Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
ཆོ་ག་ཉི་ཤུའི་ཁུངས་དགོད་པ།
   
   
   
  expand section
   


 
previousཆོ་ག་ཉི་ཤུའི་ཁུངས་དགོད་པ།next

ཆོ་ག་ཉི་ཤུའི་ཁུངས་དགོད་པ།


JLD008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ཉི་ཤུའི་ཁུངས་དགོད་པ་བཞུགས་སོ། །


JLD008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པར་འདོད་པས་ཡིད་ཆེས་བསྐྱེད་པའི་ཕྱིར་དུ་དང་པོར་ཚད་ལྡན་རྣམས་ཀྱིས་ཁུངས་སུ་བྱེད་པའི་ཆོ་ག་ཉི་ཤུའི་གཞུང་གི་ཁུངས་བཀོད་པ་ནི། སློབ་དཔོན་ཀླུ་བྱང་གིས་མཛད་པའི་ཆོ་ག་ཉི་ཤུ་པར། དང་པོར་ས་ནི་སྦྱང་བ་དང༌། །དེ་ནས་ས་ཡོངས་འཛིན་པ་དང༌། །ཕྱི་ནས་བགེགས་ནི་ཉེར་ཞིང་དང༌། །ཐོད་ལེ་ཀོར་གྱིས་ཐིག་གདབ་དང༌། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་གསོལ་གདབ་དང༌། །ཕྱི་ནས་སློབ་མ་ལྷག་གནས་དང༌། ། ནམ་མཁར་ཐིག་ནི་གདབ་པ་དང༌། །ཚོན་སྣ་ལྔ་ཡི་ཆོ་ག་དང༌། །ཚོན་རྩི་རྣམས་ནི་དགྱེ་བ་དང༌། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་བཞུག་པ་དང༌། །ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང༌། །དེ་ནས་སངས་རྒྱས་


JLD008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དང༌། །དེ་ནས་ཕྱག་མཚན་དབང་བསྐུར་དང༌། །བླ་མ་ལྷ་ལ་ཡོན་གཉིས་དང༌། །རྗེས་སུ་གནང་བ་སྦྱིན་པ་དང༌། །དེ་ནས་གཤེགས་གསོལ་ཆོ་ག་དང༌། །དཀྱིལ་འཁོར་ལས་ཆེད་ཕུར་པ་དང༌། །སྐུད་པ་བསྡུ་བ་ཉིད་ཀྱང་སྟེ། །རབ་བཤད་ཆོ་ག་ཉི་ཤུ་ཡིས། །ཞེས་གསུངས་པའི་ཆོ་ག་ཉི་ཤུ་འདི་ལ་བསྡུ་ཚོམས་དང༌། འདིར་བཤད་པའི་ཆོ་ག་ཉི་ཤུ་དང་གྲངས་མི་མཐུན་པ་ལ་ཁ་སྐོང་འགལ་སྤོང་ངོ༌། །དང་པོ་ལ་གསུམ། དོན་ཚན་གྱི་གོ་རིམ་གྱི་དང༌། ས་བཅད་ཀྱི་དང༌། སེམས་ཀྱི་བསྡུ་ཚོམས་སོ། །དང་པོ་ལ་ཆོ་ག་ཉི་ཤུའི་དང་པོ་གསུམ་གྱིས་ས་ཆོག་དང༌། དེ་ནས་བཞིས་སྟ་གོན་དང༌། དེ་ནས་བཅུ་གཅིག་གིས་དངོས་གཞི་དང༌། དེ་ནས་གཉིས་ཀྱིས་མཇུག་ཆོག་གོ། དངོས་གཞིའི་ཆོ་ག་བཅུ་གཅིག་ལ་གཉིས། དཀྱིལ་འཁོར་བྲི་སྒྲུབ་མཆོད་པ་དང༌། དབང་བསྐུར་བའོ། །དང་པོ་


JLD008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡེ་ཐིག་གདབ་པ་སོགས་གསུམ་གྱི་དཀྱིལ་འཁོར་འདྲི་བ་དང་། དེ་ནས་གཅིག་གིས་དཀྱིལ་འཁོར་བསྒྲུབ་མཆོད་དོ། །གཉིས་པ་དབང་བསྐུར་བ་ལ་གཉིས་ཀྱི་དེ་ནས་གཅིག་གིས་སློབ་མ་གཞུག་པ་དང༌། དེ་ནས་དྲུག་གིས་ཞུགས་པ་ལ་དབང་བསྐུར་བའོ། །དེ་ལའང་དང་པོ་གཉིས་ཀྱིས་ནི་སློབ་མའི་དབང་དང༌། དེ་ནས་གཅིག་གིས་རྡོ་རྫེ་སློབ་དཔོན་གྱི་དབང་དངོས་དང༌། དེ་ནས་གསུམ་གྱི་དེའི་མཐའ་རྟེན་བསྟན་ཅིང་། དེ་དག་ལས་གཞན་དབང་གོང་མ་གསུམ་གྱི་ཆོ་ག་ནི་རིམ་ལྔ་སོགས་ཀྱིས་ཁ་བསྐད་བའོ། །གཉིས་པ་ས་བཅད་ཀྱི་བསྡུ་ཚོམས་ལ་ས་དང༌། སྟ་གོན་དང༌། དངོས་གཞིའི་ཆོ་ག་གསུམ་གྱི་དང་པོ་སའི་ཆོ་ག་ལ། ས་སྦྱང་། ཞེས་པ་ནས། ཉེར་ཞི་དང་། ཞེས་པའི་བར་སྦྱར། འཛིན་བགེགས་ཞི་གསུམ་སྟེ། ཆོ་ག་ཉི་ཤུའི་དང་པོ་གསུམ་ནི། ས་བརྟག། བསླང་། སྦྱང༌། བཟུང༌། བསྲུང་ཞིང་བྱིན་གྱིས་བརླབ་པ་ལྔ་ཡིན་ནོ། །གསུམ་པ་དེ་དག་གི་སྡོམ་གྱི་བསྡུ་ཚམས་ནི། བརྟག་བསླང་གནང་གསོལ་དྲག་པོ་དང༌། །རྫས་སྔགས་ལྟ་བ་སྟོང་པས་སྦྱང༌། །གཏོར་མ་སྦྱིན་སྲེག་སྒྲུབ་ཐབས་བསྒོམ། །སྤྲོ་དང་སྙན་མནན་གསོལ་གདབ་གདེག །ཕྱག་འཚལ་གསོལ་གདབ་མི་སྐྱེད་ལྟ། །ང་རྒྱལ་རྐང་པ་བྱིན་རླབས་འགྲོ། །བསྐོར་ནས་བཀའ་བསྒོ་སྟངས་སྟབས་བྱ། །ཁ་སྦྱར་བདག་བསྐྱེད་ཕུར་བུ་བསྒྲུབ། །གདབ་ར་བ་སོགས་ཀྱིས་བསྲུང༌། །ས་ཆོག་སྡོམ་དུ་བསྡུས་པའོ། །གཉིས་པ་སྟ་གོན་གྱི་ཆོ་ག། །ཐོད་ལེ་ཞེས་པ་ནས། ལྷག་གནས་ཞེས་པའི་བར་གྱི་ཆོ་ག་བཞི་ལ། ལས་ཐིག་གདབ་པ། ལྷག་གནས་གསུམ་བྱ་བ། ལྷ་ལ་གསོལ་བ་གདབ་པ། ཐུགས་རྗེ་ཡི་ནི་བདག་ཅན་བདག། སློབ་མ་ལྷག་པར་གནས་པ་བཞིའི་དང་པོའི་སྡོམ་ནི།། །།གོ་རིམ་དུ་


