Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  expand section
   
   
   
   
དྲིལ་བུ་ལུས་དཀྱིལ་གྱི་ལྷན་ཐབས།
   


 
previousདྲིལ་བུ་ལུས་དཀྱིལ་གྱི་ལྷན་ཐབས།next

དྲིལ་བུ་ལུས་དཀྱིལ་གྱི་ལྷན་ཐབས།


JLD009_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་ལུས་དཀྱིལ་གྱི་ལྷན་ཐབས་བཞུགས་སོ། །


JLD009_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་གུས་པས་ཕྱག་འཚལ་ལོ། །དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་པའི་མངོན་རྟོགས་ངག་འདོན་གྱི་ཆོ་གའི་རིམ་པ་ནི། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབ་པའམ། ཡང་ན། ཧ་ཧོ་ཧྲཱིཿ ། ཁ་དོག་དྲི་རོ་ནུས་པའི་སྐྱོན་བཅོམས་ཤིང་བདུད་རྩིར་གྱུར། ༀ་ཨཱཿ ཧཱུཾ། ཞེས་ལན་གསུམ་བརྗོད་པས། རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པར་གྱུར། སྔོན་འགྲོ་གཏོར་མ་མངོན་རྟོགས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ནས། ཕྱག་རྒྱ་བཅིངས་པའི ཕ້་ཞེས་བརྗོད་ནས། རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས་འོད་ཟེར་གྱིས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་


JLD009_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག་པ་ལས། བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་བྱས་ལ། ༀ་ཁ་ཁ ཞེས་པ་ནས ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་བརྗོད། ཕྱོགས་གཡོན་དང་མཚམས་གཡས་སྐོར་དུ་གནས་པ་ལ་འབུལ་ལོ། །ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱ་དྱཾ གྱིས་ཞབས་བསིལ་དང༌། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ། དེ་བཞིན་དུ་པུཥྤེའི་གནས་སུ། དྷཱུ་པེ། དཱི་པེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་རྣམས་བཅུག་ལ་དབུལ། ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། ཞེས་ནང་མཆོད་དབུལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ཅེས་


JLD009_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིག་བརྒྱ་བརྗོད། ༀ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ་པ་ནི། སུཾ་བྷ་ཞེས་སོགས་ཀྱིས་བགེགས་བསངས། སྭ་བྷཱ་ཝ་ཞེས་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཀཾ་ངམ་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོས་ལ་སོགས་པ་རང་བཞིན་སྟོང་ཉིད་རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེས་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ༀ་ཨརྒྷཾ་ཨཱཿ ཧཱུཾ། དེ་བཞིན་དུ། པཱ་དྱཾ། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ། ཞེས་པ་ནས། ཤཔྟ འི་བར་སྔགས་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། དེ་ནས་མཎྜལ་དབུལ་ཞིང་གསོལ་བ་གདབ་པ་ནི། ཕྱག་གསུམ་བྱས་ཏེ་སྤྱིར་མཎྜལ་བཤམས། ཕྱག་གསུམ་བྱས་ཏེ་སོ་སོའི་ཕྱག་ཏུ་མེ་ཏོག་འབུལ། ཕྱག་བྱས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་སྙིང་པོ་རྒྱན་ལས། སེམས་ཅན་དོན་དུ་སེམས་དགེ་བ། །རྣལ་འབྱོར་པ་ཡི་ཚོགས་རྣམས་ཀུན། །ཚུལ་བཞིན་ཆོ་ག་ལྡན་པ་ཡི། །རྣལ་འབྱོར་ལ་ནི་ཉེར་གནས་མཛོད། ཅེས་པ་གསུམ་གྱིས་མེ་ཏོག་གཏོར་ལ་གསོལ་བ་བཏབ། ཕྱག་བྱས་ཏེ་བླ་མ་མ་གཏོགས་པའི་མེ་ཏོག་བསྡུ། ཕྱག་བྱས་ཏེ་མཎྜལ་བཤམས། ཕྱག་བྱས་ཏེ་གཞན་རྣམས་ཀྱི་མེ་ཏོག་བླ་མ་ལ་འབུལ་བའི་ཕྱིར་མཎྜལ་བླ་མ་ལ་འབུལ། བླ་མས་ཀྱང་གཞན་རྣམས་ཀྱིས་ཕུལ་བའི་མཎྜལ་དང༌། རང་གི་མེ་ཏོག་བླ་མ་གོང་མ་ལ་འབུལ་བའི་ཕྱིར་མེ་ཏོག་མཎྜལ་གྱི་དབུས་སུ་སྤུངས་ལ་རྟེན་གྱི་དྲུང་དུ་བཞག་ཕྱག་བྱས་ཏེ། རང་གནས་སུ་འཁོད། ཡང་ན་ཕྱག་གསུམ་བྱས་ཏེ་བླ་མའམ། གཙོ་བོ་ལ་མེ་ཏོག་དབུལ། ཡང་ཕྱག་གསུམ་བྱས་


JLD009_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གྲལ་ལ་འཁོད་པ་རྣམས་ལ་མེ་ཏོག་བཀྲམ། དེ་ནས་ཕྱག་སུམ་ཚན་གཞན་ལྔ། གསོལ་གདབ་དང་བཅས་པ་སྔ་མ་བཞིན་བྱའོ། །དེ་ནས་བླ་མའམ་གཙོ་བོས། བཤགས་པ་དང་བསྡམ་པ་སྔོན་དུ་འགྲོ་བ་ཅན་གྱི་ལྷའི་རྣལ་འབྱོར་ལ་གནས་པར་ཞུ། ཞེས་བརྗོད། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས། གོ་འཕང་མཆོག་ལ་འགོད་པར་བགྱི། ཞེས་པའི་བར་གསུམ་གྱིས་སྐྱབས་འགྲོ་སོགས་བྱ། དེ་ནས་ཡི་གེ་བརྒྱ་བའི་བཟླས་པ་ནི།རང་གི་སྤྱི་བོར་པཾ་ལས་པདྨ་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། གཉིས་ཀའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡང་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་སྤྱན་དྲངས་པ་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང༌། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཐུགས་ཀར་ཟླ་བའི་


JLD009_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཧཱུཾ་གི་ཐ་མར་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་ཅག་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས། ཐུགས་ཀའི་སྔགས་ཕྲེང་ཧཱུཾ་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་ཧཱུཾ་དང་བཅས་པ་ལ་ཐིམ་པས། དེ་ལས་བདུད་རྩིའི་རྒྱུན་དཀར་པོར་བབས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། རང་གི་ཚངས་བུག་ནས་ཞུགས་ཏེ། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱི་དག་པར་གྱུར། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿ ཧཱུཾ་ཕཊ། ཅེས་བཟླས་ནས་རྒྱུད་མངོན་བརྗོད་བླ་མ་ལས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ། ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་


