Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  expand section
   
   
   
རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་ཆེན་གསལ་བ།
   
   


 
previousརྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་ཆེན་གསལ་བ།next

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་ཆེན་གསལ་བ།


JLD009_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་ཆེན་གསལ་བ་ཞེས་བྱ་བ་ཞུགས་སོ། །


JLD009_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་ཆེན་གསལ་བ་ཞེས་བྱ་བ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དམ་ཚིག་རྡོ་རྗེ་གསུམ་དང་ཡེ་ཤེས་ཀྱི། །རིགས་མཆོག་ལྔ་ཡི་འཁོར་ལོའི་དཀྱིལ་འཁོར་པ། །བདེ་ཆེན་ལྷན་སྐྱེས་གཅིག་པུར་སྡོམ་མཛད་པ། །ཧེ་རུ་ཀ་དཔལ་ཡབ་ཡུམ་ལ་ཕྱག་འཚལ། །ལམ་འདིར་བདེ་བ་མཆོག་གིས་བགྲོད་དགོས་ཕྱིར། །རབ་མཛེས་ཨིནྡྲ་ནཱི་ལའི་རི་བོ་ལ། །ཡིད་འཛིན་མཚམས་སྤྲིན་གཞོན་ནུས་འཁྱུད་པ་བཞིན། །གཉིས་མེད་སྦྱར་བའི་དགའ་བས་རྣལ་རོལ་བ། །དཔལ་ལྡན་བླ་མ་བདེ་མཆོག་ལ་བཏུད་ནས། །གྲུབ་པའི་དབང་ཕྱུག་ལཱུ་ཨི་པ་ཡི་ལུགས། །ལྭ་པའི་ན་བཟའ་


JLD009_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་བཀྲལ་བ་བཞིན། །མ་ནོར་མ་འདྲེས་གསལ་བར་བཤད་པར་བྱ། །འདིར་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་སྒོམ་པ་ལ་གཉིས། ལམ་སྒོམ་པའི་རིམ་པ་དངོས་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ། གང་གིས་སྒོམ་པའི་རྟེན། གང་དུ་སྒོམ་པའི་གནས། ཇི་ལྟར་དུ་སྒོམ་པའི་ཚུལ་ལོ། །དང་པོ་ནི། སྔགས་དང་ཕར་ཕྱིན་གྱི་ཐེག་པ་གཉིས་ཐུན་མོང་བའི་ལམ་གྱི་རིམ་པས་རྒྱུད་སྦྱངས་ཤིང༌། འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ལ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལ་བརྩོན་པའི་མཚན་ཉིད་དང་ལྡན་པས་བསྒོམ་པར་བྱའོ། །གཉིས་པ་ནི། རང་གི་ཁྱིམ་མམ་རི་སུལ་ལ་སོགས་པའི་གནས་


JLD009_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དུ་འོང་བ། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་ཀྱི་སྒྲུབ་ཁང་བདུད་རྩི་ལྔས་བྱུགས་ཤིང༌། མེ་ཏོག་གཅལ་དུ་བཀྲམ་པར་བཅོམ་ལྡན་འདས་ཀྱི་བྲིས་སྐུ་དཀྲམ་པ་དང༌། རྡོར་དྲིལ་ལ་སོགས་པ་ཚོགས་པའི་གནས་སུ་བསྒོམ་མོ། །གསུམ་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་སྔ་ཕྱིའི་བར་དང་ཐུན་གཞན་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། ཐུན་གྱི་འགོར་ཇི་ལྟར་བྱ་བ་དང༌། ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་དང༌། ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། སྔོན་དུ་བྱ་བའི་རིམ་པ་དང༌། རྣལ་འབྱོར་གྱི་ཡན་ལག་རྣམས་སྒྲུབ་ཚུལ་ལོ། །དང་པོ་ནི། སྐྲ་བཅིངས་པ་ཅན་ཡིན་ན་སྐྲ་གྲོལ་ཞིང་ཁ་ལྷོར་བལྟས་ཏེ། རོའི་གདན་དངོས་སམ། དེ་ལ་འདུག་པར་མོས་ནས། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་ཅིང་། ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་དང༌། མིག་སྣ་རྩེར་དབབ་ཅིང༌། སོ་ཅུང་ཟད་མ་འབྱར་བ་དང༌། ལུས་མི་གཡོ་བར་གནས་པར་བྱས་ལ། བདུད་རྩི་རིལ་བུ་ཁར་གཞུག་པའམ། དེ་མེད་ན་ནང་མཆོད་ལྕེ་ཐོག་ཏུ་བཞག་སྟེ་ཁ་དག་པར་བྱའོ། །དེ་ནས་འཇིག་རྟེན་པའི་གཏོར་མ་སྔོན་དུ་བྱས་ལ། སྒྲུབ་པའི་བར་ཆད་ཞི་བའི་འཕྲིན་ལས་བཅོལ། ཆུ་དང་ཉེར་སྤྱོད་སོགས་ཀྱི་མཆོད་རྫས་གཡོན་སྐོར་གྱི་བཀོད་པ་རྣམས། བསང་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང༌། བྱིན་གྱིས་བརླབས་ལ།སྐྱབས་འགྲོ་འདི་རྡོ་རྗེ་མཁའ་འགྲོ་དང༌། གདན་བཞི་གཉིས་ཀར་བྱུང་ཡང་གདན་བཞིའི་འགྱུར་བདེ་བ་ལྟར་ཡིན་ནོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་


JLD009_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང༌། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་བསྐྱེད་འདི་མངོན་བརྗོད་འགྱུར་སྙིང་ཁ་ཅིག་ལས་འབྱུང༌། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་དགོད་པར་བགྱི། ཞེས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དོ། །གཉིས་པ་ལ་བཞི། སྒོ་གསུམ་དག་པར་བྱས་ནས་ཚད་མེད་སྒོམ་པ་དང༌། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། འགལ་རྐྱེན་འགོག་པའི་སྲུང་འཁོར་བསྒོམ་པ་དང༌། མཐུན་རྐྱེན་བསྟེན་པའི་ཚོགས་བསག་པའོ། །དང་པོ་ནི། ངག་ཏུ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་ལ། དེའི་དོན་ཡིད་ལ་བྱ་སྟེ། ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ་རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང༌། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང༌། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང༌། ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་བཾ་གྱི་དོན་ནོ་སྙམ་དུ་བསམ་པ་ནི་ཡིད་དག་པར་བྱེད་པའོ། །སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་


JLD009_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེས་དང་ཐོད་པ་འཛིན་པས་འཁྱུད་པར་བསྐྱེད་ལ་སེམས་ཅན་ཐམས་ཅན་ལ་ཕན་བདེའི་སེམས་ཀྱིས། ཤྲཱི་ཧེ་རུ་ཀོ྅ཧཾ་ཞེས་ལན་གསུམ་བརྗོད་དེ། སྐུའི་ང་རྒྱལ་བཟུང་བ་ནི་ལུས་དག་པར་བྱེད་པའོ། །དེ་ནས་མགོ་བོར་ༀ་དང་མཐར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པའི་ཨཱ་ལི། ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀཱ་ལིའི་ཕྲེང་བ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་བརྗོད་པས། རང་གི་ལྟེ་བའི་ཕྱོགས་སུ་སྔགས་ཕྲེང་འོད་ཟེར་ལྔ་དང་བཅས་པ་གཡོན་སྐོར་གྱི་ལན་གསུམ་དུ་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོས་པ་སྣ་བུག་གཡས་ནས་འཐོན་ཏེ། ཕྱིར་འཕྲོས་པས་བགེགས་ཐམས་ཅད་བསྐྲད་དེ། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། ལྟེ་བའི་སྔགས་ཕྲེང་ལ་ཐིམ་པར་བསམ་པ་ནི་ངག་དག་པར་བྱེད་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དགེ་རྩ་ཐམས་ཅད་འཕེལ་བར་བྱེད་པས། དེ་ཚད་མེད་ཀྱི་སྒོ་ནས་སྒོམ་པར་བྱེད་པ་ལ་གཉིས་ལས། དབང་པོ་རྣོན་པོས་བྱམས་སོགས་བསྡུས་ཏེ་སྒོམ་པ་ནི། བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བཏོན་ཏེ། དེ་བཞིན་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་ལ་དགོད་པར་བྱའོ། ཞེས་པའམ། སོ་སོར་ཕྱེ་སྟེ་སྒོམ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དང༌། བདེ་བ་ཐམས་ཅད་དང་ལྡན་པ་དང༌། ཐོབ་ཟིན་པའི་བདེ་བ་བརྟན་པ་དང༌། དེ་


JLD009_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ལ་རོ་གཅིག་ཏུ་གནས་པར་གྱུར་ཅིག་སྙམ་དུ་བསྒོམ་མོ། །གཉིས་པ་ནི།ཕུང་ཁམས་སྐྱེ་མཆེད་དག་པར་བྱས་པས་ཀུན་ནས་བསླང་པའི་མཆོད་པ་ལ་སོགས་པ་ནི་མྱུར་དུ་བྱང་ཆུབ་འགྲུབ་པར་བྱེད་པས་འདི་རྣམས་བསྒོམ་པར་ལཱུ་ཨི་པའི་འགྲེལ་པ་རྣམས་ནས་བཤད། གཟུགས་ཕུང་གི་གཙོ་བོའི་གནས་དཔྲལ་བའི་དབུས་སུ། བྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་ཕྱག་གཡས་འཁོར་ལོ་འཕྱར་ཞིང༌། གཡོན་འགྱིང་བ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། ཚོར་ཕུང་གི་གནས་ལྟེ་བར་ཨཾ་སེར་པོ་ལས་རྡོ་རྗེ་ཉི་མ་སེར་པོ་གཡས་རིན་པོ་ཆེ། འདུ་ཤེས་ཀྱི་ཕུང་པོའི་གནས་མགྲིན་པར་ཧྲཱིཿ དམར་པོ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་གཡས་པདྨ་དམར་པོ། འདུ་བྱེད་ཀྱི་ཕུང་པོའི་གནས་རྐང་པ་གཉིས་ཀྱི་ལོང་བུའི་འོག་ཏུ་ཧོ་ལྗང་གུ་ལས་རྡོ་རྗེ་རྒྱལ་པོ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། དེ་གསུམ་འཕྱར་ནས་འཛིན་པ། གཡོན་གསུམ་འགྱིང་བ་དང་བཅས་པས་དྲིལ་བུ་ཐུགས་གར་འཛིན་པའོ། །པྲཛྙཱ་རཀྵི་ཏའི་འགྲེལ་པའི་འགྱུར་གཅིག་ལས། རིན་འབྱུང་སྣང་མཐར་དོན་འགྲུབ་གསུམ་གྱི་གཡས་གསུམ་གྱིས་ཕྱག་མཚན་དཀུར་འཛིན་ཅིང༌། གཡོན་གསུམ་ཐུགས་ཀར་ཕྱོགས་པ་དང༌། ཧེ་རུ་ཀའི་གཡོན་ཏིང་འཛིན་གྱི་ཕྱག་རྒྱ་ཅན་དུ་བཤད་པ་ནི། དེའི་འགྲེལ་པ་རྡོག་གིས་བསྒྱུར་བ་དང༌། སྒྲུབ་ཐབས་ཀྱི་འགྲེལ་པ་ལྭ་བ་པས་མཛད་པ་དང༌། ཁྱད་པར་གསལ་བྱེད་སོགས་དང༌། བཤད་རྒྱུད་གང་དང་ཡང་མི་མཐུན་པས་མི་ལེགས་པའོ། །རྣམ་ཤེས་ཀྱི་ཕུང་པོའི་གནས་སྙིང་ཁར་ཧཱུཾ་དཀར་པོ་ལས། རྡོ་རྗེ་སེམས་དཔའ་དཀར་པོ། གཡས་ཐུགས་ཀར་རྡོ་རྗེ། སྤྱི་གཙུག་ཏུ་ཧི་ནག་པོ་ལས་ཧེ་རུ་


JLD009_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནག་པོ་གཡས་ས་གནན་གྱི་ཕྱག་རྒྱས་རྡོ་རྗེ་འཛིན་ཞིང༌། གཡོན་གཉིས་འགྱིང་བ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པའོ། །དེ་དྲུག་ནི་ཕུང་པོ་ལྔ་དང༌། དེ་ལྔ་གའི་དེ་བཞིན་ཉིད་བྱིན་གྱིས་རློབ་པའོ། །ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ་རལ་པའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གིས་བཞུགས་པའོ། །མངོན་བརྗོད་ལས། དཀྱིལ་འཁོར་དྲུག་གི་དབུས་སུ། འདི་དྲུག་རེ་རེས་གཙོ་བོ་བྱེད་པའི་སྐབས་སུ་པདྨ་དང༌། ཟླ་ཉིའི་དབུས་སུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དང༌། ཕྱག་རྒྱ་དྲུག་གིས་བརྒྱན་པར་བཤད་ཀྱང་འདིར་ནི་འགྲེལ་པ་གསུམ་ནས་འབྱུང་བ་བཞིན་བཀོད་དོ། །མིག་གཉིས་སུ་ༀ་དཀར་པོ་ཡོངས་སུ་གྱུར་པ་ལས་གཏི་མུག་རྡོ་རྗེ་དཀར་པོ་གཡས་ཀྱིས་འཁོར་ལོ་འཕྱར་བ། རྣ་བ་གཉིས་སུ་ཧཱུཾ་ནག་པོ་ལས་ཞེ་སྡང་རྡོ་རྗེ་ནག་པོ། གཡས་ཀྱིས་ཐུགས་ཀར་རྡོ་རྗེ་དང༌། གཡོན་གཉིས་ཀྱིས་འགྱིང་བ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པའོ། །སྣ་བུག་གཉིས་སུ་ཏྲཱཾ་སེར་པོ་ལས་སེར་སྣ་རྡོ་རྗེ་སེར་པོ་གཡས་རིན་པོ་ཆེ། ཁ་སྟེ་ལྕེའི་རྩ་བར་ཨཾ་དམར་པོ་ལས་འདོད་ཆགས་རྡོ་རྗེ་དམར་པོ་གཡས་པདྨ་དམར་པོ། རེག་བྱེད་ལུས་ཀྱི་དཔྲལ་བར་ཁཾ་ལྗང་གུ་ལས་ཕྲག་དོག་རྡོ་རྗེ་ལྗང་གུ །གཡས་སྣ་ཚོགས་རྡོ་རྗེ། དེ་གསུམ་རོལ་པ་དང་བཅས་པས་འཕྱར་ནས་འཛིན་པ། གཡོན་གསུམ་རོལ་པ་དང་བཅས་པས་དྲིལ་བུ་ཐུགས་ཀར་འཛིན་པའོ། །སྐྱེ་མཆེད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཡིད་ཀྱི་སྐྱེ་མཆེད་ཀྱི་གནས་སྙིང་ཁར་ཧཾ་དཀར་པོ་ལས། དབང་ཕྱུག་རྡོ་རྗེ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་


JLD009_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་བ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པའོ། །ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ། རལ་པའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གིས་བཞུགས་པའོ། །ཕུང་པོ་དང་སྐྱེ་མཆེད་ཀྱི་ལྷ་ཁ་ཅིག་ལ་རེ་རེ་ལ་གནས་ཀྱི་སྒོ་ནས་གཉིས་གཉིས་བྱུང་ཡང་ངོ་བོའི་སྒོ་ནས་གཅིག་ཏུ་བགྲང་བས་མངས་པའི་སྐྱོན་མེད་དོ། །དེ་དྲུག་ནི་སྐྱེ་མཆེད་དྲུག་བྱིན་གྱིས་རློབ་པའོ། །ལྟེ་བ་ས་ལ་ལཾ་སེར་པོ་ལས་ལྟུང་བྱེད་མ་སེར་མོ། སྙིང་ཁ་ཆུ་ལ་མཾ་ནག་པོ་ལས་གསོད་བྱེད་མ་ནག་མོ། མགྲིན་པ་མེ་ལ་བཾ་དམར་པོ་ལས་འགུགས་བྱེད་མ་དམར་མོ། དཔྲལ་བ་རླུང་ལ་ཏཾ་ལྗང་གུ་ལས་གར་གྱི་དབང་ཕྱུག་མ་ལྗང་གུ །དེ་བཞི་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་བཞི་ན་གྲི་གུག་རེ་དང༌། གཉིས་པ་བཞི་ན་རིམ་པ་བཞིན་དུ་འཁོར་ལོ་རྡོ་རྗེ་པདྨ་རལ་གྲི། གཡོན་གྱི་དང་པོ་བཞི་ན་ཐོད་པ་རེ་དང༌། གཉིས་པ་བཞི་ན་ཁ་ཊྭཱཾ་ག་རེ་འཛིན་པ། སྤྱན་གསུམ་པ་སྐྲ་གྲོལ་བ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གིས་བཞུགས་པའོ། །གསང་གནས་ནམ་མཁའི་ཁམས་ལ་ཁཾ་དུད་ཀ་ལས་པདྨའི་དྲ་བ་ཅན་དུད་ཀ ། རྩ་ཞལ་དུད་ཀ །གཡས་དཀར་གཡོན་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྱིས་གྲི་གུག །ཚངས་མགོ །ལྕགས་ཀྱུ། གཡོན་གསུམ་གྱིས་ཐོད་པ། ཁ་ཊྭཱཾ་ག །ཞགས་པ་འཛིན་པའོ། །ཁྱད་པར་ལྷག་མ་སྔ་མ་རྣམས་དང་འདྲ་བ་སྟེ། འདི་ལྔ་ཁམས་ལྔ་བྱིན་གྱིས་རློབ་པའོ། །ཀུན་སྤྱོད་ལས་ལྷ་འདི་རྣམས་ལ་ང་རྒྱལ་བྱ་བར་


JLD009_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ལྷ་འདི་རྣམས་སྒོམ་པ་ན་སྒྲུབ་པ་པོས་ལྷ་དེ་དང་དེའི་ང་རྒྱལ་རེ་བྱ་དགོས་ཀྱི། ལུས་ཀྱི་གནས་རྣམས་སུ་བཀོད་པ་ཙམ་གྱིས་མི་ཆོག་གོ །དེ་ལྟར་ལྷ་བཅུ་བདུན་པོ་བསྐྱེད་པའི་མཐར། ༀ་པྲ་ཀྲྀ་ཏ་པ་རི་ཤུདྡྷཿ སརྦ་དྷ་རྨྨཱཿ པྲ་ཀྲྀ་ཏ་པ་རི་ཤུདྡྷོ྅ཧཾ། ཞེས་བརྗོད་ལ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་དག་པ་ནི་ངའོ་སྙམ་དུ་ང་རྒྱལ་བརྟན་པར་བཟུང་ངོ༌། །གསུམ་པ་ལ་གཉིས། ར་བ་སོགས་ཀྱིས་བསྲུང་བ་དང༌། བགེགས་ལ་ཕུར་བུས་གདབ་པ་སོགས་སོ། །དང་པོ་ནི། རང་ལྷ་བཅུ་བདུན་ལུས་ལ་གནས་པའི་ཧེ་རུ་ཀའི་ང་རྒྱལ་གྱིས། ལག་པ་གཡོན་པའི་མཐེབ་མཛུབ་ཀྱིས་ཕྱོགས་རེར་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས། ཤར་དུ། ༀ་སུཾ་བྷ་ནི་སུམ་བྷ་ཧུཾ་ཧཱུཾ་ཕཊ། ཅེས་བརྗོད་པས་དེར་སྔགས་དེ་ནག་པོ་དང༌། བྱང་དུ་ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུྃ་ཕཊ། ཅེས་པས་དེར་སྔགས་དེ་ལྗང་གུ་དང༌། ནུབ་ཏུ་ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུྃ་ཕཊ། ཅེས་པས་དེར་སྔགས་དེ་དམར་པོ་དང༌། ལྷོར་ༀ་ཨཱ་ན་ཡ་ཧོ་བྷ་ག་ཝན་བཛྲ་ཧུཾ་ཧཱུཾ་ཕཊ། ཅེས་པས་དེར་སྔགས་དེ་ཁ་དོག་སེར་པོ་རྣམས་དགོད། དེ་ནས་སྔགས་དེ་བཞི་ལས་རང་རང་གི་ཁ་དོག་ཅན་གྱི་འོད་ཟེར་འཕྲོས་པས། སྟེང་ཚངས་པའི་འཇིག་རྟེན་ནས་འོག་གསེར་གྱི་ས་གཞི་ལ་ཐུག་པར་ཁྱད་པའི་འོད་ཟེར་འབར་བའི་གཟུགས་ཆེན་པོ་རྣམས་ཕྱོགས་བཞིར་དགོད་དོ། །དེ་ནས་སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཕྱོགས་ཀྱི་ཁ་དོག་ཅན་གྱི་སྣ་ཚོགས་རྡོ་རྗེའི་ར་བ་གྲུ་བཞི་པ། རྒྱར་དྲི་ཙམ་འདོད་པ་དང༌། མཐོ་ཁྱད་ཚངས་པའི་འཇིག་རྟེན་ནས་གསེར་གྱི་


JLD009_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་ལ་ཐུག་པའི་བར་དུ་ཁྱད་པར་བསྒོམ་མོ། །ར་བ་གྲུབ་པ་དང་དུས་མཉམ་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པའི་ས་བོན་གྱིས་འོད་ཟེར་ལས། གསེར་གྱི་ས་གཞི་ལ་ཐུག་པའི་འོག་གི་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམ་མོ། །སྣ་ཚོགས་རྡོ་རྗེའི་ས་བོན་གྱི་འོད་ཟེར་ལས་ཕྱི་རོལ་ཏུ་སྟེང་དང་ལོགས་ཀུན་ཏུ་ཁྱད་པར་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མདའི་དྲ་བ་དང༌། དེའི་འོག་ཏུ་རྡོ་རྗེའི་གུར་དང༌། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་བྲེ་རྣམས་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པ་དང༌། དེའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་འཇིག་དུས་ཀྱི་མེ་ལྟ་བུས་བསྐོར་པར་བསམས་ལ། ༀ་མེ་དི་ནི་བཛྲ་བྷ་བ་བཛྲ་བནྡྷ་ཧཱུཾ། ༀ་བཛྲ་པྲ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ༀ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ༀབཛྲ་ས་ར་ཛཱ་ལ་ཏྲཱཾ་ཤཾ་ཏྲཱཾ། ༀ་བཛྲ་ཛྭཱ་ལ་ཨ་ན་ལཱ་རྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པས་འོག་གཞི་ནས་མེ་དཔུང་གི་བར་རྣམས་རིམ་པ་བཞིན་དུ་བྱིན་གྱིས་བརླབ་བོ། །གཉིས་པ་ལ་གཉིས། ཁྲོ་མོ་བསྐྱེད་ནས་བགེགས་དགུག་པ་དང༌། བཀུག་པའི་བགེགས་ལ་ཕུར་བུས་གདབ་པ་སོགས་སོ། །དང་པོ་ནི། གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་གཏོག་ཅིང༌། སྔར་བཞིན་སྔགས་དང་པོ་བརྗོད་དེ་ཤར་དང་སྟེང་དུ་བཀོད་པ་ཡོངས་སུ་གྱུར་པ་ལས། ཤར་དང་སྟེང་དུ་ཁྭ་གདོང་མ་ནག་མོ་གཉིས་བསྐྱེད། དེ་བཞིན་དུ་སྦྱར་ཏེ་སྔགས་གཉིས་པ་ལས་བྱང་དུ་འུག་གདོང་མ་ལྗང་གུ །སྔགས་གསུམ་པ་ལས་ནུབ་དང་འོག་ཏུ་ཁྱི་གདོང་མ་དམར་མོ་གཉིས་དང༌། སྔགས་བཞི་པ་ལས་ལྷོར་ཕག་གདོང་མ་སེར་མོ་


JLD009_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། དེ་ནས་སེ་གོལ་སྔར་བཞིན་གཏོག་ཅིང༌། སྔགས་དང་པོ་ནག་པོ་དང༌། བཞི་པ་སེར་པོ་གཉིས་ཤར་ལྷོར་བཀོད་པའི་སྔགས་འོད་ཟེར་དང་བཅས་པ་གཉིས་འདྲེས་དེ་ཡོངས་སུ་གྱུར་བ་ལས། གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ་དང༌། དེ་བཞིན་དུ་སྔགས་བཞི་པ་དང་གསུམ་པ་དམར་པོ་ལྷོ་ནུབ་ཏུ་དཀོད་པ་ལས། གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ་དང༌། སྔགས་གསུམ་པ་དང་གཉིས་པ་ལྗང་གུ་གཉིས་ནུབ་བྱང་དུ་བཀོད་པ་ལས། གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ་དང༌། དེ་ནས་སྔགས་གཉིས་པ་དང་དང་པོ་གཉིས་བྱང་ཤར་དུ་བཀོད་པ་ལས། གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་བསྐྱེད་དེ། ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་གཉིས་པ། ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན། གཡས་ཀྱིས་རྡོ་རྗེ་ཐོ་བ་དང༌། གཡོན་གྱིས་རང་འདྲའི་ཕུར་བུ་བསྣམས་པའོ། །དེ་ནས་དེ་རྣམས་ཀྱིས་རང་འདྲ་དུ་མ་ཕྱོགས་བཅུར་སྤྲོས་ནས། ཕྱོགས་བཅུའི་བགེགས་བཀུག་སྟེ། རྡོ་རྗེ་ར་བའི་ཕྱི་རོལ་དང་ཉེ་བར་ཧཱུཾ་རིང་པོ་བརྗོད་པ་དང༌། ཧཱུཾ་རིང་པོ་ནག་པོ་ལས་གྲུབ་པའི་ཁྲོན་པ་བཅུར། སོ་སོའི་བགེགས་རྣམས་བཅུག་པར་བསམ་མོ། །གཉིས་པ་ནི། དེ་ནས་ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གྱིས། ཁྲོ་མོ་རྣམས་ལ་ཕུར་བུ་ཚུགས་ཤིག་པར་བཀའ་བསྒོ་བའི་ཚུལ་གྱིས། ཤར་ནས་ཕྱོགས་གཡོན་སྐོར་དང༌། མེ་ནས་མཚམས་གཡས་སྐོར་དང༌། སྟེང་འོག་ཏུ་དམིགས་ཏེ། ༀ་གྷ་གྷ། གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཱན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ། སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལཱ་ཡ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་


