ་བར་བཙལ་བྱས་ཏེ། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། ཞེས་པས་བསྟན། དེའི་དོན་རྡོ་རྗེ་དབྱིངས་ཀྱ་དབང་ཕྱུག་མའི་རྩ་ནི་བུད་མེད་ཀྱི་དྷཱུ་ཏཱི་ཡིན་ལ། ཉེ་བར་བཙལ་བྱས། ཞེས་པ་ནི་རྣལ་འབྱོར་པས་རྩ་དེའི་མར་སྣ་བཙལ་བར་བྱས་ལ། དེ་ཡང་བྱ་རོག་གདོང་ཞེས་པ་ནི་འཇིག་རྟེན་པ་ལ་བྱ་ལེར་གྲགས་པ་དེ་ལ་ཟེར་བ་ཡིན་ཞིང་། དབུ་མའི་མས་སྣ་རྩ་དེའི་དབུས་ནས་འབྱུང་ངོ་། དེ་ལ་སྐྱེས་བའི་དྷཱུ་ཏཱི་ནི་སྦོམ་ཞིང་ཐུར་བར་གནས་པའི་ནོར་བུའི་བུག་པ་ལས་ཕྱིར་ནང་ནས་ཡོངས་པ་མི་སྲིད་ལ། བུད་མེད་ཀྱི་དྷཱུ་ཏཱི་ཕྲ་ཞིང་རིང་བས་བྱ་རོག་གདོང་ལས་ཕྱིར་ནར་ནས་འོང་བ་སྲིད་པའི་སྐབས་ཡོད་པས། སྙོམས་འཇུག་གི་ཚ་བུད་མེད་ཀྱི་རྩ་དེ་རྣལ་འབྱོར་བའི་རྩའི་མས་སྣའི་ནང་དུ་འཇུག་པའི་སྦྱོར་བ་བྱེད་པ་ཡིན་ཏེ། དེའི་ཕྱིར་དུ་ཕྱག་རྒྱའི་དྷཱུ་ཏཱིའི་རིགས་མི་འདྲ་བ་བཞིའི་གནས་ཚུལ་ཤེས་ནས་ཚོལ་བ་དང་། ཁ་འབྱེད་སྐབས་ཡོད་པས། སྙོམས་འཇུག་གི་ཚ་བུད་མེད་ཀྱི་རྩ་དེ་རྣལ་འབྱོར་བའི་རྩའི་མས་སྣའི་ནང་དུ་འཇུག་པའི་སྦྱོར་བ་བྱེད་པ་ཡིན་ཏེ། དེའི་ཕྱིར་དུ་ཕྱག་རྒྱའི་དྷཱུ་ཏཱིའི་རིགས་མི་འདྲ་བ་བཞིའི་གནས་ཚུལ་ཤེས་ནས་ཚོལ་བ་དང་། ཁ་འབྱེད་པའི་མན་ངག་གིས་ཤེས་རབ་ཀྱི་རྩ་སད་པར་བྱའོ། དེ་ནས་ཕྱག་རྒྱའི་རྩ་དེའ་རང་གི་རྩའི་ནང་དུ་བཅུག་ནས། བྱེད་པ་དམ་དུ་བཅིངས་པའི་སྦྱོར་བ་བྱ། དེ་ལྟར་བྱས་པས་ཕྱག་རྒྱའི་རྩའི་ནང་ནས་རླུང་བྱུང་སྟེ་རང་གི་རྩའི་ནང་དུ་སླེབ་པ་ན། སྙོམས་འཇུག་གི་བདེ་བ་སོགས་གཞན་ལས་ཀྱང་ལྷག་པའི་བདེ་བ་སྐྱེ་ལ། རླུང་དེ་རང་གི་དྷཱུ་ཏཱིའི་ནང་དུ་བརྒྱུས་པས། རང་གི་ཐུར་སེལ་གྱི་རླུང་གྱེན་དུ་ལོག་སྟེ་ཕྱག་རྒྱའི་རླུང་དེས་མར་སྣ་འདྲེན་བྱས་ནས་དབུ་མར་ཞུགས་


JLD006_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བརྒྱུས་པས་དྲོད་འབར་ནས་སྤྱི་བོའི་ཧཾ་ཡིག་ཞུ་ཞིང་། བྱང་སེམས་དྷཱུ་ཏཱིའི་མར་སྣར་སླེབ་པ་ན། ཕྱག་རྒྱའི་ཡང་ཁུང་བ་ཞུ་ནས་དྷཱུ་ཏཱིའི་ལམ་ནས་བྱུང་སྟེ་རང་གི་རྩའི་ནང་དུ་འཕྲད་པ་ན། ཐབས་ཤེས་ཟུང་དུ་འབྲེལ་བའི་གནད་ཀྱིས་སྔ་མའི་བདེ་བ་ལས་ཀྱང་ཆས་ཆེ་བའི་བདེ་བ་ཞིག་འབྱུང་ཞིང་། དེ་ནས་མན་ངག་གིས་གྱེན་དུ་བཟློག་པའི་སྦྱོར་བ་བྱས་པས་ཐིག་ལེ་དེ་ལྟེ་བར་སླེབ་པ་ན། རྒྱུ་མཐུན་གྱི་ཚུལ་གྱི་དགའ་བ། སྙིག་གར་སླེབ་པ་ན་རྣམ་སྨིན་གྱི་ཚུལ་གྱི་མཆོག་དགའ། མགྲིན་པར་སླེབ་པ་ན་སྐྱེས་བུ་བྱེད་པའི་ཚུལ་གྱི་ཁྱད་དགའ། གཙུག་ཏོར་དུ་སླེབ་པ་ན་དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་ཤིན་ཏུ་རྣལ་འབྱོར་བསྒོམ་པར་བྱའོ། གསུམ་པ་བདེ་སྟོང་སྦྱོར་ཚུལ་ནི། དེ་འདྲ་བའི་ཡས་བབས་དང་མས་བརྟན་གྱི་དགའ་བཞི་སྐྱེས་པ་དེའི་ཚེཨེ་དབུ་མའི་ལྟ་བ་མཐར་ཐུག་དང་སྦྱར་ནས་བསྐྱངས་པས་སྲིད་པའི་སྡུག་བསྔལ་གཞོམ་པར་བྱེད་དོ། གཞན་ཡང་རྡོ་རྗེ་ལྟེ་བས་པདྨ་མནན་པ་དང་སྐྱིལ་ཀྲུང་ཞེས་སོགས་ཀྱི་དོན་ཡང་ཡུམ་གྱི་རྩའི་མས་སྣ་ཡས་ཀྱི་རྩའི་མས་སྣའི་ནང་དུ་བཅུགས་པ་ངེས་དོན་གྱི་རྡོ་རྗེ་སྐྱིལ་ཀྲུང་གཡས་གཡོན་གཉིས་ཀྱི་རོ་རྐྱང་དབུ་མའི་ནང་དུ་བཞུགས་པ་འབྱུང་ཞིང་། དེའི་ཚེ་རྣལ་འབྱོར་པའི་སེམས་ནོར་བུའི་ནང་གི་དྷཱུ་ཏཱིའི་ནང་དུ་སོང་བ་ལ་ཡེ་ཤེས་ཀྱི་ངོ་བོ་ལྷན་སྐྱེས་འབྱུང་ངོ་། དེ་དགའ་བ་གཞན་གསུམ་ཡང་མིན་ནོ། པདྨ་ཅན་གྱི་བགྲོད་ཚུལ་ནི་པདྨའི་བྱེད་པ་ཞེས་པ་ཕུལ་བ་ལྟར་སྟང་ནས་བགྲོད་པའོ། གླང་པོ་


JLD006_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མའི་བགྲོད་ཚུལ་ནི། དུད་འགྲོ་ལྟར་རྒྱབ་ནས་བགྲོས་པའོ། དུད་ཅན་མའི་བགྲོང་ཚུལ་ནི། གྷ་ཧ་ར་ཏའི་སྦྱོར་བ་ཞེས་བྱ་བ་རྐང་པ་གཉིས་ཕྲག་པ་ལ་བཀལ་ཏེ་འོག་ནས་བགྲོད་པའོ། རི་དྭགས་ཅན་མའི་བགྲོད་ཚུལ་ནི་བི་མ་སའི་གཅིངས་པ་ཞེས་བྱ། རྡོ་རྗེ་སེམས་དཔའ་ལྟར་སྐྱིལ་ཀྲུང་བཅས་ལ་བགྲོད་པར་བྱ་བ་ཡིན་ནོ། རྟགས་ཀྱི་རྩ་གཉིས་མི་འབྲལ་བར་བྱེད་པ་ནི་ཤིན་ཏུ་གལ་ཆེ་ལ། དེ་ནི་རྣལ་འབྱོར་བས་ལག་པས་བྱེད་དགོས་པར་རྒྱུད་ལས་བཤད་དོ། ཞལ་གྱི་གདམས་པ་ཤིན་ཏུ་གསང་ངོ་། བླ་མ་དམ་པའི་ཞལ་འབའ་ཞིག་ལས་བྱུང་བ། གཞན་ལ་མེད་པའི་ཁྱད་ཆོས་ཟབ་མོ། གསང་བ་ལས་ཀྱང་ཆེས་གསང་བའི་མན་ངག་གསེར་ཁུར་པོ་ཁྱེར་ནས་ས་སྟོང་ཐམས་ཅད་དུ་བཙལ་ཀྱང་རྙེད་པ་མ་ཡིན་ནོ། འདིའི་དཔེ་སུ་ལ་ཡང་མི་སྟོན། བསྟན་ན་དེ་ལ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་བཀའ་ཆད་ཀྱིས་དམ་ཚིག་ཉམས་པས་ཤིན་ཏུ་དམ་པར་བྱའོ། ཨྠྀི། ས་མ་ཡ་རྒྱ་རྒྱ་རྒྱ། ན་མོ་གུ་རུ། དེ་ལ་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ་སྟོང་ཉིད་རྟོགས་བཙམ་གྱིས་འཇོག་མི་ནུས་ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་ལའང་ཡོད་པའི་ཕྱིར། སྟོང་ཉིད་ལྷའི་རྣལ་འབྱོར་ཙམ་གྱིས་རྫོགས་རིམ་དུ་འཇོག་མི་ནུས་ཏེ། དེ་གཉིས་རྒྱུད་སྟེ་འོག་མ་རྣམས་ལའང་ཡོད་པའི་ཕྱིར། དེ་གཉིས་ཀྱི་སྟེང་དུ་རླུང་གི་རྣལ་འབྱོར་བསྣན་ཀྱང་དེར་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་དང་གསུམ་རྒྱུད་སྡེ་འོག་མ་ལའང་ཡོད་པའི་ཕྱིར་རོ།།


JLD006_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ལུས་ལ་གནད་དུ་བསྣུན་ནས་བོགས་འདོན་པའི་སྟོང་ཉིད་རྟོགས་པ་ལ་རྫོགས་རིམ་དུ་འཇོག་པ་ཡིན་ལ། དེ་ལ་ལུས་ཀྱི་གནད་རྩ་དང་། རླུང་དང་ཐིག་ལེ་རྣམས་ཀྱི་གནས་ཚུལ་ཤེས་དགོས་པས། ཐོག་མར་རྩ་བའི་གནས་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེའང་མཚན་ཉིད་ཐེག་པ་ནས་དགའ་པོ་མངལ་འཇུག་གི་མདོར། ལུས་ཀྱི་གཡས་གཡོན་གཉིས། མདུན་རྒྱབ་གཉིས་ཏེ་བཞི་ལ། རྩ་ཉི་ཁྲི་ཉི་ཁྲི་སྟེང་ལུས་ལ་རྩ་བརྒྱད་ཁྲི་ཡོང་པར་བཤད་ལ། སྔགས་ཀྱི་ཐེག་པ་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོང་བར་བཤད་ལ། དེའི་ནང་ནས་ཀྱང་རྩ་བརྒྱ་ཉི་ཤུ་རྩའི་གཙོ་བོ་ཡིན་ཏེ། རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་རོ། དེའི་ནང་ནས་ཀྱང་རྩ་ཉི་ཤུ་རྩ་བའི་རྩའི་གཙོ་བོ་ཡིན་ཏེ། སྐུ་དང་སེན་མོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར། དེ་ལ་བརྒྱ་ཉི་ཤུ་ནི། སྤྱི་བོར་སོ་གཉིས། མགྲིན་པར་བཅུ་དྲུག སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རེ་བཞི་རྣམས་ཡིན་ནོ། ཉེར་བཞི་ནི་འོག་ནས་འཆད་པའི་སྙིང་གའི་རྩ་འདབ་མ་བརྒྱད་ལས་གསུམ་གསུམ་དུ་གྱེས་པའི་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉེར་བཞོ་པོ་དེ་ཡིན་ནོ། དེ་ལས་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། རྩ་གཞན་ཐམས་ཅད་དེ་ལས་སྐྱེ་དགོས་པའི་ཕྱིར་རོ། དེ་ལ་མངལ་དུ་དང་པོར་ཆགས་པའི་ཚེ། སྙིང་གའི་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་འདབ་མ་གཉིས་ལ་རིམ་པ་བཞིན་དུ་སུམ་སྐོར་མདང་། འདོད་མ་སྟེ་ལྔ་དུས་མཉམ་དུ་ཆགས་


JLD006_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

སོ། དེནས་ནུས་ཏུ་ཁྱིམ་མ་དང་། བྱང་དུ་གཏུམ་མོ་དང་། དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་སྟེ་གསུམ་ཆགས་སོ། སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ཡིན་ནོ། ཕྱོགས་ཀྱི་རྩ་བཞི་ནི་རོ་རྐྱང་དབུ་མ་གསུམ་ལ་ནང་དུ་བུག་པ་ལ་རྡོལ་བའི་ཚུལ་གྱིས་རྩབ་ཟུག་ཡོད་ལ། དེ་མཚམ་ཀྱི་རྩ་བཞིའི་ཕྱོགས་ཀྱི་རྩ་བཞི་ལས་གྱེས་པ་ཡིན་ལ། དེ་ཡང་དཔེར་བརྗོད་ན། ཤར་གྱི་སུམ་སྒོར་མ་ལས་ཤར་ལྷོ་མཚམས་ཀྱི་རྩ་དེ་དགྱེས་པ་ཡིན། མཚམས་ཀྱི་རྩ་གཞན་གསུམ་ནི། རིམ་པ་ལྟར་འདོད་མ། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་པོ་ལས་གྱེས་པ་ཡིན་ནོ། དེས་ན་སྙིང་གའི་རྩ་འདབ་བརྒྱད་ནི། སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་དང་། དེ་ལས་གྱེས་པའི་མཚམས་ཀྱི་རྩ་བཞི་སྟེ་བརྒྱད་པོ་དེ་ཡིན་པས། སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་དང་མི་གཅིག་གོ། རྩ་འདབ་བརྒྱད་པོ་ལས་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉི་ཤུ་རྩ་བཞི་ཡིན་ནོ། ཉེར་ཞི་བོ་དེའི་སྟེང་དུ་སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་བསྣན་པ་དེ་ལ་བྱང་སེམས་འབབ་པའི་རྩ་སོ་གཉིས་ཞེས་ཐ་སྙད་བྱེད་པ་ཡིན་ནོ། ཉེར་བཞི་པོ་ལ་གསུམ་དུ་གྱེས་པས་རྩ་བདུན་ཅུ་རྩ་གཉིས་སུ་འགྲོ་བ་ཡིན་ནོ། དེ་ཡང་སྐུ་གསུང་ཐུགས་ལ་ཐིམ་པ་དང་ལོངས་སྤྱོད་དང་བདག་པོ་གསུམ་གྱི་སྒོ་ནས་འབྱེད་པ་ཡིན་ནོ། བདུད་ཅུ་རྩ་གཉིས་པོ་དེ་རེ་རེ་སྟོང་སྟོང་དུ་གྱེས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ཡིན་ནོ། དེ་ཡང་རོ་རྐྱང་དབུ་


