Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
  expand section
   
   
   
   
   
རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ།


 
previousརྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ།no next

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ།


JLD009_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ་བཞུགས་སོ།


JLD009_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ། །བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། དཔའ་བོ་དཔའ་མོའི་དབང་ཕྱུག་མ། །བྱེ་བའི་དབུས་ན་ལྷུན་པོ་ལྟར། །རབ་བརྗིད་ཧེ་རུ་ཀ་དཔལ་དང་། །རྗེ་བཙུན་རྡོ་རྗེ་ཕག་མོ་ཡི། །ཞབས་ལ་སྙིང་ནས་ཕྱག་འཚལ་ཏེ། །གྲུབ་ཐོབ་ཆེན་པོའི་རྫོགས་པའི་རིམ། །ཤིན་ཏུ་རྟོག་པར་དཀའ་བའི་གཞུང་། །སྔོན་ཆད་ཕྱོགས་འདིར་རྩ་བཤད་ཀྱི། །རྒྱུད་སྡེ་ལེག་


JLD009_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་བཀྲལ་བ། བདག་གིས་བརྩོན་པ་ཆེན་པོ་ཡིས། །རིང་དུ་འབད་ལས་རྙེད་གྱུར་པ། །དེ་འདིར་བཤད་པར་བྱ་ཡི་ཉོན་། །ལཱུ་ཨི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་གཞུང་སྒྲུབ་ཐབས་སུ་བཀོད་པ་ལ་ཚིག་དོན་ཙམ་གྱི་སྟེང་ནས་དམིགས་སྐོར་སྐྱོང་རྒྱུ་རྣམས་ད་ལྟའི་བར་དུ་འདུག་ན་འང་། རྫོགས་རིམ་འདི་བདེ་མཆོག་གི་རྩ་བ་དང་ཡན་ལག་གི་རྒྱུད་གང་གིས་ཇི་ལྟར་བསྟན་པ་སོགས་ཀྱི་སྒོ་ནས་ཡིད་ཆེས་པའི་ཁུངས་ལ་བརྟེན་ཏེ་མཐའ་དག་པར་བཤད་པའི་གོ་ག་ལེགས་པར་ཆགས་པའི་བཤད་པ་མི་འདུག་གོ། །དེ་ལྟ་ན་འང་རྣམ་དཔྱོད་དང་དོན་གཉེར་ཆེ་ཞིང་གྲུབ་ཆེན་གྱི་ལམ་སྲོལ་ཇི་


JLD009_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཞིག་ཡིན་པ་མཐོང་ན་ཅི་མ་རུང་སྙམ་པའི་བསམ་པ་ཅན་རྣམས་ཀྱིས་ལེགས་པར་རྩད་བཅད་པར་རིགས་གཏེར། ལཱུ་ཨི་པའི་ལུགས་འདི་འཕགས་ཡུལ་དུ་བདེ་མཆོག་གི་རྩ་བ་རུ་གྲགས་ཤིང་། རྗེས་འབྲང་གི་གྲུབ་ཆེན་ཡང་དུམ་འདུག་པས་ཤིང་ཏུ་འགངས་ཆེ་བའི་ཕྱི་རོ། དེ་ལྟར་ན་དེ་འདྲ་བའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་འཆད་པ་ལ་ལྔ། རྫོགས་རིམ་འདི་རྩ་བཤད་ཀྱི་རྒྱུད་ཀྱི་གཞུང་གང་གིས་བསྟན་པ་དང་། གཞུང་དེ་རྣམས་ཀྱིས་དོན་དེ་ཇི་ལྟར་བསྟན་པའི་ཚུལ་དང་། བསྟན་པའི་དོན་དེ་ཉམས་སུ་ལེན་པའི་རིམ་པ་དང་། ཉམས་སུ་བླངས་པས་རྒྱུད་ལ་མངོན་རྟོགས་སྐྱེས་པའི་རིམ་པ་དང་། རིམ་པ་དེ་ལ་བརྟེན་ནས་འབྲས་བུ་འགྲུབ་པའི་ཚུལ་ལོ། དང་པོ་ལ་གཉིས། ཀུན་སྤྱོད་ནས་འབྱུང་བ་དང་། མངོན་བརྗོད་སོགས་ནས་འབྱུང་བའོ། དང་པོ་ནི། སྒྲུབ་ཐབས་ཀྱི་གཞུང་ལས། །ཨཱ་ལི་ཀ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་བྱ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་མཆོག་གི་གནས་གྱུར་པ། །དེ་ཡི་དབུས་སུ་གནས་པས་བསམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་གཟུགས་ནི་བསྒོམ་པར་བྱ། །གོང་བུ་ལས་འདས་གྱུར་པ་དེ། །སེམས་ཉིད་དུ་ཡང་བསྒོམ་མི་བྱ། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་པ་ཉིད་དུ་མཚོན་པ་མིན། །བསམ་གྱིས་མི་ཁྱབ་བདེ་བསམས་ན། །དེ་ལས་གཟུང་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་འདི་འདིའི་རྫོགས་རིམ་གྱི་གཞུང་ཡིན་ལ། །དེ་ནི་ཀུན་སྤྱོད་ཀྱི་ལེའུ་བཅུ་གཉིས་པར་


JLD009_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཀོད་པའོ། གཉིས་པ་ནི། ཀུན་སྤྱོད་ཀྱི་ལེའུ་བཅུ་གཉིས་པར་གཞུང་སྔར་དྲངས་པ་དེའི་འཕྲོས་འགའ་ཞིག་འབྱུང་བ་ལྷག་དང་བཅས་པ་དང་། སྔར་དྲངས་པ་ཡང་རྐང་བ་འགའ་ཞིག་མཚང་བ་དང་བཅས་པ་རྣམས་རྒྱས་པར་མངོན་བརྗོད་ཀྱི་ང་དྲུག་པ་ལས། །ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནི་བཤད་པ་ཉིད། །དཀྱིལ་འཁོར་ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། །དེ་ལ་ལྟེ་བའི་འཁོར་ལོ་ཆེ། །ཐམས་ཅད་མཁྱེན་པ་ཞེས་ཕྱར་བཤད། །རྡོ་རྗེ་ཙན་ནི་དེར་བཞུགས་པ། །ཆ་མེད་ཆ་ནི་ནམ་སྤངས་པ། །ལུས་ཅན་རྣམས་ཀྱི་ནང་ན་རོལ། །ལུས་ལས་འདས་ཤིང་གོས་པ་མེད། ལ་ལར་གཟུགས་ཅན་དག་ཏུ་བཞུགས། །ལ་ལར་སྣ་དང་ངག་དག་དང་། །ལ་ལར་རྣམ་བསྒྲ་དག་དང་། །ལ་ལར་རྡོ་རྗེ་དྲི་ཆེན་ཆུ། །ལ་ལར་ཚོང་པར་བཅས་པའི་སེམས། །ལ་ལར་སྐོ་མ་དང་ལ་ལར་བཀྲེས། །ལ་ལར་ཁྲོད་ང་ལ་ལར་ནི། །ཞེས་པ་ནས། ལ་ལར་ཁྲག་དང་པགས་པར་འགྱུར། །ལ་ལར་མྱ་ངན་དུངས་བ་དང་། །ལ་ལར་བསྲེག་པའི་མེ་དག་ཡིན། །ལ་ལར་མཐོ་རིས་སྐྱ་བ་སྟེ། །རྣམ་པར་འཕྲུལ་བ་འདི་ལྟ་བུ། །ཐམས་ཅད་བདག་ཉིད་བཞུགས་འདི་ལ། །ལྷ་གང་ཆ་ནི་རྣམ་སྲངས་པ། དེ་ཡི་སྒྱུ་མ་སྣ་ཚོགས་འདི། །ཞེས་པའི་བར་དུ་གསུངས་ལ། །དེ་ནས། བརྟག་པ་མིན་པ་རྡོ་རྗེ་ཅན། །གཟུགས་མེད་པར་ནི་བྷ་གའི་ནང་། །ལྟེ་བའི་ནང་ན་པདྨ་ཆེ། །བཅུ་དྲུག་ཐིག་ནི་གདབ་པར་བྱ། །ཡི་གེ་དང་ཡི་དམ་མཉམས་སྦྱོར་བས། །ཁ་སྦྱོར་བྱེ་བ་བྱས་པ་ཡིན། །


JLD009_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དེད་བུས་རྟག་ཏུ་གསང་བ་ནི། །འབྱིན་དང་སྡུད་པར་བྱེད་པའོ། །དེ་ཉིད་རང་ཉི་རྡོ་རྗེ་ཅན། །གཅིག་པུ་རུང་འབྱུང་ཆེ་བའི་ལྷ། །དེ་ནི་སངས་རྒྱས་ཀུ་ངོས་ཞེས། །མཚན་ནི་རབ་ཏུ་བཤད་པ་ཡིན། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐམས་ཅད་མཁྱེན་པས་འདི་བཤད་པ་འམ། །ཡང་ན་མི་ཤིགས་ཀུན་མཁྱེན་པ། །སྐྲ་ཡི་ཉག་མ་རྒྱ་ཡི་ཆ། །མཆོག་གི་གཟུགས་ཅན་བསམ་པ་སྟེ། །སྟོད་པ་མ་ཡིན་དམིགས་སུ་མེད། །ཡི་གེ་མེད་ཅིང་སྟོང་པ་འང་མིན། །གོས་པ་མེད་ཅིང་ས་བོན་མེད། །གཟུགས་མེད་མཚན་མ་འང་མེད་པ་སྟེ། །རྣམ་ཤེས་རང་གི་དངོས་པོ་ནི། །རྣམས་ཤེས་ཡེ་སེཧས་དག་ཏུ་གཟུང་། །ཞེས་གསུངས་ཤིང་། །དེ་ནས་རྣལ་འབྱོར་ཉམས་སུ་བླངས་པའི་མཚན་མ་བརྒྱད་གསུངས་པའི་འོག་ཏུ། །བལྟས་པ་དགོད་པ་ལག་བཅངས་དང་། །འཁྱུད་དང་གཉིས་གཉིས་ལ་སོགས་པ། །དེ་བཞིན་གཤེགས་པས་དབུགས་འབྱིན་གསུངས། །དགུ་པ་ཟླ་བའི་བླ་མ་སྟེ། །ཐམས་ཅད་འདིར་ནི་བསྟན་པ་ཡིན། །རྣམ་པ་གཞན་དང་རྩ་དང་འདྲ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །སྐྱེས་པ་མ་མིང་ལ་སོགས་ཉིད། །ཕྲ་བའི་སྙིང་པོའང་འཛིན་པ་ཡིན། །ཡེ་ཤེས་དག་ཏུ་འབྱུང་དེ་ལ། །གང་ཞིང་གསལ་གནས་རྣམས་དང་། །བསྟན་བཅོས་དག་ནི་མ་ལུས་དང་། རིག་བྱེད་གྲུབ་མཐའ་གནས་པ་རྣམས། །འཇིག་རྟེན་


JLD009_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་གཞན་དག་ཏུ། །དེ་མེད་པ་ནི་འགྲུབ་མི་འགྱུར། །རིག་བྱེད་གྲུབ་པའི་མཐའ་རྣམས་ལ། །འདི་ནི་སྙིང་པོ་རབ་ཏུ་བཤད། །ཅེས་གསུངས་ལ། །དེ་ནས་ཨ་ལི་ཀཱ་ལིའི་བསྔགས་པ་སོགས་གསུངས་པའི་འོག་ཏུ། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོས་ངལ་བསོ་སྟེ། །བསམ་གྱིས་མི་ཁྱབ་སེམས་ཉིད་དེ། །སེམས་ཀྱང་བརྟག་པར་མི་བྱའོ། །སེམས་ཙམ་ཉིད་ཀྱང་མི་བསམ་སྟེ། །དེས་ནི་འཛིན་པ་ཐོབ་པར་འགྱུར། །གང་གི་རྒྱུད་ཀུན་ལས་གསང་བ། །ཁྱོད་ལ་ཡང་ནི་བཤད་པ་ཡིན། །འདི་ནི་འབད་པས་སྦ་བྱ་སྟེ། །གཉིས་མེད་གཉིས་སུ་མེད་པར་སྡོམ། །རྣལ་འབྱོར་མ་སོགས་ཐམས་ཅད་དང་། །དཔའ་བོའི་ཡན་ལག་ཐམས་ཅད་ཀྱི། །རྣལ་འབྱོར་བ་ཡིས་འབྲས་བུ་འཐོབ། །ཅེས་གསུངས་ལ། །ཧེ་རུ་ཀ་མངོན་འགྱུར་ལས་ཀྱང་། །གང་གི་ཇི་ལྟར་སྔོན་དུ་གསུངས། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །ལུས་ཀྱི་དཀྱིལ་འཁོར་ཞེས་སུ་བརྗོད། །སྒོ་དགུ་རུ་ནི་གྱུར་པ་སྟེ། །ལྟེ་བའི་དབུས་ན་པདྨ་ཆེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲགས། །དེ་ཡི་གནས་ནད་པའ་བོ་བཞུགས། །ཆ་མེད་ཆ་ནི་རྣམ་པར་སྤངས། །ལུས་རྣམས་ཀུན་གྱིས་རྣམ་པར་རྩེ། །ལུས་བྲལ་དྲི་མ་མེད་པ་སྟེ། །ལ་ལར་གཟུགས་ཀྱི་གནས་ན་བཞུགས། །ལ་ལར་སྣ་ཡི་གནས་ན་བཞུགས། །ཞེས་པ་ནས། །ཇི་ལྟར་ཀུན་ཏུ་རྣམ་པར་དབྱེ། །ལྷ་ཡིས་ཇི་སྲིད་གསུངས་པ་ཀུན། །གང་དེ་ཐམས་ཅད་བདག་ཉིད་གནས། །ཞེས་པའི་བར་དང་། །ལྟེ་བའི་རྩ་བར་པདྨ་གནས་


JLD009_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་བཅས་ཤིང་འོད་དང་ལྡན། །རང་བཞིན་ཀུན་ནི་ཤེལ་དག་ལྟར། །བཅུ་དྲུག་ལ་སོགས་ཀྱིས་ནི་བསྐོར། །ཡི་གེ་མཉམ་པར་སྦྱོར་སྟེ། །ནམ་མཁའ་སྦྱར་བའི་བདག་ཉིད་དེ། །དེ་ཡང་དབུས་སུ་སྟང་བ་ཆེ། །སྤྲོ་དང་བསྡུ་བར་བྱེད་པ་ཡིན། །གང་གི་མིང་ནི་ཀུན་རང་བཞིན། །གང་གིས་ཡོངས་སུ་གྲགས་པའོ། །ཉི་མ་ཟླ་བ་རྣམ་དག་སྟེ། །འཆར་དང་ནུབ་པར་བསྟན་པ་ཡིན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བསོད་ནམས་ཐམས་ཅད་རྣམ་པར་འཕེལ། །པདྨའི་སྣ་རྩེར་ཡུངས་ཀར་ཙམ། །རྒྱུད་དང་མི་རྒྱུའི་རང་བཞིན་ཀུན། །ཡིད་ཀྱིས་འདས་པར་ཡང་དག་ལྡན། །ཕྱི་ཡི་དབྱངས་ནི་རྣམ་པར་སྤངས། །དེ་ཡིས་ཡེ་ཤེས་སངས་རྒྱས་ཏེ། །གཞན་གྱིས་སངས་རྒྱས་མི་འགྱུར་ཏོ། །ཞེས་དང་། རྣལ་འབྱོར་ཉམས་སུ་བླངས་པའི་མཚན་མ་བརྒྱད་གསུངས་སོ། །མངོན་བརྗོད་ལས། །ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནི་བཤད་པ་ཉིད། །ཅེས་གསུངས་པའི་སྔར་བཤད་པ་ནི་རྒྱུད་དེའི་ལེའུ་དང་པོ་ལ་ཡང་བསྙེག་ཏུ་ཡོད་མོད་ཀྱང་། དེ་ཁོ་ནར་མི་བྱ་བར་བརྩ་རྒྱུད་ལས། །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་པ་ནི། །རྡོ་རྗེ་སེམས་པའ་བདེ་བའི་མཆོག །འདི་ནི་རང་བྱུང་མཆོག་ལྡན་པའོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་གསུངས་པ་ལ་ཡང་བསྙེག་དགོས་ཏེ། །རྡོ་རྗེ་མཁའ་འགྲོ་ལས། །ཁྱོད་ཀྱིས་སྔར་བཤད་གསང་བ་དང་། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཡི་གེ་བཅུ་དྲུག་རིག་པ་ཆེ། །བདེ་མཆོག་བླ་མར་བཤད་པ་དང་། །ཞེས་


JLD009_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་མཆོག་གིས་དགྱེས་པ་ན་ཞེས་སོགས་རྒྱུད་དེར་བཤད་པ་དང་། །བདེ་མཆོག་རྩ་རྒྱུད་གཉིས་ཀ་ལ་འང་སྙོག་པ་བཞིན་ནོ། །དེ་ལྟར་ན་ལྟེ་བར་ཟླ་བའི་དཀྱིལ་འཁོར་བསྒོམ་པ་སོགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོ་ནི་རྩ་རྒྱུད་ཀྱི་གང་གིས་གསུངས་པ་ཀུན་སྤྱོད་ན་མི་གསལ་ཡང་མངོན་བརྗོད་ལས་གསལ་བར་བཤད་ལ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་སོགས་ཀྱིས་ལྟེ་བའི་རྩ་འཁོར་ལ་བརྟེན་ནས་རྫོགས་རི་བསྒོམས་པ་དང་། དེ་ཡང་ཀུན་སྤྱོད་དང་མཐུན་པ་ནི། །མངོན་བརྗོད་ལས་གསུངས་ཤིང་ཧེ་རུ་ཀ་མངོན་འབྱུང་ཡང་མངོན་བརྗོད་དང་བསྟུན་དགོས་པར་སྔར་དྲངས་པ་རྣམས་ཀྱིས་ཤེས་པས་རྩ་རྒྱུད་དང་མངོན་བརྗོད་དང་ཧེ་རུ་ཀ་མངོན་འབྱུང་གསུམ་བསྒྲིགས་ཏེ་འདིའི་རྫོགས་རིམ་ཤེས་དགོས་ལ། བདེ་མཆོག་གི་གཞུང་གཞན་ལ་བརྟེན་ནས་ཀྱང་ཤེས་དགོས་པ་ནི་འཆད་པར་འགྱུར་རོ། །གཉིས་པ་ལ་གཉིས། །ལམ་གྱི་སྙིང་པོའི་ལྟར་བསྟན་པ་དང་། །དེ་བསྐྱེད་པའི་ཐམས་ཇི་ལྟར་བསྟན་པའོ། །དང་ལ་གཉིས། །སྤྱིར་བསྟན་པ་དང་། །སོ་སོར་ཕྱེ་སྟེ་བསྟན་པའོ། དང་པོ་ནི། བལྟས་དང་ཞེས་སོགས་གསུམ་གྱི་མཇུག་ཏུ་ཀུན་སྤྱོད་ལས། གོང་མའི་གོམག་མ་མེད་པ་ཉིད། །འདི་ཉིད་དུ་ནི་ཡང་དག་བསྟན། །མེས་ཏེ་གཞན་དག་རྩྭ་དང་འདྲ། །ཞེས་མར་དོའི་འགྱུར་ལས་འབྱུང་སྟེ། །བལྟས་པ་སོགས་བཞི་ནི་རྒྱུད་སྡེ་བཞིན་ཡིན་ལ། །དེའི་དང་པོ་གསུམ་ནི་གོང་མ་དང་བཅས་པ་དང་། །བདེ་མཆོག་ལྟ་བུ་བཞི་པ་ནི་གོང་ན་མེད་པའོ། དགུ་པ་ནི་


JLD009_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ་དང་སམྲུཊ་ལས། །བསྟེན་པས་ཡང་དག་གང་འབྱུང་བ། །སློབ་མའི་ཁ་ར་ནི་བཏུང་བར་བྱ། །རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྔངས། མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲེག །ཅེས་གསུངས་པས་དབང་གསུམ་པ་བསྐུར་བ་ལས་མཚོན་པའི་དོན་ཉམས་སུ་བླངས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །དེ་སྲོག་ཆགས་རྣམས་ཀྱི་སྲོག་ཏུ་འགྱུར་ཚུལ་ནི། །ཤིན་ཏུ་གཅེས་པས་སྲོག་དང་འདྲ་བས་སམ། །དེའི་རང་བཞིན་སྟོང་པ་ཉིད་སེམས་ཅན་རྣམས་ཀྱི་སྲོག་གི་ངོ་བོ་ཉིད་ཡིན་པའི་དོན་ནོ། །དེ་དང་བྲལ་ན་མི་འཚོ་བས་སྲོག་གོ་ཞེས་ཀྱང་འགའ་ཞིག་བཞེད་དོ། །དེ་ཉིད་མི་འགྱུར་བ་ནི་ཐོག་མར་སྐྱེ་བ་དང་མཐའ་འཇིག་པ་མེད་པའོ། །འདི་ལ་བརྟག་གཉིས་དང་སམྦུ་ཊར་ཡི་གེ་ཞེས་བསྒྱུར་བ་ནི་ཨཀྵ་ར་སྤྱིར་ཡི་གེ་ལ་འང་འདྲོ་མོད་ཀྱང་འདིར་ནི་མི་འགྱུར་ཞེས་བསྒྱུར་བ་ལྟར་ལེགས་སོ། དེ་ཉིད་ཐམས་ཅད་ཅེས་པས་སྣོད་ཀྱི་ངོ་བོ་ཉིད་དང་། །ལུས་ཀུན་ཞེས་པས་བཅུད་ཀྱི་ངོ་བོར་བསྟན་པེར་ཀུན་སྤྱོད་འགྲེལ་བར་བཤད་པ་ཡང་ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་རང་བཞིན་རྣམ་དག་ལ་གོ་བར་བྱའོ། དེ་ཉིད་སངས་རྒྱས་ཡེ་ཤེས་ནི་འབྲས་བུའི་ལྷན་སྐྱེས་ནི་དངོས་ཡིན་ལ། །ལམ་ཀྱི་ལྷན་སྐྱེས་ནི། །འཇུག་པ་ལས། །ཇི་ལྟར་དེ་ཉིད་


JLD009_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལ་སངས་རྒྱས་བསྙན། །ཅེས་བུད་དྷའི་དོན་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་བཤད་པ་ལྟར་རོ། །ཧེ་རུ་ཀ་དཔལ་ཡིན་པར་བཤད་པ་ནི། །ཤྲཱི་ཧེ་རུ་ཀའི་ཡེ་ཤེས་བཞིའི་དོན། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་སོགས་པ་ལྟར་ཚང་པའོ། །སྐྱེས་པ་དང་མ་ནིང་དང་སོགས་པས་བུད་མེད་སོགས་ཀྱི་ཕྲ་བ་དང་རགས་པའི་སྙིང་པོ་སྟེ་ངོ་བོ་འཛིན་པ་སྟེ་འཇིག་རྟེན་པས་ངེས་པ་ཡང་ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་དེར་ཤར་བ་སྟེ། དེའི་རང་བཞིན་རྣམ་དག་གིས་ཆོས་ཐམས་ཅད་ལ་ཁྱབ་ཅིང་རང་བཞིན་དེ་ཡང་ཆོས་ཐམས་ཅད་ཀྱི་རྣམ་རོལ་ཏུ་ཤར་བ་སྟེ། །ངེས་དོན་གྱི་ལྷན་སྐྱེས་ཕྱོགས་ལ་སོགས་པའི་ཆ་སྤངས་པ་དེའི་སྒྱུ་མ་སྟེ་རོལ་པ་སྣ་ཚོགས་པར་ཤར་བས་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་པར་སྔར་དྲངས་པའི་ལུང་། །ལ་ལར་གཟུགས་ཅན་དག་ཏུ་བཞུགས། །ཞེས་སོགས་རྒྱུད་གཉིས་ལས་གསུངས་པ་རྣམས་ཀྱི་དོན་ནོ། །འདི་ཡང་བརྟག་གཉིས་ལས། དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་རོལ་ཏུ་གསུངས་ཤིང་། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་གཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པྲ་སྤངས། །ཞེས་སུངས་པའི་དོན་མུ་ཏིག་ཕྲེང་བར། །ཡང་ན་ཞེས་པ་དང་གང་ཡང་ཞེས་པ་རྣམས་གྲངས་སོ། །དེ་ཉིད་ཀུན་བདག་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པ་དེ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་དགའ་བ་གསུམ་གྱི་རྗེས་སུ་འགྲོ་བ་ཉིད་དེ། །ཐུན་མོང་གི་བདེ་བ་


JLD009_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་སྟོང་པ་ཉིད་གང་ཡིན་པ་ཐུན་མོང་པ་ཞེས་བྱ་བའི་དོན་དོན། །ཡང་ན་ཞེས་པ་རྣམ་གྲངས་གཞན་གྱིས་ཐམས་ཅད་ཀྱིས་སྤངས་པ་ནི་དགའ་བ་གསུམ་དང་བྲལ་བ་སྟེ་རང་ཏིག་པའི་ཁྱད་པར་གྱི་མཚན་ཉིད་ཀྱིས་དེ་རྣམས་ཀྱི་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །འདི་དག་ཉིད་ཁྱད་པར་གྱི་མཚན་ཉི་འདི་དག་དང་བྲལ་བ་ལ་བརྟེན་ནས་འདི་ཡིས་གསུམ་པོ་སྤངས་པ་ཞེས་སོ། །ཞེས་ལྷན་སྐྱེས་ཀྱི་སྟེང་གི་ཐུན་མོང་བ་སྤྱིའི་མཚན་ཉིད་གཟུང་འཛིན་གཉིས་པོ་བདེན་པས་སྟོང་པ་དགའ་བ་གསུམ་རྗེས་སུ་འགྲོ་བས་ཐམས་ཅད་ཀྱིས་བདག་ཉིད་དུ་གསུངས་ལ། །ཐུན་མོང་མ་ཡིན་པ་ཁྱད་པྲ་གྱི་མཚན་ཉིད་ཉམས་སུ་མྱོང་བའི་ལྷན་སྐྱེས་ཀྱི་བདེ་བ་དང་བྲལ་བས་དགའ་བ་གསུམ་གྱིས་དེ་སྤངས་པར་བཤད་པ་ལྟར་ཏེ། །རེས་འགའ་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་པ་དང་། །རེས་འགའ་དགའ་བ་གསུམ་ལ་སོགས་པ་ལ་དེ་མེད་པར་བཤད་པ་རྣམས་ནི་ལྷན་སྐྱེས་ཀྱི་བདེ་སྟོང་གི་རང་བཞིན་རྣམ་དག་སྤྱིའི་མཚན་ཉིད་ཀྱིས་ཀུན་ལ་ཁྱབ་པ་དང་། །ལམ་གྱི་དྲི་མ་སྤངས་པ་ལ་སོགས་པ་ཁྱད་པར་ཐུན་མོང་མ་ཡིན་པའི་མཚན་ཉིད་གཞན་ལ་མེད་པས་གསུངས་པའི་སྟེང་ནས་ཤེས་པར་བྱའོ། །གཞན་ཡང་རང་བཞིན་གྱིས་འོད་གསོལ་བའི་རང་བཞིན་རྣམ་དག་ཆོས་གཞན་རྣམས་ལ་ཁྱབ་པར་བྱེད་པ་ནི་བདེ་བ་ཆེན་པོའི་ཡང་རང་བཞིན་ཡིན་ལ། །རང་བཞིན་དང་རང་བཞིན་ཅན་ལ་ནི་བདག་གཅིག་པའི་འབྲེལ་བ་ཡོད་པས་བདེ་བ་ཆེན་པོ་དང་ངོ་བོ་གཅིག་པའི་