JLD009_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གྱུར་པའི་སེམས་ཏེ་ཞེས་དང༌། ཨེ་བཾ་གྱི་དོན་ནོ། །སྟོང་པའི་ངང་ལས་སྐད་ཅིག་གིས་ཞེས་དང་་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པ། ཡང་ན་གྲི་གུག་དང་ཐོད་པ་འཛིན་པ་སྦྱོར། ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་ལནགསུམ་བརྗོད། ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས། ཧཀྵ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད། རང་གི་ལྟེ་བའི་ཕྱོགས་སུ་ཞེས་དང་ལྟེ་བའི་སྔགས་ཕྲེང་ལ་ཐིམ་པར་གྱུར། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀར་པཾ་སེར་པོ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨཾ་ལས་ཞེས་དང༌། འོད་ཟེར་རང་གི་སྙིང་གའི་ཧཱུཾ་ལ་ཐིམ་པར་གྱུར། གང་གི་དྲིན་ཞེས་པ་ནས་པད་ལ་འདུད། །ཧེ་རུ་ཀ་དཔལ་ཞེས་པ་ནས། གུས་ཕྱག་འཚལ། །རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། དེ་བཞིན་དུ། པཱ་དྱཾ། གྱིས་ཞབས་བསིལ་དང༌། ༀ་བཛྲ་པུཥྤེ་ཨཱཿ ཧཱུཾ་སྭཱཧཱ། དེ་བཞིན་དུ། དྷཱ་པེ། དཱི་པེ། གནྡྷེ། ༀ་བཛྲ་ནཻ་ཝི་དྱེ་ཨཱཿ ཧཱུཾ་སྭཱཧཱ། ༀ་ཨཱཿ བཛྲ་ཨཱ་དརྴེ་ཧཱུཾ། ཞེས་པ་ནས། དྷརྨེ་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་ཞེས་དང༌། མཆོད་པར་གྱུར།ༀ་སརྦྦ་བཛྲ་ཞེས་དང༌། སྭཱཧཱ། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞེས་དང་། ཉམས་སུ་མྱོང་བར་གྱུར། དཀོན་མཆོག་གསུམ་ལ་ཞེས་དང་། འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཞེས་དང་། འདེབས་སོ། །བགྲོད་དཀའ་ཞེས་དང༌། དབུལ་བར་བགྱི། །སེམས་ཅན་ཐམས་ཅད་ཁྱད་པར་དུ་འཕགས་པའི་


JLD009_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དང་ལྡན་པར་གྱུར་ཅིག ། དེ་བཞིན་དུ་བར་པ་གཉིས་ལའང་ཐོག་མར་སྦྱར་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་ཞེས་པ་ནས་བྲལ་བར་གྱུར་ཅིག །བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ཞེས་དང༌། བརླབ་ཏུ་གསོལ། ༀ་བཛྲ་ཧེ་རུ་ཀ་ཞེས་པ་ནས་ཧཱུཾ་ཕཊ། ཚོགས་ཞིང་རྣམས་ཞེས་དང༌། བྱིན་གྱིས་བརླབ་པར་གྱུར། ཆོས་ཐམས་ཅད་ཅེས་པ་དང༌། སྒྱུ་མ་ལྟ་བུར་གྱུར། ༀ་ཞེས་པ་དང༌། ཧཾ་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས༌ ཞེས་པ་དང༌། རལ་ལ་ཐིམ་ཞིང་རང་ཡང་སྟོད་སྨད་ནས་རིམ་གྱིས་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཨཱུ་ནི་ཧ་ལ། ཧའི་ལུས་ནི་མགོ་བོ་ལ་དེའང་ཟླ་ཚེས་ལ། དེའང་ཐིག་ལེ་ལ། དེའང་ནཱ་ད་ལ་ཐིམ་ཞིང༌། ནཱ་དའང་མི་དམིགས་པར་གྱུར། ༀ་ཤཱུ་ཞེས་པ་དང༌། ཧཾ་ཆོས་ཐམས་ཅད་རབ་ཏུ་ཞེས་པ་ནས། འོད་གསལ་དུ་གྱུར། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པ་ཉིད་ལས་རང་གི་སེམས་ཞེས་པ་དང༌། མདངས་ཆགས་པ་ནམ་མཁར་གནས་པར་གྱུར། ༀ་སུཾ་བྷ་ཞེས་པ་ནས། ཕཊ། ཤར་དུ་སྔགས་དེ་ཉིད་ཁ་དོག་ནག་པོ། ༀ་གྲྀཧྞ་ཞེས་པ་ནས་ཕཊ། བྱང་དུ་སྔགས་དེ་ཉིད་ཁ་དོག་ལྗང་གུ །ༀ་གྲྀཧྞ་པ་ཡ་ཞེས་པ་ནས་་ཕཊ། ནུབ་ཏུ་སྔགས་དེ་ཉིད་ཁ་དོག་དམར་པོ། ༀ་ཨཱ་ཞེས་པ་ནས་་ཕཊ། ལྷོར་སྔགས་དེ་ཉིད་ཁ་དོག་སེར་པོ་རྣམས་འཁོད་པར་གྱུར། སྔགས་དེ་རྣམས་ལས་རང་རང་གི་ཞེས་པ་དང༌། འཕྲོས་པས་ཚངས་པའི་འཇིག་རྟེན་ནས། ཞེས་དང་། གཟུགས་ཆེན་པོ་རྣམས་སུ་གྱུར། སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཤར་ནག །བྱང་ལྗང༌། ནུབ་དམར། ལྷོ་སེར་བའི་སྣ་ཚོག །རྡོ་རྗེའི་ར་བ་གྲུ་བཞི་པ་ཚངས་པའི་