JLD009_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཏི། སརྦ་དུཥྚཱན་བིགྷྣཱནཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཅེས་རེ་རེ་ནས་བརྗོད་ལ། བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུ་གཟུག །དེ་ནས་ༀ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཡ་ཨ་ཀོ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྡུང་པའི་སྔགས་ཀྱང་རིམ་པ་སྔར་བཞིན་དུ་རེ་རེ་ནས་བརྗོད་པས། ཁྲོ་མོ་རྣམས་ཀྱིས་ཕྱག་གཡས་ཀྱི་ཐོ་བས་བརྡུངས་པས། སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་སོན་པར་ཕུར་བུས་བཏབ་པས། བགེགས་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཁྭ་གདོང་མ་ལ་སོགས་པས་བགེགས་ལྷག་མ་རྣམས་རྒྱང་རིང་དུ་བསྐྲད་ནས། རྡོ་རྗེའི་ར་བ་གྲུ་བཞི་པ་ལ་ཐིམ་པས། ཆུ་ལ་ཆུ་བརྡབས་པས་གཟེགས་མ་ཕྱིར་འཐོར་བ་བཞིན་དུ། འོད་ཟེར་ཕྱིར་འཕྲོས་པ་ལས་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་ཟླུམ་པོ་གསུམ་པར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པར་བསྒོམས་ལ། མཚམས་བཅིང༌། དེའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་གཡོན་སྐོར་དུ་འཁྱིལ་ཞིང་འབར་བས། སྟེང་དང་ལོགས་ཀུན་ཏུ་ཁྱད་པར་བསམས་ལ། འགྲོ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་བགེགས་དང་བྲལ་བར་མོས་པ་བརྟན་པོ་བྱའོ། །བཞི་པ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ལ་གཉིས། ཚོགས་ཀྱི་ཞིང་སྒྲུབ་པ་དང༌། ཞིང་དེ་ལ་ཚོགས་བསག་པའོ། །དང་པོ་ནི། སྲུང་འཁོར་གྱི་དབུས་ན་རང་ཧེ་རུ་ཀར་གནས་པའི་ཐུགས་ཀར་པཾ་སེར་པོ་ལས། སྣ་ཚོགས་པདྨར་ཨཾ་ལས་བྱུང་བའི་


JLD009_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་རྡོ་རྗེ་འཛིན་པའི་རང་བཞིན་དབུས་སྔོ་ལ་མཐའ་སྐྱ་བ།ཡེ་ཤེས་ལྔར་འཇོག་ཚུལ་ནི་ཨ་བྷྱཱ་ཀ་རས། ཨཱུ་དོན་གྲུབ་དང༌། ཧའི་ལུས་སྣང་མཐའ་དང༌། དེའི་མགོ་བོ་རིན་འབྱུང་དང༌། ཟླ་ཆོས་རྣམ་སྣང་དང༌། ཐིག་ལེ་ནཱ་ད་དང་བཅས་པ་མི་བསྐྱོད་པར་བཤད་པས་ཧཱུཾ་གི་ཆ་ལྔ་རིམ་པ་བཞིན་དུ་བྱ་སྒྲུབ་སོར་རྟོག་མཉམ་ཉིད་མེ་ལོང་ལྟ་བུ་ཆོས་དབྱིངས་ཡེ་ཤེས་སུ་བྱའོ། །ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་འོད་ཟེར་གྱིས་རང་གི་སྤྱི་བོ་ནས་རྐང་པའི་བར་གང་སྟེ། ཐོག་མ་མེད་པ་ནས་ཀྱི་སྒོ་གསུམ་གྱི་དྲི་མ་རྣམས་སྦྱངས་པས། ལུས་ཤེལ་གོང་བཞིན་དུ་དག་པར་གྱུར་ཏེ་བ་སྤུའི་སྒོ་ནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས། འོག་མིན་ནས་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དང༌། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ལྷ་དང་ལྷ་མོ་དང་ཁྲོ་བོས་ནམ་མཁའི་ཁམས་ཏིལ་གྱི་གང་བུ་ལྟར་གང་བ་མདུན་དུ་སྤྱན་དྲངས་ཏེ། འོད་ཟེར་རང་གི་སྙིང་ཁའི་ས་བོན་ལ་འདུས་པར་བསམ་མོ། །གཉིས་པ་ནི། དེ་ནས་ཐལ་མོ་སྦྱར་ཏེ།ཀུན་སྤྱོད་འགའ་ཞིག་ལས་འབྱུང༌། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་འཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། ཅེས་པས་བླ་མ་དང༌། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །སྡོམ་འབྱུང་ལས་གསུངས། རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྣམ་རྟོག་ཅེས་ཀྱང་ཟེར། རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །གནས་དང་ཉེ་བའི་གནས་དང་ཞིང༌། །འདུས་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཀུན་


JLD009_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་ནི་གུས་ཕྱག་འཚལ། ཞེས་པས་ལྷའི་ཚོགས་ལ་ཕྱག་བྱ། དེ་ནས་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་ཆུའི་སྔགས་སྦྱོར་ལུགས་འདི་ལྭ་བ་པའི་འགྲེལ་པ་ནས་བཤད་དོ། །པས་མཆོད་ཡོན་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་བཅུག་ལ་ཞབས་བསིལ་གྱིས་མཆོད། རང་གི་ཐུགས་ཀའི་ས་བོན་ལས་སྤྲུལ་པའི་མེ་ཏོག་མ་དཀར་མོ། བདུག་པ་མ་དུ་བའི་མདོག །མར་མེ་མ་དམར་སེར། བྱུག་པ་མ་ལྗང་གུ །ཞལ་ཟས་མ་སྣ་ཚོགས་མདོག་ཅན་དུ་མས་མཆོད་པར་བསམས་ལ། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ་སྭཱཧཱ་དང༌། པུཥྤེའི་གནས་སུ་དྷཱུ་པེ་དང༌། དཱེ་པེ་དང་། གནྡྷེ་དང༌། ནཻ་ཝི་དྱེ་བཅུག་ལ་མཆོད།ལྷ་མོ་དེ་ལྔའི་མདོག་དང་ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོར་དྲིལ་དང༌། ལྷག་མ་གཉིས་ཀྱིས་རིན་པོ་ཆེའི་སྣོད་རང་རང་གི་མཆོད་སྤྲིན་གྱིས་གང་བ་འཛིན་པ་དང༌། མཆོད་སྔགས་ནི་ཇོ་བོའི་འགྲེལ་པར་བཤད། བོད་ཀྱི་བླ་མ་ཁ་ཅིག །ༀ་སརྦ་ཏ་ཐྭ་ག་ཏ་ཤྲཱི་ཙཀྲ་སཾ་བར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གཱི་མཱི་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཨཱཿ ཧཱུཾ་གིས་མཆོད་ཡོན་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ་དང་བཛྲ་པུཥྤེ་སོགས་བཅུག་ནས་ཞབས་བསིལ་དང༌། མེ་ཏོག་སོགས་ཀྱིས་ནི་མཆོད་པར་བྱེད་པ་ལ་ཁུངས་གསལ་བར་མི་སྣང་ཡང་མི་རུང་བའང་མེད་དོ། །དེ་ནས་རང་གི་སྙིང་ཁའི་ས་བོན་ལས་རིག་མ་བཅུ་དྲུག་སྤྲུལ་ཏེ། ༀ་བཛྲ་བཱི་ཎེ་ཧུཾ་ཧཱུཾ་ཕཊ་ཀྱིས་པི་ཝཾ་མ་སྔོན་མོ། །ༀ་བཛྲ་བཾ་ཤེ་ཧུཾ་ཧཱུཾ་ཕཊ་ཀྱིས་གླིང་བུ་མ་སེར་མོ། ༀ་བཛྲ་མྲྀ་ཏཾ་གེ་ཧུཾ་ཧཱུྃ་ཕཊ་ཀྱིས་རྡ་ཟླུམ་མ་དམར་མོ། ༀ་བཛྲ་མུ་ར་ཛེ་ཧུཾ་ཧཱུཾ་ཕཊ་ཀྱིས་རྫ་རྔ་མ་ལྗང་གུ །དེ་བཞི་ནི་ཕྱག་བཞི་མ་དང་པོ་གཉིས་ཀྱིས་རང་རང་གི་རོལ་མོ་སྒྲོག་ཅིང་གཞན་གཉིས་ཀྱིས་རྡོར་དྲིལ་འཛིན་པའོ། །ༀ་བཛྲ་ཧཱ་སྱ་ཧུཾ་ཧཱུཾ་ཕཊ་ཀྱིས་བཞད་མ་


JLD009_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ། ༀ་བཛྲ་ལཱ་སྱ་ཧུཾ་ཧཱུཾ་ཕཊ་ཀྱིས་སྒེག་མོ་སྔོན་མོ། ༀ་བཛྲ་གཱི་ཏི་ཧུཾ་ཧཱུཾ་ཕཊ་ཀྱིས་གླུ་མ་སེར་མོ། ༀབཛྲ་ནྲྀ་ཏྱ་ཧུཾ་ཧཱུྃ་ཕཊ་གྱིས་གར་མ་ལྗང་གུ། །བཞི་ནི་ཕྱག་བཞི་མ་དང་པོའི་ཕྱག་དང་པོ་གཉིས་ཀྱིས་བཞད་པའི་སྟངས་དང༌། གཉིས་པའི་དང་པོ་གཉིས་ཀྱིས་བསྙེམས་པའི་ཚུལ་གྱིས་རྡོར་དྲིལ་བཟུང་ནས་དཀུར་བརྟེན་པ་དང༌། གསུམ་པའི་དང་པོ་གཉིས་ཀྱིས་ཏིང་ཤག་བརྡུང་བ་དང༌། བཞི་པའི་དང་པོ་གཉིས་ཀྱིས་པད་ཀོར་མཛད་ཅིང༌། བཞི་གའི་ཕྱག་འོག་མ་གཉིས་ཀྱིས་གཡས་ཐོད་པ་དང༌། གཡོན་ཁ་ཊྭཱཾ་ག་འཛིན་པའོ། །ༀ་བཛྲ་པུཥྤེ་ཧུཾ་ཧཱུཾ་ཕཊ་ཀྱིས་མེ་ཏོག་མ་དཀར་མོ། ༀ་བཛྲ་དྷཱུ་བེ་ཧུཾ་ཧཱུཾ་ཕཊ་ཀྱིས་བདུག་སྤོས་མ་དུད་ཀ ། ༀ་བཛྲ་དཱི་པེ་ཧུཾ་ཧཱུཾ་ཕཊ་ཀྱིས་མར་མེ་མ་དམར་སེར། ༀ་བཛྲ་གནྡྷེ་ཧུཾ་ཧཱུཾ་ཕཊ་ཀྱིས་དྲི་ཆབ་མ་དམར་མོ།བཞི་ནི་ཕྱག་བཞིའི་གཡས་ཀྱི་དང་པོ་བཞི་ན་རིམ་པ་བཞིན་དུ་མེ་ཏོག་གི་སྣོད་དང༌། བདུག་སྤོང་ཀྱི་སྣོད་དང༌། མར་མེའི་མཆོད་སྡོང་དང༌། དྲིའི་དུང་ཆོས་དང༌། གཡས་ལྷག་མ་བཞིས་ཌཱ་མ་རུ་དང༌། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །ༀ་རཱུ་པ་བཛྲཱི་ཧུཾ་ཧཱུཾ་ཕཊ་ཀྱིས་གཟུགས་མ་དཀར་མོ། ༀ་ར་ས་བཛྲཱི་ཧུཾ་ཧཱུཾ་ཕཊ་ཀྱིས་རོ་མ་དམར་མོ། ༀ་སྤརྴེ་བཛྲཱི་ཧུཾ་ཧཱུཾ་ཕཊ་ཀྱིས་རེག་བྱ་མ་ལྗང་སེར། ༀ་དྷ་རྨ་དྷཱ་ཏུ་བཛྲཱི་ཧུཾ་ཧཱུཾ་ཕཊ་ཀྱིས་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ། བཞི་ནི་ཕྱག་བཞིའི་གཡས་ཀྱི་དང་པོ་བཞི་ན་རིམ་པ་བཞིན་མེ་ལོང་དང༌། སྦྲང་ཆང་གི་སྣོད་དང༌། གོས་སྣ་ཚོགས་པ་དང༌། ཆོས་འབྱུང་འཛིན་ཞིང༌། ལྷག་མ་གསུམ་ནི་སྔ་མ་དང་འདྲ་བ་སྟེ། དེ་དག་ནི་འགྲེལ་པ་གསུམ་ནས་བཤད་དོ། །དེ་རྣམས་ཐམས་ཅད་ཞལ་གཅིག་པ་སྤྱན་གསུམ་པ་གཅེར་མོ་སྐྲ་གྲོལ་བ་རུས་པའི་རྒྱན་ཅན་ཞབས་གཉིས་གར་སྟབས་ཅན་ནོ། །རྣམས་ཀྱི་མཆོད་ལ། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ་མཆོད་པའོ། །དེ་ནས།


JLD009_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །གུར་ལས་གསུངས། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོངས་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་བར་ཤོག །བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །ཁྱད་པར་གསལ་བྱེད་ནས་བཤད། བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གིས་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། ཞེས་སྡིག་བཤགས་ཡི་རང་སྐྱབས་འགྲོ། ལམ་ལ་བརྟེན་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ལུས་དབུལ་བ་རྣམས་བྱའོ། །དེ་ནས་ཚོགས་ཞིང་རྣམས་ཀྱིས་བྱིན་གྱིས་རློབ་པར་བསམས་ལ། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནི་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཾ། བཛྲ་ཧེ་རུ་ཀ ། མཱ་མེ་མུཉྫ། ཧེ་རུ་ཀ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿ ཧཱུཾ་ཕཊ། ཅེས་བཟླས་ལ་ཚོགས་ཞིང་རྣམས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་མོ། །གཉིས་པ་ནི། དེ་ནས་མཆོད་ཡུལ་དང༌།


JLD009_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་མཁན་དང༌། མཆོད་རྫས་རྣམས་རྣམ་པར་རིག་པའི་སེམས་ཀྱིས་བཏགས་པ་ཙམ་དུ་ཟད་དོ་སྙམ་དུ་བསམས་ནས། རང་གི་སྤྱི་བོར་ཧེ་དཀར་པོ། མགྲིན་པར་རུ་དམར་པོ། སྙིང་ཁར་ཀ་མཐིང་ག་བཀོད། དེ་གསུམ་གྱི་དོན་རང་བཞིན་གྱིས་གྲུབ་པའི་རྒྱུ་དང༌། བརྗོད་པ་དང་བྲལ་བ་དང༌། གང་དུའང་མི་གནས་པ་ཉིད་དོ་སྙམ་དུ་ཡིད་ལ་བྱས་ལ། སེམས་ཅན་རྣམས་ཀྱིས་ཆོས་རྣམས་ཀྱི་ཡིན་ཚུལ་འདི་ལྟ་བུ་མ་ཤེས་པས་འཁོར་བར་འཁྱམས་པས་ན། བདག་གིས་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱས་ལ། གཟུང་འཛིན་བདེན་པས་སྟོང་པའི་སེམས་ཅན་གྱི་ཡིན་ཚུལ་འདི་རྟོགས་པར་བྱས་ཏེ། འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱའོ་སྙམ་དུ་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་ལ། ༀ་སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷ་རྨྨཱཿ སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ་ཁམས་གསུམ་པོ་རང་བཞིན་གྱིས་གྲུབ་པས་སྟོང་པར་བལྟའོ། །དེ་ནས་ཡི་གེ་གསུམ་པོ་ཡོངས་སུ་གྱུར་པ་ལས། སྨོན་ལམ་གྱི་དབང་གིས་རང་གི་སེམས་དེ་སྟེང་ནས་སྟེང་དུ་བརྩེགས་པའི་ༀ་དཀར་པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོར་གྱུར་པར་བསམ་མོ། །དེ་ནས་དེ་གསུམ་ལས་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་སྤྲོས་ཏེ། ས་འོག་དང༌། མི་ཡུལ་དང༌། མཐོ་རིས་རྣམས་འཁོར་ལོ་གསུམ་གྱི་ངོ་བོར་བསམ། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བ་གསུམ་ཡི་གེ་གསུམ་ལ་རིམ་པ་བཞིན་དུ་ཐིམ་ཞིང་། ༀ་ཡང་ཨཱཿ ལ་དང༌། ཨཱཿ ཡང་ཧཱུཾ་ལ་རིམ་པ་བཞིན་ཐིམ་པས། ཧཱུཾ་གི་ཞབས་ཀྱུ་ཨཱུ་ནི་ཧ་ལ་དང༌། ཧའི་ལུས་ནི་དེའི་མགོ་བོ་ལ་དང༌། དེའང་ཟླ་


JLD009_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ལ་དང༌། ཟླ་ཚེས་ཀྱང་ཐིག་ལེ་ལ་དང༌། དེའང་ནཱ་ད་ལ་ཐིམ་ཞིང༌། ནཱ་དའང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་དུ་གནས་པར་བསམས་ནས། སེམས་ཅན་རྣམས་ཀྱིས་ཆོས་ཉིད་མ་རྟོགས་པས་འཁོར་བར་འཁྱམས་པས། བདག་གིས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱས་ལ། རང་བཞིན་གྱིས་གྲུབ་པས་སྟོང་པའི་སེམས་ཅན་རྣམས་ཀྱིས་ཀྱང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱའོ་སྙམ་དུ་དམིགས་པ་མེད་པའི་སྙིང་རྗེ་བསྒོམས་ལ།ༀ་ཤཱུ་ནྱ་ཏཱ་ཛྙཱན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་ནཱ་ད་ཙམ་གྱི་རྣམ་རྟོག་ཀྱང་དོར་བར་བྱས་ཏེ་སྣང་བ་མེད་པ་ལ་བཞག་གོ །དེ་ལྟར་གནས་གསུམ་དུ་ཧེ་རུ་ཀ་བཀོད་པ་ཡོངས་སུ་གྱུར་པའི་ཡི་གེ་གསུམ་ལ། སྣོད་བཅུད་གཞན་ཐམས་ཅད་སྡུད་པའི་རིམ་པ་འདི་ནི་འཆི་བའི་ཚེ་སྣོད་བཅུད་གཞན་དུ་སྣང་བའི་རང་གི་ཤེས་པ་རྣམས་རིམ་གྱིས་བསྡུས་ནས། དཀར་དམར་ནག་པའི་རྣམ་པ་ཅན་སྣང་མཆེད་ཐོབ་གསུམ་དུ་སོང་བའི་སྐབས་དང་འདྲའོ། །དེ་ནས་དཀར་པོ་དམར་པོ་ལ་བསྡུས་པ་ནི་སྣང་བ་སྣང་བ་མཆེད་པ་ལ་ཐིམ་པ་དང་འདྲའོ། །དམར་པོ་ནག་པོ་ལ་བསྡུས་པ་ནི། མཆེད་པ་ཉེར་ཐོབ་ལ་ཐིམ་པ་དང་འདྲའོ། །དེ་ནས་ཧཱུཾ་ནག་པོ་ཞབས་ཀྱུ་ནས་ནཱ་དའི་བར་དང་། ནཱ་དའང་མི་དམིགས་པར་སོང་བ་ནི། ཐོབ་པ་འོད་གསལ་དུ་ཐིམ་པ་དང་འདྲ་སྟེ། འཆི་རིམ་ལ་སྟོང་པ་བཞི་ཡོད་པའི་འཆི་བའི་འོད་གསལ་དངོས་གཞི་དང་འདྲའོ། །ཉེར་ཐོབ་མཚོན་པའི་ཧཱུཾ་ཉིད་ལ་ཐིམ་རིམ་ལྔར་བྱས་པ་ནི་སྦྱང་གཞི་ལའང་ཉེར་ཐོབ་ནས་ཇེ་ཕྲ་ཇེ་ཕྲར་


JLD009_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་འོད་གསལ་དུ་འཇུག་པ་མཚོན་པ་ཡིན་ལ། དེས་ནི་རིམ་པ་གཉིས་པའི་སྐབས་སུ་ཉེར་ཐོབ་ནས་འོད་གསལ་དུ་འཇུག་པའང་། ཤིན་ཏུ་ཕྲ་བའི་རིམ་པས་རིམ་གྱིས་འཇུག་པར་བསྟན་པའི་ཕྱིར་རོ། །འདི་ནི་སྙིང་ཁར་གནས་པའི་ཧཱུཾ་ཡིག་གི་སྡུད་རིམ་ཡིན་པས། སྤྲོས་པ་བསྡུས་ནས་འོད་གསལ་འཆར་བའི་གནས་མཐར་ཐུག་པ་ནི་སྙིང་ཁ་ཡིན་པ་དང་། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་འོད་གསལ་གྱི་ཡེ་ཤེས་ཀྱི་ངོ་ན། ནཱ་ད་ཙམ་གྱི་གཉིས་སྣང་ཕྲ་མོ་ཡང་དག་པར་སྟོན་པའོ། །མངོན་བརྗོད་ལས། སྲུང་འཁོར་གྱི་འོག་ཏུ་སྟོང་ཉིད་སྒོམ་པའི་མཇུག་ཐོགས་སུ། དྲིལ་བུ་ཞབས་ཀྱི་རིམ་ལྔའི་རིམ་པ་དང་པོའི་བཤད་པའི་གནད་ཀྱང་། འདི་རྣམས་ཀྱིས་ཤེས་དགོས་ལ། རིམ་པ་དང་པོར་འདི་ལྟར་བྱས་ནས་བསྐྱངས་པའི་མཐུས་རྫོགས་རིམ་གྱི་སྐབས་སུ་རྟོགས་པ་བྱེ་བྲག་པ་ཇི་འདྲ་ཞིག་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྲོ་བའང་འདི་ལ་བརྟེན་ནས་ཤེས་དགོས་པ་དང་། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བའི་སྟེང་ནས་འོད་གསལ་དུ་འཇུག་པར་ལུགས་འདི་དང་། རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱིན་གྱི་ཐེག་པ་རྣམས་འདྲའང་། ཐུན་མོང་མ་ཡིན་པའི་འཇུག་རིམ་ལམ་འདི་ལ་ཡོད་པའང་། སྟོང་པ་སྒོམ་པ་དང་འཆི་རིམ་གྱི་སྡུད་རིམ་མཐུན་པར་བྱས་པ་འདི་ལ་བརྟེན་ནས་ཤེས་དགོས་པས་གནད་ཆེའོ། །དེའི་ཕྱིར་འདི་འདྲ་བ་འདི་ལ་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ཞེས་ཀྱང་བྱའོ། །གཉིས་པ་ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་ལ་གསུམ། སྟོང་པ་ལས་ལངས་ནས་ནམ་མཁར་ནཱ་ད་བཞག་པ། གཞལ་ཡས་ཁང་གང་ལ་གནས་པའི་རྟེན་བསྐྱེད་པ། དེ་ནས་


JLD009_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བཞི་སྒོམ་པའོ། །དང་པོ་ནི། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པ་ཉིད་ལས་ལངས་ཏེ། རང་གི་སེམས་ནཱ་དའི་གཟུགས་གྱེད་དུ་འགྲེང་པ་ཤིན་ཏུ་ཕྲ་བ་དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁའ་བཞག་གོ །དེའི་རྒྱུ་མཚན་ནི། གཞི་ལ་མངལ་དུ་སྐྱེ་བ་ལེན་པ་ལྟ་བུ་ཞིག་གི་དབང་དུ་བྱས་ན། འཆི་བའི་འོད་གསལ་ལས་ལངས་མ་ཐག །འོད་གསལ་གྱི་རླུང་སེམས་ཙམ་ལས་བར་སྲིད་དབང་པོ་ཀུན་ཚང་ཞིང་། ཤ་རུས་ལ་སོགས་པས་སྟོང་པའི་ཕྲ་བའི་ལུས་ཅན་ཐོགས་མེད་འགྲུབ་པ་བཞིན་དུ། ལམ་རིམ་པ་དང་པོ་ལའང་འཆི་བའི་འོད་གསལ་དང་འདྲ་བའི་སྔར་བཤད་པའི་སྡུད་རིམ་གྱིས་འོད་གསལ་སྟོང་ཉིད་དུ་ཞུགས་པ་ལས་ལངས་མ་ཐག །བར་དོ་དང་འདྲ་བའི་ནཱ་དའི་ལུས་འགྲུབ་པས་ནཱ་ད་ནམ་མཁར་འཇོག་གོ །ལམ་བསྐྱེད་རིམ་ལ་འདི་ལྟར་སྦྱངས་པའི་མཐུས། རིམ་པ་གཉིས་པར་འོད་གསལ་ལྷན་ཅིག་སྐྱེས་པའི་རླུང་སེམས་ཙམ་ལས་སྒྱུ་མའི་ལོངས་སྐུར་བསྐྱེད་པའི་ཆེད་ཡིན་ལ། དེས་ན་འདི་ལ་བར་དོ་ལོངས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་ཀྱང་བྱ་སྟེ། འདི་ནི་ལུགས་འདིའི་རྫོགས་རིམ་གྱི་གནད་རྟོགས་པ་ལ་གནད་ཤིན་ཏུ་ཆེའོ། །གཉིས་པ་ནི། སྟོང་པའི་ངང་ལས་ཡཾ་སྔོན་པོ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་དབྱིབས་གཞུ་ལྟ་བུ་གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་ཁ་དོག་དམར་པོ། དབྱིབས་གྲུ་གསུམ་པ་གྲྭ་གསུམ་དུ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་ཁ་


