Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
  expand section
   
དཔལ་ཁྲག་འཐུང་གི་རྒྱལ་པོས་འཁོར་ལོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ།


 
previousདཔལ་ཁྲག་འཐུང་གི་རྒྱལ་པོས་འཁོར་ལོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ།no next

དཔལ་ཁྲག་འཐུང་གི་རྒྱལ་པོས་འཁོར་ལོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ།


JLD008_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲག་འཐུང་གི་རྒྱལ་པོས་འཁོར་ལོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ་ཞེས་བྱ་བ་བཞུགས་སོ།


JLD008_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱ་ཧེ་རུ་ཀ་རཱ་ཛཱ་ཙ་ཛཱ་ཙཀྲ་སཾ་བར་བྷི་དྷ་ན་ཡོ་གི་ནི་རུད་ཏ་ར་སརྦ་ཏན་ཏྲོད་ཏ་ར་སཾ་བར་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། དཔལ་ཁྲག་འཐུང་གི་རྒྱལ་པོ་འཁོར་ཨོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐབས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ་ཞེས་བྱ་བ། ༈ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །དེ་ནས་དེ་ལས་གསང་ཆེན་བཤད་པ་བྱ། །མདོར་བསྡུས་པ་སྟེ་རྒྱས་པ་མིན། ༈ །ཤྲཱི་ཧེ་རུ་ཀར་ཡང་དག་སྦྱོར། །བླ་མ་ལས་ཀྱན་བླ་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ༈ །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ༈ མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་


JLD008_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བདེ་བའི་མཆོག །འདི་ནི་རང་འབྱུང་བཅོམ་ལྡན་དཔའ་མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། ༈ །འབྱུང་བ་སྦྲ་ཚུལ་ལས་བྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། ༈ །ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། ༈ བསྲུབ་བྱ་སྲུབ་བྱེད་ཡང་དག་སྦྱོར། །ཇི་ལྟ་བ་ནི་དེ་བཞིན་ཏེ། ༈ །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྣལ་འབྱོར་བླ་ན་མེད་པ་ཡི། །རྒྱུན་ནི་བཤད་ཀྱིས་གཉན་པར་གྱིས། ༈ །དབུས་འབྱིན་བར་མ་མཆོག་དག་དང་། །དྲི་ཡི་ཆུ་དང་བཅས་པས་ཀྱང་། །རྣལ་འབྱོར་དུས་ཀྱི་ཁྱད་པར་གྱིས། །རིགས་ལྡན་རྟག་ཏུ་མཆོད་པར་གྱ། ༈ །ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་པ། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པ་


JLD008_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནོ་དངོས་གྲུབ་བྱ། རང་རྫས་ཐིག་ལེས་སངས་རྒྱས་དང་། བྱང་ཆུབ་སེམས་དགའ་མཆོད་པར་བྱ། ༈ མཐོང་བ་དང་ནི་རེག་པ་དང་། ཐོས་པ་དང་ནི་དྲན་པ་ཡིས། སྡིག་པ་ཀུན་ལས་གྲོལ་འགྱུར་བ། དེ་ལྟ་ཉིད་དུ་ཐེ་ཚོམ་མེད། རྣལ་འབྱོར་བ་ཉིད་བསོད་ནམས་མཆོག དག་བྱེད་སྡིག་པ་འཇིག་བྱེད་པ། གསང་སྔགས་ཟློས་པའི་བཟླས་བརྗོད་དང་། བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། ༈ ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །དམ་ཚིག་རྟག་དུ་བསྐྱང་བར་བྱ། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། ༈ སྦྲང་རྩི་མཚལ་དང་ག་པུར་བཅས་དང་། ཙན་དན་དམར་པོ་དང་སྦྱར་བ། ཚོགས་ཀྱི་ནང་དུ་བཞག་པ་ནི། རྡོ་རྗེ་ཀུན་མཚན་མཚན་མ་འཛིན། སྦོམ་པོ་མཐའ་ལྟག་རྩེ་སྦྱར་བས། རྣལ་འབྱོར་རིག་པས་རྟག་ཏུ་སྤྱད། ཞི་བའི་བཏུང་བ་བཞིན་མྱངས་ན། དངོས་གྲུབ་རྟག་པ་ཐོབ་པར་འགྱུར། འདི་ནི་ཆི་འཆིས་ཅུ་ཕྱེད་འགྱུར། དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན། ༈ །མཆོད་བཞི་དཔའ་བོ་ཆནེ་པོ་ནི། །ཡིད་ལ་འདོད་པ་བྱེད་པ་སྟེ། །དབང་གཉིས་སྙོམས་པར་འཇུག་པ་ཡི། །སྙོམས་པར་ཞུགས་པའང་དེ་ཉིད་འཛིན། །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡིས། །དེ་ལྟ་བུར་ནི་བྱེད་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། ༈ །རི་བོ་ཚང་ཚིང་ལྗོངས་སམ། །ཆུ་བོ་ཆེན་པོའི་ངོགས་དག་དང་། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། ༈ དཔལ་ཧེ་རུ་ཀར་བརྗོད་པ་ལས། །དཀྱིལ་འཁོར་ལ་འཇུག་པའི་ལེའུ་སྟེ་དང་


JLD008_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ༈ དེ་ལ་ལྕི་བ་ལྡེང་བ་ཡིས། དཀྱིལ་འཁོར་ས་ནི་ཉེ་བར་ཕྱུག །དུར་ཁྲོད་ཐལ་བར་ལྡན་པ་དང་། །མི་འཆི་བཅུ་ཕྱེད་བཅས་པ་ཡིས། །དཀྱིལ་འཁོར་ས་ནི་ཉེར་ཕྱུགས་སྟེ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། །དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་། །གནས་དེ་དུ་ནི་བསམ་བྱས་ནས། ༈ །རོ་བསྲེགས་སོམ་པའི་ཕྱེ་མ་དང་། །དུར་ཁྲོད་སོ་ཕག་ལྡན་པ་ཡིས། །དཀྱིལ་འཁོར་བཟང་པོ་བྲི་བར་བྱ། ༈ །སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། །ཡང་དག་ཤིས་ཤིང་རྒྱུད་ཤེས། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཁྲོ་མེད་གཙང་ཞིང་མཁས་པ་དང་། སྤྱོད་ཤེས་ཡེ་ཤེས་ཕ་རོལ་འགྲོ། ༈ །ཐོད་པས་སྤྱི་བོ་བརྒྱན་བྱས་ཤིང་། །ཡན་ལག་ཐལ་བས་བྱུགས་པ་དང་། །ཕྱག་རྒྱ་དག་གིས་ལུས་བརྒྱན་ཅིང་། །རུས་པའི་འཕྲེང་ལ་སོགས་པས་བརྒྱན། །དུམ་གཅིག་སྤྱི་བོར་བརྒྱན་པ་དང་། །རུས་པའི་འཕྲེང་བ་རྣམས་པར་འཕྱང་། །ཁ་ཊཱཾ་ག་ནི་ལག་ན་གནས། །བདག་ཉིད་ཁྲས་འཐུང་དཔལ་བྱས་ནས། །དེ་ནས་ཁྲག་འཐུང་དཔལ་དྲན་བྱ། །འཁོར་ལོ་འདི་གྱི་སྙིང་གར་དགོད། །བདག་ཉིད་ཏེ་ལྟར་གོ་བགོས་ནས། །ར་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་ཡང་ནི་མ་ཚན་ཆ་དགོད། །འཁོར་ལོ་བདག་ཉིད་མཆོད་ཆ་མཉན། །སྟིང་དུ་མདའ་ཡི་དྲ་བ་བྱ། །སླར་ཡང་བདག་ཉིད་མཁའ་སྤྱོད་རུ། །གུར་བྱས་འདི་ནི་གོ་ཆར་འགྱུར། །དེ་ལར་གོ་ཆ་དེ་བགོས་ན། །སུམ་ཅུ་བབ་ཀྱང་མི་ཕྱེད་དོ། ༈ །དེ་ལྟར་བདག་ཉིད་རབ་བསྲུངས་ཤིང་། །སྔགས་དང་ཕྱག་


JLD008_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམ་བརྒྱན་ནས། །དངོས་གྲུབ་ཐམས་ཅད་རབ་སྟེང་པའི། །དཀྱིལ་འཁོར་འཇིགས་པ་ཁྲི་བར་བྱ། ༈ །དེ་ནས་སེམས་མེད་སྲང་བུའམ། །ཁྲག་ཆེན་པོ་ཡིས་བསྒོས་པས་ཀྱང་། །ཧེ་རུ་ཀ་དཔལ་ཕོ་བྲང་མཆོག །དཀྱིལ་འཁོར་འཇིགས་པའི་ཐིག་གདབ་བྱ། །ཁྲུ་གནང་ཁྲུ་བཞི་འམ་ཁྲུ་བརྒྱད་པ། །སྒོ་བཞི་ཀུན་ནས་ཟུར་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །སྔགས་པས་གཉིས་འགྱུར་རྣམ་དཔྱད་ཅིང་། །མཁའ་འགྲོ་དྲ་བ་བདེ་མཆོག་མཆོད། །དེ་ཡི་དབུས་སུ་པདྨ་ནི། །འདབ་བཅས་ལྟེ་བ་འབར་དང་བཅས། །གེ་སར་ཡང་དག་ལྡན་པར་བཞག ༈ །ལྟེ་བ་དགོད་བྱ་དཔའ་བོ་ནི། །འཇིགས་བྱེད་ཀྱང་ནི་འཇིགས་པར་མཛད། །གཟི་བརྗིད་ཤིན་ཏུ་འབར་བ་སྟེ། །ཧ་ཧ་ཞེས་པའི་སྒྲ་ཆེན་བཞད། །ཐོད་པའི་འཕྲེང་བའི་རྒྱན་དང་ལྡན། །བཟང་པོ་སྤྱན་གསུམ་ཞལ་བཞི་མངའ། །གླང་ཆེན་པགས་པ་རྣམ་པར་བགོས། །སྨིན་མ་བཟང་པོ་རྡོ་རྗེ་དབྱེས། །ཕྱག་ན་ཁ་ཏཱཾ་མི་ཐོད་བསྣམས། །བརྒྱ་ཕྲེང་འཕྲེང་བས་རྣམ་པར་བརྒྱན། །དེ་མདུན་གནས་པའི་ལྷ་མོ་ནི། །རྡོ་རྗེ་ཕག་མོ་རབ་འཇིགས་མ། །ཧེ་རུ་དཔལ་ཕྱོགས་བྱས་ནས། །སྦྱན་གསུམ་བྲག་མོའི་གཟུགས་ཅན་མ། །ཀ་བ་ལ་ནི་ཨན་ཏ་ས་བཀང་། །ཁ་ནས་རུ་ཏིང་ར་འཛག་ཅིང་། །ལྷ་དང་ལྟ་མིན་མིར་བཅས་ལ། །ཕྱོགས་ཀུན་ཏུ་ནི་སྡིགས་འཇུག་བྱེད། །མཁའ་འགྲོ་མ་ནི་ཉ་ཤུ་བཞི། །ཕག་མོ་ཡི་ནི་རིགས་ལས་བྱུང་། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་དང་། །འཁོར་ལོའི་དབུས་སུ་མཆོད་པར་བྱ། །དེ་བཞིན་འདིར་ནི་དཔའ་བཔོ་ཡང་། །འཁོར་ལོར་བདག་གནས་པ་མཚོན། །གྲུབ་པོ་


JLD008_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དངོས་གྲུབ་འདོད། །གཉིས་མེད་དཔའ་མོ་མཆོད་པར་བྱ། ༈ །དེ་ནས་བུམ་པ་བྱ་བ་ནི། །རྩ་བ་ནག་པོ་ལ་སོགས་མེད། །མུ་ཏིག་གསེར་དང་རིན་ཆེན་དང་། །བྱུ་རུ་དངུལ་དང་ཟངས་མ་སྟེ། །བཟའ་བ་ཀུན་གྱིས་ལེགས་བཀང་བའི། །སྣོད་ནི་སྟེང་དུ་བཞག་པར་བྱ། །མགྲིན་པར་སྲད་བུས་དཀྲི་བ་དང་། །ཁ་ནི་འདབ་མས་བརྒྱན་པར་བྱ། །གོས་ཟུང་གིས་ནི་ལེགས་དཀྲིས་པ། །བརྒྱད་ནི་སྐོར་རུ་རྣམ་པར་དགོད། །གོང་ཟུང་གིས་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པ་དབུས་སུ་བཞག །གསེ་མ་དངུལ་ལམ་རིན་ཆེན་ནམ། །ཆུ་མིག་རྣམས་ཀྱིས་མཛེས་པར་བྱ། །དཀྱིལ་འཁོར་དུ་ནི་རིན་ཆེན་དང་། །གསེར་གྱིས་མཛེས་པར་སྤྲས་པར་བྱ། ༈ །གྲོང་མཆོག་ཡིད་འོང་མཆོད་མ་ནི། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །བདག་ཉིད་ཀུན་ནས་སྒྲོལ་ནི། །དྲི་ཡི་ཆུ་ཡིས་ལེགས་པར་གདབ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་དབུལ་བར་བྱ། ༈ །ནམ་མཁའི་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོས། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་འཁོར་ཀུན་ཏུ་དགོད་པར་བྱ། །གང་ཡང་ས་འོག་མཁའ་འགྲོ་མ། །དེ་ནི་ས་འོག་རྣམས་སུ་དགོད། ༈ །ས་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་སུ་དགོད་པར་བྱ། ༈ །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་དེ་བཞིན་སྤོས། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང་། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་གནས། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །རྒྱལ་མཚན་དམར་


JLD008_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་བཞིན་སེར། །དཀར་དང་གནག་དང་སེར་སྐྱ་དང་། །དེ་བཞིན་གོས་ནི་སྣ་ཚོགས་དང་། །མེ་ཏོག་འཕྲེང་བ་དུ་མ་དང་། །བླ་རེ་དང་ནི་ཡོལ་བ་དག །མཛེས་པ་ཇི་ལྟ་དེ་བཞིན་ཏེ། །དེ་བཞིན་བཟའ་བཅས་བཏུང་བ་ཡིས། །རབ་མཉམ་གཞག་སྟེ་མཆོད་པར་བྱ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་སྟེ་གཉིས་པའོ། ༈ །དེ་ནས་སྦྲུབ་བོས་དངོས་ཀུན་གྱིས། །དང་པོར་སློབ་དངོན་མཉེས་པར་བྱ། །གྲུབ་འདོད་ཤིན་ཏུ་མཉམ་གཞག་པས། ཇི་ལྟར་ནུས་པས་བླ་མ་མཆོད། །དྲིལ་བུ་སྒྲ་ཅན་དབྱངས་པ་དང་། །མེ་ཏོག་སྦོས་རྣམས་ཀྱིས་བརྒྱན་ཅིང་། །ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ། །སྒྲུབ་པ་པོ་ཡིས་རྡ་བརྡུང་ཞིང་། །ཧ་ཧ་ཞེས་ནི་བརྗོད་པར་བྱ། །དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། །འདོད་པ་ཀུན་ལྡན་མཆོད་ནས་ནི། །བུ་མཛེས་དེ་རྣམས་གདོང་ལ་ནི། །དར་རས་ལེགས་པར་བཀབ་ནས་སུ། །ཐལ་མོས་མེ་ཏོག་གིས་བཀང་སྟེ། །ཡང་དག་པར་ནི་ཞུགས་པ་དག །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །དེ་ནས་བསྐོར་བ་བྱས་ནས་ནི། །བློ་བཟང་ཡིད་ནི་མཉམ་གཞག་པ། །ཕོ་བྲང་ཉམས་དགར་གཞུག་པར་བྱ། ༈ །ལྷོ་ཡི་ཕྱོགས་སུ་ལུས་བརྟེན་ལ། །ཐལ་མོའི་མེ་ཏོག་རེ་ནས་གཏོར། །དཀྱིལ་འཁོར་སྟེང་དུ་དོར་བར་བྱ། །གང་དུ་མེ་ཏོག་དེ་ལྷུང་བ། །ཤྲཱི་ཧེ་རུ་ཀའི་གནས་སོགས་བསྟན། །དེ་ཡི་རིགས་ནི་རྣམ་བསྟན་ཏེ། ༈ །དེ་ནི་རིགས་དེའི་མིང་འགྱུར་བར། །སློབ་དཔོན་གྱིས་ནི་མིང་བསྟན་ཏོ། ༈ །དེ་ནས་སློབ་དཔོན་ལེགས་པར་ནི། །མཉམ་


JLD008_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་སྟེ་ཕྱག་རྒྱ་མཆོད། །དེ་ནས་སློབ་དཔོན་ཕྱི་དེ་ཉིད། །ལས་འདི་ཡང་དག་སྦྱང་པར་བྱ། །མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་རྣམས་སུ་ནི་ཐིག་ལེ་བྱ། །སློབ་མ་ཡི་ནི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ལྷ་གང་གི་ནི་གནས་གང་ཡིན། །དེ་དེར་ཡང་དག་བསྟན་པར་བྱ། །སློབ་དཔོན་དང་བཅས་ཕོ་བྲང་ལ། །དེ་ནས་སློབ་མཏ་བཏུད་ནས། །སླར་ཡང་གཡོན་ནས་བརྩམས་པ་ཡིས། །དེ་ནས་བསྐོར་བ་བྱས་ནས་ནི། །དཀྱིལ་འཁོར་དང་ནི་བླ་མ་ལ། །ཇི་བཞིན་ཆོ་གས་ཕྱག་བྱའོ། ༈ །དེ་ནས་བླ་མ་དག་ལ་ཡོན། །དེ་བཞིན་གཤེགས་པས་གསུངས་པ་དབུལ། །གསེར་ནི་བརྒྱ་སྟོང་དབུལ་བ་དང་། །རིན་ཆེན་རྣམས་སྣ་ཚོགས་དང་། །རས་ནི་ཟུང་གྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་དང་། །རྣ་རྒྱན་ནམ་ནི་གདུ་བུ་དང་། །མགུལ་རྒྱན་སོར་གདུབ་དམ་པ་དང་། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་རྣམས། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །སློབ་མས་ཇི་སྐད་གསུངས་པ་བཞིན། །བློ་དང་ལྡན་པས་བླ་མ་ལ། །བདག་ཉིད་དངོས་པོ་ཀུན་གྱིས་ནི། །དེ་བཞིན་དུ་ནི་དབུལ་བར་བྱ། །དེང་ནས་བརྩམས་ཏེ་བྲན་དུ་བདག །ཁྱེད་ལ་བདག་ཉིད་འབུལ་བ་ལགས། ༈ །དེ་ནས་སྒྲུབ་པོ་སར་བ་ངེས་པར། །དེ་ལྟར་ཆོ་ག་བྱས་ནས་ནི། །དེ་ནས་དེ་ལ་མཁའ་འགྲོ་མ། །རྣལ་འབྱོར་མ་རྣམས་ཉེས་པར་འགྱུར། །མཁའ་འགྲོ་མ་དང་ལཱ་མ་དང་། །དུ་མ་སྐྱེས་མ་དང་


JLD008_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་མ། །སྒྲུབ་པོ་མཁའ་འགྲོ་མ་ལྷན་ཅིག །དེ་དང་རྣམ་སྤྱོད་འགྲོ་བ་ཀུན། །སྒྲུབ་པོ་དེ་ཡི་ཐམས་ཅད་ནི། །ཅི་བ་གྱི་བྱེད་པར་ཐེ་ཚོམ་མེད། །རྣལ་འབྱོར་འདི་ནི་གྲུབ་གྱུར་ན། །འཇིག་རྟེན་གསུམ་དུ་མི་བཟློགས་ཤིང་། །མི་སྣང་ཕུག་དང་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུ་དཀྱིས་ལེན། །སྒྲུབ་པ་པོ་ནི་འདོད་ཙམ་གྱིས། །རྟག་པ་རྒྱུན་ཏུ་སྐྱེད་པར་འགྱུར། །གཟུགས་ནི་དུ་མ་བྱེད་པ་དང་། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །མཁའ་འགྲོ་རྣམས་ཀྱང་ཁྱད་པར་དུ། །འགྲོ་བ་རྣམས་ཀྱང་ངེས་གནོན་པར། །ལན་ཅིག་བལྟས་པས་རྣལ་འབྱོར་པས། །སྐད་ཅིག་གིས་ནི་སྦྱོར་ཉིད་སྐྱེད། ༈ །སྔགས་བས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། ༈ །རྣལ་འབྱོར་འདི་ནི་མཆོག་རབ་དང་། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །གང་ཞིག་རྟག་ཏུ་འདོད་གྱུར་པ། །ལྷ་དང་ལྷ་མིན་མི་རྣམས་ཏེ། །འདི་དག་ཟིལ་གྱིས་གནོད་པར་འགྱུར། །རྒྱུད་འདི་རུ་ནི་དབང་བསྐུར་བ། །ཐམས་ཅད་ཀྱི་ནི་སྒྲུབ་པོར་གསུངས། །བལྟས་དང་རྒོད་དང་ལག་འཛིན་པའི། །འཁྱུད་དང་གཉིས་གཉིས་སྤྲོད་སོགས་ལ། །དབང་བསྐུར་བར་ནི་གྱུར་པ་ཡིན། །རྒྱུད་རྣམས་ཀུན་གྱི་དམ་པ་ཡིན། །འདི་ནི་ལྷ་མི་ཟིལ་གནོན་འགྲོ། ༈ །དེ་ཉིད་བསྡུས་པའམ་བདེ་མཆོག་གམ། །གསང་བའམ་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །བཤད་དང་མ་བཤད་གང་ཅིའང་རུང་། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། ༈ །


JLD008_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀར་བརྗོད་པ་ལས་ཡོན་ཏན་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་གསུམ་པའོ། ༈ དེ་ནས་མཁའ་འགྲོ་མ་རྣམས་ནི། །གནས་ན་རྣམ་པར་འགྱིང་བ་སྟེ། །བརྩོན་ཆེན་འཁོར་ལོ་སྒྱུར་མ་དང་། །སྟོབས་ཆེན་མོ་དང་རབ་དཔའ་མོ། །འཁོར་ལོའི་གོ་ཆ་སྣ་ཅན་མ། །དུ་མ་སྐྱེ་མ་དང་འཁོར་ལོའི་ཤུགས། །མཁའ་འགྲོ་གདོང་མ་རྟ་རྣ་མ། །ཤིན་ཏུ་བཟང་པོ་ལྡང་ལྷ་མོ། །ཆུང་འཐུང་མ་དང་རླུང་ཤུགས་མ། །འཇིགས་བྱེད་ཆེན་མོས་སྲུངས་མ། །ཤིང་གྲིབ་ལང་ཀའི་དབང་ཕྱུག་མ། །མེའུ་ཐུང་མ་དང་དཔའ་བློ་མ། །དེ་བཞིན་དུ་ནི་སྣ་ཆེན་མ། །འོད་ལྡན་མ་དང་གཏུམ་མིག་མ། །རང་གཏུམ་མ་སྟེ་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །འདི་དག་སྔོན་ཉིད་གྲུབ་པ་ཡིན། །སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་ནང་དེ་བཞིན། །རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུྃ་ཧཱུྃ་ཕཊ་དང་སྦྱར། །རྣལ་འབྱོར་རབ་མཆོག་འདི་མཐོང་ན། །མེ་སྟེ་གཞན་དག་སོགས་མ་མཚུངས། །ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། །གྲུབ་སྩོལ་འདོད་པ་ཐམས་ཅད་བྱེད། །དཔའ་བོ་ཉིད་གྱུར་གྲུབ་པ་ནི། །ཁྱེམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །དེ་ཤེས་རྟག་ཏུ་བསྒོམ་པར་བྱ། །དངོས་གྲུབ་དེ་བཞིན་གཤེགས་པ་གསུངས་བཞིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས། །དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ལེའུ་སྟེ་བཞི་པའོ། ༈ དེ་ནས་ཆོས་ཀུན་འབྱུང་བ་ཡི། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། །སྔགས་པས་ཆོ་ག་བཞིན་དུ་


JLD008_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

བྲི། ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །འདིར་སྔགས་ཚིག་ནི་འདི་ཡིན་ཏེ། །ཨཱ་ལི་ཀཱ་ལི་མཉམ་བྱས་པའི། །སྡེ་ཚན་དག་ནི་བསྡུ་བར་བྱ། །བཞི་བཞི་རུ་ནི་ཤེས་བྱས་ལ། །ཐུབ་པ་མཆོག་ལ་དགོད་པར་བྱ། །དེར་གནས་དཔའ་བོ་བཏུ་བར་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། ༈ །བཞི་པའི་ལྔ་བ་གང་ཡིན་དང་། །ལྔ་པ་ཡི་ཡང་ལྔ་པ་དང་། །ལྔ་པ་ཡི་ནི་བཞི་པ་དང་། །དང་པོའི་གསུམ་པ་གང་ཡིན་དང་། །དེ་བཞི་ཉི་ཤུ་རྩ་དགུ་པ། །བཞི་པའི་དང་པོ་གང་ཡིན་དང་། །མཐར་གནས་པ་ཡི་བཞི་པ་དང་། །དེ་ཉིད་ཀྱི་ནི་གཉིས་པ་དང་། །སུམ་ཅུ་པ་ནི་ཡང་དག་བླང་། །དེ་བཞིན་ཉི་ཤུ་དྲུག་པ་ཉིད། །དེ་དག་ཐམས་ཅད་ལེགས་བསྡུས་ལ། །དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་ཡང་། །དེ་ནས་སུམ་ཅུ་རྩ་གསུམ་གཟུང་། །དང་པོའི་དང་པོ་ཉིད་དག་དང་། །མཐར་གནས་པ་ཡི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པ་ཉིད། །སུམ་ཅུ་རྩ་གཉིས་ཉིད་དག་དང་། །བཞི་པ་ཡི་ནི་ལྔ་པ་དང་། །ལྔ་པའི་ཡང་ནི་བཞི་པ་དང་། །མཐར་གནས་པ་ཡི་དང་པོ་དང་། །གཉིས་པ་ཡི་ནི་གསུམ་པ་དང་། །གསུམ་པའི་དད་པོ་གང་ཡིན་དང་། །ལྔ་པ་ཡི་ཡང་ལྔ་པ་དང་། །དང་པོ་ཡི་ཡང་དང་པོ་དང་། །དེ་བཞིན་བཅུ་གཅིག་པ་ཉིད་དང་། །དེ་བཞིན་མཁས་པས་བཅུ་དྲུག་པ། །གསུམ་པའི་དང་པོ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་དྲུག་པ་དང་། །བཞི་པའི་གསུམ་པ་གང་ཡིན་དང་། །ཨུཥྨ་ཡི་ནི་གཉིས་པ་ཉིད། །དང་པོའི་དང་པོ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཉི་ཤུ་རྩ་བརྒྱད་པ་ཡང་ངོ་། །དང་པོ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ཡང་བཞི་པ་དང་། །དེ་བཞིན་སུམ་ཅུ་རྩ་གཅིག་བླང་། །བཅོ་ལྔ་པ་


JLD008_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉིད་དག་དང་། །དེ་བཞིན་ཉི་ཤུ་རྩ་ལྔ་པ། །དང་པོའི་གཉིས་པ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་དྲུག་པ། ༈ །ཡི་གེ་སུམ་ཅུ་རྩ་གཉིས་དང་། །ཨུཥྨ་ཡི་ནི་ཐ་མ་ཉིད། །སུམ་ཅུ་རྩ་གཉིས་པ་ཉིད་དང་། །ལྔ་པ་ཡི་ནི་བཞི་པ་དང་། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་བཞི་པ་དང་། །ཨུཥྨ་ཡི་ནི་གསུམ་པ་དང་། །གཞན་ཡང་ཉི་ཤུ་རྩ་བདུན་པ། །ཨན་ཏ་སྠ་ཡི་དང་པོ་དང་། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །ཨན་ཏ་སྠ་ཡི་གཉིས་པ་དང་། །དེ་བཞིན་ཡང་ནི་སུམ་ཅུ་པ། །ལྔ་པ་ཡི་ནི་དང་པོ་དང་། །ཨུཥྨ་ཡི་ནི་དང་པོ་ཉིད། །དེ་བཞིན་ཡི་གེ་དྱཱ་ཉིད་དང་། །བཞི་པའི་དང་པོ་གང་ཡིན་དང་། །ཨུཥྨའི་དང་པོ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་བརྒྱད་པ། །དང་པོའི་གཉིས་པ་གང་ཡིན་དང་། །གསུམ་པའི་དང་པོ་ཉིད་དག་དང་། །དང་པོའི་གསུམ་པ་གང་ཡིན་དང་། །བཞི་པའི་བཞི་པ་གང་ཡིན་དང་། །ཨན་ཏ་སྠ་ཡི་གཉིས་པ་དང་། །གསུམ་པ་ཡི་ཡང་ལྔ་པ་དང་། །ཡི་གེ་བྱཱ་ནི་དེ་ནས་བླང་། །དང་པོ་ཡི་ནི་བཞི་པ་དང་། །དེ་ནས་བརྒྱད་པ་ཉིད་དག་དང་། །བཞི་པའི་ལྔ་པ་གང་ཡིན་དང་། །ལྔ་པ་ཡི་ཡང་ལྔ་པ་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ། །བཞི་པ་ཡི་ནི་བཞི་པ་དང་། །སླར་ཡང་ཉི་ཤུས་རྩ་བདུན་པ། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཉི་ཤུ་རྩ་ལྔ་ཡང་དག་བླང་། །སུམ་ཅུ་རྩ་གསུམ་ཉིད་དག་དང་། །བཞི་པ་ཡི་ནི་བཞི་པ་དང་། །ལྔ་པ་ཡི་ནི་ལྔ་པ་དང་། །བཞི་པ་ཡི་ཡང་ལྔ་པ་དང་། །དང་པོའི་དར་པོ་ཉིད་དག་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཨན་ཏ་སྠ་ཡི་བཞི་པ་དང་། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །ཨུཥྨ་


JLD008_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི་གཉིས་པ་ཉིད། །དེ་བཞིན་ཉི་ཤུ་རྩ་དགུ་པའོ། ༈ །རིག་པའི་རྒྱལ་པོའི་གསང་སྔགས་ཏེ། །བྱ་བ་ཐམས་ཅད་སྒྲུབ་པ་པོ། །འདི་ལས་ཤིན་ཏུ་མཆོག་གྱུར་རེ་བ། །འཇིག་རྟེན་གསུམ་ན་ཡོད་ཡིན་ཏེ། །ཧེ་རུ་ཀ་དཔལ་སྔགས་ཤེས་ན། །མེ་སྟེ་གཞན་དག་སོགས་མཚུངས། །རྩ་བའི་སྔགས་སུ་རབ་ཏུ་གྲགས། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་ཆོ་གའི་ལེའུ་སྟེ་སྔ་བའོ། ༈ །གཞན་ཡིང་ཡི་གེ་ཉི་ཤུ་གཉིས། །སྙིང་པོ་ཡིས་གདུན་ཉེ་སྙིང་པོ། །ཡ་སོགས་བརྒྱད་པའི་ས་བོན་དང་། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཀྱི། །ཡི་གེ་བར་མདོར་བྱས་པ། །ཡན་ལྒ་དྲུག་ཧེ་རུ་ཀར་བརྗོད། །དཔའ་པོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་གཅིག་ཏུ་ཡང་དག་གནས། །ཨོཾ་ན་མས་ཧ་བཽ་ཥད། །ཧཱུྃ་ཧཱུྃ་ཕཊ་དང་ཡང་དག་ལྡན། །སྒྲུབ་པོས་སྙིང་པོར་ཤེས་རབ་བྱ། ༈ །དང་པོ་སྙིང་ག་ཉིད་དུ་སྟེ། །གཉིས་པ་སྤྱི་བོར་ཤེས་པར་བྱ། །གསུམ་པ་སྤྱི་གཙུག་དག་ཏུ་སྦྱར། །བཞི་པ་གོ་ཆ་ཉིད་ཏུ་ཡིན། །ལྔ་པ་མིག་ཏུ་གྱུར་པ་སྟེ། །དུག་པ་མཚོན་ཆ་ཞེས་བྱར་འདོད། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་དཔའ་བོ་དྲུག་གི་ཆོ་ཆ་བཏུ་བའི་ལེའུ་སྟེ་དྲུག་པའོ། ༈ །དེ་ནས་དབྱངས་ཡིག་བཅུ་གསུམ་ཉིད། །ཡི་གེ་གཉིས་པ་དག་དང་སྦྱར། །དབྱངས་ཡིག་བཅུ་གཅིག་ཡང་དག་ལྡན། །ཡི་གེ་དྲུག་པ་བརྒྱན་པར་བྱ། །དབྱངས་ཀྱི་བཞི་པ་ཉིད་ཀྱང་ནི། །ཡི་གེ་བདུན་པ་ཉིད་དང་སྦྱར། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །མཁས་པས་ཡི་གེ་བརྒྱད་པར་བྱ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་དགུ་པ་བརྒྱན་


JLD008_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་དང་སྦྱར། །དབྱངས་ཡིག་གཉིས་པར་ལྡན་པ་ནི། །ཡི་གེ་ཉི་ཤུ་གཅིག་པ་བཟུང་། །མཁས་པས་ཡི་གེ་བཅུ་གཞི་པའོ། །ཡི་གེ་ཉི་ཤུ་པ་དང་སྦྱར། །དབྱངས་ཀྱི་གསུམ་པ་ཉིད་དག་ནི། །ཡི་གེ་བཅོ་ལྔ་པ་དང་སྦྱར། །དབྱངས་ཡིག་བཅོ་ལྔ་ཡང་དག་ལྡན། །ཡི་གེ་བཅུ་དྲུག་པ་མཛེས་བྱ། །དབྱངས་ཡིག་གསུམ་དང་ལྡན་པའི། །ཡི་གེ་བཅུ་བདུན་པ་རུ་འདོད། །དབྱངས་ཀྱི་གཉིས་པ་ཉིད་དང་ནི། །ཡི་གེ་བཅོ་བརྒྱད་པ་རུ་སྦྱར། །དབྱངས་ཡིག་གི་ནི་གཉིས་པ་ཉིད། །ཡི་གེ་ཉི་ཤུ་གཅིག་པར་སྦྱར། །དབྱངས་ཡིག་ལྔ་པ་ཉིད་དང་ནི། ཡི་གེ་ཉི་ཤུ་གསུམ་པར་སྦྱར། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་སྦྱར། །སྡེ་ཚན་དང་པོ་བླངས་སྣས་ནི། །ཡི་གེ་ཉི་ཤུ་ལྔ་པར་སྦྱར། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་ཉི་ཤུ་རྩ་་དྲུག་འགྱུར། །ཉི་ཤུ་བརྒྱད་པ་ཉིད་དག་ནི། །དབྱངས་ཡིག་བཅོ་ལྔ་པ་དང་སྦྱར། །གསུམ་པའི་དང་པོ་ཡང་དང་ལྡན། །འོག་མའི་ཆ་ནི་མི་དང་བཅས། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཡི་གེ་ཉི་ཤུ་རྩ་དགུ་པའོ། །ཡི་གེ་སུམ་ཅུ་རྩ་གཅིག་པ། །དབྱངས་ཡིག་གཉིས་པ་དག་དང་སྦྱར། ཡི་གེ་སུམ་ཅུ་རྩ་གཉིས་པ། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། །ཡི་གེ་སུམ་ཅུ་རྩ་གསུམ་པ། །ཉི་མར་ཡང་དག་ལྡན་པར་བྱ། །དབྱངས་ཡིག་བཞི་པ་ཉིད་དང་ནི། །ཡི་གེ་སུམ་ཅུ་བཞིར་ལྡན་པ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །དབྱངས་ཀྱི་ལྔ་པ་ཉིད་དག་ནི། །སུམ་ཅུ་