JLD006_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུམ་གྱི་གནས་ཚུལ་ཅུང་ཟད་བརྗོད་ན། རོ་རྐྱང་གཉིས་ཀྱི་དབུ་མ་ལ་ལྕགས་སྒྲོག་གི་ཚུལ་དུ་འཁྱུད་པའི་རྣམ་པ་ཅན་དུ་ཡོད་ལ། དེ་ཡང་དབུ་མ་དབུས་ན་ཡོད་ཅིང་། དེ་གསུམ་གྱི་ནང་ནས་སྙིང་སྟོབས་རྡུལ་མུན་པ་དང་། ཁུ་ཁྲག་དང་རླུང་འབྱུང་བས་ན། སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང་། སྐྱེས་པ་བུད་མེད་མ་ནིང་གསུམ་ལས་མ་ནིང་གི་རྩ་དང་། ཉི་ཟླ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། དབུ་མའི་གཡས་ན་རོམ་གནས་ཤིང་། དེས་ནང་ནས་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཕལ་ཆེར་འབབ་བོ། དེའི་ཁ་ནི་སྟེང་གི་ཕྱོགས་ལ་ཡོད་དོ། སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ། སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བའི་རྒྱུ་མཚན་ཡང་། ཁྲག་ཕྱིར་འཕེན་པ་དང་། ནང་དུ་སྡུད་པའི་བྱ་བ་སྟེང་གི་ཕྱོགས་མགྲིན་པ་ནས་བྱེད་ཀྱི། འོག་གི་བུག་པ་ནས་མི་བྱེད་པས་དེའི་དོན་གྱིས་ཡིན་ནོ། རྐྱང་མ་དབུ་མའི་གཡོན་ན་ཡོད་ཅིངཁརྒ་ཅུང་ཟད་འདྲེས་པའི་ཁུ་བ་ཕལ་ཆེར་འབབ་བོ། དེ་ལ་ཟླ་བ་དང་སྐྱེས་པ་དང་། སྙིང་སྟོབས་དང་ཐབས་ཀྱི་རྩ་ཞེས་བྱའོ། ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། རོ་མ་ལ་ཉི་མ་དང་བུད་མེད་དང་། རྡུལ་དང་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ། ཁྲག་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། དེ་ལ་རོ་རྐྱང་དབུ་མ་གསུམ་ནི། སྤྱི་བོ་ནས་སུམ་དོའི་བར་དུ་ཡོད་ལ། དེ་ནས་གཉིས་སུ་གྱེས་ཏེ་རོ་རྐྱང་དབུ་མ་གསུམ་གྱི་མཚན་གཅིག་རྐང་མཐིལ་གྱི་བར་དུ་


JLD006_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ། ཚན་གཅིག་ནོར་བུའི་བར་དུ་འགྲོ་བས་རྐང་པ་གཉིས་དང་ནོར་བུ་གསུམ་ག་ལ་རྩ་གསུམ་ཡོད་པ་འདྲ་བ་ཡིན་ནོ། རྐྱང་མའི་སྟེང་འོག་གཉིས་ཀ་ལ་བུག་པ་ཡོང་པ་འདྲ་བ་ལ། ལྟེ་བ་ཁོ་ན་ལ་ཁ་ཡོད་ཅེས་པ་ནི། ཁུ་བ་ཕྱི་འཕེན་པ་དང་ནང་དུ་འཛིན་པ་གཉིས་ཀ་ལྟེ་བ་ནས་བྱེད་པས་དེའི་ཆ་ནས་ཡིན་པ་འདྲའོ། དེ་ཡང་ལྟེ་བ་ཡན་ཆད་ཀྱི་དབང་དུ་བྱས་པ་ཡིན་ལ། ལྟེ་མན་ཆད་དུ་ནི་རྐྱང་མ་དབུས་སུ་ཡོད་ཅིང་དྲི་ཆེན་འབབ། དབུ་མ་གཡས་སུ་ཡོང་ཅིང་ཁུ་བ་འབབ། རོ་མ་གཡོན་དུ་ཡོཅ་ཅིང་གཅི་བ་འབབ་བོ། སྡོམ་འབྱུང་ལས་རོལ་འབྱུང་བའི་ལམ་དུ་བཤད། རྐྱང་མ་འཇུག་པའི་ལམ་དུ་བཤད་པ་ནི། ཤེས་པས་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་དང་བསྡོངས་ནས། ཕྱིར་ཐོན་ཏེ་ཡུལ་འཛིན་ཅིང་ཡུལ་བཟུང་ཟིན་ནས་རླུང་དང་ལྷན་ཅིག་རྐྱང་མའི་ནང་ནས་འཇུག་པ་ཡིན་ནོ། རྩ་འཁོར་བཞིར་བྱང་སེམས་འབབ་པའི་ཆ་ནས་དགའ་བ་བཞི་་འམ། བཅུ་དྲུག་ཏུ་འགྱུར་ཚུལ་ནི། གཏུམ་པོ་བསྒོམས་པས་དམར་ཆ་འཕེལ་ཏེ། བྱང་སེམས་ཞུ་ནས་སྤྱི་བོ་ནས་འབབ་པ་ནས་བཟུང་སྟེ། མགྲིན་པར་སླེབ་གྱི་བར་ལ་དགའ་བ་བཞིའི་ནང་ནས་དགའ་བ་དང་། དགའ་བ་དེ་ལ་ཡང་དགའ་བའི་དགའ་བ་དང་དགའ་བའི་མཆོག་དགའ། དགའ་བའི་ཁྱད་པར་གྱི་དགའ་བ་དང་དགའ་བོ་ལྷན་ཅིག་སྐྱེས་པའི་དགའ་བ་དང་བཞི་ཡོད་པས་དེ་དག་ཀྱན་སྐྱེའོ། དེ་བཞིན་དུ་བྱང་སེམས་མགྲིན་པ་ནས་བབས་པ་ནས་བཟུང་སྟེ། སྙིང་གར་སླེབ་ཀྱི་བར་ལ་ནི། དགའ་བ་བཞིའི་ནང་


JLD006_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོག་དགའ་དང་། དེ་ལ་ཡང་དགའ་བ་བཞི་ཡོང་པས་དེ་དག་ཀྱང་སྐྱེའོ། སྙིང་ག་ནས་བབས་པ་ནས་བཟུང་སྟེ་ལྟེ་བར་སླེབ་ཀྱི་བར་ལ་ནི། ཁྱད་པར་གྱི་དགའ་བ་དང་། དེ་ལ་ཡང་དགའ་བ་བཞི་ཡོད་པས་དེ་དག་ཀྱང་སྐྱེའོ། ལྟེ་བ་ནས་བབས་པ་ནས་བཟུང་སྟེ། ནོར་བུའི་རྩེར་སླེབ་ཀྱི་བར་ལ་ནི། ལྷན་སྐྱེས་ཀྱི་དགའ་བ་དང་། དེ་ལ་ཡང་དགའ་བ་བཞི་ཡོད་པ་རྣམས་སྐྱེའོ། དེ་ཡང་གྲགས་ཚོད་ལ་རྩ་འཁོར་བཞིར་གྲགས་ཤིང་། ཞིབ་ཏུ་བྱས་ན་རྩ་འཁོར་བདུན་ཡོད་དེ། དེ་ཡང་བཞི་པ་དེའི་སྟེང་དུ་གཙུག་ཏོར་ན་རྩ་འདབ་བཞི། གསལ་གནས་རྩ་འདབ་སོ་གཉིས། ནོར་བུའི་རྩེར་རྩ་འདབ་བརྒྱད་ཡོད་པས་རྩ་འཁོར་བདུན་ནོ། འཁོར་ལོ་དེ་དག་གི་ལྟེ་བ་ལ་རོ་རྐྱང་གཉིས་གང་རུང་གཅིག་གིས་སྟེང་དང་གཅིག་གིས་འོག་ནས་དབུ་མ་ལ་འཁྱུད་ཅིང་། དེ་ཡང་དེ་གཉིས་ཀྱི་བར་ན་དེ་གཉིས་མ་སླེབ་པའི་བར་སྟོང་ཅུང་ཟད་ཡོད་དོ། སྙིང་གའི་དབུ་མའི་ནང་ན་རྩམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ། དེ་ལ་ཡེ་ཤེས་རླུང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། ཁུ་ཁྲག་གཉིས་ཀྱང་ཡོད་ལ། དེ་ཡང་རྩ་མདུད་ཀྱི་ཐད་ཀྱི་དབུ་མའི་ནང་ན་ཡོད། ལུས་ཟུངས་བཅུ་དྲུག་གི་ནང་ནས་ཁུ་ཁྲགས་གཙོ་བོ་ཡིན་ཞིང་གཞན་རྣམས་དེའི་རྣམ་འགྱུར་ཡིན་ཏེ། དེ་ཡང་དང་པོར་མངལ་ཅུ་ཆགས་དུས་ཁུ་ཁྲགས་གཉིས་སྙིང་ག་ན་ཡོད་ལ། དེ་ནས་ཁུ་བ་སྟེང་གི་ཕྱོགས་སུ་སོང་སྟེ། གཙོ་བོར་སྤྱི་བོ་ན་གནས། དེ་ཡང་ནམ་


JLD006_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ན་སྐྱེ་བ་ཡིན་གྱི་སྣོད་དུ་བླུག་པའི་ཚུལ་གྱིས་ཡོད་པ་མ་ཡིན་ནོ། ཁྲག་འོག་ཏུ་སོང་སྟེ་གཙོ་བོར་ལྟེ་བ་ན་གནས་ལ། གཏུམ་མོ་འབར་བ་དང་། ཐིག་ལེ་འཛག་པའི་དམིགས་པ་ལྟེ་བ་སོགས་སུ་གཏོད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། རྩ་དེ་དག་ཏུ་བྱང་སེམས་དཀར་དམར་དང་རླུང་ཇི་ལྟར་རྒྱུ་བའི་ཚུལ་ནི། རྩ་སྟོང་ཕྲག་བདུན་དུ་རྩ་གཉིས་ཡོད་པ་དེ་ལས་སྟོང་ཕྲག་ཉེར་བཞི་ཚན་པ་གསུམ་ཡོད་ལ། དེའི་ཚན་པ་གཅིག་ནས་ཁུ་བ། དེའི་ཚན་པ་གཅིག་ནས་ཁྲག །ཚན་པ་གཅིག་ནས་རླུང་འབབ་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་ཁུ་ཁྲག་རླུང་གསུམ་འབབ་ཚུལ་དེ་ཡིན་ནོ། ཡང་གྱེས་གཞིའི་རྩ་བདུན་ཅུ་རྩ་གཉིས་ལ་ཡང་རྩ་ཉེར་བཞི་པ་ཚན་པ་གསུམ་ཡོད་པ་གསུམ་པོ་དེ་ལའང་ཁུ་ཁྲག་རླུང་གསུམ་འབབ་ཚུལ་སྡམ་འདྲ་ཡང་བདུན་ཅུ་རྩ་གཉིས་པོ་དེའི་གྱེས་གཞིའི་རྩ་ཉེར་བཞི་པོ་དེ་ལ་ཡང་བརྒྱད་ཚན་གསུམ་དུ་ཡོད་པས། གསུམ་པོ་དེ་ལའང་ཁྱ་ཁྲག་རླུང་གསུམ་གྱེས་ཚུལ་སྔར་དང་འདྲའོ། རྩ་ཉེར་བཞི་པོ་དེའི་གྱེས་གཞི་སྣིང་གའི་རྩ་འདབ་བརྒྱད་ལས་ནི་བཤད་གཅི་གཉིས། ཁུ་ཁྲག་གཉིས། བད་ཀན་ཏེ་བདུད་རྩི་ལྔ་འབབ་པའོ། བརྒྱད་པོ་དེའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ཡིན་ལ། དེ་དག་གི་འབབ་ཚུལ་ནི་བཤད་ཟིན་ཏོ། རྩ་རྣམས་བསྡུན་རྩ་སྟོང་ཕྲག་བདུན་ཅུ་རྩ་གནིས་པོ་དེ་རྩ་བདུན་ཅུ་རྩ་གཉིས་སུ་འདུལ། བདུན་ཅུ་རྩ་གཉིས་པོ་དེ་ཡང་ཉེར་བཞིར་འདུ་དེའང་སྙིང་གའི་རྩ་བརྒྱད་དུ་འདུལ། བརྒྱད་པོ་དེ་ཡང་


JLD006_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

རོ་རྐྱང་དབུ་མར་འདུ་བ་ཡིན་ནོ། ཡང་གྱེས་ཚུལ་ནི་གོང་ལྟར་རོ། ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བ་བསྡུ་བྱེད་ཚུལ་ནི། སྙིང་གའི་རྩ་དང་རླུང་ལས་ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་བསྒོམས་པ་ཡིན་ནོ། ཡང་སྙིང་གའི་རྩ་ཞེས་པ་ནི་སྲོག་རྩ་ཡིན་ལ། དེ་ཡང་སྲོག་བརྩ་སྒལ་ཚིགས་ནང་ཙམ་ན་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན་ནོ། སྲོག་བརྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་ཡོད་དོ། སྲོག་བཙལ་དེའི་མགོ་ནི་གྲུབ་གསུམ་དུ་ཡོད་ལ། མགྲིན་པར་གཞོན་ཏུ་མའི་ནུ་མ་འདྲ་བ་དང་། སྙིང་གར་མིག་འདྲ་བ་དང་། ལྟེ་བར་པདྨ་འདྲ་བ་དང་། གསང་གནས་ན་རྡོ་རྗེ་འདྲ་བ་དང་། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་གི་ཕྱིའི་དབྱིབས་དང་འདྲའོ། དེ་ནས་རྩ་དང་རླུང་གང་ཡིན་ཀྱང་སྙིང་ག་ན་ཡོད་ཅེས་པ་ནི། ནུ་མ་གཉིས་ཀྱི་བར་གྱི་ཐང་བརྟེན་གྱི་གྱི་སྐལ་ཚིགས་ཀྱི་ནང་ཙམ་ན་ཡོད་པ་ལ་དགོངས་སོ། སྔར་བཤད་པའི་བྱང་སེམས་འབབ་པའི་རྩ་སོ་གཉིས་པོ་སྤྱི་བོའི་རྩ་འདབ་མ་ཡིན་ཏེ། དེའི་ནང་ན་སྙིང་གའི་རྩ་བརྒྱད་འདུག་པའི་ཕྱིར་རོ། སོ་གཉིས་པོ་དེ་བདེ་མཆོག་གི་ལྷ་མོ་དང་སྦྱར་ན་རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་པོ་འཁོར་ལོ་གསུམ་གྱི་ལྷ་མོ་ཉེར་བཞི་དང་། སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་ནི་ས་ཆུ་མེ་རླུང་གི་འབྱུང་བའི་རྩ་ཡིན་པས། བདེ་ཆེན་འཁོར་ལོའི་ལྷ་མོ་བཞ་དང་སྦྱོར་བ་ཡིན་ནོ། སྒོ་མཚམ་མ་བརྒྱད་ལ་རྩ་སྦྱོར་རྒྱུ་མེད་པ་འདྲ་གསུངས་སོ།