JLD009_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དཀར་པོ། དབྱིབས་ཟླུམ་པོ་དབུས་སུ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་སེར་པོ་ལས་སའི་དཀྱིལ་འཁོར་ཁ་དོག་སེར་པོ། དབྱིབས་གྲུ་བཞི་པ། གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་ལྷུན་པོ་གྲུ་བཞི་པ། རིན་པོ་ཆེ་སྣ།ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་རོ། །བཞིའི་རང་བཞིན་ཅན། སྟེང་གི་ཕྱོགས་མཚམས་སུ་རྩེ་མོའམ་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པ། དེའི་སྟེང་དུ་པཾ་སེར་པོ་ལས་སྣ་ཚོགས་པདྨ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་གི་ལྟེ་བར་པཾ་ལས་ལྟེ་བ་དང་ཚད་མཉམ་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་གེ་སར་དང་ལྡན་པ། ཕྱོགས་བཞིའི་འདབ་མ་དམར། མེ་རླུང་གཉིས་སེར། བདེན་བྲལ་ལྗང༌། དབང་ལྡན་ནག །ལྟེ་བ་ལྗང༌། གེ་སར་སེར་བ་བསམ་མོ། །གསུམ་པ་ལ་བཞི། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །དང་པོ་ནི། སྣ་ཚོགས་པདྨ་ཆུང་ངུའི་དབུས་སུ་མཚན་སོ་གཉིས་ཀྱི་ངོ་བོ་དབྱངས་ཡིག་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་དབྱངས་ཡིག་བཅུ་དྲུག་པ་ཕྲག་གཉིས་པ་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེའི་ཕྱི་རོལ་ཏུ་དཔེ་བྱད་བརྒྱད་ཅུའི་ངོ་བོ་གསལ་བྱེད་སོ་བཞི་ལ། ཌ་ཌྷ་ད་དྷ་ཡ་ལ་དྲུག་བསྣན་པའི་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་གསལ་བྱེད་བཞི་བཅུ་པ་ཕྲག་གཉིས་པ་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེ་


JLD009_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དཀར་ལ་དམར་བའི་མདངས་ཅན་ལ། དབྱངས་སོ་གཉིས་དང་གསལ་བྱེད་བརྒྱད་ཅུ་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཨཱ་ལི་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་ལྟ་བུ་དང༌། ཀཱ་ལི་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་དེ་གཉིས་ནི་རྣལ་འབྱོར་རོ། །གཉིས་པ་ནི། དེ་ནས་རང་ནམ་མཁའི་ནཱ་དའི་ང་རྒྱལ་གྱིས། ཟླ་བ་དཀར་ལ་དམར་བ་མཐོང་བ་ན། བདག་གིས་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་ངོ་བོར་གྱུར་པའི་དབུས་སུ་སྐྱེ་བ་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་འཕེན་པ་བཏང་ནས་ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ལས་རིམ་གྱིས་ནཱ་ད་ལས་ཐིག་ལེ། ཐིག་ལེ་ལས་ཟླ་ཕྱེད། དེ་ལས་མགོ་བོ། དེ་ལས་ཧའི་ལུས། དེ་ལས་ཨཱུ་གྲུབ་པའི་ཚུལ་གྱིས། དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་ཅན་དུ་རྫོགས་པར་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཧཱུཾ་ལས་ཁ་དོག་སྣ་ལྔ་པའི་འོད་ཟེར་འཕྲོ་བའི་རྩེ་མོ་ལས། འཁོར་ལོ་ལྔའི་ལྷ་ཚོགས་རྣམས་འཐོན་ཏེ། འགྲོ་བ་རྣམས་དེའི་གོ་འཕང་ལ་བཀོད་པ་དང༌། སྡུད་པའི་ཚེ་སྔོན་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པ་རྣམས་ལྷན་ཅིག་སྤྱན་དྲངས་ཏེ། མཉམ་པར་སྦྱར་བ་སྔོན་དུ་འགྲོ་བས་ཞུ་བར་


JLD009_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། ཧཱུཾ་ཡིག་ནཱ་ད་ལ་ཐིམ་པར་བསམས་ལ། ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་བསམ་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །བྱང་སེམས་ཞུ་བའི་ངོ་བོར་གནས་པས་ཧཱུཾ་ཡིག་རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་དོ། །བཅོམ་ལྡན་འདས་ནི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་སྐྱེས་ཡོངས་སུ་རྫོགས་པ་ཡིན་པས་འབྲས་བུ་རྡོ་རྗེ་འཛིན་པའི་རང་བཞིན་ཏེ། ཡེ་ཤེས་དེ་གཉིས་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ནས། ༀ་ཨཱཿ ཧཱུཾ།ནི་སྔགས་དང་པོ་སྟེ་སྐུ་གསུང་ཐུགས་གསུམ་མདོར་བསྟན་པའོ། །དེ་ཉིད་གསལ་བར་བྱེད་པ་ནི། ༀ་ནས་ཀོ྅ཧཾ་གི་བར་སྔགས་གཉིས་པས་ཏེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་ལྷན་སྐྱེས་ཀྱི་བདེ་ཆེན་ཧེ་རུ་ཀའི་སྐུར་ཤར་བའི་ངོ་བོར་འདིའི་ལྷ་གང་ཡིན་ཐམས་ཅད་སྡོམ་པ་ཡིན་པས། འོག་མིན་དང་ཛམྦུའི་གླིང་སོགས་ཀྱི་ལྷ་ཕྱོགས་རེ་བ་ལ་མི་བྱའོ། །ༀ་བཛྲ་སོགས་ནི་སྔགས་གསུམ་པ་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་དང་བདེ་བ་ཆེན་པོ་གཉིས་དབྱེར་མེད་དུ་མོས་ལ་དེའང་རྡོ་རྗེ་ལྟར་མི་ཕྱེད་པར་བརྟན་པར་བྱེད་པའོ། །ༀ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་བཛྲ་ཤུདྡྷ་སརྦ་དྷ་རྨཱཿ བཛྲ་ཤུདྡྷོ྅ཧཾ། ཞེས་སྐད་ཅིག་གིས་བསྐྱེད་པའི་སྔགས་གསུམ་བརྗོད་དོ། །གསུམ་པ་ལ་དྲུག །རྟེན་དང་བརྟེན་པ་རྫོགས་ཚུལ་མདོར་བསྟན་པ་དང༌། གསལ་བཏབ་པ་རྒྱས་པར་བཤད་པ་དང༌། ཕྱོགས་མཐུན་གྱི་དག་པ་དང་ལུས་དཀྱིལ་བསྒོམ་པ་དང༌། གོ་བགོ་ཞིང་ཡེ་ཤེས་པ་བཅུག་ནས་དབང་བསྐུར་བ་དང༌། ལྷ་རྣམས་ལ་མཆོད་ཅིང་བསྟོད་པ་དང༌། ལྷའི་འཁོར་ལོ་བསྒོམ་ཞིང་དག་པ་དྲན་བའོ། །


JLD009_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཟླ་བ་དབྱངས་གསལ་ས་བོན་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་གྲུབ་པར་བསམ་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །གཞི་ལ་ཕ་མའི་ཁུ་ཁྲག་དཀར་དམར་གྱི་དབུས་སུ་བར་སྲིད་ཞུགས་ནས་སྐྱེ་བ་ལེན་པ་བཞིན་དུ། རིམ་པ་དང་པོར་ཡང་བར་སྲིད་མཚོན་པའི་ནམ་མཁའི་ནཱ་ད་ཟླ་བའི་དབུས་སུ་ཞུགས་ནས་ཧཱུཾ་ཡིག་ཏུ་གྲུབ་ནས་དཀྱིལ་འཁོར་པ་རྫོགས་པ་ནི་མངལ་དུ་སྐྱེ་བ་བླངས་པ་དང་མངལ་རྫོགས་པའི་སྐབས་དང་འདྲ་སྟེ། འདི་ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་ཀྱང་བྱའོ། །དེ་ལྟར་བསྒོམས་པས་ནི། རིམ་པ་གཉིས་པར་སྒྱུ་མའི་སྐུས་ལུས་རགས་པའི་སྤྲུལ་སྐུ་འཛིན་ནུས་པ་དང༌། ལུས་ཀྱི་ཁམས་དཀར་དམར་གྱི་འདུ་འཕྲོད་ཁྱད་པར་བ་ལ་བརྟེན་ནས་ངེས་དོན་གྱི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པའི་རྒྱུད་སྨིན་བྱེད་དུ་འགྲོའོ། །ཚུལ་དེ་ལེགས་པར་ཤེས་ན་མཆོག་སྒྲུབ་པ་ལ། བསྐྱེད་རིམ་སྒོམ་མི་དགོས་སྙམ་པ་དང༌། ཆོས་འདི་པ་དང་གཞན་པའི་ཏིང་ངེ་འཛིན་ཐུན་མོང་བ་ཙམ་ལ་བླ་མེད་ཀྱི་རྫོགས་རིམ་དམ་པར་འཛིན་པ་དང༌། ཏིང་ངེ་འཛིན་དེས་དྲངས་པའི་བདེ་བ་ལ་ལྷན་སྐྱེས་ཀྱི་བདེ་ཆེན་དུ་འཛིན་པ་སོགས་ཀྱི་ལོག་རྟོག་རྣམས་ལྡོག་པས་རྣམ་པར་དག་པའི་གོ་བ་ཆགས་པར་བྱས་ནས་བསྒོམ་པར་བྱའོ། །གཉིས་པ་ལ་གཉིས། རྟེན་གསལ་གདབ་པ་དང༌། བརྟེན་པ་ལྷ་གསལ་གདབ་པའོ། །དང་པོ་ནི། དེ་ལྟར་དུས་གཅིག་


JLD009_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྲུབ་པའི་རྟེན་རིམ་གྱིས་གསལ་གདབ་པ་ནི། ཁང་པ་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན། རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་ན་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར། ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་


JLD009_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱི་ཤིང་ལ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། བར་བར་དུ་གྲུབ་པ་ཐོབ་པ་དང༌། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པའོ། །དེའི་ཕྱི་རོལ་ཏུ་སྣ་ཚོགས་རྡོ་རྗེའི་ར་བས་བསྐོར་བ་ལ་སོགས་པའི་སྲུང་འཁོར། དེའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་རྡོ་རྗེའི་མེ་ཁ་དོག་སྣ་ལྔ་པས་སྟེང་དང་ལོགས་ཀུན་ཏུ་ཁྱབ་པར་གཡོན་སྐོར་དུ་འཁྱིལ་ཞིང་འབར་བ། དེའི་ཕྱི་རོལ་ན་གནས་པའི་དུར་ཁྲོད་བརྒྱད་ནི། ཤར་དུ་གཏུམ་དྲག །བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་རྡོ་རྗེ་འབར་བ། ལྷོར་ཀེང་རུས་ཅན། དབང་ལྡན་དུ་དྲག་ཏུ་རྒོད་པ། མེར་བཀྲ་ཤིས་ཚལ། བདེན་བྲལ་དུ་མུན་པ་དྲག་པོ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ་སྟེ། རོ་མགོ་མེད་པ་དང༌། འགགས་ཏེ་ཤིང་ལ་དཔྱངས་པ་དང༌། ས་ལ་འགྱེལ་བ་དང༌། གསལ་ཤིང་ལ་བསྐྱོན་པ་དང༌། མདུང་གིས་ཕུག་པ་དང༌། ཕྱེད་ཚིག་པ་དང༌། མགོ་ཐོད་དང༌། བྱིན་པའི་རུས་པ་དང༌། གཙིགས་པའི་མགོ་དང༌། དེ་ལས་གཞན་པའི་རུས་པ་མཐོར་བ་དང༌། མ་འཐོར་བའི་ཀེང་རུས་རྣམས་གཅལ་དུ་བཀྲམ་པའི་གནས་སུ་གྱུར་པས་དུར་ཁྲོད་དོ། །དེ་ན་གནས་པའི་ཤིང་བརྒྱད་ནི། ཤར་ནས་ཕྱོགས་གཡོན་སྐོར་དུ་ཤིར་ཥ། ཨ་ཤྭད་ཐ། ཀཾ་ཀེ་ལ། ཙུ་ཏ། དབང་ལྡན་ནས་མཚམས་གཡས་སྐོར་དུ་བ་ཊ། ཀ་རཉྫ།


JLD009_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཊ་པརྐ། པར་ཐི་བ་རྣམས་སོ། །ཤིང་གི་རྩ་བར་གནས་པའི་ཕྱོགས་སྐྱོང་བརྒྱད་ནི། ཤར་ནས་ཕྱོགས་གཡོན་སྐོར་དུ། དབང་པོ་སེར་པོ་རབ་བརྟན་དཀར་པོ་དང༌། ནོར་སྦྱིན་སེར་པོ་མི་དང༌། ཆུ་ལྷ་དཀར་པོ་གདེངས་ཀ་བདུན་ལྡན་ཆུ་སྲིན་དང༌། གཤིན་རྗེ་སྔོན་པོ་མ་ཧེ་དང༌། དབང་ལྡན་ནས་མཚམས་གཡས་སྐོར་དུ། དབང་ཕྱུག་ཆེན་པོ་དཀར་པོ་གླང་དང༌། མེ་ལྷ་དམར་པོ་ར་སྐྱེས་དང༌། སྲིན་པོ་སྔོན་པོ་གཅེར་བུ་མི་མགོའི་འཕྲེང་བའི་ཅོད་པན་ཅན་རོ་ལངས་དང༌། རླུང་ལྷ་དུད་ཀ་ཤ་བ་ལ་ཞོན་པའོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་རྣམས་ནི་རིམ་པ་བཞིན་རྡོ་རྗེ་དང༌། ནེའུ་ལེ་རིན་པོ་ཆེ་སྐྱུག་པ་དང༌། སྦྲུལ་ཞགས། དབྱུག་པ། རྩེ་གསུམ། ཕྲེང་བ། སྤྱི་བླུགས་དང་བཅས་པ། རལ་གྲི། བ་དན་སེར་པོ། གཡོན་རྣམས་ན་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པར་འགྲེལ་པ་སྡོམ་འབྱུང་ལས་བཤད། ཤིང་བརྒྱད་ཀྱི་སྟོད་ཀྱི་ཡལ་གའི་གསེབ་ནས་ལུས་ཕྱེད་འཐོན་པའི་ཞིང་སྐྱོང་བརྒྱད་ནི། ཤར་ནས་ཕྱོགས་གཡོན་སྐོར་དུ་རིམ་པ་བཞིན། གླང་པོ་དང༌། མི་དང༌། ཆུ་སྲིན་དང༌། མ་ཧེའི་གདོང་ཅན། དཀར་པོ། སེར་པོ། དཀར་པོ། ནག་པོ་དང༌། དབང་ལྡན་ནས་མཚམས་གཡས་སྐོར་དུ། གླང་དང༌། ར་དང༌། རོ་ལངས་དང༌། རི་དྭགས་ཀྱི་གདོང་པ་ཅན། དཀར་པོ། དམར་པོ། ནག་པོ། ལྗང་གུའོ། །ཐམས་ཅད་ཀྱང་དྲག་ཅིང་གཏུམ་ལ་རྫུ་འཕྲུལ་ཆེན་པོ་པ་ཞལ་གཅིག་པ་ཕྱག་གཉིས་ཀྱི་གཡས་གཏོར་མ་དང༌། གཡོན་ཐོད་པ་འཛིན་པའོ། །ཐུགས་རྗེའི་ཆུ་བརྒྱད་དང༌། དེ་ལ་གནས་པའི་ཀླུ་བརྒྱད་ནི།


JLD009_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ནས་ཕྱོགས་གཡོན་སྐོར་དུ། ནོར་རྒྱས་དཀར་པོ། འཇོག་པོ་དམར་པོ། ཀ་རྐོ་ཊ་སྔོན་པོ། པདྨ་དཀར་པོ། དབང་ལྡན་ནས་མཚམས་གཡས་སྐོར་དུ། པདྨ་ཆེན་པོ་དཀར་པོ། མཐའ་ཡས་སྣ་ཚོགས་མདོག །རིགས་ལྡན་དཀར་པོ། དུང་སྐྱོང་སེར་པོའོ། །ཐམས་ཅད་ཀྱང་སྟོད་མི་འདྲ་བ། སྨད་སྤྲུལ་འཇུག་ཏུ་འཁྱིལ་ཞིང༌། ཕྱག་གཉིས་ཀྱིས་ཐལ་མོ་སྦྱར་ནས་གཙོ་བོ་ལ་འདུད་པར་འགྲེལ་པ་སྡོམ་འབྱུང་ལས་བཤད། དེ་དག་གི་སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་བརྒྱད་ནི། ཤར་ནས་ཕྱོགས་གཡོན་སྐོར་དུ། སྒྲོག་པ། ཆེར་སྒྲོག་པ། དྲག་པོ། གཡོ་བ། དབང་ལྡན་ནས་མཚམས་གཡས་སྐོར་དུ། བརྟན་པ། གང་བ། འབེབས་པ། གཏུམ་པོའོ། །ཐམས་ཅད་ཀྱང་གློག་འཕྲེང་འཁྱུག་ཅིང་འབྲུག་སྒྲ་སྒྲོག་པ། འགའ་ཞིག་ཆར་གྱི་རྒྱུན་ཅན་ཁ་དོག་སྣ་ཚོགས་པའོ། །སྤྲིན་རྣམས་འདི་ལྟར་བཤད་པ་ནི་མན་སྙེ་ལས་སོ། །དེ་ན་གནས་པའི་རི་བརྒྱད་ནི། ཤར་ནས་ཕྱོགས་གཡོན་སྐོར་དུ། རིན་པོ་ཆེའི་རང་བཞིན་གྱི་ལྷུན་པོ། མཎྜ་ར་ལྗང་གུ །ཀཻ་ལ་ཤ་དཀར་པོ། མ་ལ་ཡ་སེར་པོ། དབང་ལྡན་ནས་གཡས་སྐོར་དུ། དབང་ཆེན་ནག་པོ། སྤོས་ངད་ལྡང་སེར་པོ། གངས་ཅན་དཀར་པོ། དཔལ་གྱི་རི་སྔོན་པོའོ། །རི་དེ་རྣམས་ལ་གནས་པའི་མཆོད་རྟེན་དཀར་པོ་བརྒྱད་དང༌། གྲུབ་ཆེན་བརྒྱད་དོ། །གཞན་ཡང་ཡེ་ཤེས་ཀྱི་མེ་བརྒྱད་དང༌། ཁྭ་དང༌། འུག་པ་དང༌། བྱ་རྒོད་དང༌། ཅེ་སྤྱང་དང༌། འོལ་བ་ཕོ་མོ་དང༌། སྦྲུལ་བ་གླང་གི་མགོ་


JLD009_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་སོགས་པ་ཕྱོགས་སུ་བརྒྱུ་ཞིང༌། གནོད་སྦྱིན་དང༌། རོ་ལངས་དང༌། སྲིན་པོ་རྣམས་ཀྱིས་ཀི་ལི་ཀི་ལིའི་སྒྲ་ཆེན་པོ་སྒྲོག་པ་དང༌། གྲུབ་པ་ཐོབ་པ་དང༌། རིག་པ་འཛིན་པ་དང༌། དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ། གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་རྣམས་ཀྱིས་ངོ་མཚར་བར་བྱེད་པའོ། །གཞལ་ཡས་ཁང་གི་ནང་གི་སྟེང་འོག་རྣམས་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར་བ། འོག་གཞི་དམ་ཚིག་གི་འཁོར་ལོ་ལ་གནས་པའི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་མུ་ཁྱུད་ལ་འཁོར་ལོའི་ཕྲེང་བ་དང༌། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་མུ་ཁྱུད་ལ་པདྨའི་ཕྲེང་བ་དང༌། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་མུ་ཁྱུད་ལ་རྡོ་རྗེའི་ཕྲེང་བ་དང༌། དེའི་ལྟེ་བར་བདེ་ཆེན་གྱི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་མུ་ཁྱུད་ལ་གྲི་གུག་གི་ཕྲེང་བས་བསྐོར་བ། འཁོར་ལོ་བཞི་པོ་རེ་རེ་ལ་མཚམས་རྣམས་ན་གནས་པའི་ཀ་བ་བརྒྱད་བརྒྱད་ཀྱིས་བཏེག་པའི་གདུང་ཟླུམ་རིམ་པ་བཞིའི་ཐོག་གིས་ཇེ་མཐོ་ཇེ་མཐོར་གྱུར་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པའོ། །གཉིས་པ་ལ་གཉིས། གཙོ་བོ་ཡབ་ཡུམ་གསལ་གདབ་པ་དང༌། འཁོར་གྱི་ལྷ་རྣམས་གསལ་གདབ་པའོ། །དང་པོ་ནི།


JLD009_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་པདྨའི་ལྟེ་བར་ཉི་མའི་གདན་ལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ག །ཞལ་བཞི་པའི་རྩ་ཞལ་ནག །གཡོན་ལྗང༌། རྒྱབ་དམར། གཡས་སེར་བ། ཞལ་རེ་རེའང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་ཕྲེང་བ་འཛིན་པ། ཞབས་གཡས་བརྐྱང་པས་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་ཌཱ་མ་རུ་དང༌། གཡོན་རལ་གྲི་འཛིན་པའི་མགོ་བོ་མནན་པ། གཡོན་བསྐུམ་པས་དུས་མཚན་མ་དམར་མོ། ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་ནུ་མ་མནན་པ།ཇོ་བོ་ཆེན་པོས་གཡས་ཀྱིས་འཇིགས་བྱེད་དང༌། གཡོན་གྱིས་དུས་མཚན་མ་གནོན་པར་བཤད་པ་ལྟར། མངོན་བརྗོད་ཀྱི་ལེའུ་སོ་གཉིས་པ་དང༌། ང་གཉིས་པར་ཡང་དེ་བཞིན་དུ་བཤད་ལ། སྒྲུབ་ཐབས་ཀྱི་རྒྱ་གཞུང་མང་པོ་ལས་ཀྱང་གཡས་བརྐྱང་གིས་འཇིགས་བྱེད་དང༌། གཡོན་གྱིས་དུས་མཚན་མ་མནན་ཞེས་རིམ་པ་དེ་ལྟར་འབྱུང་བ་དང་བསྟུན་ནོ། །གདན་གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་པས་དྲིལ་བུ་བསྣམས་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་དཀར་པོ་ཁྲག་དང་བཅས་པའི་ན་བཟའ་ཕྱག་གཡས་པས་ལག་པ་གཡོན་པ་དང༌། གཡོན་པས་རྐང་པ་གཡོན་པའི་པགས་པ་རང་གི་རྒྱབ་ཏུ་སྡིགས་མཛུབ་དང་བཅས་པའི་ཕྱག་གིས་


JLD009_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱངས་ཏེ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་གཉིས་སྨིན་མའི་ཐད་སོར་གནས་པ། གཡས་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞན་གྱི་ཁ་ཊྭཱཾ་ག །ནི་ཡུ་བ་དཀར་པོ་ཡར་རྩེ་རྡོ་རྗེ་ནག་པོ་རྩེ་ལྔ་པ་དེའི་འོག་ཏུ་རིམ་པ་བཞིན་བསྒྲིགས་པའི་མི་མགོ་སྐམ་པོ་དཀར་པོ། རྙིང་པ་དམར་པོ། རློན་པ་ནག་པོ་གསུམ། ཡུ་བའི་དབུས་སུ་སྣ་ཚོགས་རྡོ་རྗེ། དེའི་འོག་ཏུ་བུམ་པ་སེར་པོ། མར་རྩེ་ནི་རྩེ་གཅིག་པ་མཆོད་ཕྱིར་ཐོགས་དང་འབྲེལ་པ་ཡིན་ཏེ། མངོན་བརྗོད་དང༌། ཕག་མོ་ཤེས་རབ་སྣང་བའི་སྒྲུབ་ཐབས་དང༌། ཁྱད་པར་གསལ་བྱེད་རྣམས་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའོ། །བཞི་པ་ན་ཁྲག་གིས་གང་བའི བདེ་བ་ཆེན་པོའི་རོའི་རང་བཞིན་གྱི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་པོ་གདོང་བཞི་པ་བསྣམས་ཤིང༌། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔ་ལྔའི་ཕྲེང་བས་བརྒྱན་པ། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཕྱང་བ། ཞལ་རྣམ་པར་འགྱུར་བ། མཆེ་བ་བཞི་བཞི་གཙིགས་ཤིང་འཇིགས་སུ་རུང་བ། སྒེག་པ་དཔའ་བ་མི་སྡུག་པ་སྟེ་སྐུའི་ཉམས་གསུམ་དང༌། རྒོད་དང༌། དྲག་ཤུལ་འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ་དང༌། སྙིང་རྗེ་དང་རྔམ་པ་དང་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མིའི་རྒྱུ་མ་ལ་བརྒྱུས་པའི་མི་མགོ་རློན་པ་ལྔ་