JLD009_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་སྣོད་བཅུད་ཀུན་ལ་ཁྱབ་པ་ན་བདེ་བ་ཆེན་པོས་ཀྱང་དེ་རྣམས་ལ་ཁྱབ་པར་ཐ་སྙད་མཛད་པ་ཡིན་ཏེ། །ལྷན་སྐྱེས་ཀྱི་རྣལ་འབྱོར་དམ་པའི་འགྲེལ་བ་སྙིང་པོ་གསལ་བ་ལས། །ཆོས་ཉིད་ནི་ཁྱབ་པར་བྱེད་པ་སྟེ་དེ་ཉིད་ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བ་བདེ་བ་ཆེན་པོའི་རང་བཞིན་ནོ། །བདེ་བ་ཆེན་པོ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཁྱབ་པ་སྟེ་ཆོས་རྣམས་དང་ཆོས་ཉིད་ལ་དེའི་བདག་ཉིད་ཀྱི་འབྲེལ་བ་ཡོད་པས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་གྲུབ་པ་ཁོ་ན་ཡིན་ནོ། །ཇི་སྐད་དུ། །ཆོས་ལས་ཆོས་ཉིད་ཐ་མའི་དད་པའི་ཡིན་ནོ་ཞེས་གསུངས་སོ། །ཞེས་འབྱུང་བ་ལྟར་རོ། །བདེ་བ་ཆེན་པོས་ལུས་ཅན་ཀུན་ལ་ཁྱབ་པར་གསུངས་པའི་དོན་གཞན་ཡང་ཐབས་དང་ལྡན་ན་ལུས་དེ་ལས་དེ་འབྱུང་དུ་རུང་བ་ལ་དགོངས་ནས་ཀྱང་ཡིན་ཏེ། །མན་ངག་སྙེ་མ་ལས། །འོ་ན་དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་སུ་བདེ་བ་ཆེན་པོ་ཉམས་སུ་མ་མྱོང་བ་མ་ཡིན་ནས། ཇི་ལྟར་སེམས་ཅན་ཀུན་གྱི་སེམས་ཀྱི་བདག་ཉིད་དུ་བརྗོད་ཅེ་ན། །བདེ་བ་ཆེན་པོ་ཉམས་སུ་མྱོང་བ་རུང་བ་ཉིད་ཀྱིས་སོ་ཞེས་བཤད་དོ། །དེ་ལྟར་བཤད་པ་ནི་གསང་བ་གྲུབ་པ་ལས། །རང་གི་ཏིག་པའི་ལྷ་རྫས་དེ། །ཕྱག་རྒྱ་ཆེན་ཨོ་མཆོག་ཏུ་དགེ །ཐམ་མ་ལ་ལུས་ལ་བརྟེན་ནས་གནས། །ཤེས་རབ་ཆུང་བས་མཐོང་མི་འགྱུར། །མི་འགྱུར་བ་ཡི་རང་ལུས་དེ། །ཕྱོགས་གཅིག་གིས་ནི་ཤེས་པར་བྱ། །བླ་མའི་བཀའ་དྲིན་གནས་པ་ལས། །ཇི་ལྟ་བ་བཞིན་རྣམ་པར་གནས། །རྩྭ་ཤིང་འཁྲིལ་ཤིང་ལ་སོགས་པ། །ཀུན་ཏུ་གནས་པར་གྱུར་ན་ཡང་


JLD009_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནི་ཐབས་དང་བྲལ་བ་ཡིས། །མེ་ནི་མཐོང་བར་འགྱུར་མ་ཡིན། །ཐབས་དང་བྲལ་ན་ནམ་དུ་ཡང་། །ལྷ་རྫས་ཡོན་ཏན་ཀུན་འབྱུང་། །གཉུག་མའི་ལུས་ལ་གནས་ན་ཡང་། །ཤེས་རབ་གཞན་པས་མཐོང་མི་འགྱུར། །ཇི་ལྟར་བུར་ཤིང་ཁུབ་བ་དང་། །ཏིལ་ལ་ཏི་ལ་མར་ཇི་ལྟར་མར། །དེ་བཞིན་ལུས་ལ་ཐམས་ཅད་དུ། །ཤེས་རབ་ཕ་རོལ་ཕྱིན་གནས། །ཞེས་རྣལ་འབྱོར་པ་རང་གིས་རིག་པའི་བདེ་བ་ཆེན་པོའི་ལྟ་རྫས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་གི་ལུས་ལ་གནས་པའི་དོན་ནི། །ཤིང་ལ་མེད་པ། འོ་མ་ལ་མར་གནས་པ་སོགས་དང་འདྲ་བར་གསུངས་ལ། །ཐམས་ཅད་བཅས་ན་རང་ལུས་ལས་འབྱུང་དུ་རུང་བ་ལ་ཤིན་ཏུ་གསལ་བར་གསུངས་པ་དང་མཐུན་ནོ། །གཞན་ཡང་དོན་གྱི་ལྷན་སྐྱེས་ཀྱི་ཡེ་ཤེས་དང་། །ཡུལ་གྱི་དེ་ཁོ་ན་ཉིད་གཉིས་ཕན་ཚུན་དུ་འདྲ་བར་རོ་མཉམ་དུ་ཞུགས་ཤིང་། །ཡུལ་དེ་ཡང་བརྟན་གཡོ་ཀུན་ལ་ཁྱབ་པ་ལ་དགོངས་ནས་ཀྱང་དེ་ལྟར་གསུངས་ཏེ། །ཧེ་རུ་ཀ་མངོན་འབྱུང་ལས། །གང་དེ་ཐམས་ཅད་བདག་ཉིད་གནས། །དཔའ་བོ་འདི་རྣམས་གསང་ཆེན་པོ། །ཕྱི་དང་ནང་དུ་ཡང་དག་གནས། །ཀུན་ལ་ཁྱབ་ཅིང་རྟག་ཏུ་སྟོད། །ཞེས་པ་དང་། །གཉིས་མེད་ཡེ་ཤེས་ཉིད་དང་ཡང་། །དེ་དང་འདྲ་བར་སྟོང་པ་འགྱུར། །ཞེས་གསུངས་ཤིང་། །དེ་དག་གི་དོན་གསལ་བར་མན་སྙེ་ལས་ཀྱང་། །སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་སྟོང་པ་ཉིད་བཞིན་དུ་དེ་ཁོ་ན་ཉིད་དུ་བརྗོད་ཅིང་དེ་ཁོ་ན་ཡང་བྱང་ཆུབ་ཀྱི་སེམས་ཏེ་དེའི་ཕྱིར་དེ་ཡང་ཁྱབ་པར་བྱེད་པ་ཁོ་ན་འོ་


JLD009_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའོ། །ཞེས་གསུངས་སོ། །དེ་ལྟར་ལྷན་སྐྱེས་ཀྱི་བདེ་བའི་སྟེང་ནས་ཆ་སོ་སོར་ཕྱེ་ནས་སྐབས་སུ་གང་བབ་པའི་ཁྱབ་པའི་ཚུལ་རྣམས་ཤེས་པར་བྱ་ཡི། །ཆོས་འདི་ལས་ཕྱིར་རོལ་ཏུ་རྒྱུ་པ་རྣམས་ཀྱིས་རྟག་པ་དང་ཁྱབ་པ་ཁས་བླངས་པ་ལྟ་བུ་དོན་འདྲ་བ་ལ་མིང་བཟང་པོར་བསྒྱུར་བའི་ཚུལ་ཁ་ས་ཟླང་བར་མི་བྱའོ། །གལ་ཏེ་ཁོ་ན་ཉིད་ལ་བསམས་ནས་ཀུན་ལ་ཁྱབ་པར་བཤད་ན། ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་ཅེས་ལྷན་སྐྱེས་ཀྱི་བདེ་བ་ལ་དམིགས་ཀྱིས་བཀའ་ཅི་དགོས་ཏེ་ཆོས་ཅན་གཞན་གང་རུང་གཅིག་གི་སྟེང་ནས་ཀྱང་བཤད་པས་ཆོག་པའི་ཕྱིར་རོ་སྙམ་ན། དགོས་པ་དེ་ཙམ་ཞིག་ཡིན་ན་བདེན་མོད་ཀྱང་དེ་ལྟར་མཆོད་པ་ནི་རང་རྒྱུད་ལ་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་དེ་མཉམ་གཞག་ཏུ་བསྐྱངས་པའི་འོག་ཏུ་སྣོད་བཅུད་གཞན་དང་ལྷན་སྐྱེས་ཀྱི་བདེ་བའི་དེ་ཁོ་ན་ཉིད་རང་བཞིན་སྟོང་པ་གཉིས་མཚུངས་པའི་ཚུལ་དང་། ཆོས་ཐམས་ཅད་རང་རང་གི་སྟོང་པ་ཉིད་དེར་སྣང་བ་ཡིན་པས་དེའི་རྣམ་འགྱུར་ཡིན་པ་དང་། དེ་ལྟན་དེ་དག་གི་སྟོང་པ་ཉིད་ལ་རྗེས་སུ་ཞུགས་པའི་ལྷན་སྐྱེས་ཀྱིའང་རྣམ་རོལ་ཏུ་ཤར་བར་མོས་ནས། །རྗེས་ཀྱི་ཚེ་བསྐྱངས་བས་ཡུལ་སྣང་ཐམས་ཅད་བདེ་བར་འཆར་བའི་གྲོགས་སུ་འཁྱེར་བའི་ཆེད་ཡིན་ཞིང་། །མཉམ་རྗེས་གཉིས་ཀར་བདེ་སྟོང་སྦྱར་ཏེ་བསྒོམས་པས་ནི་མྱུར་དུ་འགྲུབ་པར་འགྱུར་ཏེ། །ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དམ་པ་ལས། །སྣང་བ་མེད་ཅིང་གསལ་བ་ཙམ། །བདེ་བ་ཆེན་པོ་མཐའ་ཡས་པ། །ཇི་སྲིད་ནུས་བདེ་སྲིད་དུ། །རྒྱུན་མི་ཆད་པར་བལྟ་བར་བྱ། །ལངས་བ་དང་


JLD009_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོ་ཡིན་པས་རྣལ་འབྱོར་མའི་འཁོར་ལོའི་བདག་ཉིད་ཅན་དུ་མོས་པར་བྱའོ། །ཡང་དང་ཡང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར་རང་རིག་པའི་བདེ་བ་ཆེན་པོ་དེ་ཉིད་ཀྱིས་མཆོད་པར་བྱའོ། །ཚོགས་བསགས་པའི་བསྒོམ་པའི་ཁྱད་པར་གྱིས་ཡུན་རིང་མ་ཡིན་པར་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །སྲོག་ཆགས་ཐམས་ཅད་བདག་ལས་བྱུང་། །ཁམས་གསུམ་ཡང་ནི་བདག་ལས་བྱུང་། །འདི་དག་ཐམས་ཅད་བདག་གིས་ཁྱབ། །འགྲོ་གཞན་རང་བཞིན་མི་སྣང་ངོ་། །དེ་ལྟར་ཤེས་ནས་རྣམླ་འབྱོར་བ། །མཉམ་པར་བཞག་པས་གང་སློབ་པ། །མི་དེ་བསོད་ནམས་དམན་ཡང་། །འགྲུབ་པར་འགྱུར་ཏེ་ཐེ་ཙོམ་མེད། །ཅེས་གསུངས་ཏེ། །ཚུལ་འདི་ནི་བརྟག་གཉིས་ཀྱི་ལེའུ་བརྒྱད་པ་སོགས་ནས་བདེ་བས་ཀུན་ལ་ཁྱབ་པར་བཤད་པ་རྣམས་ཀྱི་གནད་དམ་པའོ། །མན་སྙེ་ལས་ཀྱང་དེ་ལྟར་དུ་གསུངས་པས། །བརྟན་སོགས་གཡོ་བ་དང་བཅས་པའི། །འགྲོ་ཀུན་ཁྱབ་པས་ཁྱབ་པ་པོ། །ཞེས་སོ། འདི་ཡང་བདེ་བ་ཆེན་པོའི་ངོ་བོ་ཁོ་ནར་བསྒོམ་པར་བྱ་བཞིན་པས་ནི་འབྲས་བུ་བདེ་བ་ཆེན་པོའི་རང་བཞིན་གྱི་ཐར་པ་སྐྱེད་པར་བྱེད་དེ། །ཉེ་བར་ལེན་པ་དང་ཉེ་བར་བླང་བྱ་དག་རིགས་མཚུངས་པ་ཁོ་ནའོ་ཞེས་བཤད་དོ། །བརྟག་པ་མིན་པ་རྡོ་རྗེ་ཅན། །གཟུགས་མེད་པ་ནི་བྷ་གའི་ནང་། །ཞེས་པའི་རྟོག་པས་བརྟག་པར་བྱ་བ་མིན་པ་ནི་དེས་མ་བསླད་


JLD009_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། རྡོ་རྗེ་ཅན་ནི་ལྷན་སྐྱེས་སོ། །གཟུགས་མེད་པ་ཏེ་གསུགས་སུ་མེད་པའོ། །བྷ་ག་ནི་ཆོས་འབྱུང་འོད་གསལ་ལོ། །དེའི་ནང་ནི་དེར་ཡེ་ཤེས་དེ་རོ་གཅིག་ཏུ་ཞུགས་པའོ། །གསང་བ་ནི་སྟོང་པ་ཉིད་ཡིན་ལ་དེར་བཞུགས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །གསང་དེ་ཡང་ཡེ་ཤེས་མཆོག་སྟེ་དམ་པའི་ཡུལ་དང་། །དེ་ཡུལ་དུ་བྱས་ནནས་དགྱེས་པ་སྟེ་བདེ་བ་ཆེན་པོ་བསྐྱེད་པ་དང་། །གསང་བ་དེ་ཡང་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དང་། །དེར་རྟག་ཏུ་བཞུགས་པ་ནི་དེ་དོར་ནས་གང་དུ་ཡང་མ་བཞུད་པའོ། །འདི་ལ་བཤད་ཚུལ་མང་ཡང་འདིར་ལྷན་སྐྱེས་ཀྱི་ངེས་དོན་གྱི་བཤད་པ་སྐགས་སུ་བབ་པ་ལྟར་རོ། །ཌཱ་ཎི་ཌ་ཞེས་པ་ནི་ནམ་མཁའ་སྟེ་སྐད་ཀྱི་བྱིངས་ལ་བསྒྱུར་བའོ། །ཨ་ཀེ་ནི་གྱ་གྱུར་འགྲོ་བ་སྟེ་ནམ་མཁའ་ལ་ཁྱབ་པར་འགྲོ་བས་ཌཱ་ཀི་ནི་སྟེ་མཁའ་འགྲོ་མ་བཞིའོ། །དེའི་ངེས་དོན་ནི་ནམ་མཁའ་ཤེས་རབ་སྟོང་པ་ཉིད་ལ་ཁྱབ་པར་འགྲོ་བའི་ལྷན་སྐྱེས་སོ། །དེའི་དངོས་པོ་ནི་རང་གི་ངོ་བོ་ཡིན་ཏེ། །དེ་ཁོ་ན་ཉིད་གསལ་བ་ལས། །ཌེ་ནི་ནམ་མཁར་འགྲོ་བ་ཞེས། །སྐད་ཀྱི་བྱིངས་ལས་རྣམ་པར་བརྟགས། །ནམ་མཁའ་ཀུན་ཏུ་རྒྱུ་བས་ན། །མཁའ་འགྲོ་མ་ཞེས་བྱ་བར་བརྗོད། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །རང་བཞིན་ཉིད་ཕྱིར་དེ་ཡི་དངོས། །ཞེས་སོ། །དེས་སངས་རྒྱས་ཀུན་དངོས་ཞེས་བྱ་བའི་དོན་ཡང་གོ་བར་བྱའོ། །སེམས་དཔའ་ནི་འཁོར་བ་སྟེ་ཐམས་མཆོག་ཏུ་དགའ་བའི་ངོ་བོ་སྟེ། །རྡོ་རྗེ་སེམས་དཔའི་སེམས་དཔའི་དོན་ཡང་དེའོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་སྟོང་པ་དང་དབྱེར་


JLD009_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་པའོ། །རྒྱུ་མཚན་དེས་ན་རྩ་བའི་རྒྱུད་ལས། །རྡོར་སེམས་ཞེས་པའི་འོག་ཏུ་བདེ་བའི་མཆོག་ཅེས་གསུངས་ཏེ། །བདེ་བ་ཆེན་པོ་ནམ་མཁའི་ཁམས་སྟོང་པ་ཉིད་ཀྱི་ཡུལ་ཅན་དུ་གནས་པ་ནི་བདེ་བ་གཞན་ལས་མཆོག་ཡིན་པའི་ཕྱིར་ཏེ། །དེ་ཉིད་གསལ་བ་ལས། །སེམས་དཔའ་ཞེས་པའང་འཁོར་བ་ནི། །མཆོག་ཏུ་དགའ་བའི་ངོ་བོ་ཡིན། །བྱང་ཆུབ་སེམས་ནི་མི་ཕྱེད་ཕྱིར། །འདི་ལ་རྡོ་རྗེ་སེམས་དཔར་བརྗོད། །དེ་ཡི་ཕྱིར་ན་དེ་འོག་ཏུ། །བདེ་བའི་མཆོག་ཅེས་རྒྱུད་ལས་གསུངས། །ནམ་མཁའི་ཁམས་སུ་གནས་པས་ཀྱང་། །དེ་ནི་བདེ་བའི་མཆོག་ཏུ་བརྗོད། །ཅེས་གསུངས་ཏེ་རྡོ་རྗེ་མཁའ་འགྲོར་བཤད་པ་གཞན་མཛད་པའང་ཡོད་པས་སྒོ་གཅིག་ཏུ་མ་ངེས་སོ། །མཆོག་ཏུ་དག་བ་འདི་ནི་གདུལ་བྱ་རང་རང་གི་དོར་རྣམ་སྣང་ལ་སོགས་པའི་སྐུར་འབྱུང་བས་རང་འབྱུང་མ་དེ་ཁོ་ན་ཉིད་ཇི་བཞིན་དུ་རྗེས་སུ་ཞུགས་པས་རང་འབྱུང་དང་། །སྐལ་བ་ཕུན་ཚོགས་དང་ལྡན་པས་བཅོམ་ལྡན་འདས་དང་། །མི་མཐུན་ཕྱོགས་རྩད་ནས་འབྱིན་པས་དཔའ་པོ་དང་། །དེ་ཁོ་ན་ཉིད་དང་རོ་གཅིག་པས་གཅིག་པུ་དང་། །ལུས་ལ་ལྷག་པར་བྱིན་གྱིས་རློབ་ཅིང་གསང་བའི་་་་་་་དང་སྐུལ་བ་རྒྱས་པྲ་བྱེད་པས་ན་ལྷ་སྟེ་ཆེ་བའི་ལྷ་ཞེས་ཀྱང་བྱའོ། མཁའ་འགྲོ་མའི་དྲལ་ནི་རྩ་སོ་དྲུག་གི་ཚོགས་ཡིན་ལ། །དེས་བསྐུལ་བའི་ཡེ་ཤེས་ནི་སྡོམ་པ་ཞེས་པ་སམ་བྷ་ག་སྟེ་བདེ་བ་མཆོག་གོ །དེ་འདྲ་བའི་་་་་་་ན་དམ་པར་སྟོང་བ་མ་ཡིན་


JLD009_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མི་དམིགས་ཤིང་ཐ་སྙད་དུ་སྟོང་པ་སྟེ་མེད་པ་ལ་ཡང་དམིགས་པ་མིན་ནོ། ཧཱུྃ་ལ་སོགས་པའི་ཡི་གེ་དངས་བོན་ནཱ་ད་ཙམ་དུ་ཡང་མི་དམིགས་པ་དང་། དྲི་མས་གོས་པ་སྟེ་བསླད་པ་མེད་ཅིང་། གཟུགས་སུ་འང་མེད་ཅིང་གཉིས་སྣང་གི་མཚན་མ་ཡང་མེད་པའོ། མཚན་མ་དང་བཅས་པའི་རྣམ་ཤེས་རང་གི་སེམས་མཚན་མར་སྣང་བ་མེད་པའི་ཡེ་ཤེས་སུ་བསྐྱེད་པའི་ཚུལ་གྱིས་གཟུང་ངོ། ལྟེ་བའི་གནས་སུ་རྡོ་རྗེ་ཅན་སོགས་བཞུགས་ཞེས་པའི་དོན་ནི་བཤད་ཟིན་ལ། རྣམ་པར་རྩེ་བས་ནི་རོལ་བ་དང་། ལུས་རྣམས་ཀུན་ནི་ལུས་ཅན་རྣམས་ཀྱི་ནང་ན་ཞེས་པའི་དོན་ནོ། །ལྟེ་བའི་དབུས་ན་གནས་པའི་གསང་བ་ནི་སྟོང་པ་ཆེ་ཞེས་པ་ཡིན་ལ། །སྤྲོ་བའི་མ་འབྱིན་པར་བྱེད་པ་ནི་དེའི་བདག་ཉིད་ཡི་ལས་ལས་ཀུན་འབྱུང་བ་དང་། །མཐར་སྡུད་ས་ཡང་དེ་བྱེད་པའོ། འཇིག་རྟེན་འདིར་དེ་མེད་པས་མི་འགྲུབ་པ་ནི། །ཚེ་འདིར་མཆོག་ཐོབ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་དང་སྟོང་པ་སྦྱང་བའི་མཐུ་ཉིད་དུ་ཟད་པའོ། །འཇིག་རྟེན་གཞན་དུའང་དེ་མེད་པར་མི་འགྲུབ་པ་ནི་སྐྱེ་བ་དུ་མར་བརྒྱུད་ནས་འཚང་རྒྱ་བ་ལ་ཡང་དེ་མེད་པར་མི་འཐོབ་བའོ། །རིག་བྱེད་ཀྱིས་མཚོན་པའི་ཕྱི་རོལ་པའི་གཞུང་དང་རང་གི་གྲུབ་པའི་མཐའི་གཞུང་རྣམས་སུ་སྙིང་པོའི་དོན་འཚོལ་བའི་བཙལ་བྱའི་སྙིང་པོའི་དོན་ནི་ཐབས་ཤེས་དབྱེར་མེད་ཀྱི་ལམ་འདི་ཉིད་ཡིན་པར་རྣལ་འབྱོར་བླ་མེད་ཀྱི་གཞུང་རྣམས་ལས་བཤད་དོ། །ཞེས་ངེས་པའི་དོན་མཐར་ཐུག་པའི་ལམ་དུ་གསུངས་སོ། །སྙིང་པོའི་ཐབས་ཤེས་དབྱེར་མེད་དེ་ཡང་


JLD009_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་དཔལ་བདེ་མཆོག་འབྱུང་བ་ལས་གསུངས་ཏེ། དངོས་པོ་མེད་པའི་ཆོས་རྣམས་ལ། །བླང་དང་དོར་བ་ག་ལ་ཞིག ། བླང་བྱ་དང་ནི་དོར་བྱ་ཡི། །ཆོས་ཀུན་རྨི་ལམ་ཇི་བཞིན་ནོ། །དགའ་བ་ཡོངས་སུ་ཤེས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག དགའ་བའི་འབྲས་བུ་གནས་པ། འདི་ནི་དངོས་མེད་བྱང་ཆུབ་པོ། །གཉིས་པོ་རོ་གཅིག་དབྱེར་མེད་པར། །དགའ་བའི་བདེ་བ་ཆེན་པོ་ཉིད། །ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མེ་དང་ནི་འོད་ཟེར་བཞིན། འདི་གཉིས་མི་ཕྱེད་བདག་ཉིད་དོ། །རོ་གཅིག་དངོས་པའི་སེམས་ཡིན་ནོ། །ཤེས་རབ་ཐས་ནི་མཉམ་སྦྱོར་བས། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པའི། །སངས་རྒྱས་ཀུན་རྣམས་རབ་ཏུ་གཞུག །དབྱེར་མེད་རྣམ་པར་ཡང་དག་རིག །གང་ཞིག་གནས་ན་རྡོ་རྗེ་སེམས། །ཇི་སྲིད་རྫོགས་བྱང་ཆུབ་པར་འགྱུར། །བདེ་བས་སྡོམ་པར་བྱས་ནས་ནི། །སྒྲུབ་པོ་བདེ་མཆོག་རྫོགས་པར་དུ། །དེ་སྲིད་དེ་ནི་མྱོང་བར་འགྱུར། །ཞེས་གསུངས་སོ། །རང་བཞིན་གྱིས་གྲུབ་པ་མེད་པའི་ཆོས་རྣམས་བླང་དོར་གྱི་རང་བཞིན་གྱིས་སྟོང་ཡང་དེར་སྣང་བ་རྨི་ལམ་གྱི་བླང་དོར་བཞིན་དུ་ཡོངས་སུ་ཤེས་པའི་དགའ་བ་སྟེ་བདེ་བ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། མཆོག་ནི་ཡུལ་ཅན་བདེ་བ་ཆེན་པོས་མ་བྱས་པའི་སྟོང་ཉིད་རྟོགས་པ་ལས་ཁྱད་པར་འཕགས་པའོ། དགའ་བ་བདེ་ཆེན་གང་གི་དོན་དུ་བསྐྱེད་པའི་འབྲས་བུ་སྟེ་དགོས་པ་ནི་འདག་མེད་པའི་དེ་ཉིད་བསྒོམ་