JLD006_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་རྩ་དབུ་མའི་ནངགི་ཧཱུྃ་རིང་པོ་ནི་བདེ་མཆོག་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིའི་ནང་གི་ཁམས་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞི་དང་སྦྱོར། དེ་ཡང་བདུད་བྲལ་མར། འཆི་བའི་ཚེ་མ་གཏོགས་གཞི་དུས་སུ་བྱང་སེམས་མེ་འབབ་པས་དེ་ཡང་ལྷ་ལ་སྦྱོར་རོ། དེ་ལ་བདུད་ཅེས་ཟེར་བའི་རྒྱུ་མཚན་ནི། རང་གཞན་གཉིས་ཀར་བྱང་སེམས་འབབ་པ་འགོག་པས་སོ། དེ་ཡང་གཞི་དུས་སུ་ཐ་མར་པ་ལ། འཆི་བའི་དུས་མ་གཏོགས་དེའི་ནང་དུ་བྱང་སེམས་མི་འབབ་ཀྱང་། ལམ་དུས་སུ་མཐོན་པོར་སླེབས་པའི་ཚེ་འཆི་བའི་གོང་ནས་ཀྱང་དེའི་ནང་ནས་བྱང་སེམས་འབབ་བོ། རྩ་སོ་གཅིག་གི་ཚེ་ན། བདུད་བྲལ་མ་མ་གཏོགས་སོ་གཅིག་པོ་དེ་བདག་མེད་མ་ལྷ་མོ་བཅོ་ལྔ་པོ་དང་ཡང་སྦྱོར་བ་ཡིན་ཏེ། གཙོ་བོ་ལ་རྩ་གསུམ་འཁོར་བཅུ་བཞི་ལ་རྩ་གཉིས་གཉིས་ཏེ་དེས་རྩ་སོ་གཅིག་ཐེམ་མོ། ལྷ་མོ་དེ་དག་བསྐྱེད་པའི་ཡི་གེ་ནི་ཨཿཆོག་དྲག་ཅན་མ་གཏོགས་པའི་དབྱངས་ལྷག་མ་བཅོ་ལྔ་ཡིན་ནོ། རླུང་དང་གསུམ་མོའི་རྣལ་འབྱོར་ལ་བརྟེན་ནས་ལྟེ་བའི་ཁྲག་དང་། སྤྱི་བོའི་བྱང་སེམས་ཡར་མར་དུ་འགྲོ་བ་སྲིད་ཀྱི་སྙིང་གའི་རྩ་མདུད་ཀྱི་ནང་གི་བྱང་སེམས་དཀར་དམར་གཉིས་དང་ལྷན་སྐྱེས་ཀྱི་རླུང་རྣམས་འཆི་བའི་ཚེ་མ་གཏོགས་འཕོ་འཇུག་གི་བྱ་བ་མི་བྱད་པ་ཡིན་ནོ། ༈ རྫོགས་རིམ་གྱི་རྟོགས་པ་རྣལ་མ་ཞིག་རྒྱུད་ལ་སྐྱེ་བ་འདོད་ན། དེ་ལ་འཆི་བའི་དུས་ཀྱི་འབྱུང་བ་སྡུད་རིམ་ཤེས་དགོས། དེ་ལ་བསྐྱེད་རིམ་ཤེས་དགོས་པས།


JLD006_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བསྐྱེད་རིན་ནི་ཐམས་ཅད་སྟོང་པ་སྟེ་འཆ་ཨིབ་འོད་གསལ། སྟོང་ཆེན་ཉེར་ཐོབ། དྲི་ཟ་བར་སྲིད་དུ་སྐྱེ་བའི་སེམས་འབྱུང་། དེ་ལས་ཐབས་མཆེད་པ། དེ་བར་དོར་དྲི་དང་གནས་པ་འདོད་པའི་སེམས་འབྱུང་། དེ་ནས་ཤེས་རབ་སྣང་བ་སྟེ་མངལ་དུ་སྐྱེ་བ་འཛིན་པའི་སེམས་འབྱུང་། དེ་ན་མངླ་དུ་ཉིད་མཚམས་སྦྱར་མ་ཐོག་ཏུ་འབྱུང་བ་བཞི་ག་ཡོད་དོ། འོན་ཀྱང་འབྱུང་བར་རགས་པ་སྐྱེས་པའི་དབང་དུ་བྱས་ནས། དང་པོ་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེའི་རྗེས་ནས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆོག་རྣམས་འབྱུང་ལ། དེ་ནས་རང་བཞིན་བརྒྱད་ཅུའི་རྟོགས་པ་རྣམས་འབྱུང་ངོ་། དེ་ཡང་རང་བཞིན་བརྒྱད་ཅུའི་རྟོག་པ་ལ་ཉིན་མཚན་གཉིས་ཀྱིས་ཕྱེ་བས་བརྒྱ་དང་དྲུག་ཅུ་ཡིན་ནོ། སྡུད་པའི་དུས་ནི་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་སེམས་ལ། སེམས་སྣང་བ་ལ། དེ་མཆེད་པ་ལ། དེ་ཉེར་ཐོབ་ལ། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ། དེ་ནི་འཆི་བ་འོད་གསལ་ལ་མཆི་བ་དངོས་ཡིན་ནོ། དེ་ཡང་ས་ཆུ་ལ་ཐིམ་པ་ཞེས་བརྗོད་ཀྱང་། སེ་ཁམས་ཡེ་མེད་དུ་སོང་བ་མ་ཡིན་ལ། སས་ཤེས་པའི་རྟེན་མི་བྱེད་པ་ལ་ས་ཆུ་ལ་ཐིམ་ཞེས་བརྗོད་པ་ཡིན་ནོ། ཆུ་མེ་ལ་ཐིམ་ཚུལ་སོགས་ཀྱང་དེ་དང་འདྲ། རླུང་རྣམས་ཤེས་ལ་ཐིམ་ཞེས་པ་ནི། སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་རླུང་


JLD006_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ་དེ་དྷཱུ་ཏཱིའི་ནང་གི་ལྷན་སྐྱེས་གྱི་རླུང་ཕྲ་བ་ལ་ཐིམ་པའོ། དེའི་དུས་སུ་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་། ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། ལྷན་སྐྱེས་ཀྱི་རླུང་ཕྲ་བ་གཅིག་པུས་ཤེས་པའི་རྟེན་བྱེད་ཀྱི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའི་དུས་ནི་འབྱུང་བས་སྡུད་པའི་ཚེ། རླུང་སེམས་སྣང་བ་ལ་ཐིམ་པ་དང་། དེ་མཆོད་པ་ལ་ཐིམ་པ་དང་། དེ་ཉེར་ཐོབ་ལ་ཐིམ་པ་དང་། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་དུས་རྣམས་ཡིན་ནོ། དེ་ནས་ཐམས་ཅད་སྟོང་པ་འོད་གསལ་ལམ་འཆི་བ་འོད་གསལ་ལས། སྟོང་ཆེན་ཉེར་ཐོབ་དྲི་ཟའི་སེམས་པར་དོ་སོགས་འབྱུང་བ་སྔར་དང་འདྲའོ། དེས་ན་གཞི་དུས་སུ་རྩ་དང་རླུང་དང་འབྱུང་བ་རྣམས་དང་པོར་འཆགས་སྙིང་ག་ནས་འཆགས་སོ། མཐར་སྡུད་པའང་སྙིང་གར་སྡུད་པ་དང་འདྲ་བར། ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་རིང་ངེ་འཛིན་སེམས་དཔའ་ལ་སྤྲོ་བ་བསྡུ་མང་དུ་བྱས་ཏེ་བསྒོམས་པ་རྫོགས་རིམ་གྱི་སྐབས་སུ་འཆི་དུས་ཀྱི་སྡུ་རིམ་སྒུག་མི་གོས་པར་དེའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་སྐྱེ་བ་ཡིན་ནོ། དེས་ན་བླ་མེད་ཀྱི་སྡེ་དུ་མ་ནས་བསྐྱེད་རིམ་གྱི་སྐབས་སུ་བཞི་དུས་གྱི་སྐྱེ་ཞི་བར་དོ་གསུམ་དང་སྦྱར་ནས་བསྒོམ་དགོས་པར་མང་དུ་གསུངས་པ་ཡང་རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་མི་འདྲ་བ་ལ་དགོངས་པ་ཡིན་ནོ། ཡང་རྩ་རླུང་མང་དུ་


JLD006_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དགོས་པ་ནི་འཆི་བའི་ཚེ་ལྟེ་བའི་དམར་ཆ་ཡར་ལ་འགྲོ། སྤྱི་བོའི་དཀར་ཆ་མར་འོང་བའི་འདུ་འཕྲོད་ལ་བརྟེན་ནས། གཉིས་སྣང་དང་བྲལ་བའི་འོདགསལ་མངོན་དུ་འགྱུར་ལ། དེ་ཡང་གཉིས་སྣང་འགག་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཡིན་ལ། མཚན་ཉིད་པ་ནི་མ་ཡིན་ཏེ། དེ་དང་འདྲ་བར་ལམ་དུས་སུ་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས། དམར་པོ་དང་དཀར་པོའི་འདུ་འཕྲོད་བྱས་པ་ཡོད་ཅིང་། འདུ་འཕྲོད་བྱང་དུས་གཉིས་སྣང་རགས་པ་འགགས་པས། དེའི་དུས་སུ་སྟོང་པའི་ངེས་ཤེས་གསལ་བཏབ་ན། གཞན་དང་མི་འདྲ་བའི་སྟོང་ཉིད་རྟོགས་པ་ལ་བོགས་ཐོན་པ་ཡོངས་བས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། རྩ་ཉེར་བཞི་དང་བདུན་ཅུ་རྩ་གཉིས་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སྐུ་གསུང་ཐུགས་སམ། ལུས་ངག་ཡིད་གསུམ་ལ་སོགས་པ་གསུམ་དུ་འབྱེད་པ་དང་གསུམ་དུ་གྲགས་ངེས་པ་ནི། རྩ་དེ་ངག་གི་ནང་ནས་འབབ་པའི་རྫས་ལ་བྱང་སེམས་དཀར་དམར་གཉིས་དང་རླུང་གསུམ་དུ་ངེས་པས་དེའི་གནད་ཡིན་ནོ། གཞི་དུས་སུ་རྩ་དང་རླུང་ཆགས་པའི་རིམ་པས་སེམས་ཅན་སྐྱེས་པའི་རིམ་པ་དང་མཐུན་པར་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་བསྒོམས་པས་རྫོགས་རིམ་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་བསྡུས་ནས་གཉིས་སྣང་འགགས་པའི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་སུ། དེ་ལས་ལངས་


JLD006_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐར་ཁོ་ནར་འཇའ་ལུས་ལས་གྲུབ་པའི་ལྷའི་སྐུར་ལྡང་བ་ཡིན་ལ། དེས་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། དེས་ན་བསྐྱེད་རིམ་གྱི་སྐབས་ཁོ་ནར་ལྷ་སྐུ་བསྒོམས་ལ། རྫོགས་རིམ་གྱི་སྐབས་སུ་ལྷ་སྐུ་ཡེ་ཤེས་བསྒོམ་ན། རྫོགས་རིམ་གྱི་སྐབས་ནས་གཟུགས་སྐུ་གཉིས་ཀྱི་ཐུན་མོང་མིན་པའི་ཉེར་ལེན་གྱི་རྒྱུ་མེད་པར་ཐལ་བའི་སྐྱོན་ཡོད་པས། སྐབས་དེར་ཡང་ལྷ་ངེས་པར་བསྒོམ་དགོས་སོ། རླུང་ཆགས་ཚུལ་ནི་མངལ་དུ་ཉིད་མཚམས་སྦྱར་ནས་སྙིང་གའི་རྩ་མདུད་ཆགས་པའི་ཚེ། དེའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་སྐྱེས། རླུང་དེ་གཉིས་ཀ་ཡང་སྲོག་འཛིན་གྱི་རླུང་ཡིན་ནོ། དེའི་ཚེ་སེམས་ཅན་གྱི་ལུས་ཉའི་རྣམས་པ་ལྟ་བུར་ཡོད་པར་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་ལ། དེ་ཡང་མངལ་དུ་ཞུགས་པའི་ཟླ་བ་དང་པོའི་སྐྱེ་ཚུལ་ཡིན་ནོ། ཟླ་བ་གཉིས་པའི་ཚེ་སྲོག་འཛིན་གྱི་རླུང་ལས་ཐུར་སེལ་གྱི་རླུང་སྐྱེས་ལ། སྲོག་འཛིན་གྱི་རྩ་བའི་གནས་ནི་སྙིང་ག་ཡིན་ཞིང་། ཐུར་སེལ་གྱི་རྩ་བའི་གནས་ནི་གསང་གནས་ཡིན་ནོ། དེའི་ཚེ་རྐང་བ་གཉིས་ལག་པ་གཉིས་ཏེ་བཞི། མགོ་དང་བཅས་པའི་འབུར་དུ་ལྔ་དོང་བས་ལུས་རུས་སྦལ་གྱི་རྣམ་པ་ལྟ་བུར་ཡོད་དོ། ཟླ་བ་གསུམ་ལ་ཐུར་སེལ་གྱི་རླུང་ལས་མཉམ་གནས་ཀྱི་རླུང་སྐྱེ་ལ། དེའི་རྩ་བའི་གནས་ནི་ལྟེ་བ་ཡིན་ནོ། དེའི་ཚེ་འང་ཡན་ལག་ལྔ་ཚང་བ་ལ་ཅུང་ཟད་སྒུར་པོར་ཡོད་པས་ཕག་རྒོད་ཀྱི་རྣམ་པར་ཡོད་དོ།


JLD006_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་བཞི་པ་ལ་མཉམ་གནས་ཀྱི་རླུང་ལས་གྱེན་རྒྱུའི་རླུང་སྐྱེལ། དེའི་རྩ་བའི་གནས་ནི་མགྲིན་པ་ཡིན་ནོ། དེའི་ཚེ་སྟོད་ཅུང་ཟད་རྒྱས་པས་སེང་གེའི་རྣམ་པར་གནས་སོ། ཟླ་བ་ལྔ་པ་ལ་གྱེན་རྒྱུའི་རླུང་ལས་ཁྱབ་བྱེད་ཀྱི་རླུང་སྐྱེས། དེའི་རྩ་བའི་གནས་ཚིགས་ཆེན་པོ་བཅུ་གནིས་ཡིན་ནོ། དེས་ཚེ་མིའུ་ཐུང་གི་རྣམ་པར་ཡོད་དོ། ཟླ་བ་དྲུག་པ་ལ་མིག་གི་སྒོ་ནས་རྒྱུ་བའི་རླུང་ཀླུ་ཞེས་བྱ་བ་དང་། འབྱུང་བ་ས་སྐྱེ། ཟླ་བ་བདུན་པ་ལ་རྣ་བའི་སྒོ་ལ་རྒྱུ་བའི་རླུང་རུས་སྦལ་དང་། འབྱུང་བ་ཆུ་སྐྱེ། ཟླ་བ་བརྒྱད་པ་ལ་སྣ་སྒོར་རྒྱུ་བའི་རླུང་རྩངས་པ་དང་འབྱུང་བ་མེ་སྐྱེ། ཟླ་བ་དབུ་པ་ལ་ལྕེ་ལ་རྒྱ་བིའི་རླུང་ལྷ་སྦྱིན་དང་འབྱུང་བ་རླུང་སྐྱེ། ཟླ་བ་བཅུ་པ་ལ་ལུས་ལ་འབྱུང་བའི་རླུང་གཞུ་ལས་རྒྱལ་དང་འབྱུང་བ་ནམ་མཁའ་ཁམས་ཏེ་ལུས་སྦུགས་སྟོང་རྣམས་འབྱུང་ངོ་། ཡན་ལག་གི་རླུང་ལྔ་པོ་དེ་གཙོ་བོར་སྲོག་འཛིན་ཡིན་ལ། རླུང་གཞན་བཞི་པོ་དེ་དག་ཀྱང་དབང་པོའི་སྒོ་རྣམས་ལས་རྒྱུ་བ་སྲིད་དོ། སྲོག་འཛིན་གྱིས་ཚེ་གནས་པ་དང་། སྣ་སྒོ་ལ་རྒྱུ་བའི་ལས་བྱེད་དོ། ཐུར་སེལ་གྱིས་བཤང་གཅི་ཐུར་དུ་འགྲོ་བའི་ལས་བྱེད། མཉམ་གནས་ཀྱིས་ཟས་ཀྱི་དྭངས་མ་ལུས་ལ་འདྲེན་པའི་ལས་བྱེད། དྭངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་པོས་བྱེད། གྱེན་རྒྱུས་ཟས་མྱང་བར་དང་སྨྲ་བ་སོགས་དང་རླུང་གཞན་གྱེན་དུ་འདྲེན་པའི་ལས་བྱེད། ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་ལ་ཁྱབ་