JLD009_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་འཕྲེང་བ་མགྲིན་པ་ནས་བརླ་ཕྲ་སྦོམ་གྱི་བར་དུ་འཕྱང་བ། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ།ནི་སྤྱི་གཙུག་གི་ནོར་བུ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། རྣ་ཆ་དང༌། མཆོད་ཕྱིར་ཐོགས་དང༌། ཐལ་ཆེན་ནོ། །བར་པ་བཞི་ནི་མི་རུས་ལས་བྱས་པར་བཤད་ལ། བརྩོན་འགྲུས་དཔལ་གྱི་བཤེས་གཉེན་གྱིས་འཁོར་ལོ་དང༌། རྐེད་རྒྱན་སོགས་ཉེ་བའི་ཕྱག་རྒྱར་བཤད་པས་ཀྱང་བརྒྱན་པའོ། །མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །ཧེ་རུ་ཀའི་ཕྱག་མཚན་དང་རྒྱན་ཆ་སོགས་ཀྱི་དག་པ་འགྲེལ་པར་གསུངས་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་ཡིད་ལ་བྱེད་ཚུལ་ནི། ཡབ་ཡུམ་ཕན་ཚུན་དུ་འཁྱུད་པས་ནི་ཐབས་དང་ཤེས་རབ་ཕན་ཚུན་དུ་འཁྱུད་པ་མཚོན་ཞིང༌། དེའང་ཡུམ་དང་སྦྱོར་བ་སོགས་ཀྱི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཁྱད་པར་ཅན་ལས། མགོ་བོ་ནས་བྱང་སེམས་ཀྱི་ཟླ་བ་ཞུ་བ་དང༌། དེས་ལུས་ཀུན་ལ་ཁྱད་པ་ལས་བྱུང་བའི་ཐབས་བདེ་བ་ཆེན་པོས་ཤེས་རབ་སྟོང་པ་ཉིད་རྣམ་ཐར་བཞིའི་དོན་བསྒོམ་དགོས་པར་མཚོན་པ་དང༌། དེའི་བདེ་བ་ནི་ཁ་ཊྭཱཾ་ག་དང་ཐོད་པས་མཚོན་པའི་དོན་དང༌། དེ་གཉིས་ཀྱང་རྡོ་རྗེ་དང་དྲིལ་བུས་མཚོན་པའི་ཡེ་ཤེས་ལྔ་དང༌། ཤེར་ཕྱིན་གྱི་དོན་དང་ཨཱ་ལི་ཀཱ་ལིའི་ཐབས་ཤེས་སོ། །དེའི་བྱེད་ལས་ནི་ཆགས་སོགས་སྦྱོང་བ་དང༌། གཏི་མུག་དྲལ་བ་དང༌། སངས་རྒྱས་ཐམས་ཅད་བསྐུལ་ཞིང་སྒོ་གསུམ་གྱི་སྐྱོན་དང་མཐར་འཛིན་གྱི་རྣམ་རྟོག་གཅོད་པ་དང༌། ཉོན་མོངས་པ་རྣམས་འབིགས་ཤིང་ཡང་དག་པའི་ཡེ་ཤེས་


JLD009_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཆིང་བ་དང༌། རྟག་པ་འཁོར་བའི་ཡོད་མཐའ་དང༌། ཆད་པ་མྱང་འདས་ཀྱི་མེད་མཐའ་གཉིས་གནོན་ཞིང༌། སྟོང་ཉིད་རྟོགས་པས་འགྲོ་བ་ཀུན་ཟིལ་གྱིས་གནོན་པའོ། །དེ་ལྟར་མཛད་པའི་འབྲས་བུ་ལ་སྐྱོན་ཟད་པའི་སྤངས་པ་ནི། ཚངས་མགོ་དང༌། ཞི་མཐའ་སྤངས་པའི་འོད་གསལ་ལས་གཟུགས་སྐུར་བཞེངས་པ་ནི་ཐོད་སྐམ་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས་པ་ནི་ཕྱག་བཅུ་གཉིས་དང༌། ལོག་ལྟ་ཀུན་ལས་ལོག་པའི་ཞལ་འགྱུར་བ་དང༌། བདུད་བཞི་འཇོམས་པའི་མཆེ་བ་གཙིགས་པ་དང༌། ཡོན་ཏན་གོང་ནས་གོང་དུ་འཕེལ་པའི་རྟོགས་པ་ནི་རལ་པ་གྱེན་དུ་བསྡུས་པ་དང༌། དེ་མཐར་ཕྱིན་ནས་ཡེ་ཤེས་ལྔར་གནས་པ་ནི་རྡོ་རྗེའི་ཕྲེང་བ་དང༌། ཡེ་ཤེས་དེས་ཇི་སྙེད་པ་ཐམས་ཅད་གཟིགས་པ་ནི་སྤྱན་གསུམ་དང༌། འཕྲིན་ལས་བཞིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ནི་སྣ་ཚོགས་རྡོ་རྗེ་དང༌། ཕྱིན་དྲུག་གི་ལམ་ཐམས་ཅད་རྫོགས་པར་མཛད་པ་ནི། ཕྱག་རྒྱ་དྲུག་གི་མཚོན་པའི་དོན་དང༌། གཤེགས་པ་ལྔ་དང་གཤེགས་མ་བཞིས་བསྡུས་པའི་ཞི་ལྷག་གི་ཉམས་ཐམས་ཅད་དང་ལྡན་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། གཅེར་མོ་སྐྲ་གྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་པག་ཅན། ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཐོད་པ་ན་བདུད་བཞི་ལ་སོགས་པའི་ཁྲག་གིས་


JLD009_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། གཡས་པས་ཕྱོགས་བཅུའི་གདུག་པ་ཅན་ཀུན་ལ་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། འགྲོ་བ་སྟོང་པ་ཉིད་དུ་མཉམ་པར་རྟོགས་པས་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ། ཤིན་ཏུ་དག་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པས། ཉི་མའི་འོད་ཅན་གྱི་གཟི་བརྗིད་ཆེ་བ། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་ལེགས་པར་འཁྲིལ་བ། ལྷག་མཐོང་གི་རང་བཞིན་གྱི་བདེ་བ་ཆེན་པོར་གནས་ཀྱང་འགྲོ་བའི་དོན་བྱེད་པས་ཐུགས་རྗེའི་བདག་ཉིད་ཅན། ཐལ་བ་མ་གཏོགས་པའི་ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང༌། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་དུ་བསྒོམ་མོ། །དེ་ནས་རྡོ་རྗེ་དང་པདྨ་སྦྱངས་ཏེ་ཡབ་ཀྱི་གསང་གནས་མི་དམིགས་པ་ལས། ཧཱུཾ་དཀར་པོ་ལས་རྡོ་རྗེ་དཀར་པོའམ། ནག་པོ་རྩེ་ལྔ་པ་དང༌། བྱཱ་དམར་པོ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོ་ལ་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ། དྱཱ་དཀར་པོ་ལས་བྱང་ཆུབ་ཀྱི་སེམས་མཚོན་པའི་ལྟེ་བ་དཀར་པོ། རྩེ་མོ་དྱཱ་སེར་པོས་མཚན་པ་བསམ། ཡབ་ཀྱི་ལྟེ་བ་དང་ཐུགས་ཀར་ཟླ་གདན་ལ། ཡུམ་ཀྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་དཔྲལ་བར་ཉི་གདན་ལ་རང་གི་སྙིང་པོ་དང་ཉེ་སྙིང་དགོད། ཡུམ་གྱི་ལྟེ་བ་དང་ཐུགས་ཀར་ཉི་


JLD009_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ། ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་དང༌། མགྲིན་པ་དང་དཔྲལ་བར་ཟླ་གདན་ལ་རང་གི་སྙིང་པོ་དང་ཉེ་སྙིང་དགོད་དེ། སྔགས་ཐམས་ཅད་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་གཡོན་སྐོར་དུ་དགོད་དོ། །ཡབ་ཡུམ་ཕན་ཚུན་དུ་ཙུམྦྷ་ན་བྱ་ཞིང༌། སྔགས་རྣམས་ཀྱང་ཕན་ཚུན་དུ་ཞལ་སྦྱོར་བ་དང༌། འོད་ཟེར་འཁྱུད་པར་བསམས་ལ། ཡི་གེ་གསུམ་བརྗོད་ནས་སྙོམས་པར་འཇུག་པར་བྱ་སྟེ། ཕྱི་རོལ་གྱི་ཕྱག་རྒྱ་ལའང་ཆོ་ག་འདི་ཉིད་དོ། །སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་དང༌། མགྲིན་པ་ནས་སྙིང་ཁར་སླེབ་པ་ན་མཆོག་དགའ་དང༌། སྙིང་ཁ་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ་དང༌། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པར་བསམས་ལ། སྟོང་པ་ཉིད་ཀྱི་ལྟ་བ་དྲན་པར་བྱས་ཏེ་བདེ་སྟོང་དབྱེར་མེད་དུ་སྦྱར་ལ་བསྐྱང༌། དེ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་གཉིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་ལྟ་བའི་མོས་པ་ཤུགས་ཅན་བསྐྱེད་དོ། །འདི་གོམས་ན་རིམ་པ་དང་པོའི་སྐབས་སུའང་དེའི་ཉམས་ཤུགས་ཅན་འཆར་བས་ཡབ་ཡུམ་སྙོམས་པར་འཇུག་པའི་སྐབས་ཀུན་ཏུ་དགའ་བ་རྩོམ་པའི་དམིགས་པ་རྣམས་དམིགས་ཕྱེད་པ་དང༌། དལ་བུས་བརྟན་པར་བྱས་ལ་མོས་པ་ཚུན་ཆོས་ཀྱིས་ཀྱང་དགའ་བཞི་བསྐྱེད་པའི་མཐར་བདེ་སྟོང་སྦྱར་ལ་བསྒོམ་ཞིང༌། བསྒོམས་པའི་དཀྱིལ་འཁོར་དང་བཟླས་པ་སོགས་ཀྱི་ཆོ་ག་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོར་མོས་ནས་


JLD009_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བྱ་དགོས་པར་གསུངས་པ་ལྟར་བྱེད་པ་ནི་རིམ་པ་དང་པོ་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་རྒྱུད་སྨིན་པའི་ཐམས་དམ་པར་ཟུང་ཞིག །གཉིས་པ་ནི། པདྨའི་འདབ་མ་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་མ། སྤྱན་གསུམ་མ། མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན། གཅེར་བུ་སྐྲ་གྲོལ་བ། ཕྱག་བཞིའི་གཡས་དང་པོས་གྲི་གུག་དང༌། གཡོན་དང་པོས་ཐོད་པ་བཟུང་ནས་ཐུགས་ཀར་འཁྱུད་པའི་ཚུལ་མཛད་ཅིང༌། གཡས་འོག་མས་ཌཱ་མ་རུ་དང༌། གཡོན་འོག་མས་ཁ་ཊྭཱཾ་ག་བསྣམས་པ། ཅུང་ཟད་བཞད་པ། ཞབས་གཡས་བརྐྱང་བས་བཞུགས་པ། ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན་ནོ། །མཚམས་བཞིར་ཟླ་གདན་ལ་བདུད་རྩི་ལྔས་གང་པའི་ཐོད་པ་བཞི་བསམ་མོ། །དེ་ནས་འཁོད་ལོ་གསུམ་གྱི་རྩིབས་ཉེར་བཞི་ཡུལ་ཉེར་བཞིའི་ངོ་བོ་དང་རྩིབས་ལ་བཀོད་པའི་ལྷ་ཡབ་ཡུམ་རྣམས་ཡུལ་དེ་ན་གནས་པའི་དཔའ་བོ་དང་དཔའ་མོར་དངོས་སུ་མོས་པ་བྱས་ལ། ཐུགས་འཁོར་གྱི་ཤར་རྩིབས་པུལླི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། དེ་བཞིན་དུ་སྦྱར་ཏེ། བྱང་ཛཱ་ལནྡྷ་རར་མཧཱ་ཀཾ་ཀ་ལ་དང་གཏུམ་མིག་མ། ནུབ་ཨཽཌྜི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། ལྷོ་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ།


JLD009_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གོ་དཱ་པ་རིར་སུ་ར་བེ་རི་ཎཱ་དང་དཔའ་བོའི་བློ་ཅན་མ། བདེན་བྲལ་རཱ་མེ་ཤྭ་རིར་འོད་དཔག་མེད་དང་ཁརྦ་རི། རླུང་དེ་བཱི་ཀོ་ཊིར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། དབང་ལྡན་མཱ་ཝ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པ་ཐམས་ཅད་ཀྱང་སྐུ་མདོག་སྔོན་པོའོ། །གསུང་གི་འཁོར་ལོའི་ཤར་རྩོབས་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ས་སྲུངས་མ། བྱང་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་མཐུང་མ། མེ་ཀ་ལིངྐར་རབ་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ། བདེན་བྲལ་ལམ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། རླུང་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། དབང་ལྡན་ཧི་མཱ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ་གསུང་གི་འཁོར་ལོ་ས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པ་ཐམས་ཅད་ཀྱང་སྐུ་མདོག་དམར་པོའོ། །སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་གྲི་ཧ་དེ་བ་ཏར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ནུབ་སཽ་རཥྜར་རྟ་མགྲིན་དང་ཆང་འཚོང་མ། ལྷོ་སུ་བརྞ་དཱི་བར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མེ་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བདེན་བྲལ་སིནྡྷུ་ར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ། རླུང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། དབང་ལྡན་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་


JLD009_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་སྟེ། སྐུའི་འཁོར་ལོ་ས་འོག་ན་སྤྱོད་པའི་ཚུལ་གྱིས་གཞུགས་པ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་སྟེ། དཔའ་བོ་ཉེར་བཞི་པོ་ཐམས་ཅད་ཞལ་གཅིག་པ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། དཔའ་བོའི་དར་ཐོད་དཔྲལ་བར་བཅིངས་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་ཌཱ་མ་རུ་དང་གཡོན་ཁ་ཊྭཱཾ་ག་འཛིན་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། གཡས་བརྐྱང་གིས་བཞུགས་པའོ། །དཔའ་མོ་ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། ཡབ་ལ་འཁྱུད་པའི་ཕྱག་གཉིས་ཀྱི་གཡས་པས་གདུག་པ་ལ་བསྡིགས་པའི་སྡིགས་མཛུབ་དང་བཅས་པས་གྲི་གུག་འཛིན་ཅིང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་ཅིང་སྟོབ་པ། དྲག་མོའི་གཟུགས་ཅན་གཅེར་མོ་སྐྲ་གྲོལ་བར་རྣམ་པར་མཛེས་ཤིང༌། ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་ལྔའི་དབུ་བརྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། འོག་པག་སིལ་སིལ་གྱི་སྒྲ་སྒྲོག་པའོ། །ཤར་སྒོར་ཁྭ་གདོང་མ། བྱང་སྒོར་འུག་གདོང་མ། ནུབ་སྒོར་ཁྱི་གདོང་མ། ལྷོ་སྒོར་ཕག་གདོང་མ། ཤར་ལྷོར་གཤིན་རྗེ་བརྟན་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་སྟེ། སྐུ་མདོག་ནི་བཤད་ཟིན་ལ། དྲག་མོ་ཆེན་མོ།


JLD009_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱི་དོན་མཛད་པ་ལ་བརྩོན་པ། རོའི་གདན་ཅན། ཞལ་ཕྱག་གི་གྲངས་དང༌། ཕྱག་མཚན་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པ་དང་འདྲའོ། །འཁོར་གྱི་ལྷ་ཐམས་ཅད་ཀྱང་དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པའོ། །གསུམ་པ་ལ་གཉིས། བྱང་ཕྱོགས་སོ་བདུན་ལྷ་དང་སྦྱར་བ་དང༌། ལུས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །དང་པོ་ནི། སྔར་གསང་གནས་གཉིས་སྦྱངས་པ་དང༌། གནས་བཞི་སྔགས་ཀྱིས་བྱིན་གྱིས་བརླབ་པ་སོགས་གསལ་གདབ་ལ་སྙོམས་པར་ཞུགས་ཏེ་དགའ་བ་བསྐྱེད་ལ་ལྟ་བ་དྲན་པར་བྱས་ནས། བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་ཉིད་རང་གི་ངོ་བོ་དང་གྲོགས་དང་བྱེད་ལས་སོགས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དུ་ཤེས་པར་བྱས་ལ། དེ་ཉིད་ལྷ་སོ་བདུན་དུ་ཤར་བའོ་སྙམ་དུ་མདོར་བསྡུས་ཏེ་སྦྱར་བ་དང༌། རྒྱས་པར་སྦྱར་བ་གཉིས་སྐབས་དང་སྦྱར་ལ་བྱའོ། །འདི་བསྒོམ་པའི་དགོས་པ་ནི་འགྲེལ་པ་གསུམ་ལས། ལྷའི་རྣམ་པ་ལ་མངོན་ཞེན་འདོར་བ་དང༌། ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་བསྒོམ་པར་བཤད་པའི་དང་པོ་ནི་འབྲས་བུའི་སྐབས་ན་གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་ཉིད་ལྷར་ཤར་བ་ཡིན་ལ། དེ་དང་རྗེས་སུ་མཐུན་པར་འབྲས་བུ་ལམ་དུ་བྱེད་པའི་དོན་ཡིན་པས་བདེ་སྟོང་གི་ཡེ་ཤེས་ལྷར་ཤར་བ་མིན་པའི་ལྷ་སྐུ་ལ་ཞེན་པ་འགོག་པའི་དོན་ཡིན་གྱི། ལྷ་སྐུ་འཇའ་ཚོན་ལྟ་བུ་ཞིག་བསྒོམས་ནས། ལྷ་སྐུ་ལ་གདོས་བཅས་སུ་འཛིན་པ་བཟློག་པ་ཙམ་ཡང་མིན་ལ། སོ་བདུན་པོ་ཐེག་ཆེན་གཞན་དང་ཐུན་མོང་བ་ཉིད་ལྟར་སྟོན་པའང་མིན་ནོ། །གཉིས་པའི་དོན་ནི་འཆད་པར་འགྱུར་རོ། །རྒྱས་པ་ནི་ལུས་དང༌།


JLD009_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་དང༌། ཆོས་དང༌། སེམས་རྗེས་སུ་དྲན་པ་ཉེ་བར་བཞག་པ་བཞི་ནི། རིམ་པ་བཞིན་གཡོན་སྐོར་གྱིས་མཁའ་འགྲོ་མ་སོགས་བཞི་དང༌། འདུན་པའི་དང༌། བརྩོན་འགྲུས་ཀྱི་དང༌། དཔྱོད་པའི་དང༌། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། རིམ་པ་བཞིན་རབ་གཏུམ་མ་དང༌། གཏུམ་མིག་མ་དང༌། འོད་ལྡན་མ་དང༌། སྣ་ཆེན་མ་བཞི་དང༌། དད་པའི་དང༌། བརྩོན་འགྲུས་ཀྱི་དང༌། དྲན་པའི་དང༌། ཏིང་ངེ་འཛིན་གྱི་དབང་པོ་བཞི་ནི་རིམ་པ་བཞིན། དཔའ་བོའི་བློ་ཅན་མ་དང༌། མིའུ་ཐུང་མ་དང༌། ལངྐའི་དབང་ཕྱུག་མ་དང༌། ཤིང་གྲིབ་མ་བཞི་དང༌། ཤེས་རབ་ཀྱི་དབང་པོ་དང༌། དད་པའི་དང༌། བརྩོན་འགྲུས་ཀྱི་དང༌། དྲན་པའི་སྟོབས་བཞི་ནི་རིམ་པ་བཞིན། ས་སྲུངས་མ་དང༌། འཇིགས་བྱེད་ཆེན་མོ་དང་། རླུང་ཤུགས་མ་དང༌། ཆང་མཐུང་མ་བཞི་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་དང༌། ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཞི་ནི་རིམ་པ་བཞིན། སྔོ་བསངས་ལྷ་མོ་དང༌། ཤིན་ཏུ་བཟང་མོ་དང༌། རྟ་རྣ་མ་དང༌། བྱ་གདོང་མ་བཞི་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཆོས་རབ་ཏུ་རྣམ་འབྱེད་དང༌། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཞི་ནི་རིམ་པ་བཞིན། འཁོར་ལོའི་ཤུགས་ཅན་མ་དང༌། དུམ་སྐྱེས་མ་དང༌། ཆང་འཚོང་མ་དང༌། འཁོར་ལོའི་གོ་ཆ་མ་བཞི་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་ལྟ་


JLD009_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། རྟོག་པ་དང༌། ངག་བཞི་ནི་རིམ་པ་བཞིན། ཤིན་ཏུ་དཔའ་མོ་དང༌། སྟོབས་ཆེན་མ་དང༌། འཁོར་ལོ་སྒྱུར་མ་དང༌། བརྩོན་འགྲུས་ཆེན་མོ་བཞི་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་བཞི་ནི་རིམ་པ་བཞིན། ཁྭ་གདོང་མ་དང༌། འུག་གདོང་མ་དང༌། ཁྱི་གདོང་མ་དང༌། ཕག་གདོང་མ་བཞི་དང༌། ཡང་དག་བའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །བྱང་ཕྱོགས་སོ་འདུན་ལྷ་མོ་དང་སྦྱོར་བའི་སྐབས་སུ་ཡང་དག་པའི་ཏིང་ངེ་འཛིན་ནི་ཧེ་རུ་ཀ་དང་དངོས་སུ་སྦྱོར་བ་ན་ཆོས་སྔ་མ་ཉེར་བཞི་ཡང་རང་རང་གི་དཔའ་བོ་དང་སྦྱོར་བ་ཤེས་ནུས་ལ། དེའི་རིགས་པས་ཡང་དག་པའི་ཏིང་ངེ་འཛིན་ནི་གཙོ་མོ་དང་སྦྱོར་བ་ཡང་ཤེས་ནུས་པས། དག་པ་དེ་རྣམས་ནི་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པའི་དག་པའོ། །དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་རྣམས་བསྲུང་བ་དང༌། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང༌། མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཡང་དག་སྤོང་བ་བཞི་ནི་རིམ་པ་བཞིན། གཤིན་རྗེ་བརྟན་མ་དང༌། ཕོ་ཉ་མོ་དང༌། མཆེ་བ་མ་དང༌། འཇོམས་མ་བཞིའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཧེ་རུ་ཀར་བཤད་པའི་འོག་ཏུ་གཉེན་པོའི་ཕྱོགས་སྒྲུབ་པ་དང༌། མི་མཐུན་ཕྱོགས་འགོག་པའི་སྤོང་བ་བཞི་བཤད་པ་ནི། བྱང་ཕྱོགས་སྔ་མ་སོ་གསུམ་གྱི་བྱ་བ་དེ་གཉིས་སྒྲུབ་པ་ནི། ཧེ་རུ་ཀ་མ་ཐོབ་བར་དུ་བྱ་དགོས་པར་ཤེས་པའི་དོན་དུ་ཁྱད་པར་གསལ་བྱེད་ལས་བཤད།གཉིས་པ་ནི། རང་གི་ལུས་ཀྱི་ཆ་རགས་པ་དང་ཕྲ་བ་རྩ་དང་ཁམས་རྣམས་རྟེན་བརྟེན་པའི་ལུས་དཀྱིལ་དུ་བསྒོམས་པས། རིམ་པ་གཉིས་པའི་སྐབས་སུ་ལུས་ལ་གནད་དུ་བསྣུམ་པ་ལས་རྫོགས་རིམ་གྱི་སྟོགས་པ་