JLD009_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཡིན་པས་བདེ་ཆེན་བསྐྱེད་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་གནས་པའི་རྟོགས་པ་ནི་རང་བཞིན་མེད་པའི་དོན་བསྒོམ་པའོ། འགྱུར་གསར་ལས། དགའ་བའི་འབྲས་བུ་ལ་གནས་པ། །རྟོག་པ་དེ་དགྲ་ང་བཞིན་བྲལ། །ཞེས་འབྱུང་ངོ་། །རང་བཞིན་མེད་པའི་སྟོང་པ་དང་བདེ་བ་ཆེན་པོ་གཉིས་རོ་གཅིག་པ་དབྱེར་མེད་པའི་ཤེས་རབ་དང་སྙིང་རྗེའོ། །དེ་གཉིས་ཀྱི་དབྱེ་བ་ནི་སྒྲོན་མེ་དང་དེའི་སྣང་བ་བཞིན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཚམ་སྟེ་སྙིང་རྗེ་བདེ་ཆེན་དང་ཤེས་རབ་སྟོང་ཉིད་རྟོགས་པ་གཉིས་སེམས་གཅིག་གི་དངོས་པར་སྦྱོར་རོ། དེ་འདྲ་བའི་ཐབས་ཤེས་དབྱེར་མེད་དུ་སྦྱར་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པ་ནི་སངས་རྒྱས་མཐའ་དག་གང་ལ་གནས་ནས་བྱང་ཆུབ་སྒྲུབ་པའི་ལམ་གོང་ན་མེད་པ་ཞེས་བྱ་སྟེ། །འགྱུར་གསར་ལས། དེ་ཉིད་སངས་རྒྱས་མཐའ་དག་གི །རབ་ཏུ་གནས་པ་བླ་ན་མེད། །ཅེས་འབྱུང་ངོ་། དེ་ལ་རྡོ་རྗེ་དང་སེམས་དཔའི་དོན་ཚང་བ་ནི་སྔར་བཤད་པ་ལྟར་རོ། དེ་འདྲ་བའི་ལམ་གྱིས་ཆོས་ཐམས་ཅད་ལྷན་སྐྱེས་ཀྱི་ངོ་བོར་བསྡོམས་ནས་བགྲོད་པ་ནི་དཔལ་བདེ་མཆོག་མ་ཐོབ་ཀྱི་བར་དུ་བྱེད་དོ། །ཞེས་ལམ་འདི་ཉིད་བགྲོད་པ་གཅིག་པར་སྟོན་པའོ། །འདི་བདེ་བར་གཤེགས་པའི་ལམ་མཆོག་ལ་ཕྱག་འཚལ་སྐབས་སུ་གསུངས་པས་སྔར་བཤད་པའི་ལམ་གྱི་སྙིང་པོ་ནི་འདི་ཉིད་དུ་ཡིད་ཆེས་པར་བྱའོ། ལམ་གྱི་སྙིང་པོ་ལ་སྣང་ཕྱོགས་སྒྱུ་མའི་ལུས་ཀྱི་རྫོགས་རིམ་གྱི་ཏིང་ངེ་


JLD009_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཡང་དགོས་མོད་ཀྱང་། །རྣལ་འབྱོར་མའི་རྒྱུད་རྣམས་སུ་སྟོང་ཕྱོགས་བདེ་སྟོང་སྦྱོར་བའི་ལམ་ཉིད་རྩལ་དུ་བཏོན་ནས་གཙོ་བོར་འཆད་པ་ལྟར་ཏེ་འོན་ཀྱང་དེ་ནི་འཆད་པར་འགྱུར་རོ། །གཞན་ཡང་། དེ་སྲིད་དེ་ནི་མྱོང་བར་འགྱུར། །ཞེས་པའི་མཇུག་ཐོགས་སུ་སླར་ཡང་བདེ་སྟོང་གི་ཐབས་ཤེས་གསུངས་པ་ནི། སྒྱུ་མའི་རྫུ་འཕྲུལ་ཚོགས་པ་རྣམས་ལ་དེ་ཤེས་ཇི་བཞིན་ཉིད། །སྐྱེ་དང་དགའ་བ་མཐའ་དག་མཉམ་པ་ཉིད་དུ་རབ་སྤྱོད་ཅིང་། །འཇིགས་དང་འཇིགས་པར་བྱེད་མེད་བདེ་བ་འབྱུང་བའང་ཡོད་མ་ཡིན། དེ་ལྟར་རྣལ་འབྱོར་བ་ནི་རང་བཞིན་དེ་བཞིན་ཉིད་རྗེས་འགྲོ། །ཞེས་བདེ་བ་དང་དེ་སྐྱེད་བྱེད་དང་འཇིགས་པ་དང་དེ་བསྐྱེད་པའི་བྱ་བྱེད་ཐམས་ཅད་སྒྱུ་མ་ཤེས་པའི་སྒྱུ་མ་མཁན་ལ་སྒྱུ་མར་སྣང་བ་ལྟར། །རང་བཞིན་གྱིས་གྲུབ་པ་མེད་བཞིན་ད་དེར་སྣང་བར་ཤེས་པར་བྱས་ནས་རྣལ་འབྱོར་བ་དེ་བཞིན་ཉིད་ཀྱི་རང་བཞིན་ཇི་ལྟར་གནས་དེའི་རྗེས་སུ་འགྲོ་བར་སློབ་པའི་ཤེས་རབ་དང་། ཡང་དེའི་མཇུག་ཏུ། ཨེ་མའོ་བདེ་ཆེན་འདོད་པ་ཡིས། །ས་གསུམ་པོ་ནི་གང་བ་སྟེ། །ཨེ་མའོ་ཞི་བའི་བདེ་བ་འབབ། །སྣ་ཚོགས་འཁོར་དུ་ཆུང་ཅིང་རྒྱས། ཨེ་མའོ་བདེ་བ་བདེ་ཆེན་པོ། །ཨེ་མའོ་ཇི་ལྟར་ཇི་ལྟར་བཟའ། །ཨེ་མའོ་ལྷན་སྐྱེས་བདག་ཉིད་ཆེ། །ཆོས་རྣམས་ཀུན་གྱི་རང་བཞིན་ཉིད། །ཅེས་རྐང་པ་གཉིས་གཉིས་ཀྱི་དགའ་བ་རེ་རེ་སྟོན་ཞིང་། །དེ་ལའང་ཨེ་མའོ་ཞེས་ཤིན་ཏུ་ངོ་མཚར་བར་གསུངས་པ་ནི་སྔར་བཤད་པའི་སྟོང་བ་


JLD009_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདི་གཉིས་སྦྱར་ཏེ་བསྒོམས་པས་རྣལ་འབྱོར་བའི་ཡིད་འཕྲོག་པར་སྟོན་པའང་ཡིན་པས་ལམ་འདི་འདྲ་བ་ལ་ཤིན་ཏུ་ངོ་མཚར་བ་བསྐྱེད་པར་བྱའོ། གཉིས་པ་སོ་སོར་ཕྱེ་སྟེ་བཤད་པ་ལ་གསུམ། །ཤེས་རབ་སྟོང་པའི་ཕྱོགས་བཤད་པ་དང་། །ཐབས་བདེ་བའི་ཕྱོགས་བཤད་པ་དང་། ཐབས་ཤེས་གཉིས་མཉམ་པར་སྦྱོར་བའི་ཚུལ་བཤད་པའོ། དང་པོ་ནི། རྒྱ་རྒྱུད་ལས་རྒྱུད་ཀྱི་དོན་གྱི་གཙོ་བོ་རྣམས་དེ་ཉིད་བཅུ་བཞིར་བསྡུས་པའི་སྐབས་སུ། རྒྱུ་སོགས་སྟོང་པ་སྔོན་འགྲོ་བས། ཞེས་གསུངས་བ་ནི་ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཡིན། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུ་འང་མི་གནས་པ། །ཞེས་གསུངས་པ་དེ་ཡིན་ལ། དེའི་དོན་ནི་མཁའ་འགྲོ་རྒྱ་མཚོ་ལས། །ཨེ་ཝཾ་ལ་སོགས་གཉིས་མེད་པའང་། །ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། །ཧེ་ཡིག་སྙིང་གནས་ཀུན་ཏུ། །ཧེ་རུ་ཀ་སོགས་རབ་འཁོར་འགྲོ། །སྒོམ་པ་ཀུན་གྱི་འབྱུང་གནས་ལས། །འཛིན་པ་ལ་སོགས་རྣམས་བསྐྱེད་འགྱུར། །དེ་ནི་རྒྱུ་སྟོང་བདག་ཉིད་དེ། །རྒྱུའི་བདག་ཉིད་དུ་མི་རྟོག་པའོ། །རང་བཞིན་ཆོས་བདག་མེད་པ་ཉིད། །དེ་ནི་སྟོང་པི་རྣལ་འགྱོར་གནས། །བཀོད་པ་གང་དག་བདག་མེད་པ། །རྟོག་པའི་དྲ་བ་ཆེན་པོ་ནི། །རུ་ཡིག་རྐྱེན་གྱི་བདག་ཉིད་ཅན། །དེ་ནི་བདག་གི་བཀོད་བྲལ་བའོ། །སླར་བརྗོད་ཀ་ནི་མ་ལུས་པའི། །བདག་གིས་གཉིས་བྱར་མེད་ཤེས་གང་། །གང་ཕྱིར་ཅི་ལའང་མི་གནས་པ། །དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། །ཅེས་ཧེས་ཆོས་ཀྱི་བདག་མེད་དང་། །རུས་


JLD009_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་བདག་མེད་དེ་ཡུལ་བདག་མེད་གཉིས་དང་། །ཀས་ཡུལ་ཅན་གྱི་ཡེ་ཤེས་དང་། །ཤྲཱིས་དེ་གཉིས་དབྱར་གྱི་མེ་ཕྱེད་པར་སྟོན་ཏེ། །མདོར་ན་བདག་མེད་གཉིས་རྟོགས་པའི་ཤེས་རབ་བོ། །བདེ་མཆོག་འབྱུང་བ་ལས་ཀྱང་། འགྲོ་བ་ཆུ་ཡི་ཟླ་བ་དེ་བཞིན་མཐོང་འགྱུར་ཞིང་། །ཐོས་པ་དང་ནི་བྲག་ཆ་གཅིག་ཏུ་ཡང་དག་འཇུག །སེམས་ཀྱང་རྒྱ་དམ་སྨིག་རྒྱུ་ལྟ་བུ་བལྟ་བྱ་ཞིང་། །བཟའ་དང་བཏང་བ་ནམ་མཁའ་ལྟ་བུར་གང་གི་ཚེ། །བསྣམ་དག་གི་ནམ་མཁའི་མེ་ཏོག་དྲི་ལྟ་བུ། །ཟླ་བ་ཉི་མ་ཇི་བཞིན་སྐོར་བར་བྱེད་པའི་ཡིད། ཡང་དག་གནས་པ་རྣམས་ཀྱང་རི་རབ་དེ་མཚུངས་ཏེ། །དམིགས་པ་གཞོན་ནུ་མ་ཡི་རྨི་ལས་ཇི་བཞིན་ནོ། །ཐ་སྙད་དག་ནི་སྦྱུ་མ་མིག་འཕྲུལ་ལྟ་བུར་གནས། །དེ་ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་རུ། །དངོས་པོའི་རང་བཞིན་དང་བྲལ་བསམ་གྱིས་མི་ཁྱབ་ཚུལ། །རྟག་ཏུ་འཚར་བ་བདེ་གཤེགས་ལམ་མཆོག་ཕྱག་འཚལ་བསྟོད་ཅེས་མཐོང་བའི་གཟུགས་རྣམས་ཆུ་ཟླ་དང་། ཐོགས་པའི་སྒྲ་ཏནམས་བྲག་ཆ་དང་། བསྣས་པའི་དྲི་རྣམས་ནམ་མཁའི་མེ་ཏོག་གི་དྲི་དང་། བཟའ་བཏུང་གི་ངོ་རྣམས་ནམ་མཁའ་དང་། རེག་བྱ་རྣམས་གཞོན་ནུ་མས་རྨི་ལམ་དུ་རྨིས་པའི་རེག་བྱ་བཞིན་དང་། དྲུག་པ་ཡིད་ཀྱི་སེམས་ཀྱི་ཡུལ་རྣམས་སྨིག་རྒྱུའི་ཆུ་དང་མཚུངས་པར་ལེགས་པར་ཤེས་ནས། ཉི་ཟླ་བཞིན་དུ་ཅུང་ཟད་ཀྱན་མི་སྡོད་པར་ཡུལ་ལ་རྒྱག་པའི་ཡིད་ནི། །རང་བཞིན་མེད་


JLD009_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གཏན་ལ་ཕབ་པའི་ལྷ་ཐོག་ཏུ་རི་རབ་དང་འདྲ་བར་མི་གཡོ་བར་ཡང་དག་པར་གནས་པས་གནས་པར་བྱས་ནས་མཉམ་གཞག་ཏུ་བསྐྱངས་པའི་མཐུས་རྗེས་ཐོབ་ཏུ་ཐ་སྙད་གང་འདོགས་ཐམས་ཅད་སྒྱུ་མ་དང་མིག་འཕྲུལ་བཞིན་དང་། ཡུལ་སྣང་གང་ཤར་ཐམས་ཅད་གཞོན་ནུ་མས་རྨི་ལམ་དུ་བདེ་བ་མྱོང་བ་བཞིན་དུ་བདེ་བ་ཆེན་པོའི་ངོ་བོར་འཆར་བར་བྱ་བ་དང་། །སྔར་བཤད་པ་དེ་ལྟར་དཔེ་དེ་རྣམས་བཞིན་དུ་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པ་དང་བྲལ་བའི་ཡུལ་གྱི་གནས་ཚུལ་ཇི་འདྲ་བ་དེ་བཞིན་དུ་ལྷན་སྐྱེས་ཀྱི་བདེ་བ་འབྱུང་བ་ཡང་དེ་ཁོ་ན་ཉིད་ལ་རྗེས་སུ་ཞུགས་པར་རྟག་ཏུ་འཆར་བའི་བདེ་བར་གཤེགས་པའི་སར་བགྲོད་པའི་ལམ་རྣམས་ཀྱི་ནང་ནས་མཆོག་ཏུ་རྒྱུར་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྔར་བཤད་པའི་ཐབས་ཤེས་རྒྱས་བཤད་ཀྱི་སྐབས་སུ་གསུངས་སོ། །རྡོ་རྗེ་མཁའ་འགྲོ་ལས་ཀྱང་། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁར་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པ་ནི་མ་ལུས་པའི། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རེག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །གང་གིས་བླུན་པོ་མཆིང་གྱུར་པ། །འདིར་དེས་མཁས་རྣམས་རྣམ་པར་རོལ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བུར་འདའ། །ཞེས་དང་། །གང་ཚེ་འདུས་བྱས་ཚུལ་རྣམས་ནི། །རྣམ་པར་མི་རྟོགས་སེམས་གྱིས་སུ། །མེ་ལོང་ལྟ་བུར་རབ་ཤེས་པ། །


JLD009_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཤེས་རབ་བརྟན་པ་ཡིན། །གློག་དང་ཆུ་བུར་སྨིན་པ། །གང་ཚེ་འདུས་བྱས་ཚུལ་རྣམས་ནི། །གང་གིས་ཇི་ལྟར་མཐོང་གྱུར་པ། །དེ་ནི་ཤེས་རབ་བརྟན་པ་ཡིན། །མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་། །མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ཡིན་པས་བརྗོད། །ཅེས་གསུངས་སོ། དེ་ལ་ནམ་མཁའ་ནི་ཐོགས་པའི་རེག་བྱ་བཀའ་ཙམ་གྱིས་མིང་ཙམ་ཡིན་པས་མཚན་ཉིད་གཞན་མེད་པ་བཞིན་དུ་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ནམ་མཁའི་མཚན་ཉིད་དེ་མིང་ཙམ་པ་ཡིན་ནོ། །འོན་ཀྱང་ནམ་མཁའ་ནི་དོན་བྱེད་པའི་ནུས་པས་སྟོང་བ་དང་མི་འབྲ་བས་ཁམས་གསུམ་མ་ལུས་པའི་འགྲོ་བ་ཀུན་ནི་རྫུན་པ་ཡིན་ཀྱང་དོན་བྱེད་པའི་ནུས་པ་དང་ལྡན་པའི་སྒྱུ་མ་ལྟ་བ་ཡིན་ཏེ། སྣོད་བཅུད་ཀྱི་འགྲོ་བ་རྣམས་ལ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ན་འགའ་ཡང་དམིགས་སུ་མེད་ལ། འོ་ཀྱང་རང་རང་གི་བྱ་བ་བྱེད་པ་ལ་མི་བསླུ་བས་མཐོང་བ་མྱོང་བ་དང་། །རེག་པ་སྣང་བ་ཐམས་ཅད་ནི་སྒྱུ་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། གཡོ་བའི་འགྲོ་བ་རང་བཞིན་མེད་པ་ནི་གང་ཟག་གི་བདག་མེད་དང་། བརྟན་པའི་འགྲོ་བ་དང་ནང་གི་ཕུང་སོགས་ཀྱི་ཆོས་རང་བཞིན་མེད་པ་ནི་ཆོས་ཀྱི་བདག་མེད་དེ། འདི་ལ་འགྲོ་བ་ཞེས་པ་ནི་སྐད་ཅིག་གིས་མི་སྡོད་པར་འགྲོ་བ་ལ་དགོངས་ནས་སོ། འདོད་ཡོན་ལ་ཆགས་པ་གང་གིས་བླུན་པོ་འཁོར་བར་འཆིང་བ་དེས་ཐེག་པ་བླ་ན་མེད་འདིར་དེ་ཁོ་ན་ཉིད་ལ་མཁས་པ་རྣམས་ཕྱག་


JLD009_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སོགས་པའི་ཡུལ་ལ་རྣམ་པར་རོལ་པར་བྱེད་དོ། དེ་ལྟར་ཕྱག་རྒྱ་མ་དང་མཉམ་པར་སྦྱར་བ་ལ་བརྟེན་ནས་བདག་མེད་པའི་དོན་བསྒོམ་པ་འདི་ཡིས་ནི་ས་གསུམ་པོ་མ་ལུས་པ་བཟའ་བ་སྟེ་འོད་གསལ་དུ་བཅུག་སྟེ་མི་སྣང་བར་བྱའོ། །འོ་ན་ཕྱག་རྒྱའི་སྦྱོར་བ་དང་བྲལ་བའི་སྟོང་ཉིད་ཀྱི་རྣལ་འབྱོར་གྱིས་སྣང་བ་ཐམས་ཅད་འོད་གསལ་དུ་སྡུད་པ་ལ་འང་འདི་དང་འདྲ་འམ་ཞེ་ན། གལ་ཏེ་ཕྱག་རྒྱ་དང་སྦྱོར་བ་ལས་གཞན་དུ་སྟོང་བ་ཉིད་ཀྱི་སྦྱོར་བ་སྟེ་རྣལ་འབྱོར་ཉིད་ལ་འདྲིས་པར་བྱེད་ན། །མར་མེ་ཤི་བ་ལྟར་ཉོན་མོངས་ཙམ་ཟད་པའི་མྱ་ངན་ལས་འདས་པའི་མཐར་ལྟུང་གི་སངས་རྒྱས་མི་འཐོབ་བོ། ཕར་ཕྱིན་གྱི་ཐེག་ཆེན་དུ་ཕྱག་རྒྱའི་སྦྱོར་བ་ལ་བརྟེན་ནས་མི་བསྒོམ་ཡང་སྟོང་ཉིད་བསྒོམས་པས་ཞི་མཐར་མི་ལྟུང་བ་ནི་བསོད་ནམས་ཀྱི་ཚོགས་ཀྱི་དབྱེ་བ་མཐའ་ཡས་པའི་རྒྱ་ཆེན་པོ་ལ་བསླབས་པའི་དབང་གིས་ཡིན་ལ། དེ་ལྟར་སློབ་ན་འང་ཟབ་པ་དང་རྒྱ་ཆེ་ལ་གཉིས་ཀྱི་ནང་ནས་སྔ་མ་ལ་གཙོ་བོར་མི་སློབ་ཀྱི་ཕྱི་མ་ལ་གཙོ་བོར་སློབ་པ་ཡང་ཞི་བའི་མཐར་ལྟུང་བ་འགོག་པའི་ཕྱིར་ཡིན་ནོ། །ཐེག་པ་དེར་སྟོང་པ་ཉིད་ཀྱི་ལྟ་བ་མཚན་ཉིད་རྫོགས་པར་ཡོད་ཅིང་། གང་ཟག་གི་ཁྱད་པར་འགའ་ཞིག་ལ་ཤེས་རབ་མའི་འདོད་ཡོན་ལ་སྤྱོད་པ་གནང་བ་ཡོད་ཀྱང་། བདེ་སྟོང་སྦྱོར་འདོད་ནས་བྱེད་བ་གཏན་མ་ནི་པ་དང་དང་དམ་ཚིག་ཐུན་མོང་མ་ཡིན་པས་སྣོད་རུང་ཏུ་བསྒྲུབ་པ་དང་། །ཡུན་རྟེན་གཉིས་སྔགས་དང་ལྷའི་རྣལ་འབྱོར་ལ་སོགས་པས་སྦྱངས་བའི་ཐབས་མཁས་ཀྱང་མེད་པས། །ལས་དེར་ཕྱག་རྒྱའི་སྦྱོར་བས་ས་གསུམ་བཟའ་བར་བྱ་ཞེས་མི་


JLD009_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། ཉན་རང་གི་ལམ་དུ་ནི་རྒྱ་ཆེ་བའི་ཐབས་ལ་སློབ་པ་ཡང་མེད་ལ། །ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་བསྒོམ་པའི་སྐོར་ཡང་མེད་པས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་གཙོ་བོར་འདྲིས་པས་བྱེད་ན། མ་ཚང་མར་མེ་ལྟ་བུར་འདའ། ཞེས་གསུངས་སོ། དཔལ་རྡོ་རྗེ་མཁའ་འགྲོའི་གཞུང་དེ་རྣམས་ལ་རྣལ་དཔྱོད་ཅན་གྱིས་བརྟགས་ན་ཐེག་པ་ཆེ་ཆུང་གཉིས་ཀྱི་འབྱེད་བྱེད་ཀྱི་གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མི་བྱེད་ཀྱི་ཐབས་ཀྱིས་བྱེད་པ་དང་། དེ་ཡང་ཕར་ཕྱིན་གྱི་ཐེག་པར་ནི་ཚོགས་ཀྱི་གསལ་བའི་དབྱེ་བ་མཐའ་ཡས་པའི་རྒྱ་ཆེ་བའི་ཐབས་ཀྱིས་ཁྱད་པར་དུ་འཕགས་པ་དང་། དེ་དང་ཐེག་པ་བླ་ན་མེད་པ་གཉིས་ཀྱང་ཤེས་རབ་སྟོང་པ་ལ་མཆོག་དམན་འབྱུང་བ་མིན་གྱི་གཏན་ལ་ཕབ་པའི་སྟོང་ཉིད་ཡུལ་ཅན་བདེ་བ་ཆེན་པོས་བསྒོམ་པའི་ཐབས་མཁས་ཀྱིས་ཁྱད་པར་དུ་འཕགས་པ་དང་། རྒྱ་ཆེ་བའི་སློབ་ཚུལ་སྔར་ལྟར་མ་བྱས་ཀྱང་བདེ་ཆེན་གྱིས་སྟོང་ཉིད་བསྒོམས་པས་ཞི་བའི་མཐའ་ལྟུང་བ་འགོག་པས་ཡུལ་ཅན་ཁྱད་པར་ཅན་གྱིས་སྟོང་ཉིད་བསྒོམས་ན་དེ་ཉིད་ལ་གཙོ་བོར་བསྐྱངས་པས་ཆོ་ག་དང་། དེ་བསྒོམས་པས་ཉོན་སྒྲིབ་ཏུམ་ཟད་ཤེས་སྒྲིབ་སྤངས་པའི་མཆོག་གི་དངོས་གྲུབ་ཀྱང་ཚེ་འདིར་འགྲུབ་པར་གོ་ནུས་པས་ལམ་གྱི་གནད་རྣམས་ལ་རྐང་ཚུགས་པའི་ངེས་བརྙེད་པར་འགྱུར་རོ། བྷ་ཝ་བྷ་དྲས། ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། ཞེས་པ་དང་། གཞན་དུ་མཚང་ཞེས་པའི་གང་མཚང་བ་ལྷའི་རྣལ་འབྱོར་ལ་བཤད་པ་ཡང་སྔར་བཤད་པའི་


JLD009_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཕྱོགས་གཅིག་ཡིན་ལ། གཙོ་བོའི་དོན་སྔར་བཤད་པ་ལྟར་བྱ་དགོས་པ་ནི་གང་གིས་ཞེས་པའི་རྐང་པ་གཉིས་དང་སྦྱར་བ་ལས་ཤིན་ཏུ་གསལ་ལོ། ཤེས་རབ་སྟོང་པའི་ཕྱོགས་བཤད་པའི་སྐབས་འདིར་ཐབས་བདེ་བའི་ཕྱོགས་བཤད་པའི་སྐབས་སུ་བཤད་རྒྱུ་འགའ་ཞིག་བཤད་པ་ནི་དོན་གྱི་ཕྱོགས་གཅིག་ཡིན་ལ། རྒྱུད་ཀྱི་ལུང་འདྲེན་སོ་སོར་མ་ཕྲལ་བར་དྲངས་ན་གོ་བ་ཆེ་བའི་གནད་ཀྱིས་ཡིན་ནོ། གང་གི་ཚེ་འདུས་བྱས་རྣམས་མེ་ལོང་གི་གཟུགས་བརྙན་ལྟར་རབ་ཏུ་ཤེས་པ་དེའི་ཚེ་ཤེས་རབ་བརྟན་པ་ཡིན་ཞེས་པ་ནི། དེའི་གོང་དུ་། གང་ཡང་ལས་རྣམས་ཐམས་ཅད་ལ། ཤེས་རབ་དང་ནི་སྦྱར་བྱ་སྟེ། དེ་ཡང་སྟོང་པའི་གནས་སུ་སྦྱར། །དེ་འདིར་བདག་ཆེན་བཀའ་ཐུབ་ཡིན། །ཞེས་ལས་གང་བྱེད་པ་ལ་དུས་ཀུན་ཏུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱ། ཞེས་པ་དང་། ཤེས་རབ་ཐབས་ནི་མ་གཏོགས་པར། གང་ཚེ་སེམས་གཞན་མི་གཡོན། དེ་ཚེ་བྱང་ཆུབ་ཆེན་པོ་ནི། ངེས་པར་སྟེར་བ་ཉིད་དུ་བཤད། ཅེས་ཐབས་ཤེས་མཉམ་པར་སྦྱོར་བ་དང་མ་བྲལ་ན་ངེས་པར་སངས་རྒྱས་སྟེར་ཞེས་གསུངས་པའི་ཤེས་རབ་དང་སྦྱོར་བ་དང་། ཤེས་རབ་སྟོང་པ་དེ་ཅི་འདྲ་ཞིག་ལ་བྱེད་སྙམ་པ་ལ་དེ་ལྟར་གསུངས་བའོ། ཆུ་བུར་ལྟ་བུར་སྨིན་པ་ནི། རྒྱུ་རྐྱེན་གྱིས་དེ་དང་འདྲ་བར་བསྐྱེད་པའོ། འདུས་བྱས་ནི་གཟུགས་བརྙན་སོགས་དང་འདྲ་བར་རྟོགས་པ་ར་བྱ་རྒྱུ་དང་། རྟོགས་པའི་ཐབས་གཉིས་སུ་བྱ་སྟེ་དང་པོ་ནི་སྣོད་བཅུད་རྣམས་སོ། གཉིས་པ་ནི། དང་རང་གི་རྒྱུ་རྐྱེན་འདུས་ནས་བྱས་པའི་ཕྱིར་རང་བཞིན་


