Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
དཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན་གྱི་རིམ་པ།
   
   
   
   
   
  expand section
   


 
previousདཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན་གྱི་རིམ་པ།next

དཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན་གྱི་རིམ་པ།


JLD008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན་གྱི་རིམ་པ་བཞུག་སོ། །


JLD008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན་གྱི་རིམ་པ་ནི། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབ། སྔོན་འགྲོའི་གཏོར་མའང་བྱིན་གྱིས་བརླབས་ལ་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ནས་ཕྱོགས་མཚམས་རྣམས་སུ་གནས་པ་ནི། ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་པ་ནས་འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗངས་རྣམས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་ཨཱཿཧྲཱིཿཞེས་སོགས་ཀྱིས་ཆུ་བཞི་ཕུལ་ནས། ཨོཾ་ཨཱཿདུས་གསུམ་སྐྱེས་པ་


JLD008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དང་ཕྱོགས་བཅུ་ཡི། །ཞེས་པ་ནས། ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། ཧཱུྃ་ཞེས་པའི་བར་གྱིས་གཏོར་མ་ཕུལ་ནས། ཞལ་བསིལ་དང་ཕྱག་བཀྲུ་བའི་ཕྱིར་མཆོད་ཡོན་དང་སོ་རྩི་ཕུལ་ལ། ཨོཾ་ཨཱཿ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་པུཥྤེཔྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་མེ་ཏོག་དང༌། དེ་བཞིན་དུ་པུཥྤེའི་གནས་སུ་དྷཱུ་པ་ནས་ཤཔྟའི་བར་བཅུག་ལ་ཉེར་སྤྱོད་དང་ཨོཾ་ད་ཤ་དིག་ཅེས་སོགས་ཀྱི་རྗེས་སུ། ཨོཾ་ཨཱཿ་ཧཱུྃ། ཞེས་བཏགས་པས་ནང་མཆོད་དབུལ། མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་བཟོད་པར་གསོལ། ཡི་གེ་བརྒྱ་པ་བརྗོད་ལ་ཨོཾ་ཨཱཿ་ཧཱུྃ་བཛྲ་མུཿཞེས་


JLD008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཤེགས་སུ་གསོལ། །དེ་ནས་བདག་བསྐྱེད་ཀྱི་མཆོད་པ་བསངས་སྦྱངས་བསྐྱེད་བྱིན་གྱིས་བརླབས་ལ། ཡིད་ཀྱི་རོལ་པ་ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །ཞེས་པའི་བར་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། དེ་ནས་ཨོཾ་ཨཱཿ་ཧཱུྃ་བཛྲ་ས་ཏཱ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་བདག་ཉིད་ཀྱི་སྒོ་གསུམ་གྱི་དྲི་མ་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་འཆང་གི་དཀྱིལ་འཁོར་སྤྱན་དྲངས། མཆོད་ཡོན་འབུལ་བ་ནས་ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། ཞེས་པའི་བར་སྒྲུབ་ཐབས་བཞིན་བྱ། རང་གི་ལག་མཐིལ་གཉིས་སུ་ཨ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་རེ་རེ། དེ་དག་ཞུ་ནས་ལག་པ་ལ་ཐིམ་པས་ལག་པ་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ཤུདྡྷ་དྷརྨཱཿསིདྡྷ་བཛྲ་ཧཱུཾ། ལྐོག་མའི་དབུས་སུ་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལྕེའི་ཐད་ཀའི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་དེ་ཞུ་བ་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར། བཛྲ་ཛི་ཧྭ་ཧཱུཾ། དེ་ནས་མེ་ཏོག་དང༌། འབྲུ་དང་བཅས་པའི་མཆོད་ཡོན་གྱི་སྣོད་ཆུས་བཀང་བ་མདུན་དུ་བཞག་ལ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་ལན་བཅུ་བཟླས། རྡོ་རྗེ་འཛིན་པ་མདུན་དུ་དམིགས་ལ་ཐལ་མོ་སྦྱོར་ཏེ། ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་བསྟོད། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །གུས་


JLD008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁྱོད་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔར་བདག་སྒྲུབ་ཤིག །ཅེས་པས་གསོལ་བ་གདབ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལན་གསུམ་བརྗོད། ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་མ་ནུ་སྨ་ར་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱི་ཧཱུྃ། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་ཅེས་སོགས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རེག་བྱ་རྡོ་རྗེ་མ་དཀར་མོ་དཀར་ནག་དམར་པའི་ཞལ་གསུམ་ཞེས་པ་མ་གཏོགས་རྡོ་རྗེ་འཆང་གི་བསྐྱེད་ཆོག་ལྟར་བྱ་བའམ། ཡང་ན་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་ཅན། ཤིན་ཏུ་སྒེག་པའི་ཉམས་ཅན་ལྷ་རྫས་ཀྱི་གོས་ཀྱི་གཤོལ་དང་སྨད་གཡོགས་དང་རིན་པོ་ཆེའི་རྒྱན་ཅན། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་དཀར་མོས་མགུལ་ནས་འཁྱུད་པ་སེམས་དཔའི་སྐྱིལ་སྐྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་གནོད་མཛེས་སྔོན་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་ཐུགས་ཀར་ཞགས་པས་བཟུང་ནས་སྡིག་མཛུབ་མཛད་ཅིང་


JLD008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རལ་གྲི་འཛིན་པ་མདུན་དུ་འདུག་སྟེ་བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ནོད་པ་ལ། ཕྱོགས་བཅུར་སེ་གོལ་གཏོག་ཅིང་། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྣཱ་པ་ཡ་གྲྀཧྣཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་གནོད་མཛེས་ལ་བོས་ནས་བགེགས་ཟུང་ལ་ཁུག་ཅིག་ཅེས་བཀའ་བསྒོས་པས། གནོད་མཛེས་ཀྱི་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་དེ་རྡོ་རྗེ་ལྕགས་ཀྱུར་གྱུར་ནས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་ག་ནས་ལྕགས་ཀྱུས་བཀུག །མགྲིན་པ་ཞགས་པས་བཅིངས་ནས་བཀུག་སྟེ། ཕྱི་རོལ་ཏུ་ཧཱུཾ་རིང་པོ་ལས་གྲུབ་པའི་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་དུ་བཅུག་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་སྤྲོས་པའི་ཁྲོ་བོ་རྡོ་རྗེ་ཕུར་བུ་སྟོད་བདུད་རྩི་འཁྱིལ་བ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་གཡོན་ཐུགས་ཀར་ཞགས་པས་བཟུང་ནས་སྡིགས་མཛུབ་མཛད་ཅིང་དྲིལ་བུ་དགྲ་སྟ་འཛིན་པ། ལྟེ་བ་མན་ཆད་མདུད་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར་ཏེ་ཕྱོགས་སྐྱོང་འཁོར་བཅས་ཀྱི་མགོ་བོར་ཟུག་པར་བསམ་ལ། ཨོཾ་གྷ་གྷ་ཞེས་སོགས་བརྗོད། དེ་ནས་ཕུར་བུའི་སྤྱི་བོ་ནས་བརྡུངས་པར་བསམས་ལ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཡ་ཀོ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་བཅུ་བརྗོད་ལ། གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་པས་ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་། མེ་ནས་བརྩམས་ཏེ་མཚམས་