JLD008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཁེལ་ཚུལ་ཚད། །བྱུག་བཀོད་བཞག་བསྐྱེད་མཆོད་བསྲུང་མིག །གཏོར་བཟླས་གཏོར་བསང་ས་མཛེས་བྱ། །མཆོད་བསྐྱེད་ཕྱོགས་མིག་གཟུང་བཏང་རྐང༌། །གཡས་སྐོར་སློབ་དཔོན་ནུབ་དང་ལྷོར། །གནས་ནས་ཚངས་གཉིས་མེར་གནས་ཏེ། །ཤར་དང་ལྷོ་དང་རླུང་གནས་ནས། །ནུབ་དང་བྱང་གི་རྩ་ཐིག་བཞི། ། མེ་དང་སྲིན་གནས་ཟུར་ཐིག་གཉིས། །བཟློག་གདབ་སྒོ་དབྱེ་ལྷག་མ་ལའང༌། །ཕུར་གདབ་བསྐོར་དབྱུང་གཤེགས་པ་ནི། །ཐིག་ཆོག་སྡོམ་སུ་བསྡུས་པའོ། །གཉིས་པ་ལྷག་གནས་བྱ་བ་ལ་གསུམ། སའི་ལྷ་མོ། དཀྱིལ་འཁོར་གྱི་ལྷ། བུམ་པ་ལྷག་གནས་སོ། །དང་པོའི་སྡོམ་ནི། དགུག་གདབ་ར་བ་རྡོ་རྗེའི་ས། །བསྐྱེད་བསྐུལ་བསྲེས་མཆོད་གསོལ་བ་གདབ། །ནང་བསྡམས་བྱིན་གྱིས་བརླབ་པ་ནི། །ས་ཡི་ལྷ་མོའི་ལྷག་གནས་སྡོམ། །གཉིས་པའི་སྡོམ་ནི། །བྱུག་དགྲམ་ཆས་གཞུག་རྣལ་འབྱོར་བསྒོམ། ཐེག་ལེ་སྔགས་རྟེན་བརྟེན་པ་བསྐྱེད། །གཞུག་དབང་མཆོད་ཅིང་བསྟོད་པ་ནི། །སྟ་གོན་ལྷ་ཡི་ཆོ་གའི་སྡོམ། །།གསུམ་པ་བུམ་པ་བཤམ་སྒྲུབ་གཉིས་ལ་སྡོམ་ནི། །རྒྱུ་ཆད་གྲངས་མཚན་མགུལ་ཆིངས་སྐུད། །བདུག་བསྐྲད་དགང་གཞུག་དུང་རྡོ་རྗེ། །དགོད་བསྐྱེད་གཞུག་དབང་མཆོད་བསྟོད་མྱང༌། །བཟླས་བཞུ་མཆོད་ཡོན་མེ་ཏོག་འབུལ། །མཆོད་བསང་གསོལ་གདབ་གཏོར་མ་བསྟོད། །སྦ་གཞག་བཟླས་མཆོད་བུམ་ཆོག་སྡོམ། བཞི་པ་སློབ་མ་ལྷག་གནས་ཀྱི་ཐོག་མཐའ་བར་གསུམ་དུ་བྱ་བའི་ཆོ་ག་ལ་སྡོམ་ནི། །།གསོལ་གདབ་ཀུན་སློང་ནང་དབང་དང༌། །འཛིན་གཟུག་སྡོམ་བཟུང་བྱིན་བརླབས་


JLD008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །སོ་ཤིང་ཁྱོར་ཆུ་ཀུ་ཤ་བསྲུང༌། །བྱིན་བརླབས་ཁྱོར་ཆུ་ཆོས་བཤད་བསྲུང༌། །ཉལ་གཏོར་དྲི་མཆོད་གདེག་པ་ནི། །སློབ་མ་ལྷག་པར་གནས་པའི་སྡོམ། གསུམ་པ་དངོས་གཞིའི་ཆོ་ག་ལ་གསུམ། ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ། །བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ། །བསྒྲུབ་ཤིང་མཆོད་ནད་དབང་བསྐུར་བའོ། །དང་པོ་ལ། ནམ་མཁར་ནས་དགྱེ་བ་ཞེས་སོགས་གསུམ་ལ། ཡེ་ཐིག་གདབ་པ། ཚོན་བྱིན་གྱིས་བརླན་པ། ཚོན་གྱིས་རྟེན་གྱི་དཀྱིལ་འཁོར་འདྲི་བ། དེ་ལ་ཕྱག་རྒྱ་དགོད་པ་སྟེ་བཞིའོ། །དང་པོ་སྡོམ་ནི། ཡེ་ཐིག་གི་སྡོམ་ཐིག་ཆོ་ག་སྔ་མའི་སྡོམ་གྱིས་ཤེས་པར་ནུས་གསུང་པ་ལྟར། རྗེ་བཙུན་འདུལ་བ་འཛིན་པས་སྡོམ་དུ་བསྡུས་པ་ནི། བཀོད་བསྒྱུར་གཉིས་བསྐྱེད་བཏང་བཟུང་བལྟ། གསོལ་གདབ་དགུག་བསྒྲིལ་འབྱུག་བཀོད་བཞག། །མཆོད་བསྲུང་མིག་གཏོར་བཟླས་མཛེས་མཆོད། །ཕྱོགས་མིག་བཏང་བཟུང་ནམ་མཁའ་སའོ། །གཉིས་པ་ཚོན་བྱིན་གྱིས་བརླབ་པ་སོགས་གསུམ་གྱི་སྡོམ་ནི། ། ཚོན་བསྐྱེད་དགུག་བཟླ་བལྟ་སྦར་མཆོད། །དགང་བསིལ་དང་པོར་རྩི་པ་བྲི། །ལྷག་མ་འབྲི་ཞིང་ཕྱག་རྒྱ་དགོད། །བྱུག་བསང་གཤེགས་གསོལ་ཚོན་ཆོག་སྡོམ།། །།གསུམ་པ་བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བ་ལ་གསུམ། དཀྱིལ་འཁོར་བསྒྲུབ་པ། དཀྱིལ་འཁོར་མཆོད་པ། དབང་བསྐུར་བའོ། །དང་པོ་ལ་གཉིས་ལས། ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །ཞེས་པ་ཆོ་གའི་ཉི་ཤུའི་ཆོ་ག་བཅུ་གཅིག་པ་སྒྲུབ་མཆོད་གཉིས་ཀྱི་སྡོམ་ནི། ཆས་འཇུག་བསང་བསྲུང་བདག་བསྐྱེད་སྦྱངས། །གཉིས་བསྐྱེད་གསུམ་རྩེག་བསྐུལ་བསྒོ་བསྟིམ། །སྤྱན་དྲངས་མཆོད་གསོལ་བསྐུལ་བསྟིམ་དགུག། །དབང་བསྐུར་ཕྱི་ནང་གསང་དབུལ། །ང་རྒྱལ་བསྟོད་དང་བཟླས་པ་དང༌། གཏོར་ཚོགས་