JLD009_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲུབ་པ་མེད་དེ། གཟུགས་བརྙན་ལ་སོགས་པ་བཞིན་ནོ་ཞེས་པ་སྟེ་རྟེན་འབྲེལ་གྱི་རིགས་པའོ། དངོས་པོ་རྣམས་བདེན་པར་མ་གྲུབ་པ་གཟུགས་བརྙན་དང་སྒྱུ་མ་ལ་སོགས་པ་དང་འདྲའོ་སྙམ་པ་ཙམ་མ་གཏོགས་པ་སྒྲུབ་བྱེད་ཀྱི་རིགས་པ་མེད་ན་ཆོས་ཙམ་དུ་ཟད་པས་ཡང་དག་པའི་ལྟ་བ་མི་རྙེད་པས་སྒྲུབ་བྱེད་ཀྱི་རིགས་པས་ལུང་གི་དོན་གཏན་ལ་ཕབ་པའི་ངེས་པར་བསྐྱེད་དགོས་སོ། དེ་ཡང་རྡོ་རྗེ་མཁའ་འགྲོའི་འགྲེལ་བར། །གཅིག་དང་དུ་བྲལ་གྱི་རིགས་པས་རྒྱས་པར་གཏན་ལ་ཕབ་པས་གཅིག་དང་དུ་བྲལ་ལམ་རྟེན་འབྲེལ་ལ་སོགས་པའི་རིགས་པས་གཏན་ལ་ཕབ་པ་སྟེ་གཞན་དུ་རྒྱས་པས་གཤད་ཟིན་ཏོ། མེ་ལོང་ནང་གི་གཟུགས་བརྙན་དང་། ཞེས་སོགས་ཀྱི་རྐང་པ་བཞི་ནི་རིམ་ལྔའི་བདག་བྱིན་རླབས་ཀྱི་རིམ་པར་ཡང་འབྱུང་བས་སྒྱུ་མ་ལྟ་བུར་ཤེས་པར་བྱ་བར་ཐེག་པ་འདིར་གསུངས་ལ། སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་རྣལ་འབྱོར་བླ་ན་མེད་པ་དང་ཕར་ཕྱིན་གྱི་ཐེག་པ་གཉིས་ཐུན་མོང་བ་སྤྱི་དོན་གྱི་སྒྱུ་མ་ལྟ་བུ་དང་འཕགས་པ་ཡབ་སྲས་ཀྱིས་གསུངས་པའི་བདག་བྱིན་རླབས་སྒྱུ་ལུས་ལྟ་བུ་སྦས་དོན་གྱི་སྒྱུ་མ་ལྟ་བུ་གཉིས་ཡོད་པ་སོ་སོར་ཕྱེད་པ་གལ་ཆེའོ། དེ་ནི་གཙོ་བོ་ཡིན་ཞེས་པ་ནི་སྒྱུ་མ་ལྟ་བུ་སྔ་མ་མ་རྟོགས་ན་ཐམས་ཅད་མཁྱེན་པ་ལྟ་ཞོག་འཁོར་བ་ལས་ཐར་པ་ཡང་མི་འཐོབ་པས་ལམ་གྱི་སྲོག་ཡིན་ཏེ། རིམ་ལྔ་ལས། ཉོན་མོངས་ལས་ནི་ལམ་གྱི་ལུས། བྱེད་པ་པོ་དང་འབྲས་བུ་ནི། སྨིག་


JLD009_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྨི་ལམ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་ངེས་པར་མཚུངས། །ཏིང་འཛིན་འདི་ནི་མ་ཤེས་པས། །ཀུན་རྫོབ་ལ་ནི་ཉེར་དམིགས་ནས། །རྣམ་པ་སྣ་ཚོགས་ནད་རྣམས་སྐྱེ། །དེ་རྣམས་སྒྱུ་མའི་སྨན་གྱིས་འཚོ། །ཞེས་གསུངས་སོ། སྦས་དོན་གྱི་སྒྱུ་ལུས་བདག་བྱིན་རླབས་ནི། །མཁའ་འགྲོ་རྒྱ་མཚོ་ལས། །ལྷ་ཡི་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་མངོན་སུམ་བྱེད་པ་པོ། །ལུགས་མ་སོགས་ལ་རྣལ་འབྱོར་ཀྱིས། །རྣམས་པར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རྣལ་འབྱོར་རང་བཟིན་གཟུགས། །བདག་བྱིན་རླབས་པའི་མཚན་ཉིད་དོ། །བདག་བྱིན་རླབས་བྲལ་རྣལ་འབྱོར་བ། །སྤུན་ལྐོགས་དུམ་བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་མཆོག་གྱུར་བ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་འཕྲུལ་འདི་བསྒོམས་ན། །བླ་ན་མེད་པའི་བྱང་ཆུབ་འཐོབ། །ཅེས་གསུངས་ལ། རིམ་ལྔ་ལས་ཀྱང་། རང་བྱིན་རླབས་པའི་རིམ་པ་ནི། །གང་གིས་བླ་མ་ལས་མ་བསྒྲུབས། མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །ཞེས་གསུངས་པས་ཆེས་གཙོ་བོར་གྱུར་པ་ཡིན་ལ། ཁྱད་པར་དུ་སྐད་ཅིག་ཙམ་གྱིས་མངོན་སུམ་དུ་བྱེད་པའི་ལྷའི་རྣལ་འབྱོར་བདག་བྱིན་རླབས་དང་བྲལ་ན་སྤུན་ལྐོགས་བཞིན་དུ་སྙིང་པོ་མེད་པར་གསུངས་པས་རྣལ་འབྱོར་མའི་རྒྱུད་དཔལ་བདེ་མཆོག་ལ་ཡང་སྒྱུ་ལུས་ཀྱི་རྫོགས་རིམ་མེད་མི་རུང་དུ་ཤེས་པར་གྱིས་ཤིག །མངོན་བརྗོད་བླ་མ་ལས་ཀྱང་། རང་བཞིན་


JLD009_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གནས་གོམས་ལས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །ཞེས་རང་བཞིན་མེད་པའི་དོན་བསྒོམ་པ་ནི་སངས་རྒྱས་ཐམས་ཅད་རྟོགས་པ་སྟེ་སྒྲུབ་པར་བྱེད་པའི་མཆོད་པ་ཆེན་པོ་དང་། །རང་བཞིན་བདག་མེད་ཆོས་རྣམས་ནི། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་སོ།། དེ་ལྟར་ན་བདེ་མཆོག་རྩ་བ་དང་བཤད་པའི་རྒྱུད་ཀུན་ལས། །རང་བཞིན་མེད་པ་བདག་མེད་པའི་སྟོང་པ་ཉིད་བསྒོམ་དགོས་པར་གསུངས་པས་བདེ་སྟོང་སྦྱར་བའི་ལམ་བསྒོམ་པར་འདོད་པས་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པར་བཙལ་པར་བྱའོ། བླ་མེད་ཀྱི་ཐེག་པ་འདིར་དེ་འདྲ་བའི་ལྟ་བའི་གོ་བ་བཙལ་མི་དགོས་སམ་སྙམ་པའི་ལོག་རྟོག་སྔགས་ཀྱི་གཞུང་ལ་བརྟེན་ནས་འགོག་པ་རྒྱས་པར་ནི་གཞན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། །འོ་ན་བདེ་སྟོང་སྦྱོར་བའི་བདེ་བ་དེ་ཅི་འདྲ་བ་ཡིན་ཞེ་ན། འདི་ལས་སེམས་རྩེ་གཅིག་པའི་རིང་ངེ་འཛིན་རྩམ་ཞིག་བསྒོམགས་པས་སེམས་ཤིན་སྦྱངས་སྐྱེས་པ་ན་དེའི་མཐུས་ལུས་ཀྱི་རླུང་རྣམས་ལས་རུང་དུ་སོང་ནས་ནང་དུ་ཕན་འདོགས་པའི་རྣམ་པ་ཅན་གྱི་ལུས་ཤིན་སྦྱངས་སྐྱེལ། དེ་ལ་བརྟེན་ནས་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་ཆེན་པོ་སྐྱེ་བར་རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པ་ནི། །ཕྱི་ནང་གཉིས་ཀ་དང་། ཐེག་པ་ཆེ་ཆུང་གཉིས་ཀ་དང་། མདོ་སྔགས་


JLD009_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་ཐུན་མོང་བ་སེམས་མི་རྟོགས་པར་འཇོག་པ་རིང་དུ་བསྐྱངས་པ་ཐམས་ཅད་ལ་འབྱུང་སྟེ། དེའི་ཚུལ་ནི་ཤེས་བྱེད་ཀྱི་ལུང་དང་བཅས་པ་བྱང་ཆུབ་ལམ་གྱི་རིམ་པར་བཤད་ཟིན་ཏོ། དེའི་ཕྱིར་དེ་འདྲ་བའི་བདེ་བ་ཡང་འདིའི་བདེ་བ་ཡིན་ནོ། །གཞན་ཡང་མཚན་ཉིད་ཀྱི་ཐེག་པ་བཤད་པའི་རླུང་འབྱུང་རྡུབ་བསྒོམ་པ་དང་། བྱ་རྒྱུད་བསམ་གཏན་ཕྱི་མ་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དུ་གསུངས་པའི་རླུང་ཕྱིར་རྒྱུ་བ་བཀག་ནས་ནང་དུ་བཟུང་སྟེ་ལྷའི་རྣལ་འབྱོར་བསྒོམས་པའི་སྲོག་རྩོལ་ཞེས་གསུངས་པ་དེ་བསྒོམས་པ་ལ་བརྟེན་ནས་ཀྱང་ལུས་སེམས་ལ་བདེ་ཆེན་སྐྱེ་བའི་ཏིང་ངེ་འཛིན་སྐྱེ་མོད་ཀྱང་། །ནང་ལུས་ཀྱི་རྩ་འཁོར་གྱི་གནས་རྣམས་སུ་གནད་དུ་བསྣུན་པའི་རླུང་གི་རྣལ་འབྱོར་མིན་པས། །དེའི་བདེ་བ་ཡང་བླ་མེད་ཀྱི་ཐེག་པར་བདེ་སྟོང་སྦྱོར་བར་བཤད་པའི་བདེ་བ་མིན་པས། །རླུང་རྡོ་རྗེའི་བཟླས་པ་དང་། །བུམ་པ་ཅན་གྱི་སྲོག་རྩོལ་རྣམས་དང་མཚུངས་པ་མ་ཡེན་ནོ། སློབ་དཔོན་སངས་རྒྱས་གསང་བས་རླུང་ཕྱིར་འགྲོ་བ་བཀག་ནས་ནང་དུ་བཟུང་སྟེ་ལྟ་བསྒོམས་རྣལ་འབྱོར་རྒྱུད་ལའང་སྦྱོར་བར་བཤད་དོ། མདོར་ན་རྣལ་འབྱོར་རྒྱུད་མན་ཆད་ཀྱི་རྒྱུད་སྡེ་གསུམ་དང་། མཚན་ཉིད་ཀྱི་ཐེག་པར་སྟོང་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་བསྒོམས་པའི་འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་བདེ་བ་མང་པོ་བཤད་མོ་ཀྱང་། ལུས་ཀྱི་རྩ་འཁོར་ཀྱི་གནས་རྣམས་སུ་གནད་དུ་བསྣུན་པ་ལས་རླུང་དུ་མར་བཙུན་པའི་དབང་གིས་གཏུམ་མོ་འབར་ནས་བྱང་སེམས་ཞུ་བའི་བདེ་བ་མ་བཤད་པས་བདེ་སྟོང་སྦྱོར་བར་གསུངས་པའི་བདེ་བའི་དོན་མེད་དོ། མན་ངག་སྙེ་མ་ལས་ཀྱང་འོ་ན་བསམ་གཏན་དང་པོ་ཟོབ་པ་རྣམས་ཀྱང་། འཁོར་ལོས་སྒྱུར་བ་རྣམས་བཞིན་དུ། བདེ་བར་ཉེ་བར་བསྟུན་ན། བདག་མེད་པ་ཉིད་གཉིས་ཀ་


JLD009_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་རྟོགས་པ་ན་ལྟ་ཅི་སྨོས། དེ་ལྟར་ན་རབ་ཏུ་དགའ་བ་ལྷག་པ་ཉིད་ལས་ས་དང་ལོ་རབ་ཏུ་དགའ་བའོ་ཞེས་བརྗོད་པར་བྱ་བས་སོ་ཞེ་ན། བདེན་ཏེ་འདི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ཞིང་། ལས་དང་པོ་པའི་གནས་སྐབས་སུ་ཐབས་སུ་གྱུར་པ་ཡང་མ་ཡིན་ཏེ། ཁབ་ཀྱི་བུ་ག་ནི་ནམ་མཁའི་བུ་གའོ་ཞེས་པ་ཁོ་ནས་མཁའ་དང་ཡང་མཉམ་པར་འགྱུར་པ་མ་ཡིན་པས་སོ་ཞེས་བདག་མེད་གཏན་མ་རྟོགས་པའི་བསམ་གཏན་དང་པོ་ཐོབ་པ་ལ་ཡང་བདེ་བ་རྒྱ་ཆེན་སྐྱེ་བར་གསུངས་ན། བདག་མེད་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཡུན་དུ་མའི་བར་དུ་བསྒོམ་པའི་ཕར་ཕྱིན་གྱི་ཐེག་པ་ལ་སྟོང་ཉིད་བསྒོམས་པའི་བདེ་བ་ཆེན་པོ་སྐྱེ་བ་ལྷ་ཅི་སྨོས་ས་དང་པོ་རབ་ཏུ་དགའ་བ་ཞེས་པ་ཡང་ས་དེར་བདེ་བ་ཤིན་ཏུ་ལྷག་པས་དེ་ལྟར་བཏགས་པས་ན་བླ་མེད་ཀྱི་ཐེག་པ་བདེ་བའི་སྒོ་ནས་ཕར་ཕྱིན་གྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་མ་ཡིན་ནོ་སྙམ་པའི་རྩོད་པ་བཀོད་པའི་ལན་དུ་སྟོང་ཉིད་བསྒོམས་པའི་བདེ་བ་ཆེན་པོ་ཡོད་པ་བདེན་ཡང་དེ་ལྷན་སྐྱེས་ཀྱི་བདེ་བ་མིན་པས་བླ་མེད་དུ་གསུངས་པའི་བདེ་བ་ཆེན་པོ་མིན་ལ། ཕར་ཕྱིན་ཐེག་པར་ལས་དང་པོ་པའི་སྐབས་སུ་ལྷན་སྐྱེས་ཀྱི་བདེ་བ་དངོས་སུ་བདྲེན་པའི་ཐབས་ཀྱང་མ་གསུངས་བས་བདེ་བ་ཆེན་པོའི་སྒོ་ནས་མཆོག་ཏུ་མ་གྱུར་པར་གསུངས་སོ། ཡང་དེ་ཉིད་ལས། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ། ཞེས་གསུངས་སོ་


JLD009_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འདི་གསུངས་མོད་འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ། ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། དེའི་ཕྱིར་ངེ་ཡང་རིམ་འདི་ཁོ་ནས་རྟོགས་པར་བྱའོ་ཞེས་ཕར་ཕྱིན་གྱི་ཐེག་པར་འབྲས་བུ་བྱང་ཆུབ་ཀྱི་བདེ་བའི་རྒྱུ་ལམ་གྱི་བདེ་བ་ཆེན་པོ་མ་བསྟན་པས་འབྲས་བུའི་སྐབས་སུ་བདེ་བ་ཆེན་པོ་བཤད་དུ་ཆུག་ཀྱང་ཐེག་པ་གཉིས་ཁྱད་པར་ཆེ་བར་གསུངས་སོ། གསང་བ་གྲུབ་པ་ལས་ཀྱང་། དེ་ཉིད་དེ་ཡང་རྒྱུད་གནས་པར། །དཔལ་ལྡན་གསང་བ་འདུས་པར་གསལ། །སྤྲོས་པ་དུ་མ་རྒྱས་གྱུར་པ། གཞན་དུ་སྤས་ནས་བསྟན་པ་ཡིན། །བྱ་བ་སྤྱོད་པའི་དབྱེ་བ་ཡང་། །མདོ་སྡེའི་སྡེ་སྣོད་ལ་སོགས་སུ། །མཆོག་ཏུ་དགའ་བ་གཅིག་བུ་ཉིད། །རྣམ་པ་དུ་མར་རྣམ་པར་གནས། །ཕུང་པོ་རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམས་པའི་བྱེ་བྲག་གིས། །དེ་ཉིད་འབད་པས་སྦས་མཛད་ནས། །སངས་རྒྱས་མགོན་པོས་རྣམས་པར་བཞག །ཅེས་ལྷན་ཅིག་སྐྱེས་དགའི་དེ་ཉིད་རྒྱུད་སྡེ་འོག་མ་དང་མདོ་སྡེ་རྣམས་གསུམ་བསྟན་པར་སྤས་པར་གསུངས་སོ། །དེས་ན་མཆོག་ཏུ་དགའ་བ་གཅིག་ཏུ་ཉིད་དེ་རྣམས་སུ་རྣམ་པ་དུ་མར་གནས་པར་གསུངས་པ་ནི་མཆོག་ཏུ་དགའ་བ་དེ་ཉིད་ལ་རིམ་གྱིས་བཀྲ་བར་བཞེད་ནས། །རྣམ་པ་མི་འདྲ་བ་ད་མར་གསུངས་ཞེས་པའི་དོན་ཡིན་གི་དེ་ཉིད་དེ་རྣམས་སུ་སྟོན་པ་མིན་ཏེ། །གཞན་དུ་ད་དེ་རྣམས་སུ་དབང་གོང་མ་རྣམས་ཀྱང་གསུངས་དགོས་ཏེ། །གསང་བ་ལ་སོགས་པའི་དབང་མ་བསྐུར་བ་ལ་བདེ་བ་ཆེན་པོའི་དེ་ཉིད་སྟོན་པ་བཀག་པའི་ཕྱིར་རོ། དེ་ལྟར་ན་སྟོང་པ་ཉིད་ཕྱིན་ཅི་


JLD009_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལོག་པར་ངེས་ནས་བསྒོམ་པའི་ཟག་མེད་ཀྱི་བདེ་བ་ཡིན་ཀྱང་ལྷན་སྐྱེས་ཀྱི་བདེ་བ་མིན་པ་དུ་མ་ཞིག་ཡོད་པཔའི་ཚུལ་འདིར་སྦྱངས་པ་ཞིག་ཡིན་ན། །ཕར་ཕྱིན་གྱི་ཐེག་པ་ལ་གོ་བ་རགས་པ་ཆགས་ནས་ཤེས་པ། ཡང་དེ་འདྲ་བ་དེ་ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པོ་དང་འབྲེལ་བར་འཇུག་པ་ཡིན་ཀྱང་བླ་མེད་ཀྱི་རྫོགས་རིམ་གྱི་དོན་མེད་པ་ནི། །རྒྱུད་སྡེ་འོག་མའི་གཞུང་ལ་གོ་བ་རགས་པ་ཆགས་ན་འང་ཤེས་པར་ནུས་མོད་ཀྱང་། བློ་གྲོས་ཀྱི་མུས་པ་ཤིན་ཏུ་ཞན་པའི་སྐབས་སུ་འདུག་པས་སྔར་བཤད་པའི་བདེ་བ་དང་བོ་ཙམ་ལའང་བླ་མེད་ཀྱི་བདེ་སྟོང་སྦྱོར་པའི་བདེ་ཆེན་དུ་འཛིན་པ་ཤིང་ཏུ་མང་བར་སྣང་ངོ་། དེ་ལྟར་ན་བདེ་སྟོང་སྦྱོར་བར་གསུངས་བའི་བདེ་བ་ནི་ལྷན་སྐྱེས་ཀྱི་དགའ་བ་ཡིན་པ། རྫོགས་རིམ་པའི་དགའ་བ་དེ་ཐོག་མར་སྐྱེ་བ་ནི། །རོ་རྐྱང་གི་རླུང་ཨ་ཝ་དྷཱུ་ཏཱིར་བཙུད་པའི་དབང་གིས་གཏུམ་མོ་སྤར་བས་བྱང་སེམས་བཞུས་པ་ལས་སྐྱེ་ལ། དེའི་བདེ་བ་དང་སྔར་བཤད་པའི་བདེ་བ་རྣམས་བདེ་བ་ཙམ་དུ་མཚུངས་ཀྱང་དོན་ཤིན་ཏུ་ཁྱད་ཆེ་བས་མ་འཁྲུལ་བས་སོ་སོར་ཕྱེད་པར་བྱའོ། །དེ་ལ་ནི་ཐེག་པ་འདིར་དམིགས་པ་མེད་པའི་སྙིང་རྗེ་ཞེས་ཀྱང་གསུངས་ཏེ། །མན་ངག་སྙེ་མ་ལས། ཐམབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་རང་བཞིན་ནོ། ཞེས་གསུངས་ཏེ་དེ་ལྟར་གསུངས་པ་མང་ངོ་། ལྷན་སྐྱེས་ཀྱི་བདེ་བ་དེས་སྟོང་ཉིད་བསྒོམས་ན་སྔར་བཤད་པ་ལྟར་གྱི་རྒྱ་ཆེ་བའི་སློབ་ཚུལ་གྱི་ལམ་རྒྱས་པ་མེད་


JLD009_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མདོར་བསྡུས་པས་འགྲུབ་པ་དང་། །ལམ་གཞན་དུ་བསྐལ་པ་གྲངས་མེད་པ་དུ་མར་བསླབ་དགོས་པ་ཡང་ལམ་འདིས་ཚེ་གཅིག་ལ་འགྲུབ་པར་གསུངས་ཏེ། །སམྦུ་ཊ་ལས། དེ་ཕྱི་དེ་རྒྱས་ཅི་ཞིག་བྱ། མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་བ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་འཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་གསུངས་ཏེ། །དམ་པ་སྟེ་མཆོག་གི་བདེ་བ་ནི་ལྷན་སྐྱེས་ཀྱི་བདེ་ཆེན་ནོ། །གསང་བ་གྲུབ་པ་ལས་ཀྱང་འབྱུར་སྟེ། །སྒྲུབ་པོ་དེ་ཉིད་ལ་གཏད་པས། །བརྟུལ་ཞུགས་མེད་ཀྱང་འགྲུབ་པར་འགྱུར། །བརྟུལ་ཞུགས་པ་རྒྱ་ཕྲག་སྤྱད་བྱས་ཀྱང་། །དེ་ཉིད་དམན་ན་འགྲུབ་པའི་འགྱུར། །ཞེས་དང་། མཚམས་མེད་ལྔ་པོ་བྱེད་པ་དང་། །སྲིད་པར་ངལ་བར་བྱས་པས་ཀྱང་། །དེ་ཉིད་ལྡན་ན་འགྲུབ་འགྱུར་ཏེ། །ཞེས་གསུངས་ཏེ། །དེ་ཉིད་ཅེས་པ་ནི་ལྷན་སྐྱེས་ཀྱི་བདེ་ཆེན་གྱིས་བདག་མེད་པའོ་དོན་ལེས་པར་གཏན་ལ་ཕབ་པ་བསྒོམ་པ་ལ་བྱ་ཡི་སྟོང་རྐྱང་བསྒོམ་པ་མིན་ནོ། །ཀུན་སྤྱོད་ལས། དེ་ནས་བསྲུང་ཆ་མེད་ཅིང་བཟའ་བ་མེད། །དཀྱིལ་འཁོར་པ་ཡང་མེད་ཅིང་དཀྱིལ་འཁོར་མེད། །སྔགས་བཟླས་མེད་ཅིང་བཀའ་ཐུབ་སྦྱིན་སྲེག་མེད། །མདོར་ན་སེམས་དེ་འདུས་པའི་ཚུལ་ཅན་ཡིན། །ཞེས་བདེ་སྟོང་དབྱེར་མེད་ཀྱི་ཐབས་ཤེས་དེར་ལམ་ཀུན་འདུས་པའི་ཚུལ་ཏེ་ངོ་བོ་ཅན་དུ་གསུངས་ཏེ། །མངོན་བརྗོད་ལས་ཀྱང་དེ་བཞིན་དུ་གསུངས་སོ། །དོན་དེ་ནི་བརྟག་གཉིས་ལས་གསལ་བར་བཤད་དེ། །སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །སྔགས་ཀྱི་བཟླས་མེད་


JLD009_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཐུབ་མེད་དང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་དེ་འདུས་པའི་གཟུགས་ཅན་ནོ། །ཞེས་གསུངས་སོ། །སྟོང་པ་དང་སྙིང་རྗེ་ནི་སྔར་བཤད་ལ་དེ་གཉིས་དབྱེར་མེད་དུ་སྦྱོར་བ་ལ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་ཤིང་། །དེ་ལ་སྔགས་བཟླས་ནས་དཀྱིལ་འཁོར་གྱི་བར་མེད་པར་གསུངས་པ་ནི་ཕྱིའི་སྔགས་བཟླས་སོགས་སོ། །འོན་ཀྱང་ནང་ངེས་དོན་གྱི་སྔགས་བཟླས་སོགས་དེ་ལ་ཚང་བར་སྟོན་པ་ནི་དེ་ནི་སྔགས་བཟླས་ཞེས་སོགས་སོ། །བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཤེས་པ་དང་། འགྲོ་བ་སྐྱོབ་པས་སྔགས་དང་། ཡང་དང་ཡང་དུ་བྱེད་པས་བཟླས་པ་དང་། །ཁ་ན་མ་ཐོ་བ་ཐམས་ཅད་འགོགས་པས་དཀའ་ཐུབ་སྟེ་བརྟུལ་ཞུགས་དང་། །ཉོན་མོངས་དང་ཕུང་པོའི་སྲེག་རྫས་འཇོགས་པས་སྦྱིན་སྲེག་དང་། །ངེས་དོན་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་ཧེ་རུ་ཀ་འདུས་པས་དཀྱིལ་འཁོར་པ་དང་། །ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དཀྱིལ་འཁོར་རོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་མདོར་བསྡུས་ན་དེ་ཉིད་ཆོས་ཐམས་ཅད་འདུས་པའི་ཚུལ་ཅན་ཏེ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཏེ་དེའི་ཕྱིར་དེ་ཉིད་བསྐྱེད་པར་བྱ་སྟེ་དེ་ཉིད་ཀྱིས་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་པདྨ་ཅན་ལས་བཤད་དོ། །གཟུགས་ཅན་ཞེས་པ་ལས་ཚུལ་ཅན་