JLD008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་སོགས་པའི་ཕུར་བུའི་སྤྱི་བོ་ནས་བརྡུངས་བས་བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུར་བུས་བཏབ་པས་ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་གྱུར། ཕུར་བུ་ལས་འོད་ཟེར་འབར་བ་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་བྲེ། ཕྱི་རོལ་གྱི་ཕྱོགས་མཚམས་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འཕྲོ་བར་གྱུར། དེ་ནས་ཨོཾ་ཨཿབཛྲ་སཏཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་སོགས་ཀྱི་མཆོད་ལ། ཨོཾ་བཛྲ་ས་ཏྭ་ཨོཾ་ཨཱཿཧཱུཾ། ཞེས་པས་ནང་མཆོད་དབུལ། དེ་ནས། རི་བོང་འཛིན་འོད་ལྟར་དཀར་རེག་བྱ་རྡོ་རྗེ་མས་འཁྱུད་སྐུ། མཉམ་མེད་ཡོན་ཏན་གཏེར་གྱུར་སངས་རྒྱས་ལྔ་ཡི་གཙོར་གྱུར་པ། །མ་རིག་མུན་པའི་རྒྱུད་ཀྱི་ཚོགས་ཀུན་རབ་ཏུ་བཅོམ་པ་ཡི། །ཕྱག་ན་རྡོ་རྗེ་ནམ་མཁའི་མཐར་ཐུག་ཇི་སྲིད་རྒྱལ་གྱུར་ཅིག །ཅེས་པས་བསྟོད། དེ་ནས་མདུན་བསྐྱེད་བྱ་བའི་ཚུལ་ནི། ཧཱུྃ་ལན་བདུན་བཟླས་པའི་བ་བྱུང་དང༌། སྔར་གྱི་མཆོད་ཡོན་གྱི་ཆུ་བ་སྲེས་པ་ཨོཾ་བཛྲ་རེ་ཁེ་ཧྲཱིཿཞེས་པས་མཎྜལ་ལ་བྱུག་ཅིང༌། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། །སྐྱང་ནུལ་བྱ་བ་ཚུལ་ཁྲིམས་ཡིན། །གྲོགས་མ་སོགས་བསལ་བཟོད་ཡིན་ཏེ། །བྱ་བ་རྩོམ་པ་བརྩོན་འགྲུས་ཡིན། །སྐད་ཅིག་རྩེ་གཅིག་བསམ་གཏན་ཏེ། །རི་མོ་མཉམ་པ་ཤེས་རབ་ཡིན། །ཐུབ་པའི་མཎྜལ་འདི་བྱས་པས། །ཕ་རོལ་ཕྱིན་དྲུག་རྙེད་པར་འགྱུར། །ལྷ་མི་


JLD008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་སྐྱེ་ཟླ་ལྟར་གཟི་འཕགས་ཤིང༌། །ནད་ཀུན་ལས་གྲོལ་གསེར་གྱི་མདོག་དང་འདྲ་བར་འགྱུར། རྒྱལ་རིགས་འབྲུ་དང་གསེར་སོགས་འབྱོར་པས་གང་བར་འགྱུར། །དེ་ན་བདེ་གཤེགས་མཆོག་གི་ཁྱིམ་གྱི་ལས་བྱའོ། ཞེས་བརྗོད། དེ་ནས་བིགྷྣཱནྟ་ཀྲྀཏ་བརྗོད་ཅིང་སྔར་གྱི་མཆོད་ཡོན་གྱི་ཆུས་ལག་པ་གཉིས་བསངས་ལ། མཎྜལ་གྱི་དབུས་སུ་མེ་ཏོག་གི་ཚོམ་བུ་དགོད། ལག་པ་གཡས་པའི་མཐིལ་དུ་ཟླ་བའི་སྟེང་ཧཱུཾ་ཧཱུཾ་ཧཱུཾ་གསུམ། རྡོ་རྗེ་དང་བཅས་པའི་སོར་མོའི་རྩེ་མོས་མཎྜལ་གྱི་སྟེང་དུ་ལན་གསུམ་བསྣུན་པས་དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས་ས་གཡོས་པའི་གསེབ་ནས་སའི་ལྷ་མོ་སེར་མོ་ལུས་ཕྱེད་ཐོན་པ་དགའ་བ་དང་ལྡན་པའི་ཐུགས་ཅན་ཞི་བ་ན་བཟའ་དཀར་པོ་མནབས་པ། རྒྱན་བཟང་པོ་སྣ་ཚོགས་པས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་གསེར་གྱི་བུམ་པ་བསྣམས་པ་བྱུང་ནས་བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ནོད་པ་ལ། ཨོཾ་ཨཱཿ་ཧྲཱིཿ་པྲ་ཝ་ར་ཞེས་སོགས་ཀྱིས་ཆུ་བཞི་དབུལ། ཨོཾ་པྲི་ཐི་ཝཱི་དེ་ཝི་ས་པ་རི་ཝཱ་ར་པུཥྤཾ་པྲ་ཏཱི་ཙྪཱ་ཧཱུཾ་སྭཱ་ཧཱ། ཞེས་རོལ་མོའི་བར་གྱིས་མཆོད་ལ། ཨོཾ་པྲི་ཐི་ཝཱི་དེ་ཝི་ས་པ་རི་ཝཱ་ར་ཨོཾ་ཨཱཿ་ཧཱུྃ། ཞེས་པས་ནང་མཆོད་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེངྒེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་ལྟར། །དེ་