JLD009_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་སྐྱེ་བའི་རྒྱུད་སྨིན་པར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབ་པའི་ཕྱིར་དུ་གཉིས་པ་ལུས་དཀྱིལ་སྒོམ་པ་ལ་གཉིས། ལུས་རགས་པ་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་དང༌། ལུས་ཕྲ་བ་བརྟེན་པའི་དཀྱིལ་འཁོར་དུ་སྒོམ་པའོ། །དང་པོ་ནི། འདིའི་སྒོམ་ཚུལ་ནི་སྔར་འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་དེ་ཉིད་ཀྱི་རྒྱུན། ད་གཟོད་གཞལ་ཡས་ཁང་མ་བསྡུས་བར་དུ་འཇུག་པར་མོས་པའི་ལུགས་ཡིན་པས། རང་གི་རིགས་འདྲ་སྔ་མ་དང༌། ལུས་ཀྱི་ཆ་རེ་ལ་བརྟེན་ནས་རིགས་འདྲ་ཕྱི་མ་སྐྱེས་པར་སྒོམ་པ་ཡིན་ནོ། །དེའང་རྐང་པ་གཉིས་བགྲད་པ་གཞུའི་དབྱིབས་སུ་ཡོད་པ་ཡོངས་སུ་གྱུར་པ་ལས། འབྱུང་བ་རིམ་བརྩེགས་ཀྱི་རླུང་གཞུའི་དབྱིབས་ཅན་དང༌། སུམ་མདོ་གྲུ་གསུམ་གྱི་གཟུགས་སུ་ཡོད་པ་ལས་མེ་དཀྱིལ་ཟུར་གསུམ་དང༌། ལྟོ་བ་ཟླུམ་པོའི་དབྱིབས་ཅན་ལས་ཆུ་དཀྱིལ་ཟླུམ་པོ་དང༌། སྙིང་ཁ་གྲུ་བཞི་པ་ལས་ས་དཀྱིལ་གྲུ་བཞི་དང༌། སྒལ་ཚིགས་ལས་རི་རབ། སྤྱི་བོའི་རྩ་སོ་གཉིས་ལས་པདྨ། ལུས་འདོམ་གང་ཡན་མན་དང་ཕན་ཚུན་དུ་མཉམ་པ་ལས་ངོས་བཞི་མཉམ་པའི་གཞལ་ཡས་ཁང་གྲུ་བཞི་པ། ཕ་གུ་དང་དྲ་ཕྱེད་སོགས་ཀྱི་རྒྱན་གྱིས་རབ་ཏུ་མཛེས་པའི་ཧེ་རུ་ཀའི་དཀྱིལ་འཁོར། རྐང་བརྒྱད་ལས་ཀ་བ་བརྒྱད། རང་གི་ལུས་ངག་ཡིད་གསུམ་ལས་འཁོར་ལོ་གསུམ་དུ་བསམ་མོ། །གཉིས་པ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་


JLD009_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་བ་མོ་ལྟ་བུ་འཛག་པ། ཡུངས་ཀར་སྦོམ་པོའི་ཚད་ཀྱི་དཔྱིད་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཧེ་རུ་ཀ །ལྟེ་བའི་དམར་ཆ་གཏུམ་མོ་མེའི་གཟུགས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྟེ། དཔྱིད་དང་ཐིག་ལེའི་ངོ་བོ་གཉིས་སྙིང་ཁར་ཕྲད་ནས་སྙོམས་པར་འཇུག་པས་བཞུགས་པའོ། །སྙིང་ཁའི་ཤར་ལ་སོགས་པའི་འབྱུང་བ་བཞིའི་རླུང་རྒྱུ་བའི་རྩ་འདབ་སུམ་སྐོར་མ། འདོད་མ། ཁྱིམ་མ། གཏུམ་མ། བཞི་ལས། ཤར་དུ་མཁའ་འགྲོ་མ། བྱང་དུ་ལཱ་མ། ནུབ་ཏུ་ཁཎྜ་རོ་ཧི། ལྷོར་གཟུགས་ཅན་མ། ཤར་ལྷོ་ལ་སོགས་པའི་མཆོད་པ་བཞིའི་རྩ་འདབ་ལས་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །སྤྱོ་བོ་ལ་སོགས་པའི་གནས་ཉེར་བཞིར། པཱུ། ཛཱ། ཨོ། ཨ། གོ །རཱ། དེ། མཱ། ཀཱ། ཨོ། ཏྲྀ ཀོ། ཀ། ལ། ཀཱ། ཧི། པྲེ། གྲི། སཽ། སུ། ན། སི། མ། ཀུ། རྣམས་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས། རྩིབས་ཁོང་སྟོང་རྩིབས་ཤུན་གྱི་རྣམ་པ་དང་ལྡན་པའི་འཁོར་ལོ་ཉེར་བཞིའི་རྣམ་པར་བསྐྱེད་ལ་ཕྱིའི་ཡུལ་ཉེར་བཞི་དངོས་ཡིན་པར་མོས་པ་བྱའོ། །གནས་ཉེར་བཞིའི་རྩ་ཉེར་བཞི་དང་། དེའི་ནང་གི་ཁམས་ཉེར་བཞི་ངོ་བོ་དབྱེར་མེད་དུ་མོས་ལ། རྩ་དང་ཁམས་ཡོངས་སུ་གྱུར་པ་ལས་དཔའ་མོ་ཉེར་བཞི་དང་དཔའ་བོ་ཉེར་བཞིར་གྱུར་པར་བསམ་མོ། །སྤྱི་བོ་སྟེ་སྐྲ་མཚམས་པཱུལླི་ར་མ་ལ་ཡ་ན་གནས་པའི་རྩ་མི་ཕྱེད་མ་སོ་དང་སེན་མོ་འབབ་པ། རང་གི་ཁམས་དང་རྩ་གཉིས་ཡོངས་སུ་གྱུར་པ་ལས། ཁཎྜ་


JLD009_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་པཱ་ལ་དང་རབ་གཏུམ་མ། དེ་བཞིན་དུ་སྦྱར་ཏེ། སྤྱི་གཙུག་ཛཱ་ལནྡྷ་རར་ཁམས་དང་རྩ་ཕྲ་གཟུགས་མ་སྐྲ་དང་བ་སྤུ་འབབ་པ། ལས། མཧཱ་ཀཾ་ཀ་ལ་དང་གཏུམ་མིག་མ། རྣ་བ་གཡས་པ་ཨཽཌྜི་ཡ་ནར་ཁམས་དང་རྩ་བརྩེ་བ་མ་པགས་པ་དང་དྲི་མ་འབབ་པ། ལས། ཀཾ་ཀ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་ཏར་ཁམས་དང་རྩ་གཡོན་པ་མ་ཤ་འབབ་པ། ལས། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་པ་གོ་དཱ་བ་རིར་ཁམས་དང་རྩ་ཐུང་ངུ་མ་རྒྱུས་པ་འབབ་པ། ལས། སུ་ར་བཻ་རི་ཎ་དང་དཔའ་བོའི་བློ་ཅན་མ། སྨིན་མཚམས་ར་མེ་ཤཱ་རིར་ཁམས་དང་རྩ་རུས་སྦལ་སྐྱེས་མ་རུས་པ་འབབ་པ། ལས། འོད་དཔག་མེད་དང་ཁརྦ་རི། མིག་གཉིས་དེ་བཱི་ཀོ་ཊིར་ཁམས་དང་རྩ་སྒོམ་པ་མ་མཆིན་པ་འབབ་པ། ལས། རྡོ་རྗེ་འོད་དང་ལཾ་ཀའི་དབང་ཕྱུག་མ། ཕྲག་པ་གཉིས་མཱ་ལ་བར་ཁམས་དང་རྩ་དབང་མ་སྙིང་འབབ་པ། ལས། རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། ཉེ་བའི་གནས་ཏེ་ཐུགས་འཁོར་རོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཁམས་དང་རྩ་སྐྱོན་ལྡན་མ་མིག་འབབ་པ། ལས། མྱུ་གུ་ཅན་དང་ས་སྲུངས་མ། ནུ་མ་གཉིས་ཨོ་ཊེར་ཁམས་དང་རྩ་མཇུག་མ་མཁྲིས་པ་འབབ་པ། ལས། རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ༌། །ལྟེ་བ་ཏྲི་ཤ་ཀུ་ནེར་ཁམས་དང་རྩ་མ་མོ་གློ་བ་འབབ་པ། ལས། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་ཁམས་དང་རྩ་མཚན་མ་རྒྱུ་མ་འབབ་པ། ལས། རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ༌། །ཁ་ཀ་ལཾི་ཀར་ཁམས་དང་རྩ་བསིལ་


JLD009_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་མ་ངོས་ཀྱི་རྒྱུས་པ་འབབ་པ། ལས། རབ་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ། མགྲིན་པ་ལཾ་པ་ཀར་ཁམས་དང་རྩ་ཚ་བ་མ་ལྟོ་བ་འབབ་པ། ལས། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡྷོ་ཧའོ། །སྙིང་ཀཉྩིར་ཁམས་དང་རྩ་གཞོལ་མ་བཤང་བ་འབབ་པ། ལས། འཇིགས་བྱེད་ཆེན་མོ་དང་རྟ་རྣ་མ། འབྲས་བུ་གཉིས་ཧི་མ་ལ་ཡར་ཁམས་དང་རྩ་རངས་མ་མཆོགས་མའི་མཚམས་སམ་མཐའ་འབབ་པ། ལས། མིག་མི་བཟང་དང་བྱ་གདོང་མ་སྟེ་ཉེ་བའི་ཚནྡྷོ་ཧ་སྟེ་གསུང་འཁོར་རོ། །མཚན་མ་པྲེ་ཏ་པུ་རིར་ཁམས་དང་རྩ་ཤིན་ཏུ་གཟུགས་ཅན་མ་བད་ཀན་འབབ་པ། ལས། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲི་ཧ་དེ་བ་ཏར་ཁམས་དང་རྩ་སྤྱི་མ་རྣག་འབབ་པ། ལས། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ་འདུས་པའོ། །བརླ་གཉིས་སཽ་རཥྚར་ཁམས་དང་རྩ་རྒྱུ་སྦྱིན་མ་ཁྲག་འབབ་པ། ལས། རྟ་མགྲིན་དང་ཆང་འཚོང་མ། བྱིན་པ་གཉིས་སུ་བརྞ་དཱི་པར་ཁམས་དང་རྩ་སྦྱོར་བྲལ་མ་རྡུལ་འབབ་པ། ལས། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུས་པའོ། །སོར་མོ་བཅུ་དྲུག་ན་ག་རར་ཁམས་དང་རྩ་སྡུ་གུ་མ་ཚིལ་འབབ་པ། ལས། ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་གཉིས་སིནྡྷུར་ཁམས་དང་རྩ་གྲུབ་མ་མཆི་མ་འབབ་པ། ལས། པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མཐེ་བོང་བཞི་མ་རུར་ཁམས་དང་རྩ་འཚེད་པ་མ་མཆིལ་མ་འབབ་པ། ལས། རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་ཁམས་དང་རྩ་ཡིད་བཟང་མ་སྣབས་འབབ་པ། ལས། རྡོ་རྗེ་སེམས་


JLD009_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། ཉེ་བའི་དུར་ཁྲོད་དེ་སྐུ་འཁོར་རོ། །ལུས་ལ་བཀོད་པའི་ལྷ་ཞེ་བརྒྱད་པོ་དེ་ནི་ཕྱིའི་ཡུལ་ཉེར་བཞི་ན་བཞུགས་པའི་དཔའ་བོ་དང་དཔའ་མོ་དངོས་ཡིན་པར་མོས་པ་བྱའོ། །ཁ་སྟེ་ལྕེའི་རྩ་བར་གནས་པའི་རྩ་ཡོངས་སུ་གྱུར་པ་ལས། ཁྭ་གདོང་མ་དང༌། དེ་བཞིན་དུ་སྦྱར་ཏེ། ལྟེ་བའི་བུག་པའི་ནང་དང༌། རྟགས་དང༌། བཤང་ལམ་གྱི་སྒོར་གནས་པའི་རྩ་ལས་རིམ་པ་བཞིན་དུ་འུག་གདོང་མ་དང༌། ཁྱི་གདོང་མ་དང༌། ཕག་གདོང་མར་བསྒོམ། མཛོད་སྤུའི་བུག་པ་དང༌། རྣ་བུག་གཉིས་དང༌། མིག་གཉིས་དང༌། སྣ་བུག་གཉིས་ན་གནས་པའི་རྩ་རྣམས་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་དུ། གཤིན་རྗེ་བརྟན་མ་དང༌། ཕོ་ཉ་མོ་དང༌། མཆེ་བ་མ་དང༌། འཇོམས་མ་རྣམས་བསྒོམ། ལུས་ཀྱི་ལྷ་རེ་གཉིས་པོ་ཐམས་ཅད་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་ནི་སྔར་བཤད་པ་བཞིན་ནོ། ། ཕྱི་དཀྱིལ་ནས་འདིའི་བར་བསྒོམས་པ་སྐུ་གསུམ་སྒོམ་པར་འཇོག་ཚུལ་མི་འདྲ་བ་མང་ཡང༌། དཔལ་རཱ་རི་ཀ་པས། ཕྱི་དཀྱིལ་གྱི་ལྷ་སྒོམ་པ་སྤྲུལ་སྐུ་དང༌། བྱང་ཕྱོགས་སོ་བདུན་སྒོམ་པ་ཆོས་སྐུ་དང༌། ལུས་དཀྱིལ་སྒོམ་པ་ལོངས་སྐུའི་སྒྲུབ་ཐབས་སུ་གསུངས་སོ། །དགོངས་པ་ནི་གདུལ་བྱ་ཐུན་མོང་བའི་དོན་དུ་གསུངས་པ་ཤིན་ཏུ་རགས་པའི་སྐུའི་རྣམ་པ་ཅན་ཡིན་པས་སྤྲུལ་སྐུ་དང༌། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཞུགས་པའི་རྣམ་པ་ཅན་ཡིན་པས་ཆོས་སྐུ་དང༌། གདུལ་བྱ་མཆོག་གི་དོན་དུ་གསུངས་པ་ཤིན་ཏུ་ཕྲ་བའི་རྩ་དང་ཁམས་ཀྱི་སྒོ་ནས་གཟུགས་སྐུ་འཛིན་པའི་རྣམ་པ་ཅན་ཡིན་ཞིང༌།


JLD009_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དེའི་ཁམས་བྱིན་གྱིས་བརླབ་པའི་སྒོམ་པ་བདེ་བ་རྫོགས་པར་ལོངས་སྤྱོད་པས་ལོངས་སྐུར་བཞག་སྟེ་ལེགས་པ་ཡིན་ནོ། །བཞི་པ་ལ་གཉིས། གོ་ཆ་བྱ་ཞིང་ཡེ་ཤེས་པ་གཞུག་པ། དབང་བསྐུར་ནས་རྒྱས་གདབ་པའོ། །དང་པོ་ལ་གཉིས། གོ་ཆ་བཅིང་བ་དང་ཡེ་ཤེས་པ་གཞུག་པའོ། །དང་པོ་ནི། གོ་ཆ་དགོད་པ་ལ་གཉིས་ལས། རྒྱས་པ་ནི། རང་གི་སྙིང་ཁར་ༀ་ཧ་དཀར་པོ་ཡོངས་སུ་གྱུར་པ་ལས། ཟླ་གདན་ལ་རྡོར་སེམས་དཀར་པོ་རྩ་ཞལ་དཀར། གཡས་དམར། གཡོན་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་ན་རྡོ་རྗེ་དང་ཌཱ་མ་རུ་དང་མགོ་བོ། གཡོན་གསུམ་ན། དྲིལ་བུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཟླ་བའི་འོད་ཀོར་ཅན། ཕག་མོ་དང་མཉམ་པར་སྦྱོར་བ། མགོ་བོར་ན་མ་ཧི་སེར་པོ་ལས་རྣམ་སྣང་སེར་པོ། གཡས་དང་པོ་འཁོར་ལོ། སྤྱི་བཙུག་ཏུ་སྭ་ཧ་ཧུ་དམར་པོ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ། གཡས་དང་པོ་པདྨ། ཕྲག་པ་གཉིས་ལ་བཽ་ཁཊ་ཧེ་ནག་པོ་ལས་དཔལ་ཧེ་རུ་ཀ་ནག་པོ། གཡས་དང་པོ་རྡོ་རྗེ། མིག་ལ་ཧཱུཾ་ཧཱུཾ་ཧོ་དམར་སེར་ལས་རྡོ་རྗེ་ཉི་མ་དམར་སེར། གཡས་དང་པོ་རིན་པོ་ཆེ། དཔྲལ་བར་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་ངོ་བོ་ཕཊ་ཧཾ་ལྗང་གུ་ལས། རྟ་མཆོག་ལྗང་གུ་གཡས་དང་པོ་རལ་གྲི། གཡས་འོག་མ་རྣམས་ཀྱིས་ཌཱ་མ་རུ་དང་། གཡོན་དང་པོ་རྣམས་ཀྱིས་དྲིལ་བུ་དང༌། གཡོན་འོག་མ་རྣམས་ཀྱིས་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པ། ཉི་གདན་ལ་བཞུགས་ཤིང་ཉི་མའི་འོད་ཀོར་ཅན། རང་རང་གི་ཡུམ་


JLD009_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་མ་སོགས་དང་མཉམ་པར་སྦྱོར་བ། དཔའ་བོ་དྲུག་པོ་ཐམས་ཅད་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་ཐོད་པའི་དབུ་རྒྱན་དང༌། མགོ་བོའི་དོ་ཤལ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། སྤྱན་གསུམ་པ་གཡས་བརྐྱང་གིས་བཞུགས་པའོ། །བསྡུས་པ་བྱེད་ན་གནས་དྲུག་ཏུ་ཡི་གེ་ཚན་པ་དྲུག་བཀོད་ལ་ལྷ་དེ་དང་དེའི་ངོ་བོར་མོས་པ་བྱའོ། །གཙོ་མོའི་ལྟེ་བར་ༀ་བཾ་དམར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཕག་མོ་དམར་མོ། དམར་སྔོ་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ན་གྲི་གུག །ཚངས་མགོ །ལྕགས་ཀྱུ། གཡོན་གསུམ་ན་ཐོད་པ། ཁ་ཊྭཱཾ་ག །ཞགས་པ་འཛིན་པ། སྙིང་ཁར་ཧཾ་ཡོཾ་སྔོན་པོ་ལས་གཤིན་རྗེ་མ་སྔོན་མོ། ཁ་སྟེ་མགྲིན་པར་ཧྲིཾ་མོཾ་དཀར་པོ་ལས་རྨོངས་བྱེད་མ་དཀར་མོ་ཟླ་གདན་དང་ཟླ་བའི་འོད་ཀོར་ཅན། མགོ་བོར་ཧྲེཾ་ཧྲིཾ་སེར་པོ་ལས་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་གུ་ལས་སྐྲག་བྱེད་མ་ལྗང་གུ །དཔྲལ་བར་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་ངོ་བོ་ཕཊ་ཕཊ་དུད་ཀ་ལས་ཙཎྜི་ཀ་དུད་ཀ་སྟེ་ལྷག་མ་ལྔ་ཉི་གདན་དང་ཉི་མའི་འོད་ཀོར་ཅན། ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ན་ཌཱ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་སྤྱན་གསུམ་པ། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་པའི་དབུ་རྒྱན་དང་མགོ་ཕྲེང་ཅན། གཡས་བརྐྱང་


JLD009_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཞུངས་ཤིང༌། རང་རང་གི་ཡབ་རྡོར་སེམས་སོགས་དང་མཉམ་པར་སྦྱོར་བའམ། ཡུམ་རྐྱང་སྒོམ་པ་གང་མོས་བྱའོ། །བསྡུས་པ་བྱེད་ན། ལྟེ་བ་ལ་སོགས་པའི་གནས་དྲུག་ཏུ་ཡི་གེ་ཚན་པ་དྲུག་བཀོད་ལ་ལྷ་མོ་དེ་དང་དེའི་ངོ་བོར་མོས་པ་བྱའོ། །གཉིས་པ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་དང༌། རྐང་པ་གཉིས་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་བཤིག་ལ། གཡས་པ་བརྐྱང་བའི་མཐེབ་ཆེན་གྱི་སྟེང་དུ། རྐང་པ་གཡོན་པའི་མཐེབ་ཆེན་གྱིས་མནན། ལག་པ་གཉིས་ཀྱི་མཛུབ་མོ་གཉིས་མདུད་གུང་མོ་གཉིས་རྩེ་སྤྲད་ལ་བརྐྱང༌། མཐེ་བོང་གཉིས་བརྟན་པོར་སྦྱར་བ་ཐུར་དུ་བསྟན། མིང་མེད་དང་མཐེའུ་ཆུང་རྣམས་བརྐྱང་བ་འབར་བའི་ཕྱག་རྒྱ་དཔྲལ་བའི་དབུས་སུ་བཞག །མིག་ཅུང་ཟད་འོག་ཏུ་དམའ་བར་བྱས་ལ། གཡོན་ནས་གྱེན་དུ་བལྟས་ཏེ། དང་པོར་གཡོན་དང༌། དེ་ནས་གཡས་སུ་བསྐོར་ལ། ངག་ཏུ་ཕ້་ཞེས་པའི་སྒྲ་བསྒྲགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཡེ་ཤེས་པའི་འཁོར་ལོར་གྱུར་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་འོད་ཟེར་སྙིང་ཁར་བསྡུ། དེ་དང་དུས་མཉམ་དུ་དབང་གི་ལྷ་དཀྱིལ་འཁོར་པ་རྣམས་ཀྱང་སྤྱན་འདྲེན་པ་མན་ངག་ཡིན་པར་བཤད་དོ། །དེའི་ལྷ་མོ་རྣམས་ནི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དང་ཌཱ་མ་རུ་འཛིན་པའོ། །དེ་ལྟར་སྤྱན་དྲངས་པ་ལ་སྔར་ལྟར་རིག་མ་


JLD009_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་གིས་མཆོད་ལ། བཛྲ་ཨངྐུ་ཤ་ཛཿ ་ཞེས་བརྗོད་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་རང་རང་གི་སྟེང་དུ་དགུག །བཛྲ་པཱ་ཤ་ཧཱུཾ་ཞེས་པས་སོ་སོ་ལ་གཞུག །བཛྲ་སྥོ་ཊ་བཾ་ཞེས་པས་འོ་ཆུ་འདྲེན་པ་ལྟར་དབྱེར་མེད་དུ་བཅིང༌། བཛྲ་གྷཎྜ་ཧོཿ ཞེས་པས་མི་བཞེད་པ་མེད་པར་དགྱེས་བཞིན་དུ་བཞུགས་པར་བསམས་ཏེ། རྟེན་རྣམས་ལའང་འོད་ཕྲེང་དང་དུར་ཁྲོད་ལ་སོགས་པའི་བར་དུའང་བསྟིམ་མོ། །དེ་ནས་ༀ་ཡོ་ག་ཤུདྡྷ་སརྦ་དྷརྨྨཱཿ ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་དེ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་མཉམ་དུ་སྦྱར་བ་ནི། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང༌། བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མེད་ཡིན་ལ། དེ་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་ཤར་བ་ཡིན་ཞིང༌། དེའང་གཙོ་བོ་ཡབ་ཡུམ་དུ་ཤར་བའི་ཆ་ཤས་སུ་མོས་པའི་སྒོ་ནས་ང་རྒྱལ་བཟུང་ལ། ལག་པ་གཉིས་ཀྱིས་སྙིང་ཁར་པད་ཀོར་མར་དོས་སྔགས་ལན་རེ་དང་པད་ཀོར་གཡོན་དང༌། གཡས་དང༌། དབུས་གསུམ་དུ་བྱེད། མལ་ནས་བརྒྱུད་པ་རྣམས་དབུས་སུ་གསུམ་དང༌། གཡས་གཡོན་དུ་རེ་རེ་བྱེད་དེ་རྣམ་ལྔ་འདོད་པའི་ཕྱོགས་སུ་བསྐོར་བ་ཞེས་ཟེར། བྱས་པའི་མཐར། ཕྱག་རྒྱ་སྡུད་པ་ན་འཁྱུད་པའི་ཚུལ་བྱེད་པའི་སྙིང་པོའི་ཕྱག་རྒྱ་སྦྱིན་པར་བྱ་ཞིང༌། སྔར་གྱི་སྐད་ཅིག་མའི་སྔགས་བརྗོད་ལ་སྔགས་དོན་ལྟར་ང་རྒྱལ་བཟུང་ངོ༌། །གཉིས་པ་ནི། དེ་ནས་དབང་གི་ལྷ་ལ་སྔར་བཞིན་རིག་མ་བཅུ་དྲུག་གིས་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་


JLD009_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་ལྔས་ཕྱག་གཡོན་པའི་ཐོད་པ་ཅུང་ཟད་ཡོ་བར་བྱས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས། རང་དང་ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པར་བསམ་ཞིང༌། སྤྱོ་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཕག་མོ་ལ་རྣམ་སྣང༌། མཁའ་འགྲོ་ལ་སོགས་བཞི་ལ་རིན་འབྱུང༌། ཐུགས་འཁོར་གྱི་ལྷ་རྣམས་ལ་མི་བསྐྱོད་པ། གསུང་འཁོར་ལ་སྣང་མཐའ། སྐུ་འཁོར་ལ་རྣམ་སྣང༌། དམ་ཚིག་འཁོར་ལོའི་ལྷ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་བསམ་མོ། །དེས་བུམ་པའི་དབང་ཐོབ། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞི་ཕག་མོ་ལ་ཐིམ་ནས་དེ་དང་ཧེ་རུ་ཀ་སྙོམས་པར་ཞུགས་པའི་བྱང་སེམས་ལྕེ་ལ་བཞག་པ་མྱངས་པ་ལས་གསང་དབང་ཐོབ། དེ་ནས་ཧེ་རུ་ཀས་ཕག་མོ་ཕྱག་རྒྱར་གནས་པ་ལ་སྙོམས་པར་ཞུགས་པས་རླུང་ཐིམ་པ་ལས་ལྷན་སྐྱེས་ཀྱི་བདེ་བ་