JLD009_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྟེན་ནས་ཞེས་དང༌། ཁྱབ་པར་གྱུར། ར་བ་གྲུབ་པ་དང་དུས་མཉམ་དུ་ཞེས་དང་མཚན་པའི་ཧཱུཾ་གི་འོད་ཟེར་ལས། གསེར་གྱི་ས་གཞི་ལ་ཞེས་དང༌། སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར། སྣ་ཚོགས་རྡོ་རྗེའི་ཧཱུཾ་གི་འོད་ཟེར་ལས་ཕྱི་རོལ་ཏུ་ཞེས་དང༌། གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་ཞེས་དང༌། བསྐོར་བར་གྱུར། ༀ་མེ་དི་ནི་ཞེས་པ་ནས་ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་གཡོན་པའི་མཐེབ་མཛུབ་ཀྱི་སེ་གོལ་ཤར་ནས་གཡོན་སྐོར་དུ་ཕྱོགས་བཞིར་གཏོག་པ་སྔར་ལྟར་བྱ། ཤར་ལྷོ་ནས་རིམ་པ་བཞིན་གཡས་སྐོར་དུ་མཚམས་བཞིར། ༀ་སུཾ་བྟ་ཞེས་པ་ནས་བིདྱཱ་རཱ་ཛ་ཧུཾ་ཧཱུཾ་ཕཊ། ཅེས་པའི་བར་བཞི་བརྗོད། རྣམ་པ་ཐམས་ཅད་དུ་འགྲོ་བ་རྣམས་བགེགས་དང་བྲལ་བར་གྱུར། སྲུང་འཁོར་གྱི་དབུས་སུ་ཡཾ་སྔོན་པོ་ཡོངས་སུ་གྱུར་པ་ལས། རླུང་གི་ཞེས་དང་གེ་སར་སེར་བའི་སྣ་ཚོགས་པདྨ་ཆུང་ངུའི་དབུས་སུ་ཞེས་པ་ནས་ཨཾ་ཨཿ དབྱངས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང༌། ཨ་ཨཱ་ཞེས་པ་ནས་ཨཾ་ཨཿ སྟེ་དབྱངས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེའི་ཕྱི་རོལ་ཏུ་དཔེ་བྱད་ཅེས་དང་ཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་ཀ་ཁ་ཞེས་པ་ནས། ཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེ་གཉིས་ཡོངས་སུ་གྱུར་པ་ལས། ཞེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས། རང་ནམ་མཁའི་ནཱ་དས་ཟླ་བ་དཀར་ལ་ཞེས་དང༌། སེམས་ཅད་གྱི་དོན་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས། ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ལས། ནཱ་ད་ལས་ཐིག་ལེ། དེ་ལས་ཟླ་ཕྱེད། དེ་ལས་ཧའི་མགོ་བོ།


JLD009_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཧའི་ལུས། དེ་ལས་ཨཱུ་གྲུབ་པའི་ཞེས་དང་སོ་སོར་རྟོག་པའི་ཡེ་ཤེས། ཧཱུཾ་ལས་ཁ་དོག་ཅེས་དང༌། འགྲོ་བ་རྣམས་འཁོར་ལོ་ལྔའི་ལྷ་ཚོགས་ཀྱི་གོ་འཕང་ལ་བཀོད་པ་དང༌། སྔོན་ཐོག་མ་མེད་པ་ནས་ཞེས་དང་ནཱ་ད་ལ་ཐིམ་ཞིང་། ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་གྱུར་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས། ༀ་ཨཱཿ ཧཱུཾ་ཞེས་པ་ནས། ཤུདྡྷོ྅ཧཾ་ཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་རྣམས་ཡོངས་སུ་གྱུར་པ་ལས་ཞེས་པ་ནས། དུས་གཅིག་ཏུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཞེས་དང་ལྷོ་སེར། དབུས་སྔོ་བ། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར། དབུས་ཀྱི་པདྨའི་ལྟེ་བར་ཉི་མའི་གདན་ལ་རང་ཉིད་བཅོམ་ལྡན་འདས་ཞེས་དང༌། གཡོན་ཞལ་ལྗང༌། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་རེ་རེའང་ཞེས་དང་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཕྱག་རྒྱ་ལྔས་བརྒྱན་པ་ཞེས་དང༌། དོ་ཤལ་ཅན་རྐང་པ་གཉིས་བགྲད་པ་གཞུའི་དབྱིབས་སུ་ཡོད་པ་ཡོངས་སུ་གྱུར་པ་ལས་འབྱུང་བ་རིམ་རྩེགས་ཀྱི་ཞེས་དང་གཞལ་ཡས་ཁང་གྲུ་བཞི་པ། རྐང་བརྒྱད་ཡོངས་སུ་གྱུར་པ་ལས་ཀ་བ་བརྒྱད། ཕ་གུ་དང་ཞེས་པ་ནས་དཀྱིལ་འཁོར། སྙིང་གའི་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་ཞེས་དང༌། བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་མཐིང་ག་ཞལ་བཞི་པའི་ཞེས་དང༌། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པ། ལྟེ་བའི་དམར་ཆ་གཏུམ་མོ་མེའི་གཟུགས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་པ་ཞེས་པ་ནས་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ཏེ།


JLD009_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་དང་ཐིག་ལེའི་ངོ་བོ་གཉིས་སྙིང་གར་ཕྲད་ནས་སྙོམས་པར་འཇུག་པས་བཞུགས་པ། སྙིང་གའི་ཤར་ལ་སོགས་པའི་ཞེས་དང་ཁ་ཊྭཱཾ་ག་བསྣམས་པ། གཡས་བརྐྱང་གིས་བཞུགས་པ། ཕྱག་རྒྱ་ལྔས་བརྒྱན་པ་ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། ཤར་ལྷོ་ལ་སོགས་པའི་ཞེས་དང༌། འཁོར་ལོ་ཉེར་བཞིའི་རྣམ་པ་ཅན། ཕྱིའི་ཡུལ་ཉེར་བཞིའི་ངོ་བོར་གྱུར། གནས་ཉེར་བཞིའི་རྩ་དང་ཁམས་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ལས་དཔའ་མོ་དང་དཔའ་བོ་ཉེར་བཞིར་གྱུར་པ་ནི། སྐྲ་མཚམས་པཱུལླི་ར་མ་ལ་ཡ་ན་གནས་པའི་རྩ་ནང་གི་ཁམས་ཡོངས་སུ་གྱུར་པ་ལས་ཁཎྜ་ཀ་པཱ་ལི་དང༌། རྩ་ཡོངས་སུ་གྱུར་པ་ལས་རབ་གཏུམ་མ། སྤྱི་གཙུག་ཛཱ་ལན་དྷ་རར་གནས་པའི་རྩ་ནང་གི་ཁམས་ཡོངས་སུ་གྱུར་པ་ལས་མཧ་ཀྐཾ་ལ་དང་གཏུམ་མིག་མ་དེ་བཞིན་དུ་སྦྱར་མཐར།པུས་མོ་གཉིས་ཀུ་ལུ་ཏར་གནས་པའི་རྩ་ནང་གི་ཁམས་དང་རྩ་གཉིས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དེ་སྐུའི་འཁོར་ལོའི་ལྷ་རྣམས་སྐུ་མདོག་དཀར་པོ་ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་པ། ཁཎྜ་ཀ་པཱ་ལ་ལ་སོགས་པའི་ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། སྤྱི་བོར་ཞེས་པ་ནས་དཔྲལ་བར་རྡོ་རྗེའི་ཕྲེང་བ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་རློན་ལྔ་བཅུའི་དོ་ཤལ་དང་སྟག་གི་པགས་པའི་ཤམ་ཐབས་ཅན་