JLD008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཉེ་རེག་དང༌། །སྦྱིན་སྲེག་བསྐོར་དབུལ་སྒོ་དབྱེ་བླང༌། །ཕྱག་དང་གསོལ་གདབ་སྒྲུབ་མཆོད་སྡོམ།། །།གསུམ་པ་དབང་བསྐུར་བ་ལ་གཉིས། རང་ཉིད་ཞུགས་ནས་གསོལ་བ་གདབ་པ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །གཉིས་པ་ལ་གསུམ། དཀྱིལ་འཁོར་དུ་ཞུགས་པ། ཞུགས་པ་ལ་དབང་བསྐུར་བ། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་པོ་ལ། དེ་ནས་སློབ་མ་གཞུག་པ་དང༌། ཞེས་པ་ནི་ཆོ་ག་བཅུ་གཉིས་པའོ། །ཕྱི་ནང་གི་འཇུག་ཆོག་གི་སྡོམ་ནི། གསོལ་ འོད་གསལ་པ་ལས་ཡང་དག་འབྱུང་། །གདབ་བསང་ཞིང་ཆས་སུ་གཞུག །བྱིན་བརླབ་དྲིས་ལན་སེམས་བསྐྱེད་བསང༌། །ནང་གཞུག་སྐོར་བ་ཕྱག་ལྔ་དང༌། །དམ་བཞག་ལྔ་དང་གསོལ་གདབ་བསྐྱེད། །དགོང་སྟིམ་སྦྱང་བསྐྱེད་བསྐུལ་ཞིང་དབབ། །དྲི་བསྐོར་བདེན་བརྗོད་སྦྱིན་བཀོད་དོར། །བཅིང་དབྱེ་བལྟ་བསྐུལ་དཀྱིལ་འཁོར་བསྟན། འཇུག་ཆོག་སྡོམ་དུ་བསྡུས་པའོ།། ༈ །།གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ལ་བཞི། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བཞི་པ་བསྐུར་བའོ། །དང་པོ་ལ་གཉིས། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དང་པོ་ལ་གསུམ། ཁྲུས་སྟེགས་ཀྱི་དཀྱིལ་འཁོར་བྱ་བ། གསོལ་བ་གདབ་ཅིང་མི་ཤིས་པ་སྦྱང་བ། དེ་ལ་དབང་རིམ་གྱིས་བསྐུར་བའོ། །དང་པོ་ལ། ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང༌། ཞེས་པ་ནི་ཆོ་ག་བཅུ་གསུམ་པའོ།། གསུམ་པ་ལ་དྲུག། ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། མེ་ལོང་། མིང་དབང་ངོ་། །དེ་དག་ནི། དེ་ནས་སངས་རྒྱས་དབང་བསྐུར་དང༌། ཞེས་པ་སྟེ། ཆོ་ག་བཅུ་བཞི་པའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། དེ་དག་གི་སྡོམ་ནི། ཡོན་དབུལ་གསོལ་གདབ་སྦྱང་བ་བྱ། །ཡུངས་ཆུ་ཁམ་པོར་ལྕི་བ་དང༌། ཟན་


JLD008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཆངས་རས་ཀྱིས་བྱབས་ནས་ནི། །ཉེ་རེག་མཆོད་བདུག་སྦྱང་བའོ། །ནང་བསྐྱེད་སྤྱན་དྲང་གསོལ་གདབ་བསྐུར། །དགོད་བསྐྱེད་སྤྱན་དྲང་དམིགས་པ་བྱ། །ཤིས་བརྗོད་ཆུ་དབང་དབང་ལྷ་བསྟིམ། མཆོད་ནས་དབང་དོན་བཤད་པ་ནི། །ཆུ་དབང་སྡོམས་སུ་བསྡུས་པའོ། །བརྒྱན་ཞིང་གླུ་བླང་བསྐོར་བ་བྱ། །གསོལ་གདབ་ནང་བསྐྱེད་སྤྱན་དྲངས་གསོལ། །ནང་དབང་དགོད་བསྐྱེད་སྤྱན་དྲངས་བསྐུར། །ཆུ་དབང་ལྷ་བསྟིམ་མཆོད་ཅིང་བཤད། །སླར་བསྐྱེད་མ་གཏོགས་དབང་བཞིའི་སྡོམ།། ༈ །།གཉིས་པ་ཐུན་མོང་མ་ཡིན་པ། རྡོ་རྗེ་སློབ་དཔོན་གྱི་དབང་ལ་གཉིས། སློབ་དཔོན་གྱི་དབང་དངོས་བསྐུར་བ་དང༌། དབང་དངོས་ཀྱི་མཐའ་རྟེན་ནོ། །དང་པོ་ལ། དེ་ནས་ཕྱག་མཚན་དབང་བསྐུར་དང༌། ཞེས་པ་སྟེ་ཆོ་ག་བཅོ་ལྔ་པའོ། གཉིས་པ་ལ་གསུམ། དམ་ཚིག་བསྒྲག་ཅིང་སྔགས་གཏད་པ་དང༌། ལྷ་དང་བླ་མ་ལ་ཡོན་དབུལ་བ། རྗེས་གནང་སོགས་བྱ་བའོ། །དེའི་གཉིས་པ་ནི་ཆོ་ག་བཅུ་དྲུག་པ་དང་བཅུ་བདུན་པ་དང༌། གསུམ་པ་རྗེས་གནང་ནི་ཆོ་ག་བཅོ་བརྒྱད་པ་སྟེ། བླ་མ་ལྷ། ཞེས་སོགས་རྐང་པ་གཉིས་པོ་དེ་དག་གི་སྡོམ་ནི། ཡོན་དབུལ་གསོལ་གདབ་ཕྱག་མཚན་བཞི། །ཁྲིར་བཞག་ནང་དགོད་དམ་ཚིག་སྦྱིན། །དབང་དངོས་ཆུ་དབང་དགོད་ཅིང་མཆོད། །དམ་བསྒྲག་སྔགས་དབང་ཡོན་དབུལ་གཉིས། འཁོར་ལོ་དུང་གླེགས་དྲིལ་བུ་མངའ། །རལ་གྲི་བརྟན་བྱེད་ཕྲེང་སོགས་བླང༌། བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་ནི། །སློབ་དཔོན་དབང་གི་སྡོམ་ཡིན་ནོ། །གཉིས་པ་འདིར་ཆོ་ག་ཉི་ཤུ་བསྡུས་པ་དབང་གོང་མ་གསུམ་གྱི་དང་པོ་གསང་དབང་བསྐུར་བ་ལ་གསུམ། ཡོན་ཕུལ་ཏེ་བསྟོད་ཅིང་གསོལ་བ་གདབ་པ། དམ་ཚིག་བསྟན་པ་དབང་དངོས་བསྐུར་བ། དབང་གི་དག་པ་སྦྱིན་པའོ། །དེ་དག་གི་སྡོམ་ནི། ཡོན་དབུལ་