JLD006_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འགྲོ་བ་སོགས་ཀྱི་བྱ་བ་བྱེད། ཐུར་སེལ་སྲོག་འཛིན་མཉམས་གནས་གྱེན་རྒྱ་བཞི་ནི། རིམ་པ་ལྟར་ས་ཆུ་མེ་རླུང་བཞི་དང་། རིན་པོ་ཆེ་དང་། རྡོ་རྗེ་དང་། པདྨ་དང་། ལས་ཀྱི་མགོན་པོ་བཞིའི་རླུང་ཡིན་ལ། དེ་འང་མགོན་པོ་རེ་རེའི་རླུང་རྒྱུ་བ་ན་དགུ་བརྒྱ་བ་ཕྲག་རེ་རྒྱུ་ལ། དེ་ཡང་འབྱུང་ཆེ་ཆུང་གི་དབང་དུ་བྱས་ན་འབྱུང་བ་ཆེ་བའི་རླུང་ཡིན་ལ། དགུ་པོ་དེ་ཚན་པ་བཞི་བགོས་ནས་ཉིས་བརྒྱ་ཉེར་ལྔ་པ་ཚན་བཞིར་བྱས་ཏེ། བཞི་པོ་རེ་རེ་རྒྱུ་བ་ན་གོས་དཀར་སོགས་ལྷ་མོ་བཞའི་རླུང་རྒྱུ་བ་ཡིན་ཞིང་། ལྷ་མོ་བཞའི་རླུང་ལས་འབྱུང་ཆུང་གི་རླུང་ཟེར་བ་ཡིན་ནོ། དེས་ན་མགོན་པོ་རེ་རེའི་རླུང་རྒྱུ་བ་ན་ལྷ་མོ་བཞི་པ་བཞི་རྒྱུ་བའོ། འབྱུང་ཆེན་གྱི་རླུང་རེ་རེ་རྒྱུ་བ་ན། འབྱུང་ཆུང་གི་རླུང་བཞི་བཞི་རྒྱུ་བ་ཡིན་ནོན། མགོན་པོ་བཞིའི་རླུང་གི་ཁྱད་པར་ནི། པདྨ་མགོན་པོའི་རླུང་རྒྱ་བའི་ཚེ་ཁ་དོག་རྣམ་པ་ལྔའི་རླུང་རྒྱུ་ལ། དེའི་ཆེ་དམར་པོས་ཁ་དོག་གཞན་པ་ཞི་ལ་ཁྱབ་པར་རྒྱུ་བ་ཡིན་ནོ། དེ་བཞིན་དུ་རིན་ཆེན་མགོན་པ་དང་། རྡོ་རྗེ་མགོན་པོ་དང་། ལས་མགོན་པོ་རྣམས་ལའང་རིམ་པ་བཞིན་སེར་པོ་དང་། དཀར་པོ་དང་། ལྗང་གུ་རྣམས་གཙོ་བོ་ཆེ་ཞིང་། གཞན་རྣམས་ཕལ་བའི་ཚུལ་གྱིས་རྒྱུ་བ་ཡིན་ནོ། དེ་ཡན་ལྷ་མོ་བཞིའི་རླུང་རྒྱུ་བའི་ཚུལ་ནི། མེ་གོས་དཀར་མོའི་རླུང་རྒྱུ་བའི་ཚེ་ནི། སྣ་བུས་གཡས་ལྟ་བུའི་དབང་དྱ་བྱས་ན། དམར་པོ་དབུས། གཡོན་ན་ལྗང་གུ། འོག་མ་དཀར་པོ། སེར་པོ་སྟེང་། སྔོན་པོ་གཡས་ལ་རྒྱུ་བ་ཡིན་ནོ། དེས་མཚོན་


JLD006_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་གུ་དབུས་སུ་རྒྱུ་ཞིང་། མེའི་ས་རྒྱུ་བའི་ཚེ་སེར་པོ་དབུས་དང་། མེའི་ཆུ་རྒྱུ་བའི་ཚེ་དཀར་པོ་དབུས་སུ་རྒྱུ་བ་ཡིན་ནོ། ཡང་མགོན་པོ་བཞའི་རླུང་རྒྱ་བའི་ཚེ་ནི་སྣ་བུག་གཡས་པ་ལྟ་བུ་གཅིག་གི་གཡས་གཡོན་ནས་རྒྱུ་ཞེས་བླ་མ་ཁ་ཅིག་གསུངས་པ་མི་འཐང་བས། པདྨ་མགོན་པོ་སྣ་བུགས་གཡས་ཁོ་ན་དང་། ལས་ཀྱི་མགོན་པོ་གཡོན་ཁོ་ན་དང་། རིན་ཆེན་མགོན་པོ་གཡས་གཡོན་གཉིས་ཀ་ནས་དྲག་པར་རྒྱུ་ཞིང་། རྡོ་རྗེ་མགོན་པོ་གཉིས་ཀ་ནས་དལ་བར་གྱུ་བ་ཡིན་ནོ། དེ་ལ་གསང་བ་འདུས་པའི་ལུགས་ཀྱི་ཉིན་ཟག་གཅིག་ལ་ཐུན་བཅུ་གཉིས། ཕྱེ་པ་ཉེར་བཞི། ཐུན་ཕྱེད་པ་རེ་རེ་ལ་མགོན་པོ་རེ་རེའི་རླུང་དགུ་བརྒྱ་བ་རེ་རྒྱུ་ལ། དགུ་བརྒྱ་བ་རེ་རེ་ལ་ལྷ་མོ་བཞི་བཞིའི་རླུང་རྒྱ་བས་དེས་ན་འབྱུང་ཆེན་གྱི་དཀྱིལ་འཁོར་ཉེར་བཞི་དེ་རེ་རེ་ལ་འབྱུང་ཆུང་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས། འབྱུང་ཆུང་གི་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། འདི་བའི་ལུགས་ཀྱི་འཕོ་བ་ཉེར་བཞི་བྱེད་པ་ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་གཡས་ནས་གཡོན་དུ་འཕོ་བ་ལྟ་བུ་མིན་ལ། འདིར་ནི་དགུ་བརྒྱ་བ་རེ་རེ་སོང་བ་དུང་འཕོ་འཇུག་བྱེད་པའི་ཕྱིར་རོ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་མགོན་པོ་གཞིའི་རླུང་ཁོ་ན་ཡིན་ནོ། ཁྱབ་བྱེད་ཀྱི་རླུང་ནི་འཆི་བའི་ཚེ་མ་གཏོགས་པའི་རྒྱུ་ཞིང་། དེའི་ཚེ་ན་འང་ཇི་ཙམ་རྒྱུ་བའི་ངེས་པ་མི་སྣང་ངོ་། མན་སྙེ་


JLD006_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྒྱ་གར་བའི་བླ་མ་སྔ་མ་རྣམས་ཀྱི་མན་ངག་ལས། ལྷ་མོ་གཅིག་གི་རླུང་ཉམས་བརྒྱ་ཉེ་ལྔ། རྩ་སོ་གཉིས་ནས་འབབ་པའི་ཚེ། བདུད་བྲལ་མའི་ནང་ནས་དབུགས་བདུན་བརྒྱ་ལྷག་ཙམ་གཅིག་འབབ་པར་བཤད་པས། དེའི་རྟགས་ལ་བདུད་བྲལ་མའི་ནང་དུ་འཆི་བའི་གོང་ཙམ་ནས་རླུང་འབབ་པ་དང་། ཁྱབ་བྱེད་ཀྱི་རླུང་འཆི་བའི་གོང་ཙམ་ནས་རྒྱུ་བ་འདྲ་བ་ཞིག་འབྱུང་ལ། འོན་ཀྱང་མན་ངག་དེ་ཡིད་ཆེས་ཀྱི་གནས་སུ་ཁས་ལེན་པའི་ངེས་པ་མི་སྣང་ངོ་། ཁྱབ་བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་ཡིན་ལ། ས་རླུང་དང་། ཆུ་རླུང་དང་། མེ་རླུང་དང་། རླུང་གི་རླུང་རྣམས་རྒྱུ་ཚུལ་ནིན། རིམ་པ་ལྟར་ཐད་ཀ་དང་། འོག་དང་སྟེང་དང་། གྱེན་གསེག་པ་རྒྱུ་ཡིན། མ་རྒྱུད་ནས་བཤད་པའི་རྩ་འབབ་ནས་རྒྱུ་ཚུལ་ནི། སྤྱིའི་དབང་དུ་བྱས་ན་ཉིན་ཞག་ཅིག་ལ་དབྱུ་གུ་རེ་བཞི་ཡོད་ལ། དེ་ང་མཐུན་པར་གང་ཟག་གཅིག་ལ་ལྟེ་བའི་རྩ་འདབ་ནས་དབྱུ་གུ་རེ་བཞིའི་རླུང་རྒྱུ་ལ། དབྱུ་གུ་རེ་ལ་རླུང་སུམ་བརྒྱད་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་ཡོད་དོ། ཡང་ཉིན་ཞག་གཅིག་ལ་ཆ་ཚོད་སོ་གཉིས་ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་གཉིས་ཀྱི་རླུང་སྤྱི་བོའི་རྩ་འདབ་ནས་རྒྱལ། ཆུ་ཚོད་རེ་རེའི་རླུང་ལ་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་ལ། ཡང་ཉི་ཟག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་པར། འཕོ་བ་བཅུ་དྲུག་གི་རླུང་མགྲིན་པའི་འདབ་མ་ནས་རྒྱུ་ལ། འཕོ་བ་རེ་རེའི་རླུང་ལ་སྟོང་དང་ཕྱེད་དང་བཞི་བརྒྱ་ཏེ་ཡོད་ཅིང་། ཡང་ཉིན་ཞག་གཅིག་


JLD006_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུན་ཚོད་བརྒྱད་དོད་པ་དང་མཐུན་པར། སྙིང་གའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་བ་ཐུན་ཚོད་རེའི་རླུང་ལ་ཉིས་སྟོང་བདུན་བརྒྱ་རེ་ཡོད་ལ། འདི་དག་ཀྱང་གང་ཟག་གཅིག་ལ་ཉི་ཞག་གཅིག་གི་དུས་སུ་རླུང་ཉི་ཁྲི་ཆིག་སྟོང་རྒྱུ་བའི་ཚུལ་ཡིན་ཞིང་། དེ་ཡང་འཁོར་ལོ་བཞི་པོ་རེ་རེ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྣ་ཕྱི་མིན་པར་དུས་མཉམ་དུ་རྒྱུ་བ་ཡིན་ནོ། དེ་ཡང་ལྟེ་བའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ། སྤྱི་བོའི་འདབ་མ་གཅིག་ནས་འདབ་མ་མཉིས་ལ་འཕོ་ལ། སྤྱི་བོའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ། མགྲིན་པའི་འདབ་མ་གཅིག་ནས་གཉིས་ལ་འཕོ། མགྲིན་པའི་འདབ་མ་གཉིས་ནས་རླུང་གི་རྒྱུ་བ་རྫོགས་པའི་ཚེ། སྙིང་གའི་འདབ་མ་གཅིག་ནས་གཉིས་བར་འཕོ་བ་ཡིན་ནོ། དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་ནི། དེ་དག་གི་གནས་ཚུལ་ཐིགས་ནས། དེ་ལ་གནད་དུ་བསྣུན་པས་སྟོང་པ་དང་བདེ་བ་དབྱེར་མི་བྱེད་པའི་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་ལ། སྟོང་པ་ནི་ཡུལ་ལ་བྱེད་པ་དང་། ཡུལ་ཅན་ལ་བྱེད་པ་གཉིས་ལས། འདི་ནི་ཤཱནྟི་པས་བཤད་པ་ལྟར། ཡུལ་བདག་མེད་པ་ལྟ་བུ་ཡིན་ལ། བདེ་བ་ལ་རྣམ་པ་མང་དུ་ཡོད་དེ། མཚན་ཉིད་ཐེག་པ་ནས་བཤད་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དང་། དབུགས་བགྲངས་བ་ལ་བརྟེན་ནས་སྐྱེས་པའི་ཞི་གནས་ཀྱི་བདེ་བ་དང་། རྒྱུད་སྡེ་འོག་མར་བཤད་པའི་སྲོག་


JLD006_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བཀག་པའི་རླུང་སྦྱོར་གྱི་བདེ་བ་རྣམས་ནི། འདིར་དོན་དུ་གཉེར་བྱ་མ་ཡིན་ལ། འོན་གང་ཡིན་སྙམ་ན། དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་ཡིན་ལ། དེ་ཡང་རླུང་སྔགས་རྡོ་རྗེའི་བཟླས་པ་དང་། གཏུམ་མོའི་མེའི་དམིགས་པ་བྱས་པའི་སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་ནས་སྤྱི་བོའི་བྱང་སེམས་ཞུ་སྟེ། ལུས་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ་ལ། དེས་དེ་མ་ཐག་རྐྱེན་བྱས་ཏེ་ཡིད་ལ་དགའ་བའི་བདེ་བ་སྐྱེ་ལ། དགའ་བ་དེས་ཡུལ་སྟོང་ཉིད་བཟུང་ནས། དེ་དང་སྟོང་ཉིད་གཉིས་ནི་ནམ་མཁའ་དང་ནམ་མཁའ་སྦྱོར་བ་ལྟ་བུར་སྦྱོར་བའི་ཚེ། བདེ་སྟོང་དབྱེར་མེད་པའི་ཟུང་དུ་འཇུག་པའི་རྫོགས་རིམ་ཞེས་བྱའོ། ཡང་སྔགས་ཀྱི་སྐབས་སུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་ཅེས་བཤད་པའི་སྟོང་པ་ནི། ཆོས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་ནས་སྙམ་པའི་སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ཐབས་སྙིང་རྗེ་ཆེན་པོ་ཡིན་ནོ། དེས་ན་སེམས་ཀྱི་རྟེན་ཐིག་ལེ་ཡིན་ལས། རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ། ཉིན་ཞག་གཅིག་ལ་གཉིད་དུ་སོད་མ་སོང་གཉིས་སུ་དེས་ལ། གཉིད་དུ་སོང་བ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་འཐུག་གི་སྐབས་སུ། སེམས་ཀྱི་རྟེན་བྱུང་སེམས་དཀར་དམར་སྙིང་ག་ན་གནས་པས་སྙིང་གར་སེམས་འཛིན་ལ། རྨི་ལམ་རྨིས་པའི་དུས་སུ་དེ་གཉིས་མགྲིན་པར་སེམས་འཛིན་ལ། གཉིད་དུ་མ་སོང་བའི་