JLD009_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འགྱུར་ལེགས་ལ། འདུས་པའི་ཚུལ་ཅན་གྱི་དོན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཁོ་ན་ལ་མི་གཟུང་བར་དེ་ཉིད་སྔགས་བཟླས་ནས་དཀྱིལ་འཁོར་དེ་ཉིད་དོ་ཞེས་གསུངས་པས་ལམ་གཞན་རྣམས་འདིར་འདུས་པར་བཤད་དགོས་སོ། །དེ་ནི་ལམ་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་གང་འགྲུབ་ཐམས་ཅད་ལམ་འདིར་མ་ཚང་བ་མེད་པ་དང་། རིང་པོར་མི་ཐོགས་པ་དང་། ལམ་བདེ་བས་འགྲུབ་པའི་ཚུལ་བྱེད་ལས་ཀྱི་སྒོ་ནས་འདིར་འདུ་བའོ། །དེ་ལྟར་ལམ་ཤིན་ཏུ་རྒྱ་ཆེ་བ་མང་པོ་ལ་བསླབ་མི་དགོས་པའི་ལྨ་མདོར་བསྡུས་དང་། །དུས་ཚེ་གཅིག་ལ་གྲུབ་པ་དང་། །དེ་ཡང་འཇུག་པ་ཤིན་ཏུ་བདེ་བ་དང་། ཚེ་འདིར་སྡིག་ཤིང་ཏུ་ཆེ་བས་ཀྱང་འགྲུབ་ཅེས་པ་དང་། །སྐྱེ་བ་སྔར་མར་ཚོགས་ཀྱི་བསགས་རྒྱབ་ཤིན་ཏུ་མེ་ཆེ་བའི་བསོད་ནམས་དམན་པས་ཀྱང་འགྲུབ་པར་གསུངས་པ་ནི་ལམ་གྱི་ཡོན་ཏན་ཡིན་ལ། དེ་ཡང་བདག་མེད་པའི་དོན་ཕུ་ཐག་ཆོད་པར་བྱས་པའི་དེ་ཁོ་ན་ཉིད་ལྷན་སྐྱེས་ཀྱི་བདེ་བས་བསྒོམས་པ་ལས་ཡིན་པས་ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོའི་གནད་ལ་མཁས་པར་བྱའོ། འདི་ཡང་ལམ་ཐུན་མོང་པས་རྒྱུད་སྦྱངས་ཤང་རྣམ་པར་དག་པའི་དབང་གིས་རྒྱུད་སྣོད་རུང་དུ་བྱས། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུངས་ནས་བསྐྱེད་རིམ་ལ་གོམས་པར་བྱས་པ་ལས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་རྒྱུད་སྨིན་ནས་ལྷན་སྐྱེས་ཀྱི་བདེ་སྟོང་མཚན་ཉིད་ཚང་བར་སྦྱོར་ནུས་པའི་སྐབས་ནས་ལམ་བསྡུས་པའི་སྙིང་པོ་ཉིད་གཙོ་བོར་བསྐྱངས་


JLD009_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགྲུབ་པ་ཡིན་གྱི་དང་པོ་ནས་མིན་ནོ། གསུམ་པ་ནི། སྤྱིར་བླ་མེད་ཀྱི་རྒྱུད་ཀྱི་དོན་གྱི་གནད་ཐམས་ཅད་ཨེ་ཝཾ་སོགས་ཡི་གེ་བཞི་བཅུའི་གླིང་གཞིའི་དོན་དུ་འདུས་ལ། དེའི་དོན་གྱི་གཙོ་བོ་ཡང་ཐོག་མའི་ཡི་གེ་ཨེ་ཝཾ་གཉིས་ཀྱི་དོན་དའདུའོ། དེ་ལ་ཐོབ་བྱ་འབྲས་བུའི་ཨེ་ཝཾ་དང་། ཐོབ་བྱེད་ལམ་གྱི་ཨེ་ཝཾ་དང་། དེ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གསུམ་ཡོད་པའི་དང་པོ་དང་གསུམ་པ་ནི་འཆད་པར་འགྱུར་རོ། ལམ་གྱི་ཨེ་ཝཾ་ཨེ་ཡིག་དང་ཆོས་འབྱུང་གི་དབྱིབས་གྲུ་གསུམ་དུ་ཡོད་པས་བདག་མེད་པའི་དེ་བཞིན་ཉིད་མཚོན་པར་བྱེད་ལ། དེའི་ཚེ་གྲུ་གསུམ་གྱིས་ནི་རྣམ་པར་ཐར་བའི་སྒོ་གསུམ་ཡང་མཚོན་པར་བྱེད་པས་ཆོས་རྣམས་ཀྱི་ངོ་བོ་དང་རྒྱུ་དང་འབྲས་བུ་གསུམ་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་དོན་ཨེ་ཡིག་གི་མཚོན་དོན་ཡིན་པའི་ཕྱིར་སྟོང་བ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་གཅིག་མེད་ན་ཨེ་ཡིག་གི་དོན་མཚང་ངོ་། དེ་ཡོད་ཀྱང་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་བདེ་བ་ཆེན་པོ་གཅིག་མེད་ན་ཝ་ཡིག་གི་དོན་མ་ཚང་ངོ་། དེ་གཉིས་ཡོད་ཀྱང་སྟོང་ཉིད་ཀྱི་ལྟ་བ་ཞུ་བ་དེའི་ངོ་བོར་བ་སྐྱེད་པ་དང་། སྟོང་ཉིད་ཡུལ་དང་བདེ་ཆེན་ཡུལ་ཅན་བྱས་ནས་དེས་དེ་ཕྱིན་ཅི་མ་ལོག་པར་ངེས་པའི་བདེ་སྟོང་སྦྱོར་མི་ཤེས་ན་ཐིག་ལེའི་དོན་མ་ཚང་བས་ཨེ་ཝཾ་གྱི་དོན་ཐབས་ཤེས་གཉིས་སྦྱོར་བ་དགོས་ཤིང་དེ་ཉིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཁྱབ་པའི་དོན་གྱི་གཙོ་བོ་མདོར་བསྡུས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་རྒྱས་འདེབས་ཀྱི་ཕྱག་


JLD009_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱར་གསུངས་ཏེ། རྡོ་རྗེ་འཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝ་ནི་ཐུགས་རྗེ་དང་། ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། དེ་སྦྱོར་བ་ཡི་རྨད་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཞེས་སོ། །དེ་འདྲ་བའི་གཉིས་སུ་མེད་པའི་ཡེ་ཤེས་དེ་རྒྱུད་གང་ལས་བརྗོད་པ་དེ་ལ་ནི་དེ་ཉིད་མཆོག་ཡོད་ལ་དེ་མི་སྟོན་ན་མེད་པ་ཡིན་ཏེ། རྒྱུན་ཀུན་གྱི་ནི་དོན་བསྡུས་པ། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ནི་དེ་བཞིན་གཤེགས་པའི་རྒྱ། །ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །ཅེས་གསུངས་སོ། །དོན་འདི་བདེ་མཆོག་འབྱུང་བ་ལས་ཀྱང་། །དེ་མཆོག་སངས་རྒྱས་ཐམས་ཅད་ཀྱི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །སྐུ་གསུང་ཐུགས་ཀྱི་ཡང་དག་ལས། །རྣམ་པ་ཐམས་ཅད་གཅིག་བསྡོམས་པ། །སྡོམ་པ་བདེ་མཆོག་བྱང་ཆུབ་སྟེ། །བརྗོད་པར་བྱ་མིན་བསྟན་དུ་མེད། །གསང་བ་སངས་རྒྱས་ཐམས་ཅད་ཀྱི། །འདུས་པ་སྡོམ་པ་དག་གི་མཆོག །ཅེས་སོ། །འོ་ན་དམིགས་མེད་ཀྱི་སྙིང་རྗེའི་བདེ་བ་དང་སྟོང་བ་གཉིས་དབྱེར་མེད་དུ་སྦྱོར་ཚུལ་ཇི་ལྟར་ཡིན་སྙམ་ན། །སམྦུ་ཏ་ལས། ཆུ་དང་ལོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། །ཞེས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་སྦྱོར་བར་གསུངས་པ་ལྟར་བྱེད་པའོ། །དེ་ཡང་བདེ་བ་དང་དེའི་ཆོས་ཉིད་ངོ་བོ་དབྱེར་


JLD009_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནི། །ཆོས་ཅན་གྲུབ་ཙམ་ནས་རང་ག་སྟོང་ཉིད་དང་ངོ་བོ་དབྱེར་མེད་དུ་གྲུབ་ཟིན་པས་དེ་རྣལ་འབྱོར་པས་དབྱེར་མེད་དུ་བྱ་མི་དགོས་ལ། དེ་བཞིན་དུ་སྟོང་ཉིད་རྟོགས་པའི་བློ་གཞན་ཞིག་ལ་བདེ་བས་རྒྱས་འདེབས་པ་དང་། བདེ་བ་བསྐྱེད་པའི་འོག་ཏུ་སྟོང་ཉིད་ཀྱི་ལྟ་བ་གཞན་ཞིག་གིས་རྒྱས་འདེབས་པ་ཡང་མིན་ཏེ། དེ་ལ་ནི་དཔེར་ན་སྦྱིན་སོགས་བདག་མེད་པའི་ལྟ་བས་ཟིན་ཡང་སྦྱིན་སོགས་དེ་ཉིད་ལྟ་བ་དེའི་ངོ་བོར་མི་སྐྱེ་བ་ལྟར་སྟོང་ཉིད་རྟོགས་པ་དང་བདེ་བ་གཉིས་ཕན་ཚུན་གཅིག་གཅིག་གི་ངོ་བོར་མ་སོང་བའི་ཕྱིར་རོ། འོ་ན་ཇི་ལྟར་བྱེད་སྙམ་ན། ཡུལ་ཅན་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས་ཡུལ་སྟོང་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་པའི་ཡུལ་ཡུལ་ཅན་ཅུ་སྦྱོར་བ་ཉིད་བདེ་སྟོང་དབྱེར་མེད་དུ་སྦྱོར་བའོ། དེ་ཡང་དོན་གྱི་ལྷན་སྐྱེས་ཀྱི་དུས་སུ་ཡུལ་ཡུལ་ཅན་གཉིས་འོ་མ་ཆུ་ལ་ཞུགས་པ་བཞིན་དུ་རོལ་གཅིག་ཏུ་གྱུར་ནས་གཉིས་སྣང་ཕྲ་མོ་འང་དག་པ་ཡིན་ལ། དོན་གྱི་ལྷན་སྐྱེས་མ་སྐྱེས་པའི་གོང་དུ་ནི་དེ། བོ་ན་ཉིད་མངོན་སུམ་དུ་མ་རྟོགས་པས་དེ་ཁོ་ན་ཉིད་ལ་མོས་པ་ཡིད་བྱེད་ཀྱི་འཇུག་པ་ཙམ་མོ། ཡུལ་སྟོང་བ་ཉིད་དང་གཉིས་མེད་དུ་སྦྱོར་ཚུལ་དེ་ལྟར་ཡིན་ལ་སྟོང་ཉིད་རྟོགས་པའི་བློ་དང་བདེ་བ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་ཚུལ་ནི། བློ་གཉིས་ངོ་བོ་ཐ་མི་དད་ཀྱི་གྲུབ་པ་དེ་གཅིག་ཏུ་བསྐྱེད་པའོ། སྟོང་ཉིད་ཀྱི་གོ་བའི་ཕུ་ཐག་གཅོད་ལུགས་དབུ་མ་ལས་འབྱུང་བ་ལས་ལྷག་པོ་མེད་པས་ཐེག་པ་འདི་དང་ཕར་


JLD009_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་གྱི་ཐེག་པ་གཉིས་སྟོང་ཉིད་ཀྱི་ལྟ་བ་ལ་མཆོག་དམན་མེད་དོ། ངེས་རྒྱུའི་དོན་གཅིག་ཡིན་ཀྱང་ངེས་བྱེད་ཀྱི་བློ་ལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པའི་སྟོབས་འདྲ་བ་ཡུལ་ཅན་གཞན་གང་གིས་ངེས་པ་ལ་མེད་པས། སྟོང་པ་ལ་ཁྱད་མེད་ཀྱང་ཐབས་བདེ་བས་ཁྱད་པར་དུ་འཕགས་པར་གསུངས་སོ། བདག་མེད་པའི་སྟོང་ཉིད་ཕུ་ཐག་ཆོད་པ་མ་ངེས་ན་འཁོར་བ་ལས་མི་གྲོལ་ལ། ངེས་བྱེད་ལྷན་སྐྱེས་ཀྱི་བདེ་བ་མ་སྐྱེས་ན་སྔགས་ཀྱི་ལམ་མཆོག་གི་གནད་མེད་པས་རེ་རེས་མི་ཆོག་གི་གཉིས་ཀ་དགོས་པར་གསུངས་ཏེ། ས་ར་ཧ་ས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པས། དེས་ནི་ལ་མཆོག་རྙེད་པ་མ་ཡིན་ནོ། འོ་ན་དེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། འཁོར་བ་འདིར་གས་ཐར་བ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། ཞེས་གསུངས་སོ། དོ་ཧ་ལལ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་ཉིད་ལྨ་གྱི་སྙིང་པོར་འཆད་པས་འདིའི་སྙིང་རྗེ་ཡང་ལྷན་སྐྱེས་ཀྱི་བདེ་བ་ཡིན་ནོ། སྔར་བཤད་པ་ལྟར་ཀྱི་ལྷན་སྐྱེས་ཀྱི་བདེ་བ་སྐྱེས་པ་ན་རྣམ་རྟོག་རབས་པ་རྣམས་ལོག་ནས་སེམས་གཡོ་མེད་དུ་གནས་པ་དང་གིས་འབྱུང་བས་བདེ་བ་ཧིད་ཡུལ་གང་ལ་ཡང་མི་འཕྲོ་བར་མི་རྟོག་པ་བསྒོམ་པ་ཙམ་སྟོང་པ་བསྒོམ་པའི་དོན་ཡིན་ན། བདེ་བ་འབའ་ཞིག་བསྒོམ་ན་འཁོར་བ་ལས་མི་གྲོལ་བར་འཆད་པར་མི་རིགས་པས་བདག་མེད་པའི་དོན་ལེགས་པར་གཏན་ལ་ཕབ་པའི་ངེས་ཤེས་སྐྱོང་དགོས་སོ། བླ་མེད་ཀྱི་རྒྱུད་དང་དེའི་དགོངས་འགྲེལ་ཚད་ལྡན་རྣམས་ཀྱིས་ཁ་ཅིག་ཏུ་བདེ་བའི་ཕྱོགས་གསལ་ཞིང་སྟོང་ཉིད་རྟོགས་ཚུལ་


JLD009_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་དུ་མི་གསལ་བ་དང་། ཁ་ཅིག་ཏུ་སྟོང་ཉིད་རྟོགས་ཚུལ་གསལ་ལ་བདེ་བའི་ཕྱོགས་དེ་ཙམ་དུ་མི་གསལ་བ་རྣམས་སུ་ཡང་བདེ་སྟོང་གཉིས་ཀ་སྦྱོར་བ་དོན་དུ་གཟུང་གི་རེ་རེ་བ་ལ་འཁྲུལ་བར་མི་བྱའོ། བདེ་སྟོང་དབྱེར་མེད་ཀྱི་གཏམ་ནི་རླུང་ལྟར་རབ་ཏུ་གྲགས་ཀྱང་བདེ་བ་རྣམས་ཀྱི་ཁྱད་པར་ཕྱེད་པའི་བདེ་ཆེན་དང་། སྟོང་པ་རྣམས་ཀྱི་ཁྱད་པར་ཕྱེད་པའི་སྟོང་པའི་མཐར་ཐུགས་དང་སྦྱོར་ཚུལ་ཤེས་པ་ཤིན་ཏུ་བཀོད་པ་ལ་དགོངས་ནས། ས་ར་ཧས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང་། བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། ཅེས་གསུངས་པས་ཅུང་ཟད་རེས་ཚིམ་སླ་བར་མི་བྱ་བར་གསང་བ་ལས་ཀྱང་ཆེས་གསང་བའི་དོན་འདི་རྟོགས་པ་ལ་ཡུན་རིང་དུ་འབད་པར་བྱའོ། སྔར་བཤད་པའི་བདེ་སྟོང་དབྱེར་མེད་དེ་ཉིད་ལ་རྣལ་འབྱོར་མའི་རྒྱུད་ཀྱི་བཤད་པ་མཛད་པ་མང་པོས་བདེ་སྟོང་ཟུང་འཇུག་དང་། བདེན་གཉིས་ཟུང་འཇུག་ཅེས་བཤད་ཅིང་། འཕགས་ལུགས་ཀྱི་ཟུང་འཇུག་གི་དོན་ཡང་དེ་ལ་འཆད་པ་ཡོད་མོད་ཀྱང་། །མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱིས་ནི་སྔར་བཤད་པའི་དོན་གྱི་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་དེ་ཙམ་ལ་ཟུང་འཇུག་དུ་མེ་བྱེད་དོ། འོ་ན་ཇི་ལྟར་བྱེད་ཅེ་ན། བྱང་ཆུབ་ཀྱི་སེམས་ལ་འོད་གསལ་གྱི་བྱང་ཆུབ་ཀྱི་སེམས་དང་ཟུང་འཇུག་གི་སེམས་གཉིས་གསུངས་པའི་ཕྱི་མ་ཡིན་ལ་དེ་ནི་སྦྱོར་བ་ཡན་ལག་དྲུག་གི་དྲུག་པའི་སྐབས་སུ་ཐབས་ཤེས་སྙོམས་པར་འཇུག་པས་གསུངས་པའི་དོན་སྒྲོན་གསལ་ལས། ཐབས་


JLD009_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཀྱི་བདེན་པ་དང་། ཤེས་རབ་དོན་དམ་པའི་བདེན་པ་གཉིས་སྦྱོར་བ་ཟུང་འཇུག་དུ་གསུངས་པ་ལྟར་ཡིན་ནོ། དེ་ལ་དོན་དམ་པའི་བདེན་པ་དངོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་ཡིན་མོད་ཀྱང་། འདིར་དེ་དང་བདེ་བ་ཆེན་པོ་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཀྱི་ཡེ་ཤེས་ལ་ཡང་དོན་དམ་པའི་བདེན་པ་ཞེས་ཡུལ་ཡུལ་ཅན་སོ་སོར་མ་ཕྱེ་བར་མང་དུ་གསུངས་སོ། དེ་འདྲ་བའི་དོན་གྱི་ལྷན་སྐྱེས་ཀྱི་ཡེ་ཤེས་འདི་ལ་ཡང་དོན་གྱི་འོད་གསལ་རྐྱང་བའི་སྐབས་གཅིག་དང་། ཟུང་འཇུག་གི་སྐབས་ཀྱི་འོད་གསལ་གཉིས་ལས་དང་པོ་ནི་རིམ་ལྔའི་རིམ་པ་བཞི་པར་བཤད་པའི་མངོན་པར་བྱང་ཆུབ་འདི་རིམ་པའི་འོད་གསལ་གྱི་རིམ་པ་དང་། གཉིས་པ་ནི་རིམ་པ་ལྔ་པ་ཟུང་འཇུག་གི་རིམ་པའི་ཡ་གཅིག་ཡིན་པས་གཞུང་གཞན་ནས་བཤད་པའི་བདེ་སྟོང་དབྱེར་མེད་ཀྱི་དོན་གྱི་ལྷན་སྐྱེས་ཙམ་ཞིག་ནི་ཚུལ་བཞིའི་མཐའ་དྲུག་གི་བཤད་པ་ལ་གཉིས་ཡོད་པའི་འོད་གསལ་ཀྱི་མཐར་ཐུག་ཡིན་ཀྱང་། དེའི་གོང་ན་ཟུང་འཇུགས་གི་མཐར་ཐུག་ཡོད་པས་ད་ལུང་དེར་མ་སླེབ་པོ། ཀུན་རྫོབ་བདེན་པའི་གཞུང་གཞན་ནས་ཀུན་རྫོབ་བདེན་པ་བཤད་པ་དང་འདི་མི་འདྲ་བས་འདིར་ནི་སྟོང་བའི་ཡེ་ཤེས་དང་ངོ་བོ་གཅིག་ཏུ་འཇུག་པའི་བཞོན་པར་གྱུར་པའི་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་བའི་ཉེར་ལེན་ལས་གྲུབ་པའི་མཚན་དཔེས་བརྒྱན་པའི་ཡོངས་སུ་དག་པའི་སྒྱུ་མའི་སྐུ་ལ་ཀུན་རྫོབ་བདེན་པར་བཤད་པ་དེའོ། འདི་འདྲ་བའི་འོད་གསལ་ཡེ་ཤེས་ནི་ཨེ་དང་། ཡོངས་སུ་དག་པའི་སྒྱུ་མའི་སྐུ་ནི་ཝ་ཡིག་གི་དོན་ཏེ་དབྱེར་མེད་དུ་སྦྱོར་རྒྱུའོ། སྦྱོར་ཚུལ་ནི་སྔ་མ་ཐུགས་དང་ཕྱི་མ་སྐུར་ངོ་བོ་གཅིག་ཏུ་སྦྱོར་བ་སྟེ་ཐིག་ལེའི་དོན་ནོ། བདེ་མཆོག་འབྱུང་བ་ལས་ཀྱང་།


JLD009_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་རྒྱས་བཏབ་འཁོར་ལོ། །མཁའ་བཞིན་སྟོང་ཉིད་དེ་བཞིན་ནོ། བདག་མེད་དང་ནི་དེ་བཞིན་ཉིད། སྣ་ཚོགས་ཐབས་དང་སྙིང་རྗེ་སྟོབས། །ཟུང་འཇུག་གཉིས་མེད་ལྷུན་གྱིས་གྲུབ། །དཀྱིལ་འཁོར་སྙིང་པོ་མཆོག་གི་ཡིན་ནོ། །ཞེས་གསུངས་སོ། དེ་བཞིན་ཉིད་དང་སྟོང་ཉིད་བདག་མེད་ཅེས་གསུངས་པ་ནི། །དེ་དང་རོ་གཅིག་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་ལ། །ཐབས་དང་སྙིང་རྗེའི་སྟོབས་ནི་དཀྱིལ་འཁོར་ཀྱི་འཁོར་ལོ་ཧེ་རུ་ཀ་ཡབ་ཡུམ་དུ་ཤར་བའི་སྒྱུ་མའི་སྐུ་ཡིན་ཏེ། དེ་ཉིད་ལས། ལྷ་མོ་ཧེ་རུ་ཀ་ཡེ་ཤེས། དེ་ཡི་དབྱེ་བ་བརྟག་མི་བྱ། དེ་བཞིན་ཉིད་རྒྱས་བཏབ་འཁོར་ལོ། ཞེས་གསུངས་པའི་ཕྱིར་རོ། རྒྱས་བཏབ་པ་ནི་སྔར་བཤད་པ་གཉིས་སྐུ་དང་གསུང་ཐུགས་སུ་དབྱེར་མེད་ཕྱེད་པར་སྦྱོར་བའི་དོན་ནོ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་གསུངས་པའི་གཉིས་མེད་ཡེ་ཤེས་ལའང་ཇོ་བོ་ཆེན་པོས་སྔར་བཤད་པའི་ཟུང་འཇུག་ལ་བཤད་པ་ལྟར་བདེན་གཉིས་དབྱེར་མེད་ཀྱི་གཉིས་མེད་ཡེ་ཤེས་གཅིག་དང་། སྔར། ཧེ་རུ་ཀ་དཔལ་ཡིན་པར་བཤད། ཅེས་པའི་སྐབས་སུ་གསུངས་པ་ལྟར་བདེ་སྟོང་དབྱེར་མེད་ཀྱི་གཉིས་མེད་ཀྱི་ཡེ་ཤེས་གཉིས་ཡོད་པས་ཤྲཱི་ཧེ་རུ་ཀ་ཞེས་པའི་དོན་ལ་ཡང་། སྣང་ཕྱོགས་སྒྱུ་ལུས་ཀྱ་ཧེ་རུ་ཀ་དང་། སྟོང་ཕྱོགས་བདེ་སྟོང་གི་ཧེ་རུ་ཀ་གཉིས་ཡོད་པ་ཤེས་པར་བྱའོ། གཉིས་པ་དེ་བསྐྱེད་པའི་ཐབས་ཇི་ལྟར་བསྟན་པ་ལ་གཉིས། ཐབས་ངོས་བཟུང་བ་དང་། དེ་ཇི་ལྟར་བསྟན་པའོ། དང་པོ་ནི། བདེ་སྟོང་གི་ལྷན་སྐྱེས་ལ་སྟོང་ཉིད་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པ་ཇི་ལྟར་བསྐྱེད་པ་ལ་ཐོག་མར་དེའི་གོ་བ་བསྐྱེད་ཚུལ་ནི། དབུ་མའི་གཞུང་