JLD008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་གསོལ་དམ་ཚིག་སྦྱིན། གཉིས་བསྐྱེད་འདུ་བྱ་སྤྱན་དྲངས་མྱང༌། རྫས་སྦྱིན་བཏུང་སྤྲད་ཤིས་བརྗོད་བསྐུར། དག་པ་སྦྱིན་པ་གསང་དབང་སྡོམ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་བཞི། ཡོན་དབུལ་ཞིང་གསོལ་བ་གདབ་པ། དབང་དངོས་བསྐུར་བའི་ཆོ་ག། དབང་གི་ཡེ་ཤེས་ངོ་སྤྲད་པ། དབང་གི་དག་པ་སྦྱིན་པའོ། །དེ་དག་གི་སྡོམ་ནི། ཡོན་དབུལ་གསོལ་གདབ་བྱིན་རླབས་གཏད། ཤིས་བརྗོད་དྲིས་ལན་སློབ་མ་བསྐྱེད། གསོལ་གདབ་འདུ་བྱ་སྤྱན་དྲང་བསྟིམ། །དགའ་ཙམ་ངོ་སྤྲོད་བཏུང་དགྱེས་བརྗོད། །དབང་གི་དག་པ་སྦྱིན་པ་ནི། ཤེས་རབ་ཡེ་ཤེས་དབང་གི་སྡོམ། །བཞི་པ་དབང་བཞི་པ་བསྐུར་བ་ལ་གསུམ། མཎྜལ་ཕུལ་ཏེ་གསོལ་བ་གདབ་པ། དབང་བཞི་པ་བསྐུར་བ། དག་པ་བྱིན་ཞིང་ཡོན་དབུལ་བའོ། །དེ་དག་གི་སྡོམ་ནི། ཡོན་གསོལ་གསུམ་པ་དཔེར་བྱས་ཏེ། །ཡན་ལག་བཞི་པ་འབྲས་བུའི་དབང༌། །བཞི་པར་ངོ་སྤྲད་དག་པ་སྦྱིན། གསུམ་པ་དཀྱིལ་འཁོར་གྱི་འཇུག་གི་ཆོ་ག་ལ་གཉིས། ཉེ་བར་བསྡུད་པའི་ཆོ་ག་དང༌། ཚོན་དང་ཕུར་བུ་སོགས་སྡུད་པའི་ཆོ་གའོ། །དེ་གཉིས་ལ། དེ་ནས་གཤེགས་གསོལ་ནས་ཆོ་ག་ཉི་ཤུ་ཡིས། །ཞེས་པ་སྟེ། ཉེར་བསྡུ་དང་ཕུར་བུ་དང་སྐུད་པ་སྡུད་པ་སྟེ། དེ་གཉིས་ནི་ཆོ་ག་བཅུ་དགུ་དང་ཉི་ཤུ་པའོ། མཇུག་ཆོག་གི་སྡོམ་ནི། སྦྱིན་སྲེག་མཆོད་བསྟོད་མཆོད་གཏོར་བྱ། །ཕྱག་མཆོད་སྨོན་ལམ་སྐོར་དང་ཞིང༌། བཟོད་གསོལ་གསོལ་གདབ་གཤེགས་གསོལ་བསྡུ། །ཚོན་བསྡུ་ཆུ་དོར་གཏོར་ཤིས་བརྗོད། །དབྱུང་བཀྲུ་དགང་གཤེགས་བཞག་བསང་བཞག །མཆོད་གཏོར་བསྡུ་དང་གཤེགས་སུ་གསོལ། །མཇུག་ཆོག་སྡོམ་སུ་བསྡུས་པའོ། །ལྷ་དབང་བསྐུར་ལ་རབ་གནས་སྡོམ་ཚིག་ལ། །རབ་