JLD008_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པར་ཡང་དག་ལྡན། །མཁའ་འགྲོ་མ་རྣམས་སྒྲུབ་བྱེད་ཡིན། །སུམ་ཅུ་བརྒྱད་པའི་འདི་དག་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། ༈ བཞི་བཅུ་རྩ་གཉིས་པ་ཉིད་ལ། །འོག་གི་ཆར་ནི་སྒྲུབ་པ་པོས། །མེ་དང་སྦྱར་བར་བྱད་ཉིད། །བཞི་བཅུ་གསུམ་པ་ཉིད་དག་ནི། །དབྱངས་ཡིག་ལྔ་པ་ཉིད་དང་སྦྱར། །ཡི་གེ་བཞི་བཅུ་ལྔ་པ་ཉིད། །དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། །དབྱངས་ཡིག་ལྔ་པ་ཉིད་དག་ཀྱང་། །བཞི་བཅུ་རྩ་དྲུག་པ་ལྡན་པ། །དཔའ་བོ་ཐམས་ཅད་རབ་མཆོད་ཡིན། །བཞི་བཅུ་རྩ་བདུན་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །འདི་ནི་རྡོ་རྗེ་སེམས་དཔའ་མཆོག །ཡི་གེ་ལྔ་བཅུ་རྩ་གཅིག །དབྱངས་ཡིག་ལྔ་པ་ཉིད་དག་གིས། །མཛེས་པ་མཆོག་ནི་ཡིན་པར་འདོད། །ལྔ་བཅུ་རྩ་གཅིག་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཡི་གེ་ལྔ་བཅུ་རྩ་གསུམ་པའང་། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། །ཡི་གེ་ལྔ་བཅུ་རྩ་དྲུག་པ། །དབྱངས་ཡིག་དྲུག་པ་དང་ཡང་སྦྱར། །དགྲ་རྣམས་ངེས་པར་གཅོད་བྱེད་ཡིན། །ཨན་ཏ་སྤུ་ཡི་བཞི་པ་དང་། །དབྱངས་ཡིག་གཉིས་པར་སྦྱར་བར་བྱ། །དེ་བཞི་བཅོ་ལྔ་པ་དང་སྦྱར། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན། །ཡི་གེ་ལྔ་བཅུ་རྩ་དགུར་འགྱུར། །ཡི་གེ་དྲུག་ཅུ་རྩ་གཉིག་ཉིད། །དབྱངས་ཡིག་གཉིས་པ་དག་དང་སྦྱར། །འདི་ཉིད་མཆོག་ནི་ཡིན་པར་བཤད། །ཡི་གེ་དྲུག་ཅུ་རྩ་གཉིས་པ། །དབྱངས་ཡིག་གསུམ་པར་སྦྱར་བ་ནི། །མཁའ་འགྲོ་


JLD008_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་མཆོག་ཏུ་འདོད། །ཡི་གེ་དྲུག་ཅུ་རྩ་གསུམ་ཉིད། །དབྱངས་ཡིག་བཅུ་གཅིག་དག་པར་ལྡན། །མཛེས་པའི་ཡི་གེ་ཀུན་མཆོག་ཉིད། །དེ་བཞིན་དྲུག་ཅུ་རྩ་ལྔ་པ། །རྡོ་རྗེ་སེམས་དཔའ་བྱེ་བ་དང་། །ས་བོན་འདི་ནི་ལྷ་རྫས་མཆོག །གྲུབ་སྦྱིན་ཐར་བ་སྦྱིན་ཆེན་པོ། །ཡི་གེ་དྲུག་ཅུ་རྩ་དྲུག་པ། །དབྱངས་ཡིག་གསུམ་པ་དང་ཡང་སྦྱར། །བྱ་བ་ཀུན་ལ་གྲུབ་སྦྱིན་པར། །དེ་ལྟར་དེ་བཞིན་གཤེགས་པས་གསུངས། །ཡི་གེ་དྲུག་ཅུ་རྩ་བདུན་པ། །དབྱངས་ཡིག་གཉིས་པར་ཡང་དག་ལྡན། །རྣལ་འབྱོར་མ་ཡི་དགོས་པ་ཀུན། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །དྲུག་ཅུ་བརྒྱད་པ་ཉིད་ལ་ཡང་། །དེར་ནི་ཡི་གེ་བ་སྦྱར་བ། །ས་བོན་ཡི་གེ་འདི་ཡི་ནི། །འོག་གི་ཆར་ནི་བཏགས་པར་བྱ། །ཡི་གེ་བདུན་ཅུ་རྩ་གཅིག་པ། །དབྱངས་ཡིག་གཉིས་པ་ཡང་དག་སྦྱར། །ཡི་གེ་ཀུན་ལ་མཛེས་པ་ནི། །འདི་ཉིད་ཡིན་པ་ཐེ་ཚོམ་མེད། །བདུན་ཅུ་བཞི་པ་ཉིད་ནི། །དབྱངས་ཡིག་གཉིས་པར་སྦྱར་བ་དག །གདོད་ནས་གྲུབ་པར་ཡིན་པར་ནི། །དེ་བཞིན་གཤེགས་པའི་ཞན་ནས་གསུངས། །ཡི་གེ་བདུན་ཅུ་ལྔ་པ་ཉིད། །མ་མོ་དྲུག་པ་དང་ལྡན་པ། །འདི་ནི་རྣལ་འབྱོར་རམ་མཆོག་སྟེ། །བྱ་བ་ཀུན་ལ་དམ་པ་ཡིན། །བདུན་ཅུ་རྩ་དྲུག་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཞིང་། །ཉི་མ་ཡིས་ནི་དབྱེ་བ་སྟེ། །ཡི་གེ་བ་ལ་དེ་སྦྱར་བྱ། །མཆོག་ཏུ་མཛེས་པ་གཞན་ཡོད་མིན། །ཡི་གེ་བདུན་ཅུ་རྩ་བདུན་པ། །དེར་ནི་དྷ་དང་སྦྱར་བར་བྱ། །ས་བོན་འདི་ནི་ལྷ་རྫས་མཆོག །མཁའ་འགྲོ་མ་ཡི་མཛེས་པར་འདོད། །བདུན་ཅུ་རྩ་བརྒྱད་པ་


JLD008_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཞིང་། །ས་བོན་འདི་ནི་མཆོག་བཟང་པོ། །རྒྱུ་ཡི་མཆོག་ནི་ཡིན་པར་འདོད། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ། །བཞི་པའི་མཐར་ཡི་ཁྱད་པར་བྱེད། །འདོད་ནས་གྲུབ་བྱེད་འདི་ཡིན་ཏེ། །དངོས་གྲུབ་ཀུན་ལ་འཇུག་བྱེད་པའོ། །ཡི་གེ་བརྒྱད་ཅུ་རྩ་གཉིས་པ། །དབྱངས་ཡིག་གཉིས་དང་སྦྱར་བར་བྱ། །རོའུ་མིག་དག་ལས་བཏུས་པ་ནི། །ཧེ་རུ་ཀ་དཔལ་མགོན་པོ་ཡི། །རྩ་བའི་སྔགས་མཆོག་ཏུ་ཤེས་བྱ། ༈ །དངོས་གྲུབ་ཀུན་གྱི་གནས་ཡིན་ཞིང་། །མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན། །དཔལ་ལྡན་ཁྲག་འཐུང་ལྷ་རིག་རྒྱལ། །ཀླགས་པས་གྲུབ་པ་དོན་ཡོད་ལ། ༈ །ཡི་གེ་ཨོཾ་ནི་དང་པོར་སྟེ། །ཧཱུྃ་ཧཱུྃ་ཕཊ་ནི་ཐ་མར་སྦྱར། །རྩ་བའི་སྔགས་ཏེ་སྔགས་འདི་ནི། །བསྒྲུབ་པ་ཐམས་ཅད་སྒྲུབ་བྱེད་ཡིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བདུན་པའོ། ༈ དེ་ནས་རང་གི་བདག་ཉིད་ཀྱི། །དཔང་པོ་ཐམས་ཅད་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་ཡི། །འཁོར་ལོ་བདེ་མཆོག་ཡིན་པར་འདོད། །ཧཱ་སྭཱ་རཾ་བ་སཾ་ལ་ཛཱ་ནི་ཀི་ཌཱ་ཊ་ཕ་ཧཱུྃ་ཧཱུྃ་ཀཾ་རུ་རུ་ཧེ་ཧེ་བཛྲ་ཤཱི་ཨོཾ། རིག་པའི་རྒྱལ་པོའི་སྙིང་པོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། ༈ ཊཱ་ཕ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཧཾ་ཨོཾ་རྣམས། །ཡི་གེ་བོ་དང་ཡོཾ་དང་ནི། །ཡི་གེ་མོཾ་དང་ཧྲེཾ་ཉིད་དང་། །ཧཱུྃ་དང་ཕཊ་དང་སྦྱར་བ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་བཤད། །མཁའ་འགྲོ་མ་ཡི་རིག་པ་ཆེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ས་སྟེང་ན་ནི་རིན་ཆེན་བཞི། འཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ཡི་


JLD008_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཆེ། །རིག་པའི་རྒྱལ་པོ་ཧེ་རུ་ཀ ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་གོ་བཟློག་པའི་སྙིང་པོ་དང་། །རྣལ་འབྱོར་མ་དྲུག་གི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བརྒྱད་པའོ། ༈ དེ་ནས་རྩ་བའི་གསང་སྔགས་ཀྱི། །ལས་མཆོག་གོ་རིམ་ཇི་བཞིན་དུ། །དེ་ནི་རྣམ་པར་བཤད་བྱ་སྟེ། །འཇིག་རྟེན་གསུམ་གང་ཅི་ཡོད་རྣམས། །ཐམས་ཅད་སྐད་ཅིག་གིས་གྲུབ་པར། །ལེས་རྣམས་ཐམས་ཅད་བྱེད་པའོ། ༈ །ལྷ་ཐམས་ཅད་དང་། །ཀླུ་ཐམས་ཅད་དང་། །གནོད་སྦྱིན་ཐམས་ཅད་དང་། །དྲི་ཟ་ཐམས་ཅད་ཀྱི་སྐྱེ་གནས་ཐམས་ཅད་ལན་ཅིག་དྲན་པ་ཙམ་གྱིས་གསོད་པར་བྱེད་དོ། །སྤྲིན་ཐམས་ཅད་འཐོར་བ་དང་། །ཆར་འབེབས་པར་བྱེད་པ་དང་། །ཟློག་པར་བྱེད་པའོ། །རྒྱ་མཚོ་སྐེམ་པར་བྱེད་དོ། །ཆུ་བོའི་རྒྱུན་ཕྱོགས་བཟློག་སྟེ་འབབ་པར་སྟོན་ཏོ། །དབང་པོ་ཟློག་པར་བྱེད་དོ། །གསང་སྔགས་འདི་བཟླས་བརྗོད་འབུམ་བྱས་པས། །ས་གཡོ་བར་བྱེད་པ་དང་། །ཤིང་ལ་འཇོག་ཏེ་གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ། །སྔགས་ཐམས་ཅད་འཕྲོག་པར་བྱེད་པ་དང་། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ། །ཁྲག་འདྲེན་པར་བྱེད་པ་དང་། །སླར་ཡང་གཏོང་བར་བྱེད་དོ། །གཟུགས་བརྒྱ་སྟོང་ཕྲག་དུ་མར་བྱེད་དོ། །འདོད་ན་སྣང་བར་བྱེད་ཅིང་འདོན་མི་སྣང་བར་ཡང་བྱེད་དོ། །ཁང་བཟང་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ། །དུག་བདུད་རྩིར་བྱེད་པ་དང་། །བདུད་རྩི་ཡང་དུག་ཏུ་བྱེད་དོ། །ཟླ་བ་ཆུར་བྱེད་པ་དང་། །ཆུ་ཟླ་བར་བྱེད་དོ། །དྲི་ཐམས་ཅད་འཕྲོག་པར་བྱེད་དོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ནམ་


JLD008_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་དཔའ་གྲོ་བ་འབྱིན་པར་བྱས་པ། །ཞི་བ་འདུས་པའི་ལྷ་མོ་དང་། །གང་ཞིག་ཀུན་ཏུ་སྤྱོད་པ་ཡི། །མི་ཡི་མཆོག་དེའི་ལག་མཐིལ་ན་ཡོད་པའི་དཔའ་གང་གིས་ཀྱང་མི་འཕྲོགས་པར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་ཆོ་ག་དང་ལྡན་པའི་དངོས་གྲུབ་ཐམས་ཅད་འབྲས་བུ་དང་བཅས་པར་འགྱུར་རོ། ༈ །དྲན་པ་ཙམ་གྱིས་གསོད་པར་བྱེད་པ་དང་། །མེ་སྐྱེད་པར་བྱེད་དོ། །ས་འོག་རྣམ་པར་གཤེག་པ་དང་། །སེར་བ་འབེབས་པ་དང་། །ཟློག་པར་ཡང་བྱེད་དོ། །དྲན་པ་ཙམ་གྱིས་གློག་སྐྱེད་པར་བྱེད་དོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་གཞུག་གོ། །གང་གིས་གྲུབ་པའི་ཕྱིར་མིང་ནས་བཟུང་སྟེ་ལན་ཅིག་བཟླས་ན་དེ་དེའི་མོ་དལ་འཆི་བར་འགྱུར་རོ། ༈ །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པར་འགྱུར་རོ། །འདོད་ན་སྡུད་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལ་ནི་བརྟུལ་ཞུགས་མི་དགོས་སྤྱོད་པ་དང་བསྟུང་བ་མི་དགོས་ཏེ། །རྟོག་པའི་བྱ་བ་ཆོས་འདི་ཅི་འདོད་པའི་ལས་རྣམས་བྱའོ། ༈ །གལ་ཏེ་ཁྲོས་པས་ལན་ཅིག་བཟླས་ན་བྱེ་བ་གསོད་པར་འགྱུར་རོ། །ཞི་བས་བཟླས་ན་འཚོ་བར་བྱེད་དོ། །དུར་ཁྲོད་ཀྱིས་སོལ་བ་ལ་ལན་ཅིག་བཟླས་པས། །གང་ལ་བསྣུན་ན་དེའི་མོད་ལ་ལྟུང་བར་བྱེད་དོ། །ཐལ་བ་ལ་ཡོངས་སུ་བཟླས་ཏེ། །གང་ལ་བསྟུན་ན་དེའི་མོད་ལ་ཤ་ཟས་བཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་ལམ་ཅིག་བཟླས་ནས་སྤང་ལེབ་ལ་སོགས་པ་ལ་མཚན་མ་གང་གི་མིང་བྲིས་པ་དེ། གཟའ་ཆེན་པོར་བཟུང་བར་འགྱུར་རོ། ཨ་ཏི་མིག་ཏིའི་སྨྱུག་མ་ལ་ལན་ཅིག་བཟླས་ནས་གང་ལ་བསྣུན་པ་དེ་དེའི་མོད་


JLD008_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །གསེག་མ་ལ་ལན་ཅིག་བཟླས་ཏེ་གང་ལ་རེག་པ་དེ་རེངས་པར་འགྱུར་རོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །གུ་གུལ་གྱི་བདུག་པ་ལ་ལན་ཅིག་བཟླས་ཏེ། །སྤོས་སུ་སྦྱར་ན་སེམས་ཅན་ཐམས་ཅད་ལ་འབེབས་པར་འགྱུར་རོ། །ལག་པ་ལ་ལན་ཅིག་བཟླས་ཏེ་བཀབ་ན། །ནག་པོས་ཟིན་པའི་དུས་སོས་བར་བྱེད་དོ། །མཁའ་འགྲོས་རྒྱས་བཏབ་པ་ལ་ལན་ཅིག་བཟླས་པའི་ཆུས་དེ་གཏོང་བར་བྱེད་དོ། །ཀ་ར་བཱི་རཱི་ལྕུག་མ་ལ་ལན་ཅིག་བཟླས་པས། །མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། ༈ ཁྲག་འཐུང་དཔལ་གྱི་གསང་སྔགས་ནི། །མི་ཤེས་དངོས་གྲུབ་མངོན་འདོད་པ། །རྨོངས་པས་ཕུབ་མ་བརྡུང་མཚུངས་ཏེ། །གསང་སྔགས་འདི་ནི་མེད་པར་རུ། །དངོས་གྲུབ་དང་ནི་བདེ་བ་དག །མི་ཡིས་ཐོབ་པར་མི་འགྱུར་རོ། གསང་སྔགས་འདི་ནི་མེ་ཤེས་པར། །རྣལ་འབྱོར་པ་ཉིད་མངོན་འདོད་པ། །དེ་ཡི་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །གསང་སྔགས་འདི་ནི་འདོད་སྤྱད་པའི། །དངོས་གྲུབ་ཐམས་ཅད་སྦྱིན་བྱེད་ཡིན། །སྒྲུབ་པོ་སྔགས་དང་ཕྱག་རྒྱ་དག །བདེང་གཤེགས་གསུངས་པའི་ཤེས་ནས། །བཟའ་བཏུང་ལ་སོགས་ཙཱ་རུ་ཡི། །བཟའ་དང་སྟོན་མོའི་རོ་སོགས་པས། །རབ་ཏུ་མཆོད་པར་བྱེད་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྩ་བའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་དགུ་བའོ། ༈ །དེ་ནས་སྐུ་གསུམ་བཤད་


JLD008_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། ཁྲག་འཐུང་དཔལ་གཉིས་མེད་སྦྱོར་བས། །གང་གིས་ཤེས་པ་ཙམ་གྱིས་ནི། །འདིར་འགྲུབ་ཐེ་ཚོམ་མེད་པའོ། ༈ །ཆོས་ཀྱི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་གྱུར་པ། །དེ་ལྟར་ལེགས་སེམས་གྱུར་པ་ལ། །དེ་ཚེ་ཡེ་ཤེས་ང་སྨྲའོ། །ལོངས་སྤྱོད་རྫོགས་སྐུའི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་གྱུར་པ། །དེ་ནས་མཉམ་པར་བཞག་པ་ལ། །ལོངས་སྤྱོད་རྫོགས་པར་དེ་རབ་སྨྲ། །སྤྲུལ་པའི་སྐུ་ཡི་ལུས་ཅན་དུ། །གལ་ཚེ་སྒྲུབ་པ་པོ་གྱུར་པ། །དེ་ཚེ་སེམས་དེ་རྩེ་གཅིག་ལ། །སྤྲུལ་པའི་སྐུར་ཡང་ང་སྨྲ་སྟེ། །ཡེ་ཤེས་ལོངས་སྤྱོད་རྫོགས་དང་སྤྲུལ། །ཡང་དག་ཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱི་ཧེ་རུ་ཀར་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ༈ །གསང་སྔགས་སྙིང་པོ་འདི་ཡི་ནི། །བསང་བ་བཤད་ཀྱིས་སྒྲུབ་པོ་ཉོན། ༈ །སྙིང་པོ་བཟླས་པས་དཔག་ཚད་བྱེ་བར་འཕགས་པར་འགྱུར་ཞིང་འགྲོ་བ་དང་འོང་བར་འགྱུར་རོ། །གཟུགས་སྟོང་ཕྲག་དུ་བར་བྱེད་དོ། །ཁང་བཟང་དང་། །ཤིང་དང་། ཁྱིམ་ལ་འཛེགས་ཏེ། །རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱོར་རོ། །ནམ་མཁའ་ལས་འགྲོ་ཞིང་འོང་བ་ལས་གཞན་དུ་མི་འགྱུར་རོ། །འདོད་ན་སྣང་བར་འགྱུར་ཞིང་འདོད་ན་མི་སྣང་བར་འགྱུར་རོ། །འདོད་ན་བྱིས་པ་པ་དང་། རྒན་པོ་དང་། དར་ལས་བབ་པའི་གཟུགས་འཛིན་པར་འགྱུར་རོ། འདོད་ན་གླང་པོ་ཆེ་དང་། མ་ཧེ་དང་། བ་མེན་དང་། སྟག་དང་། སེང་གེ་དང་། ཁྱུ་མཆོག་དང་། བྱི་ལ་དང་། རི་བོང་དང་། རྔ་མོའི་གཟུགས་འཛིན་པར་འགྱུར་བ་དང་། འདོད་ན་རྨ་བྱ་དང་། བྱ་


JLD008_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

གག་དང་། ངང་བ་དང་། ངུར་བ་དང་། ལུག་པ་དང་། ཁྲ་དང་། བྱ་རྒོད་དང་བྱ་རོག་གི་གཟུགས་འཛིན་པར་འགྱུར་རོ། གང་འདོད་པ་དེའི་གཟུགས་སུ་བྱེད་དོ། ཚིག་འཕྲོག་པ་དང་། མཐོང་བ་འཕྲོག་པ་དང་། ཉན་པར་འཕྲོག་པ་དང་། སྣ་འཕྲོག་པ་དང་། ལྕེ་འཕྲོག་པར་བྱེད་དོ། གང་གི་འདོད་པ་དེ་འི་ཁྲག་འདྲེན་པར་བྱེད་པའམ། རེངས་པར་བྱེད་དོ། དཔལ་ཧེ་རུ་ཀར་བརྗོད་པ་ལས་སྐུ་གསུམ་འགྲུབ་པ་དང་། སྙིང་པོའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་བའོ། དེ་ནས་གཞན་ཡང་སྒྲུབ་པ་པོས། སྐྱེ་བ་བདུན་པའི་བར་འགྱུར་པ། གང་གིས་བསྟེན་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་ལ་འཇུག་པའི། །དངོས་གྲུབ་ཐོབ་འགྱུར་བཤད་པར་བྱ། སྐྱེས་བུ་གང་ཞིག་རྡུལ་དྲི་ཞིམ་པར་འབྱུང་བ་དང་། བདེན་པར་སྨ་བ་དང་། ཡུན་རིང་པོར་མིག་མི་འཛུམས་པ་དང་། ཁྲོ་བ་མེད་པར་གྱུར་པ་དང་། །ཁ་ནས་དབུགས་དྲི་ཞིམ་པར་འབྱུང་བ་དེ་ནི་སྐྱེ་བ་བདུན་དུ་མིའི་སྐྱེ་བར་གྱུར་བ་ཡིན་ནོ། གྲིབ་མ་བདུན་པ་བྱ་ངང་བའི་འགྲོས་ཅན། སྙིང་རྗེ་དང་ཡང་དག་པར་ལྡན་པ། ༈ །དེ་བསྟེན་ནས་དེའི་སྙིང་ག་ན་རོ་ཙ་ན་ཡོད་དེ། དེ་བླངས་ལ་དཔལ་ཧེ་རུ་ཀའི་སྙིང་པོའི་སྔགས་བརྒ་རྩ་བརྒྱད་བཟླས་ནས་ཐིག་ལེ་བྱས་ན་སྟེང་དུ་ལྡིང་བར་འགྱུར་ཞིང་དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །དེ་བསྟེན་པ་ཙམ་གྱིས་འཇིག་རྟེན་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། དཔག་ཚད་བྱེ་བ་ལྔ་བཅུར་ཉིན་ཞག་གཅིག་གིས་འགྲོ་ཞིང་


JLD008_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བར་འགྱུར་རོ། ལྷའི་ལུས་ཀྱང་ཐོབ་པར་འགྱུར་རོ། དཔལ་ཧེ་རུ་ཀའི་སྙིང་པོ་གང་གིས་ཤེས་པ་དེ། གང་དང་གང་འདོད་པ་དེ་དང་དེ་སྟེར་བར་འགྱུར་རོ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་སྐྱེ་བདུན་པའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པའོ། ༈ དེ་ནས་ཉེ་བའི་སྙིང་པོ་ནི། །དངོས་གྲུབ་ཐམས་ཅད་ཐོབ་བྱེད་ཅིང་། །འཇིག་རྟེན་གསུམ་ན་གང་ཅིའང་རུང་། །དེ་ཀུན་སྐད་ཅིག་གིས་འགྲུབ་བཤད། ༈ །ཕཊ་ཧཱུྃ་ཧཱུྃ་ཧ་ཧ་ཧྲིཾཿཨོཾ། འདི་ནི་སྙིང་པོ་ཉ་བའི་སྙིང་པོའོ། གསང་སྔགས་འདི་འབུམ་པ་བཟླས་པས་འཇིག་རྟེན་གསུམ་ཡང་གཡོ་བར་བྱེད་དོ། །ལྷ་དང་ལྷ་མ་ཡིན་དང་། །གནོད་སྦྱིན་དང་། སྲིན་མོ་དང་། ཀླུ་དང་། དྲི་ཟ་དང་། མིའམ་ཅི་རྣམས་འགུགས་པར་བྱེད་དོ། རྒྱ་མཚོ་དང་འབབ་ཆུ་དང་། རྫིང་བུ་ལ་སོགས་པ་སྐེམས་པའམ་གནོད་པར་བྱེད་དོ། གང་དུ་བཟླས་པའི་གནས་དེར་མཁའ་འགྲོ་མ་ཐམས་ཅད་སྒྲུབ་པོའི་མངག་གཞུང་བྱེད་པར་འགྱུར་རོ། ༈ །འདིས་ཆུ་ལ་ཡོངས་སུ་བཟླས་ཏེ་བདག་ཉིད་ཀྱི་མིག་བཀྲུས་ན་སྐྱེ་བ་བདུན་པའི་མི་ཤེས་པར་འགྱུར་རོ། ཚེ་ཟད་པ་དང་། འཆི་བ་ཉིད་དུ་སྣང་བ་ཡང་། །ཆོ་རེང་བ་དང་། གསོན་པོར་སྣང་བ་འགྱུར་རོ། །མིག་ལ་མངོན་པར་བསྔགས་ནས་གང་ལ་བལྟས་པ་དེ་གནོད་པར་འགྱུར་རོ། དཔའ་བོ་ཤི་བའི་རྐང་མཐིན་གྱིས་བགས་པ་བླངས་ཏེ། མའི་ཁྲག་དང་བཏགས་པ་ལིག་བུ་མིག་སྨན་དང་ཐོད་པར་བཅུག་ལ་ལྡོང་རོས་དང་། གི་ཧཾ་དང་། གུར་ཀུམ་དང་། ཁྲག་དང་བསྣོག་ཏེ། གྲིམ་མ་ལ་བསྐམས་ལ། ལྕགས་གསུམ་


JLD008_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དཀྲིས་པ་བྱས་ཏེ། ཡང་དེ་ལྷག་པར་གནས་པ་སྐར་མ་རྒྱལ་ལ་ཕྱག་བྱས་ཏེ། དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་ལ་ལག་པས་གཡོན་པས་ཁ་བཀབ་སྟེ། ཡང་བརྒྱ་རྩ་བརྒྱད་བཟླས་ན། དེ་དེའི་མོད་ལ་མི་སྣང་བར་འགྱུར་ཞིང་། གྲིམ་མ་མེད་པར་འགྱུར་རོ། ལྷ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་ན། ས་སྟེང་གི་མི་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་ཁ་ལས་བཏོན་ན་སྣང་བར་འགྱུར་རོ། རྒྱུད་འདིར་མཁའ་སྤྱོད་གྲུབ་པའི་རིལ་བུ་འདི་ནི། དཔའ་བོ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ། ༈ །དཔལ་ཧེ་རུ་ཀའི་སྙིང་པོ་ཉེ་བའི་སྙིང་པོའི་སྔགས་འདིས་མཛུབ་མོའི་རྩེས་མགོ་བོའི་ཐོད་པར་ཤ་མེད་པར་བྱས་ལམ་ཉེས་ན་དེའི་ཁྲག་འདྲེན་པར་བྱེད་དོ། གཡོན་པས་ཡང་དང་ཡང་དུ་མཉེས་པས་ནི་འཇུག་པར་འགྱུར་རོ། །མངོན་པར་བཟླས་ཏེ་མགོ་བོའི་ཐོད་པར་ཁུ་ཚུར་བསྣུན་ན། གང་གི་མིང་ནས་སྨོས་ཏེ་བྱས་པ་དིའི་ཀླད་པ་ན་བར་འགྱུར་རོ། གསང་སྔགས་རྗེས་སུ་དྲན་པ་ཐོད་པའོ་མས་བཀང་ན་ཉེ་བར་ཞི་བར་འགྱུར་རོ། །གི་ཧཾ་ལས་བཟླས་ཏེ་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་རྒྱས་བཏབ་པར་འགྱུར་རོ། །མཛུབ་མོ་ལ་ཡོངས་སུ་བཟླས་ཏེ། གང་ལ་སྡིགས་མཛུབ་བྱས་པ་དེ་དེའི་མོད་ལ་ལྟུང་བར་འགྱུར་རོ། སྔགས་བཟླས་ལ་རྐང་བ་ས་ལ་བསྣུན་ན་གང་གི་མིང་ནས་སྨོས་པ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། ཆུ་ལ་བཟླས་ཏེ་ས་ལ་གཏོར་ན་སླར་འཚོ་བར་འགྱུར་རོ། སྔགས་བཟླས་པའི་མཛུབ་མོའི་རྩེ་མོ་དེས་སྟེང་ལ་ཡང་སྡིགས་མཛུབ་བྱས་ན་


JLD008_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པ་ཐམས་ཅད་གནོད་པར་འགྱུར་རོ། ཚིག་གིས་ནི་གྲོལ་བར་འགྱུར་རོ། སྨེ་ཤ་ཅན་གྱི་ཐལ་བ་ལ་བཟླས་བརྗོད་བརྒྱ་བྱས་ཏེ། སེམས་ཅན་གང་རྗེས་སུ་དྲན་པ་དེ་ལ་བ་སྣུན་པ་དེའི་གཟུགས་འཛིན་པར་འགྱུར་རོ། ༈ །སྦྱིན་སྲེག་གི་མེའི་ཐལ་བ་ལ་བཟླས་བརྗོད་བརྒྱ་བྱས་ཏེ། །གང་ལ་བསྣུན་པ་དེ་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ་། ཆུ་ལས་བརྒྱ་བཟླས་པས་གཏོར་ན། སླར་སྣང་བར་འགྱུར་རོ། །ཐོད་པའི་ཕྱག་རྒྱ་ཁ་སྦྱར་བཅིངས་ལ། །དབུགས་མི་འབྱིན་པར་གང་གི་མིང་ནས་བཟླས་པ་དེ་སྨྱོ་བར་འགྱུར་རོ། སྐྱེ་བོ་སྟོང་ཡང་སྨྱོ་བར་འགྱུར་རོ། །ཡིད་ཀྱིས་གྲོལ་བར་འགྱུར་རོ། །གང་གིས་མིང་ནས་སྨོས་ཏེ། །གཙུག་ཕུད་ལ་ལན་བཅུ་བཟླས་ཏེ། །མདུན་ན་མཁའ་འགྲོ་མ་ཐམས་ཅད་འགྲོ་བར་འགྱུར་རོ། ཁང་སྟོང་དུ་སོང་སྟེ་ལན་བརྒྱ་བཟླས་ནས་སྤྱི་བོར་བཅིངས་ལ་མིག་བགྲད་དོ། ཇི་སྲིད་དུ་བཟླས་པ་དེ་སྲིད་དུ་མི་སྣང་བར་འགྱུར་རོ། །བཀྲོ་ལན་སྣང་བར་འགྱུར་རོ། །ཐོད་པ་ལ་མངོན་པར་བཟླས་ཏེ། སྟེང་དང་འོག་དང་ཕྱོགས་དང་ཕྱོགས་མཚམ་རྣམས་སུ་གཏོང་ན། ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོའི་དང་དྲི་ཟ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ཐམས་ཅད་འཆིང་བར་འགྱུར་རོ། མཁའ་འགྲོ་མའི་སྦྱོར་བ་ཐམས་ཅད་འཕྲོག་པར་འགྱུར་རོ། སྟན་དང་མལ་ཁྲི་ལ་སྐྱེས་པ་དང་བུད་མེད་འདུག་པ་ལ་བལྟས་ཏེ། སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབྱར་བར་འགྱུར་རོ། ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། ༈ །ཐོད་པ་དང་བཅས་པ་ཡོངས་སུ་བཟླས་ཏེ་ཆུ་བོར་བཅུག་ན་རྒྱུན་ཕྱོགས་ལས་བཟང་


JLD008_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་སྟེ་འབབ་པར་འགྱུར་རོ། ཐོད་པ་དང་བཅས་པ་དེ་ཉིད་ཀྱིས་རྦ་རླབས་གནོད་པར་འགྱུར་རོ། ཡིད་ཀྱིས་ནི་བཟློག་པར་འགྱུར་རོ། སྔགས་བཟླས་ཏེ་སྟེང་དུ་བལྟ་བཞིན་དུ་སྟོང་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། གཞན་གྱི་དཔུང་ལ་མངོན་དུ་ཕྱོགས་ནས་བཟླས་བརྗོད་སྟོང་བྱས་ཏེ་གཡུལ་དུ་ཞུགས་ན། མཚོན་ཆ་བརྒྱས་པ་བསྣུན་ཀྱང་གནོད་པའི་ཚོར་བ་འབྱུང་བར་མི་འགྱུར་ཞིང་། མཆོད་ཀྱིས་ཀྱང་ཆོད་པར་མི་འགྱུར་རོ། རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའོ། ༈ །དེ་ནས་གོ་ཆའི་ལས་རྣམས་ནི། འཇིག་རྟེན་གསུམ་གནང་ཡོད་པ། །ཡིད་ལ་འདོད་པ་དེ་དག་ཀུན། །གོ་རིམ་བཞིན་དུ་བཤད་པར་བྱ། ༈ །དེ་ལ་གོ་ཆ་ཟློས་བཞིན་དུ། །ཡང་ལམ་དུ་ཞུགས་ན་རྐུན་མ་དང་སྟག་གིས་འཇིགས་པར་མི་འགྱུར་བའམ། མི་སྣང་བར་འགྱུར་རོ། གོ་ཆ་ཟློས་བཞིན་དུ་ཡང་རྒྱལ་པོའི་ཕོ་བྲང་གི་བུད་མེད་ཀྱི་གནས་སུ་ཞུགས་ན་ཡང་མི་སྣང་བར་འགྱུར་ཏེ། གང་འདོད་པ་དེ་བླངས་ཏེ་འགྲོ་བར་འགྱུར་རོ། ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། གོ་ཆའི་སྔགས་བརྒྱ་བཟླས་པའི་ལག་པས་གང་ལ་རེག་པ་དེ་མདུང་བཞིན་དུ་རེངས་བར་འགྱུར་ཏེ། སུམ་ཅུ་རྩ་གསུམ་པས་ཀྱང་མི་གཡོའོ། སྔགས་ཟློས་པའི་རྐང་བས་བསྣུན་ན་ཐར་བར་འགྱུར་རོ། རང་གི་ཁྲག་ལ་ལན་གསུམ་བཟླས་པས་ཐིག་ལེ་བྱས་ལ་གང་དང་ལྷན་ཅིག་སྨྲ་བ་དང་གང་གིས་མཐོང་