JLD009_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བརྐྱང་གིས་བཞུགས་པ། རབ་གཏུམ་མ་ལ་སོགས་པའི་དཔའ་མོ་ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཅེས་པ་ནས་ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། ལྕེའི་རྩ་བར་གནས་པའི་རྩ་ཧཱུཾ་རིང་པོ་དང་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཁྭ་གདོང་མ་ནག་མོ་དེ་བཞིན་དུ་སྦྱར་ཏེ། མཛོད་སྤུའི་བུག་པར་གནས་པའི་རྩ་ཧཱུཾ་རིང་པོ་དང་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། དེ་བཞིན་དུ་སྦྱར་ཏེ། སྣ་བུག་གཉིས་ན་གནས་པའི་རྩ་ཧཱུཾ་རིང་པོ་དང་ངོ་བོ་དབྱེར་མེད་དུ་གནས་པ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་མ། ཞེས་པ་ནས། ཁ་ཊྭཱཾ་ག་བསྣམས་པ་ཞེས་པའི་བར་སྙིང་པོའི་རྣལ་འབྱོར་མ་བཞིའི་སྐབས་བཞིན་སྦྱར་ལ། རོའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ཞེས་པ་ནས། རྩེ་མོར་དྱཱ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བར་ཟླ་གདན་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཐུགས་ཀར་ཟླ་གདན་ལ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། མགྲིན་པར་ཉི་གདན་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛྲ་ལ་སམྦ་རི་སྭཱཧཱ། དཔྲལ་བར་ཉི་གདན་ལ། ༀ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ་ཀྱི་སྔགས་ཐམས་ཅད་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་གཡོན་སྐོར་དུ་གནས་པ། ཡུམ་གྱི་ལྟེ་བར་ཉི་གདན་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་ཞེས་པ་ནས་ཛྭ་ལ་སམྦ་རི་སྭཱཧཱ། ཐུགས་ཀར་ཉི་གདན་ལ། ༀ་ཧྲཱིཿཧ་


JLD009_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧུཾ་ཧཱུཾ་ཕཊ། མགྲིན་པར་ཟླ་གདན་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། དཔྲལ་བར་ཟླ་གདན་ལ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཞེས་པ་ནས། སྭཱཧཱའི་སྔགས་ཐམས་ཅད་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་གཡོན་སྐོར་དུ་གནས་པ། སྔགས་རྣམས་ཀྱང་ཕན་ཚུན་ཞལ་སྦྱོར་ཞིང་འོད་ཟེར་འཁྱུད་པའི་རྣམ་པ་ༀ་ཤྲཱི་ཞེས་པ་ནས་ཕཊ་སྭཱཧཱ།སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་ཞེས་དང༌། ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར་ཅིང༌། དེ་ལྟར་བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་གྱི་ངོ་བོར་གྱུར་པ་ལྷ་སོ་བདུན་དུ་ཤར་བ་ཡིན་ཞིང་ལྷ་རྣམས་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གྱུར། རང་གི་སྙིང་གར་ༀ་ཧ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་དམར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་དང་ཌཱ་མ་རུ་དང་མགོ་བོ། གཡོན་དྲིལ་བུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཕག་མོ་དང་མཉམ་པར་སྦྱོར་བ། མགོ་བོར་ན་མ་ཧི་སེར་པོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་སེར་པོ་ཞལ་ཕྱག་བཞིའི་གཡས་གཉིས་འཁོར་ལོ་དང་ཌཱ་མ་རུ་གཡོན་གཉིས་དྲིལ་བུ་དང་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པ། གཤིན་རྗེ་མ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ་རྟ་མཆོག་གི་ཕྱག་མཚན། ཁ་ཊྭཱཾ་ག་འཛིན་པ། ཞེས་པའི་རྗེས་སུ་ཙཎྜི་ཀ་དང་མཉམ་པར་སྦྱོར་བ། རྡོར་སེམས་ཟླ་གདན་ལ་བཞུགས་ཤིང་ཟླ་བའི་འོད་ཀོར་ཅན། གཞན་ལྔ་ཉི་གདན་ལ་གཞུགས་ཤིང་ཉི་མའི་འོད་ཀོར་ཅན།


JLD009_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་པོ་དྲུག་པོ་ཐམས་ཅད་ཀྱང་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། སྤྱན་གསུམ་པ་གཡས་བརྐྱང་གིས་བཞུགས་པ། གཙོ་མོའི་ལྟེ་བར་ༀ་བཾ་ཞེས་དང་ཕག་མོའི་སྐབས་སུ། གཡོན་ཐོད་པ་དང་ཁ་ཊྭཱཾ་ག་ཞགས་པ་འཛིན་པ། རྡོ་རྗེ་སེམས་དཔའ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་མཐར། ཙཎྜི་ཀ་དུད་ཀ་རྟ་མཆོད་དང་མཉམ་པར་སྦྱོར་བ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་གཡས་གཉིས་ཌཱ་མ་རུ་དང་གྲི་གུག །གཡོན་གཉིས་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་དྲིལ་བུ་འཛིན་པ། རྨོངས་བྱེད་མ་ཟླ་གདན་ལ་བཞུགས་ཤིང་ཟླ་བའི་འོད་ཀོར་ཅན། གཞན་ལྔ་ཉི་གདན་ལ་བཞུགས་ཤིང་ཉི་མའི་འོད་ཀོར་ཅན་ཐམས་ཅད་ཀྱང་སྤྱན་གསུམ་པ་ཞེས་པ་ནས་ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཡས་བརྐྱང་གིས་བཞུགས་པ། ཕྱག་རྒྱ་དང་པོར་གཡོན་དུ་བསྐོར་ཞིང་དེ་ནས་གཡས་སུ་བསྐོར་ལ་ཕ້་ཞེས་བརྗོད་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། ཞེས་དང༌། ཡེ་ཤེས་པའི་འཁོར་ལོ་དབང་གི་ལྷ་དང་མཆོད་པའི་ལྷ་མོ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་སྙིང་གར་ཐིམ། ཧཱུཾ་ཞེས་བགེགས་བསྐྲད། ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་མཆོད་ཡོན་ཕུལ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གཎྜེ་ཧོཿ ། ཞེས་སྔགས་ཕྱག་རྒྱ་དང་བཅས་པས་དགུག་གཞུག་སོགས་བྱས་ལ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ། ཞེས་དང༌། ཧཱུཾ་སྔོན་པོ། ༀ་ཡོ་ག ། ཞེས་པ་ནས། ཧཾ། དམ་ཚིག་པ་དང་ཡེ་ཤེས་པ་