JLD009_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནས་གསུངས་པ་ལྟར་ལུང་དང་རིགས་པ་ལ་བརྟེན་ནས་ངེས་དགོས་སོ། ལྷན་སྐྱེས་ཀྱི་བདེ་བའི་ཆ་བསྐྱེད་པ་ནི་བདེ་བ་གཞན་གྱིས་མི་ཆོག་པས་དེ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དགོས་སོ། དེ་ལ་ཨེའི་དོན་མི་ཡུལ་གྱི་བྷ་ག་རྟེན་དང་། ཝའི་དོན་ནི་དེ་ལ་བརྟེན་པའི་ཡབ་ཀྱི་རྡོ་རྗེ་དང་། བརྟེན་པ་རྡོ་རྗེ་ལ་གནས་པའི་ཐིག་ལེ་ནི་སྣ་ཚོགས་པའི་སྤྲུལ་པ་སྟོན་པར་བྱེད་པའི་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོ་ལ་སོགས་པའི་བདེ་བ་ཀུན་གྱི་གཞི་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་བྷ་གའི་མཚན་ཉིད་དེ། པདྨ་རྟེན་དུ་ཤེས་པར་བྱ། བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། བརྟེན་པ་རྡོ་རྗེ་འཆང་བ་ཡིས། །དེ་ལ་གནས་པ་ཐིག་ལེའི་གཟུགས། །སྣ་ཚོགས་སྤྲུལ་པ་སྟོན་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་གནས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་སོ། དེས་ནི་ཡབ་ཡུམ་གྱི་རྟགས་ཀྱི་ཨེ་ཝཾ་གཉིས་སྦྱར་བ་ལས་ལམ་གྱི་ཨེ་ཝཾ་འདྲེན་པའི་ཐབས་བསྟན་ནོ། །འདིས་ནི་ཡེ་ཤེས་ཀྱི་ཕྱབ་རྒྱལ་བརྟེན་ནས་བསྐྱེད་པ་འང་ཤེས་པར་བྱའོ། ནང་གི་རང་གི་ལུས་ལ་གནད་དུ་བསྟན་པ་ལས་ལམ་གྱི་ཨེ་ཝཾ་འདྲེན་པའི་ཐབས་ལུས་ཀྱི་གནད་ཀྱི་རྟགས་ཀྱི་ཨེ་ཝཾ་ཡངས་མྦུ་ཊ་ལས་གསུངས་ཏེ། སྤྱི་བོ་ལྟེ་བར་སོན་འཁོར་ལོ། ཨེ་ཡིག་རྣམ་པར་ཡང་དག་གནས། །སྙིང་གི་མགྲིན་པར་ཡང་དག་གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་སྤྱི་བོ་དང་ལྟེ་བའི་རྩ་འཁོར་ཀྱི་དབྱིབས་ཨེ་གྲུ་གསུམ་གྱི་དབྱིབས་དང་། །སྙིང་ག་དང་མགྲིན་པའི་རྩ་འཁོར་ཀྱི་དབྱིབས་ཝཾ་ཡིག་ཟླུམ་པོའི་དབྱིབས་སུ་གནས་པ་ཨེ་ཝཾ་གྱི་དོན་དུ་


JLD009_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། དེ་ཡང་སྡོམ་འབྱུང་འགྲེལ་བ་ལས། །ཡང་ན་ཨེ་ཡིག་ཤེས་རབ་ཀྱི་བདག་ཉིད་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་རང་བཞིན་ལྟེ་བ་དང་མགྲིན་པ་ལ། ཝཾ་ཡིག་ཐབས་ཀྱི་བདག་ཉིད་ཆོས་དང་བདེ་བ་ཆེན་པོའི་འཁོར་ལོའི་རང་བཞིན་ཉིད་སྙིང་ག་དང་སྤྱི་བོའི་གནས་ཀྱི་ཁ་སྦྱར་བ་བསྒོམས་ནས་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བར་འགྱུར་རོ། ཞེས་རྩ་འཁོར་རྣམས་ཀྱི་ལྟེ་བར་སེམས་བཟུང་བས་ལྷན་སྐྱེས་འདྲེན་པར་བཤད་པའི་དོན་ནོ། རྩ་འཁོར་བཞི་ཨེ་ཝཾ་དུ་འཇོག་ཚུལ་ནི་སྔ་མ་དང་མི་མཐུན་པས་ཅུང་མ་དག་པའོ། ལྷན་སྐྱེས་འདྲེན་པའི་ཐབས་རང་གི་ལུས་ལ་གནད་དུ་བསྣུན་སའི་གཙོ་བོ་ཡང་རྩ་ཨ་ཝ་དྷཱུ་ཏཱི་ཡིན་ཏེ། སྡོམ་འབྱུང་ལས། རྐྱང་མ་རོམ་ལོགས་གཉིས་སུ། ཨཱ་ལི་ཀཱ་ལི་རང་བཞིན་ཅན། འབྲས་བུ་རྒྱུ་ཡི་རང་བཞིན་གྱིས། །དགའ་བ་བཞི་ཡི་གཟུགས་ཅན་མ། །ལྷན་སྐྱེས་དགའི་བའི་རང་བཞིན་དང་། །གཉིས་མེད་མཆོག་གི་དབང་ཕྱུག་མ། །ཀུན་རྫོབ་ཀུནྟ་ལྟ་བུ་སྟེ། །སྒྲིབ་མེད་བདེ་བའི་གཟུགས་ཅན་མ། །ཞེས་ཨཱ་ལིའི་ངོ་བོ་རྐྱང་མ་དང་། །ཀཱ་ལིའི་ངོ་བོ་རོ་མ་གཉིས་ལ་ལོགས་གཡས་གཡོན་གཉིས་ན་གནས་པའི་མཆོག་གི་དབང་ཕྱུག་མ་དྷཱུ་ཏཱི་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་དུ་བཤད་ལ། སྭ་བྷཱ་ཝ་ནི་རང་བཞིན་དང་འབྱུང་བ་གཉིས་ཀ་ལ་འཇུག་པས་འདིར་ནི་དགའ་བདེ་འབྱུང་བའི་དོན་ཡིན་པའི་ཕྱིར་རོ། དགའ་བཞི་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུའི་ངོ་བོ་དང་། དྷཱུ་ཏཱི་ནས་ཀུནྟ་ལྟ་བུ་བབས་པ་ལ་སྒྲིབ་


JLD009_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་དོན་དམ་བདེ་བའི་གཟུགས་ཅན་མ་སྟེ་ཚུལ་ཅན་སྐྱེ་བར་གསུངས་སོ། ཡང་དེ་ཉིད་ལས། ཤེས་རབ་གཟུགས་ཀྱིས་ལ་ལན། རོ་མ་ཐབས་ཀྱིས་ཡང་དག་གནས། །དེ་དག་དབུས་སུ་གནས་ལྷ་མོ། །ཨཾ་ཡིག་སྣ་ཚོགས་གཟུགས་ཅན་ན། ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཐས་ཅད་རབ་སྩོལ་མ། །བདེ་ཆེན་རབ་སྦྱིན་ཐམས་ཅད་ལ། །རྟག་ཏུ་ཡང་དག་བདག་ཕྱག་འཚལ། །ཞེས་ལྟེ་བར་རོ་རྐྱང་གེ་དབུས་ཀྱི་དྷཱུ་ཏཱི་ར་གཏུམ་མོའི་ངོ་བོ་ཨཾ་ཡིག་བསྒོམས་པས་བདེ་ཆེན་སྦྱིནྲ་པར་གསུངས་ཏེ། །འདི་ནི་མཚོན་པ་ཙམ་སྟེ་རྩ་འཁོར་གང་ན་ཡོད་པའི་ལྟེ་བའི་དྷཱུ་ཏཱིའི་ཡར་སྣ་མར་སྣ་རྣམས་སུ་ཡི་གེ་དང་ཐིག་ལེ་སོགས་ལ་དམིགས་པ་གཏང་ནས་བསྒོམས་པས་སྲོག་དྷཱུ་ཏཱིར་ཚུད་པའི་གནས་ཟབ་མོ་རེ་ཡོད་པ་ཀུན་ལ་ཤེས་པར་བྱའོ། །ཕྱག་འཚལ་ཞེས་པའི་མཇུག་ཐོགས་སུ། །གང་གང་གིས་ནི་བསྒོམས་པ་ཡིས། །མི་རྣམས་ཀྱི་ཡིད་ཡང་དག་སྦྱོར། །དེས་དེའི་རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་ཏེ་འདིའི་དོན་ཤེས་གལ་ཆེའོ། །གཞུང་འདི་གུར་དང་ཀུན་སྤྱོད་སོགས་རྒྱུན་མང་པོར་འབྱུང་ཞིང་གཞུང་གཅིག་ཡིན་ཀྱང་སྐབས་སྟོབས་ཀྱིས་དོན་སོ་སོ་བ་མང་པོ་ལ་བཤད་དགོས་པ་ཡོད་པ་ལས་འདིར་ནི་སྲོག་དྷཱུ་ཏཱི་ར་བསྡུས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པའི་ཆེད་དུ་སྒྲུབ་པ་པོ་གང་དང་གང་གིས་དྷཱུ་ཏཱིའི་གནད་ཆེ་བ་གང་དང་གང་དུ་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ཡིད་སྦྱར་བ་སྟེ་གཏད་ནས་


JLD009_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བསྒམས་ན་ལྟེ་བའི་དྷཱུ་ཏཱིར་བདེ་ཆེན་སྟེར་བའི་ལྷ་མོ་ཕག་མོའི་ངོ་བོ་ཨཾ་ཡིག་བསྒོམས་པ་དེས་རྩ་གནས་དེར་རོ་རྐྱང་ལ་རྒྱུ་བའི་རླུང་སྡུད་ནུས་པ་དེའི་རང་བཞིན་དུ་འགྱུར་ཏེ། དཔེར་ན་ནོར་བུ་ཤེལ་སྒོང་རས་དཀར་དམར་སོགས་ཀྱི་སྟེང་དུ་བཞག་པ་ན་དེ་དང་དེའི་གཟུགས་ཅན་དུ་འགྱུར་བ་བཞིན་ནོ། །ཞེས་པའི་དོན་ཏེ་ལུས་ཀྱི་གནད་ཆེ་སར་དམིགས་པ་གཏད་ནས་བསྒོམས་པས་གདམས་ངག་གི་མཐུས་གས་དེར་རླུང་བསྡུ་བར་འདོད་པ་ཇི་ལྟ་བ་བཞིན་དུ་སྡུད་ནུས་པར་འགྱུར་པའི་ཁུངས་མཆོག་ཏུ་གྱུར་པའོ། གཉིས་པ་ལ་གཉིས། ཕྱག་རྒྱལ་བརྟེན་ནས་བདེ་ཆེན་འདྲེན་པ་ཇི་ལྟར་བསྟན་པ་དང་། རང་གི་ལུས་ཀྱི་གནད་རྣམས་ལ་བརྟེན་ནས་བདེ་ཆེན་འདྲེན་པ་ཇི་ལྟར་བསྟན་པའོ། དང་པོ་ནི། ཉུང་བའི་རྩ་རྒྱུད་ལས། །ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་འགྲུབ་མི་འགྱུར། །ཞེས་ཤེས་རབ་མའི་ཕྱག་རྒྱ་ལ་བརྟེན་པ་དང་བྲལ་ན་ལམ་གཞན་གྱིས་མི་འགྲུབ་པར་གསུངས་ཤིང་། །ཡང་དེ་ཉིད་ལས། དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་འཐོབ། །བཟླས་བརྗོད་བསམ་གཏན་མཆོག་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །སྔགས་དང་ཕྱག་རྒྱས་སྒྲུབ་པ་པོས། །མཆོད་པ་ཉིད་ལ་རབ་ཏུ་འཇུག །འདི་ལས་གཞན་པའི་མཆོད་མེད་དེ། །དེ་ལྟར་བསྟན་བཅོས་ངེས་པ་ཡིན། །ཕོ་ཉའི་ལམ་ལ་དགའ་རྣམས་ཀྱི། །


JLD009_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་ནི་དངོས་གྲུབ་འགྱུར། །ཞེས་རྐང་པ་དང་པོ་གཉིས་པ་དང་གསུམ་པས་ཕོ་ཉོའི་ལམ་གྱིས་ཕྱིའི་བཟླས་བརྗོད་སོགས་དང་བྲལ་ཡང་འགྲུབ་པ་དང་། མྱུར་བར་འགྲུབ་པ་ཡང་དེའི་མཐུས་ཡིན་པར་གསུངས་ཏེ། རིམ་པ་དང་པོའི་སྐབས་སུ་བཟླས་བརྗོད་སོགས་བྱེད་པ་སྔོན་དུ་གཏོང་བ་འགོག་པ་ཡིན་ནོ། ཕོ་ཉའི་ལམ་ལ་བསྔགས་པ་ནི། བདག་མེད་པའི་དེ་ཁོ་ན་ཉིད་ལྷན་སྐྱེས་ཀྱི་བདེ་ཆེན་ཀྱིས་བསྒོམ་དགོས་པའི་གནད་ཀྱིས་ཡིན་ནོ། ཆུ་ལ་དེ་ཡང་ཕ་རྒྱུད་དང་མ་རྒྱུད་གཉིས་ཀའི་ལུགས་ངེས་པ་ཅན་ཡིན་པ་ནི་རྐང་པ་བརྒྱད་པས་སྟོན་པར་བཤད་དོ། དོན་གྱི་དབང་འདི་གཟིགས་ནས་རྩ་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ནས་ཉེར་བཞི་པའི་བར་གྱི་ཕོ་ཉ་མོ་ཁྱད་པར་ཅན་དང་འདུ་བའི་སྐོར་ཉིད་བཤད་ཅིང་གཞན་ཡང་ལེའུ་མང་པོ་ནས་ཡང་དང་ཡང་དུ་གསུངས་སོ། དེ་ནས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ལ་ཐབས་མང་དུ་ཡོད་ཀྱང་ལས་དང་པོ་པའི་སྐབས་སུ་རང་གི་ལུས་ལ་དམིགས་ཏེ་བསྒོམ་པ་སོགས་ཀྱིས་ལྷན་སྐྱེས་མཚོན་མི་ནུས་པའི་ཚེ་ཕོ་ཉ་མོ་མཚན་ཉིད་ཐམས་ཅད་ཚང་བ་ལས་མཚོན་དགོས་ཏེ། གསང་བ་གྲུབ་པ་ལས། ལས་ཀྱི་ཕྱག་རྒྱ་མཉམ་ལྡན་པས། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །བདེན་པ་གསུངས་པས་མངོན་སུམ་དུ། །འདི་འདྲའི་བསྒོམ་པ་གང་གསུངས་པ། །དང་པོའི་ལས་ཅན་སེམས་ཅན་ལ། །ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། །བྱང་ཆུབ་སེམས་ནི་རབ་སྟོན་པ། །གཞན་གྱིས་མཚན་པས་མི་མཐོང་སྟེ། །དང་པོའི་ལས་པས་རིག་པས་བྱ། །ཐོག་མ་བར་མཐའ་དྲི་མེད་མེད་པ། །རིག་སྟེ་གཞན་དུ་ནུས་


JLD009_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། ཞེས་གསུངས་པས་སོ། དེ་ལས་མཚན་བསྔོན་དུ་སོང་ན། རང་གི་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་བསྒོམས་པས་སྲོག་དྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་སྤང་ཞིང་། དེ་ལྟར་བྱ་ནུས་པ་ནས་ཀྱང་ཕྱིའི་རྐྱེན་ཕོ་ཉ་མོ་མཚན་ཉིད་ཚང་བ་ལ་བརྟེན་ན་ལ་མཆེས་མྱུར་བར་འགྱུར་གྱི། གཞན་དུ་མིན་པས་ཐབས་དེ་གཙོ་བོ་ཡིན་ཏེ། །ཧེ་རུ་ཀ་དངོས་འབྱུང་ལས་ཀྱང་། དཔའ་བོ་གང་ཞིང་ཕྱག་རྒྱ་དམན། སྒྲུབ་པོ་མཆོད་པར་བྱེད་པ་ནི། ཕུབ་མ་བརྡུང་དང་མཚུངས་པ་སྟེ། །ཞེས་གསུངས་སོ། འོན་ཀྱང་རྩ་རྒྱུད་ལས། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །ཞེས་གསུངས་པས་བརྟེན་པར་དཀའ་བའི་དོན་དུ་ཀོང་ཀ་ན་པ་བཞེད་པ་ནི། །ཧེ་རུ་ཀ་མངོན་འབྱུང་ལས་ཀྱང་རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་གྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། ཅེས་གསུངས་ཏེ། །ཡུལ་རྟེན་ཀུན་མཚན་ཉིད་མ་ཚང་བར་དེ་ལྟར་བྱེད་པ་ལ་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་པ་རྣམས་ཤེས་དགོས་སོ། ཕྱག་རྒྱ་ལ་བརྟེན་པ་དང་བྲལ་ན་མི་འགྲུབ་པར་རྩ་རྒྱུད་ལས་གསུངས་པ་དེ་ཉིད་བཤད་རྒྱུངས་མྦུ་ཊ་ལས་ཀྱང་གསལ་བར་གསུངས་ཏེ། ཐབས་དང་ཤེས་རབ་མ་གཏོགས་པས་སངས་རྒྱས་ཉིད་མངོན་དུ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་ཤེས་རབ་མ་དངོས་སུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་བྱེད་པ་བཟང་མོ་སྤང་བར་མི་བྱ་སྟེ། ཕྱག་རྒྱ་རེར་དང་ལྡན་པ་འདི་མ་གཏོགས་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ་


JLD009_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །ཕྱག་རྒྱ་བཟང་མོ་ནི་པདྨ་ཅན་ལ་སོགས་པ་ཡིན་ལ། །དེ་དག་ལ་བརྟེན་པ་ན་བྱང་ཆུབ་ཀྱི་སེམས་ཀྱི་བཅུང་ཕྱག་རྒྱའི་སྟོབས་ཀྱིས་ཀྱང་འཆིང་བར་ནུས་པ་ཡིན་ཏེ། །རྡོ་རྗེ་འཁའ་འགྲོ་ལས། །རྩུབ་ཅེས་བྱ་བ་ནི་གླང་གི་ལྕེ་ལྟར་རྩུབ་པའོ། །འཇམ་པ་ནི་པདྨ་ཅན་ཞེས་བྱ་བའོ། །འཁྲང་བ་ནི་ཁུ་བ་སྲ་བ་སྟེ་གང་གི་ཁུ་བ་འཐས་པར་གྱུར་པའོ། མཛེར་བ་ཅན་ནི་དུང་ཅན་མ་སྟེ་པདྨ་ལ་ཤ་མཛེར་ཡོད་པའོ། །བུད་མེད་འདི་དག་ནི་བཅུད་འཆིང་བ་ལ་དབང་དུ་གྱུར་བ་ཡིན་ནོ། ཞེས་གསུངས་སོ། དེའི་ངང་པོ་ནི་གླང་པོ་ཅན་དང་། །གསུམ་པ་ནི་རི་མོ་ཅན་མ་ཡིན་ལ། །རྩུབ་པ་དང་འཇམ་པ་ནི་པདྨའོ། །ཕྱག་རྒྱ་དེ་དག་ལ་བརྟེན་པའི་ཚེ་ཁམས་ཀྱི་བཅུད་འཆིང་བ་ནི་གཡས་གཡོན་ཀྱི་རླུང་དྷཱུ་ཏཱིར་ཚུང་ནས་འགྲོ་བ་ཕྱིའི་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ཤེས་པ་ལ་རག་ལས་ཏེ། མཁའ་འགྲོ་རྒྱ་མཚོར། དེ་ནས། རྡོ་རྗེ་པདྨ་འདུ་བྱ་བ། ཇི་བཞིན་བཤད་ཀྱིས་མཉན་པར་གྱིས། །རིན་ཆེན་རྡོ་རྗེའི་རབ་སྦྱོར་བས། ཨ་ཝ་དྷཱུ་ཏཱི་ཅན་དངོས་གྲུབ། རྣལ་འབྱོར་མ་ལ་ཡང་དག་རོལ། །དོམ་དམ་པ་ཡི་ཉམས་ལ་གནས། །དེ་ཡི་སྦྱོར་བས་རོལ་པར་ནི། །གཉིས་མེད་རྒྱུད་རྣམས་ཀྱིས་འགྱུར་རོ། །ལུས་ཀྱི་ཉམས་སུ་མྱོང་བཞིན་པ། །བྱིས་པ་རྣམས་ཀྱི་བྱང་ཆུབ་འོང་། །ཧ་ཡིག་དྲུག་པ་དང་ལྡན་པའི། །ས་བོན་རྡོ་རྗེའི་ནོར་བུ་དགོད། །ཨ་ཝ་དྷཱུ་ཏཱིའི་རྩར་འབབ་སྟེ། །སྟེང་དུ་ཁ་བལྟས་དབྲལ་བར་སོན། །བསྲུང་པའི་དུས་སུ་བློ་ལྡན་གྱིས། །རང་གི་ལག་པས་རྡོ་རྗེ་གཟུང་། །ཞེས་སོ། རིན་ཆེན་ནི་དགའ་བ་


JLD009_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བྱེད་པས་པདྨའོ། ཨ་ཝ་དྷཱུ་ཏཱི་ཅན་ནི་གཟུང་འཛིན་གཉིས་ཀྱི་རྣམ་རྟོག་ཅི་རིགས་པ་སྤངས་པའི་རྣལ་འབྱོར་བའོ། བྱིས་པ་རྣམས་ཀྱི་བྱང་ཆུབ་མི་བརྡའི་བྱང་ཆུབ་ཀྱི་སེམས་ཀུནྟ་ལྟ་བུའོ། དྲུག་པ་ནི་དབྱངས་ཀྱི་དྲུག་པ་ཨཱུ་རིང་པོ་སྟེ་དེ་ཧ་དང་སྦྱར་བས་ཧཱུྃ་ཡིན་ལ། ས་བོན་རྡོ་རྗེའི་བུ་གར་བཀོད་པས་ནི་ཁམས་མི་འཕོ་བར་བྱེད་དོ། དྷཱུ་ཏཱིའི་རྩར་བྱང་སེམས་འབབ་པའི་རྒྱུ་ནི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་རྩའི་གནད་ཀྱིས་ཡིན་ཏེ་འདིའི་གནད་གཞན་དུ་ཤེས་པར་བྱའོ། དྷཱུ་ཏཱིའི་རྩ་ནས་ནོར་བུའི་རྩེའི་བར་དུ་བབ་པ་ན་ཡས་བབས་ཀྱི་དགའ་བཞི་དང་། སྟེང་དུ་ཁ་བལྟས་པ་སྟེ་གྱེན་དུ་ལོག་ནས་དཔྲལ་བ་བར་དུ་སོན་པ་ནམས་བརྟན་གྱི་དགང་བཞི་སྐྱེའོ། ལྷག་མ་རྣམས་གོ་སླའོ། མན་སྙེ་ལས། ཤེས་རབ་དང་བཅས་པའི་ཐབས་དག་སྙོམས་པར་འཇུག་པས་ལ་ལན་དང་ར་ས་ནའི་རླུང་དང་ཨ་ཝ་དྷཱུ་ཏཱི་ར་འཇུག་པ་ན་གཏུམ་མོ་འབར་རོ། དེ་ཡང་ཕུང་པོ་ལ་སོགས་པ་བསྲེག་ཅིང་ཟླ་བ་འཇུ་བར་བྱེད་དོ་ཞེས་ལས་རྒྱ་དང་མཉམ་པར་སྦྱར་བས་གཡས་གཡོན་གྱི་རླུང་དྷཱུ་ཏཱིར་ཞུགས་ནས་གཏུམ་མོ་སྦར་བས་བྱང་སེམས་འཇུ་བར་བཤད་ལ། དེ་བཞིན་གཤེགས་པའི་རྡོ་རྗེས། །དེའི་ཚེ་སྣ་བུག་གཉིས་ཀྱི་རྒྱུ་བ་ལྔོག་པར་བཤད་པས། །རླུང་གཉིས་དྷཱུ་ཏཱིར་ཐིམ་པ་ཡིན་ཏེ། ཐས་དེ་ནི་ཕྱིའི་སྲོག་རྩོལ་ལོ། བླ་མེད་ཀྱི་རྒྱུད་སྡེ་ནས་སྲོག་རྩོལ་གྱི་ལྨ་འདི་མ་བཤད་པ་ཡང་མེད་ཅིང་བཤད་པ་ཡང་མེད་པ་ལ་ཐབས་འདིས་རླུང་དྷཱུ་ཏཱིར་སྡུད་པའི་རྒྱུ་མཚན་གྱི་གནད་ཤིན་ཏུ་རྟོགས་དཀའ་བར་སྣང་ནའང་གོ་བ་རེགས་པ་ཆགས་ན་རྒྱུད་དོན་མང་པོ་ཞིག་གོ་བ་ལ་


JLD009_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཆེ་བར་སྣང་ངོ་། ལས་རྒྱལ་བརྟེན་ནས་ཇི་ལྟར་འབྱུང་བའི་གཟུགས་བརྙན་ཕལ་མོ་ཆེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཤིན་ཏུ་གསལ་ཞིང་བརྟན་ན་དེ་ལ་བརྟེན་ནས་ཀྱང་འབྱུང་བས་ཡེ་རྒྱལ་བརྟེན་ནས་ཀྱང་གཡས་གཡོན་གྱི་རླུང་དྷཱུ་ཏཱིར་ཚུད་པའི་སྐབས་ཡོད་དོ། གཉིས་པ་ནི། འདིའི་བསྐྱེད་རིམ་དུ་བཤད་པའི་རླུང་མེ་ཆུས་རི་རབ་དང་བཅས་པ་ལྔ་རྫོགས་རིམ་ལ་སྦྱར་ཏེ་བཤད་པ་ན། རྐང་པ་ནས་མགོ་བོའི་བར་དུ་རང་གི་ལུས་ལ་བྱ་སྟེ། དེ་ཉིད་གསལ་བ་ལས། རྐང་མཐིལ་གཞུ་ཡི་རྣམ་པ་ཡི། རླུང་གི་དཀྱིལ་འཁོར་ཡང་དག་གནས། །ལྟེ་བའི་ཕྱོགས་འདིར་མེ་ཉིད་ནི། །གྲུ་གསུམ་རྣམ་པར་འབར་བའོ། །ལྟོ་བར་ཆུ་ཞེས་གྲགས་པ་ཡི། །དཀྱིལ་འཁོར་ཟླུམ་པོའི་རྣམ་པའོ། །སྙིང་ག་རུ་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཡིན་ནོ། །དེ་སྟེང་མགྲིན་པའི་ཕྱོགས་སུ་ནི། །རི་ཡི་རྒྱལ་པོ་རི་རབ་དང་། །ཞེས་དང་། དེ་ཡི་རྩེ་མོ་མགོར་གསུངས་ཏེ། །ཞེས་དབྱིངས་མཐུན་པའི་སྒོ་ནས་བཤད་པའོ། །དེ་ཡང་མྦུ་ཊ་ནས་འབྱུང་བའི་དོན་ཡིན་ལ། དེ་ཉིད་ལས། རི་ནི་མགོ་བོའི་ཟེར་འབྲུ་སྟེ། །ཇི་ལྟར་རྩོམ་ཆེན་ལ་སོགས་རིམ། །བླ་མའི་དུས་ཐབས་རིམ་ཉིད་ཀྱིས། །དེ་ནི་རྫོགས་པའི་དཀྱིལ་འཁོར་གནས། །ཞེས་རྐང་པའི་མཐིལ་རྩོམ་ཆེན་ཀྱི་རླུང་ལ་སོགས་པར་བཤད་པ་ནི་བླ་མའི་མན་ངག་གི་དཀྱིལ་འཁོར་རྫོགས་རིམ་དང་སྦྱར་བའི་ལུགས་སུ་གསུངས་པས་ཀྱང་ཤེས་སོ། འདི་ཡང་རྩ་རྒྱུད་ལས་ཇི་ལྟར་བསྟན་པ་ནི། །མངོན་བརྗོད་ལས། ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནི་བཤད་པ་ཉིད། །དཀྱིལ་འཁོར་ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། ཞེས་