JLD008_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གང་མཐོང་བདེ་ཐམས་ཅད་ཀྱི་ཁྲག་འདྲེན་པར་བྱེད་དོ། གང་གི་ཁྱིམ་དུ་ཁྲོ་བ་དང་བཅས་པས་ལན་སྟོང་བཟླས་ན་ཐམས་ཅད་ལ་རིམས་ཀྱིས་བཏབ་པར་འགྱུར་རོ། ཆུ་ལ་ལན་ལྔ་བཟླས་ཏེ་གཏོར་མ་སླར་འཚོ་བར་འགྱུར་རོ། །གང་གི་གདོད་ལ་བལྟས་ཏེ། བཟླས་པ་དེའི་ཚིག་འཕྲོག་པར་འགྱུར་རོ། འབབ་ཚུལ་འགྲམ་དང་ལྟེང་ཀར་གནས་ཏེ་སྟོང་པ་བཟླས་ན་ཆུའི་སྟེང་དུ་གནས་ཏེ་ཐང་ལ་ཇི་ལྟ་བ་བཞིན་དུ་ཆུ་ལ་ཡང་དེ་བཞིན་དུ་འགྲོའོ། ཆུ་ལ་ཞུགས་ན་ཆུ་བོའམ་རྒྱ་མཚོར་ཡང་གནས་སོ། །ལག་པ་གཉིས་དྲིལ་ཕྱིས་བྱས་ལ་ལན་སྟོང་བཟླས་ན་རྣལ་འབྱོར་མ་རྣམས་དབང་དུ་འགྱུར་རོ། རྣལ་འབྱོར་མ་ནི་སྣ་ཚོགས་གཟུགས། མཁའ་འགྲོ་དེ་བཞིན་ལཱ་མ་དང་། ཁ་ཎྚ་རོ་ཧི་དེ་བཞིན་ཏེ། གཟུགས་ཅན་མ་རུ་རབ་གྲགས་པ། དེ་ལ་སོགས་པའི་རྣལ་འབྱོར་མ། དེ་ཀུན་དེ་ཡི་དབང་དུ་འགྱུར། སྐར་མ་རྒྱལ་གྱི་སྦྱོར་བས་རས་བྱས་པ་དེ་གྱོན་པའི་ལུས་ཀྱི་རྣལ་འབྱོར་པ་མཉམ་པར་གཞག་པས་སྟོང་ཕྲག་བཅུ་བཟླས་ན་དེའི་འོག་ཏུ་འགྲུབ་པར་འགྱུར། །དེ་གྱོན་པའི་ལུས་ཀྱིས་དཔག་ཚད་སྟོང་གི་བར་དུ་ནམ་མཁའ་མི་སྣང་བ་འགྱུར། གང་དུ་འདོད་པ་དེར་འགྲོ་བ་འགྱུར། དེས་རྒྱ་མཚོ་མཐར་ཐུག་པའི་ས་རྣམས་སུ་འགྲོ་བར་འགྱུར། སྟེང་གི་རྒྱུན་དུ་འགྲོ་བར་འགྱུར་རོ། ༈ །དབང་པོ་གནང་དང་གནང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། ༈ །ཤིང་ཡོངས་འདུའི་ཁུ་བཅུད་བླངས་ལ་བཟླས་བརྗོད་སྟོང་བྱས་ཏེ།


JLD008_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཐིག་ལེ་བྱས་པ་དེ་ཤིང་དུ་འགྱུར་རོ། ཆུལ་ལན་བདུན་བཟླས་པས་གཏོར་ན་འདི་ནི་སླར་འཚོ་བར་འགྱུར་རོ། གླང་པོ་ཆེའི་རྐང་མཐིལ་དང་བསྒྲུབ་བྱའི་རྡུལ་བླངས་ཏེ་བཟླས་བརྗོད་སྡོད་བྱས་ནས་གང་ལ་བསྣུན་པ་དེ་གླད་པོ་ཆེར་འགྱུར་རོ། ༈ དཔལ་ཧེ་རུ་ཀར་བརྗོད་པ་ལས་གོ་ཆའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གསུམ་པའོ། ༈ །དེ་ནས་སྒྲུབ་ཐབས་བཤད་པར་བྱ། །བོང་བུའི་རྣམ་པའི་རྣལ་འབྱོར་བདག །ཡིད་ཀྱིས་ཤུགས་ནི་བཟློག་བྱའི་ཕྱིར། །གང་གིས་སྒྲུབ་པོ་འགྲུབ་པའོ། ༈ །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །ཁ་ཎྜ་རོ་ཧི་འདོད་གཟུགས་ཅན། །བོང་བའི་རྣམ་པ་ཁྲག་འཚག་ཞལ། །མཁའ་འགྲོ་རྩེ་གསུམ་ལག་ན་ཐོགས། ༈ །བསྒྲུབ་ན་ཚེ་ཟད་པ་དང་ནི། །ཚེ་རིང་བ་ཡང་སྣང་བ་ཡིན། །འདིར་ནི་བོང་བུར་རྣལ་འབྱོར་པ། །དེ་བཞིན་པོང་བུ་མཐོང་བ་ཡིན། །གླང་པོ་ཉིད་དུ་སྔོན་དུ་གང་། །གོང་དེ་གླང་པོའི་གཟུགས་ཅན་ཡིན། །གང་དང་གང་གི་སྐྱེ་བ་གང་། །སྔོན་གྱི་སྐྱེ་བར་གྱུར་པ་དག །དེ་དང་དེ་ཡི་གཟུགས་སྣང་བར། །རྣལ་འབྱོར་པས་ནི་འདིར་མཐོང་འགྱུར། །སྔོན་ནས་སྐྱི་བ་བདུན་དུ་མི། །གྲུབ་པ་སྟེར་བ་ཡོད་གྱུར་ན། །དེ་ཡིས་གཏོར་མའི་བྱ་བ་དག །བྱས་ནས་སྒྲུབ་པོའི་འགྲུབ་པར་འགྱུར། །དེ་བཞིན་དཔག་ཚད་བརྒྱ་ཕྲག་ནི། སྟོང་གི་སྟེང་དུ་སྐད་ཅིག་འགྲོ། །འདི་ནི་རྣལ་འབྱོར་སྔགས་མཆོག་གཙོ། །མཁའ་འགྲོ་ཡི་སྦྱོར་སྒྲུབ་བྱེད། ༈ །རྣལ་འབྱོར་མཚན་མས་གང་ཟློག་པ། །ཟླ་བ་གཅིག་གིས་འགྲུབ་པར་འགྱུར། །


JLD008_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གསང་བའི་རྒྱུད་འདི་ཡི། །སྔགས་ཀྱི་སྙིང་པོ་དགེ་བ་ཡིན། ༈ །དེ་ཉིད་མཆོག་ཤེས་པ་དེ་འདིར། །རྣལ་འབྱོར་པ་རུ་ཐེ་ཚོམ་མེད། །མཁའ་འགྲོ་དྲ་བའི་བདེ་བ་མཆོག །དེ་དག་ཐམས་ཅད་བརྗོད་པ་ཡིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་དཔལ་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པའི་ཆོ་གའི་ལེའུ་སྟེ་བཅུ་བཞི་པའོ། ༈ །དེ་ནས་སྡོམ་པ་ཐམས་ཅད་ལ། གང་ཞིག་བརྡར་གྱུར་ཤེས་པ་དག །དེ་ཉིད་ཀྱིས་དེ་གྲུབ་པ་ནི། །ཐེ་ཚོམ་མེད་པར་ཤེས་པར་གྱ། ༈ །ཌ་ཞེས་བྱ་བ་སྐྱེས་བུར་བཤད། །ཌི་ཞེས་བྱ་བ་བུད་མེད་ཡིན། །ཕུ་ཞེས་བྱ་བ་གནོད་པ་ཡིན། །སུ་ཞེས་བྱ་བ་ཟ་བ་ཉིད། །མ་ཞེས་བྱ་བ་མ་རུ་བཤད། །ཡཱ་ཞེས་བྱ་བ་ཆུང་མ་ཉིད། བྷི་ཞེས་སྲིང་མོ་དེ་བཞིན་ཏེ། །བཱི་ཞེས་བྱ་བ་མཛའ་མོར་བཤད། །ལུ་ཞེས་བྱ་བ་བུ་མོ་ཡིན། །སྟི་ཞེས་ཁྲག་ཏུ་ཤེས་པར་བྱ། །སོ་ཞེས་ཞི་བའི་བཏུང་བ་ཡིན། །བེ་ཞེས་དེ་བཞིན་བཏུང་པ་སྟེ། །ཧེ་ཞེས་བྱ་བ་དེ་བཞིན་ཤ །བྷ་ཞེས་བྱ་བ་ཟ་བ་ཡིན། །དྷུ་ཞེས་བྱ་བ་འདྲེས་པ་ཡིན། །བཱི་ཞེས་དུར་ཁྲོད་དེ་བཞིན་ཏེ། །བྷུ་ཞེས་བྱ་བ་རོ་རུ་ཤེས། །ཌྷི་ཞེས་རྣལ་འབྱོར་མ་རུ་བཤད། །ག་ཞེས་དེ་བཞིན་ལཱ་མ་ཡིན། །སྟི་ཞེས་བྱ་བ་གཟུགས་ཅན་མ། །ཀུ་ཞེས་དེ་བཞིན་མཁའ་འགྲོ་མ། །ཧ་ནི་ཁཎྜ་རི་ཧི་ཉིད། །ཛ་ཞེས་བྱ་བ་བྱིན་པ་གཉིས། །ཀ་ཞེས་བྱ་བ་དཔུང་བ་ཟུང་། །བྷ་ཞེས་བྱ་བ་གསོང་པོར་སྨྲ། །སྭཱ་ཞེས་ལེགས་འོངས་བྱ་བ་ཡིན། །མི་ཞེས་བྱ་བ་ཉ་ཡིན་ལ། །བ་ཞེས་བྱ་བ་བཟང་པ་ཡིན། །བེ་ཞེས་བྱ་བ་བཏུང་བ་བཏུང་། །གྷ་ནི་བགྲོད་དང་བགྲོད་མིན་ཡིན། །ཀ་ཞེས་བྱ་བ་འདོད་པ་ཡིན། །ས་ཞེས་


JLD008_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཞན་མི་འགྲོ། །ར་ཞེས་བྱ་བ་ཁྱོ་མེད་མོ། །དུ་ཞེས་བྱ་བ་སྤྱོད་ངན་མ། །སུ་ཞེས་བྱ་བ་སྐལ་བཟང་མ། །ན་ཞེས་བྱ་བ་སྐལ་ངན་མ། །ས་ཞེས་བྱ་བ་དམ་ཚིག་ཅན། །ཨ་ཞེས་བྱ་བ་དམ་ཚིག་མེད། །ཨཱ་ཞེས་བྱ་བ་འོངས་པ་ཡིན། །ན་ཞེས་བྱ་བ་མ་འོངས་ཡིན། །སོ་ཞེས་བྱ་བ་ཆགས་པ་ཡིན། ༈ །སོ་ཞེས་བྱ་བ་ཆགས་པ་ཡིན། ༈ །འདི་དག་ཡི་གེ་རེ་རེའི་བརྡ་ཡིན་ཏེ། །དཔའ་བོ་དང་སྲིང་མོར་འདུ་ཤེས་པར་བྱེད་པ། །གུས་པ་དང་མི་གུས་པ་ལ་སྦྱིན་པར་བྱ་བ་ནི། །དམ་ཚིག་གི་མཆོག་ཡིད་དུ་འོང་བ་ཕན་འདོགས་པར་བྱེད་པ་སྟེ་གུས་པ་ལ་སྦྱིན་པར་བྱའོ། དཔལ་ཧེ་རུ་ཀར་བརྗོད་པ་ལས་ཡི་གེ་རེ་རེ་བའི་བརྡའི་ཆོ་གའི་ལེའུ་སྟེ་བཅོ་ལྔ་པའོ། ༈ །དེ་ནས་སྐལ་ལྡན་སྐལ་ལྡན་མིན། །མདོར་བསྡུས་ནས་ནི་བཤད་པར་བྱ། །དམ་ཚིག་མཆོག་ལ་གནས་པ་སྟེ། །སྐལ་ལྡན་ཡིད་འོང་ཕན་འདོགས་བྱེད། །གུས་པ་ཉིད་ལ་རབ་སྦྱིན་བྱ། །དེ་ནས་རིགས་ཀྱི་དབྱེ་བ་ཟུང་ན། །དབའ་དང་གཉིས་མེད་རྣལ་འབྱོར་མ། །གང་གིས་ཤེས་པ་ཙམ་གྱིས་ནི། །སྒྲུབ་པོ་དངོས་གྲུབ་ཐོབ་འགྱུར་རོ། ༈ །བུད་མེད་པད་རྩ་ལྟར་དཀར་གང་། །པད་མའི་འདབ་ལྟར་དཀྱུས་རིང་མིང་། །རྟག་ཏུ་གོས་ནི་དཀར་ལ་དགའ། །ཙན་དན་སར་བའི་དྲི་དང་ལྡན། །བདེར་གཤེགས་འདུས་པ་ཉིད་ལ་དགའ། །དེ་རིགས་ལས་བྱུང་ཤེས་པར་བྱ། །བུད་གང་བཙོ་མའི་གསེརར་འདྲ་ཞིང་། །དམར་དང་སེར་པའི་གོས་ལ་དགའ། །ཛ་ཏི་ཙམ་པའི་དྲི་དང་ལྡན། །དེ་ནི་དཔའ་བོའི་རྗེས་འགྲོར་འགྱུར། །གང་ཞིག་


JLD008_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཨུད་པལ་ལྟར་སྡོ་བ་སངས། །གོས་ནི་སྔོན་པོ་འཛིན་ལ་དགའ། །ཨུད་པལ་སྔོན་པོར་སྣང་བའི་དྲི། །དེ་ནི་དཔའ་བོའི་དྲག་རྗེས་འགྲོ། །བུད་མེད་གང་ཞིག་མཛེས་མ་སྟེ། །པགས་པ་པད་དཀར་འདབ་མ་འདྲ། །རྟག་ཏུ་པད་མའི་རྩ་བའི་དྲི། །དེ་ནི་དེ་བཞིན་དཔའ་བོའི་གློ། །དམར་ཞིང་དཀར་བའི་བུད་མེད་གང་། །གཟུགས་བཟང་གོས་ནི་དམར་པ་དང་། །མ་ལི་ཀ་དང་ཨུད་པལ་དྲི། །དེ་ནི་རྡོ་རྗེའི་རིགས་འབྱུང་ཡིན། །སེར་ཞིང་ལྡང་བའི་བུད་མེད་གང་། །གསོ་ནི་དཀར་པོ་འཆང་བར་དགའ། །མགོ་ལ་མེ་ཏོག་དྲི་དང་ལྡན། །དེ་བཞིན་གཤེགས་རིགས་རྗེས་འགྲོ་ཡིན། །བུད་མེད་གང་ཞིག་ཁ་དོག་དམར། །དེ་ཡི་མདོག་གི་གོས་འཆང་ཞིང་། །རྟག་ཏུ་ག་བུར་དྲི་དང་ལྡན། །རྣམ་སྣང་རིགས་ཀྱི་རྗེས་འགྲོ་ཡིན། །རྣལ་འབྱོར་མ་ཡི་རིགས་རྣམས་ནི། །དེ་ལྟར་བདུན་པོ་ངས་བཤད་པ། །གཡོན་པའི་ཀུན་སྤྱོད་ལ་རྟ་གང་དགའ། །འདི་དག་རང་རྒྱའི་མདོག་གིས་ཁྱབ། ༈ །རིགས་ཀྱི་རིག་པའི་ཡེ་ཤེས་ཡང་། རིགས་ཀྱི་རྗེས་སུ་འདིར་གྱུར་པ། འདི་ལ་ཁ་དོག་དྲུག་ཏུ་འགྱུར། །རང་གི་ཕྱག་རྒྱ་འཆིང་བར་དང་། རང་རིགས་ལས་བྱུང་ཚིག་ཏུ་སྨྲ། །གཡོན་ནས་འགྲོ་བའི་བུད་མེད་གང་། །རྣལ་འབྱོར་བ་ཡང་གཡོན་ལ་རྟག །སྐད་ནི་ཆེན་པོར་རབ་སྨྲ་བ། །གཡོན་ནས་ལྟ་བས་རྣམ་པར་ལྟ། བུད་མེད་རྣམས་མཐོང་རབ་སྨྲ་བ། །དེ་ནི་དམ་ཚིག་ལྡན་པར་བཤད། །བུད་མེད་རྣམས་གང་གསོལ་བཏབ་བྱེད། །རིགས་ཀྱི་ས་བོན་རབ་ཏུ་སྨྲ། །རིགས་ཀྱི་བྱ་མ་མི་འདོར་ཞིང་། །རང་གི་བསྟན་བཅོས་


JLD008_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་སྐྱོང་། །རང་གི་རིགས་ཀྱི་རིག་པ་བཟློས། །དེ་ནི་དམ་ཚིག་ལྡན་པར་བརྗོད། །ཕྱག་འཚལ་བ་ནི་གང་མཆིང་བ། གཡོན་པའི་ལུས་ཀྱིས་རྟག་ཏུ་འདུད། །ལྷ་མོ་རྣམས་དང་ཀུན་སྨྲ་བ། །ཏེ་ནི་ངེས་པར་བདེན་པར་འགྲོ། །མཐེ་བོང་གཡོན་པས་ས་ལ་ནི། །རྐང་པས་རི་མོ་འདྲི་བྱེད་ཅིང་། །མགོ་ནི་འཕྲུག་པར་བྱེད་པ་སྟེ། །ཟུར་གྱིས་ལྟ་ཞིང་ལག་གཡོན་གྱིས། །སྒྲུབ་པ་པོ་ཡིས་ཁྱད་པར་དུ། །དེ་ཡི་རང་རིགས་དྲན་པའོ། །མཁུར་བའམ་ཀོ་སྐོ་དག་དད་ནི། །སྣ་དག་ཏུ་ནི་སོང་མེ་སྟོན། །ཟུར་གྱིས་ལྟ་ཞིང་ལན་ཅིག་སྔགས། །ཟློས་ནས་རིག་ལ་རྣམ་པར་སྟེ། །བདེན་པར་འགྲོ་བའི་རྣལ་འབྱོར་མ། །དེས་པར་དམ་ཚིག་ཅན་ཡིན་ནོ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྣལ་འབྱོར་མིའི་མཚན་ཉིད་བརྟག་པའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པའོ། ༈ དེ་ནས་རྙེད་དཀའ་རྣལ་འབྱོར་མ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི། །བདུད་རྩི་ལྔ་རྣམས་ཡང་དག་འབྱུང་། །ཡཱ་མི་ནི་དང་སྒྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་འཇིགས། །གཟུགས་ཀུན་སྤྱོད་མ་མཛེས་མ་དག །གྷ་སུར་མཁའ་འགྲོ་མ་རྣམས་བདུན། །བསྡུས་མ་རང་མཚན་ཉིད་འདིར་བཤད། ༈ །གཟུགས་ཅན་མ་དང་ཙུམ་བི་ཀ །ལཱ་མ་ཡོངས་གྱུར་བྱིས་བཅས་མོ། །མི་ལྡོག་ཨེ་ཏི་ཀི་ལྷ་མོ། །མཁའ་འགྲོ་རྣམས་བདུན་དུ་བཤད། །མངོན་པར་ཞེས་པས་ལྟ་བ་དང་། །སྨིན་མ་འདེགས་པར་གར་བྱེད་ཅིང་། །སྔོན་གྱི་གཟུགས་ནི་སྡུད་བྱེད་གང་། །


JLD008_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ནི་འཇིགས་པར་བྱེད་པ་ཡིན། །དེ་ནི་གཟུགས་ཅན་མར་ཤེས་བྱ། །དཔའ་བོ་གཉིས་མེད་བསྟེང་པར་བྱ། །དྲུང་པའམ་ནི་མི་དྲུང་པ། །བྱིན་པ་འཁྱུད་ཅིང་ཙུམ་པ་ན། དེ་ནི་ཙུ་མ་བི་ཀར་ཤེས་བྱ། །མཀའ་འགྲོ་སྡིག་པ་འཇོམས་པ་ཡིན། །ཟུང་ལྟ་གདོང་ལ་ཁྲོ་གཉེར་ལྡན། །སྨིན་མ་སྒྱུ་ཞིག་སྡིགས་མཛུབ་དང་། །དབུགས་འབྱིན་འཇིགས་པར་བྱེད་གང་ཡིན། །འདི་ན་གཞན་ཡང་དབུགས་མི་འབྱིན། །འཇིགས་པར་བྱེད་པ་གང་ཡིན་པ། །དེ་ནི་ལྔ་མ་ཡིན་པར་བཤད། །ཕག་དང་དྲེད་དང་བྱི་ལ་དང་། །ཅེ་སྤྱང་རི་དྭགས་རྟ་དག་དང་། །ཐམས་ཅད་དེར་ནི་འཇིགས་བྱེད་པ། །ཡོངས་སུ་གྱུར་པར་དེ་བཤད་དོ། །ཤིན་ཏུ་དགའ་བས་རྒོད་པ་དང་། །སོང་ནས་སླར་ཡང་མི་ལྡོག་ལ། །རྗེས་སུ་ཆགས་པས་གསལ་བར་འདོད། །ཁཎྜ་རོ་ཧིར་དེ་བཤད་དོ། །ཡིད་ནི་བྱུང་བས་ལགས་པ་འམ། །བོད་པ་འམ་ནི་རྐང་པས་སམ། །གོས་མཐའ་འམ་ཡང་ན་ཤིང་དག་གིས། །དེས་ལེག་པ་ནི་འཚོ་མི་འགྱུར། །མི་ལྡོག་མར་ནི་ཤེས་བྱ་སྟེ། །བསྒྲུབ་བྱ་མིན་པར་དེ་བཤད་དོ། །ལས་དང་པོ་ལ་སྒྲུབ་མི་ནུས། །རྒོད་སྨྲ་རྒྱུ་མེད་པ་རུ་ནི། །དུ་ཞིང་རབ་ཏུ་ཁྲོས་པ་སྟེ། །དེ་ནི་ཨེ་ཧི་ཀར་དྲན་བྱ། །ལྷ་མོ་གསོང་པོར་སྨྲ་བ་ཡིན། །སངས་རྒྱས་པ་དང་རྟག་ཏུ་སྨ། །དེ་ཉིད་རྡོ་རྗེའི་རིགས་ལས་བྱུང་། །མཁའ་འགྲོ་མ་ཡི་རིགས་ཕྱག་རྒྱ། །དཔའ་བོས་བསྟན་ཕྱིར་མཚོན་པར་བྱ། །ཐོད་པ་དགྲ་སྟ་མཆེ་བ་དང་། །འཁོར་ལོ་དང་ནི་རྒྱལ་མཚན་དང་། །རལ་གྲི་ཀུན་དུ་སྐྲག་བྱེད་ཉིད། །དུང་


JLD008_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱད་དུ་ཤེས་པར་བྱ། །རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་གཟུགས་ཡོངས་སུ་བརྗེ་བ་དང་། ཕྱག་མཚན་དང་ཕྱག་རྒྱ་བསྟན་པའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པའོ། ༈ །དེ་ནས་གཞན་ཡང་བཤད་པར་བྱ། །མཁའ་འགྲོ་མཆོག་གི་གོ་འཕང་ནི། །གད་གིས་ཡང་དག་ཤེས་པ་ཡིས། །མཁའ་འགྲོའི་དམ་ཚིག་ལ་གནས་པའོ། །དམར་ཞིད་ཟེར་པོའི་བུད་མེད་གང་། །པད་མའི་དྲི་ནི་རྣམ་པར་གཏོང་། ལྟ་སྟངས་རང་བཞིན་ཞི་བ་དང་། ཞེས་པར་ལྟ་བའི་རྗེས་འགྲོ་བ། །བུད་མེད་གང་ཞིག་སེན་མོད་མར། །དེ་བཞིན་སྐྱེ་བོ་ཀུན་ལ་བརྩེ། །ཁྱིམ་དུ་པད་མ་འདྲི་བ་ནི། །པད་མ་གར་དབང་རིགས་བྱུང་ཡིན། །སྨིན་མའི་དབུས་ན་རྩེ་གསུམ་པ། །གང་ལ་མཚོན་མ་སྣང་གྱུར་པ། །ལུས་ནི་སྐྱབ་སངས་སྔོ་བ་དང་། །རྟག་ཏུ་རྡོ་རྗེའི་རིགས་སྒོམ་པ། །གང་གི་ཁྱིམ་དུ་རྡོ་རྗེ་འདྲི། །རྟག་པར་མཆོད་པ་བྱེད་པ་ཡི། །མཁའ་འགྲོ་མ་དེ་དཔལ་ལྡན་ནི། །ཧེ་རུ་ཀ་ཡི་རིགས་བྱུང་ཡིན། །གང་གི་དཔྲལ་བར་རྩེ་གསུམ་ནི། །མདུང་ཐུང་དག་ཀྱང་སྣང་གྱུར་ཅིག །མིག་དམར་མདོག་ནི་དམར་སེར་ཡང་། །དེ་བཞིན་རྐང་པ་ལག་པ་དམར། །ར་སྐྱེས་ཁྱིམ་བྱ་དགའ་ལ་ཡང་། །རྟག་ཏུ་ཡིད་ནི་དགར་གྱུར་ཅིང་། །དེ་ཡི་ཁྱིམ་དུ་རྡོ་རྗེའི་མཚན། །རྟག་ཏུ་གང་ཞིག་མཆོད་བྱེད་པ། །ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་། །མཁའ་འགྲོ་ཡིན་པར་གདོན་མི་ཟ། ༈ །འཁོར་ལོ་དང་གི་དཔྲལ་བའམ། །ལག་པར་


JLD008_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་སྣང་གྱུར་པ། །སྤྲིན་སྔོན་དག་དང་འདྲ་བ་སྟེ། །རྟག་ཏུ་དཔྲལ་བར་དར་འཆང་བ། །སྐལ་བ་ཆེན་པོ་ཕུན་ཚོགས་ཤིང་། །མཆོག་ཏུ་བདེ་བ་གང་ཡིན་དང་། །ཁྱིམ་དུ་འཁོར་ལོ་འདྲི་བྱེད་ཅིང་། །རྟག་ཏུ་དེ་ལ་མ་ཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བའི། །མཁའ་འགྲོ་མ་ཡི་སྟོབས་ཀྱིས་དྲེགས། །གང་ཞིག་མིག་སྨན་གནག་འདྲ་ཞིང་། །སོ་ནི་དཀར་ཞིང་མཐོ་བ་དང་། །གཡོན་པ་རྟག་ཏུ་མ་རུངས་པ། །སྙིང་སྟོབས་ལྡན་པར་གྱུར་པ་དང་། །རྟག་ཏུ་ཁྲུལ་ལ་དགའ་བ་དང་། །མང་དུ་སྨྲ་བར་མི་བྱེད་དང་། །ཁྱིམ་དུ་རྡོ་རྗེ་འདྲི་བ་དང་། །རྟག་ཏུ་དགེ་བས་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བ། །སྟོང་ཕྲག་བཅུ་དང་ལྡན་པར་ཡིན། ༈ །སེར་ཞིང་གསེར་གྱི་མདོག་འདྲར་སྣང་། །མིག་མིག་ཡོ་ཞིང་ཁ་སྤུ་སེར། །རྡོ་རྗེ་གང་གི་དཔྲལ་བའམ། །ལག་པར་ཡང་ནི་སྣང་གྱུར་པ། །རྟག་ཏུ་རྒྱལ་སྲིད་དག་ལ་གནས། །སྙེགས་ཤིང་བདེན་པར་སྨྲ་བ་དང་། །མ་ལི་ཀ་ཡི་དྲི་འབྱུང་ཞིང་། །གང་གི་ཁྱིམ་དུ་རྡོ་རྗེ་ནི། །རྟག་ཏུ་འདྲི་ཞིང་ཆེརྲ་མཆོད་པ། །ཁཎྜ་རོ་ཧིའི་རིགས་ལས་བྱུང་། །རྣལ་འབྱོར་མ་ཡི་དབང་ཕྱུག་མཆོག ༈ །གང་ཞིག་རྟག་པར་ཤ་ལ་དགའ། །སྐོམ་ཞིང་མིག་དམར་ནག་པོའི་མདོག །དཔྲལ་བར་མདུད་རྩེ་ལྟ་བུ་ཡོད། །གང་ཞིག་གདུག་པའི་ལས་ལ་དགའ། །རྟག་ཏུ་དུར་ཁྲོད་དག་དུ་འགྲོ། །འཇིགས་པ་མེད་ཅིང་ཆིག་མེད་དེ། །གང་གི་དཔྲལ་བར་ཐིག་ལེ་དང་། །ཁྱིམ་དུ་ཐོད་པ་འདྲི་ཞིང་མཆོད། །དཔལ་ལྡན་ཧེ་རུ་ཀ་དེ་ཡི། །མཁའ་འགྲོའི་རིགས་ལས་བྱུང་བ་ཡིན། །


JLD008_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་མདོག་འདྲའི་བུད་མེད་གང་། །སོ་ནི་མི་མཉམ་པར་གནས་ཤིང་། རྟག་ཏུ་གདུག་པའི་ལས་ལ་དགའ། །གཡོན་གྱི་མཆེ་བ་གཅིགས་པ་དག །དེ་ཡི་ཁྱིམ་དུ་དགྲ་སྟ་ནི། །འདྲི་ཞིང་རྟག་ཏུ་མཆོད་བྱེད་པ། །རྣམ་པར་འདྲེན་པའི་རིགས་བྱུང་བའི། །མཁའ་འགྲོ་མར་ནི་ཐེ་ཚོམ་མེད། །མཁའ་འགྲོ་མ་ཡི་ཚོགས་འདི་དག །ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །གསང་བའི་མཚན་ཉིད་སྤྲུལ་པ་ཡིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྣལ་འཕྱོར་མ་ཐམས་ཅད་ཀྱི་ཁ་དོག་གི་མཚན་ཉིད་དང་། མཚན་པའི་ངེས་པའི་ཆོ་གའི་ལེའུ་སྟེ་བཅོ་བརྒྱད་པའོ། ༈ །དེ་ནས་ཡན་དག་བཤད་པར་བྱ། །སྒྲུབ་པ་པོའི་ཡིས་ལཱ་མ་ཡི། །མཚན་ཉིད་ཀྱི་ནི་ཁྱད་པར་དང་། །ཡང་ལག་ཚོགས་ཤེས་བྱའོ། ༈ གང་གི་བཞིན་ནི་ཡོངས་རྒྱས་པར། །ཀུན་ནས་ཟླུམ་པོར་སྣང་གྱུར་ཅིང་། །ཁ་ཡི་སྨར་རྟག་པར་ཡོད། །སྤུ་དང་སྨིན་མ་རིང་བ་དང་། །གོས་འབྲང་གཙང་ཞིང་ཞི་བ་དང་། །མི་གཡོ་བདེན་པར་སྨ་བ་དང་། །རྟག་ཏུ་དམ་པའི་ཆོས་ལ་དགའ། །དེ་ནི་དཔའ་བོའི་སྲིང་མོར་བཤད། །པད་མའི་ཕྱག་རྒྱ་སྦྱིན་བྱ་བ། །ཡང་ན་རུས་སྦལ་ཕྱག་རྒྱས་བྱ། །པགས་པ་རིལ་བ་སྤྱི་བླུགས་ཉིད། །ཕྱག་རྒྱའི་ཡན་དུ་བརྗོད་པ་ཡིན། །དེ་ནི་ཚེས་བཅུའི་དུས་ཚིགས་ལ། །ཁྱིམ་དུ་པད་མ་འདྲི་བར་འགྱུར། །ལཱ་མ་ཡི་ནི་བུད་མེད་ཀྱི། །མཚན་ཉིད་གྱུར་པ་འདི་དག་ཡིན། ༈ །མཆུ་གཉིས་རློ་ཞིང་མིག་དཀྱུས་རིང་། །མིག་ནི་དམར་ཞིང་


JLD008_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྐྱར་གནས། །ཕྱུག་ཅིང་སྐལ་བཟང་དཔལ་ཡོན་ཅན། །སེར་ཞིང་ཙམ་བ་ལྟ་བུར་སྣང་། །ཤིན་ཏུ་རིང་མིན་ཐུང་བའང་མིན། །སྣ་ཚོགས་པ་ཡི་གོས་ལ་དགའ། །དཔྲལ་བར་རི་མོ་གསུམ་ཡོད་ཅིང་། །མཚམས་སུ་གྱེན་དུ་བསྟེན་པ་ལས། །རྒོད་ཅིང་དགའ་ཉིད་དག་དང་། །ལམ་ནི་རྣམ་པར་གནོན་ཅིང་གནས། །གཡུལ་དུ་འཆི་བ་རྣམས་ཀྱི་ནི། །གཏམ་དག་ལ་ནི་རྟག་ཏུ་དགའ། །དེ་ལྟར་རབ་དྲེགས་མཐོང་ནས་ནི། །མདུང་གི་ཕྱག་རྒྱ་བསྟན་པར་བྱ། །རྐང་པ་གཡོན་པ་བསྐུམས་པ་ཡི། །གར་ཉིད་ཀྱང་ནི་བསྟན་པར་བྱ། །གཡོན་པ་དག་ནས་ཡོངས་བཟློག་པ། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་དང་ནི་ཚེས་བརྒྱད་ནི། །དེ་ཡི་དུས་ཚིགས་ཡིན་པར་བཤད། །ཁྱམ་དུ་མདུན་རྩེ་གསུམ་བ་ཡང་། །བྲིས་ནས་དེ་ནི་རྟག་ཏུ་མཆོད། །འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །གང་གི་མཐུར་ཚེས་དག་ཏུ་ནི། །ཁུར་བུར་སྣང་བའང་གནས་གྱུར་ཅིང་། །དེ་བཞིན་རྟག་ཏུ་དམར་ཞིང་སེར། །མིག་ནི་ལྗང་སེར་དག་ཏུ་སྣང་། །སྐྲ་ནི་དེ་བཞིན་འཁྱིལ་བ་དང་། །མགོ་དང་དཔྲལ་བར་དར་བཅིངས་སྣང་། །རི་མོ་གཅིག་པར་རབ་ཏུ་གནས། །དེ་བཞིན་མགྲིན་པ་རིང་བར་དང་། །རྟག་ཏུ་གོས་དམར་ལ་དགའ་ཞིང་། །རྒོད་ཅིང་གླུ་ནི་ལེན་པ་ཉིད། །གློ་བུར་དུ་ནི་ཁྲོ་བ་དང་། །སེམས་ནི་རྣམ་པར་གཡོ་བ་དང་། །རྩོད་པ་ལ་ནི་དགའ་བ་སྟེ། །འདི་འདྲའི་རབ་དྲེགས་མཐོང་ནས་ནི། །མདུང་གི་ཕྱག་རྒྱ་སྦྱིན་པར་བྱ། །གཉིས་པ་ཉིད་ནི་འབད་པ་ཡིས། །དྲིལ་བུའི་


JLD008_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་རབ་སྦྱིན་བྱ། །གཡོན་གྱི་ཕྱོགས་སུ་ལྡོག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །ཐུང་ཞིང་བྱིན་པ་སྦོམ་པ་དང་། །རྟག་ཏུ་གོས་སེར་ལ་དགའ་ཞིང་། །འཕྲག་བ་དག་ནས་གོས་ཀྱང་འཕྱུང། །དེ་འདྲའི་བུད་མེད་མཐང་ནས་ནི། །འཁོར་ལོའི་ཕྱག་རྒྱ་བསྟན་བྱ་ཞིང་། །འབད་པ་ཡིས་ནི་གཉིས་པ་ཡང་། །དུང་གི་ཕྱག་རྒྱ་བསྟན་པར་བྱ། །གཡོན་ནས་ཡོངས་སུ་ལྡོག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་དེ་ཡི་དུས་ཡིན་ཏེ། །དེ་ཡི་ཁྱིམ་དུ་རྡོ་རྗེ་འདྲི། །ཤྲཱི་ཧེ་རུ་ཀའི་ལཱ་མ་ཡིས། །མཚན་ཉིད་གྱུར་པ་འདི་དག་མིན། །ལུས་ཀུན་ལ་ནི་བ་སྤུ་ཡོད། །མིག་ནི་གན་གཅིང་སེར་བ་དང་། །སྦོམ་ཞིང་རྣམ་འགྱུར་མི་བཟང་བ། །བཞིན་འཕེལ་ཆེ་ཞིང་ཁ་ཆེ་ལ། །གསུམ་པ་རློ་ཞིང་ཁ་དོག་གནག །མིག་ཟླུམ་སྣ་ནི་ཉམས་པ་དང་། །རྟག་ཏུ་གླུ་བ་མཁས་པ་དང་། །སྤྲིན་གྱི་མདོག་ཅན་ཡིད་འཕྲོག་པ། །འདི་འདྲའི་རབ་དྲེགས་མཐོང་ནས་ནི། །ཀླུ་ཡི་ཕྱག་རྒྱ་བསྟན་པར་བྱ། །གཉིས་པ་ཡང་ནི་འབད་པ་ཡིས། །མདུང་གི་ཕྱག་རྒྱ་བསྟན་པར་བྱ། །གཡོན་ནས་ཡོངས་སུ་ཟློག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །ཚེས་གྲངས་བཅུ་གཅིག་དེ་ཡི་དུས། །ཁྱིམ་དུ་མཆེ་བ་འབྲི་བར་བྱེད། །རྡོ་རྗེ་ཕག་མོ་ལཱ་མ་ཡི། །མཚན་ཉིད་གྱུར་པའི་དག་ཡིན། །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། ༈ དེ་ནས་གཞན་ཡང་