JLD008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདག་གིས་བདུད་ཀྱི་དཔུང༌། །ཕམ་པར་བྱས་ཏེ་དཀྱིལ་འཁོར་འདི། །ཞེས་ལན་གསུམ་བརྗོད་དེ་གསོལ་བ་བཏབ་པས། དེ་ལྟར་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་ལ་ཐིམ་པར་གྱུར། དེ་ནས་མཎྜལ་གྱི་སྟེང་དུ་ལག་པ་བཞག་ལ། ཨོཾ་མེ་དི་ནི་བཛྲཱི་བྷ་བཛྲ་བནྡྷ་ཧཱུཾ། ས་གཞི་རྡོ་རྗེའི་རང་བཞིན་དུ་བཅིངས་པར་གྱུར། དེ་ནས་ལག་པའི་མེ་ཏོག་གིས་དཀྱིལ་འཁོར་རིམ་པ་གསུམ་པ་བྲིས་ལ། རིམ་པ་ནང་མའི་དབུས་སུ་པདྨ་འདབ་བརྒྱད། ལྷ་སོ་སོའི་་གནས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདན་སྒྲུབ་ཐབས་ནས་འབྱུང་བ་ལྟར་རམ། ཡང་ན་གཙོ་བོ་ལ་གདན་ཟླ་བ། དེ་བཞིན་གཤེགས་པ་བཞི་ལ་རིམ་པ་བཞིན་པད་འདབ་ལ་འཁོར་ལོ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ། ཁྲོ་བོ་བཅུ་ལ་ཉི་མ། ལྷ་ལྷག་མ་རྣམས་ལ་ཟླ་གདན་བཀོད་པའི་སྟེང་དུ། ཧཱུཾ་ཁཾ་ནས་ཧཱུཾ་བཅུའི་བར་གྱི་ས་བོན་རྣམས་འདྲི། དེ་ནས་བིགྷྣཱནྟ་ཀྲྀཏ་བཟླ་ཞིང་སྔར་གྱི་མཆོད་ཡོན་གྱི་ཆུས་ལན་གསུམ་བསངས་ལ། དངོས་པོ་མེད་པས་སྒོམ་པ་མེད་ཅེས་པ་ནས། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན་ཞེས་པའི་བར་རམ། ཡང་ན་དབུས་སུ་ཟླ་བ་ཞེས་སོགས་གོང་བཞིན་བསྐྱེད། དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ཁཾ་ནས་ཧཱུཾ་བཅུ་རྣམས་འོད་ཟེར་འབར་བ་དང་བཅས་པ་དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་སོ་གཉིས་བསྐྱེད་པའམ། ཡང་ན་ས་བོན་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གཉིས་འཁོར་ལོ་ཞེས་པ་


JLD008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྡོ་རྗེ་དང་རྡོ་རྗེ་དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་སུམ་ཅུ་སོ་གཉིས་སུ་རིམ་གྱིས་གྱུར་པ་ནི་གདན་དབུས་མའི་སྟེང་དུ་རྡོ་རྗེ་འཆང་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་ཞེས་པའམ། ཡང་ན་མི་བསྐྱོད་པ་ནག་པོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ནག་དཀར་དམར་བའི་ཞལ་གསུམ་ཞེས་པ་ནས་གནོད་མཛེས་ཀྱི་བར་སྒྲུབ་ཐབས་བཞིན་བསྐྱེད། ཨེ་ཧྱེ་ཧི་བྷོ་ག་ཝཱན་ས་མ་ཡ་མ་ནུ་སྨར་ཏིཥྛ་ཏིཥྛ་མ་ནུ་སྨ་ར་སྨ་ར་ཨོཾ་ཨཱཿ་ཧཱུྃ་སྭཱ་ཧཱ། ཞེས་པ་ལན་གསུམ་བརྗོད། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དཀྱིལ་འཁོར་གྱིས་ལྷ་ཚོགས་སྤྱན་དྲངས་ཏེ་འདོད་ཡོན་ལྔས་མཆོད། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་གསོལ་བ་གདབ། །ཨོཾ་བཛྲ་ས་མ་ཡ་ཛཿཛཿཛཿཛཿ ཛཿཧཱུཾ་བཾ་ཧོཿ་ཡེ་ཤེས་པ་རྣམས་རང་རང་སོ་སོའི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། དེ་ནས་མཆོད་པ་བསང་སྦྱང་སོགས་སྒྲུབ་ཐབས་བཞིན་བྱས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །དེ་བཞིན་དུ་ཞབས་བསིལ་ཞལ་བསིལ། བསང་གཏོར་ཞེས་སྦྱར་ཏེ་ཆུ་བཞི་


JLD008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། དེ་ནས་ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ཅེས་མེ་ཏོག་གི་གནས་སུ་ཉེར་སྤྱོད་ལྷག་མ་དང༌། རོལ་མོ་བཅུག་པ་ཕྱིའི་ཉེར་སྤྱོད། གསང་བའི་འཁོར་ལོ་ཨིནྡྲ་ནཱི་ལ་ལྟར། །ཤིན་ཏུ་སྔོ་བའི་རྡོ་རྗེའི་བུང་བ་ཡིས། །བསྐྱོད་པའི་པདྨོ་ལས་འོངས་མེ་ཏོག་དམར། །མི་བསྐྱོད་པའམ། འདིར་རྡོ་རྗེ་འཆང་གིས་གཙོ་བོ་བྱས་པས། རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། །སྤྲུལ་པའི་འཁོར་ལོ་གཏུམ་མོའི་མེས་བསྲེགས་པས། །ཡིད་འོང་དྲི་ཡི་དང་ལྡང་ག་པུར་སྤོས། །ཉམས་སུ་མྱོང་བས་ཡིད་རབ་སིམ་བྱེད་པ། རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཆོས་ཀྱི་འཁོར་ལོའི་དབུས་གནས་བདེ་བའི་དངོས། །ཧཱུཾ་ཡིག་ཉི་མ་གསལ་བའི་འོད་ཟེར་ཅན། མི་ཤེས་མུན་འཇོམས་སྔགས་ཀྱི་མར་མེ་འདི། །རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། བདེ་ཆེན་འཁོར་ལོའི་དབུས་ན་ལེགས་གནས་པ། །ཀུནྡ་ལྟར་དཀར་དྲི་ཡི་བྱུག་པ་ཡིས། །ལུས་ཀུན་ཁྱབ་པའི་བདེ་བའི་མཆོག་སྟེར་བ། རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། རྨི་ལམ་ཡུལ་ལ་རོལ་བ་ཇི་བཞིན་དུ། །གང་གང་དབང་པོའི་ལམ་ནས་བྱུང་ནས་ནི། །དེ་དང་དེ་ཡི་ཡུལ་ལ་ལོངས་སྤྱོད་ཟས། རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། སྙོམས་འཇུག་དགའ་བའི་རོལ་པ་ལས་བྱུང་བའི། །མི་ཤིགས་ཡི་གེ་མཆོག་རོལ་མོའི་སྒྲ། ཨཱ་ལི་ཀཱ་ལིའི་གདངས་སུ་ཤར་བ་རྣམས། རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། ཞེས་པས་ནང་གི་ཉེར་སྤྱོད་དབུལ། དེ་ནས། རིན་ཆེན་དབང་གི་རྒྱལ་པོ་བཻཌཱུརྱའི། །སྔོན་