JLD006_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་གཙོ་ཆེར་ལྟེ་བར་གནས་པས་དེར་འཛིན་ལ། ཕོ་མོ་སྦྱོར་བ་བྱེད་པའི་དུས་སུ་དེ་གཉིས་སྤྱི་བོར་གནས་ཞེས་བཤད། དུས་འཁོར་གྱི་ལུགས་ལ་སྙིང་ག་དང་མགྲིན་པར་ཐིག་ལེ་གནས་པའི་དུས་ནི་སྣ་མ་དང་འདྲ་ལ། གཞན་གཉིས་བཟློག་ནས་གཉིད་དུ་སོང་བའི་དུས་ནི་སྤྱི་བོ་དང་། ཕོ་མོ་སྦྱོར་བ་བྱེད་པའི་དུས་ནི་ལྟེ་བར་གནས་པར་བཤད་དོ། སྤྱིར་སྔགས་ཀྱི་ལུགས་ལ་རབ་ཚེ་འདིར། འབྲིང་བ་དོར། ཐ་མ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ལས། དང་པོ་ནི། གསང་འདུས་འཕགས་ལུགས་དང་བསྟུན་ན་དང་པོར་སེམས་བསྐྱེད་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་མ་མན་གྱི་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ། དེ་རྗེས་གསང་འདུས་ལྟ་བུའི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པར་བྱ་སྟེ། རྩ་ལྟུང་དང་སྦོམ་པོ་སོགས་ཀྱིས་མ་གོས་པར་དམ་ཚིག་དང་སྡོམ་པས་རྒྱུད་དག་པར་བྱས། དེ་རྗེས་ནས་ཕྲ་ཐིག་གི་བར་གྱི་བསྐྱེད་རིམ་བརྟན་པར་བྱས་ནས། དེ་ནས་རྫོགས་རིམ་གྱི་ལུས་དབེན་སྐུ་རྡོ་རྗེ་དང་། ངག་དབེན་གསུང་རྡོ་རྗེ་དང་། སེམས་དབེན་ཐུགས་རྡོ་རྗེ་རྣམས་རྒྱུད་ནས་བཤད་པ་བཞིན་དུ་ཐོབ་པར་བྱས་ལ། དེ་ནས་རླུང་སེམས་ཤིན་ཏུ་ཕྲ་བ་ལ་བརྟེན་ནས་འཇའ་ལུས་སམ་སྒྱུ་ལུས་སམ་རྡོ་རྗེ་འཆང་གི་སྐུར་ལངས་ཏེ། འོད་གསལ་མངོན་དུ་བྱས་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ། གཉིས་པ་སེམས་དབེན་ལ་གསུམ། སེམས་སྣང་བའི་ཡེ་


JLD006_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མན་ཆད་ཀྱི་རྫོགས་རིམ་གྱི་སེམས་རྣམས་མཚད་ཉིད་དན་ལྡན་པ་ཐོབ་དགོས་ལ། སྣང་བ་ཉེར་ཐོབ་ནི་མ་ཐོབ། སྣང་བ་མཆེད་པ་ཐོབ་མ་ཐོག་གང་ཡིན་ཀྱང་། དེའི་ཚེ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམ་པའམ། ཡང་ན་ཞིང་ལས་སོགས་ཀྱིས་བྲེལ་བའི་དབང་གྱིས་སྤྱོད་པ་བྱེད་རྒྱུ་མ་བྱུང་ན། དེའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་སྡུད་མི་ཐུབ་། དེ་མ་ཐུབ་ན་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས། དེ་འཆི་ཁར་མངོན་དུ་འགྱུར་བའི་ཕྱིར་དུ་འཆི་ཁར་འབྱུང་བ་སྡུད་པའི་ཚེ་མན་ངག་ནས་བཤད་པའི་འབྱུང་བསྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་པས། ཤི་ཟིན་པའི་ཚོད་ཙམ་ལ་སྣང་བ་ཉེར་ཐོབ་མངོན་དུ་བྱེད་ཅིང་། བར་དོར་སྐྱེས་པའི་ཚོད་ལ་སྒྱུ་ལུས་ཐོབ་ཅིང་། དེ་ནས་རྟེན་དེ་ལ་འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། གསུམ་པ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ནི། ཚེ་འདི་ལ་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ། དམ་ཚིག་དང་སྡོམ་པ་དག་པ་ཞིང་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་ལུས་དཔེར་དང་དག་དབེན་རྣམས་རྒྱུད་ལ་སྐྱེས་མ་སྐྱེས་གང་ཡིན་ཀྱང་རུང་དེ་སྐྱེ་བ་བཅུ་དྲུག་ཚུན་ཆད་ལ་འཚང་རྒྱའོ། འདི་ཚེ་དེ་ལ་སེམས་དབེན་གྱི་རྟོགས་པ་སྣང་མཆེད་ཐོབ་གསུམ་པོ་གང་ཡང་མ་སྐྱེས་པ་དགོས་ཏེ། དེ་སྐྱེས་ན་ཚེ་འདི་ལ་འཚང་རྒྱ་བའམ། ཡང་ན་བར་དོར་འཚང་རྒྱ་བའི་ཕྱིར་རོ། ཡང་རྗེ་བཙུན་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་


JLD006_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐྱེད་རིམ་ལ་བརྟན་པ་གཞིར་བཞག་ནས། རླུང་དང་གཏུམ་མོ་དང་། སྤྱོད་པ་གསུམ་མཐའ་ཕྱིན་ན་ཚེ་འདི་ལ་འཚང་རྒྱ། དེ་གསུམ་མཐར་མ་ཕྱིན་པ་ཚེ་འདི་ལ་འཚང་རྒྱ་མི་ནུས་ན། ད་གཟོད་འཆི་བ་འོད་གསལ་ཟིན་པའི་དོན་དུ་ལྟ་གཉིད་མ་ཐུག་དང་གཉིད་ཀྱི་སྟོང་བ་བསྲེས་ནས་བསྒོམས། དེ་ལེགས་པ་བྱུང་ན་ད་གཟོད་པའི་ཙ་ན་ཐ་མལ་གྱི་འཆི་བ་རང་དགའ་བར་མི་འགྲོ་པར་འོད་གསལ་བཟུང་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་ལ། ད་གཟོད་བར་དོ་ཟིན་པའི་དོན་དུ་ད་ལྟ་རྨི་ལམ་གྱི་མན་ངག་བསྐྱངས་ཏེ་རྨི་ལམ་བཟུང་ལ་དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་བསྒྲོགས་པས། དེ་བར་ཟིན་ཏེ་ཐ་མལ་གྱི་བར་དོ་རང་དགའ་བར་མི་འཆར་བར། ལོངས་སྐུར་འཁྱེར་ཤེས་པའམ་དེ་དུས་ཕན་ཐོགས་པ་ཡིན་ནོ། ད་ལྟ་བསྐྱེད་རིམ་ལ་སྦྱངས་བས་བར་དོར་སྣང་བ་ཐམས་ཅད་ལྷ་སྐུ་ཤར་ནས་དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ་མངལ་སྐྱེས་ལྟ་བུའི་སྐྱེ་སྒོ་ཁེགས་ནས་སྐྱེ་གནས་སུ་སྐྱེ་བ་མི་ལེན་པར། བར་དོའི་རྟེན་དེ་ལ་ལམ་ལྷག་མ་བསྒོམས་ཏེ་འཚང་རྒྱ་བ་ཡིན་ལ། བར་དོར་འཚན་རྒྱ་མི་ནུས་པར་སྐྱེ་གནས་གང་རུང་ཞིག་ཏུ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་དགོས་པ་དེས་མི། འཕོ་བ་དང་གྲོང་འཇུག་གི་གདམས་ངག་བསྒོམས་པ་ཡིན་ལ། འདི་ན་རྒྱུད་ཀྱི་རྡོ་རྗེ་སོགས་ཀྱི་དགོས་པ་ཡིན་ཞེས་མར་པ་ནས་བརྒྱུད་པ་རྣམས་གསུངས་སོ། འདི་ནི་གདམས་པ་ཕན་ཆེ་བོ་ཞིང་སྣང་ངོ་། འོན་ཀྱང་བར་དོ་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་


JLD006_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སུ་ཆུག་ཀྱང་། སྐྱེ་གནས་གཞན་གསུམ་ལ་ཨེ་ཁེགས་ཡིན་གསུངས། དེ་ཡན་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གནད་གཙོ་བོ་ནི། སྤྱི་བོའི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་སྐྱེས་གྱི་དགའ་བའང་། སྟོང་ཉིད་དབྱེར་མེད་ཀྱི་རིང་ངེ་འཛིན་ཡིན་པར་བྲམ་ཟེར་ཆེན་པོ་ས་ར་ཧ་ལ་སོགས་པ་རྒྱ་གར་གྱི་མཁས་གྲུབ་ཁུང་མ་ཐམས་ཅད་ཞས་མཐུན་ལ་སྤྱི་བའི་བྱང་སེམས་ཞུ་བའི་ཐབས་སུ། རླུང་སྦྱོར་དང་མེ་དམིགས་སོགས་མང་དུ་གསུངས་ཀྱང་། དེ་ཐམས་ཅད་ཀྱང་གཏུམ་མོར་འདུ་བ་ཡིན་ནོ། དེ་ཡང་སྦྱོར་དྲུག་གི་ལུགས་ཀྱི་ནི་སོར་བསམ་གཉིས་ཀྱི་རྩ་དབུ་མའི་ལམ་སྦྱངས་ལམ་སྦྱངས་ནས་སྲོག་རྩོལ་གྱི་རྩ་དབུ་མའི་མང་དུ་རླུང་འཛུད་ཅིང་འཛིན་པས། ཚུད་པ་ན་བརྟན་པར་བྱེད། རྗེས་དྲན་གྱིས་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་པའི་བདེ་བསྐྱེལ། དེ་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། མི་འགྱུར་པའི་བདེ་བ་ཉི་ཁྲི་ཆིག་སྟོང་རྫོགས་མ་ཐག་ཏུ་འཚང་རྒྱ་བ་ཡིན་ནོ། གསང་འདུས་འཕགས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེས། དེ་ནས་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་རྫོགས་མ་ཐག་ཏུ་འཚན་རྒྱ་བ་ཡིན་ནོ། གསང་འདུས་འཕགས་སུ་པ་ནི། ངག་དབེན་རླུང་གི་རྡོར་བཟླས་མཐར་ཕྱིན་པར་བྱས་པའི་སྟོབས་ཀྱིས་སྤྱི་བོའི་བྱང་སེམས་ཞུ་ནས་ལྷན་སྐྱེས་ཀྱི་དགའ་སྐྱེས། དགའ་བ་དེས་སྟོང་ཉིད་ཡུལ་དུ་བཟུང་བ་ལ་བདེ་སྟོང་དབྱེར་མེད་ཟེར་བ་མ་གཏོགས། སྟོང་པ་ལ་བདེ་བས་རྒྱས་བཏབ་པའམ། བདེ་བ་ལ་སྟོང་པས་རྒྱས་བཏབ་པ་ལྟ་བུ་ནི་བདེ་སྟོང་དབྱེར་མེད་ཀྱི་དོན་མ་ཡིན་ནོ། དེ་ལ་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བ་ལ་སྤྱི་བོའི་བྱང་སེམས་ཞུ་དགོས་རྒྱུ་ཡིན། དེ་ཞུ་བ་ལ་ལྟེ་བའི་དམར་ཆ་འབར་དགོས། དེ་རླུང་གིས་


JLD006_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་དགོས་ལ། ཐིག་ལེ་དཀར་དམར་དང་རླུང་གནས་པའི་གཞི་རྩ་ཡིན་པས་རྫོགས་རིམ་གྱི་སྐབས་སུ་རྩ་རླུང་ཐིག་ལེ་རྣམས་ཞིབ་པར་འཆད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། དེ་ཡང་དབུ་མ་མི་བསྐྱོད་པའི་རྩ་ཡིན་པས་ཁ་དོག་སྔོན་པོར་ཡོད་ལ། རོ་མ་འོད་དཔག་མེད་ཀྱི་རྩ་ཡིན་པས་ཁ་དོག་དམར་པོ་དང་། རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་ཁ་དོག་དཀར་པོ་དང་། དེ་ཡན་སྤྱིར་བཏང་ངོ་། དམིགས་བསལ་ལ་གཏུམ་པོ་འབར་བའི་ཚེ་ན། གང་འབར་བའི་རྩ་རྣམས་ཏིལ་མར་གྱི་མར་མེའི་མེའི་མདོག་ལྟ་བུར་ཡོད་དོ། དེ་ཡང་སྙིང་གའི་རྩ་མདུད་ཀྱི་རྩ་དབུ་མའི་འོག་ཕྱོགས་ཀྱི་བུག་ནི་ཅུང་ཟད་ཁ་ཕྱེ་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཞིག་ཡོད་དོ། རྩམ་དུང་ཀྱི་ནང་གི་རྩ་དབུ་མའི་ནང་གི་ཧཱུྃ་ཡིག་ནི། ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། མི་མཐུན་པའི་རྟོག་པ་འཇོམས་པས་དཔའ་བོ་དང་། འདོད་པ་སྒྲུབ་པ་ལ་གཞན་གྱིས་མི་ཤིགས་པ་དང་། གཏུམ་མོ་ལ་བརྟེན་ནས་བདེ་བ་སྐྱེ་བས་ས་བོན་དང་། བྱང་སེམས་འཛད་པ་དང་ཚད་ཡུངས་འབྲུ་ཙམ་ཡོད་པའོ། བདག་མེད་མ་སྟེ་ཨ་ཐུང་ནི་རྒོད་མཁའི་མེ་ཞེས་བརྗོད་ཀྱང་། གླིང་ལ་ནི་བོ་རང་རང་གི་ཕྱོགས་ཀྱི་ལྕགས་རི་ནག་པོའི་འོག་མེས་ཆུ་སྐེབས་པ་དང་འདྲ་བར། ལྟེ་བའི་དམར་ཆའ་པར་ནས་སྤྱི་བོའི་ལྷན་སྐྱེས་ཀྱི་དགའ་སྐྱེས་པའི་ཚེ་གཟུང་འཛིན་གྱི་རྣམ་རྟོག་གཅོད་པ་ཡིན་ནོ། ལྟེ་བ་སོགས་སུ་ཨ་ཐུང་ཡོད་པའི་རྒྱུ་མཚན་ནི་ནཱ་རོ་པཎ་ཆེ་ཀྱི་སློབ་མ་ཁ་ཅིག སྤྱི་བོ་ནས་བྱང་སེམས་འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བ་ཞིར་དགོས་པས། ཆ་