JLD008_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱ། །ལག་བ་གཡོན་གྱི་བརྡ་རྣམས་ཏེ། །གང་གིས་མིང་སྲིང་མོ་རུ། །ཡང་དག་ཤེས་པར་འགྱུར་པའོ། ༈ །གང་ཞིག་ལག་གཡོན་སྟོན་པ་ནི། །གསོང་བོར་སྨྲ་ཞེས་སྟོན་པ་ཡིན། །གང་ཞིག་སྲིན་ལག་སྟོན་པ་ནི། །གསོང་བོར་སྨྲས་པའི་ལན་གྱུར་ཡིན། །གང་ཞིག་ལྟོ་བ་རྡེ་བས་བ་ནི། །བདག་ཉིད་བཀྲེས་པར་སྟོན་པ་ཡིན། །གང་ཞིག་དབྲལ་བ་སྟོན་པ་ནི། །ནམ་མཁའ་ལས་ནི་འོངས་ཞེས་པའོ། །གང་ཞིག་ཁར་ནི་སོར་མོ་འཛུད། །ཟོས་ཟིན་ཞེས་ནི་སྨྲ་བ་ཡིན། །གང་ཞིག་ལྕེ་ནི་བསྐྱོད་པ་དག །ཟ་འོ་ཞེས་པའི་སྨྲ་བ་ཡིན། །གང་ཞིག་པུས་མོ་ལ་རེག་པ། །ངལ་ལོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་སོར་མོའི་རྩེ་ལ་རེག །ངལ་སོས་ཞེས་ནི་སྨྲ་བ་ཡིན། །གང་ཞིག་སོ་ནི་འཆའ་བྱེད་པ། །ཤ་ཟའོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་ཁྲོ་གཉེར་སྟོན་པ་ནི། །བཅིངས་སོ་ཞེས་ནི་སྨྲ་བ་ཡིན། །གང་ཞིག་མཁའ་ལྡིང་སྟོན་པ་ནི། །གྲོལ་ལོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་ཁུ་ཚུར་སྟོན་པ་ནི། །དེ་ལ་བ་ཏི་ས་བསྟན་བྱ། །རྣམ་པར་འགྱུར་བ་བལྟས་ནས་ནི། །གང་ཞིག་སྐྲ་ནི་སྟོན་པ་ལ། །ཁ་ཊཱཾ་ག་ནི་དེ་ལ་བསྟན། །གང་ཞིག་ཡན་ལག་བསྐྱོད་པ་དང་། །དེ་ལ་མཆེ་བ་གཉིས་བསྟན་བྱ། །གང་ཞིག་ལག་པས་ལག་པ་སྟོན། །གཏོར་མ་ཟ་ཞེས་སྨྲ་བ་ཡིན། །གང་ཞིག་ལག་པ་གཡས་པ་སྟོན། །དེ་ལྟར་གྱིས་ཞེས་སྨྲ་བ་ཡིན། །གང་ཞིག་རྣ་བ་ལ་རེག་པ། །གནས་པར་བྱ་ཞེས་སྟོན་པ་ཡིན། །གང་ཞིག་སེན་མོས་སེན་མོ་རེག །ཤི་བ་ཁྱེར་ཞེས་སྨྲ་བ་


JLD008_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །གང་ཞིགས་འདྲི་དཀྱིལ་འཁོར་དུ། །དེ་རིང་འཇུག་ཅེས་སྨྲ་བ་ཡིན། །གང་ཞིག་ནུ་མ་ལ་རེག་པ། །བདག་གི་བུ་ནི་བསྲུངས་ཞེས་སྨྲ། །གང་ཞིག་གཡོན་མཐེབས་ལ་འདྲི། །བླ་མའི་སྐྱེ་བོས་ང་བསྲུང་སྨྲ། །གང་ཞིག་མིག་ནི་འཛུམ་བྱེད་པ། །དེ་ལྟར་བྱོས་ཞེས་སྨྲ་བ་ཡིན། །གང་ཞིག་ཚིགས་ལ་རེག་པ་ནི། །བདེ་བར་ཉལ་ཞེས་སྨྲ་བ་ཡིན། ༈ །ཕོ་ཉ་མོ་ནི་གང་ཡང་རུང་། །དེ་དག་ཀུན་དང་ཡང་དག་སྦྱོང་། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པའི་ཕྱག་རྒྱའི་བརྡའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ། ༈ །དེ་ནས་གསང་བ་ཆེན་པོ་ཡི། །ལྟ་བ་ང་ཡིས་བཤད་པར་བྱ། ༈ །བུད་གང་སྤྱི་གཙུག་རེག་བྱེད་པ། །མགོ་བོ་དེ་ལ་བསྟན་པར་བྱ། །གང་ཞིག་དབྲལ་བ་སྟོན་པ་ནི། །དེ་ལ་མཁུར་ཚོས་བསྟན་པར་བྱ། །གང་ཞིག་སོ་ནི་སྟོན་པ་ལ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་མཆུ་ནི་སྟོན་བྱེད་པ། །དེ་ལ་ཀོ་སྐོ་བསྟན་པར་བྱ། །གང་ཞིག་མགྲིན་པ་བསྟོན་བྱེད་པ། །ལྟོ་བ་དེ་ལ་བསྟན་པར་བྱ། །གང་ཞིག་ལག་པ་སྟོན་བྱེད་པ། །དེ་ལ་དཔུང་བ་བསྟན་པར་བྱ། །གང་ཞིག་སུམ་རྐེད་སྟོན་བྱེད་པ། །དེ་ལ་རྒྱབ་ནི་བསྟན་པར་བྱ། །གང་ཞིག་ནུ་མ་སྟོད་ཕྱེད་པ། །དེ་ལ་ཀོ་སྐོ་བསྟན་པར་བྱ། །གང་ཞིག་ལྟོ་བ་སྟོན་བྱེད་པ། །དེ་ལ་ལྟེ་བ་བསྟན་པར་བྱ། །གང་ཞིག་གསང་བ་སྟོན་བྱེད་པ། །དེ་ལ་ལིང་ག་བསྟན་པར་བྱ། །གང་ཞིག་བརླ་ནི་སྟོན་བྱེད་པ། །དེ་ལ་ཕིག་ཀ་བསྟན་པར་བྱ། །གང་ཞིག་ལུས་མོ་


JLD008_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་བྱེད་པ། །དེ་ལ་བྱིན་པ་བསྟན་པར་བྱ། །གང་ཞིག་རྐང་བ་སྟོན་བྱེད་པ། །དེ་ལ་རྐང་མཐིལ་བསྟན་པར་བྱ། །གང་ཞིག་སོར་ཚིགས་སྟོན་བྱེད་པ། །དེ་ལ་སོར་མོ་བསྟན་པར་བྱ། །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་ནམ་མཁའ་བསྟན་པར་བྱ། །གང་ཞིག་ནམ་མཁའ་སྟོན་བྱེད་པ། །དེ་ལ་ཉི་མ་བསྟན་པར་བྱ། །གང་ཞིག་འབབ་ཆུ་སྟོན་བྱེད་པ། །དེ་ལ་རྒྱ་མཚོ་སྟོན་པར་བྱ། །འདི་དག་མཁའ་འགྲོ་མ་ཡི་ནི། །ལུས་ཀྱི་ཕྱག་རྒྱར་ཐེ་ཚོམ་མེད། །འདི་དག་རྟག་བསྟན་གསང་བ་སྟེ། །ཡང་དག་སྟོན་པར་འགྲོ་བར་འགྱུར། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཡན་ལག་གི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ༈ །དེ་ནས་གཞན་ཡང་བཤད་པར་བྱ། །ཡན་ལག་ཕྱག་རྒྱའི་ཆོ་ག་བཞིན། །གང་ཞིག་ཤེས་པས་མིང་བོའམ། །སྲིད་མོར་ཐེ་ཚོམ་མེད་འགྱུར་བའོ། ༈ །སོ་མོ་གཅིག་ནི་སྟོན་པ་ཡིས། །ལེགས་པར་འོངས་ཞེས་སྨྲ་བ་ཡིན། །སོར་མོ་གཉིས་ནི་བསྟན་པ་ཡིས། །ལེགས་འོངས་ལན་ནི་སྨྲ་བ་ཡིན། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཡན་ལག་ཕྱག་རྒྱར་རབ་ཏུ་བཤད། །གཡོན་གྱི་གུང་མོ་བརྐྱང་བ་ལ། །ཅུང་ཟད་མཛུམ་མོ་བསྐུམས་པ་ནི། །མིག་གི་ཕྱག་རྒྱར་ཤེས་པར་བྱ། །སྔགས་བས་གང་ལ་དེ་བསྟོན་ཏེ། །དེ་མོད་ཇི་སྲིད་འཚོ་བའི་བར། །དབང་དུ་འགྱུར་བར་ཐེ་ཚོམ་མེད། །གང་ཞིག་གུང་མོ་སྟོན་བྱེད་པ། །དེ་ལ་མཛུམ་མོ་བསྟན་པར་བྱ། །གང་ཞིག་སྲིན་ལག་སྟོན་བྱེད་པ། །དེ་ལ་ལྕེ་ནི་བསྟན་པར་བྱ། །


JLD008_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་པ་ཏིས་སྟོན་པ། །དེ་ལམ་སུང་ནི་བསྟན་པར་བྱ། །གང་ཞིག་སྤྱི་ཞིག་སྤྱི་བོ་སྟོན་བྱེད་པ། །དེ་ལ་མཚམས་གྱི་མཐའ་བསྟན་པ། །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་མཁའ་ནི་བསྟན་པར་བྱ། །གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། །དེ་ལ་མཚམས་མཐའ་བསྟན་པར་བྱ། །གང་ཞིག་སོ་ནི་སྟོན་བྱེད་པ། །དེ་ལ་མཆུ་ནི་བསྟན་པར་བྱ། །གང་ཞིག་མགྲིན་པར་སྟོན་བྱེད་པ། །དེ་ལ་ཁ་ནི་བསྟན་པར་བྱ། །གང་ཞིག་དབྲལ་ལ་སྟོན་བྱེད་པ། །དེ་ལ་མིག་ནི་བསྟན་པར་བྱ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །རིམ་བཞིན་ཡན་ལག་ཕྱག་རྒྱ་ཡིན། །འདི་དག་རྟག་བསྟན་གསང་བ་པ། །ཡང་དག་ལྟ་བར་འགྲོ་བར་འགྱུར། །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཁྱད་པར་གྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་ལེའུ་སྟེ་ཉིཤུ་རྩ་གཉིས་པའོ། ༈ །དེ་ནས་ཡང་དག་བཤད་པར་བྱ། །མཁའ་འགྲོ་མ་ཡིན་རྣལ་རོལ་བ། །གད་གིས་རིག་ནས་རིང་ནས་ཀྱང་། །དཔའ་བོ་དཔའ་བོའི་སྲིད་མོ་རུའོ། །དམ་ཚིག་ཅན་གང་རྗེས་ཆགས་པ། །དཔའ་བོའི་ལོངས་སྤྱོད་ས་གཞི་ཡིན། །གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་པ་ཡི་སྡོམ་པ་མཆོད། །འདི་དག་རྣལ་འབྱོར་མ་རྣམས་ཀྱི། །གོ་བཟློག་པ་ཡིས་ལྟ་བ་དང་། །བཞིན་ནི་རྣམ་པར་འགྱུར་པ་ཉིད། །སྨིན་མ་གཡོ་ཞིད་བདེ་བ་རྟག །སྣ་ཚོགས་མྱུར་དུ་ཤེས་བྱ་བ། །དེ་བཞིན་མཁའ་འགྲོ་ལས་བྱུང་བའོ། །རྣམ་འགྱུར་བསྐོར་བར་ཤེས་བྱ་སྟེ། །རི་མོ་གསུམ་པ་ཡོངས་སུ་ཟླུམ། །མཁའ་འགྲོ་མ་རྣམས་ངེས་འགྲོ་བའི། །དེའི་མཚན་མ་


JLD008_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཤེས་པ། །གློབུར་རྣམ་པར་ལྡོག་འགྱུར་ཏེ། །སྔར་གྱ་གདོང་ནི་འཇིག་གྱུར་པ། །རྣམ་པ་དེ་ལྟར་དེ་ཡི་དེ། །གང་གི་རྡོ་རྗེ་ལྟ་བུར་གསལ། །སྒྲ་ནི་ཁུ་བྱུག་སྐད་ལྟ་བུར། །དེ་ཡི་མཆོག་ཏུ་གསལ་དེར་འགྱུར། ༈ །འདི་ཡི་མཚན་མ་ཁྱིམ་དུ་ནི། །རྡོ་རྗེ་ལྟ་བུ་མེ་ལོང་བཅས། །གཉིས་པར་ཡང་ནི་གྱུར་པ་ནི། །རལ་གྲི་འདྲ་བ་མེ་ལོང་བཅས། །རྒྱལ་མཚན་མདུད་འདྲར་རྟག་ཏུ་འགྱུར། །མེ་ལོང་ཁ་སྦྱར་བར་ཤེས་བྱ། །མཚན་མ་བྱས་པའི་གཟུགས་རྣམས་ནི། །མདོར་བསྡུས་རྣམ་པར་ཤེས་བྱ་སྟེ། །མཚན་ཉིད་འདི་དག་དང་ལྡན་པ། །མཁའ་འགྲོ་མ་མཆོག་ཡིན་ཤེས་བྱ། །དཔལ་ཧེ་རུ་ཀར་བརྗོད་པ་ལས་མཁའ་འགྲོ་མའི་ཁྱད་པར་གྱི་མཚན་མའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། ༈ །དེ་ནས་གཞན་སྐད་བརྡ་རྣམས་ནི། །སྒྲུབ་པ་པོ་ལ་འདིར་བཤད་བྱ། །གང་གིས་མིང་པོའམ་སྲིང་མོར་ནི། །ཐེ་ཚོམ་མེད་པར་ཤེས་འགྱུར་བའོ། །པོ་ཏང་གི་ཞེས་བྱ་བ་ནི་གསོང་པོར་སྨྲ་བའོ། །པྲ་ཏི་པོ་ཏང་གི་ཞེཟ་བྱ་བ་ན་གསོང་པོར་སྨྲ་བའི་ལན་ནོ། །ག་མུ་ཞེས་བྱ་བ་ནི་འགྲོ་འོ་ཞེས་སྨྲ་བ་ཡིན་ནོ། །ལུས་པ་ཞེས་བྱ་བ་ནི་འོང་ངོ་ཞེས་བརྗོད་པ་ཡིན་ནོ། །དེ་ཧ་མ་ཞེས་བྱ་བ་ནི་གྲོང་ཁྱེར་ཞེས་སྨྲ་བ་ཡིན་ནོ། །ཙ་ཌྷཱུ་ཀ་ཞེས་བྱ་བ་ནི་ཟུང་ཅིག་ཅེས་སྨྲ་བ་ཡིན་ནོ། བཱི་རཎ་ཞེས་བྱ་བ་ནི་སྙིང་ཉིད་དོ། ཀཽ་ར་བ་ཞེས་བྱ་བ་ནི་འཆི་བའོ། །ཀར་ནི་ཀ་ནི་དྲིལ་བུའོ། །ཨཱ་ལི་ནི་མགོ་བོའོ། །བ་རཱ་ཧ་ནི་སྒྲའོ། །ཤྲཱ་བ་ཎ་ནི་རྣ་བའོ། །ཨ་མྲི་ཏ་སྠ་ནཾ་ནི་སྲུབ་བྱེད་དོ། ས་མ་ཧ་མཱ་ནི་


JLD008_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

མའོ། །ཏཱ་ལི་ཀཱ་ནི་མཁའ་འགྲོ་མའོ། །ན་ར་ཀ་ནི་དཀྱིལ་འཁོར་རོ། །ཨ་མུ་ཀ་ནི་དུར་ཁྲོད་དོ། །ཀ་ཁི་ལ་ནི་སྒོ་ཡོ། །ཤཱ་ས་ན་ནི་བྲམ་ཟེའོ་རིགས་སོ། །བ་རི་དྷི་ནི་རྒྱལ་རིགས་སོ། །བིར་ཏི་ནི་རྗེའུ་རིགས་སོ། །ཀྲུ་ཏ་ནི་དམངས་རིགས་སོ། །ཨ་ན་ཏྱ་སྠ་ནི་སྨེ་ཤ་ཅན་ནོ། །བེ་ཤུ་ལི་ཀ་ནི་ཁྱིམ་མོ། །བྷ་གི་ནི་ནི་མཁའ་འགྲོ་མའོ། །དེ་ད་ག་ནི་ཆུའོ། །གྲ་ཧཱ་ཎཻ་ནི་ཕྱག་རྒྱས་འདེབས་པའོ། །ལྕེ་སོ་ལ་རེག་པ་ནི་བདག་ཅག་ལྟོགས་སོ་ཞེས་པའོ། །ག་ན་དྷ་བཱ་སི་ནཱི་ནི་སྲེད་པའོ། །ཀུ་ཏ་ནི་གནས་ཆེ་གེ་མོ་ནས་འོངས་སོ་ཞེས་པའོ། །ཀིར་ཎ་ནི་མེ་ཏོག་གོ །ཏུ་ལམ་ལ་ནི་རྒོད་པའོ། །ད་རོ་ནི་སོའོ། །ནི་རོ་དྷ་ནི་ཆར་འབབ་པའོ། །ཏྲི་བ་ཏི་ནི་ཞུ་བའོ། །རྡུ་ར་ཡུ་ནི་བྱི་རོལ་ལོ། །དྷུ་བ་སྤྲི་ཡ་ནི་སྤྲིན་ནི། སཱ་ནུ་ནི་རི་བོའི། ས་རི་ཏ་ནི་འབབ་ཆུའོ། །ཨཾ་གུ་ལི་ནི་ཡན་ལག་གོ །བ་དན་ནི་གདོང་ངོ་། ཛཱ་ཛི་ཀཱ་ནི་ལྕེའོ། ཨཱ་ད་ནཱ་ནི་སོའི། །བག་གི་ནི་རྒྱལ་མཚན་ནོ། །ཚན་དོ་ནི་འཕྲེང་བའོ། །ཙ་ལ་ནི་རླུང་ངོ་། པྲ་བྟ་ཧ་ནི་གྲུའོ། །པ་ཤུ་ནི་རི་དྭགས་སོ། ཡཱ་ན་ཏི་ནི་དཀྱིལ་འཁོར་རོ། །ས་ས་མ་ནི་བཞི་མདོའོ། ཕལ་གུ་ཥ་མ་ནི་སྐྱེ་བོའོ། མ་ཧཱ་ཀྵ་ར་མ་ནི་ཕྱུགས་ཆེན་པོའོ། ག་ནི་ར་སྐྱེས་སོ། །ནཱ་ཞེས་བྱ་བ་མིའོ། གོ་ཞེས་བྱ་བ་ནི་ཁྱུང་མཆོག་གོ །མ་ཞེས་བྱ་བ་ནི་མ་ཧེའོ། བྷཱ་ནི་ཟ་བའོ། ཧཱ་རྣམ་གྲངས་སོ། ཨ་ཀ་ག་ནི་རྒྱལ་པོའི་སྐྱེས་བུའོ། བྲང་བ་རེག་པ་ནི་ནགས་ན་གནས་པའོ། ཁ་ལ་རེག་པ་ནི་ཟོས་སོ་ཞེས་པའོ། སོ་ལ་རེག་པ་ནི་དོམས་སོ་ཞེས་པའོ། ཧོ་ཞེས་པ་ནི་རྣམ་


JLD008_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཏེ་ཁ་ཅིག་ཏུའོ། བྷི་ནི་ངོ་ཚ་བའོ། །སྟོང་བ་ལ་རེག་པ་ནི་མེད་དོ་ཞེས་བའོ། །མི་ཐུན་གྱིས་ཤིག་པ་ནི་བརླ་ལ་རེག་པའོ། སྟེང་ཉིད་ནི་དེ་བཞིན་ནོ་ཞེས་བྱ་བའོ། །འོག་ནི་མེད་པའོ། །ཕྱག་རྒྱ་དང་ཕྱག་རྒྱའི་ལན་གསང་བའི་བརྡ་ཉིད་དེ་དཔའ་བོས་གསུངས་པ་སྡེ་བཞི་མཚན་ཉིད་དོ། དཔལ་ཧེ་རུ་ཀར་བརྗོད་པ་ལས་སྡེ་བཞིའི་མཚན་ཉིད་ཐམས་ཅད་ཀྱི་བརྡའི་ཚིག་གི་བརྡར་བཏབས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། དེ་ནས་དོན་ཀུན་འདོད་པ་ཡི། སྦས་པ་བརྒྱད་མཐར་སྦྱར་བྱས་ཏེ། མོས་པ་དམན་པའི་སེམས་ཅན་དག །རྨོངས་ཤིང་མི་ཤེས་སེམས་ལྡན་པའོ། ༈ །དེ་ལ་དཔལ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་གསལ་བར་གསུངས་པའི་གསང་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱ་ལི་རེ་ཤཱ་ཡ། །མ་ཧཱ་ཀ་ལྤཱ་གྣི། སཾ་ནི་བྷ་ཡ། ཛ་ཊཱ་མ་ཀུ་ཊོ་ངྐ་ཊཱ་ཡ། དི་ཥྚཱ་ཀ་རྭ་ལོ་གྲ་གྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊཱཾ་ག་དྷཱ་རི་ཎི། བྱཱ་བྷཱ་ཛི་ནཱ་མཱ་ར་དྷ་རཱ་ཡ། མ་ཧཱ་དྷཱུ་སྦཱ་ནྡྷཱ་ཀཱ་ར་ཝ་པུ་ཥཱ་ཡ། ཀ་ར་ཀ་ར་ཀུ་རུ་ཀུ་རུ། །བྷ་ན་དྷ་བྷ་ན་དྷ། ཏྲུ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། དྲཽ་དྲཽ། ཏྲིཿདྲཿ ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ར་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་སུ་རུ་དྷི་རཱ་ནྡྲ་མཱ་ལཱ་བ་ལ་མྲཱི་ནི། ཕྲི་ཧྞ་ས་རྟ་པཱ་ཏཱ་ས་རྟ་པཱ་ཏཱུ་ལ་ག་ཏ་བྷུ་ཛི་གཱ་ས་རྦཱི་པཱ། ཏ་ཛ་ཡ་ཏ་རྫ་ཡ། །ཨཱ་ཀནྡྷ་ཨཱནྡྷ། ཧྲཱི་ཧྲཱི་ཛྞཽ་ཛྞཽ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ། དཔལ་ཧེ་རུ་ཀར་བརྗོད་པ་ལས་རྩ་བའི་སྔགས་ཀྱི་གསང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། ༈ དེ་ནས་


JLD008_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་འཇིག་རྟེན་ནི། །གསུམ་པོ་དག་ན་ཡོད་མིན་པའི། །ཤྲཱི་ཧེ་རུ་ཀའི་སྔགས་ཤེས་ནས། །གསང་སྔགས་ཐམས་ཅད་ཡོངས་འདོར་བའོ། །ལུགས་འབྱུང་ལུགས་ལས་ཟློག་པ་ཡིས། །ཕོ་ཉ་རྣམས་ནི་ཡང་དག་གནས། །འོག་དང་སྟང་གི་དངོས་གྲུབ་སྟེར། །བདག་གི་ཕོ་ཉ་མ་ཀུན་འགྲོ། །ཕོ་ཉ་མོ་དེ་ཀུན་གྲུབ་སྟེར། །མཐོང་དང་དེ་བཞིན་རེག་པ་དང་། །རྩོམ་པ་ན་དང་རྟག་པར་འཁྱུད། །རྣལ་འབྱོར་གནས་ཀྱི་ཁྱད་པར་ཉིད། །ཇི་སྙེད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །བདེན་དངོས་ཐམས་ཅད་སྦྱིན་བྱ་སྟེ། །གཞན་དུ་ནམ་ཡང་མ་ཡིན་ནོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མས་ཕོ་ཉ་མོ་གནས་ལ། །གང་ལ་རྟག་ཏུ་སྔགས་སྦྱིན་པ། དེ་ཉིད་དེ་ཡི་ཆོ་གར་གཤད། །དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའི་དམ་ཚིག་གང་ཡིས་བཤད། །སྐྱེས་པ་བུད་མེད་གཡོན་ནས་འགྲོ། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། །ཁྱིམ་དང་ཞང་དུ་རྣམ་གནས་པ། ཤིང་ཏུ་རིང་ཡང་ཤེས་པར་འགྱུར། །ཤྲཱི་ཧེ་རུ་ཀ་རྣལ་འབྱོར་མཆོག །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །རྒྱུད་འདི་རུ་ནི་གྲུབ་པའོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། །བརྙས་མི་བྱ་ཞིང་སྤང་མི་བྱ། །ནུས་པ་ཡིས་ནི་མཆོད་པར་བྱ། །ཀ་ཀ་གདོང་སོགས་བརྒྱད་པོ་ནི། །གུས་དང་དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་སྐྱོང་བར་བྱེད། །ལྷ་མོ་གཞན་དང་ཀུན་སྦྱོར་བ། །རྣམ་པར་རྨོངས་པས་འདོད་པ་མིན། །གཉིས་སུ་བྱེད་དང་ཐོགས་


JLD008_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མིན། དམ་ཚིག་སྤྱད་པའི་སྤྱོད་བྱ་པ། །མི་མོའི་དབང་ཕྱུག་ལེགས་པར་སྦྱོར། །ཚངས་སྤྱོད་དེ་བཞིན་བསམ་གཏན་ཏེ། །ཁྲོ་མེད་བུ་གར་ཀུན་ཏུ་སྤྱོད། །འདི་བརྒྱད་དང་མཚིག་ཀུན་སྤྱོད་ཡིན། །སྒྲུབ་པ་ལ་ནི་གནས་པ་ཡི། །སྒྲུབ་པ་པོས་ནི་རྟགས་ཤེས་བྱ། །རྒྱུད་རྣམས་བླ་མས་ཅད་ཐུན་མོང་སྟེ། །རྒྱུ་མེད་པར་ནི་བཅོས་མི་བྱ། །དད་པ་ཉིད་ཀྱིས་བླང་བྱ་ཡི། །མིག་དང་ལག་པས་མ་ཡིན་ནོ། །གསང་བ་འདི་ནི་མ་བསྟན་ཅིང་། །རབ་ཏུ་འབད་དེ་སྦ་བར་བྱ། །བློ་ལྡན་མཐོའུ་ཆུང་བསྐྱོད་པར་ནི། །ཕོ་ཉ་མོ་རྣམས་ཡང་དག་གནས། །དག་དང་མ་དག་འདྲེས་པ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །མཉེས་བྱེད་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །དཔལ་ཧེ་རུ་ཀར་བརྗོད་པ་ལས་སློབ་མ་ཡོངས་སུ་བརྟག་པ་དང་། །སྡོམ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། །དེ་ནས་དཔའ་བོའི་སྤྱོད་བརྟུལ་ཞུགས། །རྣལ་འབྱོར་མ་ཀུན་རབ་སྒྲུབ་པ། །མཚན་ཉིད་དབྱེ་བ་ཤེས་བྱས་ནས། །དངོས་གྲུབ་མྱུར་དུ་འཇུག་བྱེད་ནི། །གྲོང་དང་གྲོང་དུ་དེ་སོང་ནས། །ཕོ་ཉའི་གཟུགས་ནི་མཚོན་པར་བྱ། །ཕོ་ཉར་ལ་གྲིའི་སེ་འདྲ་ཞིང་། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། །དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །བཟླས་བརྗོད་པས་མ་གཏན་མཆོད་མེད་པར། མྱུར་པ་ཉིད་དུ་འགྲུབ་པར་འགྱུར། །སྔགས་དང་ཕྱག་རྒྱས་སྒྲུབ་པ་པོས། །མཆོད་པ་ཉིད་ལ་རབ་ཏུ་འཇུག །འདི་ལས་གཞན་པའི་མཆོད་མེད་དེ། །དེ་


JLD008_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྟན་བཅོས་ངེས་པ་ཡིས། །ཕོ་ཉའི་ལམ་ལ་དགའ་རྣམས་ཀྱི། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། །རིག་སྔགས་ཕྱག་རྒྱར་ཡང་དག་ལྡན། །ཙ་རུ་འང་རྟག་ཏུ་བཟའ་བར་བྱ། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །རིགས་རྣམས་ཀུན་ལ་སྤྱད་པར་བྱ། །བཟའ་མིན་པར་ནི་མི་བརྟག་གོ །ད་ཉིད་དབྱེར་མེད་དེ་ཡིས་ནི། །ཕོ་ཉ་མོ་ནི་གཉིས་བསྒྲུབ་བྱ། །དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །རང་དགའ་ཉིད་དང་དངོས་གྲུབ་ནི། །སྒྲུབ་པ་དག་དང་ཉེ་བ་སྟེ། །བླ་མ་རྒྱུད་རིམ་གྱིས་ཐབ་པའི། །དབང་བསྐུར་བས་ནི་སྔགས་ལེངས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད། །ཕྱག་རྒྱ་ལེགས་སྦྱོར་ངང་ཚུལ་དང་། །ལེགས་རྫོགས་ཡེ་ཤེས་རྒྱུ་སྐྱེས་པའོ། །ཐོ་རངས་སྔར་ལངས་སེམས་བདག་ཉིད། །ལུས་ལ་ཐམས་ཅད་བྱས་ནས་ནི། །ཡན་ལག་ལས་འདས་མཆོན་ཆ་རྣམས། །ལུས་ལ་གནས་པ་ཀུན་ཏུ་སྤྱད། །ལུས་ནི་དག་བྱེད་བྱས་ནས་སུ། །རྟག་ཏུ་སྔགས་ནི་བརྗོད་པར་བྱ། །རྟག་ཏུ་སྔགས་ནི་བརྗོད་ནས་སུ། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཅིང་། །མཚོན་ཆ་རྣམས་ནི་འགོམ་མི་བྱ། །དམ་ཚིགས་ཅན་རྣམས་ཁྲོ་མི་བྱ། མངོན་པར་བརྩོན་པས་འདའ་མི་བྱ། །དེ་དང་ལྷན་ཅིག་བདེ་བ་བྱ། །གྲོལ་བའི་དོན་དང་བདེ་དོན་དུ། །དམ་ཚིགས་སྤྱོད་ཉིད་དུ་བྱ། །རྣམས་འཁྲུལ་མས་པ་ལས་གྲོལ་ཅིང་། །མཚོན་མོ་རྟག་པར་གཅེར་བུ་སྟེ། །གནག་དང་དམར་བུར་རྟག་ཏུ་བྱ། །མགུལ་རྒྱན་དུ་བུ་དཔུང་རྒྱན་དང་། །རྣ་ཆ་ཚངས་པའི་སྐུད་པ་དང་། །འགོ་བོའི་འཕྲེང་བས་མགུལ་དུ་བརྒྱན། །སྐེ་རགས་སིལ་སིལ་སྒྲ་སྒྲོགས་


JLD008_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །རལ་བའི་ཅོད་པན་རང་གྱིས་བཅེངས། །བཅོས་མའི་སྒྲ་ལ་སོགས་པས་བརྒྱན། །རྡོ་རྗེ་ཐོད་པ་ཁ་ཊཱཾ་བཅས། །ཊ་མ་རུ་རྡུལ་ཧཱུྃ་སྒྲ་སྒྲོགས། །དཔའ་བོ་དཔའ་མོ་ཐམས་ཅད་ནི། །གོ་ཆ་གསུམ་གྱིས་བརྒྱན་པ་ཡིན། །སྲོག་ཆགས་ཡན་ལག་ན་བཟར་གྱོན། །བདེ་བ་འདོད་པས་བདེ་བ་བསྐྱོད་བྱ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་ལ། །གཙང་སྒྲ་ཤྲཱི་ཧེ་རུ་ཀར་གནས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྒྲུབ་པ་པོ་ཡིས་དངོས་གྲུབ་བརྩོན། །མགུལ་རྒྱན་གདུ་བུ་རྣ་རྒྱན་དང་། །སྤྱི་བོར་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་དང་། །དུས་ཀུན་ཏུ་ནི་རྣམ་པར་གནས། །མཚན་མོ་རྟག་པར་གསལ་བྱ་ཞིང་། །ཉིད་པར་གསང་བ་ཉིད་དུ་བྱ། །བྱ་བའི་ཡེ་ཤེས་ཤིན་ཏུ་སྤས། །རབ་ཏུ་ཞི་ཞིང་ངལ་པ་ཐུལ། །གཙང་སྦྲ་གསུམ་དུ་ཤེས་བྱ་ཞིང་། །རང་གི་རྒྱུན་བཞིན་རྣམ་པར་གནས། །རིགས་དང་རིགས་མིན་ངོར་མི་ལྟ། །སྤྱི་གཙུག་ལ་སོགས་བཅིང་པ་སྤངས། །ཕོ་ཉ་གཙང་སྦྲ་དང་དང་པོ་ཡིན། །གཉིས་པ་ཞི་བ་ཡིན་པར་འདོད། །ཟབ་པ་ཅིག་ཏུ་ནི་བཟའ་བ་ཉིད། །གཙང་སྤྲ་གསུམ་པ་ཡིན་པར་བཤད། །རྣལ་འབྱོར་བ་ཡིས་རྟག་པ་རུ། །གཙང་སྦྲ་འདི་དག་རབ་ཏུ་བསྐྱང་། །གཙང་མའི་དག་པའི་རིམ་ཐོད་ན། །དངོས་གྲུབ་གང་ལས་འབྱུང་བའི་འགྱུར། །དེ་ཉིད་བསྡུས་ལས་གང་གསུངས་དང་། །དེ་བཞིན་བདེ་མཆོག་ལས་གང་གསུངས། །གསང་བའི་རྒྱུད་ལས་ཡང་དག་བཤད། །དེ་བཞིན་དཔལ་མཆོད་དང་པོ་དང་། །རྡོ་རྗེ་འཇིགས་བྱེད་རྒྱུད་དུ་ནི། །བཟླས་དང་བརྟུལ་ཞུགས་སོགས་འགྲུབ་སྟེ། །དེ་འདིར་བསམ་