JLD009_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཞེས་དང་། ཤར་བའི་ཆ་ཤས་སོ། །ༀ་ཨཱཿ ཧཱུཾ། ཞེས་པ་ནས། བཛྲ་ཤུདྡྷོ྅ཧཾ། སྐད་ཅིག་མའི་སྔགས་དང་པོ་གཉིས་ལ་པད་ཀོར་དང་པོར་ནུ་མ་གཉིས་ཀྱི་དབུས་དང༌། དེ་ནས་གཡོན་གྱི་ནུ་མའི་སྟེང་དང༌། དེ་ནས་ཡང་དབུས་དང་དེ་ནས་གཡས་ཀྱི་ནུ་མའི་སྟེང་དང༌། ཡང་དབུས་སུ་བྱས་ལ། མཐར་འཁྱུད་པའི་ཚུལ་བྱ་ཞིང་བཛྲ་ཤུདྡྷ་ལ་དང་པོར་གཡོན་གྱི་ནུ་མའི་སྟེང་དང༌། དེ་ནས་གཡས་དང་དེ་ནས་དབུས་སུ་པད་ཀོར་བྱས་ལ། མཐར་འཁྱུད་པའི་ཚུལ་བྱའོ། །ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་སྔར་བཞིན་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ཞེས་པ་ནས བདག་ཉིད་དུ་གྱུར། སྤྱི་བོ་ནས་ཞེས་དང༌དབང་གི་ལྷ་རྣམས་རང་ལ་ཐིམ་པར་གྱུར་ༀ་སུཾ་བྷ། ཞེས་སོགས་ཀྱིས་མཆོད་པ་ཆུ་གཉིས་ཞལ་བསིལ་དང་བཅས་པའི་མཆོད་རྫས་རྣམས་བསང་སྦྱང་བསྐྱེད་པ་སོགས་སྔར་ལྟར་བྱས་ལ། ༀ་ཨརྒྷཾ། ཞེས་སོགས་ཀྱིས་སྔར་ལྟར་མཆོད་ཡོན་དབུལ་པའམ། ཡང་ན་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་མཎྜ་ལ་ཙཀྲ་བཱི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཨཱཿ ཧཱུཾ། གིས་མཆོད་ཡོན་དང༌། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པཱ་དྱཾ་དང༌། ཨཉྩ་མཱ་ཎི་དང༌། པུཥྤེ་ནས ཤཔྟ འི་པར་རྣམས་བཅུག་ལ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དབུལ། ༀ་ཨཱཿ བཛྲ་ཨཱ་དརྴེ་ཧཱུཾ། ཞེས་སོགས་རིག་མ་བཅུ་དྲུག་གིས་ཀྱང་སྔར་ལྟར་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་འབུལ་བ་ནི། མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། གཡོན་པའི་མཐེབ་སྲིན་གྱིས་གཡོན་སྐོར་དུ་ལན་གསུམ་དཀྲུགས་ལ། དབུས་སུ་བདུད་རྩིའི་སྙིང་པོ་བྱུང་བར་བསམས་ཏེ། གཡོན་པའི་མཐེབ་སྲིན་སྦྱར། དབུས་ནས་བླངས་


JLD009_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྨིན་མཚམས་སུ་སྟེང་དུ་གཏོར་ཞིང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ༀ་ཨཱཿ ཧཱུཾ། རྡོ་རྗེ་འཆང་ཆེན་པོའི་ཞལ་དུ་ༀ་ཨཱཿ ཧཱུཾ། དེ་བཞིན་དུ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་མཚན་གྱི་མཐར། འབྲུ་གསུམ་བཏགས་ལ་དབུལ། ༀ་ཧྲཱི་ཧ་ཧ་ཧུཾ་ཧཱུཾ་ཕཊ། ༀ་ཨཱཿ ཧཱུཾ། ཞེས་པ་ནས། ༀ་ཡ་མ་མ་ཐ་ནཱི་ཧུཾ་ཧཱུཾ་ཕཊ། ༀ་ཨཱཿ ཧཱུཾ། ཞེས་ལྷ་རང་རང་གི་སྔགས་ལ་འབྲུ་གསུམ་བཏགས་པ་སྙིང་གའི་ཐད་ནས་སྔར་ལྟར་ཕུལ་ལ། དེ་ནས་མཐེབ་སྲིན་གྱིས་ནང་མཆོད་བླངས་ཏེ་ལྕེ་རྩེ་སྨིན་མཚམས་སྤྱི་གཙུག་གསུམ་དུ་ཐིག་ལེ་བྱས་ལ། ཆོས་སྐྱོང་རྣམས་ཀྱི་སྔགས་ལ་འབྲུ་གསུམ་བཏགས་ནས་ཕུལ། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། གཞི་བདག་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿ ཧཱུཾ། ཞེས་ལྟེ་བའི་ཐད་ནས་གཏོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། དེ་ནས་ནང་མཆོད་མཐེབ་སྲིན་གྱིས་རང་གི་ལྕེ་རྩེ་ལ་བཞག་ནས། ༀ་ཨ་མྲྀ་ཏ་ཞེས་པ་ནས་ཀོ྅ཧཾ་མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་ཚིགས་པར་གྱུར། ༀ་སརྦ་བཛྲ་ཀ་མི་ནི་ཞེས་སོགས་ཀྱིས་སྔར་ལྟར་སྙིང་པོའི་རྣལ་འབྱོར་མ་བཞིས་ཐོད་པ་བདུད་རྩིས་གང་བའི་མཆོད་པར་བསམ་ༀ་ཤྲཱི་མཧཱ་སུ་ཁ་ཞེས་པ་ནས་ཕཊ་སྭཱཧཱ། གནས་བཞི་དང་གསང་གནས་བྱིན་གྱིས་བརླབས་པས་ཡབ་ཡུམ་སྙོམས་པར་ཞུགས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ་ཞེས་དང༌ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པས་ལྷ་ཐམས་ཅད་ཀྱིས་


JLD009_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། དཀྱིལ་འཁོར་པའི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང་དེ་ཁོ་ན་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོགས་པར་ཞུགས་པས་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། དེ་ནས་ལྷ་སོ་སོའི་སྐུ་གསལ་བར་དམིགས་ནས་འོག་ནས་འབྱུང་བའི་ལྷ་སོ་སོའི་སྔགས་བརྗོད།ༀ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། ༀ་བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད་ཧུཾ་ཧཱུཾ་ཕཊ། ༀ་རལ་བའི་ཅོད་པན་མི་ཟད་པ་དང་ལྡན་ཧུཾ་ཧཱུཾ་ཕཊ། ༀ་མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧུཾ་ཧཱུཾ་ཕཊ། ༀ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧུཾ་ཧཱུཾ་ཕཊ། ༀ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན་ཧུཾ་ཧཱུཾ་ཕཊ། ༀ་སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན་ཧུཾ་ཧཱུཾ་ཕཊ། ༀ་སྐུ་ཆེན་དུད་ཀ་བགེགས་མཐར་མཛད་ལ་འདུད་ཧུཾ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་རྐང་བརྒྱད་བོད་སྐད་དུ་བསྒྱུར་བའམ། ཡང་ན་འོག་ནས་འབྱུང་བའི་ཡབ་ཀྱི་རྐང་བརྒྱད་ཀྱི་སྔགས་དང༌། ཡུམ་གྱི་རྐང་བརྒྱད་དང་བཅས་པས་བསྟོད་དོ། །བཟླས་པའི་སྐབས་སུ་གཙོ་བོའི་བཟླས་པ་བྱ་ཚུལ་ནི། བཟླས་པའི་སྔགས་རང་གི་ཐུགས་ཀའི་ཧཱུཾ་ལས་འཐོན་ནས་ཞེས་པ་ནས འབྱུང་འཇུག་བྱེད་ཅིང་ཞལ་ཐམས་ཅད་དང་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྱུང་བར་གྱུར། བར་བསམ་ཞིང་ཡབ་ཀྱི་སྔགས་བཟླའོ། །འཁོར་གྱི་ལྷ་རྣམས་ཀྱི་སྔགས་བཟླ་བའི་ཚེ། ལྷ་རང་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བའི་དབུས་ཀྱི་ཡི་གེ་ལས། ཞེས་དང༌། འགྲོ་བའི་དོན་བྱས། སླར་འདུས་ཏེ་དབུས་ཀྱི་ཡི་གེ་ལ་ཐིམ་པའི་སྤྲོ་བ་དང་བསྡུ་བའི་