JLD006_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མགྲིན་པར་སླེབ་པའི་ཚེ་བསྐམས་ཤིང་མགྲིན་པ་ན་ཆ་གསུམ་ཡོད་པས། དེ་དང་བསྟུན་ནས་མགྲིན་པའི་ཨོཾ་ལ་རིང་ཆ་གསུམ་འགྱུར་དང་། སྙིང་གར་སླེབ་པའ་ཚེ་ཆ་གསུམ་དུ་བགོས་པའི་ཆ་གཅིག་བསྐམས་ནས་སྙིང་གའི་ཧཱུྃ་རིང་ཆ་གཉིས་དང་ལྡན་པ་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཉིས་པོའི་ཆ་གཅིག་བསྐམས་ནས་ལྟེ་བའི་ཨ་ལ་རིང་ཆ་མི་འོང་བའི་རྒྱུ་མཚན་དེ་ཡིན་གསུངས། སློབ་དཔོན་ཨ་བྷ་ཡཱས་ནང་གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དེ། གསང་གནས་སྟོད་ལ་རླུང་འགྲོ་བའི་ཚེ་ལྟེ་བར་སླེབ་པ་ན་ཨ་ཐུང་ངུའི་སྒྲ་སྒྲོགས་པ་དང་། སྙིང་གར་ཧཱུྃ་རིང་ཆ་གཉིས་ཀྱི་སྒྲ་སྒྲོགས་པ་དང་། མགྲིན་པར་སླེབ་པའི་ཚེ་ཨོཾ་རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོགས་པས།དེའི་ཆ་ནས་ལྟེ་བར་ཨ་ཐུང་དང་། སྙིང་གར་ཧཱུྃ་རིང་པོ། མགྲིན་པར་ཨོཾ་རིང་ཆ་དང་ལྡན་པར་བསྒོམས་པའི་རྒྱུ་མཚན་དེ་ཡིན་ནོ། མདོར་བསྡུ་ན་སྨད་ནས་འབྱུང་བའི་རླུང་ལྟེ་བར་ཨ་ཐུང་གི་ཡུམ་དང་། སྙིང་གར་ཧཱུྃ་གི་སྒྲ་སྒྲོགས་པའི་ཚེ་ཨ་ཐུང་ཉིས་འགྱུར་གྱི་ཡུན་དང་། མགྲིན་པར་ཨོཾ་གྱི་སྒྲ་སྒྲོགས་དུས་སུ་ཨ་ཐུང་སུམ་འགྱུར་གྱི་ཡུན་ཡོད་པས། ཧཱུྃ་རིང་ཆ་གཉིས་དང་ཨོཾ་ལ་རིང་ཆ་གསུམ་ཡོད་དོ། སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ནི། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་བསྒོམ་པ་དང་། ཐུན་བཞིའི་ཚེ་ན་གསུམ་ལ་བསྐྱེད་རིམ། གཅིག་ལ་རྫོགས་རིམ་བསྒོམ་པ་དང་། བསྐྱེད་རིམ་ཐུན་བཞིར་བསྒོམ་པའི་ཐུན་རེ་རེའི་རྗེས་སུ་རྫོགས་རིམ་བསྒོམ་པའི་ལུགས་ལས། འདིར་ནི་ཐ་མའི་ལུགས་ཡིན་ལ་


JLD006_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དང་པོ་ལྷ་གང་ཡིན་གྱི་མངོན་རྟོགས་བསྒོམས་ལ། དེ་རྗེས་བླ་མའི་རྣལ་འབྱོར་བསྒོམ་ཞིང་བླ་མ་ལ་སོགས་པ་འདེབས་པ་བརྒྱ་རྩ་རེ་བྱ། དེ་ནས་སྤྱི་གཙུག་ནས་ལྟེ་བའི་བར་གྱི་རྩ་གསུམ་པོའི་གནས་ཚུལ་དང་ཁ་དོག་རྣམས་གསལ་འདེབས་ཤིང་། ལྟེ་བ་ན་རྩ་དམར་པོ་འདབ་མ་བརྒྱད་པ་གདུགས་ཁ་གྱེན་བསྟན་ལྟ་བུ། སྙིང་ག་ན་རྩ་འདབ་མ་བརྒྱད་པ་ཁ་དོག་དཀར་པོ་གདུགས་ཁ་སྦུབ་པ་ལྟ་བུ། མགྲིན་པ་ན་རྩ་དམར་པོ་འདབ་མ་བཅུ་དྲུག་པ་གདུགས་ཁ་གྱེན་ལ་བསྟན་པ་ལྟ་བུ། སྤྱི་བོ་ན་ཁ་དོག་སྣ་ཚོགས་པའི་རྩ་འདབ་མ་སོ་གཉིས་པ་གདུགས་ཁ་སྦུབ་པ་ལྟ་བུ་གསལ་བཏབ་ནས་ལྟེ་བའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨ་དམར་པོ་མགོ་གྱེན་ལ་བསྟན་པ། སྙིང་གའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ་མགོ་ཐུར་དུ་བལྟ་བ། མགྲིན་པའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཨོཾ་དམར་པོ་མགོ་གྱེན་ལ་བསྟན་པ། སྤྱི་བོའི་རྩ་མདུད་ནང་དུ་ཟླ་བའི་སྟེང་དུ་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ་རྣམས་བསྒོམས། གཙོ་ཆེར་ནི་ལྟེ་བའི་ཨ་ཐུང་ལ་སེམས་འཛིན་པ་ཡིན་ནོ། ཡི་གེ་གཞན་གསུམ་ལའང་ཅུང་ཟད་སེམས་འཛིན་པ་ཡིན་ལ། གོང་གི་རྩའི་ཁ་དོག་བཤད་པ་དེ་རྣམས་ནི་འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། དེ་འང་བསྒོམ་པའི་སྐབས་སུ་རྩ་མདུད་དེ་དག་ཅུང་ཟད་གྲོལ་བ་འམ་ལྷོད་དེ་སོང་བར་བསམས་ནས། རྩ་མ་དུད་དེ་དག་གི་ནང་དུ་ཡི་གེ་དེ་རྣམས་བསྒོམས་པ་ཡིན་ནོ། རྩ་འཧོར་བཞི་པོ་དག་ཀྱང་བསྡུ་ན་ཨེ་ཝཾ་གྱི་རྩ་གཉིས་སུ་འདུ་ལ། དེ་ཡང་ཨེ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་སྤྱི་


JLD006_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རྩ། ཤེས་རབ་ཀྱི་རྩ་ནི་ལྟེ་བའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་དོ། ཝཾ་གྱི་རྩ་ལ་གཉིས་ལས་ཐབས་ཀྱི་རྩ་ནི་མགྲིན་པའི་རྩ་དང་། ཤེས་རབ་ཀྱི་རྩ་ནི་སྙིང་གའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱི་དབྱིབས་གདུགས་ལྟར་ཡོད་དོ། རྩ་འང་བ་དེ་དག་ལ་ཡི་གེ་འགོད་ཚུལ་ནི། རྒྱས་པ་བློས་མི་ལྕོགས་ན་གོང་དུ་བཤད་པ་ལྟར་རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འགོད་ལ། རྒྱས་པ་བློས་ལྕོགས་ན་ལྟེ་བའི་རྩ་འདབ་བརྒྱད་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་རྣམས་འགོད་པ་ཡིན་ཏེ། སྤྱིར་ལྟེ་བ་ལ་རྩ་མདུད་ཀྱི་ཕྱི་རོལ་ལ་ཡང་རྩ་འདབ་མ་བཞི། དེའི་ཕྱི་རོལ་ཏུ་རྩ་འདབ་བརྒྱད། དེའི་ཕྱི་རོལ་ཏུ་དུས་འཁོར་བའི་ལུགས་ཀྱི་རྩ་འདབ་མ་བཅུ་གཉིས་རྒྱུད་གཞན་གྱི་ལུགས་ཀྱི་བཅུ་དྲུག དེའི་ཕྱིར་རོལ་ཏུ་འདབ་མ་རེ་བཞི་རྣམས་ཡོད་པ་ལས། འདབ་མ་གཞན་དང་རོ་རྐྱང་གཉིས་བཏང་སྙོམས་སུ་བཞག་ལ། ལྟེ་འབི་འདབ་མ་བརྒྱད་བྱས་ལ། བརྒྱད་པོ་དེ་དག་ཀྱང་རྩ་དབུ་མ་ལ་ཟུག་པར་བསྒོམས་ལ། འདབ་མ་རྣམས་ལ་ཡི་གེ་འགོད་པའི་ཚེ། སྐབས་གང་དུ་ཡང་གཡས་སྐོར་དང་། ཕྱོགས་ཀྱི་དང་པོ་ཤར་དང་། མཚམས་ཀྱི་དང་པོ་བྱང་ཤར་དུ་བྱེད་པ་སྐབས་འདིར་ཤེས་དགོས་ཤིང་། དེ་ཡང་ཕྱོགས་ཀྱི་ཡི་གེ་རྣམས་སྔོན་དུ་དང་། མཚམས་ཀྱི་ཡི་གེ་རྣམས་རྟིང་ལ་འགོད་དགོས་སོ། དེ་ཡན་ལྟེ་བའི་ཤར། ལྷོ། ནུབ། བྱང་བཞི་ལ་རིམ་པ་ལྟར། ཨའི་སྡེ་ཚད་དབྱངས་བཅུ་དྲུག་དང་། ཀ་སྡེ་དང་། ཙ་སྡེ་དང་། ཊ་སྡེ་རྣམས་བཀོད་ནས། ཤར་ལྷོ་


JLD006_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ། ནུབ་བྱང་སྟེ་མཚམས་བཞི་ལ་རིམ་པ་ལྟར། ཏ་སྡེ། པ་སྡེ། ཡ་སྡེ། ཤ་སྡེ་རྣམས་འགོད། སྡེ་ཚན་དེ་རྣམས་ཞིབ་པར་འགོད་མི་ནུས་ལ་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པར་ལྟར་ཨ་དང་ཀ་སོགས་སྡེ་ཚན་གྱི་ཡི་གེ་དང་པོ་འགོད་དོ། སྙིང་གིའི་རྩ་འདབ་བརྒྱད་ཀྱི་ཕྱོགས་བཞི་དང་མཚམས་བཞི་ལ་རིམ་པ་ལྟར། ཨ་ཨི་ཨུ་ཨེ་རྣམས་དང་། ཡ་ར་ལ་ཝ་སྟེ། ཡི་གེ་ཐུང་ངུ་བརྒྱད་འགོད། མགྲིན་པའི་རྩ་འདབ་བཅུ་དྲུག་ལ། སྙིང་གའི་ཡི་གེ་རིན་བ་ཅན། ཤར་ནས་བརྩམས་ནས་ཕྱོགས་བཞི་དང་མཚམ་བཞི་ལ་རིམ་པ་འགོད། དེའང་དང་པོ་ཤར་གྱི་འདབ་མ་ལ་འགོད་ཅིང་། ལྷག་མ་རྣམས་རྩ་འདབ་རེ་རེ་བར་སྐབས་སུ་བཞག་ནས་འགོད། སྤྱི་བོའི་རྩ་འདབ་སོ་གཉིས་ལ་དབྱངས་ཡིག་བ་ནུ་དྲུག་འགོད་ལ། དེའང་ཤར་ཙམ་ལ་ཨ་ལྟ་བུ་བཀོད་ནས་དེ་ནས་ལྷག་མ་རྣམས་རྩ་འདབ་རེ་རེ་བཞག་ནས་འགོད་པ་སྔར་དང་འདྲའོ། འདབ་མའི་རྩ་རྣམས་ཀྱི་ཡི་གེའ་ཁ་དོག་ནི། རང་གི་ལྟེ་བ་ཡི་གེ་ཁ་དོག་དང་འདྲ་ཞིང་། ཡི་གེ་ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་པ་ཡིན་ལ། དེ་དག་ཀྱང་བ་མོའི་བདུད་རྩི་འཛག་པའི་རྣམ་པ་ཅན་བསྒོམ་དགོས་པ་ཡིན་ནོ། རྩ་མདུད་ནང་གི་ཡི་གེ་བསྒོམས་པའི་དགོས་པ་ནི། རྩ་མདུད་གྲོལ་བའི་ཆེད་ཡིན་ཞིང་། འདབ་མའི་ཡི་གེ་བསྒོམས་པའི་དགོས་པ་ནི། འདབ་མའི་རླུང་སེམས་དབུ་མར་འདུ་བའི་ཆེད་ཡིན་ནོ། གསལ་བྱེད་ཀྱི་ཡི་གེ་རྣམས་འགོད་པའི་དུས་སུ་ཀྵ་མི་འགོད་


JLD006_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

དོ། མགོ་འཕྲེང་ལྔ་བཅུའི་དག་པ་སྦྱོར་བའི་ཚེ་ཀླུ་དང་བཅས་པའི་གསལ་བྱེད་སོ་བཞི་དབྱངས་བཅུ་དྲུག་དང་སྦྱོར་བ་ཡིན་ནོ། རྩ་ནང་ན་དབྱངས་རྣམས་ཁ་གྱེན་ལྟ། གསལ་བྱེད་རྣམས་ཁ་ཐུར་བསྟན་དུ་བཤད་པ་ནི། རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡི་གེ་ཡིན་གྱི། འདབ་མའི་ཡི་གེ་མ་ཡིན་ནོ། འདབ་མ་རྣམས་ལ་ཡི་གེ་འགོད་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ན། ཤར་གྱི་འདབ་མའི་ཕྱི་ཕྱོགས་ནས་རིན་པ་ལྟར་ཡོད། དེ་ཡང་ཕྱིའི་ཐ་མ་ན་ཨ་ཡོད་ལ། དེའི་མདུན་ན་ཨཱ་རིང་ཆ་ཅན། དེས་དབྱངས་ཡིག་གཞན་རྣམས་འགོང་ཚུལ་རིགས་འགྲེ། འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་ཀྱང་ཕྱི་ནང་ལ་རིམ་པ་ལྟར་བཀོད་ཡོད་པ་ཡིན་ནོ། དེ་ཡང་ཡི་གེ་ལངས་པའི་རྣམ་པ་ཅན་གདོང་ལྟེ་བའི་ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། འདབ་མའི་ཡི་གེ་རྣམས་ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང་། ཡི་གེ་རྣམས་གཙོ་ཆེ་ཆུང་མ་གཏོགས་དབྱངས་གསལ་འདྲེས་མ་ཡིན་ལ། དབྱངས་རྣམས་ཀྱི་ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་གསལ་བྱེད་ཡིན་མོ། དེ་ཡང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ན། དབུས་ཀྱི་ཨ་ནི་དབྱངས་ཤས་ཆེ་ཞིང་གསལ་བྱེད་ཤས་ཆུང་། ཤར་གྱི་འདབ་མ་མ་གཏོགས་ཕྱོགས་ཀྱི་འདབ་མ་རྣམས་ལ་དབྱངས་ཡི་གེ་མེད་པས། འདབ་མ་རྣམས་དབྱངས་ཡིག་ཤས་ཆུང་གསལ་བྱེད་ཤས་ཆེའོ། སྙིང་གའི་རྩ་མདུད་ཀྱི་དབུས་ཀྱི་ཧཱུྃ་ཡིག་ཀྱང་གསལ་བྱེད་ཤས་ཆེའོ། མགྲིན་པའི་རྩ་འདབ་ཀྱི་དབུས་ཀྱི་ཨོཾ་ནི་


JLD006_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཤས་ཆེ་ཞིང་། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་དབྱངས་གསལ་ཆ་མཉམ་པའོ། སྤྱི་བོའི་རྩ་འདབ་ཀྱི་དབུས་ཀྱི་ཡི་གེ་ཧཾ་ནི་གསལ་བྱེད་ཤས་ཆེའོ། དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་བ་ཡིན་ནོ། དེ་ཡང་དབྱངས་རྣམས་ཀྱིས་བྱང་སེམས་དཀར་པོ་དར། གསལ་བྱེད་རྣམས་ཀྱིས་བྱང་སེམས་དམར་པོ་མཚོན་ནོ། འདབ་མའི་ཡི་གེ་རྣམས་གསལ་བཏབ་ནས་དེ་ལ་སེམས་ཟིན་ན་ལེགས་ལ། མ་ཟིན་ཀྱང་འཁོར་ལོ་བཞིའི་དབུས་ཀྱི་ཡི་གེ་བཞི་པོ་ཤིན་ཏུ་ཕྲ་བ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་ཆོག་པས་དེ་རྙེད་རྙེད་དུ་བསྒོམ་དགོས་ལ། ཡི་གེའི་གསལ་སྣང་ཤར་ནས་དམིགས་པ་སྤོར་ན་གསུངས། དེ་སྙེད་ན་ཐིག་ལེ་ལ་དམིགས་པ་སྤོ་དགོས་པ་ཡིན་ཏེ། ཡི་གེ་ཕྲ་མོ་བསྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་པའི་ཆད་ཡིན་པའི་ཕྱིར་རོ། ཐིག་ལེ་ལ་སེམས་འཛིན་པའི་དུས་སུ་འདི་ལྟར་བྱ་སྟེ། སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་གཏབ་ལ། དེ་ནས་སུམ་མདོ་ནས་ལས་ཀྱི་རླུང་གཡོས་བས་ལྟེ་བའི་ཨཾ་ལས་མེ་སྦོར་ཏེ། སྤྱི་བོའི་འཁོར་ལོའི་བར་དུ་རྩ་དབུ་མའི་ནད་ན་ཡར་སོང་སྟེ། མདའ་འོད་ཀྱི་སྤྱི་བོའི་རྩ་འདབ་ཀྱི་ཡེ་གེ་རྣམས་ཞུ་ནས། འཁོར་ལོའི་ལྟེ་བར་འདུས་ཤིང་། འཁོར་ལོ་ལྟེ་བར་འདུས་ཤིང་། ཧཾ་ཡང་ཞུ་ནས་ཐིག་ལེར་གྱུར་པ་དེ་རིམ་གྱིས་མགྲིན་པར་བབས་ནས། དེའི་འོད་ཀྱིས་མགྲིན་པ་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་ལ། ཡང་མགྲིན་པ་ནས་བབས་