JLD008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྤྱི་སྡོམ་དངོས་གཞིའི་ཆོ་ག་གཉིས། །དང་པོ་སྦྱིའི་སྡོམ་ནི། རབ་གནས་བྱས་པའི་ཕན་ཡོན་དང༌། མ་བྱས་ཉེས་དམིགས་བྱེད་པ་པོ། །བྱ་བའི་ཡུལ་དང་དུས་དང་གནས། ཆོ་ག་རབ་གནས་སྤྱི་ཡི་སྡོམ། །རྒྱས་འབྲིང་བསྡུས་པའི་དབྱེ་བ་ཡིས། །རབ་གནས་ཆོ་ག་གསུམ་དུ་འདོད། །དཀྱིལ་འཁོར་དག་ཏུ་མ་ཞུགས་ལ། །དབང་བསྐུར་བ་ནི་བཀག་ཕྱིར་དང༌། དབང་བསྐུར་བ་ནི་འབྲིང་བསྡུས་ལ། །མེད་ཕྱིར་མདུན་བསྐྱེད་དཀྱིལ་འཁོར་ནི། །རྒྱས་ལས་གཞན་ལ་མི་དགོས་སོ། །འོན་ཀྱང་རྒྱས་དང་འབྲིང་པོ་གཉིས། །ཁྲུས་ལ་སོགས་པ་འདྲ་བའི་ཕྱིར། །འབྲིང་ལའང་བུམ་པ་ལྷག་གནས་བྱ། །རྟེན་བསྐྱེད་པ་དང་དཀྱིལ་འཁོར་གཞུག། ཁྲུས་སྟེགས། འབྲིང་པོ་ལ་དེ་ནས་གོས་བརྒྱན་ཁྲུས་ཞེས་པའི་བར་སྟ་གོན་གྱི་ཆོ་ག་ལས་སོ། བརྒྱན་ཅིང་ཁྲུས་དཀྱིལ་བྲི། །སྟན་ཁྲུས་ལ་དཀྱིལ་གྱི་རྟེན་བཞག་འབྲིང་པོ་ལ་འདིར་གསོལ་འདེབས་སེམས་བསྐྱེད་རྟེན་བསྐྱེད་དེ། ཆུ་བཞི་དབུལ། འདིར་རབ་གནས་འབྲིང་པོའི་སྡོམ་ལ་བདག་བསྐྱེད་བུམ་པ་ལྷག་གནས་བྱ། གཏོར་མ་ཡུངས་དཀར་དང་ཆུ་དང་ཁམ་ཕོར་ དཀར་པོ་བཞི་དང་བ་ལྕི། འི་ ཟན་ཆངས་བཞི་དང་རས་སོགས་ཀྱིས་བྱ་བས་ནས་ནི། ཉེ་རེག་མཆོད་པ་དུག་སྦྱང་བའོ། བའི་རིམ་སྙན་གསན་བཅོམ་ལྡན་འདས་བདུད་རྩི་ལྔ་བའི་བ་བྱུང་ལྔ་ཆུ། །དྲི་ཞིམ་ཤིང་ཤུན་ལྔ་འབྲུ་མར་སྐུ་རུ་ར། །ཡུང་བ་དྲི་ལྡའི་ཕྱེ་མ་རྣམས། །དུར་སྔོན་པིར་གྱིས་བྱུགས་ནས་སུ། །དྲི་དང་མངར་གསུམ་ཞོ་དང་ནི། །འབྲས་བུ་འབྲུ་དང་འབྲས་ཡོས་དང༌། སྨན་དང༌རིན་ཆེན་སྣ་ཚོགས་ཀྱི། །ཁྲུས་བུམ་བརྒྱད་ཀྱིས་རིམ་བཞིན་བཀྲུ། །ལྷ་རྣམས་སྤྱན་དྲངས་བཀྲ་ཤིས་གླུ། །སྔོན་བྱས་ལྷ་ཡི་བུམ་པའི་ཆུས། །བཀྲུ་ཁྱོད་ནི་སྦྱིན་དབྱི་དེ་དག་སྐུ་དྲི་དང་སྟོང་གསུམ་ཀུན་གོས་དང་སྣ་ཚོགས་དབང་བརྒྱན། །བདེ་གཤེགས་སྐུ་ཁྲུས་འདི་ནི་ཁྲུས།


JLD008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་སྦྱན་དྲངས་མཆོད་དག་ཅིང་དྲི་ཐུགས་རྗེ་ཡི་ནི་གསོལ་གདབ། །མཆོད་ཨོཾ་ལྷ་ཡི་ཕྱག་ཨོཾ་སརྦ་ཏ་ཐཱ་ག་བསྟོད་འགྲོ་བ་རྒྱུད་ལྔ་གཤེགས་ཨོཾ་བཛྲ་སྙན་གསན་ནོ། །གྱི་རིམ་པའོ་ཐུགས་དབུ་ གནས་ལྔར་མགུལ་སྤྱན་གཉིས་སྤྱི་གཙུག་དྲིས་བྱུགས་མཆོད་ནས་ནི། ལག་པས་ རྡོ་རྗེ་དང་བཅས་བའི་རེག་ཅིང་སྔགས་བཟླས་ རང་རང་གི་ལས་ཐམས་ཅད་པའི་བསྲུང༌། ཕྱོགས་སྐྱོང་བཅོ་ལྔ་ གཏོར་མ་བཏང་བ་སྟ་གོན་ནོ། །བསྐྱེད་བདག་མདུན་དཀྱིལ་འཁོར་སྔོན་བྱས་ནས། དམ་ཚིག་པ་སླར་ཡང་སྔར་བཞིན་རྟེན་བསྐྱེད་དེ། །ཆུ་བཞི་ནས་ནི་རྒྱན་དབུལ་བར། །སླར་ཡང་སྔ་མ་བཞིན་དུ་བྱ། །འབྲིང་པོ་ལ་འདི་ནས་གཞུག་གི་བར་དངོས་བཞིའི་ཆོ་ག་ལས་སོ། །གསོལ་བ་གདབ་ཅིང་སེམས་ངོ་མཚར་ཆེན་པོ་ བསྐྱེད་དེ། རྒྱས་པར་ན་མིག་དང་སྐུ་དང་གསུང་ཐུགས་སོགས་བྱིན་གྱིས་བརླབས། །མ་ལུས་བཅོམ་ལྡན་ ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །ཐུགས་རྗེ་ཡི་ནི་ གསོལ་གདབ་དམ་ཚིག་པ་ལ་གཞུག །དབང་བསྐུར་རིགས་བདག་གིས་རྒྱས་གདབ་ཅེས་པ་འབྲིང་པོ་ལའོ། །དབང་ལྷ་སྤྱན་དྲངས་གསོལ་བཏབ་ནས། །ནང་དབང་བྱས་ཏེ་ཆུད་དབང་བསྐུར། །དེ་བཞིན་ཅོད་པན་རྡོ་རྗེ་བདག །མིང་དབང་བསྐུར་བ་སློབ་མའི་དབང༌། །བསྐུར་བ་རྣམས་དང༌། སློབ་དཔོན་གྱི་དབང་གི་མཐར་ཆུ་དབང་ཡང་བསྐུར། །རྒྱས་གདབ་ལྷ་བསྟིམ་བུམ་དབང་ངོ་། །གཉིས་པ་ གསང་བ་ཤེས་དང་གསུམ་པ་རབ་ཡེ་ཤེས་དང༌། བཞི་པ་རྣམས་ཀྱང་སློབ་མ་ལ་བསྐུར་བ་བཞི། །རང་རང་གི་དཀྱིལ་བཞིན་བསྐུར་བར་བྱའོ། །དབང་བསྐུར་དངོས་བཞིའི་ཆོ་གའོ། །འབྲིང་པོ་ལ་ནི་ལན་འཇུག་ཆོག་ལས་སོ། མཆོད་ལྷ་ཡི་མཆོད་ཡོན། །བསྟོད་མི་བསྐྱོད་རྡོ་རྗེ་