JLD009_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཅན་དུ་གྱུར་པར་བསམ་ཞིང་བཟླའོ། །གཏོར་མའི་སྐབས་སུ་སྟོང་པའི་ངང་ལས་ཞེས་དང༌། གཞུའི་དབྱིབས་ཅན་གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ་ཞེས་དང༌། ཕྱི་དཀར་ལ་ནང་དམར་བའི་ནང་གི་ཤར་དུ་ༀ་དཀར་པོ་ལས་བྱུང་བའི་དྲི་ཆེན་ༀ་གྱིས་མཚན་པ་ཞེས་དང༌། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་མཐར། དབང་ལྡན་དུ་ཧཾ་ལྗང་གུ་ལས་བྱུང་བའི་རྟའི་ཤ་ཧཾ་གིས་མཚན་པ། རླུང་གཡོས་པ་ལས་མེ་ཞེས་དང༌། དམར་སེར་དུ་གྱུར། དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་ཞེས་དང་བསིལ་བར་གྱུར། ༀ་ཨ་ཨཱཿ ཧུཾ་ཧཱུཾ་ཕཊ། ཡི་གེ་དེ་ཉིད་ཅེས་པ་ནས་བདུད་རྩིའི་སྟེང་དུ་གནས་པ་རྣམས་ཡོངས་སུ་གྱུར་པ་ལས། ཞེས་དང་། བཀུག་པ་ༀ་ཨཱཿ ཧཱུཾ་གསུམ་ལ་ཐིམ་ཞིང་དེ་གསུམ་ཡང་རིམ་གྱིས་ཞུ་བ་ཐོད་པར་ཐིམ་པར་གྱུར། ༀ་ཨཱཿ ཧཱུཾ། སྔར་སྤྱན་དྲངས་པའི་ཕྱག་རྒྱ་བྱས་ལ་ཕ້་ཞེས་བརྗོད། དུར་ཁྲོད་ལ་གནས་པའི་ཕྱོགས་སྐྱོང་ལ་སོགས་པ་འཁོར་དང་བཅས་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་མདུན་དུ་སྤྱན་དྲངས། ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་སྔར་བཞིན་ཆུ་གཉིས་ནས། རོལ་མོའི་བར་གྱིས་མཆོད་ནས། ལག་པ་གཉིས་རྡོ་རྗེའི་ཐལ་མོ་དང་མཆོད་པའི་འཁོར་གསུམ་པོ་རྣམས་བདེ་སྟོང་གི་ངོ་བོ་དབྱེར་མེད་དུ་གྱུར་ཅིང་ལྷ་རྣམས་ཀྱི་ལྗགས་ལ་ཞེས་པ་ནས་སྦུ་གུས་དྲངས་ནས་གསོལ་བར་གྱུར་ༀ་བཛྲ་ཨ་ར་ལི་ཧོཿ །ཞེས་དང་ༀ་ཀ་ར་ཀ་ར། ཞེས་པ་ནས། དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཅེས་འཁོར་ལོ་གསུམ་དང༌། ༀ་བཛྲ་ཨ་ར་ལི་ཞེས་སོགས་ཀྱིས་གཏོར་མ་འབུལ། མཆོད་ཅིང་བསྟོད་ནས། སྲིད་པ་དང་མཉམ་ཞི་བ་ཆགས་བཅོམས་ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དང་ལྡན་


JLD009_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མགོན་པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད། །ཅེས་གསོལ་བ་གདབ་དུར་ཁྲོད་ན་གནས་པའི་ཕྱོགས་སྐྱོང་དང༌། ཞེས་པ་ནས། འོད་གསལ་དུ་བཅུག་པ་ལས་བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་ནས་འབྲུ་ཙམ་འཁོད་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། ༀ་ཁ་ཁ་ཞེས་པ་ནས་ཕཊ་ཕཊ་སྭཱཧཱ། ༀ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་སྔར་བཞིན་ཆུ་གཉིས་རོལ་མོ་དང་བཅས་པའི་བར་གྱིས་མཆོད་ལ། རྐང་བརྒྱད་ཀྱིས་བསྟོད། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ༀ་བཛྲ་ཧེ་རུ་ཀ་ཞེས་དང༌ ༀ་ཡོ་ག་ཞེས་པ་ནས། ཧཾ། ༀ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ཤིང་། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཐིམ་པར་གྱུར། དེ་ནས་སྐུ་དཀྱིལ་དང་བཅས་པ་བསྡུ་ཚུལ་ནི་རང་གི་ཐུགས་ཀའི་ཧཱུཾ་ལས་ཞེས་པ་ནས་དེ་རྣམས་སྙིང་གའི་ཡབ་ཡུམ་ལ། དེ་གཉིས་སྙིང་གར་ཐིམ་པར་གྱུར། པར་བསམ་གཞལ་ཡས་ཁང་གཙོ་བོ་ཡབ་ཡུམ་ལ་ཐིམ། ཞེས་པའི་རྗེས་སུ་ལྷ་རྣམས་རང་གནས་སུ་ཐིམ་པ་ལས། རྩ་དང་ཁམས་རྣམས་བྱིན་གྱིས་བརླབས་པར་གྱུར་པར་བསམ་གཞིའི་ཧེ་རུ་ཀ་ཞེས་པ་ནས་ཐུགས་གའི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་