JLD006_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྙིག་གར་སླེབ་པ་ན། དེའི་འོད་ཀྱིས་སྙིང་གའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་ལ། ཡང་དེ་སྙིང་ག་ནས་བབས་ནས་ལྟེ་བར་སླེབ་པ་ན། དེའི་འོད་ཀྱིས་ལྟེ་བའི་ཡི་གེ་རྣམས་ཞུ་ནས་ཐིག་ལེ་དེ་ཉིད་ལ་ཐིམ་པར་བསམ་ལ། དམིགས་པ་འཛིན་པའི་ཚེ་ཐིག་ལེ་དེ་ཉིད་སེམས་དང་ཐིག་ལ་རླུང་གསུམ་འདུས་པ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏད་ཞིང་། བདེ་སྟོང་དབྱེར་མེད་དེའི་ངོ་བོ་ཡིན་སྙམ་དུ་བསམས་ནས་ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་འཛིན་ནོ། དམིགས་རྟེན་འཆར་བཞིན་དུ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་འཛིན་གྱི། དེ་བས་ཆེ་བ་དང་ཚུང་བ་གང་ལ་ཡང་སེམས་མི་འཛིན་མོ། དམིགས་རྟེན་ཕྲ་མོ་ཤར་ནས་དེ་ལ་སེམས་ཅུང་ཟད་ཟིན་པའི་ཚེ། དམིགས་པ་འདི་བསྣན་ནས་བསྒོམ་པ་ཡིན་ཏེ། དེ་ཡང་རང་སེམས་ཐིག་ལེ་ཕྲ་མོའི་ནང་དུ་ཐིམ་པའི་མོས་པ་བྱས་ནས་ཐིག་ལེ་དེ་ཉིད་ལ་སེམས་འཛིན། དེ་ལྟར་བསྒོམས་པས་རང་གི་སེམས་དང་ཐིག་ལེ་གཉིས་ཀྱི་བར་ན་གཉིས་སྣང་ཕྲ་མོ་ཡང་མེད་པར་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་ཤར་འབི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་པ་གྲུབ་པས། དམིགས་པ་སྤོ་རན་པ་ཡིན་ནོ། ཡང་དེའི་རྗེས་སུ་དམིགས་པ་གོང་མ་རྣམས་བསྒོམས་པས་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ཡང་གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་སུ། སུམ་གཉིས་སམ་ཕྱེད་ཙམ་དུ་ཐུན་


JLD006_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རེ་ལྟར་རླུང་ལ་དམིགས་ནས་བསྒོམ་པ་ཡིན་ལ། དེའི་ཚུལ་ནི་རང་གི་གཞོགས་གཡས་གཡོན་དང་། སྟེང་འོག་གི་རླུང་རྣམས་ལྟེ་བའི་འོག་གི་སུམ་མདོར་བསྡུས་ནས། འདུས་མ་ཐག་ཏུ་རླུང་དེ་དབུ་མའི་ནང་དུ་སླེབ་ཙམ་ནས་མེ་ཡོང་ལ་ཧ་བཏབ་པ་བཞིན་དུ་ཡལ་བའི་དམིགས་པ་ཡང་ཡང་བྱའོ། དེ་ལྟར་བསྒོམ་པའི་དགོས་པ་ནི་རྩ་ལམ་སྦྱོང་བ་དང་རླུང་ལ་བརྟེན་པའི་གེགས་རྣམས་མི་འབྱུང་ཞིང་། མཉམ་བཞག་གི་དུས་སུ་སྣ་བུག་ཏུ་རྒྱུ་པའི་རླུང་འདི་འགགས་ནས་འགྲོ་སྟེ། དེ་འགགས་ཚུལ་ནི་དང་པོ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ། དབུགས་གཉིས་གསུམ་རྒྱུ་བའི་ཡུན་ཙམ་དུ་རླུང་སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ནས་གོམས་པ་ཆེར་སོང་ནས་རླུང་སྣ་སྒོང་མི་རྒྱུ་བའི་ཡུན་དེ་རིང་དུ་འགྲོ་བས། ད་གཟོད་སྔ་དྲོར་ཙམ་རླུང་སྣ་སྒོར་མི་རྒྱུ་བ་འབྱུང་ངོ་། དེ་ཡང་དང་པོར་རླུང་འགགས་པའི་ཚེ། སྣ་བུག་གི་རླུང་ལོག་ནས་རླུང་གིས་གྲོད་པ་ཁེངས་པའི་སྣང་བ་འབྱུང་ལ། དེ་ནས་གྲོད་པ་གང་པའི་སྣང་ག་ལོག་ནས་སྣ་སྒོར་རླུང་བརྒྱུས་ན་འགགས་ཚུལ་རྣལ་མ་མ་ཡིན་ལ། གྲོད་པའི་ནང་གི་རླུང་དེ་མེ་ལོང་ལ་ཧ་བཏབ་པ་ལྟར་ཡལ་ནས་ཡང་ད་དུང་སྣ་སྒོ་ནས་མི་རྒྱུན་རླུང་དབུ་མར་ཚུད་པ་ཡིན་ནོ། རླུང་དེ་རྩ་བའི་རླུང་ལྔའི་ནང་ནས་ཐུར་སེལ་གྱི་རླུང་ཡིན་ལ། དེ་ལ་གསར་རྙིང་གཉིས་ཡོད་པ་ལས། རྙིང་པ་རྣམས་ཡལ་ནས་འགྲོ་བས་དབུ་མའི་ནང་དུ་མི་འགྲོ་ཞིང་། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་དུས་མཉམ་དུ་ལྟེ་བའི་འོག་གིས་དབུ་མའི་སྦུབས་ཁ་


JLD006_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་བ་དང་དུས་མཉམ་དུ་འོང་ཞིང་རྩ་ཁ་ཕྱེ་བ་དེའི་ནང་ནས་ཐུར་སེལ་གྱི་རླུང་གསར་བ་སྐྱེས་ནས། དེས་ལྟེ་བའི་མེ་སྦར། དེ་དེས་སྤྱི་བོའི་བྱང་སེམས་ཞུ་བ་ཡིན་ནོ། རླུང་དེའི་དབྱིབས་ནི་གཞུའི་དབྱིབས་ལྟ་བུར་ཡོད་དོ། དེ་ལྟར་རྩ་རླུང་ཐིག་ལེའི་བཤད་པ་མང་དུ་བྱས་ཀྱང་མཐར་གཏུགས་ན་ཏིང་ངེ་འཛིན་གྱི་མཐུས་སྟོང་གི་སྣ་སྒོར་རྒྱུ་བའི་རླུང་ལོག་ནས་དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་ཕྱེ་ནས་དེའི་ནང་དུ་རླུང་གསལ་བ་སྐྱེས་ཏེ། རྩ་དབུ་མའི་ནང་གི་རླུང་དེས་རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦར་བ་འམ། ལྟེ་བའི་ཁྲག་འཕེལ་ནས་སྤྱི་གཙུག་གི་བར་དུ་སོང་བས་རྩ་དབུ་མའི་ནང་གི་སྤྱི་བོའི་བྱང་སེམས་ཞུ་ནས་འཁོག་ལོའི་གནས་རྣམས་སུ་བབས་པས། རིམ་པ་ལྟར་དགའ་བཞིའི་རྟོགས་པ་རྒྱུད་ནས་བཤད་པར་ལྟར་སྐྱེ་བ་ཡིན་པས་རྩ་གཞན་གྱི་ནང་གི་ཕྲག་འཕེན་ནས། རྩ་གཞན་གྱི་བྱང་སེམས་ཞུ་བའི་ཞུ་བ་བདེ་སྐྱེ་བ་ཡོད་མོད། འདིར་རྩ་དབུ་མའི་ནང་གི་རླུང་གིས་མེ་སྦར། དེས་སྤྱི་བོའི་བྱང་སེམས་ཞུ་བ་དགོས་པ་ཡིན་ནོ། དེས་ན་རྒྱུད་ཕལ་ཆེ་བར་སྣ་སྒོའི་རླུང་རྒྱུ་བ་ལོག་མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས་དེས་མེ་སྦར་བ་ཡན་མཐུན་ལ། སྣ་སྒོའི་རླུང་རྒྱུ་བ་ལོག་པའི་སྐབས་སུ། དུས་འཁོར་པས་གཙོ་བོར་བུམ་པ་ཅན་བསྒོམ། གསང་འདུས་པས་རྡོར་བཟླས་བྱེད། བདེ་དགྱེས་པ་རྣམས་ཀྱིས་ཡི་གེ་དང་ཐིག་ལེ་དང་མ་ལ་སེམས་འཛིན་པ་སོགས་གོང་དུ་བཤད་པ་འདི་རྣམས་བྱེད་དོ། སྣ་སྒོའི་རླུང་རྒྱུ་བ་ལོག་པ་ནི་རྩ་དབུ་མའི་ནང་དུ་རླུང་སོང་ནས་ལྟེ་བའི་མེ་འབར་བས་ཡིན་ལ། སྣ་སྒོར་རླུང་རྒྱུ་བའི་ཚེ། ལྟེ་བའི་


JLD006_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར་བའི་འཕྲོ་ཆོད་པའ་རྟགས་ཡིན་ནོ། དེ་ནས་དམིགས་པ་སྔ་མ་རྣམས་བརྟན་པ་ན་འདི་ལྟར་བསྒོམ་པར་བྱ་སྟེ། གོང་གི་དམིགས་པ་ཐུན་རེ་རེ་མ་ཆག་པར་བསྐྱངས་པའི་ངང་ནས་དམིགས་པ་དེ་དག་གི་མཐུས་སྣ་སྒོར་རླུང་རྒྱུ་བ་འགགས་པའི་མོས་པ་བྱས་ལ་སུམ་མདོ་ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས། ཤེལ་གྱི་གོང་བུའི་ནང་ནས་མེ་ཕྲ་མོ་འབར་བ་ལྟར། ཐིག་ལེ་ལས་མེའི་འོད་ཟེར་གྱི་རེ་ཁ་ཕྲ་མོ་དོག་དམར་སེར་རེག་བྱ་ཤིན་ཏུ་ཆ་བ་ཚད་ཡོར་གཉིས་ནས་སོར་བཞིའི་བར་གང་མནོས་བྱས་ལ། མེ་ཁྱད་པར་ཅན་དེ་ལྟ་བུ་ལྡན་པ་སྐྱེས་པའི་དམིགས་པ་བྱས་ཏེ། སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། དེ་ཅུང་ཟད་བརྟན་པ་ན་ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་དུ་སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་ཞུ་ནས་རྩ་དབུ་མའི་ནང་འཁོར་ལོ་རྣམས་ཀྱི་ལྟེ་བར་རིམ་པ་ལྟར་བབས་ནས་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། དེ་ཅུང་ཟད་བརྟན་པ་ན་ཡར་འགྲོ་བའི་མེ་དེ་ཅུང་ཟད་རེ་སྒོམ་དུ་འགྲོ་བའི་དམིགས་པ་བྱེད་དོ། ཡང་དེའི་སྐབས་སུ་མར་མེ་གཅིག་གིས་མཛོད་དུ་མ་སྣང་བར་བྱེད་པ་ལྟར་ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་དེའི་འོད་ཀྱིས་རྩ་འདབ་རྣམས་ཀྱི་ནང་གསལ་བའི་དམིགས་པ་བྱེད་ཅིང་། བློས་ལྕོགས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་བྱས་པའི་


JLD006_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཡང་ཡང་དུ་བསྒོམ་མོ། དེ་ལྟར་བསྒོམས་ན་ཉམས་སྣང་ལ་བརྟེན་ནས་ལྐོག་གྱུར་ཅི་རིགས་སྟོན་ཐུབ་པར་འབྱུང་ངོ་། འོན་ཀྱང་མངོན་ཤེས་ནི་མིན་གསུངས། དེས་ན་དམིགས་པ་དེ་དག་བརྟན་པ་ན་འདི་ལྟར་དུ་བསྒོམ་པར་བྱ་སྟེ། རང་གི་ལྟེ་བའི་མེ་དེ་ཡར་ལ་སྤྱི་བོའི་བར་དུ་སོང་། དེ་ནས་མར་སྨིན་མཚམས་པར་དུ་འོངས་ནས་འབྱུང་བའི་ལམ་རང་སྣ་བུག་གཡས་ནས་ཐོན་ཏེ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། ཉན་རང་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ཀྱང་སངས་རྒྱས་སུ་གྱུར་པའི་མོས་པ་བྱས་ལ། དེ་ནས་དེ་རྣམས་དང་སྔར་སངས་རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་ནས་མེ་དེ་སོང་བས་སྨིན་མཚམས་ནས་སྤྱི་བོའི་བར་དུ་མེ་དེ་སླེབ་ནས། དེ་ནས་མར་མགྲིན་པ་དང་སྙིང་ག་དང་ལྟེ་བའི་བར་དུ་སོང་སྟེ། ལྟེ་བ་ནས་ཐིག་ལེ་དཀར་པོ་དྲངས་ཏེ། སྤྱི་བོའི་བར་དུ་ཡར་བྱུང་། དེ་ནས་མར་སྨིན་མཚམས་བར་དུ་འོངས་ཏེ། སྣ་བུག་གཡས་ནས་ཐོན་ནས་རང་གི་འཇུག་པའི་སྣ་བུག་གཡོན་ནས་ཞུགས་ཏེ། སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་། དེ་ནས་མར་ལྟེ་བའི་བར་དུ་བབས་པས་སྔར་མེས་གདུངས་པའི་རྩ་རྣམས་གསོས་ཏེ། སྔར་ཀྱི་རྩ་མདུད་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་བྱ་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། མདོར་ན་གོང་དུ་བཤད་པའི་དམིགས་པ་ཟིན་པའི་རྟགས་དེ་དག་བྱུང་ན་རབ་ལ། མ་བྱུང་ནའང་དམིགས་པ་སྔ་མ་སྔ་མ་ཅུང་ཟད་བརྟན་པ་ན། དམིགས་པ་རྟིང་མ་ཕོག་ལ་དམིགས་པ་རྣམས་འདྲིལ་བའི་ཚེ་རང་རང་གི་རྟགས་མ་