JLD008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྲབ་འཇམ་ཡངས་གོས་རྒྱལ་བ་མཚན་རྒྱན་ ཆོས་རྣམས་གཟུགས་བརྙན་མེ་ལོང་བསྟན། །རྒྱས་པའི་སྦྱིན་སྲེག་ཇི་ལྟར་མིག །དབུལ་ཞིང་སྤྱན་དབྱེ་ འོ་ཐུག་སྒྲུབ་ སོགས། །བཤོས་དང་ཞལ་ཟས་དབུལ། ཞལ་བསིལ་ འདིར་ཞལ་བསིལ་ མཆོད་ཡོན་སོ་རྩི་དབུལ། མཆོད་ཡོན་སོ་རྩི་དབུལ་ཞེས་པ་རྐང་པ་གཅིག་དང༌། མངའ་དབུལ་བརྟན་བཞུགས་ཞེས་པའི་རྐང་པ་གཉིས་ཀྱི་ཚབ་ཏུ། དམ་བསྒྲག་ གཟུགས་བསྒྱུར་མངའ་དབུལ་བྱ། ཤིས་བརྗོད་བརྟན་བཞུགས་བསྟོད་དང་སྦྱང་། ཞེས་པ་ཡོད་དོ། །དམ་བསྒྲག་ ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཿ ཨཱ་ གཟུགས་བསྒྱུར་ རྣམ་པར་ རང་རང་གི་སྔགས་བརྗོད་ཅིང་ལུགས་མ་དང་བྲིས་སྐུ་གང་ཡིན་དེའི། མངའ་དབུལ་བྱ། འཇིག་རྟེན་འདི་དང༌། ཤིས་བརྗོད་ ཇི་ལྟར་སངས་རྒྱས་ བརྟན་བཞུགས་ མི་བསྐྱོད་རྡོ་རྗེའམ་ བསྟོད་དང་ སྣང་སྟོང་རྡོ་རྗེ་ སྦྱང་། ཡི་གེ་བརྒྱ་པ་བཟོད་གསོལ་ གང་ཡང་བདག་བློ་ ཆོས་སྐྱོང་ མེ་དང་ས་ཆུ་རླུང་ ཡོན་བདག་བསྒོ། སྐུ་གཟུགས་དག་ནི་མངའ་དབུལ་སྤྱི་དང་བྱེ་བྲག་གཉིས། ཆུ་བཞི་ཉེར་སྤྱོད་ འདོད་ཡོན་ལྔ། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱས་ ཁུས་ གོས་ བརྒྱན། ། འདོད་ཡོན་རིན་ཆེན་བདུན་དང་བཅུད། །གདུགས་སོགས་འབྲུ་དང་རིན་ཆེན་ལྔ། །སྨན་དང་བཀྲ་ཤིས་སྤྱི་ཡིའོ། །བྱེ་བྲག་མངའ་དབུལ་རྣམ་པ་གསུམ། །སྐུ་གཟུགས་གླེགས་བམ་མཆོད་རྟེན་ནོ། །སྤུ་གྲི་འདྲེག་སྤྱད་སོ་མངས་དང༌། །ཤངས་དབྱེ་ཚེམས་ཤིང་སྙན་ཞལ་དབྱེ། །ཁྲི་གོས་གླེགས་སིང་གླེགས་ཐག་གོ། སྲོག་ཤིང་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུག་དང་ཕྲེང་བ་གདན། །མངའ་དབུལ་བྱེད་པའི་གོ་རིམས་ནི། །དཀྱིལ་འཁོར་ཁྲུས་དབྱི་དྲི་ཡིས་བསྒོ། །གོས་རྒྱན་འདྲེག་སྤྱད་སོ་མངས་དང༌། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །འབྲུ་དང་རིན་ཆེན་སྨན་སྙིང་པོ། །


JLD008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ཚེམས་ཤིང་ཞལ་བསིལ་དང༌། །སོ་རྩི་གདུགས་སོགས་སྤྱི་ཡིའོ། །རབ་གནས་ཆོ་ག་འབྲིང་པོའི་སྡོམ། བདག་བསྐྱེད་བུམ་པ་ལྷག་གནས་བྱ། །ཁྲུས་སྟེགས་རྒྱན་བྲི་གསོལ་གདབ་སེམས་བསྐྱེད་རྟེན་བསྐྱེད་དེ། །སྟན་ལ་རྟེན་བཞག་ཆུ་བཞི་དབུལ། །གཏོར་མ་ ཡུངས་ཆུ་ ཁམ་ཕོར་ལྕི། །ཟན་ཆངས་རས་ཀྱིས་བྱབས་ནས་ནི། །ཉེ་རེག་ མཆོད་ བདུགས་ སྦྱང་བ་འོ། །སྙན་གསན་ བདུད་རྩི་ བ་བྱུང་ཆུ། །ཤིང་ཤུན་ འབྲུ་མར་སྐྱུ་རུ་ར། །ཡུང་བ་དྲི་ལྔའི་ཕྱེ་མ་རྣམས། །དུར་སྔོན་པིར་གྱིས་བྱུགས་ནས་སུ། །ལྷ་རྣམས་སྤྱན་དྲངས་བཀྲ་ཤིས་གླུ། །སྔོན་བྱས་ལྷ་ཡི་བུམ་པའི་ཆུས། །བཀྲུ་དབྱི་དྲི་དང་གོས་རྒྱན་ཁྲུས། །མིག་དང་སྐུ་སོགས་བྱིན་གྱིས་བརླབས། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་གདབ་དམ་ཚིག་པ་ལ་གཞུག །དབང་བསྐུར་རིགས་བདག་གིས་རྒྱས་གདབ། །མཆོད་བསྟོད་གོས་རྒྱན་མེ་ལོང་བསྟན། །སྦྱིན་སྲེག་དབུལ་ཞིང་སྤྱན་དབྱེ་སོགས། །ཞལ་བསིལ་མཆོད་ཡོན་སོ་རྩི་དབུལ། །དམ་བསྒྲག་གཟུགས་བསྒྱུར་མངའ་དབུལ་བྱ། །འབྲིང་པོའོ་ མངའ་དབུལ་བྱེད་པའི་གོ་རིམས་ནི། །ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་སྣ་བཅུན་བཅུད། །གདུགས་སོགས་འབྲུ་དང་རིན་ཆེན་ལྔ། །སྨན་དང་བཀྲ་ཤིས་སྤྱི་ཡའོ། །སྦུ་གྲི་འདྲེག་སྤྱད་སོ་མངས་དང༌། །ཤངས་དབྱེ་ཚེམས་ཤིང་སྙན་ཞལ་དབྱེ། །ཁྲི་གོས་གླེགས་ཤིང་གླེགས་ཐག་གོ།