JLD009_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་ཧེ་རུ་ཀས་རིགས་ཀྱི་བུ་ཁྱོད་ཀྱིས་ཕྱག་རྒྱ་དང་སྦྱར་བ་ལ་བརྟེན་ནས་ཐོབ་པའི་སྣང་བ་ཐོབ་པའི་ཡེ་ཤེས་དེ་འོད་གསལ་བར་སྒོམས་ཤིག །འོད་གསལ་དེ་ནི་སྣང་མཆེད་ཐོབ་གསུམ་གྱི་རྣམ་ཤེས་རྣམ་པར་དག་པ་ཤེར་ཕྱིན་གྱི་ངོ་བོ་ཡིན་ལ། དོན་དམ་པའི་བདེན་པ་དེ་ནི་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག །དེ་ལྟར་གཞན་གང་གིའང་རང་བཞིན་དུ་མ་མཐོང་བ་དེ་འོད་གསལ་མཐོང་བ་ཡིན་ནོ། །དེའི་དོན་རྒྱུ་འབྲས་གང་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སོ་བདུན། གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་མ་འདྲེས་པར་སོ་སོར་སྣང་བ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག །དེ་འདྲ་བའི་ཀུན་རྫོབ་དང་དོན་དམ་འོད་གསལ་གཉིས་དབྱེར་མི་ཕྱེད་པར་ཟུང་དུ་འཇུག་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་དབང་བཞི་པའོ། ཞེས་དོན་གྱི་དབང་བཞི་པ་བསྟན་པའི་དོན་གོ་བ་ལས་ཚིག་གི་སྒོ་ནས་དབང་བཞི་པ་ཐོབ། དེ་ནས་དབང་གི་ལྷ་རྣམས་རང་ལ་ཐིམ་པར་བསམ་མོ། །ལྔ་པ་ལ་གཉིས། མཆོད་པ་དང༌། བསྟོད་པའོ། །དང་པོ་ནི། ལག་པ་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ལ་མཆོད་རྫས་རྣམས་ལ་གཏོར་ཏེ་ཞལ་བཞི་པའི་སྔགས་བརྗོད་དེ་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་


JLD009_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་ཨའམ་ཀཾ་ལས་ཐོད་པའི་སྣོད་རྣམས་ཀྱི་ནང་དུ་ཧཱུཾ་ལས་མཆོད་པ་རྣམས་རང་བཞིན་སྟོང་ཉིད། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་བསྐྱེད། སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་ཆུ་གཉིས་སམ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། རིག་མ་བཅུ་དྲུག་གིས་སྔར་བཞིན་མཆོད་པ་ནི་ཕྱི་མཆོད་དོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ནས་ཙམ་པ་བཀོད་ལ། ༀ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་ཧཱུྃ་ཋ་ཋ། ཏྲཾ་ཨཱཿ ཁཾ་ཧཱུཾ་ཞེས་པ་དང་ཡི་གེ་གསུམ་བརྗོད་དེ་བྱིན་གྱིས་བརླབ། ལྷ་མོ་རོ་རྡོ་རྗེ་མས་བདུད་རྩི་སྟོབ་པ་རྡོ་རྗེའི་སྦུ་གུས་དྲངས་ནས་གསོལ་བར་བསམ་ཞིང༌། བླ་མ་རྣམས་ཀྱི་མཚན་གྱི་མཐར་ཡི་གེ་གསུམ་བཏགས་ལ་དབུལ། དེ་ནས་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྔགས་རྒྱས་བསྡུས་གང་རུང་གི་མཐར་ཡང་དེ་བཞིན་དུ་བཏགས་ལ་དབུལ། དེ་ནས་ཕྱོགས་སྐྱོང་དང་འབྱུང་པོའི་བར་རྣམས་ལའང་དབུལ་ཞིང་། རང་གི་ལྕེ་ལ་བཞག་ལ། ༀ་ཨ་མྲྀ་ཏ་སྭ་དཱ་ན་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ། ཞེས་བརྗོད་དེ་མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བསམ། སྙིང་ཁའི་ས་བོན་ལས་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་སྤྲོས་ལ། ཐོད་པ་ན་གནས་པའི་བདུད་རྩི་ལྔས་ཀྱང་མཆོད་ལ། ༀ་སརྦྦ་བཛྲ་ཀཱ་མི་ནི་སརྦ་བྷ་ཀྵཾ་ཤོ་དྷ་ཡ་གུ་


JLD009_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཧྱ་བཛྲ་ཎི་སྭཱཧཱ། ཞེས་བརྗོད་དེ་ནང་མཆོད་དོ། །དེ་ནས་ཡབ་ཡུམ་གྱི་གསང་གནས་སྦྱང་བ་སོགས་དྲན་པར་བྱས་ལ། སྔར་བཞིན་སྙོམས་པར་ཞུགས་པས་དགའ་བཞི་བསྐྱེད་དེ། ཕྱི་ནང་གི་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བསམས་ཏེ། ལྷ་ཐམས་ཅད་ཧེ་རུ་ཀའི་ཆ་ཤས་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ནི་གསང་བའི་མཆོད་པའོ། །དེ་ནས་ལྷན་སྐྱེས་ཀྱི་བདེ་བ་དང༌། དེ་ཁོ་ན་ཉིད་ཀྱི་ལྟ་བ་གཉིས་སྦྱར་ནས་ཡུན་རིང་དུ་སྒོམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །གཉིས་པ་ནི། དེ་ནས་སོ་སོའི་སྔགས་བརྗོད་པ་ན། སོ་སོའི་ལྷ་སྐུ་གསལ་པར་དམིགས་ནས། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་ར་སྭཱཧཱ། གཙོ་བོའི་སྙིང་པོའོ། །ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། བཙོ་བོའི་ཉེ་སྙིང་ངོ༌། །ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོའོ། །ༀ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝ་རྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཡུམ་གྱི་ཉེ་སྙིང་ངོ༌། །ༀ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ལཱ་མཱ་ཡཻ་ཧུཾ་ཧཱུཾ་ཕཊ། ༀ་ཥཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ༀ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་སོ། །ༀ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ༀ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ། ༀ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ༀ་ཙཎྜཱ་ཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་བནྡྷ་བནྡྷ་ཧུཾ་ཧཱུཾ་ཕཊ། ༀ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ། ༀ་མཧཱ་ནཱ་སེ་ཧུཾ་ཧཱུཾ་ཕཊ། ༀ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། ༀ་བཱི་ར་མ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཧྲཽཾ་ཧྲཽཾ་ཧུཾ་


JLD009_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ༀ་ཁརྦ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཧྲཿ ཧྲཿ ཧུཾ་ཧཱུཾ་ཕཊ། ༀ་ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཕ້་ཕ້་ཧུཾ་ཧཱུཾ་ཕཊ། ༀ་དྲུ་མ་ཙྪཱ་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ༀ་ཨེ་ར་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། ༀ་མཧཱ་བྷཻ་ར་བཱ་ཡཻ་ཧུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ༀ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ༀ་བྷ་ཀྵ་བྷ་ཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བི་ནེ་ཧུཾ་ཧཱུཾཕཊ། ༀ་སུ་རཱ་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་སབྟཔཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཱཾ་སརྦཾ་བཱ་ཏ་རྫ་ཡ་ཏ་རྫ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཤྱཱ་མ་དེ་བཱི་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཨཱ་ཀཌྜྷ་ཨཱ་ཀཌྜྷ་ཧུཾ་ཧཱུཾ་ཕཊ། ༀ་སུ་བྷ་དྲཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཧྲཱཾིཧྲཱཾི་ཧུཾ་ཧཱུཾ་ཕཊ། ༀ་ཧ་ཡ་ཀརྞེ་ཧུཾ་ཧཱུཾ་ཕཊ། ༀ་ཛྞཽཾ་ཛྞཽཾ་ཧུཾ་ཧཱུཾ་ཕཊ། ༀ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ༀ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུཾ་ཕཊ། ༀ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ༀ་ཧཱཾ་ཧཱཾ་ཧུཾ་ཧཱུཾ་ཕཊ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ༀ་ཧཱཾི་ཧཱཾི་ཧུཾ་ཧཱུཾ་ཕཊ། ༀ་ཤཽཎྜི་ནི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ༀ་ཙཀྲ་བརྨྨི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། ༀ་སུ་བཱི་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། ༀ་མཧཱ་བ་ལ་ཧུཾ་ཧཱུཾ་ཕཊ། ༀ་ཧི་ལི་ཧི་ལི་ཧུཾ་ཧཱུཾ་ཕཊ། ༀ་ཙཀྲ་བརྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ༀ་མཧཱ་བཱི་རྱེ་ཧུཾ་ཧཱུཾ་ཕཊ། དང་པོ་ཉེར་བཞི་དཔའ་བོ་ཉེར་བཞི་དང༌། གཉིས་པ་ཉེར་བཞི་དཔའ་མོ་ཉེར་བཞིའི་སྔགས་སོ། །ༀ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ༀ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ༀ་ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ༀ་ཤཱུ་ཀཱ་ར་སྱེ་ཧུཾ་ཧཱུཾ་ཕཊ། སྒོ་མ་བཞིའི་སྔགས་སོ། །ༀ་ཡ་མ་དཱ་ཌྷཱི་ཡེ་ཧུཾ་ཧཱུཾ་ཕཊ།


JLD009_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཡ་མ་དཱུ་ཏཱི་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཡ་མ་དཾ་ཥྚི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ༀ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ནི་མཚམས་མ་བཞིའི་སྔགས་སོ། །ༀ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་མཧཱ་ཀལྤགྣི་སཾ་ནི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཛ་ཊཱ་མུ་ཀུཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་དཾ་ཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི་ཧུཾ་ཧཱུཾ་ཕཊ། ༀ་བྱཱ་གྷྲཱ་ཛི་ནཱ་མྦ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ༀ་མཧཱ་དྷཱུ་མྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ། ཅེས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ་སྔགས་ཀྱི་མཆོད་པའང་ཡིན་ནོ། །དྲུག་པ་ལ་གཉིས། ལྷ་སྒོམ་པ་དང༌། དག་པ་དྲན་པའོ། །དང་པོ་ནི། འདི་ལ་སློབ་ཚུལ་གཉིས་ལས། རྒྱ་ཆེ་བ་གསལ་བ་ལ་དང་པོར་རྣམ་པ་དུ་མར་དཔྱད་ནས་སྐྱོང་བ་ནི། སྒྲུབ་ཐབས་ཀྱི་ཐོག་མ་ནས་འདིའི་བར་གྱི་དམིགས་པ་རྣམས་ལ། སྐབས་གང་ཡིན་གྱི་དམིགས་པ་དེ་ལས་གཞན་དུ་གཡེང་བ་དཀག་ནས་བྱིང་རྒོད་དང་བྲལ་བར་རིམ་པ་བཞིན་བྲེད་ཆགས་སུ་བསྒོམ། ཐ་མལ་པའི་ཞེན་པའི་གཉེན་པོར་ནི། གཞལ་ཡས་ཁང་དང་ལྷ་སྒོམ་པ་ན། སངས་རྒྱས་ཀྱི་ཞིང་དག་པ་དང༌། སངས་རྒྱས་ཀྱི་སྐུ་དེ་དང་དེ་དངོས་ཡིན་སྙམ་པའི་དག་པའི་ང་རྒྱལ་ཤུགས་ཅན་རེ་བསྐྱེད་ལ་བསྒོམ། རྟེན་བརྟེན་པ་ལ་ཐ་མལ་པའི་སྣང་བ་འཆར་བའི་གཉེན་པོར་ནི། ཡོངས་སུ་དག་པའི་རྟེན་བརྟེན་པའི་སྣང་བ་སྒོམ་པ་ན། རིམ་ཅན་དུ་སྒོམ་


JLD009_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། སྐབས་གང་ཡིན་གྱི་སྣང་བ་ཁྱད་པར་ཅན་དུ་རེ་རེ་ནས་གསལ་འདེབས་ཏེ། སྔ་མ་མ་གསལ་བར་དུ་ཕྱི་མ་མི་སྒོམ་པ་དང༌། ཕྱི་མ་སྒོམ་པའི་ཚེ་སྔ་མ་མ་བརྗེད་ཙམ་བྱའོ། །དམིགས་པ་དུ་མ་ལ་རྣམ་པ་དུ་མར་མི་དཔྱོད་པར་རྩེ་གཅིག་ཏུ་འཇོག་སྒོམ་བྱེད་པ་བསྐྱེད་རིམ་སྒོམ་པའི་གཙོ་བོ་ཡིན་པས། དེ་སྒོམ་པ་ན་དང་པོར་ཡབ་རྐྱང་ཞལ་གཅིག་ཕྱག་གཉིས་པ་གསལ་གདབ་ལ་དེ་ལ་སེམས་བཟུང་སྟེ། གང་གསལ་བཏབ་པ་དེའི་སྐོར་མིན་པར་དེ་ལས་གཞན་དུ་གང་ཤར་ཡང་དེའི་རྗེས་སུ་མི་འབྲང་བར་རྩ་བའི་དམིགས་པ་ལ་སེམས་བཟུང་། གསལ་བཏབ་པའི་སྐོར་ནས་ཆ་གཅིག་གསལ་ན་དེ་ལ་བཟུང༌། དེ་མི་གསལ་དུ་སོང་བའམ་འགྲོ་བར་སྣང་ན་སྐུའི་སྤྱི་ལ་བཟུང༌། དེ་འདྲ་བའི་སྣང་བ་སྒོམ་པ་དང༌། རང་ལྷ་དེའོ་སྙམ་པའི་ང་རྒྱལ་ཤུགས་ཅན་རེ་བསྐྱེར་ནས། དེ་ཀའི་ངང་ལ་རྩེ་གཅིག་ཏུ་སྒོམ་པའི་ང་རྒྱལ་སྒོམ་པ་སྤེལ་མར་བྱ། འདི་ལ་ཁ་ཅིག་ལ་ལྷའི་ང་རྒྱལ་མ་བཅོས་པ་སྐྱེའང་། རྟེན་བརྟེན་པའི་སྣང་བ་གསལ་པོ་མེད་པ་དང༌། ཁ་ཅིག་ལ་རྟེན་བརྟེན་པའི་སྣང་བ་གསལ་པོ་ཡོད་ཀྱང༌། བཅོས་མིན་གྱི་ང་རྒྱལ་མེད་པ་དང༌། ཁ་ཅིག་ལ་གཉིས་ཀ་ཡོད་པ་དང༌། གཉིས་ཀ་མེད་པ་སྟེ་མུ་བཞི་འོང་བར་སྣང་ངོ༌། །དེའང་ཁྱད་པར་ཅན་གྱི་ང་རྒྱལ་སྒོམ་པ་ནི་གཙོ་བོ་ཡིན་ལ། ཁྱད་པར་བའི་སྣང་བ་སྒོམ་པ་ནི་དེའི་ཡན་ལག་གོ །ཞལ་གཅིག་ཕྱག་གཉིས་པ་ལྟ་བུ་ལ་ལོབས་པ་ན། ཞལ་ཕྱག་རྫོགས་པ་དང༌། རྒྱན་དང་ཕྱག་མཚན་སོགས་རྫོགས་པ་དུས་གཅིག་ཏུ་གསལ་གསལ་དུ་བསླབ།


JLD009_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལོབས་པ་ན་ལྷ་གཞན་གཅིག་དང་གཉིས་ལ་སོགས་པ་བསྣན་ཞིང༌། དེ་རྣམས་དུས་གཅིག་ཏུ་གསལ་ནས་གནས་པ་ལ་བསླབ། དེ་ནས་ནང་ལུས་ཀྱི་དཀྱིལ་འཁོར་དང༌། གོ་ཆ་གཉིས་དང༌། གཞན་ཡས་ཁང་ལ་སོགས་པའི་གསལ་སྣང་ལ་བསླབ་བོ། །ཐུན་རེ་རེ་ལ་ང་རྒྱལ་འཕོས་པ་བརྟན་པ་དང༌། སྣང་བ་ཁྱད་པར་ཅན་དུ་སོང་ནས་ཡིད་ངོར་ཐ་མལ་པའི་སྣང་བ་ལོག་པ་དང༌། དེ་ལ་སེམས་ཀྱི་གནས་ཆ་བརྟན་ན་རགས་པ་ལ་ལོབས་པ་ཡིན་ནོ། །ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་ལ་སློབ་པ་ནི། གསལ་སྣང་ཐོབ་པ་དང༌། དམིགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་དམིགས་ནས། རྣམ་པ་རང་བཞིན་མེད་པར་ངེས་པའི་ངེས་ཤེས་དང་ལྡན་པར་སྐྱོང་བ་སྟེ། བསྐྱེད་རིམ་པའི་ཟབ་གསལ་གཉིས་མེད་ཅེས་ཀྱང་ཟེར་རོ། །ལྷ་ལ་སེམས་འཛིན་པ་སོགས་ཀྱི་ཁྱད་པར་མ་གཏོགས་པ། སེམས་དམིགས་པ་ལ་གཏོད་པའི་དྲན་ཤེས་བསྟེན་པ་དང༌། བྱིང་རྒོད་གཅོད་པ་དང༌། ཞི་གནས་དངོས་དང་རྗེས་མཐུན་པར་སོང་མ་སོང་ནི་ཐེག་པ་ཐུན་མོང་གི་ལམ་རིམ་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། དཔའ་བོ་ཉེར་བཞིའི་སྔགས་བརྗོད་དེ། སོ་དང་སེན་མོ་བསྐྱེད་པ་སོགས་ཀྱི་ལུས་ཀྱི་ཁམས་ཉེར་བཞི་དཔའ་བོ་ཉེར་བཞིའི་རང་བཞིན་དུ་དག་པར་མོས་པ་བྱ། གཙོ་བོའི་རྩ་སྔགས་དང་ཡབ་ཀྱི་གོ་ཆ་དྲུག་གི་སྔགས་བརྗོད་ལ། དེ་ལས་བྱུང་བའི་ཕྱག་རྒྱ་དྲུག་དང༌། ཉེ་བའི་ཕྱག་རྒྱ་རྣམས་དང༌། གཙོ་


JLD009_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཕྲེང་སྔགས་བརྗོད་ལ་དེ་ལས་བྱུང་བའི་མགུལ་རྒྱན་དང༌། ཡབ་ཀྱི་སྙིང་པོ་བརྗོད་ལ་དེ་ལས་བྱུང་བའི་ཐོད་པའི་དོ་ཤལ་དང༌། ཡབ་ཀྱི་ཉེ་སྙིང་བརྗོད་ལ་དེ་ལས་བྱུང་བའི་རྣ་རྒྱན་དང༌། ཡུམ་གྱི་ཉེ་སྙིང་བརྗོད་ལ་དེ་ལས་བྱུང་བའི་གླང་ལྤགས་དང༌། ཡུམ་གྱི་གོ་ཆ་དྲུག་གི་སྔགས་བརྗོད་ལ་དེ་ལས་བྱུང་བའི་སྐ་རགས་དང༌། རྣལ་འབྱོར་མ་སོ་དྲུག་གི་སྔགས་བརྗོད་ལ་དེ་ལས་བྱུང་བའི་ཐོད་པ་དང༌། ཡུམ་གྱི་སྙིང་པོ་བརྗོད་ལ་དེ་ལས་བྱུང་བའི་ཐོད་སྐམ་གྱི་དབུ་རྒྱན་དངོས་སུ་ཡོད་ན་དེ་རྣམས་ཀྱིས་ལུས་དངོས་སུ་བརྒྱན། མེད་ན་དེ་དག་ལས་བྱུང་བའི་རྒྱན་རྣམས་བཏགས་པར་མོས་པ་བྱ་ཞིང༌།རང་གི་འཆང་བའི་ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཧེ་རུ་ཀའི་སྐུའི་རང་བཞིན་དུ་མོས་པའམ་ཡང་ན་རང་གི་རུས་པའི་གཞུང་ཚིགས་ཁ་ཊྭཱཾ་གའི་རང་བཞིན་དུ་བལྟའོ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཤེས་རབ་ནི་སྟོང་པ་ཉིད་བྲག་ཆ་ལྟ་བུར་རྟོགས་པར་བྱའོ། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །བཅོམ་ལྡན་འདས་ནི་ཐབས་སྣང་ཕྱོགས་ཡིན་པས་དམིགས་པའི་ཕྱིར་ཉིན་མོ་ཞེས་གསུངས་སོ། །རྣམ་འབྱོར་མ་ནི་བཅོམ་ལྡན་འདས་མ་ནི་སྣང་བ་སྡུད་པའི་སྟོང་པའི་ཕྱོགས་ཡིན་པས་མི་དམིགས་པའི་ཕྱིར། མཚན་མོར་བརྗོད། །མྱ་ངན་ལས་འདས་པ་འོད་གསལ་ལས་བྱང་བའི་དཔའ་བོ་ནི། །སྐབས་འདིར་ཟུང་འཇུག་གི་སྐུར་མོས་པ་དང༌། དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ནི་སྟོང་པ་ཉིད་འོད་གསལ་གྱི་ངོ་བོར་མོས་པ་བྱའོ། །ཡི་གེ་བཞིའི་དོན་ནི་བཤད་ཟིན་ནོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཡིན། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་


JLD009_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་མི་གནས་པ། ཞེས་བརྗོད་ལ་དོན་དྲན་པར་བྱས་ཏེ་ཤིན་ཏུ་རྣལ་འབྱོར་རོ། །ལཱུ་ཨི་པའི་འགྲེལ་པ་རྣམས་ནས་ཕྱོགས་མཐུན་སོ་བདུན་དང་སྦྱོར་བས་ཐམས་ཅད་ཤེས་པ་ཉིད་དང༌། ས་བཅུ་རྣམ་པར་དག་པ་གནས་ལ་སོགས་པ་དང་སྦྱོར་བས་ནི་ལམ་ཤེས་པ་ཉིད་དང༌། གོ་ཆ་ནས་རྣམ་དག་གི་བར་གྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུངས་པར་འཆད་དོ། །དེ་ནི་སྒྲུབ་ཐབས་འདིར་ཕར་ཕྱིན་པའི་འཁྱེན་གསུམ་གྱི་ལམ་རྣམས་འདུས་པར་བསྟན་པའི་ཕྱིར་ཡིན་ནོ། །འདུས་ཚུལ་ནི་གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁོང་དུ་ཆུད་པའི་ཆོས་སོ་བདུན་ཕྱི་དཀྱིལ་གྱི་ལྷ་སོ་བདུན་གྱི་ངོ་བོར་གྱུར་པས་ནི་གཞི་ཤེས་བསྡུས། ལྷན་སྐྱེས་ཀྱི་བདེ་སྟོང་གི་རྟོགས་པ་ལ་ལམ་ཤེས་ས་བཅུར་བཞག་པ་ཉིད་ལ་ལུས་ཀྱི་གནས་དང་ཉེ་བའི་གནས་སོགས་སུ་མོས་པར་བྱས་པ་ལ་ལུས་དཀྱིལ་བསྒོམས་པས་ནི་ལམ་ཤེས་བསྡུས། རྣལ་འབྱོར་པ་རང་གི་གཞི་དང་ལམ་ཁྱད་གཞིར་བྱས་པའི་སྟེང་ནས་ཁྱད་པར་གྱི་ཆོས་ཀྱི་རྣམ་པ་གོ་ཆ་འཆིང་བ་སོགས་མཁྱེན་པས་ནི་རྣམ་མཁྱེན་གྱི་ལམ་བསྡུས་སོ། །བཞི་པ་ནི། དབྱངས་གསལ་ངག་ཏུ་བརྗོད་ཅིང༌། དེའི་ཚེ་དབྱངས་གསལ་གྱི་ཕྲེང་བ་འོད་ཟེར་ལྔ་ལྡན་འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོ་བ། སྣ་བུག་གཡས་པའི་རླུང་དང་འགྲོགས་ནས་འཕྲོས་པས འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སུ་བྱས། བྱས་པ་དེ་རྣམས་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་དང་རོ་མཉམ་དུ་གྱུར་ཏེ། སྣ་བུག་གཡོན་ནས་ཞུགས་ལྟེ་བར་གནས་པ་ཡོངས་