JLD009_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལས་ཤེས་པར་བྱའོ། དེ་ཡང་། གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་གསང་བ་ནི་ས་དང་། མཆོག་ནི་ཆུ་དང་། དགྱེས་པ་ནི་མེ་དང་། ཐམས་ཅད་བདག་ཉིད་ནི་རླུང་དང་། རྟག་ཏུ་བཞུགས་པ་ནི་ནམ་མཁའི་ཁམས་བདེ་བ་ཆེན་པོར་དེ་ཉིད་གསལ་བ་སོགས་ལས་གསུངས་ཏེ་སམྦུ་ཊའི་དགོངས་པའོ། དེ་ལྟར་ན་གསང་བ་སོགས་ཕྱི་བསྐྱེད་རིམ་ལ་སྦྱར་ན་འབྱུང་བཞི་རིམ་བརྩེགས་དང་ནང་རྫོགས་རིམ་ལ་སྦྱར་ན་རྡོ་རྗེའི་ལུས་སྟོན་ཏེ། དེའི་ཤུགས་ཀྱིས་རི་རབ་ཀྱི་སྦྱོར་ལུགས་གཉིས་ཀྱང་ཤེས་པར་བྱའོ། མངོན་བྱང་གི་ཨཱ་ལི་ཀཱ་ལི་འགོད་པའི་གཞི་པདྨ་ནང་ལ་སྦྱར་བ་ན། སྤྱི་བོའི་རྩ་འདབ་སོ་གཉིས་སུ་སམྦུ་ཊ་ལས་གསུངས་པ་ནི་མཚོན་པ་ཙམ་སྟེ། མགྲིན་པ་དང་སྙིང་ག་དང་ལྟེ་བ་ལ་སོགས་པའི་རྩ་འཁོར་སོགས་ལུས་ལ་གནད་དུ་བསྣུན་ས་ཀུན་བཟུང་བར་བྱའོ། དེ་ལྟར་བྱང་རུང་བ་ཡང་རྩ་རྒྱུད་ལས། ཆོས་འབྱུང་བྲིས་པའི་དབུས་སུ་དབྱངས་གསལ་བཀོད་ནས་བསྐྱེད་རིམ་པའི་སྔགས་བཏུབ་གསུངས་པ་དེ་ལ་བཤད་རྒྱུད་སམྦུ་ཊ་ནས་བཤད་མཛད་པ་ན། ལྟེ་བའི་རྩ་འཁོར་ལ་གསུངས་པའི་དོན་མན་སྙེ་ལས། འདིས་ནི་ལྟེ་བའི་པདྨ་ལ་སོགས་པ་ཡང་གསུངས་སོ་ཞེས་རྩ་འཁོར་གཞན་ལ་ཡང་བཤད་པ་དང་འདྲའོ། དེ་ལྟར་ན་བསྐྱེད་རིམ་ལ་ཧེ་རུ་ཀ་བསྐྱེད་པའི་གཞི་འབྱུང་བ་རིམ་བརྩེ་གས་རི་རབ་པདྨ་དང་བཅས་པ་བཤད་པ་དེ་ནང་རྫོགས་རིམ་ལ་བཤད་པ་ན། གང་ལ་གནད་ཏུ་བསྣུན་པས་ལྷན་སྐྱེས་ཀྱི་ཧེ་རུ་ཀ་འཆར་བའི་གཞི། བུག་པའི་སྒོ་དགུ་བ་ཅན་གྱི་རྡོ་རྗེའི་ལུས་སྤྱི་དང་བྱེ་


JLD009_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གི་གནད་རྣམས་སྟོན་པར་ཤེས་པར་བྱའོ། འདི་ནི་ལཱུ་ཨི་པ་ལྟ་བུ་མངོན་བྱང་ལྔ་ལས་རྟེན་དང་བརྟེན་པ་གཉིས་ཀ་བསྐྱེད་པ་ལྟ་བུ་ལ་སྦྱོར་གྱི། རྟེན་གཞལ་ཡས་ཁང་སྔོན་དུ་བསྐྱེད་ནས་དེའི་དབུས་སུ་མངོན་བྱང་ལས་ཧེ་རུ་ཀ་བསྐྱེད་པ་ལྟ་བུ་ཡིན་ལུས་འདོམ་གང་གྲུབ་ཞི་གཞལ་ཡས་ཁང་གྲུ་བཞིར་སམྦུ་ཊྲ་བཤད་པས། རླུང་ནས་གཞལ་ཡས་ཁང་གི་བར་དང་། །དབྱངས་གསལ་འགོད་པའི་གཞི་པདྨ་ཚུན་ཆོད་གང་ལ་གནད་དུ་བསྣུན་པའི་གཞི་དང་སྦྱར་བ་བཤད་དོ། རྟག་ཏུ་བཞུགས་པའི་དོན་ནམ་མཁའི་ཁམས་བདེ་ཆེན་དུ་བཤད་པ་བསྐྱེད་རིམ་ལ་སྦྱོར་ན། བདེ་ཆེན་འདྲེན་བྱེད་མཚོན་པའི་དབྱངས་གསལ་ཟླ་བ་ཧཱུྃ་བཅས་དང་། བདེ་ཆེན་མཚོན་པའི་ཧེ་རུ་ཀ་ལ་བྱ་ཞིང་། རྫོགས་རིམ་ལ་སྦྱོར་ན། གང་དུ་ལུས་ལ་གནད་དུ་བསྣུན་སའི་བྱང་སེམས་དཀར་དམར་སེམས་དང་བཅས་བ་ལ་སྦྱར་བ་དང་། དེས་དྲངས་པའི་བདེ་ཆེན་གྱི་ཧེ་རུ་ཀ་ལ་ཡང་སྦྱར་རོ། སྣང་ཕྱོགས་གྱི་ཧེ་རུ་ཀ་ཡང་ཤེས་པར་བྱ་སྟེ། སྟོང་པའི་ངང་ལས་ནཱ་དར་ལངས་པའི་ངེས་དོན་གྱི་བཤད་པ་ལས་ཤེས་སོ། སམྦུ་ཊྲ་དབྱངས་གསལ་གྱིས་བསྐྱེད་པའི་ཟླ་བ་ནང་ལ་སྦྱར་བ་ན་ཀླད་པ་དང་ཧཱུྃ་ཡིག་ནང་ལ་སྦྱོར་བའི་སྐབས་སུ་ཧཾ་ཡིག་ལ་བཤད་པ་ཡང་མཚོན་པ་ཙམ་ཡིན་གྱི། དེ་ཁོ་ནར་མ་ངེས་ཏེ། དེ་ཉིད་གསལ་བ་ལས། དེ་ཡི་རྩེ་མོ་མགོར་གསུངས་ཏེ། འདམ་སྐྱེས་འདབ་མ་སུམ་ཏུ་གཉིས། དེ་ཡི་དབུས་སུ་ཧཾ་ཡིན་ཏེ། ཨཱ་ལི་ཀཱ་ལི་


JLD009_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྲུལ་པ། །མི་ཤིགས་གོ་འཕང་ཉམས་དགའ་བ། །བདེ་བ་ཆེན་པོ་ཞེས་བྱབ་བརྗོད། །ཅེས་ཨཱ་ལི་ཀཱ་ཨིལ་བསྐྱེད་པའི་ཟླ་བ་བདེ་བ་ཆེན་པོ་ཡང་གསུངས་པའི་ཕྱིར་རོ། དེ་ལྟར་ངེས་དོན་གྱི་ཧེ་རུ་ཀ་བསྐྱེད་པའི་གཞི་ནི་ལུས་ཀྱི་དཀྱིལ་འཁོར་ལ་བཤད་པ་ལ་འཁོར་ལོ་བཞི་ལས་སོགས་པའི་དབུས་ཀྱི་དབུ་མ་དང་དེའི་ཡར་སྣ་མར་སྣ་སོགས་གནད་དུ་བསྣུན་ས་མང་ཡང་། ལཱུ་ཨི་པའི་ལུགས་འདི་ནི་ཀུན་སྤྱོད་ལས། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཞེས་གསུངས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་གནད་དུ་བསྣུན་པ་ཡིན་ལ། །དེ་དང་མཐུན་པར་མངོན་བརྗོད་ལས་ཀྱང་། དཀྱིལ་འཁོར་ལུས་ནི་རིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། དེ་ལ་ལྟེ་བའི་འཁོར་ལོ་ཆེ། །ཐམས་ཅད་མཁྱེན་པ་ཞེས་བྱར་བཤད། །རྡོ་རྗེ་ཅན་ནི་དེར་བཞུགས་པ། །ཞེས་ཐམས་ཅད་མཁྱེན་པ་ཞེས་གྲགས་པའི་རྡོ་རྗེ་ཅན་ངེས་དོན་ལྷན་སྐྱེས་ཀྱི་ཧེ་རུ་ཀ་ལྟེ་བར་བཞུགས་པར་བཤད་དེ། །དེ་ལ་བཞུགས་པ་ནི་སྔར་བཤད་པ་ལྟར་ཤིང་ལ་མེ་གནས། །ཞེས་པ་ལྟར་དེར་གནད་དུ་བསྣུན་པ་ལས་ལྷན་སྐྱེས་འབྱུང་བ་སྟེ། །ཧེ་རུ་ཀ་མངོན་འབྱུང་ལས། །དེ་ལྟར་གསུངས་པའི་དོན་ཡང་དེ་བཞིན་ནོ། །ཡང་མངོན་བརྗོད་ལས། །ལྟེ་བའི་ནང་ན་པདྨ་ཆེ། །བཅུ་དྲུག་ཐིག་ནི་གདབ་པར་བྱ། །ཡི་གེ་དང་ཡང་མཉམ་པར་སྤྱོད། །ཁ་སྦྱོར་བྱ་བ་བྱས་པ་ཡིན། །ཞེས་གསུངས་པའི་རྐང་པ་དང་པོ་གཉིས་ཀྱི་དོན་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་རིམ་པ་བཞི་ཡོད་པའི་


JLD009_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་རྩ་འདབ་བཞི། གཉིས་པ་ལ་བརྒྱད། གསུམ་པ་ལ་རྩ་འདབ་བཅུ་དྲུག་ཡོད་པའི་དོན་དུ་བཤད་ཅིང་། བཞི་པ་ལ་དྲུག་ཅུ་རྩ་བཞི་ཡོད་པར་བཤད་དོ། རྩ་འབབ་ཀྱི་རིམ་པ་གཞན་གསུམ་ནི་ཧེ་རུ་ཀ་མངོན་འབྱུང་ལས། བཅུ་དྲུག་ལ་སོགས་ཀྱིས་ནི་བསྐོར། ཞེས་པའི་སོགས་ཀྱིས་བསྡུས་སོ། ཡི་གེ་དང་མཉམ་པར་སྦྱོར་བ་ནི་ཡི་གེ་རྐྱང་བ་བསྒོམ་པ་མིན་པར་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་འོག་ནས་འཆད་པ་ལྟར་ཡི་གེ་བསྒོམ་པའོ། དེ་འདྲ་བའི་རྩ་དང་ཡི་གེ་གཉིས་མཉམ་པར་སྦྱོར་བ་བསྒོམས་པས་བྱ་བ་བྱས་ཚུལ་ནི། ཧེ་རུ་ཀ་མངོན་འབྱུང་ཁ་ཅིག་ལས། །ཁ་སྦྱོར་འབྱེད་པའི་བདག་ཉིད། །ཞེས་འབྱུང་བ་ལྟར་དྷཱུ་ཏཱིའི་ཁ་འབྱར་བ་འབྱེད་པར་བྱེད་པ་ཡིན་ལ། དབུ་མའི་ཁ་ཕྱེ་ན་རོ་རྐྱང་གི་ཁ་ཟུམ་པ་དང་། རོ་རྐྱང་གི་ཁ་ཕྱེ་ན་དབུ་མ་ཁ་ཟུམ་པ་ནི་ངེས་པ་ཡིན་པས་དབུ་མའི་ཁ་འབྱེད་པའི་རྣལ་འབྱོར་གྱིས་རོ་རྐྱང་ལ་རླུང་རྒྱུ་བ་འགོག་པ་ཡིན་ནོ། །ནམ་མཁའ་སྦྱོར་བའི་བདག་ཉིད་དེ། ཞེས་པ་ལྟར་ནས་འང་དྷཱུ་ཏཱིའི་ཁོང་སྟོང་གི་ནམ་མཁའ་འབྱེད་པ་ལ་སྦྱོར་བའི་དོན་ནོ། ཉི་མ་ཟླ་བ་རྣམ་དག་སྟེ། འཆང་དང་ནུབ་པར་བསྟན་པ་ཡིན། །ཞེས་པ་ནི་ཡི་གེ་དང་མཉམ་པར་སྦྱོར་བའི་ཐབས་དེ་ཉི་མ་རོ་མ་ཟླ་བ་རྐྱང་མའི་རླུང་དག་པར་བྱས་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བ་དང་། ཀུན་རྟོག་ཐམས་ཅད་ནུབ་པར་བྱེད་པར་བསྟན་པ་ཡིན་ཞེས་པའོ། །པདྨའི་སྣ་རྩེར་ཡུངས་ཀ་ཙམ། །ཞེས་པའི་པདྨ་ནི་རྩ་འཁོར་ཡིན་ཏེ། །རྡོ་རྗེ་ཕྲེང་བ་ལས། །པདྨའི་མིང་ཅན་འཁོར་ལོ་རྣམས། །ཞེས་གསུངས་པ་ལྟར་རོ། དེའི་


JLD009_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རྩེ་ནི། དེ་ཉིད་ལས། དེའི་ཡང་སྟེ་བ་སྣ་རུ་བཤད། ཅེས་གསུངས་པ་ལྟར་རྩ་འཁོར་གྱི་ལྟེ་བ་ཡིན་པ། དེ་ཡང་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱའི་ནང་ངོ་། ཡུངས་དཀར་ལ་བཤད་པ་མང་དུ་ཡོད་ཀྱང་འདིར་ནི་ཧཱུྃ་ཡིག་དང་རླུང་ལ་བྱའོ། རྒྱུ་དང་མི་རྒྱུའི་རང་བཞིན་ཀུན་ནི་སྣོད་བཅུད་ཀུན་གྱི་རང་བཞིན་ཏེ་རྩ་བ་རླུང་དང་སེམས་མཚན་པའི་ཧཱུྃ་ངོ་། ཡིད་ཀྱི་བཟླས་པར་ཡང་དག་ལྡན། །ཕྱི་ཡི་དབྱངས་ནི་རྣམ་པར་སྤངས། །ཞེས་པ་ནི་ཕྱིའི་ངག་གི་བཟླས་པ་སྤངས་པའི་ཡིད་ཀྱི་བཟླས་པ་རྡོ་རྗེའི་བཟླས་པའོ། དེ་ནི་བསྐྱེད་རིམ་པའི་ཡིད་བཟླས་མིན་གྱི། རྫོགས་རིམ་པའི་རླུང་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱར་བ་ལ་དམིགས་པའི་རྡོར་བཟླས་སོ། ལཱུ་ཨི་པའི་འགྲེལ་པར་ལཱ་བ་པས་ལྟེ་བར་རླུང་རྡོ་རྗེའི་བཟླས་པ་བཤད་པ་བཞིན་འགྲེལ་པ་གཞན་གཉིས་ཀྱིས་ཀྱང་བཤད་པ་ནི་ཀུན་སྤྱོད་ལས་མི་གསལ་ཡང་ཧེ་རུ་ཀ་མདོ་འབྱུང་དང་མཐུན་ཏེ་ངག་བཟླས་ཀྱི་དེས་དོན་བཤད་ན་དེ་ལྟར་འགྱུར་རོ། དེ་ཡི་ཡེ་ཤེས་སངས་རྒྱས་ཏེ། །གཞན་གྱིས་སངས་རྒྱས་མི་འགྱུར་རོ། ཞེས་པ་ནི་དྷཱུ་ཏཱི་ལ་གནད་དུ་བསྣུན་པའི་རྣལ་འབྱོར་གྱེས་དྲངས་པ་དེའི་ཡེ་ཤེས་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་སངས་རྒྱས་སུ་འགྱུར་གྱི་གཞན་ཏེ་དེ་དང་འབྲལ་བས་སངས་རྒྱས་ཐོབ་པར་མི་འགྱུར་བའི་དོན་ནོ། དེ་ལྟར་ན་ལུས་ཀྱི་གནད་ལྟེ་བ་སྤྲུལ་པའི་འཁོར་ལོ་རྗེས་གཞིག་གི་སྡུད་རིམ་གྱིས་བསྡུས་ཏེ་ཧཱུྃ་ཡིག་དང་ནཱ་ད་གཉིས་དྷཱུ་ཏཱི་དང་མཉམ་པར་སྦྱོར་བ་དང་། དེ་ཡང་མི་གམིགས་པར་


JLD009_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དང་། ལྟེ་བར་ཧཱུྃ་ཡིག་གམ་ནཱ་དང་དཀར་དཀར་ལས་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་ཀྱི་རྣལ་འབྱོར་ཀྱི་རླུང་དྷཱུ་ཏཱིར་བཙུད་པ་ལས་ལྷན་སྐྱེས་དང་། སྒྱུ་མའི་སྐུ་བསྐྱེད་དང་ལཱུ་ཨི་པའི་རྫོགས་རིམ་དུ་བཤད་པ་ནི་རྩ་རྒྱུད་དང་རྣལ་འབྱོར་མ་ཀུན་སྤྱོད་དང་། མངོན་བརྗོད་དང་ཧེ་རུ་ཀ་མངོན་འབྱུང་གསུམ་བསྒྲིགས་ཏེ་བཤད་པ་ལས་ཤེས་པར་བྱའོ། གསུམ་པ་བསྟན་པའི་དོན་དེ་ཉམས་སུ་ལེན་པའི་རིམ་པ་ལ་གཉིས། ཉམས་སུ་བླང་བྱའི་གདམས་ངག་གི་རྣམ་གཞག་དང་། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་དངོས་སོ། དང་པོ་ནི། བདེ་མཆོག་ལ་ཡང་སྤོང་བ་ཡན་ལག་དྲུག་དང་། རིམ་པ་ལྔའི་རྣམ་གཞག་གཉིས་གསུངས་ཏེ། མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུད་དང་དེ་བཞིན་དུ། བསམ་གཏན་སྲོག་རྩོལ་འཛིན་པ་དང་། རྗེས་སུ་དྲན་དང་ཏིང་འཛིན་ཏེ། སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ །ཞེས་དང་། རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་བརླབ་འདི་ཕྲ་མོ་དང་། །རྡོ་རྗེ་བཟླས་རང་མཚན་ཉིད་དོ། རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ །ཞེས་སོ། དེ་ལ་རང་གི་སྐུ་སྒྱུ་མ་དང་མཉམ་པར་སྟེ་མཚུངས་པའི་བདག་བྱིན་བརླབས་ཤིང་ཏུ་རྟོགས་དཀའ་བས་ཕྲ་མོར་གྱུར་བ་ནི་རིམ་པ་གསུམ་པ་བདག་བྱིན་བརླབས་ཀྱི་རིམ་པ་སྒྱུ་ལུས་སོ། རྡོ་རྗེ་བཟླས་པའི་རང་གི་མཚན་ཉིད་ནི་རྡོ་རྗེ་བཟླས་པའི་རིམ་པ་སྟེ་རིམ་པ་དང་པོའོ། མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ནི་རིམ་པ་བཞི་པ་སྟེ་མིང་གཞན་འོད་གསལ་གྱི་རིམ་པའོ། སེམས་ཀྱི་གཏེར་ནི་སེམས་དབེན་ནམ་སེམས་དམིགས་ཀྱི་རིམ་པ་སྟེ་རིམ་པ་གཉིས་པའོ། སྔར་བཤད་པ་བཞི་ལས་


JLD009_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ནི་ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔ་པའོ། བདེ་མཆོག་འབྱུང་བ་ལས་ཀྱང་། པདྨ་མགོན་པོ་སོགས་མགོན་པོ་ལྔའི་རླུང་གཤད་པ་ལྟར། །རླུང་གི་དེ་ཉིད་སྔོན་འགྲོ་བས། །སྔགས་ཀྱི་དེ་ཉིད་བསྒུབ་པར་བྱ་སེམས་ཅན་རྣམས་ཀྱི་སྲོག་འགྱུར་ཞིང་། །ལས་ཀུན་བྱེད་པས་རླུང་དུ་བརྗོད། །རྣམ་ཤེས་བཞོན་པ་ཉིད་ཀྱང་སྟེ། །སངས་རྒྱས་གོ་འཕང་དེ་ཉིད་འཐོབ། །རྒྱུད་རྣམས་ཀུན་གྱི་གསང་བ་ཡི། །ཐབས་དང་བྱང་ཆུབ་རྒྱུ་ཡིན་ནོ། །ཞེས་རླུང་དང་སྔགས་ཀྱི་དེ་ཉིད་སྦྱོར་བར་བཤད་ཅིང་། །རྟག་ཏུ་ཐོ་རངས་ལངས་ནས་རླུང་། །སྟོང་ཕྲག་གཅིག་ནི་བགྲང་བྱ་སྟེ། །དེ་ཕྱིར་རླུང་གི་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་གཞག་གནས་པར་བྱ། །ཞེས་རྡོ་རྗེའི་བཟླས་པ་གསུངས་ལ། །ཀུན་རྫོབ་སྐྱེ་བ་འབྱུང་བ་ལས། །དངོས་མེད་ཀྱང་མིན་ཆ་མེད་ཕྱིར། །ལྷན་སྐྱེས་ཆོས་རྣམས་ཐམས་ཅད་ཀྱི། །ལྷན་སྐྱེས་དགའ་བའི་རང་བཞིན་དང་། །རང་བྱིན་བརླབས་དང་རང་འབྱུང་སྟེ། །ཞེས་དང་། །བདེ་ཆེན་མངོན་པར་རྫོགས་བྱང་ཆུབ། །དེ་བཞིན་ཕྱག་རྒྱ་ཆེན་པོ་མཆོག །ཅེས་སྡོམ་འབྱུང་ལས་སྔར་དྲངས་པའི་ཟུང་འཇུག་བཤད་པའི་འཕྲེལ་གསུངས་ཏེ། །ཀུན་རྫོབ་པའི་སྐྱེ་བ་ནི་སྒྱུ་ལུས་བདག་བྱིན་བརླབས་དང་། །མངོན་པར་བྱང་ཆུབ་པ་འོད་གསལ་བ་ནི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་གསུངས་པས་དེ་དག་གི་ཤུགས་ཀྱིས་སེམས་དབེན་ཡང་རྟོགས་པར་འགྱུར་རོ། སྦྱོར་བ་ཡང་ལག་གཟུག་ནི་མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུ་དང་ཁཱ་གདོང་མ། །ལུག་གདོང་མ་ནི་བསམ་གཏན་འདོད། །སྲོག་རྩོལ་


JLD009_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་གནས་པ་ཁྱི། འཛིན་པ་ལ་ནི་ཕག་མོའོ། །རྗེས་དྲན་གནས་པ་ཕོ་ཉ་མོ། །ཏིང་ངེ་འཛིན་ནི་བསྟན་མར་འདོད། །མཆེ་བ་མ་ནི་རྒྱས་བརྟན་ཐོབ། །འཇོམས་མ་འབྲས་བུ་ཀུན་བདག་སྐྱེས། །འཁོར་བ་ལས་ནི་གྲོལ་གྱུར་པ། །ཞེས་ཕག་གདོང་མ་གཏོགས་པའི་སྒོམ་གསུམ་ཕག་མོ་དང་བཞི། །གཤིང་རྗེ་ཕོ་ཉ་མོ་དང་བརྟན་མ་སྟེ་མཚམས་མ་གཉིས་དང་དྲུག་སྦྱོར་བ་ཡན་ལག་དྲུག་ཏུ་རིམ་པ་བཞིན་གཤད་པ། འགྲེལ་བ་ལས་དེ་རྣམས་རྟོགས་སླ་བ་དང་བླ་མའི་ཞལ་ལས་ཤེས་པར་བྱ་བར་བཤད་དེ། ཡན་ལག་དྲུག་བདེ་མཆོག་བསྟོད་འགྲེལ་ལས་གསུངས་པ་བཞིན་དུ་མི་གསལ་ལོ། ལཱུ་ཨི་བའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས། ཤིན་ཏུ་རྣལ་འབྱོར་གྱི་བར་གྱིས་བསྐྱེད་རིམ་དང་། རྣལ་འབྱོར་ཆེན་པོའི་རྫོགས་རིམ་གྱི་རིམ་པ་གཉིས་ནི། རིགས་པས་གྲུབ་པའི་ཡན་ལག་དྲུག་པའི་གོ་རིམ་ཁོ་ནས་བསྒོམ་པར་བྱའི་གཞན་དུ་ན་དངོས་གྲུབ་མི་འགྲུབ་སྟེ། འདུས་པ་ཕྱི་མ་ལས། བསྙེན་པ་ཡན་ལག་དྲུག་སྦྱོར་བས། སྒྲུབ་པའི་མཆོག་ནི་བྱས་ནས་སུ། བསྒྲུབ་པར་བྱ་ཡི་གཞན་དུན། གྲུབ་པ་མཆོག་ནི་མི་འཐོབ་པོ། །ཞེས་དྲངས་ནས་མཆོག་འགྲུབ་པ་ལ་སྦྱོར་བ་ཡན་ལག་དྲུག་གི་རིམ་པ་སྒྲུབ་དགོས་ཞེས་བསྒྲུབས་ནས་ལཱུ་ཨི་པའི་ལུགས་འདི་ལ་ཡང་ཡན་ལག་དྲུག་སྦྱོར་བར་བྱེད་དོ། སྦྱོར་ཚུལ་ནི། མིག་ལ་སོགས་པའི་ཤེས་པ་ལྔ་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་འཇུག་པ་སོ་སོར་སྡུད་པ་སྟེ་འགུགས་པར་བྱེད་པ་ནི་སོར་སྡུད་དང་། དེ་ལྟར་བསྡུས་ནས་ནང་གི་ཕུང་ཁམས་