JLD008_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཙམ་གྱིས་ནི། །སྔགས་པས་སྐད་ཅིག་གིས་འགྲུབ་འགྱུར། །རྣལ་འབྱོར་ལམ་ལ་དགའ་རྣམས་ཀྱི། །འདི་ནི་གཙང་སྤྲའི་སྤྱོད་པར་བཤད། ༈ །གཙང་སྦྲའི་བསོད་ནམས་གང་གྱུར་པ། སྨྲ་བར་ནུས་པར་འོས་མ་ཡིན། །སྒྲུབ་པོའི་ཡོན་ཏན་རྒྱ་ཆེན་པོ། །ཁ་ཅིག་གིས་ནི་སྨྲ་བར་ཡང་། །གདོང་གཅིག་གིས་བརྗོད་ཅི་ལ་ནུས། །སྟོང་ཕྲག་བརྒྱ་ཡི་གདོང་གྱུར་མིན། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །རྣམ་པར་དག་པའི་མཚན་ཉིད་ཀུན། །སྒྲུབ་པ་པོ་ཡི་བདེ་བའི་ཆུ། །གཉིས་མེད་གཉིས་སུ་མེད་པ་ཉིད། །གཉིས་མེད་སྦྱོར་བ་ཡིས་རེག་པ། །དག་བྱེད་སྡིག་པ་འཇོམས་བྱེད་པ། །རེག་པ་དང་ནི་སྨྲས་པས་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །སྡིག་པ་ཐམས་ཅད་རྣམ་གྲོལ་ཞིང་། །ལུས་དག་པ་ལས་སྐྱོན་མེད་པ། །མི་མཆོག་ཀུན་ནས་སྤྱོད་བྱེད་པ། །སྡིག་པ་ཐམས་ཅད་རྣམ་དག་པའི། །དེ་བཞིན་གཤེགས་པའི་ས་ཐོབ་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་བཞིན་གཤེགས་པའི་རིགས་སྐྱེ་ཞིང་། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །དེ་ལྟར་རྟག་ཏུ་མཆོད་བྱས་ནས། །གུས་པ་ཡིས་ནི་གཏོར་མ་སྦྱིན། །རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །མར་གྱི་ངོ་ཡི་ཆེས་བཅུ་དང་། །ཟླ་བ་ཡར་ངོར་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །རྡོ་རྗེ་ལྷ་མོ་མྱོས་བྱེད་ཤ་རྣམས་ཀྱིས། །སྐྱེ་བོ་གུས་པས་དེ་རྣམས་མཆོད་བྱས་ན། །ཧེ་རུ་ཀ་དཔལ་མངོན་དགར་གྱུར་པ་ཡི། །གང་ཕྱིར་དེ་རྣམས་ལག་ནམ་ཆོག་


JLD008_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས། །མགུ་བའི་སེམས་ཀྱིས་མཆོག་ནི་རྩོལ་བར་འགྱུར། །མཚན་མོ་བརྟུལ་ཞུགས་ཅན་གཏོར་མ། །སྐྲ་ཀྲོལ་གཅེར་བུར་གྱུར་པས་སྦྱིན། །ཤྲཱི་ཧེ་རུ་ཀའི་བདག་ཉིད་དུ། །སྦྱོར་བས་མོ་རྣམས་མཉེས་པར་འགྱུར། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་སྤྱོད་པ་དང་བརྟུལ་ཞུགས་དང་། མཆོད་པ་དང་་། གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། ༈ །།གང་ཡང་ལེགས་མཆོད་རྣམ་དག་དངོས། །མྱ་ངན་འདས་བྱུང་དཔའ་བོ་སྟེ། །བདག་ཉིད་མཆོད་པ་དེ་ཡིས་ནི། །སངས་རྒྱས་སོགས་ཀུན་མཆོད་པ་ཡིན། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །བརྟན་པ་ལ་སོགས་གཡོ་བ་སྟེ། །ཞི་བའི་འདུས་པས་ལེགས་གནས་པའི། །སྤུན་དང་དཔའ་བོའང་མཆོད་པར་བྱ། ༈ །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་བ། །སྔགས་དང་ཕྱག་རྒྱ་ཉིད་དག་དང་། །ཡེ་ཤེས་དེར་ནི་བསྟན་མི་བྱ། །དག་བྱེད་ཙ་རུ་བཟའ་བར་བྱ། །རྟག་ཏུ་དམ་ཚིག་སྤྱོད་པར་བྱ། །གསང་སྔགས་སུ་ལའང་སྦྱིན་མི་བྱ། །མན་ངག་རྣམ་པར་གཞོམ་མི་བྱ། །མན་ངག་ཉམས་པར་སྦྱིན་མི་བྱའོ། །དམ་ཚིག་གནས་ལ་དོན་ཅི་བཞིན། །མན་ངག་རྣམས་ཀྱང་སྦྱིན་པར་བྱ། །ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་ལ་རྨོངས་པས་བགྲོད་མི་བྱ། །ཕོ་ཉ་ལ་རྟག་ཞེན་ཐར་བ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །སྐྱེ་གནས་དམན་ལ་མི་གནས་ལའང་། །བསྙེན་བཀུར་ཉིད་ནི་བྱ་བ་མིན། །མ་དང་སྲིང་མོ་བུ་མོ་དང་། །ཆུང་བ་ཕོ་ཉ་མོ་ཉིད་གནས། །དཀའ་ཐུབ་ངེས་པར་


JLD008_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་འགྱུར། འཁོར་ལོ་དེ་བཞིན་དུ་གྲུབ་པ། མཆོག་དང་ལྷན་ཅིག་དགུག་པར་བྱ། །དེ་ལྟར་རྫས་ནི་རྣམ་ངེས་ཡིན། ༈ འཇིག་རྟེན་པ་རྟག་གཡོན་ནས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་འདོར། །ལག་པ་གཡོན་པ་ཡོངས་སུ་སྒྱུར། །གཡོན་གྱི་སྤྱོད་པས་རབ་མཆོད་བྱེད། །གཡོན་པས་འཁྱུད་པ་ཙམ་དང་ནི། །གཡོན་པ་ཡིས་ནི་མཆོད་ཅིང་ཟ། །བརྟུལ་ཞུགས་མཉམ་བརྟུལ་ཞུགས་རྫོགས། །སྒྲུབ་པ་པོ་ནི་བྱ་བ་བརྩོན། །ངས་ཚིག་རིགས་པ་སྤྲོད་པ་དང་། །གཅིག་ཏུ་ཟས་ལ་སྤྱོད་པར་བྱེད། །རིགས་ལྔ་ལ་ནི་སྐུན་སྤྱོད་པ། །རིགས་བཞི་རབ་ཏུ་བརྟག་པར་བྱ། རིགས་གཅིག་ལ་ནི་ཀུན་སྤྱོད་པ། །རྣལ་འབྱོར་གྲུབ་ལ་རབ་ཏུ་མཆོད། །བ་གླང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་སྣ་ཚོགས་པས། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་དེ་བཞིན། །ཤྲཱི་ཧེ་རུ་ཀ་ཡི་སྤྲུལ་པ། །ཉེར་སྤྱོད་བསྟན་བཅོས་ཀུན་རྣམས་སྤངས། །རྟག་པ་ཉིད་དུ་འཛིན་པ་ནི། །ལས་རྣམས་ཀུན་ལ་སྲུང་བ་དང་། །བགེགས་མེད་དང་བཞིན་དེ་འགྲུབ་པ། །འདིར་ནི་འགར་ཡང་འགྲུབ་མ་ཡིན། །དེ་ཡི་ཕོ་ཉ་མཆོག་བཟང་། བཅས་ཤེང་བརྩོན་པར་ལྡན་པ་ཡིན། །ཀུན་ནས་ཆགས་དགའི་ལགས་སྦྱོང་ལས། །རྣལ་འབྱོར་རྫས་ཀྱི་རྣམ་འབྱེད་ཉིད། །བླ་མའི་མན་ངག་ལ་དགའ་བ། །དེ་ནི་དོན་ནོར་སྦྱིན་དང་མཚུངས། །དཔལ་ཧེ་རུ་ཀར་བརྗོད་པ་ལས་ནང་གི་སྦྱིན་སྲེག་དང་། །རིགས་གཅིག་


JLD008_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

དད་ལྡན་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། ༈ །དེ་ནས་གཞན་ཡང་བསྟན་པ་ནི། །ཕོ་ཉའི་མཚན་ཉིད་ཤེས་བྱ་བ། །གང་གིས་ཡང་དག་ཤེས་འགྱུར་པ། །མཁའ་འགྲོའི་དམ་ཚིགས་ལ་གནས་པའོ། །མིང་པོ་དང་ནི་ཕ་དང་ཡང་། །བདག་པོ་ཉིད་དུ་སྐད་ཅིག་མཐོང་། །ལྕེ་སྦོམ་མིག་ནི་དམར་སེར་ལ། །རྩུབ་ཅིང་སྤུ་ནི་དམར་སེར་ཡིན། །ཐུན་མོང་དངོས་གྲུབ་ཐམས་ཅད་དང་། །བཟླས་དང་བརྟུལ་ཞུགས་ལ་རྟག་དགའ། །དྲན་པ་དང་ནི་ཡང་དག་ལྡན། །ཕོ་ཉ་མོ་སོགས་གོ་འཕང་བཅས། །མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། །རྩ་བའི་སྔགས་ནི་རྟག་ཏུ་ཟློས། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །བདུད་ཀུན་རབ་ཏུ་ཞི་བར་བྱེད། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །རྣལ་འབྱོར་རོལ་པ་འབྲས་རབ་སྟེར། །གསང་སྔགས་འདི་ལས་འབྱུང་བ་ཡིན། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། །ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་འགྲུབ་པ་མི་འགྱུར་རོ། །ཇི་སྲིད་དྲོ་བའི་བྱ་བ་དང་། །མངོན་པར་བརྩོན་པས་རྟོག་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྣལ་འབྱོར་ཆེ་ལ་གང་ཞིག་སྡང་། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ཏེ། །སྨིན་ཤ་ཅན་དུ་སྐྱེ་བར་འགྱུར། །དཔེར་ན་ལ་ལ་མར་འདོད་པས། །འབད་པས་ཆུ་ནི་བསྲུབས་གྱུར་ཀྱང་། །མར་སར་འབྱུང་བར་མི་འགྱུར་གྱི། །ལུས་ཉོན་མོངས་པ་ཁོ་ནར་ཟད། །འཛིན་ཅིང་མཆོད་པ་བྱེད་པ་ནི། །འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པའི། །རྣལ་འབྱོར་


JLD008_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་བརྟེན་པ་ནི། །གཞན་དུ་དེ་བཞིན་དོན་མེད་འགྱུར། ༈ །རྣལ་འབྱོར་ཆེ་མཆོག་དཔའ་བོ་ནི། །ཡུལ་ཕྱོགས་གང་ལ་གནས་གྱུར་པ། །རིགས་ངན་ཀླ་ཀློ་ཡིན་ན་འང་། །ཡུལ་དེ་ཡོངས་སུ་བརྟགས་པ་སྟེ། །སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། །དེ་རུང་ནི་རྟག་པར་གནས། །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཕོ་ཉའི་མཚན་ཉིད་དང་། །ནུས་པའི་གནས་སྐགས་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། ༈ དེ་ནས་གཞན་ཡང་བཤད་པར་བྱ། །ཤིན་ཏུ་རྙེད་དཀའི་དགོང་པ་སྟེ། །གང་གིས་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་སྤུ་འབྱེད་པའོ། ༈ །ས་ཡི་ཆ་ནི་མཉམ་ཡིད་འོང་། །ཙན་དན་གྱིས་ནི་ཉེ་བར་བསྐུ། །དྲི་བཟང་དྲི་ལྡན་ས་ལ་ནི། །མེ་ཏོག་སིལ་མ་གཅལ་བཀྲམ་ཞིང་། །མར་མེའི་འཕྲེང་བ་ཡང་དག་དཀྲིགས། །སྦོས་ཀྱི་དྲི་ཡིས་ཉམས་དགའ་བའ། །བདག་གིས་ཐམས་ཅད་བྱས་ནས་ནི། །ཕྱོགས་བཅིང་བ་ཡང་བྱས་ནས་སུ། །དེ་ནས་ལྗ་རྔ་བཅིང་བྱས་ཏེ། །རི་མོ་དགུ་ཡིས་ལེགས་པར་བསྐོར། །ཡི་གེ་ཕྱི་མོ་མཉམ་བྲིས་ལ། །ཤིན་ཏུ་མཉམ་གཞག་དགོད་པར་བྱ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་བཏུ། །རིམ་བཞིན་འབྱུང་དང་རིམ་མིན་པས། །དབྱངས་དང་ཡི་གེ་སྒྲུབ་པ་པོས། །གྲངས་དེ་དག་གི་ནད་ཆུད་པར། །དགེ་བ་ཐུབ་པར་བྱས་ནས་ནི། །ཐུབ་པ་དེ་ཡི་གྲངས་གྱུར་ལས། །རེའུ་མིག་སུམ་ཅུ་གཉིས་པ་བླང་། །ལྡ་བ་ཡིས་ནི་ཁྱད་པར་བྱ། །བརྒྱ་བྱེད་ཕྱེད་པ་ཡང་དག་བླང་། །ཉི་ཤུ་རྩ་བཞི་པ་ཡིས་ཕྱེ། །རེའུ་མིག་སུམ་ཅུ་དྲུག་པ་བླང་། །གསུམ་པ་ཡིས་


JLD008_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྱད་པར་དབྱེ། །དེ་ནས་སུམ་ཅུ་གཉིས་པ་བླང་། །ལྔ་པ་ཡིས་ནི་ཁྱད་པར་བྱ། །དེ་ནས་ཉི་ཤུ་ལྔ་པ་གཟུང་། །ཤི་ཤུ་བཞི་པ་དག་དང་སྦྱར། །སུམ་ཅུ་རྩ་གསུམ་ཡང་དག་བླང་། །རེའུ་མིག་བཅོ་ལྔ་པ་ཡིར་ལྡན། །ལྔ་པ་དག་དང་ཡང་དག་བཅས། །མཛེས་པའི་མཆོག་ནི་ཡིན་པར་འདོད། །རེའུ་མིག་བཅུ་དགུ་པ་གཟུང་བྱ། །མེ་ཡི་བུ་དང་ཡང་དག་ལྡན། །རེའུ་མིག་གསུམ་པས་རྣམ་པར་ཕྱེ། །ཡ་ཚོགས་བརྒྱད་པའི་ས་བོན་ལ། །རེའུ་མིག་སུམ་ཅུ་དྲུག་པ་དང་། །ཡང་དག་ལྡན་པའི་ཡི་གེར་གྱུར། །སླར་ཡང་ཚིག་ནི་དེ་དག་ཉིད། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཕྱེ། །གསུམ་པ་དག་དང་ཡང་དག་ལྡན། །སུམ་ཅུ་གསུམ་པ་ལེགས་བླངས་ཏེ། །རེའུ་མིག་གི་ནི་གཉིས་པ་སྦྱར། །ཉི་ཤུ་པ་དད་ཡང་དག་ལྡན། །མཛེས་པའི་མཆོག་ནི་ཡིན་པར་བཤད། །རེའུ་མིག་གཅུ་དགུ་བ་ཉིད་ལ། །ཉི་ཤུ་རྩ་བདུན་པ་ཡིས་ཕྱེ། །གསུམ་པ་དག་དང་ཡང་དག་ལྡན། །རེའུ་མིག་གི་ནི་གཉིས་པར་སྦྱར། །ཉི་ཤུ་པ་དད་ཡང་དག་ལྡན། །མཛེས་པའི་མཆོག་ནི་ཡིན་པར་འདོད། །དེ་བཞིན་ཉི་ཤུ་གཅིག་པ་ཉིད། །དེ་བཞིན་ཉི་ཤུ་དྲུག་པ་ཡིན། །ལན་གཉིས་བཟླས་པའི་ཚིག་ཏུ་ནི། །ཤིན་ཏུ་མཉམ་པར་བཞག་སྟེ་བཏུ། །དེ་ནས་གོ་རིམ་ཟློག་པས་གཟུགས། །རེའུ་མིག་པས་ནི་དང་པོ་ཉིད། །བཞི་བའི་མཐའ་དང་ཡང་དག་ལྡན། དེ་བཞིན་བཅོ་ལྔ་པ་དང་བཅས། །ཆོས་དོན་འདོད་དང་ཐར་པ་ཡི། །ཚིག་ནི་གསུམ་པ་ཡིན་པར་བཤད། །རེའུ་མིག་གཉིས་པའི་ས་བོན་དང་། །རེའུ་མིག་གསུམ་དུ་དྲུག་པ་ཉིད། །དེ་བཞིན་ཉི་ཤུ་དྲུག་པ་དང་། །སུམ་ཅུ་གསུམ་


JLD008_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་བླང་། རེའུ་མིག་བཅུ་གསུམ་པ་ཡིར་ལྡན། །རེའུ་མིག་ལས་ནི་བཅུ་པ་ཉིད། །གོ་རིམ་བཟློག་པས་སྒྲུབ་པོས་བླང་། །རེའུ་མིག་ལས་ནི་བཅུ་དགུ་པ། །དེ་བཞིན་རེའུ་མིག་རྩ་དགུ་པ། །རེའུ་མིག་གཉིས་པར་ཡང་དག་ལྡན། །སྒྲ་དང་ཐིག་ལེས་རྣམ་པར་བརྒྱན། །དེ་ནས་ཆུ་ཡི་ས་བོན་གཟུང་། །བརྒྱད་པ་ཡང་ནི་དེ་བཞིན་ཏེ། །མེ་ཡི་བུ་ཡིས་ཁྱད་པར་དབྱེ། །ཡི་གེ་ཧཱུྃ་གིས་མཐར་རུ་སྦྱར། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱའི། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པའོ། །ཨོཾ་ནི་ཀུན་ལ་གསལ་བྱེད་ཡིན། །ཧཱུྃ་དང་ཕཊ་ནི་མཐར་རུ་སྦྱར། །རིག་རྒྱལ་འཁོར་ལོ་སྒྱུར་བའི་སྔགས། །འདི་ནི་མ་བྱུང་འབྱུང་མི་འགྱུར། །དེ་ཉིད་བསྡུས་དང་དཔལ་མཆོག་དང་། །བདེ་མཆོག་འཁོར་ལོ་འཇིགས་བྱེད་དུ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །བདེ་བའི་དཀྱིལ་འཁོར་བསྲུང་དོན་དུ། །གདུག་པ་ཐམས་ཅད་ཁྱད་པར་གྱིས། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་། །བརྟག་མི་དགོས་པར་འཆི་བར་འགྱུར། །འཁོར་ལོའི་སྤྱོར་བདག་ཉིད་ཀྱིས་བཟླ། །དངོས་གྱུར་ཀུན་གྱིའི་བྲིས་སྐྱེད་པའོ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲི་ཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་ཧཱུྃ་ཧཱུྃ་ཕཊ། །དཔལ་ཧེ་རུ་ཀར་བརྗོད་པས་ལས་རྫ་རྔ་བཅིང་པའི་སྔགས་བ་ཏུ་བའི་ཆོ་གའི་ལེའ་སྟེ་སུམ་ཅུ་པའོ། ༈ །དེ་ནས་ཤ་ཆེན་ཐམས་ཅད་ཀྱི། །འཇིག་བྱེད་རྡོ་རྗེ་སྐྱེས་ཡིན་བཤད། །འདི་ནི་གདུག་པ་ཐམས་ཅད་ཀྱི། །འཇིག་


JLD008_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མི་བཟད་པར་བཤད་ངོ་། །འདི་ལྟར་ཁྱི་དང་ཕག་གི་ཤ། །ཟངས་ཀྱི་གཙུག་ཕུད་ཅན་དེ་བཞིན། །བཟའ་དང་སྦྱིན་སྲེག་གཏོར་མ་བྱ། །རྣམ་པར་དཔྱད་པ་མེད་པར་བྱ། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །རྒྱལ་སྲིད་ཐམས་ཅད་རབ་འགྲུབ་འགྱུར། །འུང་དང་ཉ་ཕྱིས་མུ་ཏིག་གི། །རྒྱུ་མཚན་གསུམ་པོ་འབྱུང་བ་ཡིས། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱི། །ཐོང་བ་ལ་ནི་སུ་ཞིག་སྨོད། །དང་དུ་བོ་ཐོད་པའི་འཕྲེང་བ་ཅན། །ཟླ་བ་བྱེད་པས་རྒྱན་དུ་བྱས། །རྣམ་པ་དེ་ལྟར་གྱུར་བ་ཉིད། །དཔའ་བོའི་དབང་འབྱུང་ཡིན་པར་བཤད། །བརྡ་ནི་ལྔ་པོ་བསྟན་པ་དག །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །འདི་ནི་དཔའ་བོའི་གནས་ཡིན་ཏེ། །བརྡ་རྣམས་ལ་ནི་རབ་འཇུག་པའོ། །ཁམས་གསུམ་རྒྱུད་དང་མི་རྒྱུ་དང་། །འགྲོ་ཀུན་གཡོན་ནས་འབྱུང་བ་ཡིན། །རྡོ་རྗེ་སེམས་དཔའ་སྦོམ་པོར་གནས། །ལྕུག་མར་དེ་བཞིན་རྣམ་སྣང་མཛད། །གཙོ་བོར་པདྨ་གར་མཛད་དེ། །བརྟན་པར་དངོས་གྲུབ་ཐམས་ཅད་ནི། །རབ་རྩོལ་བ་ཡི་དཔའ་བོ་བཞགས། །མཐའ་མ་ལ་ནི་མཁའ་སྙིང་པོ། །མི་བཟད་སྐུ་དང་ལྡན་པ་ཉིད། །སེན་མོའི་ངོས་ནི་རྟ་མགྲིན་གྱི། །གནས་སུ་གྱུར་པར་བཤད་པ་ཡིན། །འདི་དག་ཐམས་ཅད་དཔའ་བོ་ཡི། །གཡོན་པ་ལས་བྱུང་རྒྱུ་ཡིན་ནོ། །ལག་མཐིལ་ཤྲཱི་ཧེ་རུ་ཀ་ཡི། །ཕག་མོ་འདས་པ་དགའ་བྱེད་ཡིན། །རྒྱབ་ཏུ་ཤིན་ཏུ་ངེས་བྱས་ནས། །བརྡ་ཉིད་ལྔ་པོ་བསྟན་པ་ཡིན། །འདི་དག་ལག་ཏུ་དགོད་པ་སྟེ། །མཛའ་བ་ཐམས་ཅད་འདུས་པ་ཡིན། །རྣམ་པ་དེ་ལྟའི་ཆོ་ག་ཡིས། །དཔའ་བོ་དམ་པ་མཆོད་པར་བྱ། ས་ནི་སྤྱན་


JLD008_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་བཤད། །ཆུ་ཁམས་མཱ་མ་ཀཱི་རུ་བརྗོད། །མེ་ནི་གོས་དཀར་མོར་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་བརྗོད། །ཙུམ་པི་ཀ་ནི་སྟོང་པ་སྟེ། །དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །དབུས་སུ་དཔའ་བོ་ཀུན་གྱི་གནས། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །གསང་བ་འདི་ནི་མི་བཤད་ཅིང་། །རབ་ཏུ་འབད་དེ་སྤ་བར་བྱ། །དེ་ལྟར་བརྡ་བྱ་དཔའ་བོ་རྣམས། །གཅིག་གཏུ་ཟས་པ་བཅས་པར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །དཔལ་ཧེ་རུ་ཀར་བརྗོད་པ་ལས་བཟང་བ་དང་སྦྱིན་སྲེག་དང་། །གཏོར་མའི་བྱ་བ་ལ་ལག་པའི་བརྡའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ། ༈ །དེ་ནས་གཞན་ཡང་བཤད་པར་བྱ། །བཟའ་དང་སྟོན་མོ་འདུས་པ་སྟེ། །ཡང་དག་ཚོག་གང་གིས་ནི། །དངོས་གྲུབ་མྱུར་དུ་རབ་འཇུག་པའོ། །ཕྱགས་རྣམས་ཀྱི་ནི་དགུག་པ་ཉིད། །སྒྲུབ་པོས་སྔར་བསྟན་རིམ་པ་དེས། །ཕྱགས་རྣམས་དང་ནི་དེ་བཞིན་ལྔ། །བོད་བུ་རུས་སྦལ་མི་རྡ་མོ། །ཅེ་སྤྱང་ཏ་ལ་སོགས་རྣམས་ཀྱིས། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ། །ཕྱུགས་འདི་དག་གི་སྒྲུབ་ཡན་ལག། །རིགས་ནས་ལས་ནི་རིགས་མཆོག་ཕྱུགས། །རྐང་བཞི་རྣམས་ལས་གླང་པོ་དང་། །འདབ་ཆགས་རྣམས་ལས་ངང་བ་ཉིད། །དུད་འགྲོ་རྣམས་ལས་དུད་འགྲོ་ཕྱུགས། །ལྷ་རྣམས་ལས་ནི་མཆུ་གཡོ་བ། །རྣམ་བདེ་ལྟར་བརྗོད་པ་སྟེ། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ། །ཕྱུགས་དེ་དག་ནི་རྣམ་པར་བཤད། །ཁྭ་དང་ཆུ་སྐྱར་


JLD008_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

ཅེ་སྦྱང་དང་། །སྐྱེ་གཉིས་བློན་པོ་ཆེན་པོ་དང་། །ཁྲུང་ཁྲུང་བཞད་དང་ཀ་དམ་པ། །བཟའ་དང་སྦྱིན་སྲེག་གཏོར་མ་བྱ། །འདོད་པ་ཀུན་ནི་འགྲུབ་པར་འགྱུར། །ཁྱི་ནག་མོ་ཡིའོ་ཐུག་ནི། །མ་ཤ་འབྲས་ནི་ནག་པོར་ལྡན། །འདོད་པས་དོགས་པ་མེད་པ་རུ། །ངོ་ཡི་ཁར་ནི་སྤྱིན་སྲེག་བྱ། །ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར། །དེ་ནས་ཡི་དྭགས་ལངས་ནས་ནི། །སྒྲུབ་པོ་ལ་དེ་འདྲི་བྱེད་དེ། །ཅི་བགྱི་ཞེས་པའི་སྨྲ་འགྱུར་ཞིང་། །ས་འོག་ལངས་མ་རལ་གྱི་འམ། །ཚར་གཅོད་ཕན་འདོགས་ཉིད་དག་དང་། །རིལ་བུ་མིག་སྨན་གཏེར་རྣམས་སམ། །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན། །དངོས་འདི་དེ་བཞིན་གཅིག་བྱིན་ནས། །འགྲོ་བར་འགྱུར་གྱི་གཞན་དུ་མིན། །སྟེང་དང་འོག་ཏུ་ཕོ་ཉ་གྲུབ། །རྒྱུད་འདིར་ཐེ་ཚོམག་མེད་པ་ཡིན། །བ་ལང་གནས་དང་སྟེང་ལྡིང་བ། །ལྷག་མ་སྐམ་རྩ་དེ་ནས་ནི། །དུང་ཆེན་པོ་ཡི་རང་བཞིན་བྱ། །ཡང་ན་རུ་སྦལ་དག་གིའོ། །འདི་དེ་དངོས་གྲུབ་སྦྱིན་འགྱུར་ཡིན། །ཕྱག་བཞི་པ་དང་ཞལ་བཞི་པ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །སྐུ་ནི་དཀར་པའི་ཁྲོ་བོ་ཆེ། །དེ་ནས་དྲག་ཤུལ་གཟུགས་འཆང་བ། །རྡོ་རྗེ་ཕག་མོ་ལ་གཟིགས་པ། །དེ་ཡི་སྐུ་མདོག་མཚོན་ཆ་འཆང་། །དཔའ་བོ་ཐོད་པའི་འཕྲེང་བཅན། །སྐུ་ལ་ཐལ་བས་ཉེ་བར་བྱུགས། །རལ་པ་ཅོད་པན་མདུང་དང་ལྡན། །ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན། །ཞལ་གྱི་མཆེ་བ་ཅུང་ཟད་གཅིགས། །ཡི་དྭགས་ཆེན་པོ་གདན་དུ་བྱས། །སྒྲུབ་པ་པོ་ཡིས་དུས་རྟག་ཏུ། །སྔགས་དེ་ཤེས་ནས་བསྒོམ་པར་བྱ། །དེ་ལྟའི་ཡོན་ཏན་ཁྱད་འཕགས་པའི། །འདོད་པ་


JLD008_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི་དངོས་གྲུབ་འགྱུར། །དཔལ་ཧེ་རུ་ཀར་བརྗོད་པ་ལས་དུད་འགྲོ་ཕྱུགས་དང་རོ་ལངས་སྒྲུབ་པ་དང་། །བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ། །དེ་ནས་སྒྲུབ་པོའི་མཆོག་ཀུན་ནི། །སྦྱོར་བ་ཀུན་ལ་མེད་པ་ལོ། །བཟའ་དང་བཅའ་དང་ཉ་ཤ་སོགས། །ནུས་པ་ཅིང་ཞིང་བྱ་བ་སྟེ། །མེད་པར་གྱུར་ཀྱང་བཟང་བ་ནི། །ལྔ་པོ་ཉིད་དུ་བྱ་བ་ཡིན། །བཟའ་དང་བཅའ་བ་རྒྱ་ཆེ་བ། །རྟག་པར་མཚན་མོ་ཉིད་དུ་བྱ། །དེ་ནས་ཕོ་ཉར་བ་སྦྱིན་ཞིང་། །ཁྱད་པར་དུ་ནི་སྒྲུབ་པ་པོ། །རང་གི་མགོ་པང་བར་བཞག་ལ། །དཔའ་བོ་གཉིས་མེད་རབ་ཏུ་མཆོད། །མ་འམ་ཡང་ན་སྲིང་པོ་འམ། །བུ་མོ་འམ་ཡང་ན་ཆུང་མར་ནི། །རྣམ་པ་འདི་ལྟའི་ཆོ་ག་ཡིས། །བཅིངས་པ་ལས་ནི་རབ་གྲོལ་བྱ། །དེ་ནས་སྔགས་ནི་འགྲུབ་འགྱུར་ཏེ། །ཇི་སྲིད་འབྱུང་བ་ཡོད་པར་དུའོ། །སློབ་དཔོན་ལུས་སུ་ལེགས་གནས་ཏེ། །སྒྲུབ་པ་པོ་ལས་མཆོད་པ་ཡིན། །དཔའ་བོ་རྣམས་ཀྱི་སྟན་དག་དང་། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། །སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས། །གླུ་དད་གར་ལ་སོགས་པ་བྱ། །ཇི་སྲིད་ལུས་ཅན་ཐམས་ཅད་ཀྱང་། །རྣལ་འབྱོར་ཡེ་ཤེས་ཞེན་མ་གྱུར། །དེ་སྲིད་འཁོར་བར་འཁོར་འགྱུར་ཞིང་། །སྡུག་བསྔལ་རྒྱ་ངན་ཡོངས་གཡེངས་འགྱུར། །དངོས་པོ་ཀུན་གྱིས་སྤྲུལ་པ་པོས། །དེ་ནས་ཕྱག་རྒྱ་མཆོད་པར་བྱ། །མཆོད་པ་མཆོག་པར་འདོད་པ་སྟེ། །བརྙེན་པ་ཡིས་ནི་ངེས་པར་བསྲེག། །རྣལ་འབྱོར་གྱི་ནི་རྒྱུད་དུ་མིས། །ཕྱག་རྒྱ་ཆེན་པོ་དང་པོར་གྲུབ། །རབ་ཏུ་འབད་པས་མཆོག་པར་བྱ། །ཕྱི་ནག་དཔའ་བོ་རྣམས་ཀྱི་ནི། །དཔའ་བོ་ཉིད་


JLD008_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱད་པར་བྱ། །དེ་ལྟར་མཆོད་པ་བྱས་ནས་ནི། །སྒྲུབ་པོ་ས་འོག་ལངས་པ་དང་། །ཞི་བ་ཉིད་དང་རྒྱས་པ་དང་། །དབང་དང་དགུག་པ་དག་དང་ནི། །གསད་དང་བསྐྲད་པ་ལ་སོགས་དང་། །རྨུགས་དང་རེངས་པ་དེ་བཞིན་ཏེ། །དབྱེ་བ་ཉིད་དང་ཚར་གཅོད་དང་། །ལས་ཀྱི་དངོས་གྲུབ་མཆོད་པར་བྱ། །ཅི་རུང་བ་ཡི་ལས་ཀུན་ལ། །ཉོན་མི་མོངས་པར་འགྲུབ་འགྱུར་ཏེ། །ཐེ་ཚོམ་མེད་པར་སྒྲུབ་པ་པོའི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དཔལ་ཧེ་རུ་ཀར་བརྗོད་པ་ལས་གསང་བའི་མཆོད་པ་དང་བསྙེན་བཀུར་གྱི་མཆོད་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ། ༈ །དེ་ནས་མཁའ་འགྲོ་མ་དྲ་བའི། །འཁོར་ལོའི་ཆོ་ག་རྒྱས་པ་སྟེ། །གང་ཡང་ལས་རྣམས་མྱུར་བུ་རུ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །པད་མའི་ལྟེ་བར་ངེས་པར་སྦྱར། །སྨིན་པའི་བར་དུ་གཞུག་པར་བྱ། །ཨ་བ་དྷཱུ་ཏཱིའི་གནས་དེ་བཞིན། །དཔའ་བོ་འཆོ་བར་བྱས་ཆགས་པར། །བཟའ་བ་ཡང་ནི་དེ་ནས་བསྲེག །གོ་མཾ་ས་དང་རུ་དྷིར། །འབད་པས་བསྲེག་བྱ་ལྔ་དག་བྱ། །དེ་ནས་འབར་བའི་མེ་ལ་ནི། །བསྲེག་བླུགས་དགུ་ནི་སྦྱིན་པར་བྱ། །འབར་འཕྲོ་རྒྱ་མཚོར་བལྟ་བར་བྱ། །ཀུན་ནས་སྒོ་ཡི་འཁོར་ལོར་ངེས། །དཔའ་བོའི་དང་པོ་ཞལ་བཞི་པ། །འདབ་ལ་ཕོ་ཉ་མོ་བཞི་ཡིན། །དཔའ་བོ་ཀུན་དང་གཉིས་མེད་བདེ། །ཆོ་ག་རྡི་བཞིན་རྣམ་པ་ཡིས། །ཁཎྜ་རོ་ཧ་ཕྱི་རོལ་སྦྱིན། །རང་གི་གཟུགས་སུ་རྣམ་ཞུགས་པ། །འཀོར་ལོའི་དབུས་སུ་བལྟ་བར་བྱ། །འཁོར་ལོ་འདི་དག་གསལ་བར་ནི། །རིམ་པ་ཇི་ལྟ་བ་བཞིན་བྱ། ༈ །


JLD008_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་རྒྱ་མཚོ་ལས་ཇི་བཞིན། །དཔའ་བོས་མདོར་སྡུས་གསྲུངས་བ་ཡིན། །ཕོ་ཉ་གཉིས་མེད་སྦྱོར་བའི་བདག །འགྲུལ་འགྱུར་འདི་ལ་ཐེ་ཚོམ་མེད། །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཕོ་ཉ་མོ་དང་གཉིས་སུ་མེད་པའི་སྦྱིན་སྲེག་གི་ལས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ། ༈ །དེ་ནས་ལས་ཀྱི་མཆོག་ར་བ་ནི། །ཇི་བཞིང་རིམ་གྱིས་མཚོན་པ་སྟེ། །མཆོད་པ་གཉིས་མེད་སྦྱོར་བའི་བདག །ལས་ནི་སོ་སོར་སྦྱར་བར་བྱ། །གང་དག་རབ་སྒྲུབ་བྱེད་པའི་སྔགས། །དེ་ཡི་དབྱེ་བ་རིམ་བཞིན་བཤད། །ཁ་དོག་ཕོ་ཉ་སོགས་སྔགས་གང་། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །ཕྱན་ཚུན་འདུད་པའི་གསང་སྔགས་ནི། །ཡུམ་ཉིད་གྱིས་ནི་ཕྱེ་བའོ། །ས་བོན་འཕྲེང་བས་དེ་ནས་བཟུང་། །ཧཱུྃ་ནི་མཐའ་རུ་གནས་པ་ཡིན། །བསྒྲུབ་བྱ་འགོག་པར་འགྱུར་པ་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། ཁ་སྦྱོར་སྦྱར་བར་གྱུར་པ་དང་། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྡོ་རྗེས་དབྱེ་བ་ཉིད་དང་ནི། དེ་བཞིན་བུང་བ་ལྟར་འཁོར་བྱ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང་། །གཏུན་ཤིང་གིས་དཀྲུག་དེ་བཞིན་ཏེ། །རྡོ་རྗེ་ཉིད་ཀྱིས་འདེབས་པར་བཤད། །དབུག་ལ་མདའ་ནི་སྦྱར་བྱ་སྟེ། །དུས་མིན་འཆི་བ་ལས་རྒྱལ་བ། །ཡན་ལག་ཁ་ཊཱཾ་ག་དང་སྦྱོར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །དབལ་ཧེ་རུ་གར་བརྗོད་པ་ལས་གཉེས་སུ་མེད་པའི་ལས་དང་། །དུས་མ་ཡིན་པར་འཆིབ་བསྒྲུ་པའི་ཆོ་གའི་ལེའུ་སྟེ་