JLD008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་དབུལ་བར་བྱ། །མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྙན་ལ་དབུལ་བར་བྱ། །ག་པུར་ཨ་ཀར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་བས་བྱུགས་པ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ཤངས་ལ་དབུལ་བར་བྱ། །ལུས་མཆོག་བརྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ལྗགས་ལ་དབུལ་བར་བྱ། །ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། ། དཀྱིལ་འཁོར་ལྷ་ཡི་ལུས་ལ་དབུལ་བར་བྱ། །ཞེས་པས་ཕྱིའི་འདོད་ཡོན། འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཡིད་འཕྲོག་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །པདྨ་ཅན་སོགས་ཕྱག་རྒྱའི་གཟུགས་མཆོག་རྣམས། །རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཟུར་གྱི་བལྟ་ཞིང་འཛུག་པའི་བཞིན་རས་ཅན། །དྲུག་ལྡན་ལ་སོགས་ཡང་དག་གླུ་ལ་མཁས། །པདྨ་ཅན་སོགས་ཕྱག་རྒྱའི་གླུ་དབྱངས་མཆོག །རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། ལྷན་ཅིག་སྐྱེས་དང་སྦྱར་བ་བཟང་པོའི་དྲི། །གང་གི་ལུས་


JLD008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟག་ཏུ་རྣམ་འབྱུང་བ། །པདྨ་ཅན་སོགས་ཕྱག་རྒྱའི་དྲི་མཆོག་རྣམས། །རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། །གང་ཞིག་མྱངས་པས་བྱང་ཆུབ་སེམས་འཇུ་བ། །བིམ་པ་ལྟར་དམར་མ་མཆུའི་སྤྲང་རྩི་སོགས། །པདྨ་ཅན་སོགས་ཕྱག་རྒྱའི་རོ་མཆོག་རྣམས། །རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། །གསང་བའི་སྣ་རྩེ་ཕན་ཚུན་ཕྲད་པ་ཡིས། །རེག་བྱ་མྱོང་བས་གཏུམ་མོ་སྐུལ་བྱེད་པ། །པདྨ་ཅན་སོགས་ཕྱག་རྒྱའི་རེག་བྱ་མཆོག །རྡོ་རྗེ་འཆང་གི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཞེས་པས་ནང་གི་འདོད་ཡོན་དབུལ། ཡང་ན་ཕྱི་ནང་གི་འདོད་ཡོན་དང་ནང་གི་ཉེར་སྤྱོད་བཤད་རྒྱུད་རྡོར་ཕྲེང་ལས་འབྱུང་བ་ལྟར་བྱའོ། །དེ་ནས་ནང་གི་མཆོད་པ་སྒྲུབ་ཐབས་ལྟར་དབུལ་ཞིང༌། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་ཞེས་སོགས་དང༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་པྲ་ཏཱི་ཙྪ་ཧཱུཾ། ཞེས་པས་བདུད་རྩི་ལྔ་དབུལ། བདག་མིང་འདི་ཞེས་བྱ་བ་འདིར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲོང་། ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དཀྱིལ་འཁོར་མཆོད་པ་ཞེས་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱ་ཏྨ་ནཾ་ནིར་ཡཱ་ཏ་ཡཱ་མི། ཨོཾ་ཨཱཿ་ཧཱུྃ་ཞེས་པས་བདག་ཉིད་དབུལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱ་ཀོ྅ཧཾ་གིས་མཆོད་པའི་ང་རྒྱལ་བཟུང་། དེའང་མཆོད་པ་བསྡུས་པ་དབུལ་བའི་སྡེ་ཚན་ནི། གཙོ་བོ་རིགས་བདག་ཡབ་ཡུམ་དེ་བཞིན་གཤེགས་


JLD008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ལ་ཕྱིའི་ཉེར་སྤྱོད་ནས་མཆོད་པའི་ང་རྒྱལ་བཟུང་བའི་བར་ཚར་གཅིག། །དེ་བཞིན་དུ་ལྷ་མོ་བརྒྱད་དང༌། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ་ལ་ཚར་རེ་རེ་དབུལ་ལོ། །དེའང་གཙོ་བོ་མི་བསྐྱོད་པས་བྱས་པའི་ཚེ། ངག་ཏུ་འདོན་པའི་ཚུལ་ནི། ཨོཾ་ཨཱཿ་བཛྲ་དྷྲྀཀ་བཛྲ་ས་ཏཱ། སྤ་རྴ་བཛྲ། ཛི་ན་ཛིཀ། རཏྣ་དྷྲྀ་ཀ། ཨཱ་རོ་ལི་ཀ། པྲཛྙཱ་དྷྲྀཀ། །པུཥྤི་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་པས་མེ་ཏོག་དབུལ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་ཏེ་ཤེས་པར་བྱའོ། །རྡོ་རྗེ་འཆང་གཙོ་བོར་བྱས་ན་ཨོཾ་ཨཱཿ་བཛྲ་སཏྭ་བཛྲ་དྷྲྀཀ། སྤར་ཤ་བཛྲ་ཛི་ན་ཛི་ཀ་ཅེས་སོགས་ཀྱིས་དབུལ་ལོ། །དེས་ན་གོས་ཡོད་ན་སྐོར་བ་གསུམ་བྱེད་ཅིང་མཧཱ་ར་ཏ་སུ་ཌི་ཏ་སུ་ཏོ་ཥོ་སུ་སོ་ཥོ་བཛྲ་ས་ཏྭ་ཨཱཿ་དྷྱ་སི་དྡྷྱ་མཾ་ཞེས་བརྗོད། དེ་ནས་གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་ཞེས་པ་ནས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །ཞེས་པའི་བར་ལན་ཅིག་བརྗོད་པའི་རྗེས་སུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་དང༌། ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་ལན་གསུམ་བརྗོད། ཨོཾ་པྲ་ན་མཿ་མི་སརྦ་ཏ་ཐཱ་ག་ཏ་ན། ཞེས་པས་ཕྱག་གསུམ་བྱ། མི་བསྐྱོད་རྡོ་རྗེ་ཞེས་པ་ནས། རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་དང་། གང་ཞིག་གཟུགས་དང་ཚོར་བ་ཞེས་སོགས་ཀྱིས་བསྟོད། དེ་ནས་བཟླས་པ་གཙོ་བོ་ལ་བརྒྱ་རྩ་བརྒྱད། འཁོར་རྣམས་ལ་ཉེར་གཅིག་རེ། བརྟན་བྱེད་