JLD009_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཞེས་དང་སྤྱོད་ལམ་ལ་འཇུག་པའི་ཚེ་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར་པར་བསམ། གོ་ཆའི་སྲུང་བ་ནི་རང་གི་སྙིང་གར་ཟླ་བ་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ༀ་ཧ་དཀར་པོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། ཞེས་པ་ནས་དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ་ཞེས་པའི་བར་གྱིས་གོ་ཆ་དྲུག་དགོད་གཙོ་མོའི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ༀ་བཾ་དམར་པོ་ཞེས་པ་ནས་དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཀས་མཚན་པར་གྱུར། ཞེས་དང་གོ་ཆ་ཆེན་པོས་བསྲུང་བ་ནི། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་ཉི་གདན་ལ་པཱུ་ཛཱ། ༀ་ཨ། གོ །རཱ། དེ། མ། ཀ །ཨོ། ཏྲི། ཀོ། ཀ །ལ། ཀཱ། ཧི། པྲེ། གྲི། སཽ། སུ། ན། སི། མ། ཀུ་རྣམས་ཐིག་ལེས་བརྒྱན་པར་གྱུར། ཚམ་དམ་སྔགས་ཀྱིས་བསྲུང་བ་ནི། གཡོན་པའི་མཐེབ་མཛུབ་ཀྱིས་སྔགས་བརྗོད་པའི་ཕྱོགས་དེར་སེ་གོལ་གཏོག་པ་སྔོན་དུ་བཏང་ནས་ཤར་དུ། ༀ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། བྱང་དུ་ༀ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུྃ་ཕཊ། ནུབ་ཏུ་ༀ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུཾ་ཧཱུྃ་ཕཊ། ལྷོར་ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་ཧུཾ་ཧཱུཾ། ཞེས་བརྗོད་ནས་བསྲུང་བར་བྱའོ། །ཁ་ཟས་ཀྱི་དུས་སུ་རང་གི་ལུས་དཀྱིལ་གྱི་ལྷ་སྐད་ཅིག་གིས་གསལ་བར་དམིགས་ནས། ཁ་ཟས་ཀྱི་ཆ་ༀ་ཨཱཿ ཧཱུཾ། ཞེས་ལན་གསུམ་བརྗོད་


JLD009_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱིན་གྱིས་བརླབས་ལ། ༀ་ཁ་ཁ་ཞེས་པ་ནས་སྭཱཧཱ། ཞེས་པའི་བར་ལན་ཅིག་བརྗོད་དེ། ཕྱོགས་སྐྱོང་ལ་གཏོར་མ་ཕུལ། བཟའ་བཏུང་བྱིན་གྱིས་བརླབས་ནི། ལག་པ་གཡས་པ་ལ་རྣམ་སྣང་གི་ངོ་བོ་ཧོ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཧོ་ཡིག་གིས་མཚན་པ། བསམས་པའི་སྟེང་དུ་བཟའ་བཏུང་ངམ་བཟའ་བཏུང་དང་བཅས་པའི་སྣོད་དངོས་སུ་བཞག་པའམ་དེར་མོས། ལག་པ་གཡོན་པ་ལ་སྣང་མཐའི་ངོ་བོ་ཧ་དམར་པོ་ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཧས་མཚན་པ། བསམས་ལ་ཁ་ཟས་ཀྱི་ཁ་དགབ་པའམ་དགབ་པར་མོས་ལ། ཁ་ཟས་ཀྱི་སྟེང་དུ་ཉི་གདན་ལ་མི་བསྐྱོད་པའི་ངོ་བོ་ཧྲཱིཿ སྔོན་པོ་བསམས་ལ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་བརྗོད་པས་རིམ་པ་ལྟར།ཁ་དོག་དྲི་ནུས་ཀྱི་སྐྱོན་བཅོམས་ཤིང་བདུད་རྩིར་གྱུར། ཧྲཱིཿ འི་གཡས་སུ་ༀ་དཀར་པོ་གཡོན་དུ་ཨཱཿ དམར་པོ་མདུན་དུ་ཧཱུཾ་སྔོན་པོ་གནས་པར་གྱུར། ༀ་ཨཱཿ ཧཱུཾ། ཞེས་ལན་གསུམ་བརྗོད་པས། རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པར་གྱུར་པར་བསམས་ལ་སྐབས་འདི་དང་གཞན་དུ་བཟའ་བཏུང་ལ་སོགས་པའི་དུས་སུ་ལག་མཆོད་བྱ་ཚུལ་ནི་ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད། ༀ་ཨཱཿ ཧཱུཾ། ཞེས་བརྗོད་ཅིང་གཡོན་པ་ལ་བསང་གཏོར་བྱས་ལ་ལག་པ་མཉེ་བར་བྱའོ། །དེ་ནས་གཡོན་པའི་སོར་མོ་ལྔ་ལ་མེ་ཏོག་རེ་རེ་བཞག་པའམ། ཡང་ན་ནང་མཆོད་ཀྱི་ཐིག་ལེ་རེ་བྱས་ཏེ། གཡོན་པའི་སོར་མོ་རྣམས་བསྡུས་པའི་མཐེ་བོང་ལ་ཟླ་གདན་དང༌། གཞན་བཞི་དང་སོར་མོ་ལྔ་བསྡུས་པའི་སེར་མོ་རྣམས་ལ་ཉི་གདན་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་མཐེ་བོང་ལ་རྡོར་སེམས་ཀྱི་ངོ་བོ༌ༀ་ཧ་དཀར་པོ། མཛུབ་མོ་ལ་རྣམ་སྣང་


JLD009_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ན་མ་ཧི་སེར་པོ་གུང་མོ་ལ་པདྨ་གར་དབང་གི་ངོ་བོ་སྭཱཧཱ་ཧུ་དམར་པོ། སྲིན་ལག་ལ་དཔལ་ཧེ་རུ་ཀའི་ངོ་བོ་བཽཥ་ཊ་ཧེ་ནག་པོ། མཐེའུ་ཆུང་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། སེན་མོ་རྣམས་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ ། རྣམས་བསམས་ལ། གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པའི་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ༀ་བཾ་དམར་པོ། ཤར་གྱི་འདབ་མར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། དབང་ལྡན་དུ་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲཾི་མོཾ་དཀར་པོ། བྱང་དུ་ཉི་མ་ལ་སྐྱོད་བྱེད་མའི་ངོ་བོ་ཧྲཾ་ཧྲཾི་སེར་པོ། ནུབ་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ །ལྷོའི་འདབ་མར་ཉི་མ་ལ་གཏུམ་བྱེད་མའི་ངོ་བོ་ཕཊ་ཕཊ་དུད་ཀ་རྣམས་ཀྱིས་མཚན་པར་གྱུར་པར་བསམ་པའམ། ཡང་ན་གོ་ཆའི་སྐབས་བཞིན་སྔགས་དེ་དག་ལས་ལྷ་སོ་སོར་བསྐྱེད། ལག་པའི་རྒྱབ་ཀྱི་བོལ་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། གོ་ཆའི་སྔགས་བཅུ་གཉིས་གསལ་བར་གྱུར་པར་བསམ། ལྷར་བསྐྱེད་ན་ལྷ་བཅུ་གཉིས་སམ། ཡང་ན་བོལ་ལ་འཁོར་ལོ་གསུམ་ལ་སོགས་པ་བསམ། ལག་པའི་སའི་ཁམས་ནི་ལྟུང་བྱེད་མ། ཆུའི་ཁམས་ནི་གསོད་བྱེད་མ། མེའི་ཁམས་ནི་འགུགས་བྱེད་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་གྱི་ངོ་བོར་གྱུར་པར་བསམས་ནས། ༀ་ཧ་ཞེས་པ་ནས། ཕཊ་ཕཊ། ཅེས་པའི་བར་གྱི་སྔགས་བརྗོད་ཅིང༌། གཡས་པས་ཁུ་བའི་རྫས་བྱན་གྱིས་བརླབ་པའམ། ནང་མཆོད་གྱིས་གཡོན་པའི་ཕྱི་ནང་ཀུན་ཏུ་བྱུག །ལག་པ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་གྱུར་པར་བསམ།