JLD008_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་ལྔ་པའོ། ༈ དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། །སྔགས་ཀྱི་དགོད་པ་རབ་ཏུ་གྲགས། །མྱུར་དུ་དངོས་གྲུབ་བྱེད་པར་ནི། །ཕྱག་རྒྱའི་མཆོད་འདི་ཐེ་ཚོམ་མེད། །མཚན་མ་གཉིས་ལ་སྔགས་སྦྱར་ཏེ་མཁའ་འགྲོ་དཔའ་བོ་གཉིས་མེད་པར། །སྙིང་པོ་རྣམས་ཀྱིས་དེ་བཞིན་དུ། སྔགས་པས་མཁའ་འགྲོ་མ་ལ་སྦྱར། །བློ་ལྡན་རྣལ་འབྱོར་མ་བསྲུབ་བྱ། །དག་པའི་ལུས་ནི་རང་འདོད་པ། །དཔའ་བོ་མཆོད་པ་རྣམ་བྱས་ནས། །ལས་ནི་འབད་པ་ཉིད་ཀྱིས་བྱ། ༈ །རྣམ་དབྱེ་རང་དགས་སྔགས་པས་ནི། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཚར་གཅད་ཕན་འདོགས་དོན་རྣམས་ལ། །ལས་ཀྱི་དངོས་པོར་རྣམས་པར་བསྒོམ། །དེ་ཉིད་དབྱེ་བ་ཕྱེ་ནས་ནི། །རྩ་བ་ལམ་དུ་སྦྱར་བར་བྱ། །རབ་ཏུ་སྒྲུབ་པའི་སྦྱོར་དོན་ལ། །ཕྱི་རོལ་ཇི་ལྟར་ནང་དེ་བཞིན། །འདི་ཡིས་མྱུར་དུ་ལྟ་དང་ནི། །ལྷ་མིན་མིར་བཅས་བསྒྲུབ་པར་བྱ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། །ལས་ཀྱི་གའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ། ༈ །དེ་ནས་གཞན་ཡང་བཤད་པར་བྱ། །ཚར་གཅོད་གནོད་པའི་ཆོ་ག་སྟེ། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །བཟའ་བ་ཟོས་ཤིང་མིང་ནས་ནི། །བཟླས་པའི་མཐར་ནི་སྐྱུག་པར་བྱ། །མཚན་མོ་བདུན་ནི་རྫོགས་པ་དང་། །བཟའ་དང་བཏུང་བ་དག་ལེ་སྦྱར། །འདི་ཡིས་ཇི་སྲིད་འཚོ་བའི་བར། །དབང་དུ་འགྲོ་བར་ཐེ་ཚོམ་མེད། །སེར་སྐྱའི་མར་ནི་འཐུངས་ནས་སུ། །བཟླས་པའི་མཐར་


JLD008_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱུག་པར་བྱ། །དེ་ཡིས་རང་གི་གདོང་བསྐུས་ན། །གལ་ཏེ་རྟག་ཏུ་ཁྲོས་གྱུར་ན། །མཐོང་བ་ཙམ་གྱིས་དབང་དུ་འགྱུར། །ཧི་ལ་མར་ས་ལུ་བཏགས་པ་དང་། །ལྡན་པས་ལུས་ནི་བསྐུས་གྱུར་ཅིང་། །སྣུམ་མཁུར་སྔགས་པས་བྱས་ནས་ནི། །བཟའ་བ་ལ་ནི་རབ་ཏུ་སྦྱང་། །གལ་ཏེ་ལས་འདི་མ་བཏང་ན། །ཇི་སྲིད་འཚོ་བར་རྟག་དབང་འགྱུར། །ཏིལ་ནག་དག་ནི་ཟོས་ནས་སུ། །སྐེ་ཚེར་བཅས་པ་སྐྱུགས་པ་དང་། །རུ་རྟ་བཤད་པ་དང་ལྡན་པ། །ལག་སྐྱེས་ལྟོ་བའི་སྲིན་བུ་ནི། །སྔ་ཤུ་ཀྲ་ནི་ཉིད་དང་སྦྱར། །བཟའ་བཏུང་མིག་སྨོན་གོས་ལ་ནི། །བྱུག་གཉིད་དུ་རབ་རུ་སྦྱར། །འདི་ཡིས་ཇི་སྲིད་འཚོ་བའི་བར། །དབང་དུ་འགྱུར་བར་གདོན་མི་ཟ། །བ་ལང་ཤ་སྲེག་སྦྱིན་སྲེག་ནི། །ཁྲག་གིས་བསྐུས་ན་ལྷ་རྣམས་ནི། །དེའི་མོད་ལ་འབར་འགྱུར་པའམ། །གལ་ཏེ་མ་འོངས་འཆི་བར་འགྱུར། །བདག་ཉིད་དེ་ཡི་མདུན་དུ་ནི། །བསྒོམས་ནས་མཁས་པས་སྦྱིན་བསྲེག་བྱ། །སྦྱིན་སྲེག་མཐར་ནི་གཏོར་མ་བྱས། །ཁམས་གསུམ་སྐད་ཅིག་གིས་འགུགས་པ། །མཚན་བདུན་གྱིས་ནི་འགྲུབ་པར་འགྱུར། །འཇིག་རྟེན་གསུམ་ན་རྙེད་དཀའ་བའི། །དམ་ཚིག་སྤྱོད་པའི་མཚན་ཉིད་ནི། །རྟག་ཏུ་རང་སྔགས་སྦས་པ་ཡིས། །རབ་ཏུ་འབད་དེ་གསང་བར་བྱ། །སྦས་དོན་རྙེད་པར་མ་འགྱུར་ཞིང་། །སྐལ་བ་དམན་པས་འགྲུབ་མི་འགྱུར། །བསོད་ནམས་ཆུང་བའི་སྒྲུབ་པོས་ཀྱང་། །ང་མ་ཉེས་བྱས་བས་རྙེད་པར་འགྱུར། །དཔལ་ཧེ་རུ་ཀར་བརྗོད་པ་ལས་ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ལེའུ་


JLD008_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སུམ་ཅུ་རྩ་བདུན་པའོ། ༈ །དེ་ནས་བརྡ་དང་མཁའ་འགྲོ་མའི། །ལུས་ཀྱི་མཚན་ཉིད་གང་ཡིན་དང་། །དཔའ་བོའི་ཡན་ལག་དབྱེ་བ་ནི། །དེ་བཞིན་དུ་ནི་འགྲུབ་འགྱུར་བ། ༈ །དཔའ་བོའི་དབང་ཕྱུག་མ་བྲི་ཞིང་རྣམ་པ་ཀུན་ཏུ་སྦ་བར་བྱ། །གང་གི་ཐད་དུ་འང་མི་གདོན་ཏེ། །གཡོན་པའི་ཀུན་སྤྱོད་སྒྲུབ་པ་པོ། །གསང་བའི་མཚན་ཉིད་མཁའ་འགྲོ་མའི། །སྔགས་ནི་བག་མེད་པས་འདོམ་ན། །དེ་ལ་ང་ནི་མི་ལྟ་སྟེ། །མཁའ་འགྲོ་སྟོང་ཕྲག་དུ་མ་ཡིས། །དན་པའི་བདག་ཉིད་ཅན་དེ་ཟ། །དམ་ཚིག་འཇོམས་ཤིང་ངན་སྤྱོད་དེ། །བྲམ་ཟེ་གསོད་པར་ཐེ་ཚོམ་མེད། །སྡིག་སྤྱོད་རྨོངས་པའི་བདག་ཉིད་ཅན། །བསླུས་གྱུར་ངན་པའི་བདག་ཉིད་དེ། །མཁའ་འགྲོ་མ་ཡིས་ཟོས་གྱུར་ཀྱང་། དེ་ལ་ད་ནི་སྐྱོད་མི་བྱེད། །གསང་བ་ཡིན་ངན་ནི། །སྒྲིབ་པ་པོ་དེ་ཕྱུགས་དང་འདྲ། །བླ་མ་དམ་ཚིག་ལ་འཁུ་བ། །སངས་གྱས་འཇིག་རྟེན་ལས་དེ་ལྷུང་། །ཧེ་རུ་ཀ་དཔལ་ལྟ་དཀའི་རྒྱུད། །གང་ཞིག་སྲུང་བར་བྱེད་པ་ནི། །མཁའ་འགྲོ་མ་བཅས་དགེ་གདོད་ཞེས། །ད་ནི་དེ་ལ་ཕན་འདོགས་སོ། །བླ་མ་ལ་ནི་བསྙེན་བཀུར་བྱེད། །གསོད་པོར་བྱེད་པའི་སྒྲུབ་པ་པོ། །མཁའ་འགྲོ་མ་རྣམས་རྟག་དགའ་བ། །དེ་ལ་དངོས་གྲུབ་འགྱུར་བར་འགྱུར། །སྒྲུབ་པ་པོ་ནི་དཔའ་ཉིད་འགྱུར། །ཁམས་གསུམ་མཁའ་ལ་རྒྱུ་བའི་བདག། །སྒྲུབ་པོ་དཔའ་བོ་ཉིད་འདོད་པ། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །དེ་ནི་རྣལ་འབྱོར་ལ་རབ་འཇུག །ཡང་དག་སྦྱིན་པའང་རིག་པར་འགྱུར། །ཧེ་རུ་


JLD008_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡི་བརྟུལ་ཞུགས་འཛིན། །སློབ་དཔོན་དཔའ་མོ་མཐོང་གྱུར་ན། །སྒྲུབ་པ་པོས་ནི་སྔགས་འདི་དག །མཐོང་ཞིང་མཐོང་ཞིང་ཀུན་ཏུ་དགའ། །དཔའ་བོ་རྩ་བའི་གསང་སྔགས་མཆོག །ལན་བདུན་དུ་ནནི་བརྗོད་པར་བྱ། །རབ་སྔགས་ཧཱུྃ་ལ་སོགས་པས་ཕྱེ། །དེ་ནས་འབད་དེ་ཕྱག་བྱས་ན། །སངས་རྒྱས་ལ་སོགས་ཐམས་ཅད་མཆོད། །རྟག་པ་ཉིད་དུ་དཔའ་ཆེན་དང་། །རོལ་པར་ལྡན་པར་ཐེ་ཚོམ་མེད། །དེ་ཡི་ཐུགས་ཀར་གནས་ཕག་མོ། །ང་དང་དཔའ་བོ་རྣལ་འབྱོར་མ། །ཕོ་ཉ་རྣམས་དང་ལྷན་ཅིག་བཅས། །དེ་དམག་གང་ཞིག་ལེགས་སྐྱེས་པའི། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཆུ་བོ་རྒྱ་མཚོ་རྫིང་བུ་དང་། །རི་བོ་དང་ནི་བཞི་མདོ་དང་། །ལྟེང་ཀ་དང་ནི་ཁྲོན་པ་མཚེའུ། །ཁང་སྟོང་དང་ནི་ལམ་སྲང་དག །ཐམས་ཅད་དུ་ནི་མཁའ་འགྲོ་མ། །ཀུན་ཏུ་ཞེན་པར་ལྟར་ལ་གནས། །འཇིགས་པ་ཆེན་པོའི་དུར་ཁྲོད་དུ། །མཁའ་སྤྱོད་དེ་བཞིན་ས་འོག་དང་། །རོ་ལངས་ཀྱང་ནི་དུ་མ་ཞིག །འཇིགས་པའི་གཟུགས་དང་སྟོབས་ཆེན་པོས། །དེ་དང་ལྷན་ཅིག་དཔའ་བོ་ཆེ། །ཅི་བདེ་བར་ནི་རོལ་པར་མཛད། །རི་གུལ་ཚང་ཚིང་གསང་བར་རུ། །རྣལ་འབྱོར་མ་དང་གསང་བའི་མི། །ཕྱོགས་ནི་དེ་དང་དེ་དག་ཏུ། །སྒྲུབ་འབོ་དངས་སྟེང་རོལ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྣལ་འབྱོར་མའི་སྒྲུབ་པ་དང་། །གསང་བའི་དཔའ་བོའི་གནས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ། ༈ །དེ་ནས་སྒྲུབ་པོའི་རྣལ་འབྱོར་ཆེ། །སྔགས་ནི་རྣམ་པ་བརྒྱད་


JLD008_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགོད། །དེ་ནས་འདིལ་ཡང་དག་མཐོང་། །རྩོལ་བར་འགྱུར་ལ་གདོན་མི་ཟ། ༈ འཇིགས་པའི་སྒྲ་ནི་རྣམ་མང་པོ། །མི་བཟང་མཁའ་འགྲོ་འཇིགས་བྱེད་པ། །དཔའ་བོ་འཇིགས་པར་གྱུར་ན་ནི། །སྐྲག་ཅིང་རྣམ་པར་འབྱེར་བར་བྱེད། ༈ །གལ་ཏེ་དཔའ་བོ་མི་འཇིགས་ན། །ལག་པ་གཡོན་པས་བཟུང་ནས་ནི། །རང་གི་གནས་སུ་ཁྱེར་ནས་སུ། །མཁའ་འགྲོ་མ་ནི་དེ་དག་དང་། །རྟག་ཏུ་མངོན་པར་རྩེ་བྱེད་དེ། །བདེ་བ་ཅན་གྱི་གནས་འགལ་འགྱུར། །ཧེ་རུ་ཀ་དཔལ་གུས་འདོད་པས། །མཁའ་ལ་འགྲོ་བའི་གནས་སུ་འཁྱེར། །སྒྲུབ་པ་པོ་ནི་སྔགས་སུ་ཅན། །འཁོར་བར་འཆི་དང་རྒ་བ་མེད། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་བལྟ་བ་དང་ཧ་ཧ་ཞེས་རྒོད་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ། ༈ །ད་ནི་རབ་ཏུ་བཤད་པར་བྱ། །གང་གིས་ས་སྟེང་དབང་དུ་འགྱུར། །དཔའ་བོའི་སྔགས་ཀྱིས་བཟླས་པ་ཡིས། །རྣལ་འབྱོར་ཚེ་གར་གནས་པས་འགྲུབ། ༈ །སྒྲོན་མ་མྱོས་བྱེད་བཅས་པ་དང་། །ཉ་ཡི་ཤ་དང་ལྡན་པར་ནི། །དཔའ་དབང་གནས་སྐབས་ཐམས་ཅད་དུ། །ཉི་མ་བདུན་གྱིས་སྒྲུབ་པ་པོ། །མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ། །དངོས་གྲུབ་རྒྱ་ཆེན་གསོལ་བར་འགྱུར། ༈ །བརྒྱ་དང་རྩ་བརྒྱད་ལྡན་ཉིད་ཀྱིས། །ཐུན་གསུམ་དུ་ནི་སྒྲུབ་བྱེད་ན། །རྒྱལ་པོ་དཔུང་དང་བཅས་པར་ནི། །ཉིད་བདུན་གྱིས་ནི་དབང་དུ་འགྱུར། །ཕྱེད་ཀྱིས་དཔའ་བོ་ཆེན་པོ་སྟེ། །དེ་ཡི་ཕྱེད་ཀྱིས་བློང་པོའི། །རྒྱལ་ཕྲན་ལ་ནི་སུམ་དུ་གཉིས། །སྲེག་པའི་རིམ་གྱིས་སྦྱིན་སྲེག་བྱ། །ཉི་ཤུས་བྲམ་


JLD008_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་ཉིད་ལ་ནི། །ཉི་མ་བདུན་གྱིས་སྦྱིང་སྲེག་བྱ། །དེ་བཞིན་རྒྱལ་རིགས་དག་ལ་བདུན། །སྦྱིན་སྲེག་ལྔ་པོ་རྗེའུ་རིགས་ལ། །དམངས་རིགས་ལ་ནི་སྦྱིན་སྲེག་གསུམ། །ཐ་མ་ལ་ནི་སྦྱིན་སྲེག་གཅིག །དེ་ལྟར་དཔའ་བོས་རིགས་རིམ་གྱིས། །ཟླ་བ་གཅིག་ནི་ཡང་དག་སྤྱད། །སྔགས་ཀྱི་ནུས་པ་སྒྲུབ་པ་པོས། །འགྲོ་བ་ཐམས་ཅད་དགུག་པར་བྱ། ༈ །དཔའ་བོས་ཆོ་ག་སྔ་མ་ཡིས། །འདོད་པ་སྟེན་ཐོབ་པར་འགྱུར། །ས་སྟེང་འདོད་པའི་དབང་ཕྱུག་གཞིན། །དཔལ་ལྡན་སྐལ་བཟང་པོར་འགྱུར། །སྒྲུབ་པོ་མཁའ་འགྲོ་མ་རྣམས་ཀྱི། །ཡིད་འོང་འགྱུར་པར་གདོན་མི་ཟ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་རིགས་ལྔ་པོ་དབང་དུ་བྱ་བ་དང་། །ཕྱག་རྒྱ་ཆེན་པོ་བསྟེང་པའི་ལེའུ་སྟེ་བཞི་བཅུ་པའོ། ༈ །དེ་ནས་ལས་ཀྱི་རབ་མཆོག་ནི། །གང་གིས་ཤེས་ནས་སྒྲུབ་པ་པོས། ༈ །དབང་དང་དགུག་དང་བྱེ་བ་དང་། །གསད་དང་བསྐྲད་པ་ལ་སོགས་དང་། །རྨུགས་དང་རེངས་པར་བྱ་བ་དང་། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་འགྱུར་པ་དང་། །འོན་དང་དེ་བཞིན་འོང་བ་དང་། །མ་ནིང་ཉིད་དུ་བྱ་བ་དང་། །གཟུགས་ནི་ཡོངས་སུ་འགྱུར་རབ་སྟེ། ༈ །ལས་ཆེན་བཅུ་གཉིས་འདི་དག་ནི། །རྟག་ཏུ་སྒྲུབ་པ་པོ་ཡིས་བསྒྲུབ། །དངོས་གྲུབ་སྒྲུབ་པ་བོ་ལ་ནི། །དྲན་པས་འགྲུབ་འགྱུར་ཐེ་ཚོམ་མེད། ༈ །ཐམས་ཅད་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཡེ་ཤེས་ལྡན་པའི་རང་སྐྱེ་གནས། །ཡུལ་དང་ཡུལ་དུ་


JLD008_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྐྱེ། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ཡིན། །དེ་ནི་མཁའ་འགྲོ་མ་རུ་བཤད། ༈ །ཀུ་ལུ་ཏ་དང་མ་རུ་དང་། །སིནདྷུའི་ཡུལ་དང་ན་ག་ར། །སུ་ཝརྞ་དྷི་བ་སཽ་རཥྚ། །གྲི་ཧ་དེ་བ་བྲེ་ཏ་པུར། །ཧི་མ་ལ་ཡ་ཀྩི་དང་། །ལཾ་བ་ཀིའི་ཡུལ་ཀ་ལིང་ཀ །ཀོས་ལ་ཏྲི་ཤ་ཀུ་ནེ། །ཨོ་ཏྲི་ཀ་མ་རླུ་བ་དང་། །མཱ་ལ་ཝ་དང་དི་པི་ཀོ་ཊི། །མ་མེར་ཤྭ་ར་གོང་བར། །ཨརྒུ་ཏ་དང་ཨུ་རྒྱན་དང་། །ཛ་ལནྟ་ར་པུ་ལིར་སོགས། ༈ །ཡུལ་འདི་དག་གི་པུ་མོ་གང་། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། ༈ །རྣལ་འབྱོར་མ་དྲུག་ཀུ་ལུ་ཏ། །མ་རུའི་ཡུལ་ན་མ་མོ་རྣམས། །སིན་དྷིའི་ཡུལ་ན་ལཱ་མ་སྟེ། །རིགས་ཀྱི་གཙོ་མོ་ན་ག་རར། །ལཾ་པ་ཀ་དང་སཽར་ཥྚ་ར། །རིགས་ཀྱི་ལྷ་མོ་རྣམས་ཡིན་ནོ། །ཀ་ཏྱ་ཆེ་པྲེ་ཏ་པུར། །མཁས་འགྲོ་གཟུགས་ཅན་མ་མ་རུ་བཅས། །ཧི་མའི་རི་དང་ཀཙྩི་དང་། །པཉྩ་ལ་ཡུལ་ཀ་ལིང་ཀ །བརྟུལ་ཞུགས་འཛིན་པ་ཁྱིམ་ལྷ་མོ། །བྱིས་བཅས་མོ་རུ་བཤད་པའོ། །ཀོ་ས་ལར་ནི་ཤ་ཟན་མ། །ཡི་སྭགས་གྲོང་དུ་དེ་བཞིན་དུ། །རྡོ་རྗེ་མཁའ་འགྲོ་སྦོམ་དབང་ཕྱུག །ཏྲི་ཁ་ཀུ་ནེར་ཁན་རོ་ཧ། །པུ་ལིར་མ་ལ་ཡ་དེ་བཞིན། །གསེར་རིར་སྨེ་ཤ་ཅན་རིགས་སྐྱེས། །བུད་མེད་སྟོང་ཕྲག་ཉི་ཤུ་གཅིག །ལྷག་མ་གཞན་དག་ཇི་སྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡིན། །འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །ཤྲཱི་ཧེ་རུ་ཀའི་བསྲུབ་པ་ཆེ། །དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། །མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས། །


JLD008_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་མི་རྒྱའི་འཇོག་རྟེན་གསུམ། །འགྲོ་བ་ཀུན་ལ་འདི་ཡིས་ཁྱབ། །མཁའ་འགྲོ་མ་ཡི་དམ་ཚིག་འདི། །སྤྲུལ་པ་སྒོམ་པ་ཉིད་ཡིན་ཏེ། །བསམ་གཏན་སོགས་གང་ནི་ཡང་རུང་། །ས་སྟེང་ན་ནི་རྫོགས་འགྱུར་པའོ། །སྔགས་པས་རྟག་ཏུ་མཉམ་གཞག་པས། །མཚན་མོ་ནམ་མཁའི་གོས་ཅན་བྱ། །སྐྱེས་པའམ་གལ་ཏེ་གཡོན་པ་རུ། །རྣལ་འབྱོར་མ་ཀུན་དཔའ་བོ་མཉེས། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །རང་འབྱུང་རྟག་ཏུ་མཆོད་པའོ། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །གཡོན་པའི་མཆོད་ལ་རབ་ཏུ་འཇུག །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཡི་གེ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་དགོད་པའི་ཚེ་གའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ། ༈ །དེ་ནས་དཔའ་བོ་མེ་ཏོག་ཆུ། །འཐུངས་ནས་སྔགས་འདི་རྗེས་དྲན་བྱ། །རྟག་ཏུ་འདི་ལྟར་བྱ་བ་ཉིད། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོས། །མཚན་མོ་རྟག་ཏུ་ཤ་བཟའ་བ། །འདི་ཉིད་ཀྱིས་ནི་གསུམ་བསྡགས་ན། །མྱུར་དུ་བདེ་བ་ཐོབ་པར་འགྱུར། །འཐུངས་དང་དེ་བཞིན་བྱིན་པ་དང་། །རེག་ནས་བཞད་པ་གཙོ་མོ་ཆེ། །བདེན་པར་ཚངས་པར་སྤྱོད་པ་དང་། །ཐོག་མཐར་བཞད་པ་ཕྱག་རྒྱ་ཡི། །ལྟ་བའི་སྙེགས་པ་གྲགས་ལྡན་པ། །མཚན་མོའམ་དེ་བཞིན་ཉིད་མོ་ནི། །འདིས་ནི་བཞད་པ་དག་ཏུ་བྱ། །གཟུགས་དང་ལས་ཀྱི་གསང་བ་དང་། །ཇི་ལྟར་གནས་པ་དཔའ་བོ་ཉོན། །རྟག་ཏུ་དེ་ནི་མཆི་མ་འབྱུང་། །དད་པས་དེ་ཡི་སྤུ་ཡང་ལྡང་། །རྡོ་རྗེ་ལ་ནི་འགོམ་པར་བྱེད། །དེ་བཞིན་གཅེར་


JLD008_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

བུར་མཆོད་པ་སྟེ། །འདོད་པའི་དབང་ཕྱུག་མ་ཀུན་གྱི། །ཕྱག་རྒྱའི་ཚོགས་ཀྱི་རིམ་པ་ཉིད། །དབུགས་འབྱིན་སྒུལ་དང་རྒོད་པ་དང་། །སྒེག་པའི་གར་ནི་ངོ་མཚར་བས། །སྣ་ཚོགས་གང་དག་འདུན་བྱེད་ཅིང་། །ཕྱག་རྒྱ་སྔགས་ནི་རྗེས་དྲན་བྱ། །ཏ་ཏཱ་ཏེ་ཏཱེ་རྣམ་བརྒྱད་རྒོད། །སྣ་ཚོགས་དབང་ཕྱུག་མཆོག་ཏུ་དགའ། །ཧ་ཧཱ་ཞེས་བྱ་འདིའི་ཉེ་བར། །རྟག་ཏུ་དུ་བྱེད་མཆི་མ་བསྡགས། །དེ་ཉིད་ཀྱིས་དེ་དགར་འགྱུར་ཞིང་། །བསམ་གཏན་གྱི་སྔགས་ལེགས་པར་སྦྱོར། །གཙོ་མོ་རྣམས་དང་དཔའ་བོ་ཡི། །སྦུ་ལྡང་བ་དང་ལྷན་ཅིག་བདེ། །རྡོ་རྗེ་འགོམ་པར་མི་བྱ་བ། །གཡོན་པས་ཡོངས་སུ་བརྟགས་པ་ཡིན། །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྒོད་པའི་སྔགས་དང་། །མཁའ་འགྲོའི་གཟུགས་ཀྱི་རྒྱུའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ། །དེ་ནས་སྤྱན་རས་གཟིགས་བཤད་དེ། །དཔའ་བོ་དང་ནི་གཉིས་མེད་མི། །གནས་ཀྱི་དབྱེ་བ་ཆོ་ག་ཤེས། །སྒོམ་ལ་རྟག་ཏུ་མངོན་དགའ་བའོ། །ལམ་གྱི་གཞི་མེད་ལམ་ཁྱིམ་དག་གམ། །དེ་ནས་སྤྱན་རས་གཟིགས་བཤད་དེ། །དཔའ་བོ་དང་ནི་གཉིས་མེད་མི། །གནས་ཀྱི་དབྱེ་བ་ཆོ་ག་ཤེས། །སྒོམ་ལ་རྟག་ཏུ་མངོན་དགའ་བའོ། ༈ །ལམ་གྱི་བཞི་མེད་འམ་ཁྱིམ་དག་གམ། དཔའ་བོའི་གནས་དང་རི་བོར་ནི། །མཁའ་འགྲོ་མ་ཡིས་དམ་ཚིག་གནས། །རིང་པོ་ནས་ཀྱང་གཟིགས་པར་འགྱུར། །ཕྱག་རྒྱས་གཅེར་བུ་མཆོད་པ་ཡི། །ལས་ལས་གོ་འཕང་དམ་པ་སྟེ། །གོས་ཉིད་ཀྱིས་ནི་བཀབ་པའམ་གཞན། །འདོད་པ་རྣམས་ཀྱིས་གོས་མ་འགྱུར། །དེ་བཞིན་སྐྲ་གྲོལ་གཙེར་གྱུར་བས། །ལས་རྣམས་ཐམས་ཅད་བརྩམ་པར་བྱ། ༈ །རྩ་བའི་སྔགས་དང་དེ་བཞིན་གཞན། །ཕྱོགས་བཅིང་བར་ནི་འཇུག་


JLD008_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ལྷ་དང་ལྷ་ཡི་ཚོགས་ཀྱིས་ཀྱང་། །མ་མཐོང་བར་ནི་མཆོད་པར་གྱིས། ༈ །སྙིམ་པ་མེ་ཏོག་གིས་བཀང་སྟེ། །མཁའ་ལ་སྤྱོད་ལ་གྱེན་དུ་མཐོར། །མེ་ཏོག་དེ་དག་མ་ལྷུང་ཞིང་། །མེ་ཏོག་ས་ལ་མ་མཐོང་ན། །གནས་ཀྱི་ཁྱད་པར་ལ་གནས་དང་། །མཁའ་འགྲོ་བ་སྟོང་ཕྲག་གི། །གནས་ལ་དབང་ནི་བྱེད་པར་འགྱུར། །ངག་གི་དབང་ཕྱུག་མ་རྣམས་དང་། །གསུང་གི་དབང་པོ་འགུགས་པར་འགྱུར། །གོ་རིམ་ཇི་ལྟ་བ་བཞིན་དུ། །ལྷ་དང་ལྷ་ཡི་གཏམ་ཤེས་ཤིང་། །སྐར་མའི་རྒྱུ་བ་ཤེས་པར་འགྱུར། ༈ །གྲོང་གྲོང་དེ་བཞིན་དགོན་པ་དང་། །གྲོང་ཁྱེར་དང་ནི་བཞི་མདོ་དང་། །ཤིང་གཅིག་དང་ནི་དབའ་བོའི་ཁྱིམ། །རི་རྩེ་དང་ནི་མཚན་དྲུང་དུ། །སྙིང་པོ་ཉེ་སྙིང་རྟག་དྲན་ན། །ལྷ་དང་མི་ཡིས་མཐོང་མི་འགྱུར། །དེ་བས་ཡུལ་ཕྱོགས་འདི་དག་ཏུ། །སྒྲུབ་པ་པོ་ནི་རྟག་ཏུ་གནས། །ཤིང་དྲུང་ཁ་དོག་དམར་བསམ་ནས། །ཡི་གེ་བདུན་གྱི་བདག་ཉིད་ཅན། །མྱུར་དུ་མི་བྱེད་པར་དམའ་བ། །ས་རྣམས་ཀྱང་ནི་གཞན་དུ་མིན། །བདག་གི་ལུས་ལ་རྣམ་བཀོད་དེ། །ས་ལ་གུ་ཤའི་སྟན་དུ་ཉལ། །ཡི་གེ་བདུན་གྱི་བདག་ཉིད་སྔགས། །བརྒྱ་རྩ་བརྒྱད་ཉིད་དུ་བཟླས། །རྨི་ལམ་དུ་ནི་བྱ་བ་ཀུན། །ཡིད་ལ་འདོད་པ་སྟོན་པར་འགྱུར། །དུས་མིན་འཆི་དང་བཅོམ་དང་ཉམས། །བྱ་བ་ཀུན་ཏུ་གང་གྱུར་དང་། །རྣམ་པ་སྣ་ཚོགས་གཞན་དག་ཀྱང་། །ཐམས་ཅད་རྨི་ལམ་དག་ཏུ་སྟོན། །དེ་བཞིན་སྔགས་བཟླས་རལ་གྲི་ཆུ། །མཐེ་བོང་མར་མེ་མེ་


JLD008_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ལ། །སྔགས་བདག་ཉིད་རྟག་རྣལ་འབྱོར། །བྲས་ནེ་ནི་འབེབས་པར་བྱེད། །བསྒོམས་ནས་ལན་བདུན་བཟླས་བརྗོད་པས། །དགེ་དང་མི་དགེ་སྟོན་པར་འགྱུར། ༈ །དེ་ནས་དཔའ་བོའི་ཡི་གེ་བདུན། །སྔགས་དགོད་དབྱེ་བ་ཉིད་ཀྱིས་ཏེ། །ཉི་མའི་དབུས་སུ་བསམས་ནས་ནི། །སྟོང་གི་བར་དུ་བཟློས་པར་བྱ། །ཤེལ་གྱི་རྣམ་པ་ལྟ་བུ་ནི། །ནས་ཀྱིས་གདུངས་ལ་བསྟན་པར་བྱ། །མཐོང་པ་ཙམ་གྱི་མོད་ལ་ནི། །ནད་ཀུན་འཇོགས་པར་ཐེ་ཚོམ་མེད། །ནད་ལས་རྣམ་པར་གྲོལ་གྱུར་ན། །སྟོན་ཀའི་དུས་ཀྱི་ཟླ་བ་འདྲ། །ཟླ་བའི་དབུས་སུ་རྣམ་བཀོད་ཅིང་། །ལག་པ་གཡོན་པར་འཁོར་ལོ་ཉིད། །ཡི་གེ་ཤེལ་གྱི་མདོག་ལྟར་སྣང་། །ནད་རྣམས་ཀུན་ལ་དགོད་པར་བྱ། །རིམས་དང་གདོན་སོགས་རྗེད་བྱེད་དང་། །གཟེར་སོགས་ཀུན་དང་མཛེ་ཅན་དང་། དུག་གིས་ཟིན་སོགས་ནད་རྣམས་དང་རྒད་ཀུན་ཐེ་ཚོམ་མེད་པར་ནི། །ཟླ་གཟུགས་ཡི་གེ་བསམས་ན་ནི། །ཕྱོགས་བཅུར་རྣམ་པར་འབྱེར་བར་འགྱུར། །མཚན་མོ་གསང་བ་ལ་གནས་ཏེ། །གཽ་མཾ་ས་ནི་མངར་གསུམ་བཏགས། །ཡིག་བདུན་གསང་སྔགས་ཤེས་པ་དང་། །སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས། སྔགས་པས་ནང་བར་དུས་སུ་ནི། །གསེར་སྲང་སྟོང་ནི་རྙེད་པར་འགྱུར། །སྦྱིན་སྲེག་སྟོང་ཕྲག་བཅུ་ཡིས་ནི། །ཡུལ་འཁོར་དམ་པ་རྙེད་པར་འགྱུར། །ཡང་ན་གསང་སྔགས་རྒྱལ་པོ་ནི། །གནས་ནི་གང་དུ་བསམས་པ་དང་། །དེ་དང་དེར་ནི་དེ་ཡི་ཚེ། །སྐྱེ་བར་འགྱུར་བར་ཐེ་ཚོམ་མེད། །དཀར་པོ་ཡིས་ནི་ཞི་བར་འགྱུར། །ནག་པོས་སྐད་ཅིག་དག་གིས་གསོད། །དམར་པོས་དབང་དུ་འགྱུར་པ་སྟེ། །འཕྲལ་དུ་ངེས་པར་འགུགས་པར་འགྱུར། །སེར་བོས་ཐམས་ཅད་གནོད་འགྱུར་ཏེ། །འདི་


JLD008_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་བསྟན་བཅསོ་ངེས་པ་ཡིན། །སེར་པོས་དཔུང་ནི་གནོད་པ་དང་། །གྲུབ་དང་འཁྲུལ་འཁོར་གླང་པོ་གནོན། །དཀར་པོས་བསམས་པ་ཙམ་གྱིས་ནི། །འཆི་བ་ངེས་པར་སློང་བར་འགྱུར། །སྤྲུལ་ཆེན་བརྒྱ་ཡིས་ཟིན་པ་ནི། །དེ་ཡང་མྱུར་དུ་སློང་བར་བྱེད། ༈ །དུག་གིས་བརྒྱལ་བ་རྣམས་མཐང་ནས། །རབ་ཏུ་སད་པས་སད་པར་འགྱུར། །རིམས་དང་གདོན་དང་བརྗེད་བྱེད་ནི། །ལག་པ་མཐོང་བས་འཇིག་པར་འགྱུར། ༈ །རྒྱན་པོ་གཡུལ་དུ་ཁུ་ཚུར་བཅིངས། །ཡིད་ལ་རྟག་ཏུ་ཟློས་བྱེད་ན། །དེ་སྲིད་ཁུ་ཚུར་མ་བཀྲོལ་བར། །བྱ་བ་ཐམས་ཅད་སྒྲུབ་པར་འགྱུར། །དགྲ་པོ་གལ་ཏེ་ལག་ན་ནི། །མཚོན་ཆ་འཕྱར་བར་བྱེད་པ་ཡང་། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བར། །མཚོན་གཏོང་བར་མི་ནུས་སོ། །ཡང་ན་བྱ་བ་ཐམས་ཅད་ནི། །དེ་བཞིན་ཉིད་དུ་སྒྲུབ་པར་འབྱེད། །འབྲས་བུ་མེ་ཏོག་འདབ་མ་དང་། །སོ་རྩི་དེ་བཞིན་ཟས་རྣམས་ལ། ༈ །ལུས་ཀྱི་སྦྱོར་བ་དང་པོ་སྟེ། །དེ་བཞིན་གཉིས་པ་ནུས་པ་ཡིན། །གསུམ་པ་དག་ནི་དག་ཉིད་ཏེ། །བཞི་པ་དམིགས་པར་མི་འགྱུར་ཏེ། །སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར། །ས་གཞི་ཤིང་དང་བཅས་པ་དང་། །རྒྱ་མཚོ་སྐ་རགས་བཏོགས་དེ་ལ། །འདིར་ནི་འགྲུབ་པར་ཐེ་ཚོམ་མེད། །ཁམས་གསུམ་རྒྱུ་དང་མི་རྒྱུ་བར། །དམོད་འདེབས་ཕན་འདོགས་ནུས་པ་ཡིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཉེ་བའི་སྙིང་པོའི་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ། ༈ །དེ་ནས་