JLD008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡི་གེ་བརྒྱ་པ་རྣམས་བཟླས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་གཏོར་མ་བཏང༌། དེ་ནས་གཏང་རག་གི་མཆོད་བསྟོད་རྒྱས་བསྡུས་གང་རུང་བྱ། དེ་ནས་སངས་རྒྱས་ཀུན་གྱི་ཀུན་བདག་ཉིད་སོགས་དང༌། དེ་ལྟར་སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །སྣང་སྟོང་ལྷ་སྐུར་གསལ་བའི་ངང་ཉིད་ནས། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཀུན་བསྡུས་པ། །མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་ལྷ་ཚོགས་ལ། །རྨད་བྱུང་བདེ་བས་དགྱེས་པ་བསྐྱེད་པ་ཡི། །ཕྱི་དང་ནང་དང་གསང་བའི་མཆོད་བསྟོད་དང༌། །བསྒོམ་དང་བཟླས་པ་སོགས་ལ་འདིར་འབད་པས། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པ་ཉིད་གྱུར་ཅིག །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པ་ཉིད་གྱུར་ཅིག། །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པ་ཉིད་གྱུར་ཅིག། །བུམ་དབང་གངྒཱའི་ཆུ་རྒྱུན་བསྐུར་བ་ཡིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །གསང་དབང་ཡེ་ཤེས་


JLD008_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་མྱངས་པ་ཡིས། །ངག་གནས་རླུང་ནི་སྔགས་སུ་འཆང་བར་ཤོག །གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུ་ཡིས། །ཡིད་ནི་འོད་གསལ་དབྱིངས་སུ་འདྲེན་པར་ཤོག །བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲད་པས། །མཐར་ཐུག་དོན་ལ་སྒྲོ་འདོགས་ཆོད་པར་ཤོག །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་རྟག་ཏུ་བསྲུང་བར་ཤོག །ཐ་མལ་སྣང་ཞེན་ཀུན་རྟོག་སྤངས་པ་ཡི། །ལུས་ཀྱི་གཡོ་བ་ངག་གི་བརྗོད་པ་དང༌། །ཡིད་ཀྱི་བསམ་པ་ཀུན་གྱིས་འབད་མེད་པར། །རླབས་ཆེན་ཚོགས་རྣམས་ཡོངས་སུ་སྡུད་བྱེད་པའི། །ཐུན་བཞིའི་སྦྱོར་བ་བསྙེན་སྒྲུབ་ཡན་ལག་བཞི། །རིམ་པ་དང་པོའི་རགས་དང་ཕྲ་བའི་ལམ། །མ་ལུས་ཤིན་ཏུ་བརྟན་པ་རྙེད་ནས་ནི། །གང་སྣང་ལྷ་ཡི་འཁོར་ལོར་འཆར་བར་ཤོག །ཞིང་གི་ཕུལ་བྱུང་ཐུགས་ཀྱི་དཀྱིལ་འཁོར་ལ། །བརྟེན་ནས་འཁོར་གསུམ་དག་པའི་མཆོད་སྦྱིན་སོགས། །སྦྱོར་བ་ཚོགས་གསོག་ཆོ་ག་བཞིན་བྱས་པས། །རང་གི་རྒྱུད་ནི་ཡོངས་སུ་དག་པར་ཤོག །དཔལ་ལྡན་ཞེ་སྡང་རྡོ་རྗེ་ཁྲོ་བོ་བཅུའི། །འཁོར་གྱིས་ཡོངས་སུ་བསྐོར་བའི་ཏིང་འཛིན་གྱིས། །ཕྱོགས་བཅུར་རྒྱུ་བའི་གདུག་པའི་བསམ་པ་ཅན། །མ་ལུས་ཚར་གཅོད་འཕྲིན་ལས་འགྲུབ་པར་ཤོག །གང་དུ་འཚང་རྒྱའི་ཞིང་ཀུན་དག་བྱས་ནས། །དེར་ནི་སྐུ་གསུམ་གོ་འཕང་མངོན་འགྱུར་བའི། །ཐབས་ཀྱི་དམ་པ་འཆི་བ་


JLD008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་དང༌། །བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་པའི་སྐུ། །ཚུལ་བཞིན་ལམ་དུ་བྱེད་པའི་རྣལ་འབྱོར་མཆོག །རིམ་པ་བཞིན་དུ་རྒྱུད་ལ་སྐྱེས་པ་ཡིས། །ཐ་མལ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །སྦྱོང་བྱེད་དང་པོའི་སྦྱོར་བ་ཐོབ་པར་ཤོག །རང་དོན་ཕུན་ཚོགས་དེ་ཡི་མྱུར་བའི་ལམ། །འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་འཛིན་གྱིས། །རང་རིག་ཕྱག་རྒྱར་གཞོལ་བའི་ཐབས་ལ་མཁས། །ལྷན་སྐྱེས་བདེ་བས་རྒྱལ་རྣམས་མཆོད་པར་ཤོག །མཁའ་དབྱིངས་རྡོ་རྗེ་སྦྱར་བས་སྤར་བ་ཡི། །ཙནྜ་ལི་ཡིས་བཞུས་པའི་བྱང་ཆུབ་སེམས། །ཨ་བ་དྷཱུ་ཏཱིའི་རྒྱུན་ལམ་ནས་འོངས་པ། །ཤེས་རབ་པདྨའི་ཟེ་འབྲུར་སོན་པ་ལས། །འཁྲུངས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི། །སྤྲུལ་པའི་སྤྲིན་གྱིས་ནམ་མཁའི་ཁྱོན་བཀང་ནས། །སྣོད་བཅུད་ཞིང་ཀུན་ཡོངས་སུ་སྦྱོང་མཛད་པའི། །དཀྱིལ་འཁོར་རྒྱལ་མཆོག་མྱུར་དུ་འགྲུབ་པར་ཤོག །སྲོག་འཛིན་ཐུར་སེལ་ལམ་གྱི་སྣ་རྩེར་ནི། །གནས་ནས་འོད་ཟེར་དྲ་བ་འགྱེད་པ་ཅན། །བདེ་གཤེགས་ལྔ་བདག་རིམ་ཆེན་ཁ་དོག་ལྔ། །ཕྱག་མཚན་བྱང་སེམས་ཕྲ་མོ་ཡུངས་འབྲུ་ཙམ། །དེ་ནང་དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་ཤིང༌། །མ་འདྲེས་གསལ་ལ་ཇི་སྲིད་འདོད་ཀྱི་བར། །མཉམ་པར་བཞག་པས་ཕྲ་མོའི་རྣལ་འབྱོར་དང༌། །ཕྱི་ནང་བཟླས་པ་ཡོངས་སུ་རྫོགས་པར་ཤོག །དེས་ནི་རྫས་སྔགས་འཁྲུལ་འཁོར་བསམ་གཏན་ལ། །བརྟེན་ནས་གྲུབ་པ་ཆེན་པོ་བརྒྱད་དང་ནི། །ཞི་སོགས་