JLD006_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་བར་དུ་རྒྱུན་བསྲིངས་ནས་ཉི་མ་རེ་རེ་ཞིང་བསྐྱེད་རིམ་གྱི་ཐུན་བཞིའི་ཐ་མ་བསྒོམ་པ་ཡིན་ནོ། དེ་ལྟར་བསྒོམ་པས་ལྟེ་བའི་མེ་འཕང་ཏེ། སྤྱི་བོའི་བྱང་སེམས་ཞུ་བའི་ཚེ། གོམས་པར་རབ་ཏུ་གྱུར་པའི་ཚེ། སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་འབར་བའི་རྐྱེན་བྱས་ནས། དེ་ནས་མེ་དམིགས་སོགས་ལ་ལྟོས་མི་དགོས་པར་འབར་འཛག་འཁོར་མར་འབྱུང་བ་ཡིན་ནོ། སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས་ལྟེ་བའི་མེ་དང་གཉིས་གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་དོ་སྙམ་ན། ལྟེ་བའི་མེ་ཟེར་ཡང་ངོ་བོ་ཁྲག་ཡིན་པས། ལྟེ་བའི་དམར་ཆས་གཙོ་བོར་དྲོད་བསྐྱེད་ཅིང་། སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ལ། ཆུ་ཁམས་གཅིག་གིས་གཅིག་གི་གྲོགས་བྱེད་པ་མི་འགལ་ལོ། དེས་ན་སྤྱི་བོའི་བྱང་སེམས་ལྟེ་བར་སླེབ་པའི་ཚེ་བསིལ་བར་འགྱུར་ཞེས་བཤད་ཀྱང་། བསིལ་བའི་དོན་དྲོད་ཆུང་དུ་སོང་བ་ལ་བྱིན་ན་དོན་འགངས་ཆེན་འཕྱུགས་པས། དེ་ལ་མི་བྱ་བར་བསིལ་བའི་དོན་སྤྱི་བོའི་བྱང་སེམས་ཀྱིས་ལྟེ་བའི་མེ་ཚིམ་པ་ལ་བྱའོ། དམིགས་པ་དེ་དག་སྒོམས་པའི་འབྲས་བུ་དགའ་བཞི་ངོས་བཟུང་བ་ལ་གཉིས་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་རིམ་དང་བསྟུན་ནས་དགའ་བཞི་ངོས་བཟུང་བ་ནི། རྫོགས་རིམ་གྱི་ཡང་རེ་མཐོར་སླེབ་པའི་དགའ་བཞི་ངོས་འཛིན་ཚུལ་འཛིན་པས། རེ་ཞིག་འདིར་མི་འཆད་ལ། དེས་ན་འདིར་ནི་གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་འཆད་པ་ཡིན་ཏེ། དེ་ཡང་བུམ་པ་ཅན་དང་རྡོར་


JLD006_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་དང་ཐིག་ལེའི་རྣལ་འབྱོར་མེ་དམིགས་དང་བཅས་པ་གང་རུང་གི་མཐུས་རླུང་སྣ་སྒོ་ལ་རྒྱུ་བ་ལོག་ནས་ལུས་ཀྱི་ནང་གང་བ་ལྟ་བུར་སྣང་བའི་ནང་གི་རླུང་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་ཏེ་འགགས་པའི་མཐུས་སུམ་མདོའི་རླུང་གིས་ལྟེ་བའི་མེ་སྦར་ཞིང་། སྦྱིར་བཏང་ལ་རགས་པ་ཙམ་བརྗོད་ཀྱང་ཞིབ་ཏུ་བཤད་པའི་རླུང་དེ་འགགས་པའི་མཐུས་རྡོ་རྗེའི་ནང་གི་དབུ་མ་ཞར་པ་ཁ་བྱེ་ནས་སྦུབས་ཅན་དུ་བྱས་ལ། དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོར་སྟེ། ཀྵ་ཡིག་གིས་མཚོན་པའི་མེ་སྦར་ཏེ། དེའི་དུས་སུ་རླུང་དེ་དང་མེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། དེ་ནས་སུམ་མདོའི་མེ་དེས་ལྟེ་བའི་ཧཾ་ཡིག་གིས་མཚོན་པའི་མེ་སྤར་ནས་མེ་དེ་སྤྱི་བོའི་བར་དུ་སོང་བས་བྱང་སེམས་ཞུ་ནས་དཀར་ཆུས་མགྲིན་པའི་འཁོར་ལོའི་དབུས་སུ་སླེབ་པའི་བར་གྱི་དགའ་བ་ནི་དགའ་བ་བཞའི་ནང་ནས་དགའ་བ་སྐྱེས་པ་ཡིན་ནོ། དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་ཀྱི་ལྟེ་བའི་འོག་ཙན་ནས་བཟུང་སྟེ། སྙིང་གིའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ནི། མཆོད་དགའ་སྐྱེས་དུས་ཡིན་ནོ། སྙིང་གའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། ལྟེ་བའི་འཁོར་ལོའི་དབུས་སུ་དཀར་ཆ་སླེབ་པའི་བར་ལ་ཁྱད་པར་གྱི་དགའ་བསྐྱེས་སོ། ལྟེ་བའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། རྡོ་རྗེ་ནོར་བུའི་དབུས་སུ་སླེབས་ཏེ་ཕྱིར་མ་འཕོས་ཀྱི་བར་ལ་ལྷན་སྐྱེས་ཀྱི་དགའ་སྐྱེའོ། ཟླ་བ་ལ་དཀར་ཆ་འཕེལ་བའི་ཆ་བཅོ་ལྔ། དཀར་ཆ་རྫོགས་ནས་ནག་ཆ་ལ་མ་སླེབ་གྱི་བར་ལ་


JLD006_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར། སྤྱི་བོ་ནས་ནོར་བུའི་རྩེ་བའི་བར་གྱི་བྱང་སེམས་དཀར་པོ་ལ་ཆ་བཅུ་དྲུག་ཡོད་པས། བཅུ་དྲུག་པོ་དེ་ལ་བརྟེན་པའི་བདེ་བའམ་དགའ་བ་ཡང་བཅུ་དྲུག་ཡོད། ཆ་བཅུ་དྲུག་ཡོད་ཚུལ་ནི། སྤྱི་བོ་ནས་མགྲིན་པའི་བར་ལ་ཆ་མཉམ་པ་བཞིར་བགོས་ནས་སྟེང་ནས་རིམ་པ་ལྟར་བཞི་ཆ་རེ་རེའི་དུས་སུ་དགའ་བའི་དགའ་བ་སྐྱེས་ལ། འོག་མ་རྣམས་ལ་ཡང་ཆ་འགོད་ཚུལ་དགའ་བ་གཞན་གསུམ་གྱི་བསྐྱེད་ཚུལ་ཡང་དེས་རིགས་འགྲེའོ། ཡང་ཉི་ཁྱིམ་བཅུ་གཉིས་ཀྱི་བགྲོང་བ་དང་མཐུན་པར་སྤྱི་བོ་ནས་མགྲིན་པའི་བར་དང་། མགྲིན་པ་ནས་སྙིང་གའི་བར་དང་། སྙིང་ག་ནས་ལྟེ་བའི་བར་དང་། ལྟེ་བ་ནས་ནོར་བུའི་རྩེ་མོའི་བར་དེ་དག་ལ་ཆ་མཉམ་ཆ་གསུམ་གསུམ་དུ་བགོས་ནས། གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆ་སླེབ་པ་ན། དམར་ཆ་བཅུ་གཉིས་ལ་བརྟེན་པའི་བདེ་བའམ་དགའ་བ་བཅུ་གཉིས་སྐྱེའོ། དགའ་བ་བཅུ་དྲུག་དང་། དགའ་བ་བཅུ་གཉིས་ཀྱི་ཁྱད་པར་རྣམས་ཉམས་མྱོང་གི་སྟེང་ནས་ཕྱེད་དགོས་གསུངས། ཡས་བབས་ཀྱི་དགའ་བའི་སྐབས་སུ། སྤྱི་བོ་ནས་བྱང་སེམས་དཀར་པོ་ནར་མར་འཛག་པཔའི་ངེས་པ་མེད་ཀྱང་སྤྱི་བོ་ནས་འོང་བའི་བྱང་སེམས་དེས་ཞར་ལ་རྩ་ནང་གི་བྱང་སེམས་གཞན་རྣམས་ཀྱང་དྲངས་ནས་འབབ་པས། གནས་འོག་མར་སླེབ་ཀྱིན་དགའ་བདེ་ཆེར་འགྲོ་བ་ཡིན་ནོ། མས་བརྟན་གྱི་དགའ་བའི་སྐབས་སུ་


JLD006_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གོང་མ་གོང་མར་སླེབ་ཀྱི་དགའ་བདེ་ཆེར་འགྲོ་བ་ཡིན་ལ། དེ་ཡང་ལྷན་སྐྱེས་ཀྱི་དགའ་བ་ལ་བཞིར་བྱེ་བའི་དགའ་བ་ནི། འོག་ནས་རིམ་པ་ལྟར་ནོར་བུའི་རྩེ་ནས་ཡར་འོངས་ནས་ལྟེ་བར་སླེབ་པའི་ཚེ། ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། དེའི་སྙིང་གར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང་། དེའི་མགྲིན་པར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་དགའ་དང་། དེའི་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ། ལྷན་སྐྱེས་ཀྱི་དགའ་བའི་ལྷན་ཅིག་སྐྱེས་དགའ་སྐྱའོ། དེ་ནས་མས་བརྟན་ལ་ལྷན་སྐྱེས་ལས་མ་གཏོགས་པའི་དགའ་བ་མི་སྲིད་ཅིང་། ཡབ་བབས་ལས་གཞན་པའི་ཅམིགས་པ་ཟུར་པ་གཅིག་གིས་མས་བརྟན་གྱི་དགའ་བ་བསྐྱེད་དགོས་སོ། རླུང་སྦྱོར་འཁྲུལ་འཁོར་སོགས་མ་བྱས་ཀྱང་། མེ་དམིགས་བྱས་པ་ཉིད་ཀྱིས་རྩ་སྦྱོང་ནུས་པས་གེགས་མི་འབྱུང་ངོ་། རླུང་བུམ་པ་ཅན་སྒོམ་པ་སོགས་མ་བྱས་ཀྱང་། ཐིག་ལེ་ལ་སེམས་ཟིན་ནས་སྟེང་གི་སྣ་སྒོ་ལ་རྒྱུ་མའི་རླུང་འགགས་པའི་མཐུས། ཐིག་ལེ་འཇག་མེད་དུ་འཆིང་ནུས་པ་ཡིན་ཞིང་། གོངགི་དམིགས་པ་དེ་རྣམས་བདེ་མཆོག་དང་། ཀྱཻ་རྡོར་ཀྱི་མངོན་རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། དེ་དང་སྟོང་ཉིད་སྦྲེལ་ནས་བསྒོམས་པ་ཡིན་ཞིང་། ལྷན་སྐྱེས་དེ་ཡང་ཡས་བབས་ཀྱི་སྐབས་སུ་གནས་དམའ་བཙམ་གྱི་དགའ་བ་ཆེ་ཞིང་། མས་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱི་དགའ་བ་ཆེར་འགྲོ་བས།


JLD006_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་བསྒོམ་དུས་དང་ལྷན་སྐྱེས་དུས་གོ་བ་དམགིས་ཕྱེད་པོ་བྱས་ལ་བསྒོམ་དགོས་པ་ཡིན་ནོ། རླུང་འགགས་དུས་རླུང་དབུ་མར་འདུ་བའི་བཤད་པ་ཡང་གྲུབ་ཆེན་འགའ་རེས་བྱས་ཡོད་པས་འདབ་མའི་ནང་གི་ལས་རླུང་རྣམས་དབུ་མའི་ནང་དུ་སོང་བའི་ཚེ། དབུ་མའི་ནང་དུ་སླེབ་ཙམ་ན་ཡལ་བའི་དམིགས་པ་བྱས་ཀྱང་འགལ་བ་མེད་ཅིང་། ཡང་དབུ་མའི་ཕྱི་རོལ་ཏུ་འགགས་པ་བྱས་པའི་ལུགས་ཀྱང་ཡོད་པས་དེ་གཉིས་གང་མོར་ཀྱིས་ཆོག་གསུངས་སོ། འདི་ནི་ཕག་ལོ་དགུན་གཞིས་ཁ་སྣེ་འུ་ནས་བཏེག་ནས། སེར་ཆོས་སྡིངས་སུ་བཞུགས་དུས། དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས་ཀྱིས། མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་འདི། ཚོགས་པ་བརྒྱ་ཙམ་ལ་གནང་དུས་མི་བསྐྱོད་རྡོ་རྗེས་ཟིན་བྲིས་བྱས་པའོ། འདི་ནི་རྗེ་བཙུན་ཙོང་ཁ་པའི་གསུང་གི་ཡིག་ཆུང་གསལ་བྱེད་གསུམ་ཞེས་ཐོ་ཡིག་ལས་འབྱུང་བའི་ཞལ་ཤེས་དེ་ཉིད་ལགས། ཨྠྀི། སངས་རྒྱས་དངོས་སུ་བྱོན་ཀྱང་འདི་ལས་ཟབ་པའི་ལམ་སྟོན་རྒྱུ། དགེ་ལེགས་དཔལ་བཟང་པོས། མེད་དོ། འདི་ལ་ཡིད་ཆེས་པར་དཔེ་ནས་ར་ཉམས་སུ་ལོངས་ཤིག ། ༈ དམ་ཚིག་རྡོ་རྗེའི་བཟླས་ལུང་ཉི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། ཧ་ལས་རལ་གྲིའི་ཆང་བཟུང་ལ་ཧས་མཚན་པ་ཡོངས་སུ་གྱུར་པ་ལས། དོན་ཡོད་རྡོ་རྗེ་སྐུ་མདོག་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་


JLD006_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་ཀྱིས་རང་འདྲའི་ཡུམ་དམ་ཚིག་སྒྲོལ་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉེས་དྲིལ་བུ་དང་པདྨ་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཡབ་ཡུམ་གཉིས་ཀའང་རིན་པོ་ཆེའི་རྒྱན་བརྒྱས་ཀྱིས་བརྒྱན་ཅིང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ཀྱིས་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་ལྔས་མཆོད། དེ་བཞིན་བཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་པའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུྃ། ཞེས་དབང་བསྐུར་བས་དམ་ཚིག་གི་རྡོ་རྗེའི་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལས། ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧ་ལྗང་གུ་ལས་བདུད་རྩིའི་རྒྱུན་ཕྲ་མོ་འཇོག་པའི་མཐར། ཨོཾ་ཨཱཿཔྲཛྙཱ་དྷྲིཀ་


JLD006_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧཱུྃ། ཞེས་པས་བསྐོར་བ་ལ་དམིགས་ཏེ་བཟླས་པས། སྣ་ཚོགས་རྡོ་རྗེའི་རྭའི་བུ་གནས་བདུད་རྩིའི་རྒྱུན་བབས་ཏེ་ལུས་ཐམས་ཅད་གང་། དམ་ཚིག་ཉམས་ཆགས་ཀྱི་མཚོན་པའི་སྡིག་ལྟུང་ཐམས་ཅད་བཤད་ལམ་དང་ཆུ་སོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་དུད་ཁུའི་རྣམ་པས་ཕྱིར་ཐོན་ཤེས་ལྟར་དག་པར་གྱུར། བདེ་བ་ཆེན་པོ་མྱོང་བར་བསམ། །བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་བྱ། དམ་ཚིག་ཉམས་ཆགས། གསོ་བ་འདི་རང་བསྔགས་པ་ཡིན་གསུངས་སོ། ཨྠྀི། ཨོཾ་སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ།


previousདཔལ་གསང་བ་འདུས་པའི་མན་ངག་ཡིག་ཆུང་གི་སྒོར་རྣམས་བཞུགས་སོ། next