JLD009_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལས། དབྱངས་གསལ་གྱི་གཟུགས་བརྙན་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་པར་བསྒོམ། དེའི་དབུས་སུ་སྐད་ཅིག་གིས་ཧཱུཾ་ཡིག་དཀར་དམར། དེ་དང་ཟླ་བ་གཉིས་ཡོངས་སུ་གྱུར་པ་ལས། ཧེ་རུ་ཀ་དཀར་པོ་གཡས་བརྐྱང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བསྣམས་པ། ནམ་མཁའི་འཇའ་ཚོན་ལྟ་བུ། ཡུམ་རྡོ་རྗེ་ཕག་མོ་ཞལ་གཅིག་མ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པ་དང་སྙོམས་པར་ཞུགས་པས། གསང་གནས་གཉིས་བསྐྱོད་པའི་སྒྱུ་མའི་དགའ་བའི་སྒྲས་འགྲོ་བ་རྣམས་བཀུག་སྟེ་དུར་ཁྲོད་ལ་ཐིམ། དེ་ནི་རྟེན་གྱི་འཁོར་ལོ་ལ། རྟེན་གྱི་འཁོར་ལོ་སྒོ་མཚམས་མ་བརྒྱད་དང་བཅས་པ་སྐུ་འཁོར་ལ། དེ་གསུང་འཁོར་ལ། དེ་ཐུགས་འཁོར་ལ་ཐིམ། དེའི་ཤར་ནས་གཡོན་སྐོར་གྱིས་ཕྱོགས་ན་གནས་པ་བཞི་ནི་རིམ་པ་བཞིན་དུ། མཁའ་འགྲོ་མ་ནས་བཟུང་སྟེ། གཡོན་སྐོར་གྱིས་ལྷ་མོ་བཞི་ལ་དང་། དེ་ནས་མེ་ནས་བརྩམས་ཏེ་མཚམས་ན་གནས་པ་བཞི་ནི། གཟུགས་ཅན་མ་ནས་བཟུང་སྟེ་གཡས་སྐོར་གྱི་ལྷ་མོ་བཞི་ལ་ཐིམ། ཐོད་པ་བཞིའང་གཟུགས་ཅན་མ་ལ་སོགས་པ་བཞི་ལ་བསྡུ། ལྷ་མོ་བཞིའང་རང་ངོས་ཀྱི་གཙོ་བོའི་ཞལ་བཞི་ལ་རིམ་པ་བཞིན་བསྡུ། དམ་ཚིག་པ་ཡབ་ཡུམ་ནི། ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིམ། དེ་གཉིས་ཀྱང་སྙོམས་པར་ཞུགས་པས་ཞུ་བར་གྱུར། ཞུ་བ་དེ་ཡོངས་སུ་གྱུར་པ་ལས་སིནྡྷུ་རས་བྱུགས་པའི་མུ་ཏིག་


JLD009_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་ཧཱུཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེའི་ཨཱུ་ནས་ནཱ་དའི་བར་དུ་སྔ་མ་ཕྱི་མ་ལ་རིམ་གྱིས་བསྡུས་ནས། ནཱ་དའང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་དུ་བྱས་པ་ལ་སེམས་གཟུང་ངོ་། །རབ་ཀྱིས་ནི་དེའང་མི་དམིགས་པར་འོད་གསལ་དུ་བསྡུས་པ་ལ། སེམས་ནུས་ཚད་དུ་གཟུང་སྟེ་རྣལ་འབྱོར་ཆེན་པོའོ། །འདི་བསྐྱེད་རིམ་སྒོམ་རེས་ཀྱི་སྐབས་འདིར་མ་ཆག་པར་བསྒོམ། རྫོགས་རིམ་འདིའི་གནད་རྟོགས་པ་གལ་ཆེ་བར་ཡོད་པས་ལོགས་ཤིག་ཏུ་འདྲི་བར་འགྱུར་བ་ལས་ཤེས་པར་བྱའོ། །གསུམ་པ་ཐུན་གྱི་འཇུག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བཟླས་པ་ཇི་ལྟར་བྱ་བ་དང་། གཏོར་མ་ཇི་ལྟར་བྱ་བའོ། །དང་པོ་ནི། དེ་ལྟར་བསྒོམ་པ་དེས་སྐྱོ་བར་གྱུར་ན། སྟོང་པའི་ངང་ལས་རྟེན་དང་བརྟེན་པ་ཐམས་ཅད་སྐད་ཅིག་གིས་གསལ་བར་དམིགས་ལ་བཟླས་པ་བྱའོ། །རྡོར་བཟླས་སྐབས་འདིར་གསུངས་པ་ནི་འདིའི་རྫོགས་རིམ་དུ་འཆད་པ་ལས་ཤེས་པར་བྱའོ། །བཟླས་བྱའི་སྔགས་ནི་རྩ་རྒྱུད་ལས། ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། ཞེས་ཡབ་ཡུམ་གྱི་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་དང༌། གོ་ཆའི་སྔགས་ཏེ་རིན་ཆེན་བཞིའི་སྔགས་དང་ཕྲེང་སྔགས་མཆོག་ཏུ་གསུངས་སོ། །དེ་ལ་རྩ་སྔགས་སམ། ཕྲེང་སྔགས་ལ་གཉིས་ཡོད་པའི་ཡབ་ཀྱི་ཕྲེང་སྔགས་ནི། ཀ་ར་ཀ་ར་སོགས་ལ་སྔགས་ཚན་པ་ཉེར་བཞིར་མ་བཅད་པར་ཕྱོགས་གཅིག་


JLD009_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྦྲེལ་ཏེ། འགོ་བོར་ༀ་དང༌། མཐར་ཧུཾ་ཧཱུཾ་ཕཊ་སྦྱར་བའོ། །ཡབ་ཀྱི་རྩ་སྔགས་ལའང་ཀ་ར་ཀ་ར་ལ་སོགས་པའི་འགོ་བོར་ཡབ་ཀྱི་རྐང་བརྒྱད་སྦྱར་བའང་ཡོད་ཅིང༌། ཡང་ཀ་ར་ཀ་རའི་འགོར་ཡབ་ཀྱི་སྙིང་པོའི་ཕྱེད་དང་མཇུག་ཏུ་ཕྱེད་སྦྱར་བའང་ཡོད་དོ། །ཡུམ་གྱི་ཕྲེང་སྔགས་ལ་མི་འདྲ་བ་མང་དུ་ཡོད་ཀྱང༌། འཁྲུལ་སྤོང་སོགས་རྒྱ་གཞུང་འགའ་ཞིག་ལས་ནི།མངོན་བརྗོད་དང་ཕག་མོ་མངོན་འབྱུང་གཉིས་ཀར་རྐང་པ་རེ་རེའི་འགོར་ༀ་དང་མཐར་ཧུཾ་ཧཱུཾ་ཕཊ་སྦྱར་ཞིང་ཕག་མོ་མངོན་འབྱུང་ལས་དང་པོ་མ་གཏོགས་པ་རྐང་བརྒྱད་རེ་རེའི་འགོར་ན་མོ་མེད་ལ། མངོན་བརྗོད་ལས་ནི་རེ་རེའི་འགོར་ན་མོའང་སྦྱོར་བར་བཤད་དོ། །ༀ་ན་མོ་བྷ་ག་ཝ་ཏཱི་བཛྲ་པཱ་རཱ་ཧི་བཾ། ཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་མཧཱ་བིདྱ་ཤྭ་རི། སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མཧཱ་བཛྲ། བཛྲཱ་ས་ནི་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི། ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི།ནི་ཡང་ལ་སྦྱར་བ་དང་མར་ལ་སྦྱར་བ་གཉིས་ཀ་ཡོད་དོ། །ཏྲཱ་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ། བི་ཛ་ཡེ་ཛཾ་བྷ་ནི་སྟམྦྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧི་མཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ །ཏདྱ་ཐཱ། པྲོ་ཏདྒེ་པྲོ་ཏདྒེ། ཧ་ན་ཧ་ན་པྲཱ་ཎཱི། ཀཾིཀི་ནི་ཁཾི་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷཱ་རི་ནི། མཧཱ་པི་ཤི་ཏ་མཱཾ་སཱ་ས་ནི། མ་ནུ་ཥནྟྲ་པྲཱ་བེཏྟེ་སནྣི་དྷྱ། ན་རི་སི་ར་མཱ་ལི། གྲྀ་ཐི་ཏ་དྷ་ར་ཎཱི། སུམྦྷ་ནི་སུམྦྷ། ཧ་ན་ཧ་ན། པྲཱ་ཎཱཾ་སརྦ་པཱ་པ་སཏྭཱ་ནཱཾ་སརྦ་པ་ཤུ་ནཱཾ། མཧཱ་མནྶ་ཙྪེ་ད་ནི་ཀྲོ་དྷ་མཱུ་རྟི་དཾཥྚྲཱ་ཀ་རཱ་ལི་ནི་མཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་པེ། ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྲཱ་ལི་ཏ་ཏེ་ཛ་སེ། ཛྭ་ལ་


JLD009_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁེ། པཾི་ག་ལ་ལོ་ཙ་ནེ། བཛྲ་ཤྭ་རཱི་རེ་བཛྲཱ་ས་ནི། མི་ལི་ཏེ་ནི་མི་ལི་ཏེ། ཧེ་ཧེ་ཧཱུཾ་ཧཱུཾ། ཁ་ཁ། དྷུ་དྷུ། རུ་རུ་དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ། མཧཱ་ཡོ་གི་ནཱི། པ་ཐི་ཏ་སིདྡྷེ། དྲཻཾ་བྷཾ་དྲཻཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷཱི་མེ་ཧ་ས་ཧ་ས་བཱི་རེ། ཧཱ་ཧཱ། ཧོ་ཧོ། ཧཱུཾ་ཧཱུཾ། ཏྲཻ་ལོཀྱ་བི་ནཱ་ཤ་ནི་ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་བ་རི་བཱ་རེ་ཏེ་ཧཱུཾ་ཧཱུཾ་ཕཊ། སཾི་ཧ་རུ་པེ་ཁ། ག་ཙ་རཱུ་པེ་ག་ཏྲཻ་ལོཀྱ་ཨུ་དྷ་རེ་ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧུཾ་ཧཱུཾ་ཕཊ། བཱི་རཱ་དྭེ་ཏེ་ཧཱུཾ་ཧཱུཾ། ཧ་ཧ་མཧཱ་བ་ཤུ་མོ་ཧེ་ནི་ཡོ་གཱི་ཤྭ་རི་ཏྭཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཱཾ་བནྡྷ་ནི་སདྱ་པྲདྱ་ཡ་ཀཱ་རི་ཎི་ཧུཾ་ཧཱུཾ་ཕཊ། བྷཱུ་ཏ་ཏྲཱ་ས་ནཱི་མཧཱ་བཱི་རེ་པ་ར་མ་སིདྡྷེ་ཡོ་གཱི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ།སྔགས་འདི་རྣམས་ལ་གཞུང་རྣམས་ལས་འདྲ་མིན་ནང་དུ་འབྱུང༌། ཞེས་སྟོད་དུ་ཡུམ་གྱི་རྐང་བརྒྱད་དང་བཅས་པ་གཅིག་བཤད། མངོན་བརྗོད་ཀྱི་ཉི་ཤུ་པ་དང༌། ཕག་མོ་མངོན་འབྱུང་ལས། རྐང་བརྒྱད་དང་ཏདྱ་ཐཱ་མེད་པར། ༀ་བཛྲ་བཱ་རཱ་ཧཱི་པྲོ་ཏདྒ་ནས། ཡོ་གི་ཤྭ་རི་ཕཊ་ཀྱི་བར་ལ་འགའ་ཡར་མ་གཏོགས་པ་སྔར་དང་འདྲ་ལ། མཐར་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་འབྱུང་བས། རྐང་བརྒྱད་ཡོད་མེད་གཉིས་ཡོད་དོ། །སྙིང་པོ་གཉིས་དང་ཉེ་སྙིང་གཉིས་ནི་བཤད་ཟིན་ནོ། །གོ་ཆ་ལ་ༀ་ཧཱ་སོགས་དྲུག་གི་ཐོག་མར་ༀ་དང༌། མཐར་ཧཱུཾ་ཧཱུཾ་ཕཊསྦྱར་བ་དང༌། བཛྲ་སཏྭ་སོགས་མཚན་སྔགས་དྲུག་ལ་སྔར་བཞིན་སྦྱར་བ་གཉིས་རྩ་རྒྱུད་ཀྱི་འགྲེལ་པར་དཔའ་བོ་རྡོ་རྗེས་བཤད་ལ། ཡང་དེས་དཔའ་བོའི་གོ་ཆ་དྲུག་པོ་སྦྲེལ་ནས་ཐོག་མཐར་སྔར་བཞིན་སྦྱར་བ་དང༌། དེ་བཞིན་དུ་དཔའ་


JLD009_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གོ་ཆ་ལ་ཡང་སྦྱར་བར། བཤད་དོ། །དཔའ་བོ་ཉེར་བཞིའི་སྔགས་ལ་རང་རང་གི་མཚན་སྔགས་མེད་པ་དང༌། མཚན་སྔགས་ཡོད་པ་གཉིས་ཀྱི་དང་པོ་ནི། ལཱུ་ཨི་པས་མཛད་པ་སྔར་བཤད་པ་ལྟ་བུའོ། །མཚན་སྔགས་ཡོད་པ་ལ་མཚན་སྔགས་རྐྱང་པའི་ཐོག་མཐར་སྔར་བཞིན་སྦྱར་བ་དང༌།ༀ་ཁཎྜ་ཀ་པཱ་ལ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལྟ་བུའོ། །རྩ་སྔགས་ཉེར་བཞིར་བཅད་པ་དང་སྤེལ་བ་གཉིས་ཀྱི་ཕྱི་མ་ལ་ཐོག་མཐའ་བར་དུ་སྤེལ་ཚུལ་གསུམ་གསུངས་སོ། །ༀ་ཁཎྜ་ཀ་པཱ་ལ་ཀ་ར་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལྟ་བུ་ཐོག་མ་དང༌། ༀ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལྟ་བུ་ཐ་མ་དང༌། ༀ་ཀ་ར་ཁཎྜ་ཀ་པཱ་ལ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལྟ་བུ་བར་དུ་སྤེལ་པའོ། །དཔའ་བོ་དང་དཔའ་མོ་གཉིས་ཀའི་མཚན་སྔགས་སྦྲེལ་བའང་བཤད་ལ།དཔའ་བོ་རྡོ་རྗེས་དཔའ་བོའི་མཚན་སྔགས་ཉེར་བཞི་བསྒྲིགས་པ་ལ་ཐོག་མར་ༀ་དང༌། མཐར་ཧཱུཾ་གཉིས་དང་ཕཊ་སྦྱར་བ་ནི་དཔའ་བོའི་སྙིང་པོ་དང་ཉེ་སྙིང་བསྡུས་པ་དང༌། དཔའ་མོ་ཉེར་བཞི་ལའང་དེ་བཞིན་དུ་བྱས་པ་ནི་དཔའ་མོའི་སྙིང་པོ་དང་ཉེ་སྙིང་བསྡུས་པའི་ལུགས་སུ་བཤད་དོ། །ཁྱད་པར་གསལ་བྱེད་ལས། ༀ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལི། པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་ཅེས་སྦྱར་བ་ཞིག་ཀྱང་ཡོད་དོ། །ལྷ་མོ་གཞན་བཅུ་གཉིས་ཀྱི་སྔགས་ནི་སྔར་ལྟར་རོ། །གཞན་ཡང་ལྷ་དྲུག་ཅུའི་སྔགས་ཤིན་ཏུ་བསྡུས་པ་བྱེད་ན། རྀ་ལྀ་བཞི་དང་། མ་ཡིག་དོར་བའི་ཀ་ཙ་ཊ་ཏ་པའི་སྡེ་ཚན་གྱི་ཡི་གེ་ཉེར་བཞི་དང༌། ཡ་ར་ཝ་ལ་བཞི་དང༌། ཤ་ཥ་ས་ཧ་བཞིའི་འགོར་ཐིག་ལེ་བྱིན་ནས། ཐོག་མར་ༀ་དང་མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་རྣམས་རིམ་པ་བཞིན་དུ་སྙིང་པོའི་རྣལ་འབྱོར་མ་བཞི་དང་། འཁོར་ལོ་གསུམ་གྱི་ལྷ་ཟུང་ཉེར་བཞི་དང༌། སྒོ་མ་


JLD009_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་མཚམས་མ་བཞིའི་སྔགས་སུ་རྀ་རཱྀ་ལྀ་སོགས་པའི་ཡི་གེ་སོ་དྲུག་ལྷ་དེ་རྣམས་ཀྱིས་མངོན་དུའང་ མངོན་བརྗོད་ལས་བཤད་དེ། ས་བོན་སོ་དྲུག་སྦྲེལ་ནས་ཐོག་མཐར་སྔར་བཞིན་སྦྱར་ཡང་ཆོག་གོ །མི་རུས་ཀྱི་ཕྲེང་བའམ་བོ་དེ་ཙེ་ལ་སོགས་པ་ཕྲེང་ཐག་གཞོན་ནུ་མ་མ་ཉམས་པས་བཀལ་བའི་རས་བལ་གྱི་སྐུད་པ་ལས་བྱས་པ། བསང་སྦྱང་བྱས་ཏེ་ཕྲེང་བའི་བསྐྱེད་ཆོག་རྒྱས་པའམ། དེ་མ་གྲུབ་ན་སྐད་ཅིག་གིས་གསུང་རྡོ་རྗེ་པདྨ་གར་དབང་དུ་བསྐྱེད། རང་འདྲའི་ཡེ་ཤེས་པ་དང་གཅིག་ཏུ་བྱ། བུམ་ཆུས་གཏོར་ལ་མཆོད་ནས། ༀ་པདྨ་ནྲི་ཏྱེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ་ཅེས་པའམ། སྭཱཧཱ་ཧཱུའི་ཐོག་མཐར་སྔར་བཞིན་སྦྱར་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གསུང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམས་ལ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་བཟུང་སྟེ་གཙོ་བོའི་སྙིང་པོ་དང་ཉེ་སྙིང་བཟླ་ན། རང་གི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་དཀར་དམར་རམ། ནཱ་ད་རྐྱང་པ་དཀར་དམར་བལྟས་ལ། དེ་ལ་བཟླ་བྱའི་སྔགས་ཀྱིས་འཁོར་བར་དམིགས་ཏེ། དབུས་ཀྱི་ཡི་གེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་སྤྲོས་ནས་འགྲོ་བའི་དོན་བྱས། སླར་སྡུད་པའི་ཚེ་དབུས་ཀྱི་ཡི་གེ་ལ་སྡུད་པའི་ཚུལ་གྱིས་བཟླ་ལ། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་དང་ལྷ་གཞན་རྣམས་ཀྱི་སྔགས་བཟླ་ན་རང་རང་གི་ཐུགས་ཀར་ཉི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་དགོད་ལ་དེ་ལ་བཟླ་བྱའི་སྔགས་ཀྱིས་འཁོར་བར་དམིགས་ནས། སྔར་བཞིན་


JLD009_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བསྡུའི་ཚུལ་གྱིས་བཟླ་སྟེ་དམ་ཚིག་གི་བཟླས་པའོ། །ཡབ་ཡུམ་གྱི་ཕྲེང་སྔགས་བཟླ་ན། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས། སྔགས་ཕྲེང་རང་གི་ཞལ་ནས་ཞུགས་ཏེ། རྡོ་རྗེ་ལམ་ནས་ཡུམ་གྱི་པདྨར་ཞུགས་དེའི་དྷཱུ་ཏཱིའི་ལམ་ནས་སྟེང་དུ་བྱུང་སྟེ། གཙོ་མོའི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ཤིང་ནཱ་དར་ཐིམ་པ་དང༌། ཡང་སྔར་བཞིན་འཁོར་བར་བསྒོམས་ནས་བཟླ་སྟེ་དོ་ལིའི་བཟླས་པའོ། །སེམས་མ་ཡེངས་པ་ལ་འབད་ནས་བཟླ་བའི་སྐྱོན་ཧ་ཅང་མྱུར་བུལ་དང་ཧ་ཅང༌ སྒྲ་ཆེ་བ་དང་རིང་ཐུང་གི་ཚད་ལས་ཉམས་པ་དང༌། དེ་གཉིས་ལྡོག་ནས་འདོན་པ་སོགས་དང་བྲལ་བར་བྱ་ཞིང༌། མཐེ་བོང་ལྕགས་ཀྱུར་བྱས་ལ། ལྷ་རྣམས་འགུགས་པའི་ཚུལ་གྱིས་བཟླའོ། །འདི་ལ་ཡིད་བཟླས་རྡོ་རྗེའི་བཟླས་པ་དང་ངག་བཟླས་གཉིས་ཀ་ཡོད་ལ། དེའང་ཐུན་གྱི་ངོ་བོ་ལ་མ་ཡེངས་པར་བཟླས་པ་རྣམས་གྲངས་སུ་གཞུག་གི་ཐུན་བར་དུ་བཟླས་པ་དང༌། སེམས་གཡེངས་ནས་བཟླས་པ་སོགས་ནི་གྲངས་ལ་མི་ཕན་ཡང་བཟླ་བར་ནི་བཤད་དོ། །གཞན་ལ་དབང་བསྐུར་བ་དང༌། རང་ཉིད་བདག་འཇུག་བྱེད་པ་དང༌། རབ་གནས་སོགས་ལ་དབང་བ་ལ། སྔོན་དུ་བསྙེན་པ་གལ་ཆེ་ལ་དེ་ལ་གཉིས་ལས། རྒྱས་པ་ནི། གཙོ་བོ་ཡབ་ཡུམ་ལ་ཁྲི་ཕྲག་གསུམ་གསུམ། འཁོར་ལོ་གསུམ་གྱི་ལྷ་རེ་རེ་ལ་ཁྲི་ཕྲག་གཉིས་གཉིས། ལྷ་མོ་གཞན་བཅུ་གཉིས་པོ་རེ་རེ་ལ་སྟོང་ཕྲག་ཕྱེད་དྲུག་རེ་བཟླ་བར་བཤད་དོ། །འབྲིང་དང་བསྡུས་པ་ནི་གཙོ་བོ་ལ་འབུམ་དང་། འཁོར་ལ་ཁྲི་ཕྲག་རེ།


JLD009_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྡུས་གཉིས་ཀ་ལ་ཐུན་མོང་དུ་ཡེ་ཤེས་འབེབས་པའི་སྔགས་ཁྲི་ཕྲག་གཅིག་བཟླ་སྟེ། གཙོ་བོའི་སྔགས་ནི་སྙིང་པོའི་སྔགས་སུ་གསུངས་ཏེ་དེས་གཞན་ཡང་མཚོན་ནོ། །གཉིས་པ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཤ་དང་ཆང་ལ་སོགས་པ་དང་ལྡན་པ་བཤམས་ལ་ཞལ་བཞི་པའམ་དུམ་སྐྱེས་མའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ་དང༌། དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུབ་གསུམ་པ། གྲྭ་གསུམ་དུ་རཾ་མམ་མེ་འབར་བས་མཚན་པའི་སྟེང་དུ་ༀ་ཨཱཿ ཧཱུཾ་གསུམ་ལས་བྱུང་བའི་མི་མགོ་རློན་པའི་སྒྱེད་བུ་གསུམ་ལ་གནས་པའི་ཨ་དཀར་པོ་ལས་བྱུང་བའི་ཐོད་པ་དུམ་དུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་གཏོར་མའི་རྫས་རྣམས་ཤར་དུ་ༀ་དཀར་པོ་ལས་གསང་བའི་སྨན་དྲི་ཆེན། བྱང་དུ་ཁཾ་ལྗང་གུ་ལས་ཀླད་པ། ནུབ་ཏུ་ཨཾ་དམར་པོ་ལས་བྱང་སེམས་དཀར་པོ། ལྷོར་ཏྲཾ་སེར་པོ་ལས་རཀྟ། དབུས་སུ་ཧཱུཾ་མཐིང་ག་ལས་དྲི་ཆུ་རྣམས་ལ་སླར་ཡང་ཡི་གེ་དེ་དག་གིས་མཚན་པ། མེ་ནས་བརྩམས་ཏེ་མཚམས་བཞི་དང༌། དབུས་ཀྱི་བར་དུ་གཡས་སྐོར་གྱིས་ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་དཀར་སྔོ་དམར་ལྗང་དམར་པོ་ལས། རིམ་པ་བཞིན་དུ། བ་ལང༌། ཁྱི། གླང་པོ་ཆེ། རྟ། མིའི་ཤ་ལྔ་ལ་སླར་ཡང་ཡི་གེ་དེ་དག་གིས་མཚན་པར་བསམ་མོ། །དེ་


JLD009_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རླུང་གཡོས་པ་ལས་མེ་འབར་བའི་དྲོད་ཀྱིས་རྫས་རྣམས་ཡི་གེ་དང་བཅས་པ་ཞུ་ནས། ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་དུ་བལྟའོ། །དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རང་བཞིན་ཅན་མགོ་ཐུར་དུ་བལྟ་བ་ཐོད་པར་ལྷུངས་ཏེ་ཞུ་བས། བཅུད་དེ་དག་དངུལ་ཆུའི་མདོག་ཅན་བསིལ་བར་གྱུར་པར་བསམ་མོ། །དེ་ནས་དབྱངས་གསལ་གྱི་ཐོག་མར་ༀ་དང༌། མཐར་ཧཱུཾ་ཧཱུཾ་ཕཊ་དང་བཅས་པ་བརྗོད་པས། ཡི་གེ་དེ་ཉིད་ཁ་དོག་སྣ་ཚོགས་པ་བདུད་རྩིའི་སྟེང་དུ་གནས་པར་བལྟས་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས། ༀ་དཀར་པོ་ཨཱཿ དམར་པོ་ཧཱུཾ་སྔོན་པོ་སྟེང་ནས་སྟེང་དུ་གནས་པ་ལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ལ་སོགས་པ་ན་གནས་པའི་བདུད་རྩི་དང༌། ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང༌། དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས། ཡེ་ཤེས་ཀྱི་བདུད་རྩི་བཀུག་ཅིང༌། འོད་ཟེར་གྱིས་འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷར་བྱས་པའི་དཔའ་བོ་དང༌། དཔའ་མོ་བཀུག་པ་རྣམས་ཀྱང་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བ་ཡི་གེ་གསུམ་ལ་ཐིམ། དེ་གསུམ་ཡང་རིམ་གྱིས་ཞུ་བ་ཐོད་པར་ཐིམ་པར་བསམས་ལ། ཡི་གེ་གསུམ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ་བོ། །གཏོར་མགྲོན་ནི་སྔར་བཤད་པ་ལྟར་གྱི་འབར་བའི་ཕྱག་རྒྱ་དང་སྔགས་ཀྱིས། དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་སོགས་འཁོར་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་སྤྱན་