JLD008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ལས་ཀུན་གྲུབ་པ་ཡི། །ལས་ཀྱི་རྒྱལ་པོ་མཆོག་ནི་ཐོབ་པར་ཤོག །སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང༌། །འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཡོངས་སུ་བསྡུས་པའི་ཟབ་མོ་རིམ་པ་ལྔ། །སྤྱོད་པ་གསུམ་དང་བཅས་པ་འགྲུབ་བར་ཤོག །ནོར་བུར་ཐིག་ལེ་ཕྲ་མོར་སེམས་བརྟན་པས། །ཉི་མས་ཟླ་བ་བཞུས་པའི་བདུད་རྩིའི་རྒྱུན། །ལུགས་འབྱུང་ལུགས་ལྡོག་རིམ་པས་དྲངས་པ་ཡི། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་ཏུ། །འཆར་བའི་སྐུ་ཡི་རྡོ་རྗེའི་ཏིང་ངེ་འཛིན། །ལུས་དབེན་སོར་སྡུད་བསམ་གཏན་རྫོགས་པར་ཤོག །ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག ། སྙིང་གའི་ཆུ་སྐྱེས་སྣ་རྩེར་གོམས་བྱས་པས། །གཟུང་དང་འཛིན་པའི་རྣམ་རྟོག་བསྐྱེད་པའི་རླུང༌། །བཅུ་གཉིས་མི་ཤིགས་ཐིག་ལེར་སྡུད་པར་ཤོག། །གདོང་གི་སྣ་རྩེའི་འོད་ཀྱི་ཐིག་ལེའི་གདངས། །མ་བཅོས་རྡོ་རྗེ་གསུམ་དུ་ཤར་བ་ཡིས། །ངག་དབེན་གསུང་གི་རྡོ་རྗེའི་ཏིང་འཛིན་གྱིས། །སྙིང་གའི་མ་རིག་སྒོ་ངའི་སྦུབས་འབྱེད་ཤོག། །ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །རྫས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམས་པ་ཡིས། །ཀུན་རྟོག་རླུང་གི་མུན་པ་སངས་རྒྱུར་ནས། །འོད་གསལ་ཉི་མ་སྙིང་དབུས་འཆར་བར་ཤོག །སྣ་རྩེ་གསུམ་དུ་ཐིག་ལེ་རྣམས་གསུམ་གྱི། །སྲོག་རྩོལ་བསྒོམས་པས་སྤྲིན་མེད་ནམ་མཁའ་ལ། །ཟླ་ཉིའི་འོད་དང་སྨག་


JLD008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྱབ་འདྲ་ཡི། །སྟོང་པ་གསུམ་གྱི་སེམས་དབེན་སྐྱེ་བར་ཤོག །སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང༌། །སྣ་ཚོགས་སྤྲུལ་སྐུ་གསུམ་ལ་རེ་རེ་ཞིང༌། །རྣམ་པ་གསུམ་གསུམ་བསྲེ་བ་རྣམ་པ་དགུ། ཡོངས་རྫོགས་མན་ངག་གནད་ལ་མཁས་གྱུར་ཏེ། །ཀུན་རྫོབ་སྒྱུ་ལུས་དོན་དམ་འོད་གསལ་འཛིན། །ལུགས་ལྡོག་རྗེས་དྲན་ཟུང་འཇུག་ཏིང་འཛིན་དང༌། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །སྤྱོད་མཆོག་རྣམ་གསུམ་ཡོངས་སུ་རྫོགས་པར་ཤོག །གལ་ཏེ་འདི་དང་བར་དོར་མཆོག་འགྲུབ་པའི། །ཏིང་འཛིན་མ་རྙེད་འཆི་བའི་དུས་བྱེད་ན། །གཞི་ཡི་འཆི་རིམ་སྟོང་པ་རྣམ་པ་བཞི། །ལམ་གྱི་སྟོང་པ་བཞི་དང་བསྲེ་ནུས་ཤོག །བར་དོ་གྲུབ་ཚེ་སྒྱུ་མའི་ཏིང་འཛིན་དང༌། །བསྲེ་བར་བྱེད་ཅིང་སྐྱེ་བ་ལེན་པའི་ཚེ། །ལོངས་སྐུས་སྤྲུལ་སྐུའི་སྐྱེ་བ་འཛིན་པ་བཞིན། །སྐྱེ་གནས་མཆོག་ཏུ་བསམ་བཞིན་སྐྱེ་བར་ཤོག །མདོར་ན་སྐྱེ་ཤི་བར་དོ་གང་ཤར་ཡང༌། །སྔོན་ཆད་བསྒོམས་པའི་ལམ་འཁྱེར་རྣམ་གསུམ་གྱི། །གསལ་འདེབས་དགེ་སྦྱོར་བསྐུལ་མར་རྟོགས་གྱུར་ནས། །འཆི་ཚེ་ཡིད་ལ་དགའ་བ་རྒྱས་པར་ཤོག །དེ་ལྟར་རྨད་བྱུང་ལམ་གྱི་མཐར་ཐུག་འདི། །ཚུལ་བཞིན་བསྒྲུབ་ལ་བར་ཆོད་མེད་པ་དང་། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཏེ། །འགྲོ་ཀུན་ཐབས་མཁས་འདི་ཡིས་སྒྲོལ་བར་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་བྱ། དེ་ནས་ལྷག་ཆད་གྱི་ཉེས་པ་བཞི་བའི་ཕྱིར་ཡི་གེ་བརྒྱ་པ་ལན་