JLD008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཤིང་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཤིས་བརྗོད་བརྟན་བཞུགས་བསྟོད་དང་སྦྱང༌། །བཟོད་གསོལ་ཆོས་སྐྱོང་ཡོན་བདག་བསྒོ། །ཡོན་དབུལ་འབྲིང་གི་ཆོ་ག་འོ། །དེ་ལྟར་ཆོ་གའོ། །དེ་ལྟར་ཆོ་གའོ། །དེ་ལྟར་ཆོ་ག་མཐུན་པ་རྣམས། །ལན་ཅིག་བྱས་ན་ཉིན་གཅིག་ཀུན། །སྦྱིན་བདག་འབྱོར་པ་དམན་ན་བྱ། །འབྱོར་ལྡན་ལ་ནི་སྔར་བཤད་བཞིན། །ཀུན་བྱེད་ཆོ་ག་རྒྱས་པའོ།། ༈ །། རབ་གནས་བསྡུད་པ་བྱེད་པ་ནི། །སྔོན་འགྲོ་གཏོར་མ་མཆོད་རྫས་རྣམས། །བསང་སྦྱང་བསྐྱེད་ནས་བྱིན་གྱིས་བརླབས། །བདག་བསྐྱེད་བསྒོམས་ནས་བུམ་པ་བསྒྲུབ། །རྟེན་བསྐྱེད་ ཆུ་བཞི་སྦྱང་བ་བྱ། །བཀྲུ་ ལྷ་བུམ་དང་ཁྲུས་བུམ་བརྒྱད་ཀྱིས། དབྱི་སྐུ་སོགས་བྱིན་གྱིས་བརླབས། །ཡེ་ཤེས་སྤྱན་དྲངས་སྙན་གསན་དབབ། །གཞུག་ཅིང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་ནས་ནི་རྒྱས་གདབ་པོ། །ཉེར་སྤྱོད་གོས་ཟུང་སྤྱན་དབྱེ་བྱ། །དམ་ཚིག་བསྒྲག་ཅིང་གཟུག་བསྒྱུར་ལ། །ཉེར་སྤྱོད་བརྟན་བཞུགས་གནས་གསུམ་རེག །བསྟོད་ཅིང་ཡི་གེ་བརྒྱ་པ་གདོན། །བཟོད་པར་གསོལ་ཞིང་ཆོས་སྐྱོང་བསྒོ། །ལྷག་མ་བཀྲ་ཤིས་རབ་རྒྱས་བཞིན། །བྱའོ་དཔལ་ལྡན་འདུས་པ་ཡི། །སྒོ་ནས་རབ་གནས་བྱེད་ལུགས་ནི། །དཔལ་ལྡན་བླ་མའི་ཕྱག་ལེན་ནོ། །འདི་ནས་བདག་བསྐྱེད་རྟེན་བསྐྱེད་སྦྱང་བ་བྱ། །སྐུ་སོགས་བྱིན་བརླབ་ཡེ་ཤེས་དྲངས། །བསྐྲད་གཞུག་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་རིགས་བདག་གིས་རྒྱས་གདག། །སྤྱན་དབྱེ་མཆོད་བསྟོད་གཟུགས་བསྒྱུར་བྱ། །ཤིས་པ་བརྗོད་དང་བརྟན་བཞུགས་བྱ། །སླར་ཡང་ཤིས་པ་བརྗོད་པའོ། །ཞེས་པ་འདི་བཞིན་འབྱུང་ངོ་། ། ༈ །།བཤམ་ཚུལ་དགོད་དང་འབུལ་


JLD008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམས། །འཇམ་གསུམ་བསྲེག་རྫས་མཆོད་རྫས་གཡས། །དྲག་ལ་དེ་ལས་ལྡོག་པར་བཤམ། དེ་རྒྱས་བཤད་ནི། ཕྱི་དང་རིམ་བཞིན་བསྲེག་རྫས་དང༌། །འཇིག་རྟེན་པ་དང་འདས་པ་ཡི། །མེ་ལྷའི་མཆོད་པ་དང་ལྷའི་མཆོད་པ། །ཉེར་སྤྱོད་ཚར་གཉིས་དང་པོའི་མཐར། ། འཇིག་རྟེན་པའི་གཏོར་མ་ཤ་ དང་པ་ཅིག་བཤམ་བཅས་རང་གི་གཡས། སུ་བཀོད། དགང་བླུགས་ནང་མཆོད་རྡོར་དང་དྲིལ་དང༌། །བདག་བསྐྱེད་མཆོད་པ་མདུན་ ཉེར་སྤྱོད་ལྔ་དང་ནང་མཆོད་ དང་ནི། །བསང་ཆུ་ ཆུ་བཞི་ བཟེད་ཞལ་གཡོན། །དྲག་ལ་དེ་ལས་ལྡོག་སྟེ་བཤམ། མོ། །རང་དང་ཐབ་ཀྱི་མཚམས་སུ་མཐོར་ཡབ་དང་བཅས་པ་ལས་གཞན་ཆོ་གའི་དམིགས་བསལ་ལོ། །དང་པོ་སྔོན་ དངོས་ མཇུག་ཆོག་སྡོམ། དང་པོ་ལ་བདག་བསྐྱེད་ཀྱི་སྡོམ་ནི། ཇི་ལྟར་སྒྲུབ་པའི་རབ་བྱེད་ལ། བདག་བསྐྱེད་ ཡན་ལག་ བདག་བསྐྱེད་དངོས། ཡན་ལག་ལྟ་ཕྱོགས་དང་ འདུག་སྟང་དང་། བསམ་པ་ ཆས་གོས་ རྒྱན་ཆ་ དུས་ལས་བཞིའི་སྐབས་དབང་གིས་ཤེས་བྱ་གཉིས་པ་ཆོ་གའི་རིམ་པ་ལ་གཉིས། སྤྱིར་བཏང་ ཞི་བའི་ཆོ་ག་དང༌། །ལས་མཐུན་ཕྱོགས་ལྟ་འདུག་སྟངས་བྱ། །ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས། །བསང་ སྦྱང་ བསྐྱེད་དང་ བྱིན་གྱིས་བརླབས། །ལས་མཐུན་བདག་བསྐྱེད་རྫོགས་པར་བསྒོམ། །ཆུ་གཉིས་ཕྱི་ནང་བདུད་རྩིས་བསྟོད། །རྡོར་དྲིལ་དེ་ཉིད་དྲན་བཞིན་བཟུང༌། །སངས་རྒྱས་མཉེས་སམ་རྡོ་རྗེ་གསོར། ། གསོར། དཀུར་བཟུང་གནས་བརྒྱད་དཀྲོལ། །བདག་ཉིད་ ཐབ་རྫས་ དགང་བླུགས་སོགས། །ཆུ་བཞི་ ཉེར་སྤྱོད་ རོལ་མོར་བཅས། །བསང་ཞིང་ ཁྱད་པར་མཆོད་རྫས་རྣམས། །སྦྱང་ བསྐྱེད་ སྔགས་རྒྱས་བྱིན་གྱིས་བརླབས། རྫས་བཀྲུས་སྦྱངས་ཏེ་བདུད་རྩིར་བསམ། མེ་བཞག་