JLD009_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་མདུན་དུ་བཞག་ལ། མཆོད་ཡོན་སོགས་སྔོན་དུ་འགྲོ་བས་མཆོད་དོ། །དེ་ནས་ལག་པ་གཉིས་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མའི་རང་བཞིན་དུ་གྱུར་པའི་དབུས་སུ་ཧཱུཾ་ཡིག་བལྟས་ཏེ། ༀ་ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦྦ་དྷརྨཱཿ བ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱཿ ༀ་ཨཱ་ཧཱུཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བས། ཟླ་ཉི་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཐལ་མོར་བྱས་པའི་ལག་མཐིལ་དུ། བདུད་རྩི་གཏོར་མའི་སྣོད་དངོས་སུ་བཞག་པའམ་བཞག་པར་མོས་ཏེ། དེ་ནས་མགྲོན་གྱིས་གཏོར་མ་བདག་གིར་མཛད་པའི་ཕྱིར་དུ་རང་གི་འདོད་དོན་བརྗོད་དེ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་མཆོད་པའི་འཁོར་གསུམ་པོ་རྣམས་བདེ་སྟོང་གི་ངོ་བོར་དབྱེར་མེད་པར་བལྟས་ལ། ལྷ་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་བཀོད་དེ་སྔར་ལྟར་བྱིན་གྱིས་བརླབས། རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་བསམ་ཞིང༌། ༀ་ཨཱཿ བཛྲ་ཨཱ་ར་ལི་ཧོཿ ཛཿ ཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀར་ཤྱ་ཧོཿ ལན་ཅིག་བརྗོད་པས་གཙོ་བོ་དང་། ལན་གཉིས་པས་གཙོ་མོ་དང༌། ཤར་ནས་གཡོན་དུ་བསྐོར་ཏེ་ལན་གསུམ་པས་


JLD009_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་སོགས་བཞི་དང༌། ཡང་གཏོར་སྣོད་ཤར་ནས་ཕྱོགས་བཞི་གཡོན་སྐོར་དང༌། མེ་ནས་མཚམས་བཞི་གཡས་སུ་བསྐོར་ཏེ། རྩ་སྔགས་ལན་ཅིག་བརྗོད་དེ་འཁོར་ལོ་གསུམ་གྱི་ལྷ་རྣམས་དང༌། ཤར་ནས་ཕྱོགས་གཡོན་དུ་བསྐོར་ཏེ། སྔགས་སྔ་མ་ལན་ཅིག་གིས་སྒོ་མ་བཞི་དང༌། མེ་ནས་མཚམས་གཡས་སུ་བསྐོར་ཏེ། སྔགས་དེ་ལན་ཅིག་གིས་མཚམས་མ་བཞི་ལ་དབུལ་ཞིང་རིག་མ་བཅུ་དྲུག་གིས་མཆོད་དེ་རྐང་བརྒྱད་ཀྱིས་བསྟོད་ལ་འདོད་དོན་ལ་གསོལ་བ་གདབ་བོ། །དེ་ནས་སྔར་སྤྱན་དྲངས་པའི་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པའི་རྗེས་ལ། བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པར་བསམས་ལ། ཕྱོགས་གཡོན་དང་མཚམས་གཡས་སུ་བསྐོར་ཏེ། ༀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པསྨཱ་ར། བཛྲ་ཌཱ་ཀ །ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞཱ་ནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་པ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀ་ཏྀ་ཡ། སད་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟུ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གཉིས་བརྗོད་དེ་ཕྱོགས་དང་མཚམས་ན་གནས་པ་ལ་དབུལ་ལོ། །ཕྱོགས་སྐྱོང་ལ་སོགས་པས་བདུད་རྩི་དེ་གསོལ་པས་ལུས་བདེ་བ་ཆེན་པོས་ཚིམ་པར་བསམ་མོ། །དེའི་རྗེས་ལ་མགྲོན་དེ་རྣམས་སྤྱི་ལ་སོ་རྩི་ལ་སོགས་པ་དབུལ་ཞིང༌། རིག་མ་


JLD009_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་གིས་མཆོད། རྐང་བརྒྱད་ཀྱིས་བསྟོད་ལ། མཉེས་པའི་དོན་དུ་འཆད་པ་ལྟར་ལག་པས་བརྡ་བྱ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་དཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །བདེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་འདི་ཞེས་བྱ་བ་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །


JLD009_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ཅེས་འདོད་དོན་ལ་གསོལ་བ་གདབ་བོ། །དེ་ནས་ཆོ་ག་ལྷག་ཆད་ཁ་སྐོང་བའི་དོན་དུ་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས། ཡིག་བརྒྱ་བཟླས་པའི་འོག་ཏུ། ༀ་ཡོ་ག་ཤུདྡྷཿ སརྦ་དྷརྨྨཿ ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང༌། སྙིང་ཁར་པད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱས་ལ། ཕྱག་རྒྱ་སྡུད་པ་ན་ལག་པས་འཁྱུད་པའི་ཚུལ་བྱ་ཞིང༌། མཐེ་བོང་དང་སྲིན་ལག་གིས་སེ་གོལ་གཏོག་པ་སྔོན་དུ་འགྲོ་བས། ༀ་བཛྲ་མུཿ ཞེས་བརྗོད་དེ། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ་ཞིང༌། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ལྟར་བདག་ཉིད་རྣམས་བསམ་ཞེས་སོགས་རྗེས་སྤྱོད་ཀྱི་རྣལ་འབྱོར་རྣམས་ཀྱང་ཤིན་ཏུ་རྣལ་འབྱོར་དུ་བཤད་པས་བཟླས་པ་དང་གཏོར་མ་སོགས་ཀྱང་ཤིན་ཏུ་རྣལ་འབྱོར་དུ་བསྡུའོ། །དེ་ནས་ཕྱི་དཀྱིལ་གྱི་འཁོར་གྱི་ལྷ་རྣམས་སྔར་བཞིན་བསྡུས་པའི་འོག་ཏུ། ལུས་དཀྱིལ་གྱི་སྒོ་མཚམས་མ་བརྒྱད་སྐུ་འཁོར་དང༌། དེ་གསུང་འཁོར་དང༌། དེ་ཐུགས་འཁོར་གྱི་ལྷ་དང༌། དེ་རྣམས་ཀྱང་རྣལ་འབྱོར་མ་བཞི་ཐོད་པ་དང་བཅས་པ་ལ་བསྡུ་ཞིང༌། དེ་བརྒྱད་ཀྱང་ནང་གི་ཧེ་རུ་ཀ་ཡབ་


JLD009_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དང༌། དེ་གཉིས་ཀྱང་གནས་དེར་ཐིམ་ནས། རྩ་དང་ཁམས་ཐམས་ཅད་བྱིན་གྱིས་བརླབས་པར་བསམས་ལ། ལྷག་མ་སྔར་བཞིན་བསྡུས་ཏེ། ལྡང་བ་ན་ཧེ་རུ་ཀ་ཕྱག་གཉིས་པ་ཡབ་ཡུམ་དུ་ལངས་ལ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ཅེས་དང༌། ལྷ་མོ་ཚད་མ་ཞེས་སོགས་དང༌། སྔར་གྱི་སེམས་བསྐྱེད་སྨོན་ལམ་དུ་བསྒྱུར་ལ་བསགས་པའི་དགེ་བ་བསྔོ་བར་བྱའོ། །གཉིས་པ་ཐུན་སྔ་ཕྱིའི་བར་དང་ཐུན་གཞན་ལ་ཇི་ལྟར་བྱ་བ་ལ་གཉིས། ཐུན་སྔ་ཕྱིའི་བར་ལ་ཇི་ལྟར་བྱ་བ་དང༌། ཐུན་གཞན་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། རང་ཕྱག་གཉིས་པ་ཡུམ་བཅས་སུ་ལངས་པ་ལ་གོ་ཆ་གཉིས་བགོ །སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་ཉི་གདན་ལ་པཱུ་ཛ་སོགས་ཡི་གེ་ཉེར་བཞི་མགོ་བོར་ཐིག་ལེས་བརྒྱན་པ་བཀོད་པའི་གོ་ཆ་ཆེན་པོས་ཀྱང་བསྲུང༌། གཡོན་པའི་མཐེབ་མཛུབ་ཀྱིས་ཤར་ནས་གཡོན་སྐོར་དུ་སེ་གོལ་གཏོག་ཅིང༌། ཞལ་བཞི་པའི་སྔགས་བརྗོད་པའི་ཚམ་ངམ་སྔགས་ཀྱིས་བསྲུང་བའང་བྱ། མཐོང་ཐོས་ལ་སོགས་པའི་སེམས་ཅན་ཐམས་ཅད་འཁོར་ལོ་བདེ་མཆོག་ཏུ་བལྟ་བའི་ཚངས་སྤྱོད་ལ་རྟག་ཏུ་གནས་པ་དང༌། བླ་མ་དང་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་མཐོང་བའི་ཚེ་བདེ་མཆོག་ཏུ་མོས་ནས་རྐང་བརྒྱད་ཀྱིས་


JLD009_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཅིང༌། རང་ཉིད་ལའང་དེས་མཆོད་པར་བྱའོ། །ཁམས་གསུམ་གྱི་འཁོར་ལོ་ཐམས་ཅད་བདེ་བའི་མཆོག་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་པར་སྡོམ་པ་ལ་གནས་ནས། བདེ་སྟོང་གི་ཏིང་ངེ་འཛིན་རྒྱས་པའི་ཕྱིར་དུ། འདོད་ཡོན་སྤྱི་དང་བྱེ་བྲག་ལ་སེང་གེ་བཞིན་དུ་མི་འཇིགས་པར་ལོངས་སྤྱད། ཧེ་རུ་ཀའི་ང་རྒྱལ་གྱི་ངང་ནས་ལུས་ཀྱི་བསྒུལ་བསྐྱོད་དང༌། ངག་གི་སྨྲ་བརྗོད་བཏང་སྙོམས་པ་རྣམས་ཀྱིས་ཀྱང་ཕྱག་རྒྱ་བཅིང་བ་དང༌། སྔགས་བཟླ་བ་དང་འདྲ་བའི་ཚོགས་སྡུད་པར་གསུངས་པས་སྤྱོད་ལམ་ཀུན་ཏུ་དེའི་ང་རྒྱལ་རྒྱུན་ལྡན་བྱ། ཁྲུས་བྱེད་ན་ཆུ་དབང་བསྐུར་བའི་སྐབས་ལྟར་བྱའོ། །ཁ་ཟས་ཀྱི་དུས་སུ་ནི་རང་གི་ལུས་དཀྱིལ་སྐད་ཅིག་གིས་གསལ་གདབ། ཁ་ཟས་ཀྱི་ཆ་ཤས་ཤིག་གཏོར་མའི་བསྐྱེད་ཆོག་ལྟར་རམ་ཡང་ན་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ༀ་ཁ་ཁ་ཞེས་སོགས་ལན་ཅིག་བརྗོད་དེ། ཕྱོགས་སྐྱོང་ལ་གཏོར་མ་དབུལ། དེ་ནས་རང་གི་བཟའ་བཏུང་རྣམས་བྱིན་གྱིས་རློབ་པ་ནི། ལག་པ་གཡས་ལ་ཧོ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྣམ་སྣང་གི་ངོ་བོ་ཧོ་ཡིག་གིས་མཚན་པ་བསམས་པ་ལ། བཟའ་བཏུང་གི་སྣོད་དངོས་སུ་བཞག་པའམ་བཞག་པར་མོས་པ་བྱ། ལག་པ་གཡོན་པ་ལ་ཧ་དམར་པོ་ལས་སྐྱེས་པའི་སྣང་མཐའི་རང་བཞིན་པདྨ་དམར་པོ་འདབ་མ་བརྒྱད་པ་ཧས་མཚན་པས་ཁ་དགབ། རྫས་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧྲཱིཿ སྔོན་པོ་མི་བསྐྱོད་པའི་རང་བཞིན་ཅན་བལྟས་ལ། སྔགས་དེ་གསུམ་ལན་གསུམ་མམ་


JLD009_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའམ་བདུན་བརྗོད་པས། ཧས་ཁ་དོག་དང༌། ཧོས་དྲི་དང༌། ཧྲཱིཿ ས་ནུས་པའི་སྐྱོན་རྣམས་བཅོམས་ཤིང་བདུད་རྩིར་བསྒྱུར་བར་བསམ། ཧྲཱིཿ འི་གཡས་སུ་ༀ་དཀར་པོ། གཡོན་དུ་ཨཱཿ དམར་པོ། མདུན་དུ་ཧཱུཾ་སྔོན་པོ་གནས་པར་བསམས་ལ། ཡི་གེ་གསུམ་མམ་ལྔའམ་བདུན་བརྗོད་ལ་རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབ། ཕུད་ཀྱིས་བླ་མ་དང༌། དཔའ་བོ་དང་རྣལ་འབྱོར་མ་མཆོད་ནས། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པར་མཉམ་པ་ཉིད་དོ་སྙམ་དུ་མོས་པའི་ང་རྒྱལ་སྔོན་དུ་འགྲོ་བས། ༀ་ས་མ་ཡ་ཤུདྡྷཿ སརྦ་དྷརྨཱཿ ས་མ་ཡ་ཤུདྡྷོ྅ཧཾ། ཞེས་བརྗོད། ལྕེ་རྡོ་རྗེར་བསྐྱེད་པའམ་ལྕེ་ལ་རྡོ་རྗེ་བསྐྱེད་ནས་སྔར་བཞིན་བྱིན་གྱིས་བརླབ་སྟེ། ལོངས་སྤྱད་ནས་ལྟེ་བར་གནས་པའི་ཧཱུཾ་ངམ། ནཱ་ད་དཀར་དམར་ལྷ་ཐམས་ཅད་ཀྱི་ངོ་བོར་མོས་ཏེ་ཕུལ་བས་ལྷ་རྣམས་ཚིམ་པར་བསམ་མོ། །གཉིས་པ་ནི། དེ་ལྟར་ཐུན་དང་པོ་ལ་ཇི་ལྟར་བྱ་བ་བཤད་ནས། གུང་ཐུན་ལ་ནི་བསམ་གཏན་གྱི་ཁང་པར་ཞུགས་ཏེ། སྐད་ཅིག་མའི་སྔགས་གསུམ་བརྗོད་པས། སྐད་ཅིག་གིས་རྟེན་བརྟེན་པའི་འཁོར་ལོ་རྫོགས་པར་མོས་པ་བྱ་སྟེ། སྔར་བཞིན་གསལ་གདབ། གཙོ་བོ་ཡབ་ཡུམ་གསལ་གདབ་ཟིན་པ་དང༌། གསང་གནས་བྱིན་རླབས་སོགས་བྱས་ལ་བདེ་སྟོང་བསྒོམ། འཁོར་རྣམས་གསལ་བཏབ་ཟིན་པ་ནའང༌། སྔར་ལྟར་སྙོམས་འཇུག་བྱས་ལ། ཆོས་སོ་བདུན་གྱི་དག་པ་རྒྱས་བསྡུས་གང་རུང་ཞིག་དྲན་


JLD009_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། དེ་ནས་ལུས་དཀྱིལ་བསྒོམ། དེ་ནས་གོ་བགོ་བ་སོགས་སྔར་བཞིན་བྱའོ། །འགྲེལ་པ་རྣམས་ལས། དག་པ་གསུམ་ནས་སྦྱོར་བ་ཚོགས་གསོག་གི་བར་རྣམས་ཐུན་གཞན་གསུམ་ལ་བྱ་བར་མ་བཤད་ཀྱང༌། བསྐྱེད་རིམ་ལ་སེམས་ཅུང་ཟད་ལས་རུང་གི་ཏིང་ངེ་འཛིན་མ་ཐོབ་བར་དུ་མ་ཆག་པ་རེ་དང༌། སྟོང་པའི་ངང་ནས་ནཱ་ད་འཇོག་པ་ནས་མངོན་བྱང་བསྒོམ་པའི་བར་བྱས་ན་ལེགས་སོ། །ཐུན་དེ་བཏང་ནས་ཕྱི་དྲོའི་ཐུན་ལ་མ་ཞུགས་ཀྱི་བར་དང༌། ཕྱི་དྲོའི་ཐུན་ལའང་དེ་བཞིན་དུ་བྱའོ། །དེ་ནས་ཐུན་བཞི་པ་མཚན་མོའི་ཐུན་ལའང་དེ་བཞིན་དུ་བྱས་ལ། དེའི་མཐར་ནམ་གྱི་གུང་ལ་ནི། ངག་གི་བྱ་བ་ཐམས་ཅད་ཨཱ་ལི་ཀཱ་ལིའི་བདག་ཉིད་དུ་ཁོང་དུ་ཆུད་པར་བྱས་ལ། ༀ་ཚུར་སྤྱོན་ཚུར་སྤྱོན་དཔའ་བོ་ཆེ། །དག་པའི་ཚིག་ནི་སྟོན་པ་པོ། །སྐྱེ་དང་འཇིག་དང་རང་བྱུང་བ། །སྟོང་ཉིད་ཡེ་ཤེས་འདི་ཁོ་ནའོ། ཞེས་བརྗོད་ཅིང༌། འགོ་བོར་ༀ་དང༌། མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བའི་དབྱངས་གསལ་ཚར་གཅིག་བརྗོད་ལ། སྡུད་རིམ་སྙིང་ཁར་བྱས་ནས་ནཱ་ད་དེའང་མི་དམིགས་པར་བྱས་པའི་འོག་ཏུ། སེམས་གཡོ་མེད་དུ་གཟུང་ན། གཉིད་ཀྱི་འོད་གསལ་འཛིན་པའི་སྟོབས་ཆེའོ། །ཐུན་བཞི་པོ་ཐམས་ཅད་ཀྱི་མཐར་ཡིག་བརྒྱ་ཅི་མང་དུ་བརྗོད་དོ། །དེ་ནས་ཡང་ཐོ་རངས་ཀྱི་ཐུན་ལ་འོད་གསལ་ལས་ལངས་ཏེ། ལུས་དཀྱིལ་འཁོར་གྱི་འཁོར་ལོར་མོས་པ་བྱས་ལ། ༀ་ཚུར་སྤྱོན་སོགས་བརྗོད་ནས་ཐུན་དང་པོ་ལ་བཤད་པ་ཐམས་ཅད་ལ་རྗེས་སུ་གནས་པར་བྱའོ། །གཉིས་པ་དེ་ལྟར་


JLD009_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་ཕན་ཡོན་ནི། དེ་ལྟར་ཐུན་བཞིར་བསྐྱེད་རིམ་རྣལ་འབྱོར་གསུམ་དང༌། རྫོགས་རིམ་རྣལ་འབྱོར་ཆེན་པོ་བསྒོམས་པས། རྫོགས་རིམ་གྱི་རྟོགས་པ་ཡོངས་རྫོགས་སྐྱེ་བའི་རྒྱུད་སྨིན་ཞིང༌། རྫོགས་རིམ་ཡང་མཚན་ཉིད་ཚང་བར་སྐྱེས་ཏེ་ཚེ་འདིར་དེ་བཞིན་གཤེགས་པའི་ས་འཐོབ་པ་དང༌། ཚེ་འདིར་དེ་མ་ཐོབ་ཀྱང་སྐྱེ་བ་བརྒྱུད་ནས་ཐོབ་སྟེ། དེའང་ཐེག་པ་མཆོག་གི་རིགས་སུ་སྐྱེ་བ་དང༌། ཆོས་འདི་སྤྱོད་པའི་ཆོས་ལྡན་གྱི་རྒྱལ་པོར་འགྱུར་བ་དང༌། ལས་ཀྱི་སྒྲིབ་པའི་སྡིག་ཀུན་འདག་པ་དང༌། ལམ་འདི་ལ་བསམ་གཏན་བྱས་པ་ཙམ་དང༌། གླེགས་བམ་ཀློག་པ་དང༌། ཁ་ཏོན་དུ་འདོན་པ་དང༌། རྒྱུད་ཀྱི་གླེགས་བམ་བྲིས་པས་ཀྱང་མཐོ་རིས་ཀྱི་དཔལ་སྤྱི་དང་ཁྱད་པར་བ་འཁོར་སྒྱུར་འཐོབ་པར་གསུངས་སོ། །གལ་ཏེ་གཡེང་བས་མ་གྲུབ་ན། ལམ་འདིའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ཚེ། དཔའ་ཧེ་རུ་ཀ་དང་རྗེ་བཙུན་མ་ཕག་མོ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ། ལག་ན་མེ་ཏོག་དང་། བདུག་སྤོས་དང༌། རྒྱལ་མཚན་དང༌། བ་དན་དང༌། སིལ་སྙན་སྣ་ཚོགས་པ་ཐོགས་པས་ཡིད་དུ་འོང་བའི་གླུའི་མཆོད་པ་སྣ་ཚོགས་པས་བསུས་ནས་ཕྱིའི་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་ཅིང་ནང་གི་མཁའ་སྤྱོད་འཆི་བ་འོད་གསལ་དུ་འཇུག་པར་བྱེད་དོ། །ཕན་ཡོན་དེ་རྣམས་མངོན་དུ་བྱེད་ནུས་པའི་ལམ་ལ་སྒྲུབ་པར་བྱེད་པའི་རྣལ་འབྱོར་


JLD009_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྣལ་འབྱོར་མ་ནི་ས་སྟེང་ན་ཤིན་ཏུ་དཀོན་པར་གསུངས་པས། འདི་འདྲ་བའི་རྙེད་དཀའ་བའི་ལམ་ལ་ཉམས་ལེན་བྱ་ས་ཡོད་པའི་དུས་སུ་ནི། ཤིག་ཏུ་རྙེད་དཀའ་བར་ཤེས་པར་གྱིས་ལ། ལམ་འདི་ལ་ཐོས་བསམ་སྒོམ་པ་ལ་འབད་པར་བྱོས་ཤིག །མངོན་རྟོགས་ཀྱི་རྣམ་གཞག་རྣམས་ཞིབ་ཏུ་ཤེས་པར་འདོད་ན། བདེ་མཆོག་གི་རྩ་བཤད་ཀྱི་རྒྱུད་དང༌། སྤྱི་སྒོས་ཀྱི་འགྲེལ་པ་རྣམས་དང༌། འདི་དང་རྗེས་སུ་མཐུན་པའི་བདེ་མཆོག་གི་རྒྱ་གཞུང་རྣམས་དང༌། བོད་ཀྱི་བརྒྱུད་པ་སོ་སོའི་ལུགས་ལས་འབྱུང་བ་རྣམས་ལེགས་པར་བསྒྲིགས་ཏེ། ཕྲ་རགས་རྣམས་མཐའ་དག་པར་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོར་བྲིས་པ་ལས་ཤེས་པར་བྱའོ། །རྒྱལ་བའི་བསྟན་པ་མདོ་སྔགས་གནད་ཀྱི་དོན། །ཇི་བཞིན་འགྲེལ་ལ་ལེགས་པར་དབང་འབྱོར་པའི། །ཀླུ་སྒྲུབ་ཤ་བ་རི་ལས་ལེགས་བརྒྱུད་པ། །དཔལ་ལྡན་ལཱུ་ཨི་པ་ཡི་ལུགས་མཆོག་འདི། །ལམ་འདི་ཤེས་ནས་དད་པ་རྙེད་པ་ཡི། །ཚུལ་བཞིན་སྒྲུབ་པ་སྙིང་པོར་བྱེད་འདོད་པ། །སྐལ་ལྡན་མང་པོས་རིང་ནས་བསྐུལ་བའི་ངོར། །གསོལ་བ་རིང་དུ་བཏབ་ནས་ལེགས་པར་སྦྱར། །རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བ་བཞིན། །ཕྱོགས་འདིའི་སྒྲུབ་ཐབས་དབང་པོ་འདི་སྦྱར་ལས། །རྣམ་དཀར་བསོད་ནམས་འདི་ཡིས་སྐྱེ་བོ་ཀུན། །དཔལ་ལྡན་ཧེ་རུ་ཀ་ཡི་ཞབས་བསྟེན་ཤོག །དུས་ཀྱི་དབང་གིས་ཤིན་ཏུ་ཉམས་གྱུར་པ། །དཔལ་ལྡན་འཁོར་ལོ་བདེ་མཆོག་ལམ་བཟང་པོ། །མི་ནུབ་


JLD009_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྒྱལ་མཚན་ལེགས་འཛིན་པའི། །དཔྱོད་ལྡན་དུ་མས་ཕྱོགས་ཀུན་གང་བར་ཤོག །ཅེས་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་བདེ་ཆེན་གསལ་བ་ཞེས་བྱ་བ་འདི་ནི། ལམ་འདི་ཤེས་ནས་ཚུལ་བཞིན་དུ་སྒྲུབ་འདོད་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་གིས་རིང་མོ་ཞིང་ནས་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་དགེ་སློང་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ། ། ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག ། མངྒ་ལཾ། སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅང། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱིད་ཕྱིར་སྡེ་དགེ་ལྷུབ་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་ཆེན་གསལ་བ།next