JLD008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ༌། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ། ཞེས་སོགས་ཀྱིས་བཟོད་པར་གསོལ་ནས། བསྟན་པ་རྒྱས་པ་ལ་སོགས་པའི་དོན་དུ་གསོལ་བ་གདབ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་ཆ་གཉིས་སུ་བྱས་པའི་ཆ་གཅིག་ཛཿཧཱུཾ་བཾ་ཧོཿ་རང་ལ་ཐིམ། རང་གི་སྤྱི་བོར་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨོཾ་དཀར་པོ་འོད་ཟེར་ལྔ་འཕྲོ་བར་གྱུར། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། ཞེས་པ་ནས་རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །ཞེས་པའི་རྗེས་སུ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ། ཞེས་སྐུ་བྱིན་གྱིས་བརླབ། དེ་བཞིན་དུ་གསུང་དང་ཐུགས་ལའང་སྦྱར་ལ་བྱིན་གྱིས་བརླབ་བོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཅི་ཏྟ་བཛྲ་སྭ་བྷཱ་ཝ་ཨཱ་ཀོ྅ཧཾ། ཞེས་ཐུན་མོང་དུ་བྱིན་གྱིས་བརླབ། བརྟན་བྱེད་དུ་ཡི་གེ་བརྒྱ་པ་བརྗོད། དེ་ནས། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ། ཞེས་པས་ཡེ་ཤེས་པ་ཆ་གཅིག་གཤེགས། ཨོཾ་ཡོ་ག་ཤུད་དྷ་སརྦ་དྷརྨྨཱཿ


JLD008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ག་ཤུདྡྷོ྅ཧཾ། ཞེས་པས་དམ་ཚིག་གི་འཁོར་ལོའི་ལྷ་རྣམས་སྤྱན་དྲངས་ཏེ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྤྱི་བོར་རྣམ་སྣང་ཞེས་པ་ནས། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། །གཞལ་ཡས་ཁང་གི་ཆ་རྣམས་ཀྱང་རང་གི་ལུས་ཀྱི་ཆ་ཤས་རྣམས་ལ་ཐིམ་པར་གྱུར། དེ་ནས་མེ་ཏོག་ལ་སོགས་པ་བསལ་ཏེ། ཡང་ལེགས་པར་བྱུགས་ནས། །མེ་ཏོག་གཅིག་ཕུལ་ལ། བཟོད་པ་གསོལ་ཞིག་ས་ཡི་གཞི། ཞེས་བརྗོད། ལས་ཀྱི་རྗེས་མི་མངོན་པར་བྱས་ལ། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཡོངས་སུ་གང་བའི་འདུས་པའི་ལྷ་ཚོགས་ནི། ཁ་ཅིག་མེ་ཏོག་སྣ་ཚོགས་ཆར་འབེབས་ཤིང༌། །ལ་ལ་བཀྲ་ཤིས་གདངས་སྙན་གླུ་རུ་ལེན། །གཞན་དག་བགེགས་དཔུང་འཇོམས་པའི་ཕྲིན་ལས་ཀྱིས། །ཁྱེད་ལ་རྟག་ཏུ་དཔལ་གནས་མཛད་པ་འདི། །ཤེས་པར་གྱིས་ལ་ཡིད་བདེ་སྐྱེད་ཅིག་དང༌། །ཤིས་བརྗོད་ཕྲེང་བ་བདག་གིས་བསྒྲག་པར་བྱ། །རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། ། ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཞིང༌། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །གསང་བ་ཀུན་བསྡུས་སྡུད་མཛད་གསང་བའི་བདག །རྒྱུད་རྒྱལ་འདུས་པའི་ལམ་གྱིས་མཆོག་བརྙེས་པ། །ཨིནྡྲ་བྷུ་ཏཱི་ཀླུ་ཡི་མཁའ་འགྲོ་མ། །བི་སུ་ཀལྤ་དཔལ་ལྡན་ས་ར་ཧ། །ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྟ། །ཀླུ་བྱང་ཤཱཀྱ་བཤེས་གཉེན་


JLD008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏཾ་ཀི། ཟླ་བའི་ཞབས་སོགས་བླ་མ་བརྒྱུད་པ་ལ། །ལེགས་ཚོགས་ཞེས་འོག་ནས་འབྱུང་བ་ལྟར་སྦྱར། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཐམས་ཅད་འདུས་པའི་བདག་ཉིད་དཔལ་གསང་བ་འདུས་པའི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་དཀྱི་འཁོར་གྱི་ལྷ་ཚོགས་ལ་ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས། སྐལ་བ་དང་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་ཐམས་ཅད་ལ་ཉིན་མཚན་ཐམས་ཅད་དུ་ཕུན་སུམ་ཚོགས་པའི་དཔལ་ལ་རྟག་ཏུ་རོལ་པར་བྱེད་པའི་ཤེས་པས་ལྷག་པར་སྐྱོང་བར་གྱུར་ཅིག། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་སེམས་མ་བཞི། །རྒྱལ་སྲས་བརྒྱད་དང་ཁྲོ་བོའི་དབང་པོ་བཅུ། །དཔལ་ལྡན་འདུས་པའི་སངས་རྒྱས་དཀོན་མཆོག་ནི། །སུམ་ཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒྱུད་པ་ཀུན་ཟད་ཅིང་། །བདེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །དབྱངས་དང་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་གསུམ་གྱི་མཐའ་ཅན་གྱི་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་གསུམ་གྱི་རྩ་བ་དང༌། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མདོ་སྡེ་ཐམས་ཅད་ཀྱི་སྣོད་དམ་པ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་དང༌། དེ་དག་གི་དོན་དབང་བསྐུར་བ་རྣམས་པ་བཞི་དང༌། དམ་ཚིག་རྣམ་པ་གསུམ་དང༌། ཐུན་མོང་གི་བསྙེན་པ་རྡོ་རྗེ་རྣམ་པ་བཞི་དང༌། མཆོག་གི་བསྙེན་པ་སྦྱོར་བ་ཡན་ལག་དྲུག་དང༌།