JLD008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཞུན་སྤར་ དེས་ཤིང་སྦར། རྩ་བཅས་གནས་ཀྱི་གསུམ་གསུམ་བསང༌། །ཐབ་ཏུ་མེ་སྦར་ལན་བདུན་གསོ། །ཀུ་ཤ་ བྱིན་རླབས་ དགྲམ་ ཞིང༌གསོལ། །གཉིས་པ་དངོས་གཞིའི་ཆོ་ག་ལ་གསུམ། ཐོག་མར་འཇིག་རྟེན་པའི་མེ་ལྷ་དང༌། བར་དུ་འཇིག་རྟེན་ལས་འདས་པའི་མེ་ལྷ་དང༌། ཐ་མར་འཇིག་རྟེན་པ་མཆོད་པའི་ཆོ་གའོ། །དང་པོ་ལ་གསུམ་ ཡོད་པའི་དང་པོ། ཐབ་དང་མེ་ལྷ་བསྐྱེད་ཅིང་ཡེ་ཤེས་པ་དང་བསྲེ་བའི་སྡོམ་ནི། བསང་ སྦྱང་ ཐབ་དང་མེ་ལྷ་བསྐྱེད། ཡེ་ཤེས་སྤྱན་དྲངས་ཁ་ཁྱེར་བཞུགས། བགེགས་བསྐྲད་ཆུ་བཞིས་མཆོད་ནས་གཞུག། །གཉིས་པ་མཆོད་ཅིང་བསྟོད་དེ། དམ་ཚིག་བསྒྲག་པའི་སྡོམ་ནི། ཆུ་བཞི་ཕྱི་ནང་གཉིས་ཀྱིས་མཆོད། །བསྟོད་དེ་དམ་ཚིག་ལན་གསུམ་བསྒྲག །གསུམ་པ་བསྲེག་རྫས་ཕུལ་ནས་སླར་ཡང་མཆོད་པའི་སྡོམ་ནི། ཡི་གེ་བཀོད་ནས་དགང་བླུགས་དབུལ། ། ཁ་དོག་སྒྲ་དྲི་དབྱིབས་བཞི་ཡིས། མེ་ལྟས་བཟང་ངན་ཀུན་བརྟགས་ཏེ། །ངན་ན་བསང་བསྲུང་དགང་བླུགས་དབུལ། །སླར་ཡང་བསང་ཞིང་དགང་བླུགས་གསོ། །སྲེག་རྫས་ཞལ་བསིལ་བསང་གཏོར་དབུལ། །གསུམ་པ་འཇིག་རྟེན་ལས་འདས་པ་མེ་ལྷའི་མཆོད་པ་ལ་སྡོམ་མཚན་གསུམ་ཡོད་པའི་དང་པོ་རྫས་ཀྱི་སྡོམ་ནི། ཆུ་བ། ཉེར་སྤྱོད་རོལ་མོར་བཅས། །བསང་ སྦྱང་ བསྐྱེད་དང༌ བྱིན་གྱིས་བརླབས། །རྫས་བཀྲུས་སྦྱད་ཏེ་བདུད་རྩིར་བསམ། གཉིས་པ་ལྟས་ལྷ་བསྐྱེད། དྲང་དགུག་བསྟིམ་མཆོད་བསྟོད་སོགས་ཀྱི་སྡོམ་ནི། ཐུགས་ཀར་ལྷ་བསྐྱེད་ཡེ་ཤེས་དྲང༌། །བགེགས་བསྐྲད་མཆོད་ནས་དགུག་སོགས་བྱ། །དབང་ལྷ་སྤྱན་དྲངས་མཆོད་ནས་ནི། ། དབང་བསྐུར་རྒྱས་དབང་དེ་ཉིད་བསྟིམ། ཆུ་བཞི་ཕྱི་ནང་མཆོད་ནས་བསྡོད། གསུམ་པ་བསྲེག་རྫས་ཕུལ་ནས་བཅོལ་མཆོད་བསྟོང་སོགས་


JLD008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡོམ་ནི། ཡི་གེ་བཀོད་ནས་དགང་བླུགས་དང༌། །བསྲེག་རྫས་ཕུལ་ནས་དགང་བླུགས་དབུལ། །བུམ་ཆུས་བསྒྲུབ་བྱ་བཀྲུས་པར་བསམ། །མཆོད་ཡོན་གསང་གཏོར་ཞལ་བསིལ་གོས། །སོ་རྩི་ཕྱི་ནང་བསྟོད་ཕྱག་ཡོན། །བཟོད་གསོལ་གསོལ་འདབ་ཉེས་པ་ཞི། །བསྐུལ་དང་གཤེགས་གསོལ་གདབ་ལ་བསྡུ། །གསུམ་པ་མཐར་འཇིག་རྟེན་པའི་མེ་ལྷའི་མཆོད་པའི་སྡོམ་ནི། །ཕྱི་ནང་གསང་གཏོར་ཞལ་བསིལ་དང་། །སོ་རྩི་སོགས་དང་དགང་བླུགས་དང༌། །བསྲེག་རྫས་བསྟོད་པ་ཞལ་བསིལ་བསང༌། །ཕྱི་ནང་གཏོར་མ། ཉེར་སྤྱོད་དང༌། །བསྟོད་ཅིང་བཅོལ་ནས་མཆོད་ཡོན་དབུལ། །བཟོད་གསོལ་གསོལ་གདབ་ཉེས་པ་ཞི། །བསྐུལ་དང་གཤེགས་གསོལ་མེ་རུ་གྱུར།། །།སརྦ་མངྒ་ལ། །


previousཆོ་ག་ཉི་ཤུའི་ཁུངས་དགོད་པ།next