JLD009_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཆོད་པ་ནི། ༀ་ཨཱཿ ཧཱུཾ། ཞེས་དང་རྐང་བརྒྱད་ཀྱི་སྔགས་བརྗོད་ཅིང༌། ཁུ་བའི་རྫས་ཐུག་པ་དང་། ཞོ་ལ་སོགས་པ་ལག་པ་གཡས་པས་གཡོན་པའི་སྟེང་དུ་བཞག་ལ་དབུལ། དེ་བཞིན་དུ་ཤ་དང་ཟན་ལ་སོགས་པ་གོང་བུའི་རྫས་རྣམས་ཀྱང་ལག་པའི་ལྷ་ལ་དབུལ། དེ་ནས་ༀ་ཧ་ༀ་ཨཱཿ ཧཱུཾ། ཞེས་སོགས་གོ་ཆའི་སྔགས་ལ་འབྲུ་གསུམ་བཏགས་པས་མཆོད་ལ་ནང་མཆོད་ཀྱིས་ཀྱང་མཆོད། དེའང་ཡབ་ཀྱི་གོ་ཚ་ལ་གཡས་སྐོར་དང༌། ཡུམ་གྱི་གོ་ཆ་ལ་གཡོན་སྐོར། འཁོར་ལོའི་ལྷ་ཚོགས་ལ་ཕྱོགས་གཡོན་སྐོར་དང༌། མཚམས་གཡས་སྐོར་དུ་ཕུལ་ནས། ༀ་ཨརྒྷཾ་པྲ་ཏཱི་ཙྪ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་སྔར་བཞིན་མཆོད། རྐང་བརྒྱད་གྱི་སྔགས་ཀྱིས་བསྟོད་ནས། ལྷག་ཆད་ཀྱི་ཉེས་པ་ཞི་བའི་འདོན་དུ། ༀ་བཛྲ་ཧེ་རུ་ཀ ། ཞེས་སོགས་ཧེ་རུ་ཀའི་ཡིག་བརྒྱ་བརྗོད་འདོད་དོན་ལ་གསོལ་བ་གདབ། དེ་ནས་ལག་པ་གཡོན་པ་ལ་གོས་པའི་རྫས་རྣམས་གཡས་པས་བསྡུས་ཏེ་གཡོན་པའི་ལག་མཐིལ་དུ་བཞག །དེ་ནས་གཡོན་པའི་མཐེབ་སྲིན་གྱིས་བཟུང་སྟེ། ༀ་ཨཱཿ ཧཱུཾ། ཞེས་རིམ་བཞིན་སྙིང་ག་དང་། ལྟེ་བ་དང༌། མགོ་བོར་བྱུགས་ཏེ། པད་ཀོར་བྱས་ནས་མགོ་བོར་བཞག་ལ། ལྷག་པའི་ལྷ་རྣམས་སྤྱོ་བོ་ནས་ཞུགས་ཏེ། རང་ལ་ཐིམ་པར་བསམ། ལག་པ་གཡོན་པའི་རྫས་ཕྱེད་རང་གི་བཟའ་བཏུང་དང་བསྲེ་ཞིང༌། ཕྱེད་སྣོད་གཞན་ཞིག་ཏུ་བཅུག་ལ་གཞག་པར་བྱའོ། །ཕྱི་མ་འདི་ལྟར་བྱས་ན། ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡོད་པར་བླ་མ་ཁ་ཅིག་བཞེད་དོ། །ལག་པ་ལ་གོས་པའི་རྫས་ལྷག་མ་རྣམས་ལག་པ་ཕན་ཚུན་མཉེས་ནས་གདོང་དང་ཡན་ལག་རྣམས་ལ་བྱུགས་ན་སྲུང་བའི་མཆོག་ཏུ་འགྱུར། ཞེས་གསུངས་སོ། །ཕུད་ཀྱིས་བླ་མ་དང་དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་ནས། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་མཉམ་པ་


JLD009_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །སྙམ་དུ་མོས། ༀ་ས་མ་ཡ་ཤུདྡྷ་སརྦ་དྷརྨཱཿ ས་མ་ཤུདྡྷོ྅ཧཾ། ལྕེ་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་པར་བསམས་ནས་ལོངས་སྤྱོད་པས་སྙིང་གའི་བདེ་ཆེན་གྱི་འཁོར་ལོའི་ལྷ་རྣམས་ལ་ཕུལ་བས་ལྷ་རྣམས་མཉེས་ཤིང་ཚིམ་པར་གྱུར་པར་བསམ་པར་བྱའོ། །ཐོག་མཐའི་གཞན་རྣམས་མངོན་རྟོགས་བཞིན་དུ་ཅི་རིགས་པར་སྦྱོར། རྡོ་རྗེ་ཕག་མོ་སོགས་རྣལ་འབྱོར་མ་སོ་བདུན་གྱི་སྔགས་རྣམས་ཀྱི། ཧཱུཾ་དང་པོ་ཐུང་ངུ་དང༌། གཉིས་པ་རིང་པོ་དང༌། གཙོ་བོ་ལ་སོགས་པ་དཔའ་བོ་རྣམས་ཀྱི་ཧཱུཾ་གཉིས་ཀ་ཐུང་ངུར། པཎྜི་ཏ་ཨུ་མ་པ་རི་ཏྲ་ཏྲས་བཤད་དོ། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་མཛད་པའི་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་པའི་མངོན་རྟོགས་ངག་ཏུ་འདོན་ཚུལ་ཡི་གེར་བཀོད་པ་འདིས་ཀྱང་དཔལ་འཁོར་ལོ་བདེ་མཆོག་གི་བཤད་སྒྲུབ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།༈ ། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡི་ཤེས་ཀྱི་མཁའ་འགྲོ་མ། དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན། ཀརྞ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་ལོཙྪ་བ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། བོ་དོང་རིན་ཆེན། ཁྲོ་ཕུ་བ། རིན་པོ་ཆེ་བསོད་ནམས་སེང་གེ །བུ་རིན་པོ་ཆེ། ཐུགས་སྲས་ལོཙྪ་བ། ཡང་ས་པཎ། བླ་མ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ།། །།༄། །ༀ་སྭསྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅང་། །བཤད་


JLD009_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། སརྦ་མངྒ་ལཾ། །


previousདྲིལ་བུ་ལུས་དཀྱིལ་གྱི་ལྷན་ཐབས།next