JLD008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་རིམ་པ་ལྔ་དང༌། སྤྱོད་པ་རྣམ་པ་གསུམ་སྟེ། དཔལ་གསང་བ་འདུས་པའི་ཆོས་དཀོན་མཆོག། །ལུང་དང་རྟོགས་པའི་འཁོར་ལོ་རྣམ་པ་གཉིས་ལ་ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས། སྐལ་བ་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་ཐམས་ཅད་ལ་ཉིན་མཚན་ཐམས་ཅད་དུ་ཕུན་སུམ་ཚོགས་པའི་དཔལ་ལ་རྟག་ཏུ་རོལ་པར་བྱེད་པའི་ཤིས་པས་ལྷག་པར་སྐྱོང་པར་གྱུར་ཅིག། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །ཞལ་གྱི་པདྨ་ལས་འོངས་རྒྱུག་སྡེའི་གཞུང༌། །སྟོང་ཕྲག་སུམ་ཅུ་གསུམ་གྱི་རྩ་བ་མཆོག །དཔལ་ལྡན་འདུས་པའི་རྩ་རྒྱུད་བཤད་རྒྱུད་དང༌། །དབང་བསྐུར་བཞི་དང་དམ་ཚིག་རྣམ་པ་གསུམ། །བསྐྱེད་རིམ་ཐུན་མོང་བསྙེན་པ་རྡོ་རྗེ་བཞི། །རྫོགས་རིམ་མཆོག་གི་བསྙེན་པ་ཡན་ལག་དྲུག །ཟབ་མོ་རིམ་པ་ལྔ་དང་སྤྱོད་པ་གསུམ། །དཔལ་ལྡན་འདུས་པའི་ཆོས་ཀྱི་དཀོན་མཆོག་ནི། །ལུང་དང་རྟོགས་པའི་འཁོར་ལོ་རྣམ་གཉིས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒྱུད་པ་ཀུན་ཟད་ཅིང༌། །བདེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཐམས་ཅད་འདུས་པའི་རྒྱུད་ཀྱི་དོན་བླ་མའི་དྲིན་གྱིས་མ་ནོར་བར་རྟོགས་ནས་ཐུན་བཞིའི་རྣལ་འབྱོར་ལ་བརྟེན་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ལ།


JLD008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་བློ་བརྟན་པོ་ཅན་གྱི་སྒྲུབ་པ་པོའི་དབང་པོ་དང༌། སྒྲུབ་པ་པོ་དེ་གང་གིས་མཐོང་ཞིང་ཐོས་པ་དང༌། དྲན་དང་རེག་པ་དང༌། དད་ཅིང་ཕྱོགས་གཅིག་ཙམ་འཛིན་པ་ཡན་ཆད་ལ་ཡང་རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་འཚལ་ལོ། །ཞེས་རྒྱུད་ཀྱི་རྒྱལ་པོ་ལས་གསུངས་པའི་དཔལ་གསང་བ་འདུས་པའི་དགེ་འདུན་དཀོན་མཆོག །རྒྱུད་ཀྱི་རྒྱལ་པོའི་ལུང་དང་རྟོགས་པའི་ཆོས་འཛིན་པ་ཐམས་ཅད་ལ་ལེགས་པའི་ཚོགས་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས། སྐལ་བ་དང་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་ཐམས་ཅད་ལ། ཉིན་མཚན་ཐམས་ཅད་དུ་ཕུན་སུམ་ཚོགས་པའི་དཔལ་ལ་རྟག་ཏུ་རོལ་པར་བྱེད་པའི་ཤིས་པས་ལྷག་པར་སྐྱོང་བར་གྱུར་ཅིག །ཕྱོགས་བཅུའི་རབ་འབྱམས་ཞིང་ན་བཞུགས་པ་ཡི། །དཔལ་ལྡན་འདུས་པའི་དགེ་འདུན་དཀོན་མཆོག་ནི། །རྒྱུད་ཀྱི་རྒྱལ་པོའི་ལུང་རྟོགས་དམ་ཆོས་ཀྱི། །ཕྱོགས་གཅིག་ཡན་ཆད་འཛིན་པ་ཐམས་ཅད་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང༌། །བདེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཀྱིས་ཤིས་པ་རྒྱས་པར་བརྗོད་ལ་མེ་ཏོག་གི་ཆར་དབབ་པོ། །མདུན་བསྐྱེད་ཀྱི་རྟེན་སྔ་རོལ་ཏུ་འདྲི་ན། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་དྲན་པར་བྱས་ནས། ཧཱུཾ་ལན་བདུན་བཟླས་པའི་བ་བྱུང་དང༌། མཆོད་ཡོན་སྐབས་འདིར་བསྒྲུབས་པ་བསྲེས་ནས་མཎྜལ་ལ་བྱུགས་ཏེ། ཨོཾ་བཛྲ་རེ་ཁེ་ཧྲཱིཿ


JLD008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ནས་རང་རང་གི་ས་བོན་འབྲི་བའི་བར་བྱས་ལ། དེ་ནས་ནང་མཆོད་བྱིན་རླབས་ནས་བཟུང་སྟེ། བདག་བསྐྱེད་མཆོད་བསྟོད་ཀྱི་བར་དང༌། དེ་ནས་བིགྷྣནྟ་ཀྲྀཏ་ཀྱིས་དཀྱིལ་འཁོར་ལ་བསང་བ་སོགས་བྱའོ།། །།མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།། །།ཆུ་བཞི་ཕྱི་ནང་ཉེར་སྤྱོད་དང༌། །དེ་བཞིན་ཕྱི་ནང་འདོད་ཡོན་ལྔ། །ནང་མཆོད་བདག་དབུལ་ང་རྒྱལ་བཟུང༌། །བསྐོར་བཤགས་སེམས་བསྐྱེད་སྡོམ་པ་བཟུང་། །ཕྱག་འཚལ་བསྟོད་དང་བཟླས་པ་བརྟན། །གཏོར་མ་གཏང་རག་སྨོན་ལམ་གདབ། །ཡིག་བརྒྱ་བཟོད་གསོལ་གསོལ་བ་གདབ། །ཆ་གཅིག་བདག་བསྡུར་རང་བྱིན་བརླབ། །བརྟན་བྱེད་ཡི་གེ་བརྒྱ་པ་བརྗོད། །ཆ་གཅིག་གཤེགས་ནས་དམ་ཚིག་བསྡུ། །སླར་ཡང་བཟོད་གསོལ་ཤིས་པ་བརྗོད། །མཆོད་ཆོག་སྡོམས་སུ་བསྡུས་པའོ།། སརྦ་མངྒ་ལཾ།།


previousདཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན་གྱི་རིམ་པ།next