JLD008_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་ལ་བརྟེན་ཏེ། །ཡི་གེ་བདུན་པ་དང་ལྡན་པ། །གང་དུ་ལས་ལ་ཡང་དག་བརྩམས། །དེ་ཡི་མོད་ལ་མྱུར་དུ་འགྲུབ། ༈ །ཡི་གེ་བདུན་པའི་ཆོ་ག་ཡིས། །ལག་པའི་དབུས་སུ་རྣམ་པར་དགོད། །རྣལ་འབྱོར་མ་དྲུག་ཡང་དག་གནས། །གཡོན་པའི་འཁོར་ལོ་བསྐུལ་དང་ལྡན། །གང་ཞིག་གཟུགས་འཛིན་བསམས་ནས་ནི། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །གང་ལ་ལག་པ་དེ་བསྟན་པ། །དེ་ནི་ངེས་པར་འགུགས་པར་འགྱུར། །ཙན་དན་དམར་པོ་རྡུལ་དད་ནི། །དེ་བཞིན་སྐེ་ཚེ་ལན་ཚྭ་དང་། །བསྒྲུབ་པར་བྱ་བའི་རྐང་རྗེས་ས། །གཅིག་ཏུ་བྱས་ནས་བཏག་པར་བྱ། །ལག་པ་གཉིས་ཀྱིས་མཉེས་ནས་ནི། །རྣལ་འབྱོར་མ་ལ་སྦྱིན་སྲེག་བྱ། །མཚན་མོ་སྨེར་ཤ་ཅན་གྱི་མེའམ། །དུར་ཁྲོད་མེ་ལ་ཕྱེ་མ་བསྲེག །བསྒྲུབ་པར་བྱ་བ་མངོན་ཕྱོགས་ཏེ། །སྦྱོར་བ་འདི་ནི་བརྩམ་པར་བྱ། །ཇི་སྲིད་བརྒྱ་ཡི་བར་དུ་བཟླས། །དེས་ནི་ངེས་པར་འགུགས་པར་འགྱུར། །བསྒྲུབ་པར་བྱ་བའི་བདག་ཉིད་དང་། །ནོར་དང་སྐྱེ་བོ་དབང་དུ་འགྱུར། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །གཞན་དག་རུ་ནི་ང་མི་སྨྲ། ༈ །རྡུལ་དེ་ཉིད་ནི་བླངས་ནས་སུ། །ལྕགས་ཕྱེ་དང་ནི་རྣམ་པར་བསྲེ། །དུར་ཁྲོད་ངས་ལ་གཏུམས་ནས་ནི། །ལན་བདུན་བཟླས་ལ་བཞི་མདོ་རུ། །སོར་བརྒྱད་ཙམ་དུ་ས་བརྐོས་ནས། །དགྲ་ཡི་མིང་དང་བཅས་པར་ནི། །གང་གི་མིང་སྨོས་སྦས་གྱུར་པ། །དེ་ནི་མྱུར་དུ་གནོན་པར་འགྱུར། །ཕྱེ་མ་དེ་ཉིད་བཟླས་ནས་ནི། །འབད་དེ་བ་ཡི་འོ་མ་ཡིས། །དེ་ནི་སླར་ཡང་གསོས་གྱུར་ན། །


JLD008_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། ༈ །ཕྱེ་མ་དེ་ནི་བླངས་ནས་ནི། །སྨྱོ་བྱེད་ལྡ་དང་ལྡན་པ་རུ། །དེ་ནི་དུར་ཁྲོད་རས་ཀྱིས་བཅིངས། །དགྲ་ཡི་མིང་བྱང་བྲི་བར་བྱ། །བཟླས་བརྗོད་ལན་བརྒྱ་བྱས་ནས་ནི། །དུར་ཁྲོད་དུ་ནི་ངེས་སྦས་ན། འཕྲལ་དུ་སྨོ་བ་ཉིད་དུ་འགྱུར། །བཏོན་པ་ཉིད་ཀྱིས་ཐར་པར་འགྱུར། །བཏོན་ནས་བ་ཡི་འོ་མ་ཡིས། །འབང་ས་དེ་བཞིན་བགྲུ་བར་བྱ། །སླར་ཡང་གསོ་བར་བྱེད་པ་དག །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །དཔལ་ཧེ་རུ་ཀར་པ་བརྗོད་པ་ལས་རྣལ་འབྱོར་མ་དྲུག་གི་ཡི་གེ་བདུན་གྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ། །དེ་ནས་ལས་ཀྱི་མཆོག་ར་བཞི་ངག་གི་དངོས་གྲུབ་བྱེད་པའོ། །ཀ་ར་བཱི་རཱི་མེ་ཏོག་དམར། །རྒྱ་རྩ་བརྒྱད་ནི་བླངས་ནས་སུ། །འབད་དེ་བ་ཡི་འོ་མ་དང་། །བཟླས་བརྗོད་བརྒྱ་ཡང་བྱ་བ་ཡིན། །ལན་རེ་བཟླས་པའི་མེ་ཏོག་གིས། །ལིང་གའི་སྤྱི་བོར་བསྣུན་པར་བྱ། །དེ་ལྟར་ཤིན་ཏུ་མཉམ་གཞག་པས། །ཉི་མ་བདུན་དུ་བྱ་བ་ཡིན། །དེ་ནས་ཉིན་ཞག་བཅུ་གཅིག་པར། །མེ་ཏོག་དག་ནི་བླངས་ནས་སུ། །ཆུ་བོ་ཆེན་པོར་སོང་ནས་ནི། །རེ་རེ་ནས་ནི་ཆུ་ལ་དོར། །དེ་དགས་ཐམས་ཅད་རིམ་བཞིན་དུ། །ལན་དེ་བཟླས་ནས་རབ་ཏུ་བྱ། །ཆུ་བོར་མེ་ཏོག་ཐ་མ་ནི། །རྒྱུན་ལས་བཟློག་སྟེར་བ་འབབ་ན། །ཆུ་དང་བཅས་པ་བླངས་ནས་ནི། །སོས་མ་རེག་པ་དེ་འཐུངས་ན། གས་་་་་


JLD008_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ཡི། སྒྲུབ་པོའི་ཚིག་ནི་འགྲུབ་པར་འགྱུར། །དེ་ནས་སྐྱེ་གནས་རྒྱ་བཅིངས་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །སྔགས་པ་བསྒྲུབ་བྱ་མངོན་ཕྱོགས་ནས། །བསྒྲུབ་པར་བྱ་བའི་ལྟོ་བར་གནས། །དེ་ལ་ཡིད་ནི་གནས་བཞིན་དུ། །བློ་ལྡན་ཐུན་གསུམ་མཐེའུ་ཆུངས་སྐྱོད། །བླ་མ་ཟེ་གསོད་པ་དག་གིས་ཀྱང་། །ཞག་བདུན་བརྒྱ་བྱིན་སོགས་ངེས་འགུགས། །ཙན་དན་དམར་པོའི་རྡུལ་ལས་ནི། །བསྒྲུབ་པར་བྱ་བའི་གཟུགས་བྱས་ལ། །ཚབ་གསུམ་གྱིས་ལུས་ལ་བསྐུ། །སྒྲ་ཚིས་ཀྱིས་ཀྱང་རབ་ཏུ་བྱུག །སྒྲུབ་པ་པོ་ཡིས་གསང་གནས་སུ། །ཟངས་མའི་ཁབ་ཀྱིས་ཕུག་ནས་ནི། །སེང་ལྡེང་མདག་མ་དུ་མེད་པའི། །མཁས་པས་ཉི་མ་བདུན་དུབ་བསྲོ། །ལན་བརྒྱ་བཟླས་ཏེ་བཟླས་པའི་མཐར། །མི་ཡི་བདག་པོ་མདུན་ན་འདོན། །བཙུན་མོ་འཁོར་དང་བཅས་པ་ནི། །ངེས་པར་འགུགས་པར་བྱེད་པ་ཡིན། །མི་ཡི་བདག་པོ་འཁོར་བཅས་པ། །གྲོ་གའི་འདབ་མར་བྲི་བར་བྱ། །ཡི་དྭགས་སེན་རྩི་རོ་ཙ་ནས། །མཉམ་པར་བཞག་སྟེ་བྲིས་ནས་ནི། །མིང་དང་སྤེལ་ནས་གང་ལ་ནི། །མངོན་པར་ཕྱོགས་ཏེ་བརྒྱ་བཟླས་ནས། །སེང་ལྡེང་མེ་ལ་དེ་བདུགས་ཤིང་། །དུར་ཁྲོད་མེ་སྟེང་བསྒྲུབ་ཕྱིར་བཤད། །ཇི་སྲིད་སྤྲ་ཚིལ་མ་ཞུ་བར། །བསྲོས་པར་གྱུར་ན་རྒྱལ་པོ་ནི། །འཁོར་ལོས་བསྒྱུར་དང་བཅས་པར་ཡང་། །ངེས་པར་འགུགས་པར་འགྱུར་པ་ཡིན། ༈ བསྒྲུབ་པར་བྱ་བའི་རྐང་རྗེས་


JLD008_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

ས། །ཙན་དན་དམར་པོ་ཉིད་དང་ནི། །དུར་ཁྲོད་ལྷག་མཐལ་བས་སྤྱོས། །སྒྲུབ་པོ་ཡིས་གཅིག་བསྡུ་བ་ལ། །སེང་ལྡེང་མེ་ནི་དུ་མེད་ལ། །རབ་ཏུ་འབད་པས་བསྲོ་བར་བྱ། །རྡུལ་དེ་ལག་པ་གཉིས་ཀྱིས་ནི། །མཉེས་ནས་སྦྱིན་སྲེག་བྱས་ན་ནི། །ཇི་སྲིད་དུ་ནི་བསྲེགས་པས་འགྲུབ། །རྡུལ་དེ་བླངས་ནས་མ་ཡེངས་པར། །དབུགས་མི་འབྱིན་པར་སྔས་ན་ནི། །བརྒྱལ་ཞིང་སེམས་དང་བྲལ་འདྲ་ལ། །རྨོངས་ཤིང་ཉོན་མོངས་པ་ཉིད་དང་། །རླུང་གི་ཤུགས་ཀྱིས་འོངས་ནས་ནི། །སྒྲུབ་པ་པོ་ཡི་སྟེང་དུ་ལྷུང་། ༈ །དེ་ནས་ལས་ཀྱི་ཕོ་ཉ་མོར། །བྱ་བ་འདི་ནི་འཛིན་པ་ཉིད། །ཀ་ར་བཱི་རཱི་ལྕུག་མ་ནི། །བརླན་བཅས་དཔུང་བའི་ཚད་མཉམ་བླངས། །འབར་འགྱུར་རོ་བསྲེགས་མེ་ལ་དོར། །ཇི་སྲིད་དེ་ནི་མ་ཚིག་པ། །མྱུར་དུ་སོང་སྟེ་དེ་བླངས་ལ། །རིག་པ་ལྡན་བདུན་བཟླས་ནས་ནི། །གང་ཞིག་བཟླས་ཏེ་བསྐོར་ན་ནི། །དེས་ནི་དེ་ཡི་སྐད་ཅིག་ལ། །སྐྱེས་པའམ་བུད་མེད་རང་གཟུགས་ཅན། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། ༈ །ཀ་ར་བཱི་རའི་མེ་ཏོག་དམར། །བརྒྱ་བཟླས་པུ་ཤྱའི་སྦྱོར་བའི་ལས། །སྒྲུབ་པོས་གི་ཧཾ་གིས་བྱུགས་ལ། །མེ་ཏོག་ཆུ་ལ་གནས་པ་ལ། །ཆུ་པོ་ཆེན་པོར་ཞུགས་ནས་ནི། །ལྟེ་བ་མན་ཆད་ཆུར་བཅུག་སྟེ། །ལག་པ་སྦྱར་བའི་དབུས་གནས་པ། །རིག་པ་སྟོད་དུ་བཟླས་ནས་ནི། །ལག་པ་གཉིས་ཀྱིས་ཕྱིར་ཀླགས་ཏེ། །ཆུ་དང་བཅས་པར་བཏུང་བར་བྱ་


JLD008_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྒྲུབ་པ་པོ་དེ་ཡིས། །ཚིག་གི་དངོས་གྲུབ་ཐོབ་པར་འགྱུར། ༈ །རྒྱལ་པོའམ་རྒྱལ་པོའི་ཆུང་མ་ནི། །ཡིད་ཀྱིས་ངེས་པར་འགུགས་པར་འགྱུར། །ལྷར་བཅས་ལྷ་མིན་མི་རྣམས་ནི། །མྱུར་དུ་དབང་དུ་བྱེད་པར་འགྱུར། །ཁྲོས་པས་ཚིག་གིས་གསོད་འགྱུར་ཞིང་། དབྱེ་དང་བསྐྲད་པ་ཉིད་ཀྱང་བྱེད། །སྒྲུབ་པ་པོའི་ཡི་ཚིག་ཉིད་ཀྱིས། །ཚར་གཅོད་པ་ཉིད་བྱེད་པར་འགྱུར། །ཚིག་ཙམ་གྱིས་ནི་ཆུ་བོ་དང་། །ཤིང་རྟ་འཁྲུལ་འཁོར་རྒྱ་མཚོ་དང་། །གླང་པོ་རྟ་དང་དེ་བཞིན་སྤྲིན། །སྐྱེས་བུའམ་ཡང་ན་བྱ་ཡང་གནོན། །ཡིད་ཀྱིས་ཡིད་ལ་གང་འདོད་པ། །ཚིག་གིས་ཐམས་ཅད་བྱེད་པར་འགྱུར། ༈ །དགུག་པ་ཡི་ནི་སྦྱོར་བ་དག །བུད་མེད་ཐམས་ཅད་རྨོངས་བྱེད་པ། །ཀ་ར་བཱི་རཱི་མེ་ཏོག་ནི། །དམར་པོ་ཡང་དག་བླངས་ནས་སུ། །རིག་པ་ལན་བརྒྱ་བཟླས་པ་དག །སྐྱེ་གནས་དབུས་སུ་གཞུག་པར་བྱ། །མེ་ཏོག་དེ་ནི་ཁ་སྦྱར་བྱས། །གསང་བའི་གནས་སུ་ངེས་པར་སྦྱར། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ལྡན། །སྔགས་པས་བརྒྱ་ཕྲག་གཅིག་ཏུ་བཟླས། །སྐྱེ་གནས་དབུས་ཀྱི་མེ་ཏོག་དེ། །སྒྲུབ་པ་པོ་ཡིས་གཅིག་བླངས་ལ། །མེ་ཏོག་གིས་ནི་གང་བསྣུན་པ། །དེ་ནི་མོད་ལ་དབང་དུ་འགྱུར། །བརྒྱལ་ཞིང་སེམས་དང་བྲལ་བ་དང་། །ཡན་ལག་ཚིགས་ཀུན་གཞན་དབང་སྟེ། །མངོན་གྱུར་སེམས་ནི་ལྡོག་པ་རུ། །སྐད་ཅིག་གིས་ནི་དབང་དུ་བྱེད། །འདི་ནི་ཡིད་ཆེས་དངོས་གྲུབ་སྟེ། །དོན་ཡོད་དབང་དུ་བྱེད་པ་ཡིན། །དཔལ་ཧེ་རུ་ཀར་བརྗོད་པ་ལས་རྣལ་འབྱོར་མ་དྲུག་དང་ཚིག་


JLD008_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་ལུང་བསྟན་པའི་ཚེ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ། ༈ །དེ་ནས་ཡི་གེ་ཧ་ལྔ་ནི། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །གང་གིས་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །ཧི་ཧོ་ཧཱོ་ཧཾ་ཧ། ཡི་གེ་ཧ་ལྔ་ལག་པ་ཡིས། །སྐུལ་དང་ལྡན་བས་མཉེས་ན་ནི། །ཁ་ནས་ཀྱང་ནི་ཁྲག་འཛག་ཅིང་། །དགྲ་བོ་དེ་ཡི་མོད་ལ་འཆི། །རང་གི་ཁྲག་ནི་ཐོད་གནས་པ། །སྲིན་ལག་གི་ཁྲག་མཉེས་པར་བྱ། །ཇི་སྲིད་སྐམས་ཀྱི་བར་དུ་དེ། །དེ་ནི་བསྒྲུབ་བྱ་རྣམ་པར་འཇིག །གལ་ཏེ་ཁྲོ་བོ་འབར་བ་དང་། །མིག་དམར་བ་ཡིས་བཟླས་ན་ནི། །དཔུང་ཚོགས་བཞོན་པར་བཅས་པ་ཡི། །རྒྱལ་བོ་མྱུར་དུ་འཆི་བར་ཕྱེད། །བྱི་ལ་དང་ནི་ལེའུ་ལེ་དང་། །ཁྭ་དང་ཝ་དང་ཆུ་སྐྱར་ནི། །མཁའ་འགྲོ་མལ་སྟོབས་ཅན་སྦྱར། །འདི་དག་མྱུར་དུ་འགྲུབ་ཡིན་པར། །རྒྱུད་འདི་ལ་ནི་ཐེ་ཚོམ་མེད། ༈ །རི་བོང་ལ་སོགས་སྤུ་ལས་ནི། །སྲང་བུ་བྱས་ཏེ་ལན་སྟོང་བཟླས། །གང་གི་མགུལ་དུ་བཅིངས་གྱུར་པ། །དེ་ནི་དེ་དང་འདྲ་བར་འགྱུར། །ལག་པར་བཟླས་བརྗོད་སྟོང་བྱས་ཏེ། །ཀ་ར་ཧཱི་རའི་མེ་ཏོག་དང་། །ཡི་གེ་རེ་རེ་མངོན་བཟླས་ལ། །སྦྲུལ་མ་ལ་ནི་རེག་གྱུར་ན། །མངལ་ནི་རྣམ་པར་འཕོ་འགྱུར་ཏེ། །བཏང་ན་ཐར་བར་འགྱུར་བ་ཡིན། །གང་ལ་སྡིགས་མཛུབ་བྱས་ཏེ་འཆི། །སླར་ཡང་འཚོ་བར་བྱེད་པ་ཡིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་ཡི་གེ་ཧ་ལྔའི་ལས་ཀྱི་


JLD008_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ། ༈ །དེ་ནས་ཡང་དག་བཤད་པར་བྱ། །མཁའ་འགྲོ་ཀུན་གྱི་སྙིང་པོ་སྟེ། །འདི་ནི་བརྗོད་པ་ཙམ་གྱིས་ཀྱང་། །དངོས་གྲུབ་ཐམས་ཅད་སྐྱེད་བྱེད་ཡིན། ༈ །དེ་ནས་མཁའ་འགྲོ་མའི་རིག་པ་ཆེན་མོ་བཟླས་ན། །རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ནས་དཔལ་ཆེན་པོ་བསྐྱེད་པར་འགྱུར་རོ། །མི་རུས་ལས་ཕུར་བུ་སོར་དྲུག་པ་བྱས་ལ། །བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གང་གི་སྒོར་སྤངས་དེའི་རིགས་རྒྱུད་རྣམས་གཅོད་པར་འགྱུར་རོ། །ཞིང་དང་། ར་བ་དང་། མ་ཧེ་དང་། །གླང་པོ་ཆེ་དང་། །རྟའི་གནས་སུ་བརྐོས་ཏེ་སྦས་ན་ཐམས་ཅད་བརླག་པར་འགྱུར་རོ། དེ་ནས་རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན། །མཁས་པས་ས་ལས་བྱས་པའི་གཟུགས་བརྙན་སོར་བརྒྱད་པ་བྱས་ལ། །རྒྱལ་པོའི་སྒོར་བཞག་ནས། །ཉིན་ཞག་དང་པོ་ལམ་དུ་ལུང་ཀའི་མེ་ཏོག་དང་འབྲས་བུ་རྣམས་དང་། །ཀུ་སུ་མ་བསྲེས་པའི་སྦྱིན་སྲེག་བརྒྱད་སྟོང་བྱས་ན་དེ་དབང་དུ་འགྱུར་རོ། །སྔགས་འདི་ཉིད་ཀྱི་དགུག་པ་དང་། གནོད་པ་དང་། རྨོངས་པ་དང་། སྐེམས་པ་དང་། རྨུགས་པ་དང་། ཚིག་འཕྲོག་པ་དང་། །ལོང་བར་བྱེད་པ་དང་། །དིག་པ་ཉིད་དུ་བྱེད་པ་དང་། སླར་གཏོང་བར་བྱེད་དོ། ༈ དེ་ནས་སྐྱེས་པ་བུད་མེད་ཏུ་བྱ་བར་འདོད་ན། །སྐྱེས་པའི་རོའི་མེ་ཏོག་དང་། །ཀ་ཀཎྜ་ཀཱིའི་འབྲས་བུ་དང་། །ཁྭའི་སེན་མོ་དང་། རྐང་པའི་འོག་གི་


JLD008_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་ཆ་མཉམ་པར་བྱས་ལ། །རི་བོང་གི་ཁྲག་དང་བཏགས་ཏེ། རི་ལུ་བཅུ་གཅིག་བྱས་ལ། །གྲིབ་མ་ལ་བསྐམ་མོ། །དེ་བཞིན་དུ་ཉིན་ཞག་བཟའ་བོ་ལ་ལག་པ་ལ་བཅིངས་ཏེ། །ཉི་མ་བཅུ་གཉིས་པ་ལ་གང་གི་སྤྱི་བོར་ཕྱེ་མ་བཞག་པ་དེ་བུད་མེད་དུ་འགྱུར་རོ། ༈ །དེ་ནས་སྐྱེས་པ་བཁྱིར་བྱ་བར་འདོད་ན། །རྒྱལ་ལྕགས་ནེའུ་ལེའུ་འགོ་བོར་བཞག་ལ་མཚན་མོ་བདུན་གྱི་བར་དུ་བརྒྱད་སྟོང་སྦྱིན་སྲེག་བྱས་ལ། །ཉིད་ཞག་བརྒྱད་ལ་ལ་གུར་ཀུམ་དང་མཉམ་པོར་བྱས་ཏེ། །ལན་བརྒྱ་རྩ་བརྒྱད་དངོན་པར་བཟླས་ནས། །ཕྱེ་མའི་སྦྱིན་སྲེག་བྱས་ལ་དོའི་ཐལ་བ་གང་གི་སྤྱི་བོར་བཞག་པ་དེ་ཁྱིར་འགྱུར་རོ། །སླར་གསོ་བ་ནི་མཚན་མོའི་དུས་སུ་མཁའ་འགྲོ་མ་རྣམས་ལ་མཆོད་པ་ཆེན་པོ་བྱས་ཏེ། །གཏོར་མ་འབྱིན་ན་དེའི་འོག་ཏུ་རྣལ་མར་འགྱུར་རོ། ༈ །རྫས་རྫས་མ་ཡིན་པར་བྱ་བར་འདོད་ན། །གསེར་ཤིང་གི་འབྲས་བུས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་རྫས་མ་ཡིན་པར་འགྱུར་རོ། །ཨ་རུ་རའི་སྲེག་བྱས་ན་རྣལ་མར་འགྱུར་རོ། ༈ ཇི་སྟེ་སྨྱོ་བར་བྱ་བར་འདོན་ན་བྱ་ཆེན་པོའི་གནས་ཀྱི་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་སྨྱོ་བར་འགྱུར་རོ། །སླར་བཟློག་པ་ནི་འབྲས་ཀྱི་ཕུབ་པའི་མེ་ལ་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །བྱི་ལའི་སྤུ་ཟླ་བ་གཟས་ཟིན་པའི་ཚེ་བསྡུས་ལ་གང་གི་མིང་ནས་བརྗོད་ནས་སྔགས་ཀྱིས་སྦྱིན་སྲེག་བྱས་ནས་ཐལ་བ་དེ་གང་གི་སྤྱི་བོར་བཞག་པ་དེ་པྱི་ལར་འགྱུར་རོ། སླར་བཟླས་ན་རྣལ་མར་འགྱུར་རོ། །བྱ་རོག་གི་


JLD008_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་པ་ལས་སྲད་བུ་བྱས་པ་གཟུང་ལ་མངོན་པར་བཟླས་ཏེ་གང་གི་མ་གུལ་དུ་བཅིངས་པ་དེ་བྱ་རོག་ཏུ་འགྱུར་རོ། །གང་དང་གང་གི་རྒྱུས་པ་སྲང་བུར་བྱས་ལ་མངོན་པར་བཟླས་ཏེ་མགུལ་དུ་བཅིངས་པ་དེ་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་ཁྭ་དང་། ཐིབ་དང་། རྨ་བྱ་དང་། ཆུ་སྐྱར་དང་། །འུག་པ་དང་། ཁྲ་དང་། བྱ་རྒོད་ཀྱི་གཟུགས་འཛན་པར་འགྱུར་རོ། །བ་ལང་གི་སྤུ་ལ་སྲད་བུ་བྱས་ལ་ཡན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། །མགུལ་དུ་བཅིངས་ན་དེ་ལ་འང་དུ་འགྱུར་རོ། །རྐང་བཞི་པ་ལ་སོགས་པ་གང་དང་གང་གི་སྤུ་ལས་སྲད་བུ་བྱས་པ་མངོན་པར་བཟླས་ཏེ་མགུལ་དུ་བཏགས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ། བཀྲོལ་ན་ཐང་པར་འགྱུར་རོ། །སོ་བ་ལ་བཟླས་ནས་ནོར་གྱི་བདག་པོ་ཆེན་པོའི་ཁྱིམ་དུ་བཅུག་ལ། །ལྷག་མས་བདག་ཉིད་དབང་བསྐུར་ན་མཚན་མོ་བདུན་གྱིས་སོ་བ་ཐམས་ཅད་འགུགས་པར་འགྱུར་རོ། །དཔལ་ཧེ་རུ་ཀར་བརྗོད་པ་ལས་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་ཀྱི་ལས་ཐམས་ཅད་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ། །དེ་ནས་གཞན་ཡང་བཤད་པར་བྱ། །མཁའ་འགྲོ་ཀུན་གྱི་དགེ་བ་གང་། །སྙིང་པོ་རྣལ་འབྱོར་མ་ཀུན་གྱི། །འདོད་དོན་ཐམས་ཅད་སྒྲུབ་ཡེད་པའོ། །གང་གི་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གཟུམ་པོ་གཡོ་བྱེད་ཅིང་། །རྗེས་སུ་དྲན་པ་ཙམ་གྱིས་ཀྱང་། །ཡང་དག་དངོས་གྲུབ་རིམ་གྱིས་སོ། །ཧཱ་སྭཱ་ཊ་ཕ་ཧཱུྃ་ཧཱུྃ་ཡེ་ནི་རྞ་ཝ་ཛྲ་བ་ཡེ་ནཱི་ཀི་ཌཱདྡྷ་བུ་རྦས་ཨོཾ། སྔགས་འདི་ཀླགས་པས་


JLD008_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་སྟེ། ལས་རྣམས་ཀུན་བྱེད་དགེ་བ་ཡིན། །མཁའ་འགྲོ་རྣལ་འབྱོར་མ་རྣམས་དང་། །ངུམ་སྐྱེས་མ་དང་ལཱ་བ་སོགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །སྔགས་ནི་འདི་ཉིད་ཡིན་པར་གྲགས། །ས་འོག་ཡང་ན་མཐོ་རིས་སམ། །དེ་བཞིན་མི་ཡུལ་དག་ཏུ་ཡང་། །འཇིག་རྟེན་གསུམ་ན་ཡོད་པ་ཡི། །ལྔ་ནི་གང་དག་ཡོད་པ་རྣམས། །སྔགས་ཀྱིས་དེ་དག་ཐམས་ཅད་འགྲུབ། །དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། །དངོས་གྲུབ་ཐམས་ཅད་རབ་རྩེ་ལ་པ། །འདི་ལས་ཤིན་ཏུ་མཆོག་གྱུར་མེད། །གང་ཕྱིར་འདི་ནི་བླ་མེད་ཏེ། །ཐབས་བཟང་པོ་ནི་བསྟན་པ་ཡིན། ༈ །མཁའ་འགྲོ་མ་ནི་ཀུན་གྱི་གནས། མདོར་བཤད་རྒྱས་པར་མ་ཡིན་ནོ། མེ་ཏོག་འབྲས་བུ་སྣ་ཚོགས་ཀྱི། རི་བོ་བཟང་པོ་བྲི་བྱ་ཞིང་། ༈ །དེ་ཡི་སྟེང་དུ་རྟག་སྒོམ་པ། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུ་མ་སྐྱེས་མ་དང་རྣལ་འབྱོར་མ། །དཔའ་བོ་རྣམས་ཀྱི་དཔའ་བོ་ཉིད། །ཧ་ཧ་ཧེ་ཧེ་ཞེས་བྱ་བ། །དཔའ་བོ་ཉི་ཤུ་རྩ་བཞི་ཡི། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །རྡོ་རྗེ་སེམས་དཔའ་རྣམ་སྣང་བྱེད། །པད་མ་གར་དབང་དཔལ་ཁྲག་འཐུང་། །མཁའ་སྙིང་དང་ནི་རྟ་མགྲིན་ཉིད། །རིན་ཆེན་རྡོ་རྗེ་སྟོབས་པོ་ཆེ། །མིག་མི་བཟང་དང་འཇིགས་བྱེད་དང་། །རྡོ་རྗེ་བཟང་དང་རབ་བཟང་དང་། །རྡོ་རྗེ་ཧཱུྃ་མཛད་དཔའ་བོ་ཆེ། །རྡོ་རྗེ་རལ་ཅན་མྱུ་གུ་ཅན། །རྡོ་རྗེའི་ལུས་དང་རྡོ་རྗེའི་འོད། །འོད་དཔག་མེད་དང་ལྷ་ཡི་དགྲ། །དེ་བཞིན་མཆེ་བ་རྣམ་གཙིགས་དང་། །ཀེང་རུས་ཀེང་


JLD008_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཆེན་པ་དང་། ཐོད་པའི་དུམ་བུ་ལ་སོགས་པ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །འགྲོ་བ་འདི་དག་ཐམས་ཅད་ཁྱབ། །དཔའ་བོ་རྣམས་དང་མཁའ་འགྲོ་ཉིད། །རྣལ་འབྱོར་མ་ནི་རག་གཏུམ་སོགས། །བྱ་བ་ཀུན་ལ་སྒྲུབ་པ་བོས། །འཁོར་ལོར་བཞུགས་པ་བལྟ་བར་བྱ། །གྲུབ་འདོད་ཤིན་ཏུ་མཉམ་བཞག་པས། །འཁོར་ལོའི་བདག་ཉིད་རྟག་ཏུ་བསྒོམ། །སྔར་བཤད་པ་ཡི་ཆོ་ག་ཡིས། །མཁའ་འགྲོ་དྲ་བ་བདེ་མཆོག་བརྗོད། ༈ །འཁོར་ལོ་ཆེན་པོ་རྣལ་འབྱོར་མ། །དེ་བཞིན་དངོས་གྲུབ་ཀུན་གྱི་གཞི། །འདི་ནི་སངས་རྒྱས་བྱེ་བ་དང་། །དཔའ་བོ་བྱེ་བས་ལེགས་པར་གསུངས། །མཁའ་འགྲོ་མ་ནི་རེ་རེ་ཡང་། །བྱེ་བ་གྲངས་མེད་པ་ཡིས་བསྐོར། །རྣལ་འབྱོར་མ་ནི་མཁའ་འགྲོ་ཉིད། །གཟུགས་ཅན་མ་དང་དུ་མ་སྐྱེས་མ། །དེ་བཞིན་ལཱ་མ་ལ་སོགས་ནི། །དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། ༈ །དཔའ་ཧེ་རུ་ཀར་བརྗོད་པ་ལས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་གྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ། ༈ །དེ་ནས་གཞན་ཡང་བཤད་པར་བྱ། །ཇི་བཞིན་ཆོ་གས་ཕྱུགས་བསྒྲུབ་བྱ། །གང་གིས་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་འགྱུར་བའོ། ༈ །སྔགས་པས་འབྲས་ཀྱི་ཕྱེ་མ་ལ། །རིམ་བཞིན་དུ་ནི་ཕྱུགས་གཟུགས་བྱ། །མི་དང་རུ་སྦལ་རྔ་མོ་དང་། །བོང་བུ་སྤྱང་ཀུ་རྟ་ལ་སོགས། །དེ་ལྟར་སྣ་ཚོགས་ཕག་དང་སྟེ། །ཕྱུགས་འདི་དག་ཏུ་ཤེས་པར་བྱ། །མཚན་ཉིད་ཇི་ལྟར་གྱུར་པ་དང་། །འདི་རྣམས་


JLD008_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་བཤད་པར་བྱ། ༈ །སྐྱེ་བ་གཅིག་དང་སྐྱེ་བ་གཉིས། །གསུམ་མ་མ་བཞི་འམ་ལྔ་ཉིད་དམ། །སྐྱེ་བ་དྲུག་དང་བདུན་གྱུར་པ། །ཕྱུགས་རྣམས་སུ་ནི་གདོན་མི་ཟ། །གང་གི་ཁ་ཡི་དྲི་ཞིམ་ཞིང་། །མིག་མི་འཛུམས་པར་རྣམ་པར་བལྟ། །བདེན་པར་སྨྲ་ཞིང་མཐོང་ན་དགའ། །རྟག་ཏུ་དམ་ཆོས་དགར་འགྱུར་ཞིང་། །རང་གི་སྐྱེ་བ་ཤེས་པ་དང་། །ལུས་ཀྱི་དྲི་ནི་རྟག་ཏུ་ཞིམ། །མཚན་ཉིད་འདི་དག་ལྡན་པ་ནི། །སྐྱེ་བ་བདུན་དུ་འབྱུང་བ་ཡིན། ༈ །དེ་ནི་ཐོས་པ་ཙམ་གྱིས་ནི། །ལྷ་ཡི་གཟུགས་ནི་འཛིན་པར་འགྱུར། །མན་བས་པའམ་རེག་པ་ཙམ་གྱིས་སམ། །གང་ཞིག་ཐིག་ལེ་བྱེད་པ་དེ། །མོད་ལའང་འགྲུབ་པར་འགྱུར་བ་སྟེ། །འདི་ནི་རང་དགའི་གཟུགས་འཆང་འགྱུར། །དེ་ཡི་སྙིང་གའི་རོ་ཙ་ན། །མཁས་པ་ཡིས་ནི་བླངས་ནས་ནི། །སྙིང་པོའི་སྔགས་ནི་བཟླས་ནས་སུ། །དེ་ཡི་ཐིག་ལེར་བྱ་བ་ཡིན། །སེམས་ཅད་གང་དང་གང་གི་ནི། །གཟུགས་སུ་བྱེད་པར་འདོད་པ་ན། །དེ་དང་དེ་ཡི་གཟུགས་སུ་ནི། །ཐིག་ལེས་འགྱུར་བར་ཐེ་ཚོམ་མེད། །མཁས་པས་ཤིང་ལོ་ཁུ་བ་ནི། །རོ་ཙ་ན་ར་བཅས་བླངས་ནས་སུ། །དཔྲལ་བར་ཐིག་ལེ་བྱས་ན་ནི། །དེ་གཟུགས་འགྱུར་བར་ཐེ་ཚོམ་མེད། །ཕྱུགས་ཉིད་ཀྱི་ནི་བ་སྤུ་ཡིས། །ལག་པ་སྤྱི་བོར་བཅིང་བར་བྱ། །དེ་ཡི་ཡན་ལག་སྔར་ལྡན་ཞིང། །དེ་ཡི་སྤུ་དང་རྣམ་བསྲེས་ལ། །ལག་པ་སྤྱི་བོར་བཅིངས་ན་ནི། །དེ་ཡི་གཟུགས་འགྱུར་ཐེ་ཚོམ་མེད། །རྣལ་འབྱོར།


JLD008_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གོམས་ཤིང་ཟློས། །མི་རྣམས་ནུས་པར་ལྡན་ཞིང་ཡང་། །དཀལ་ཞིང་ཉོན་མོངས་ལ་དགའ་བ། །དངོས་གྲུབ་ལམ་ནི་འགོག་པ་ཡིན། །ཀླང་པོ་རྟ་དང་བོང་བུ་དང་། །རུ་སྦལ་རྔ་མོ་ཕག་དང་ཝ། ཁྭ་དང་འུག་སོགས་བྱ་རྒོད་དང་། །ཁྲུང་ཁྲུང་ཁྲ་དང་ས་རས། །གཟུགས་བཟང་བ་དང་གཟུགས་ངན་པ། །ལྷ་ཡི་གཟུགས་སུ་དེ་འགྱུར་རོ། །རྣལ་འབྱོར་བ་ཆེན་རང་དགའི་གཟུགས། །སྐྱེ་འགྱུར་དེ་ནི་ཐེ་ཚོམ་མེད། ༈ །འདི་ལས་ཤིན་ཏུ་མཆོག་གྲུབ་པ། །འཇིག་རྟེན་གསུན་ན་ཡོད་མ་ཡིན། ༈ །དཔལ་ཧེ་རུ་ཀར་བརྗོད་པ་ལས་སྐྱེ་བ་བདུན་པ་བསྒྲུབ་པར་བྱ་བའི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ། ༈ དེ་ནས་སྦྱིན་སྲེག་ཆོ་ག་ནི། །ངེས་པར་དབང་དུ་བྱེད་འགྱུར་ལ། །ཡང་དག་ཆོ་ག་གང་གིས་ནི། །མྱུར་དུ་དངོས་གྲུབ་ཐོབ་འགྱུར་བཤད། ༈ གཽཾ་མཾ་ས་དང་མྱོས་བྱེད་བསྲེས། །ལག་པ་གཡོན་པས་སྦྱིན་སྲེག་བྱས། །སངས་རྒྱས་ཀྱང་ནི་དབང་འགྱུར་ན། །ཕྲན་ཚེགས་མི་ནི་སྨོས་ཅི་དགོས། །ཁ་ཆུ་སོ་ཤིང་དག་དང་ནི། །དེ་བཞིན་རང་གི་ལུས་མཉེས་པ། །མྱོས་བྱེད་མིང་དང་བཅས་པ་ཡིས། །ཁམས་གསུམ་དག་ནི་དབང་དུ་འགྱུར། །ཟླ་མཚན་གྱི་ནི་ཁྲག་དང་ནི། །ཟོས་ནས་རློན་པའི་ཟས་དག་དང་། །མི་ཡི་སྐྲ་དང་ལྡན་པ་ཡིས། མོད་ལ་འགུགས་པར་འགྱུར་བ་ཡིན། ༈ །རང་གི་ལུས་ལས་སྐྱུགས་པའམ། །མཁས་པས་རང་སྐྲས་སྦྱིན་བསྲེག་བྱ། །ནིམ་བའི་ཤིང་ལས་རབ་སྤར་


JLD008_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མོད་ལ་བྱེ་བར་འགྱུར་བ་ཡིན། ༈ །མཉམ་པ་བཞག་པས་དེ་རུར་མེ། །ཡུངས་མར་ཚད་དེ་ལ་བསྒེས་པའི། །བྱ་རོག་གཤོག་པས་སྦྱིན་བསྲེག་བྱ། །འཕྲལ་བུ་འཆི་བའམ་སྐྱོད་པར་འགྱུར། །ཉལ་དང་མཉླ་འདུག་པའམ། །ཟས་དང་སྦྱོར་སོགས་རྣམས་ལའང་། །སྔགས་པས་རྟག་ཏུ་བློས་བྱེད་ན། །དེ་ལ་བགེགས་ནི་ཡོད་མ་ཡིན། ༈ །ཝ་ཡེ་ཤ་ཡི་སྲོག་བླུགས་བརྒྱས། །ཡང་དག་སྦྱིན་བླུགས་བྱེད་པའི་མི། དེ་ནི་ཟླ་བ་གསུམ་རྗེས་ལ། །རིགས་ཀྱི་དབུལ་བ་འཇིག་པར་འགྱུར། །ཤ་ཆེན་དག་གིས་ལ་ལ་ཞིག །མྱོས་བྱེད་ལྡན་པས་སྦྱིན་སྲེག་བྱེད། །བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །སྒྲུབ་བ་པོ་ནི་ཐུན་གསུམ་བྱེད། །མ་ལུས་ས་རྣམས་སྤྱོད་པ་དང་། །ཟླ་བ་དྲུག་གིས་དབང་དུ་འགྱུར། ཚིམ་འགྱུར་མཁའ་འགྲོ་མ་དེ་ལ། །རྒྱལ་སྲིད་སྟེར་བར་གདོན་མི་ཟ། ༈ །དེ་རྣམས་ཐམས་ཅད་བསྒོམས་ནས་ནི། །ཐུན་གཉིས་བར་དུ་སྦྱིན་སྲེག་བྱས། །རང་གིས་ལུས་ནི་དེ་ཉིད་ཀྱིས། །མཁའ་ལ་འགྲོ་བ་ཉིད་འཐོབ་འགྱུར། །གཽ་མཱ་ཡུ་ཡི་ཤ་ཆང་གིས། །ཕྱི་དང་ནང་གི་སྦྱིན་བསྲེག་བྱ། །མྱུར་དུ་དེ་ཡི་ལག་ཏུ་འགྱུར། །དངོས་གྲུབ་ཐམས་ཅད་རབ་ཏུ་འཇུག །སྔགས་ཀྱི་བཟླས་བརྗོད་མཚན་མོ་བཟླས། །ཡུལ་འཁོར་ཡང་ནི་འགུགས་པར་བྱེད། །དེ་ལྟར་ཉིན་རེ་བྱས་ན་ནི། །རྒྱལ་པོ་ཉིན་དུ་དེ་བྱེད་འགྱུར། །འདི་ལས་རབ་མཆོག་གཞན་དག་ནི། །འཇིག་རྟེན་གསུམ་ན་ཡོང་མ་ཡིན། །རྣལ་འབྱོར་ཆེན་པོ་རང་


JLD008_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

དགས་འཆི། །སྣ་ཚོགས་གཟུགས་ནི་འཛིན་ཅིང་རོལ། ༈ །བིལ་བ་དེ་བཞིན་པ་ལ་ཤ །ཨུ་རུ་མྦ་ར་ཉིད་དག་ནི། །སྦྱིན་སྲེག་འབུམ་བྱས་མྱུར་དུ་ནི། །ནོར་གྱི་བདག་པོ་ཆེན་པོར་འགྱུར། །གཽ་མཾ་ས་དང་མྱོས་བྱེད་བསྲེས། །རྒྱལ་སྲིད་འདོད་པས་སྦྱིན་སྲེག་བྱེད། །རྣལ་འབྱོར་དབང་ཕྱུག་མཉེས་བྱས་ན། །དབུལ་བོ་ཉིད་དུ་ག་ལ་འགྱུར། །གཽ་མཱ་ཡུ་ནི་སྲེག་བྱས་པས། །ཅི་བདེ་བར་ནི་འགྲུབ་པར་འགྱུར། །གཽ་མཱ་ཡུ་ནི་སྦྱིན་སྲེག་གིས། །མྱུར་དུ་ནོར་བདག་མཉམ་པར་འགྱུར། །བརྟུལ་ཞུགས་གཙང་སྦྲ་མེད་ན་ཡང་། །བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར། ༈ །ལྷག་པའི་ཚེ་དང་ཀུཥྨ་ཎྞཾ། །མུད་ག་མ་ཥཱ་ཙ་ན་ཀ །སྦྲང་རྩིའི་ཚིགས་མ་སྐེ་ཚེ་དང་། །ཁྱིམ་གྱི་ཏ་མ་ལའི་འདབ་བླངས། །ཁ་བཅིངས་པར་ནི་འགྱུར་བ་ཡིན། ༈ །རང་འདོད་སྤྱོད་པའི་རྣལ་འབྱོར་བ། །གང་དུ་དགའ་བ་དེར་གནས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༈ །དེ་ནས་གཞན་ཡང་བཤད་པར་བྱ། །རྣལ་འབྱོར་མ་ཡིས་དང་གནས། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག །ཐམས་ཅད་བརྟན་གཡོའི་བདག་ཉིད་ཅན། ༈ །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེར་གནས་དྲི་མ་མེད། །ཞིང་འདིར་འདོ་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཚད་དོ་ཧ་ནི་སྦྱང་དཀའ་བ། །ཉེ་བའི་ཚན་དོ་མངོན་གྱུར་ཉིད། །འདུ་བ་རིང་དུ་སོང་བ་ཡིན། །ཉེ་བར་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀའི་གཞུང་དུ་སྤྱོད། །


JLD008_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ནང་གི་བདག་ཅན་ས། །ཕ་རོལ་ཕྱིན་བཅུ་ས་རྣམས་ནི། །རྣལ་འབྱོར་མ་ཡི་བརྡ་ཡི་སྐད། ༈ །མཐོ་རིས་ས་སྟེངས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག །པཱུ་ལ་སོགས་པ་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀཀུན་ཏུ་གསན་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས། ༈ །དེ་ནས་དངོས་གྲུབ་བསྒྲུབ་བྱ་བ། །བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །གསང་བའི་དེ་ཉིད་གསུངས་པ་ཡིན། །དཔལ་ཧེ་རུ་ཀར་བརྗོད་པ་ལས་དབང་གི་སྦྱིན་སྲེག་དང་གནས་ལ་སོགས་པའི་ས་བསྟན་པའི་ཆོ་གའི་ལེའུ་སྟེ་ལྔ་བཅུ་བའོ། །དེ་ནས་གཞན་ཡང་བཤད་པར་བྱ། ༈ །མན་ངག་ཤིན་ཏུ་རྙེད་དཀའ་སྟེ། །དཔལ་བའི་བརྡ་ཡི་སྐད་དུ་ནི། །ང་ཡིས་རྒྱུད་དུ་སྦས་པ་ཡིན། ༈ །གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་གུར། །ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །བདུད་རྩིའི་ཚིམ་བྱེད་མྱང་ན་འདས། །ལག་པའི་མཆོག་པ་དབང་བསྐུར་བ། གོ་ཆ་ཆེན་པོས་ཡང་དག་པ་བསྲུང་། །སྔགས་རྣམས་ཀུན་གྱིས་མཆོད་པ་བྱ། །


JLD008_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། ༈ །མི་མཆོག་གང་ཞིག་ཀུན་སྦྱོང་བ། །སྡིག་པ་ཐམས་ཅད་རྣམ་དག་བདག །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་། །སྐྱེ་དང་སྐྱེ་བར་བདེ་གཤེགས་ཀྱི། །རིགས་ཀྱེ་རྒྱལ་པོ་ཆོས་ལྡན་འགྱུར། །ཇི་ལྟར་སྔོན་སོགས་སྡིག་པ་ཡི། །མཚན་ཉིད་ཐམས་ཅད་དམན་པ་སྟེ། །ཞང་ཞིག་འདི་ནི་རྟག་སྒོམ་པ། །ས་ལ་འདོད་པ་ཀུན་དབང་ཕྱུག །དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་ན་ནི། །མར་སར་སྟེང་དུ་ཞུ་འགྱུར་ཞིང་། །སྣོད་ཀྱི་དྲི་མ་འཇིག་པར་འགྱུར། །དེ་བཞིན་ཤྲཱི་ཧེ་རུ་ཀ་ཡི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་གཏན་བསམ་པ་ཙམ་གྱིས་སམ། །ཀློང་ཅིང་ཁ་ཏོན་བྲི་བ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་པའམ། །ཡང་ན་འཁོར་ལོས་སྒྱུར་བ་འཐོབ། ༈ རྣལ་འབྱོར་པ་རྣམས་འཕོ་ཚོ་དཔལ། །ཁྲག་འཐུང་སོགས་དཔའ་རྣལ་འབྱོར་མ། །མེ་རོག་སྣང་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །འཆི་བ་ཞེས་འདི་རྣམ་རྟོག་ཡིན། །དེ་འདྲའི་དཔལ་ཆེན་རྣལ་འབྱོར་མ། །ས་སྟེང་ན་ནི་རྙེད་པར་དཀའ། ༈ །དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཆེན། །གང་གྱིས་ཤེས་ནས་མ་དད་པ། །དཔུལ་པོ་སྡུག་བསྔལ་གྱིས་གདུངས་པར། །དེ་ལ་རྟག་ཏུ་འབྱུང་བར་འགྱུར། ༈ །


JLD008_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། །རྣ་རྒྱན་ཚངས་པའི་སྐུད་པ་དང་། །དོ་ཤལ་མགོ་ཡི་འཕྲེང་བ་དང་། །སྐ་རགས་སིལ་སིལ་སྒྲ་སྒྲོགས་པར། །རི་སྟེང་སྣ་ཚོགས་པད་མ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །དཀར་མོ་བདག་པོ་རྣམ་གནོད་ཅིང་། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་དང་། །ཤྲཱི་ཧེ་རུ་ཀ་རྒྱལ་ཆེན་པོའི། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །དཔའ་བོ་ཀུན་དང་རྣལ་འབྱོར་མའི། །འཁོར་བཅས་དབུས་སུ་སྦྱོར་ལྡན་པ། །ཐམས་ཅད་དགྱེས་ཤིང་གཉིས་མེད་གྱུར། །འབྱིན་དང་སྡུད་པར་མཛད་པ་ཡིན། །མོས་བདུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་བ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདིར་བདག་ཡུལ་མིན་པ། །བདག་གིས་ཆོས་ཉིད་མེ་ཤེས་ཡིན། །རྫོགས་སངས་རྒྱས་དང་དེ་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །སངས་རྒྱས་རྣམས་ནི་བྱུང་གྱུར་ཏམ། །མ་བྱུང་ན་ཡང་རྣམ་ཀུན་ཏུ། །བསམ་མི་ཁྱབ་བའི་ཆོས་ཉིད་ནི། །འཕེལ་བྲི་སྤངས་པས་གནས་པ་ཡིན། །དེ་ལྟར་རྣམ་པར་བཞག་བྱས་ཀྱང་། འཇིག་རྟེན་བ་ཀུན་ཡོང་མི་སྨད། །དེ་ཡི་བགྲོད་པ་བསམ་ཡས་


JLD008_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །མདོ་སྡེ་བྱ་བ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །སེམས་ཅན་མེས་པས་འཇུག་པ་རྣམས། །དེ་དང་དེ་ལ་དགའ་བ་བཞིན། ༈ །དཔལ་ཧེ་རུ་ཀ་ཞེས་བརྗོད་པ་རྒྱུད་ཀྱི་རྒྱལ་པོ་འབུམ་པའི་ནང་ན་གནས་པ་རྒྱུད་ཐམས་ཅད་ཀྱི་བླ་མ་དཔལ་ཧེ་རུ་ཀ་དཔལ་བོ་ཆེན་པོ་ཀླགས་པས་གྲུབ་པ། །ཐམས་ཅད་དུ་གཞན་གྱིས་མི་ཐུབ་པ། །གདོན་ནས་གྲུབ་པའི་རྒྱུད་ཕྱི་མ། །དཔལ་ཧེ་རུ་ཀ་དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བ། །རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ལས། །ལེའུ་ལྔ་བཅུ་རྩ་གཅིག་པ་རྫོགས་སོ། ༈ །དཔལ་ཧེ་རུ་ཀར་བརྗོད་པ་འབུམ་གྱི་ནང་ནས་ཕྱུང་བ། །གྲུབ་པའི་རྟོག་པ་རྨད་དུ་བྱུང་བ་ངོ་མཚར་དང་བཅས་པར་བྱེད་པ། །བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ། །དཔལ་ཧེ་རུ་ཀ་དཔལ་བོ་ཆེན་པོ་ཀླགས་པས་འགྲུབ་པ། །གཞན་ཐམས་ཅད་ཀྱིས་མི་ཐུག་པ། །གདོད་ནས་གྲུབ་པའི་བླ་མ་ཡིན་ནོ། ༈ །རྒྱ་གར་ཀྱི་མཁན་པོ་པད་མ་ཀ་ལར་ལཱ་མ་དང་། །ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཞིང་བཞུགས་ཏེ་གཏན་ལ་ཕབ་བའོ། །རྒྱ་གར་གྱི་མཁན་མོ་སྦས་པའི་ཉི་མ་དང་། །བོད་ཀྱི་ལོཙྪ་བ་འགོས་ལྟས་བཙས་ཀྱིས་སློབ་དཔོན་ཆེན་པོ་ལཱ་བ་བའི་འགྲེལ་བ་དང་བསྟུན་ནས་བཅོས་པའོ། །ཡང་སླང་ནས་རྒྱ་གར་གྱི་མཁན་པོ་སུ་


JLD008_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏི་ཀིར་ཏི་དང་། །བོད་ཀྱི་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་རིག་བགྱིས་པའོ། །སྭ་སྟི། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷན་གྲུབ་སྟེང། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ།། །།


JLD008_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པས་དང་པོ་དང་པོ་ཉིད་དང་ནི། །མཐར་གནས་པ་ཡི་གཉིས་པ་ཉིད། །གཉིས་པ་ཡི་ནི་དང་པོ་ཉིད། །དྲུག་པ་ཡི་ཡང་གཉིས་པའོ། །དང་པོ་ཡི་ནི་དང་པོ་དང་། །མཐར་གནས་གཉིས་པ་དེ་བཞིན་དེ། །གཉིས་པ་ཡི་ནི་དང་པོ་དང་། །བདུན་པ་ཡི་ནི་གཉིས་པ་དང་། །དྲུག་པ་ཡི་ཡང་གསུམ་པ་དང་། །བཞི་པ་ཡི་ཡང་ལྔ་བ་ལ། །བཞི་པ་ཡིས་ནི་སྦྱར་བར་བྱ། །མཐར་གནས་པ་ཡི་བཞི་བ་དང་། །ལྔ་པ་ཡི་ཡང་ལྔ་པ་ལ། །བཞི་པ་ཡིས་ནི་གདན་དུ་བྱ། །ལྔ་པ་ཡི་ནི་དང་པོ་ལ། །འོག་ཏུ་མེ་ཡི་གདན་དང་ལྡན། །ཨུཥྨ་ཎ་ཡི་གསུམ་དེ་བཞིན། །མཐར་གནས་པ་ཡི་དྭང་པོ་ཡང་། །བཞི་པ་ཡི་ནི་དང་པོ་ཉིད། །མེ་ཡི་གདན་དུ་བྱས་པའོ། །བདུན་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ཡང་དང་པོ་གང་། །ཀ་ཤར་གྲགས་པའི་དང་པོ་གཟུང་། །ལྔ་པ་ཡི་ནི་བཞི་པ་དང་། །མཐར་གནས་པ་ཡི་དང་པོ་གང་། །དེ་བཞིན་ཡང་ནི་རིལ་བོ་ཉིད། །ལྔ་པ་ཡི་ནི་བཞི་པ་དང་། །བདུན་པ་ཡི་ཡང་དང་པ་དང་། །ཨུཥྨ་ཎ་ཡི་བཞི་པ་གཟུང་། །བདུན་པ་ཡི་ནི་བཞི་པ་ལ། །རྡོ་རྗེ་སེམས་དཔའ་ཕྱེ་བ་དག །ཨུཥྨ་ཎ་ཡི་བཞི་པ་ཉིད། །འོད་བྱེད་གདན་དུ་བྱས་པའོ། །བདུན་པ་ཡི་ནི་བཞི་པ་ལ། །འོག་ཏུ་ཡང་ནི་མེ་ཡི་གདན། །ཚག་དྲག་དང་ནི་ཡང་དག་ལྡན། །ལྔ་པ་ཡི་ནི་གཉིས་པ་དང་། །དེ་བཞིན་ཉི་ཤུ་གཉིས་པ་ཉིད། ༈ །དྲུག་པ་ཡི་ནི་གཉིས་ཉིད་དང་། །དེ་བཞིན་བཅུ་གཅིག་པར་ནི་ངེས། །སླར་ཡང་ཉི་ཤུ་རྩ་གཉིས་གཟུང་། །གསུམ་པ་ཡི་ནི་དང་པོ་དང་། །བཞི་པ་ཡི་ནི་གསུམ་པ་


JLD008_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཨུཥྨ་ཎ་ཡི་བཞི་པ་ཉིད། །ལྔ་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་བཞི་པ་དང་། །ཉི་ཤུ་གཅིག་པ་དེ་ནས་བཏུ། །གཉིས་པ་ཡི་ནི་དང་པོ་དང་། །ལྔ་པ་ཡི་ནི་དང་པོར་དེས། །གཉིས་ལས་དྲུག་པའི་ཡི་གེའོ། །ལྔ་པ་ཡི་ནི་བཞི་པ་དང་། །དེ་བཞིན་ཀ་ཤར་གྲགས་ཉིད་དང་། །ཉི་ཤུ་བཞི་པ་དེ་ནས་བཏུ། །སླར་ཡང་རིལ་བོ་ཇི་བཞིན་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །ཨུཥྨ་ཎ་ཡི་གསུམ་པ་དང་། །མཐར་གནས་པ་ཡི་གཉིས་པ་ཉིད། །ལྔ་པ་ཡི་ནི་བཞི་པ་དང་། །སླར་ཡང་འོད་བྱེད་སྦྱིན་པར་བྱ། །ཡེ་ཤེས་ཉི་ཤུའི་འོག་ཏུ་ནི། །བཅུ་དྲུག་པ་ནི་གདན་དུ་བྱ། །འོག་ཏུ་མེ་ཡིས་གསལ་བྱས་པ། །ལྔ་པ་ཡི་ནི་ལྔ་པ་དང་། །མཐར་གནས་པ་ཡི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་དང་། དྲུག་པ་ཡི་ཡང་གསུམ་པ་དང་། །མཐར་གནས་པ་ཡི་བཞི་པ་དང་། །ཉི་ཤུ་ལྔ་པས་ཁྱད་པར་དབྱེ། །བཞི་པ་ཡི་ནི་ལྔ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ཉི་མའི་བུ་ཡིས་ཁྱད་པར་དབྱེ། །ཨུཥྨ་ཎི་ཡི་བཞི་པ་དང་། །འོག་ཏུ་བཅོ་ལྔ་པ་ཡི་གདན། །དང་པོ་ཡི་ཡང་གསུམ་པ་དང་། །དེ་ནས་མེ་ཡིས་གདན་དུ་བྱ། །བདུན་པ་ཡི་ནི་བཞི་པ་དང་། །འོག་ཏུ་བཅོ་ལྔ་པ་ཡི་གདན། །ཨུཥྨ་ཎ་ཡི་གསུམ་པ་ཉིད། །ལྔ་པ་ཡི་ནི་དང་པོ་ལ། །བཅུ་དྲུག་པ་ཡིས་གདན་དུའོ། །དེ་ནས་ཉི་ཤུ་གཅིག་པ་བླང་། །བཞི་པ་ཡི་ནི་དང་པོ་དང་། །མཐར་གནས་པ་ཡི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་པོ་དང་


JLD008_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། ཡི་གེ་དྲུག་ཅུ་ལྔ་བའོ། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་དྲུག་ཅུ་བརྒྱད་པར་ལྡན། །དངོས་གྲུབ་ཐམས་ཅད་འགུགས་བྱེད་ཅིང་། །སྒྲུབ་པོ་རྣམས་ལ་དཔལ་སྦྱིན་པའོ། །མ་མོ་ལས་ནི་བཞི་བ་ཉིད། །ཡི་གེ་བདུན་ཅུ་གཅིག་པར་ལྡན། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །མ་མོ་ལས་ནི་བཞི་པ་ཉིད། །ཡི་གེ་བདུན་ཅུ་གཉིས་པར་ལྡན། །སེམས་ཅན་ཐམས་ཅད་དབང་བྱིད་པ། །ཐིག་ལེ་ཡི་ནི་མཉམ་པར་མནན། །དབྱངས་ཀྱི་བཅུ་བཞི་བར་ངེས་ལྡན། །ཡི་གེ་བདུན་ཅུ་རྩ་གསུམ་པའོ། །མ་མོ་ལས་ནི་བཅུ་བཞི་པ། །ཡི་གེ་བདུན་ཅུ་གཉིས་པར་ལྡན། །དེ་བཞིན་ཐེག་ལེས་རྣམ་བརྒྱན་པའོ། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། །ཡི་གེ་བདུན་ཅུ་ལྔ་བར་ལྡན། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་བདུན་ཅུ་བརྒྱད་པར་ལྡན། །སྟེང་དུ་ཐིག་ལེས་མཚན་པའོ། །མ་མོ་ལས་ནི་བཞི་པ་དང་། །ཡི་གེ་བདུན་ཅུ་རྩ་དགུ་པ། །སྤྱི་བོར་ཐིག་ལེས་མནན་པའོ། །དབྱངས་རྣམས་ལས་ནི་དྲུག་པ་ཉིད། །རྟ་ཡི་རྒྱལ་པ་བསྐྱེད་པ་ལ། །ཐིག་ལེས་ནཱ་དས་རྣམ་བརྒྱན་པ། །དབྱངས་རྣམས་ལས་ནི་གསུམ་པ་ཉིད། །ཡི་གེ་བཅུ་དྲུག་ལྡན་པའོ། །ཡི་གེའི་གྲངས་ནི་བརྒྱ་ཡི་སྟེ། །དགུ་བཅུ་དང་ནི་རྩ་བརྒྱད་དོ། །


JLD008_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་རྣམས་ལས་ལྔ་པ་ཉིད། །དེ་བཞིན་ཡི་གེ་བརྒྱད་ཅུ་བརྒྱད། །མ་མོ་དག་ལས་ལྔ་པ་ཉིད། །ཡི་གེ་བརྒྱད་ཅུ་རྩ་དགུ་པ། །མ་མོ་རྣམས་ལས་ལྔ་པ་ཉིད། །དེ་བཞིན་ཡི་གེ་དགུ་བཅུ་པ། །མ་ཨོ་དག་ལས་ལྔ་པ་དང་། །ཡི་གེ་དགུ་བཅུ་རྩ་གཅིག་པ། །མ་མོ་རྣམས་ལས་གཉིས་པ་ཉིད། །ཡི་གེ་དགུ་བཅུ་རྩ་དྲུག་པ། །དབྱངས་དག་ལས་ནི་གཉིས་པ་དང་། །ཡི་གེ་དགུ་བཅུ་རྩ་དགུ་པ། །གདུག་པ་རྣམས་ནི་སྐྲག་བྱེད་ཅིང་། །ཡི་གེ་བརྒྱ་བ་ཡང་དག་ལྡན། །སྔགས་པ་རྣམས་ལ་བདེ་འབྱུང་བྱེད། །དབྱངས་རྣམས་ཀྱི་ནི་བཅུ་གསུམ་པ། །ཡི་གེ་གཉིས་པ་ཡང་དག་ལྡན། །དབྱངས་ལས་བཅུ་གསུམ་པ་ཉིད་དང་། །ཡི་གེ་ལྔ་པར་ཡང་དག་ལྡན། །གདུག་པ་རྣམས་ནི་ཟད་བྱེད་ཅིང་། །མཁའ་འགྲོ་རྣམས་ཀྱི་བདེ་འབབ་པའི། །དབྱངས་རྣམས་ལས་ནི་བཅུ་བཞི་ཉིད། །ཡི་གེ་བརྒྱད་པར་ཡང་དག་ལྡན། །བཅོ་ལྔ་པ་ཡི་གདན་དུ་བྱས། །དབྱངས་དག་ལ་ནི་བཅུ་བཞི་པ། །ཡི་གེ་དགུ་པར་ཡང་དག་ལྡན། །སྤྱི་བོ་ཐིག་ལེས་མཚན་མའོ། །སྒྲུབ་པོ་མཁའ་འགྲོ་མ་རྣམས་ནི། །ཁྱད་པར་དུ་ནི་དགའ་བྱེད་པའོ། །དབྱངས་རྣམས་ལས་ནི་བཅུ་གཅིག་པ། །བཅུ་གཉིས་པ་ཡི་ཡང་དག་ལྡན། །སྤྱི་བོར་ཐིག་ལེས་མཚན་པའོ། །འབྱུང་པོ་ཐམས་ཅད་སྐྲག་བྱེད་ཅིང་། །སྒྲུབ་པོ་རྣམས་ལ་ཕན་འབྱུང་པོ། །བཅུ་གཅིག་པར་ནི་ཡང་དག་ལྡན། །ཡི་གེ་བཅུ་གསུམ་པ་ཉིད་ལ། །ཐིག་ལེས་


JLD008_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བརྒྱན་པའོ། །འབྱུང་པོ་ཐམས་ཅད་སྐྲག་བྱེད་ཅིང་། །སྒྲུབ་པོ་རྣམས་ལ་ཕན་འབྱུང་པའོ། ༈ །དབྱངས་རྣམས་ལས་ནི་ལྔ་པ་ཉིད། །ཡི་གེ་སུམ་ཅུ་གཉིས་པར་ལྡན། །དབྱངས་རྣམས་ལས་ནི་གསུམ་པ་དང་། །ཡི་གེ་སུམ་ཅུ་གསུམ་པར་ལྡན། །དབྱངས་ཀྱི་གཉིས་པ་ཉིད་དང་ནི། །ཡི་གེ་སུམ་ཅུ་བཞི་པར་ལྡན། །དབྱངས་རྣམས་ལས་ནི་གཉིས་པ་ནིད། །ཡི་གེ་སུམ་ཅུ་དྲུག་པར་ལྡན། །ཐོག་མའི་གཉིས་པར་ཡང་དག་ལྡན། །ཡི་གེ་སུམ་ཅུ་རྩ་བདུན་པ། །དབྱངས་ལས་གསུམ་པར་ཡང་དག་ལྡན། །ཡི་གེ་བཞི་བཅུ་པ་ལའོ། །མ་མོ་བཅུ་གཅིག་ཡང་དག་ལྡན། །ཡི་གེ་བཞི་བཅུ་རྩ་གཅིག་པ། །དབྱངས་དག་ལས་ནི་གསུམ་པ་ཉིད། །ཡི་གེ་བཞི་བཅུ་གཉིས་པར་ལྡན། །དབྱངས་དག་ལས་ནི་གསུམ་པ་ཉིད། །ཡི་གེ་བཞི་བཅུ་བཞི་པར་ལྡན། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་བཞི་བཅུ་བརྒྱད་པར་ལྡན། །དབྱངས་དག་ལས་ནི་གཉིས་པ་ཉིད། །ཡི་གེ་བཞི་བཅུ་དགུ་པར་ལྡན། །མ་མོ་ལས་ནི་ལྔ་པ་ཉིད། །ཡི་གེ་ལྔ་བཅུ་གསུམ་པར་ལྡན། །ཡི་གེ་ལྔ་བཅུ་རྩ་བཞི་པ། །ཐིག་ལེས་ཀྱང་ནི་རྣམ་བརྒྱན་པའོ། །ཡི་གེ་ལྔ་བཅུ་རྩ་ལྔ་པ། །སྤྱི་བོར་ཐིག་ལེས་མཚན་པ་ལ། །དབྱངས་ཀྱིས་གཉིས་པར་སྦྱར་བའོ། །ཡི་གེ་ལྔ་བཅུ་རྩ་བདུན་པ། །སྤྱི་བོར་ཐིག་ལེས་མནན་པའི། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། །ཡི་གེ་ལྔ་བཅུ་རྩ་བརྒྱད་པ། །མ་མོ་ལས་ནི་གཉིས་པ་


JLD008_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཡི་ནི་བཞ་པ་དང་། །གསུམ་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པ་དང་། །ཨུཥྨ་ཎ་ཡིགསུམ་པ་ཉིད། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །འོད་བྱེད་མཉམ་པར་གནས་པའོ། །ལྔ་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་གསུམ་པ་ལ། །མེ་ཡིས་སྟེང་ནས་གསལ་བར་བྱ། །མཐར་གནས་པ་ཡི་དང་པོར་གསུངས། །དེ་ནས་ཡི་གེ་བཅུ་དྲུག་འོག །གསུམ་པ་ཡི་ནི་གསུམ་པ་དང་། །སྤྱི་བོར་མེ་ཡི་ཡི་གེས་མཚན། །དེ་བཞིན་ཉི་ཤུ་རྩ་དྲུག་ཉིད། །དང་པོ་ཡི་ནི་དང་པོ་དང་། །གཉིས་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་བཞི་པ་ལ། །བཅུ་གསུམ་པ་ཡིས་མནན་པའོ། །དང་པོའི་དང་པོ་དེ་བཞིན་དེ། །གཉིས་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་བཞི་པ་ཡི། །སྟེང་དུ་བཅུ་གསུམ་པ་ཉིད་དང་། །ཨུཥྨ་ཎ་ཡི་བཞི་པ་ལ། །ཉི་ཤུ་བདུན་པའི་གདན་དུ་བྱ། །ཡ་ཡིག་བརྒྱད་པའི་ས་བོན་ལ། །འོད་བྱེད་ཀྱིས་ནི་གསལ་བྱས་བ། །གཉིས་པ་ཡི་ནི་གསུམ་པ་ལ། །བཅོ་ལྔ་པ་ཡིས་གདན་དུ་བྱ། །གཉིས་པ་ཡི་ནི་གསུམ་པ་ལ། །གསུམ་པའི་ལྔ་བ་ལ་ནི་སྐྱོན། ༈ །ག་ཤའི་ས་བོན་བཏུས་ནས་ནི། །ཤི་ཤུ་ལྔ་པས་གདན་དུ་བྱ། །རིལ་བོ་མཛེས་པ་བཏུས་ནས་ནི། །ཡི་གེ་མ་ཡིས་གདན་དུ་བྱ། །ཨུཥྨཎ་ཡི་བཞི་པ་ཉིད། །བདུན་པ་ཡི་ནི་བཞི་པ་དང་། །ས་སོགས་བརྒྱད་པའི་ས་བོན་དང་། །དེ་བཞིན་སུམ་ཅུ་གསུམ་པར་


JLD008_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

དེས། །ལྔ་འི་བདག་ཉིད་ཡོངས་ལ་སྡུས་ལ། །ཡང་ནི་དེ་ལ་གཉིས་པར་དེས། །གཉིས་པ་ཡི་ནི་དང་པོ་དང་། །མཐར་གནས་པ་ཡི་གསུམ་པ་དང་། །དེ་བཞིན་སུམ་ཅུ་རྩ་གཉིས་པ། །དྲུག་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་བཞི་པ་དང་། །དྲུག་པའི་གསུམ་པ་དེ་བཞིན་དེ། །ལྔ་པ་ཡི་ནི་བཞི་པ་དང་། །དྲུག་པ་ཡི་ནི་གསུམ་པ་སྟེ། །གཉིས་གཉིས་རྐང་བ་བཞི་ཡིན་ནོ།


previousདཔལ་ཁྲག་འཐུང་གི་རྒྱལ་པོས་འཁོར་ལོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ།no next