JLD009_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་རྣམས་བདེ་མཆོག་ལ་སོགས་པའི་ལྷར་སྦྱོར་བ་ནི་བསམ་གཏན་ཡིན་ལ། རྟེན་དང་བརྟེན་པའི་དཀྱིལ་འཀོར་བའི་ངོ་བོ་ཙམ་དུ་རྟོག་པ་ནི་རྟོག་པ་དང་། དམིགས་པ་དེ་ལ་བརྟེན་པའི་སེམས་ཀྱིས་ངེས་པ་ནི་དཔྱོད་པ་དང་། དེ་ལྟར་ལྷ་ལ་དམགིས་པས་ཡིད་བདེ་བ་ནི་དགའ་བ་དང་། དགའ་བས་བསྒོམས་པའི་ལྷ་ལས་སེམས་པ་དང་བཅས་པའི་སེམས་ནི་བདེ་བ་དང་། བདེ་བ་དང་ལྡན་པའི་སེམས་ཏིང་ངེ་འཛིན་དུ་འགྱུར་བས་རྣམ་པ་སྣ་ཚོགས་པའི་ཐ་མལ་གྱི་ཀུན་རྫོབ་གྱི་ཡུལ་ཅན་རྟོག་པ་ལོག་པས་ལྷ་ཁོ་ན་ལ་དམིགས་པའི་སེམས་ནི་སེམས་རྩེ་གཅིག་པ་བསམ་གཏན་ཀྱི་ཡན་ལག་ལྔའོ། སྲོག་རྩོལ་ལ་སོགས་པའི་ཡན་ལག་ཕྱི་མ་བཞི་རྫོགས་རིམ་དུ་བཤད་ཅིང་། འདི་ཁོ་ན་རྒྱུད་དང་བརྒྱུད་པའི་རིམ་པ་ལས་འབྱུང་བའི་བཤད་པའོ། ཞེས་བཤད་པ་དེ་ཧེ་རུ་ཀ་ནས་དཔེ་མེད་མཚོ་ལས་བརྒྱུད་པའི་རིམ་པ་ལས་ཀྱང་བྱུང་ཞིང་རྒྱུད་ལས་ཀྱང་བཤད་ཅེས་འཆད་དོ། དེ་ནི་འཇམ་དཔལ་གྱི་ཞལ་གྱི་ལུང་དང་མཐུན་ཞིང་། རྒྱུད་ཀྱི་རྡོ་རྗེ་ཚིག་རེ་རེ་ཡང་དོན་མི་འདྲ་བ་དུ་མ་ལ་ཚད་ལྡན་གྱིས་བཤད་པ་ཡོད་པས་བཤད་པ་ཕྱོགས་གཅིག་པ་རེ་རེ་ལ་ཞེན་ནས་གཞན་སྤང་བར་མི་བྱའོ། སྲོག་རྩོལ་ལ་སོགས་པ་ནི་འཆད་པར་འགྱུར་རོ། མངོན་བརྗོད་ཀྱི་འགྲེལ་པ་ལས་ཀྱང་། །རྫོགས་པའི་རིམ་པ་ནི་རྒྱུད་འཛིན་པ་རྩ་བསྒོམ་པ་དང་རླུང་བསྒོམ་པ་དང་ཐིག་ལེ་བསྒོམ་པ་དང་དྲོད་བསྒོམ་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་མཚན་བཅས་བསྒོམ་པ་ལྔ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་དོན་དམ་


JLD009_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་བསྒོམ་པ་ནི་སྒྱུ་མ་ལྟ་བུ་དང་འོད་གསལ་སྟོང་པ་ཉིད་བསྒོམ་པ་དང་ཟུང་འཇུག་བསྒོམ་པ་དང་གསུམ་སྟེ། སྲོག་ཨ་ཝ་དྷཱུ་ཏཱིར་འཇུག་པའི་ཐབས་བསམ་གཏན་བསྒོམ་པ་ནི་ལྔ་ཡིན། ཡེ་ཤེས་ཀྱི་ཚོགས་དོན་དམ་པའི་བདེན་པ་བསྒོམ་པ་ནི་གསུམ་ཡིན། ཞེས་པ་དེ་མཆོག་གི་རྫོགས་རིམ་ལ་འདུས་པའི་རྫོགས་རིམ་གྱི་ཐ་སྙད་བྱས་པ་མང་དུ་བཤད་ཅིང་། རྫོགས་རིམ་ལ་རླུང་དྷཱུ་ཏཱིར་ཚུད་པའི་ཐབས་གཅིག་དང་ཚུད་པ་ལ་བརྟེན་ནས་བསྒོམ་པའི་སྐབས་གཉིས་སོ་སོར་བྱས་ཏེ། བདེ་མཆོག་ཏུ་མ་ཟད་བླ་མེད་ཀྱི་རྫོགས་རིམ་གཞན་བསྒོམ་པ་ལ་ཡང་དེ་གཉིས་ཤེས་དགོས་སོ། དེ་ལ་ཁྱད་པར་གསལ་བྱེད་ལས་སྦྱོར་དྲུག་གི་ཡན་ལག་ཕྱི་མ་བཞི་བཤད་པ་ནི། ལཱུ་ཨི་པའི་ལུགས་འདི་ལ་ཡང་ཤིང་ཏུ་འབྱོར་ལ་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་ཡང་འདི་ལ་སྦྱོར་བར་ཤིན་ཏུ་རུང་སྟེ་འཆད་པར་འགྱུར་རོ། །ཁྱད་པར་གསལ་བྱེད་ལས་ནག་པོ་སྤྱོད་པའི་གཞུང་ལྟར་རིམ་པ་བཞིའི་གདམས་ངག་བཤད་པ་ནི། དེར་རྫོགས་རིམ་གྱི་རྣམ་གྲངས་བཀོད་པ་ཙམ་ཡིན་གྱི་ལུགས་འདིའི་རྫོགས་རིམ་ལ་དེ་ལྟར་སྦྱོར་བ་མིན་ནོ། དེ་ལྟར་ན་བདེ་མཆོག་གི་རྫོགས་རིམ་ལ་ལུགས་མི་འདྲ་བ་ཆེ་བ་ནི་བདེ་མཆོག་བསྟོད་འགྲེལ་ནས་དུས་འཁོར་ལྟར་དུ་བཤད་པའི་སྦྱོར་བ་ཡན་ལག་དྲུག་དང་། དཔེ་མེད་མཚོ་ནས་བརྒྱུད་པའི་སྦྱོར་དྲུག་ལུགས་གཉིས་ཀྱི་གཅིག་དང་། འདུས་པ་ནས་འབྱུང་བ་ལྟར་གྱི་རིམ་ལྔའི་ཐ་སྙད་མཛད་པ་གཅིག་དང་། དྲིལ་བུ་བའི་རིམ་ལྔ་དང་། རིམ་པ་བཞི་པ་དང་། རྣལ་འབྱོར་ཆེན་པོའི་རྫོགས་རིམ་


JLD009_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེ་དྲུག་ཡོད་ལ། བདེ་མཆོག་གི་ཡུལ་སྐོར་དང་ཡབ་སྐོར་ནས་ཀྱང་རྫོགས་རིམ་ཆུང་བ་འགའ་རེ་ཡོད་དོ། གཉིས་པ་ནི། རྫོགས་རིམ་ཉམས་སུ་ལེན་པའི་དུས་ནི་སྔར་བསྐྱེད་རིམ་གྱི་སྐབས་སུ་བཤད་པ་ལྟར་དག་པ་དྲན་པའི་འོག་བཟླས་པའི་གོང་དུ་ཐུན་ཇི་ལྟར་འཚམ་པ་རེ་བསྒོམ་ཞིང་། གཙོ་ཆེར་བསྐྱེད་རིམ་ལ་བསླབས་པས་བསྐྱེད་རིམ་ལ་སེམས་བརྟན་བ་ནས་གཙོ་ཆེར་རྫོགས་རིམ་བསྒོམ་པར་བྱ་སྟེ། དྲིལ་བུ་པ་དང་ལྭ་བ་པས་དེ་ལྟར་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་བསྒོམ་པས་སེམས་བརྟན་པར་གྱུར་པ་དང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། ཞེས་གསུངས་སོ། བསྒོམ་པའི་རིམ་པ་ནི། བསྐྱེད་རིམ་ལ་སེམས་བརྟན་པོ་རྙེད་ན་མཚམས་འདི་ནས་བསྐྱེད་རིམ་ཞར་བྱུང་དུ་དང་གཙོ་བོར་རྫོགས་རིམ་སྒོམ། དེ་ལྟ་མིན་པའི་བསྐྱེད་རིམ་ལ་མང་དུ་སློབ་པ་སྔར་སོང་བ་ཡིན་ན། ཐུན་དང་པོ་ལ་བསྐྱེད་རིམ་རྒྱས་པ་ལན་གཅིག་དང་། ཐུན་གཞན་གསུམ་གྱི་དུས་སུ་བསྡུས་ནས་བསྒོམ་པའི་ཚུལ་གཉིས་བྱས་ཏེ་ལྷའི་རྣལ་འབྱོར་ཐུན་འཚམ་པ་རེ་བསྒོམ་པ་སྔོན་དུ་བཏང་ནས་ཐུན་གྱི་མཐར་ལྷ་བསྡུས་པའི་འག་ཏུ་ཧེ་རུ་ཀ་ཡབ་ཡུམ་དུ་ལངས་པའི་ལྷའི་རྣལ་འབྱོར་གསལ་གདབ་པར་བྱས་ལ་བསྒོམ་མོ། དེ་ནས་སྔར་དྲངས་པའི་སྒྲུབ་ཐབས་ཀྱི་གཞུང་ལྟར་བསྒོམ་པ་ལ། ཨཱ་ལི་ཀཱ་ལི་མདུན་བསམས་ནས། ཞེས་སོགས་འདི་སྒྲུབ་ཐབས་གཙུག་ནོར་དང་། ཡི་གེ་བདུན་པ་དང་། བདུད་རྩི་


JLD009_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

འཛག་པའི་སྒྲུབ་ཐབས་སུ་རྫོགས་རིམ་བསྒོམ་པའི་སྐབས་སུ་དྲངས་མོད་ཀྱང་བཤད་པ་མ་མཛད། ཀུན་སྤྱོད་འགྲེལ་པར་ཡང་སྒྲུབ་ཐབས་ཀྱི་འགྲེལ་པར་ཁ་འཕངས་པ་མིན་པ་མ་བཤད་དོ། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པར་ལྭ་བ་པས་བཀྲལ་བའི་རྗེས་སུ་འབྲངས་ནས་ཤེས་རབ་བསྲུང་བ་དང་དེ་བཞིན་གཤེགས་པའི་རྡོ་རྗེའི་འགྲེལ་པར་ཡང་དེ་བཞིན་དུ་བཤད། །ཡང་སྒྲུབ་ཐབས་ཀྱི་འགྲེལ་བ་གཞན་གསུམ་ནས་གཞུང་གི་ཚིག་དོན་སྔ་མ་གསུམ་དང་མི་མཐུན་པར་བཤད་པ་ཡོད་ཀྱང་། འདིར་འགྲེལ་བ་སྔ་མ་གསུམ་གྱི་རྗེས་སུ་འབྲང་། ཕམ་འཐིང་པ་ནས་བརྒྱུད་པ་ལ་ཡང་འགྲེལ་པ་སྔ་མ་གསུམ་དང་མཐུན་མི་མཐུན་གཉིས་འདུག་པ་ལས་འདིར་སྔ་མའི་ལུགས་ལྟར་རོ། དེ་ལ་རྣལ་འབྱོར་ཆེན་པོས་ངལ་བསོ་བར་བྱའོ་ཞེས་སྔོན་དུ་བླང་ངོ་། རྣལ་འབྱོར་ནི་སྔར་བཤད་པའི་རྫོགས་རིམ་པའི་ཐབས་ཤེས་དབྱེར་མེད་དུ་སྦྱོར་བའོ། ཆེན་པོ་ནི་འདིའི་བསྐྱེད་རིམ་ལ་རྣལ་འབྱོར་གསུམ་བཤད་པ་ལ་ལྟོས་ཏེ་བཏགས་པ་ཙམ་མིན་གྱི། བསྐྱེད་རིམ་གྱི་རྣལ་འབྱོར་རྣམས་ལས་མཆོག་ཏུ་གྱུར་པའི་དོན་ཏེ། སྒྲོན་གསལ་དུ་དྲངས་པ་ལས། །ཆེན་པོ་མཆོག་དང་ཚད་མེད་དང་། །མཁས་བརྩོན་སྤྲོ་བའི་ལས་བདག་ཉིད། །ཤིན་ཏུ་རྨད་དུ་བྱང་བྱེད་པ་པོ། །ཆེན་པོ་ཞེས་ནི་བཤད་པ་ཡིན། །ཞེས་ཆེན་པོའི་སྒྲ་དོན་བདུན་ལ་འཇུག་པར་བཤད་པའི་དང་པོ་ལྟར་རོ། །རྣལ་འབྱོར་ཆེན་པོ་དེས་ངལ་བསོ་ལུགས་ནི། །བྲམ་ཟེ་ཆེན་པོས། །འདི་ནི་ཡིད་འདུས་པ་ལ་རླུང་གིས་རླབས། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་བསྲུན་འགྱུར། །ཞེས་གསུངས་པ་ལྟར་


JLD009_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་འཕྱར་ཞིང་གཡོ་བའི་རླུང་གི་བཞོན་པས་ཉིན་མཚན་ཀུན་ཏུ་སེམས་འཁོར་ལོ་བཞིན་དུ་བསྐོར་བས་ཤིན་ཏུ་ངལ་བར་གྱུར་པ་དེ་འཆད་པ་ལྟར་ཀྱི་ལུས་ལ་གནད་དུ་བསྣུན་པའི་གདམས་པ་བསྒོམས་པས་མི་བསྲུན་པའི་རླུང་ཐིམ་པ་དང་དེའི་ཚེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་སེམས་ངལ་བསོས་པའི་ཚིམ་པ་སྐྱེ་བ་སྟེ། དེ་ཁོ་ན་ཉིད་གྲུབ་པ་ལས། ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྐྱེས་ཏེ། ཞེས་གསུངས་པ་ལྟར་རོ། དེ་ཉིད་ལམ་བཅོས་པ་དང་རྣལ་མའི་སེམས་ཞེས་ཀྱང་གསུངས་པས་བཅོས་མ་བཅོས་ཀྱི་མཚམས་ཀྱང་ལེགས་པར་ཤེས་པར་བྱའོ། མདུན་ཞེས་པ་སྔོན་དུ་ཡང་བསྒྱུར་བས་དང་པོའི་དོན་ཏེ། དང་པོར་ཟླ་བ་གནས་པར་བསྒོམ་ཞེས་པའོ། གང་དུ་ན་རང་དམ་ཚིག་སེམས་དཔའི་ལྟེ་བའི་རྩ་བ་སྟེ་ནང་གི་དབུས་སུའོ། ཟླ་བ་བསྒོམ་ཚུལ་ནི། ཨཱ་ལི་ཀ་ལིའི་ཕྲེང་བ་འོད་ཟེར་ལྔ་ལྡན་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོ་བ་ཅན་ངག་ཏུ་བརྗོད་པས་སྣ་བུག་གཡས་པའི་རླུང་དང་འགྲོགས་ནས་ཕྱིར་འཕྲོས་པས་འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷའི་བདག་ཉིད་དུ་བྱས་ཏེ། ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རོ་མཉམ་པར་གྱུར་ཏེ། སྣ་བུག་གཡོན་པ་ནས་ཞུགས་ནས་ལྟེ་བར་གནས་པར་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་


JLD009_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལ་དམར་པའི་མདངས་ཅན་དབྱངས་གསལ་ལ་གཟུགས་བརྙན་བཞིན་དུ་ཤར་བ་བསམ་མོ། ཟླ་བ་དེ་ཡི་དབུས་སུ་ཧཱུྃ་གི་ཡི་གེ་མཆོད་རྡོ་རྗེ་འཆང་གི་གནས་དེ་ས་བོན་དུ་གྱུར་པ་དཀར་ལ་དམར་བའི་མདངས་ཅན་གནས་པར་བསམས་ལ་ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ། རྡོ་རྗེ་གསུམ་མི་ཕྱེད་པའི་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་གཡས་བརྐྱང་གིས་བཞུགས་པ། ནམ་མཁའི་འཇའ་ཚོན་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་ལ་ཁྱུད་པའི་ལྷ་ཡི་གཟུགས་ནི་བསྒོམ་པར་བྱ་ཞིང་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པ་དང་སྙོམས་པར་འཇུག་པར་བསམ་མོ། གོང་བུ་ལས་འདས་གྱུར་པ་དེ། ཞེས་པ་ནི། དེ་ནི་གཟུགས་ལས་འདས་པ་སྟེ། ཞེས་བསྒྱུར་བ་ལེགས་སོ། བཅོམ་ལྡན་འདས་དེ་ནི་རིམ་གྱིས་ཞུ་ཞིང་ཐིམ་པ་ལས་ནཱ་དའི་གཟུགས་ཉིད་དུ་བསྒོམ་པར་བྱའོ། དེ་ཡང་སྔོན་དུ་སྣོད་བཅུད་ནས་རིམ་གྱིས་སྡུད་པ་ཡིན་ལ། སྡུད་ཚུལ་ལ། ལྭ་བ་པས་སྒྱུ་མའི་དགའ་བའི་སྒྲས་ཡང་དག་པར་བཀུག་པའི་ཁམས་གསུམ་པའི་བདག་ཉིད་ཀྱི་འཁོར་ལོ་ནི་བདག་ཉིད་ལ་རིམ་པས་ཐིབ་པར་བསྒོམ་མོ། ཞེས་གསུངས་པའི་སྒྱུ་མའི་སྐད་དོད་རོལ་པ་ལ་ཡང་འཇུག་པས་ཡབ་ཀྱིས་ཡུམ་ལ་རོལ་པའོ། དེས་ན་འགྲེལ་པ་གཞན་གཉིས་སུ་སྒྱུ་མ་ལྟ་བུ་ཞེས་བསྒྱུར་བ་མི་ལེགས། དགའ་བའི་སྒྲ་ནི་གསང་གནས་གཉིས་སྲུབ་པའི་སྒྲའོ། དེས་བཀུག་ཅེས་པ་ཙམ་ལས་འགུགས་ཚུལ་གཞན་


JLD009_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་གཉིས་ཀར་མི་གསལ་ལ། མར་དོས་འཁྱུད་པ་དང་འོ་བྱ་བ་ལ་སོགས་པའི་རྩེད་འཇོས་གནས་པས། ཕྱི་རོལ་གྱི་ཕྱག་རྒྱ་དང་སྦྱར་བ་ལྟ་བུར་རྡོ་རྗེ་ནོར་བུར་བདེ་བ་མྱོངས་བའི་ཚེ། དཀྱིལ་འཁོར་བ་ཐམས་ཅད་བདེ་བའི་ངོ་བོར་གནས་པར་བསམ། དེ་ནས་དེ་ཉིད་ལས་བདེ་བའི་རང་བཞིན་གྱི། འོད་ཟེར་དམར་པོ་འཕྲོས་པས་དཀྱིལ་འཁོར་པ་ཐམས་ཅད་ལ་ཁྱབ་པས་བདེ་བའི་རང་བཞིན་དུ་གྱུར་པར་བསམ་ཞིང་། བསྡུ་བྱེ་རྣམས་འོད་ཀྱི་རྣམ་པར་གྱུར་པར་བསམས་ནས་སྡུད་པར་བཞེད་དེ་མན་ངག་དེ་སྦྱར་བས་ཆོག་གོ །ཇོ་བོའི་འགྲེལ་པར་ཡང་། ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ལྔ་འཕྲོས་པས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་འོད་ཟེར་ལྔར་བཞུས་ཏེ་སྡུད་པར་གསུངས་སོ། དེ་ཡང་བཀུག་པའི་སྣོད་བཅུད་རྣམས་དུར་ཁྲོད་ལ་ཐིམ། དེ་ནི་རྟེན་གྱི་འཁོར་ལོ་ལ། །རྟེན་གྱི་འཁོར་ལོ་སྒོ་མཚམས་མ་བརྒྱད་དང་བཅས་པ་སྐུ་འཁོར་ལ། དེ་གསུང་འཁོག་ལ། དེ་ཐུགས་འཁོར་ལ། དེའི་ཤར་ནས་གཡོན་སྐོག་གྱི་ཕྱོགས་ན་གནས་པ་བཞི་ནི། རིམ་པ་བཞིན་མཁའ་འགྲོ་མ་ནས་བཟུང་སྟེ་གཡོན་སྐོར་ཀྱིས་ལྷ་མོ་བཞི་ལ་ཐིམ། དེ་ནས་མེ་ནས་བརྩེགས་ཏེ་མཚམས་ན་གནས་པ་བཞི་ནི། གཟུགས་ཅན་མ་ནས་བཟུང་སྟེ་གཡས་སྐོར་ཀྱིས་ལྷ་མོ་བཞི་ལ་ཐིམ། ཐོད་པ་བཞི་ཡང་གཟུགས་ཅན་མ་སོགས་བཞི་ལ་བསྡུ། ལྷ་མོ་བཞི་ཡང་རང་ངོས་ཀྱི་གཙོ་བོའི་ཞལ་བཞི་ལ་རིམ་པ་བཞིན་བསྡུ། དམ་ཚིག་སེམས་དཔའ་ཡབ་


JLD009_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྐྱང་པ་བསྒོམས་པ་ཡིན་ན། སྣོད་བཅུད་རྣམས་དང་ཚིག་པ་ཡབ་ཡུམ་ལ་བསྡུ། དམ་ཚིགས་པ་ཡབ་ཡུམ་ནི་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིབ། དེ་གཉིས་ཀྱང་སྙོམས་པར་ཞུགས་པས་ཞུ་སྟེ། ཞུ་བ་དེ་ཡོངས་སུ་གྱུར་པ་ལས། སིནྡྷ་རས་བྱུགས་པའི་མུ་ཏིག་ལྟ་བའུའི་ཧཱུྃ་ཡིག་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེའི་ཨཱུ་ནས་ནཱ་དའི་བར་དུ་སྔ་མ་ཕྱི་མ་ལ་རིམ་གྱིས་བསྡུས་ནས། ན་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་དུ་བྱས་པ་ལ་སེམས་གཟུང་ངོ་། རབ་ཀྱིས་ནི་དེ་ཡང་མི་དམིགས་པར་བྱ་བར་འགྲིལ་པ་གསུམ་ག་ལས་བཤད་དོ། སྔ་མ་རྣམས་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་བསྡུས་པ་ཡིན་ལ། དམ་ཚིག་སེམས་དཔའི་གཟུགས་འདས་དང་ཡེ་ཤེས་སེམས་དཔའི་ཞུ་བ་ཡན་ལ་ཡེ་ཤེས་སེམས་དཔའི་གཟུགས་འདས་དང་ཐིག་ལེ་ནཱ་ད་ལ་ཞུགས་པའི་བར་ལ་ཏིང་ངེ་འཛིན་སེམས་དཔའི་གཟུགས་འདས་ཞེས་ཟེར་རོ། འདི་ལ་ཧཱུྃ་ཡིག་བསྒོམ་པ་ན་ལྟེ་བའི་རྒྱབ་གཞུང་ལ་ཉེ་བའི་ནང་ངོས་སྒྲུལ་པའི་འཁོར་ལོའི་དབུས་དྲང་པོའི་དྷཱུ་ཏཱིའི་ནང་དུ་ཧཱུྃ་ཡིག་གསལ་གདབ་ལ། དེའི་ཐིག་ལེའི་ནང་དུ་སེམས་ཞུགས་པ་ལྟ་བུར་བྱས་ལ། སེམས་བྱིང་རྒོད་དང་དྲ་བར་གཟུང་། དེ་ལ་སེམས་བརྟན་ན། ནཱ་ད་དེ་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆ་ཙམ་ཞེས་པ་ནི་ཤིན་ཏུ་ཕྲ་བའི་བྱེད་པའི་དཔེ་ཙམ་སྟེ། སེམས་ཀྱིས་གསལ་གང་གཏབ་འཆག་བ་དང་། དེ་ལ་ཅི་ཙམ་ཀྱི་བར་དུ་བཞག་པས་ཆོག་པ་ན། དམིགས་པ་ཤིན་ཏུ་ཆེས་ཕྲ་བ་ལ་ཡང་སེམས་འཛིན་


JLD009_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ལ། དེ་ལྟར་བྱེད་པ་ཡང་སྲོག་དྷཱུ་ཏཱིར་འཛུད་པ་དང་། ཐུགས་ནས་གནས་པ་དང་། དེར་ཐེམ་པ་བྱེད་པ་ལ་བསྔགས་པ་ཡིན་ནོ། མངོན་བརྗོད་སྔར་དྲངས་པ་ལས། ཐམས་ཅད་མཁྱེན་པས་འདི་བཤད་པའམ། ཡང་ན་མི་ཤིགས་ཀུན་མཁྱེན་པ། སྐྲ་མི་ཉག་མ་བརྒྱ་ཡི་ཆེ། མཆོག་གི་གཟུགས་ཅན་བསྒོམ་པ་སྟེ། ཞེས་གསུངས་པའི་རྐངས་པ་གཉིས་པ་ནི་མངོན་བརྗོད་གཞན་མང་པོ་ལས། མི་འགྱུར་པ་ཡི་ལམ་བཤད་པ། ཞེས་འབྱུང་བ་ལྟར་ལེགས་ལ། དོན་ནི་ཐམས་ཅད་མཁྱེན་པས་གསང་མཆོག་གིས་དགྱེས་པ་སོགས་ཀྱི་དོན་ལྷན་སྐྱེས་ལ་སྔར་བཤད་པ་ལྟར་རམ། ཡང་ན་དེ་དག་གི་དོན་ལྷན་སྐྱེས་བསྐྱེད་པའི་ལམ་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་མི་འགྱུར་བ་སྟེ་མེ་ཤིསས་པའི་ཐིག་ལེ་ཧཱུྃ་ཡིག་སོགས་བསྒོམ་པར་བཤད་པ་བསྒོམ་པ་ན། ནཱ་ད་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚའི་གཟུགས་བསྒོམ་པའི་དོན་ནོ། དེ་ལམ་ཆོག་ཏུ་གྱུར་པའི་གཟུགས་ཞེས་པ་ནི། གཟུགས་དེ་བསྒོམས་པས་སྲོག་དྡྷཱི་ཏཱིར་ཞུགས་པ་ལམ་ལྷན་སྐྱེས་བསྐྱེད་པའི་དོན་ཏེ། རབ་ཀྱིས་ནི་ནཱ་ད་ལ་དམིགས་པ་ཡང་འདོར་ཞེས་པའི་རབ་ནི་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་བརྟན་ནས་དེ་དམིགས་རྟེན་དུ་མ་བཞག་ཀྱང་དེར་དམིགས་རྟེན་གཞན་མེད་པར་སེམས་གཟུང་བས་སྲོག་དྷཱུ་ཏཱིར་སྲུང་ནུས་པའོ། དེས་ན་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་བརྟན་པ་ན་དེ་ལ་དམིགས་པ་ཡང་དོར་ནས་སེམས་འཛིན་པའི་ཚེ་ཡིད་ངོར་རྩལ་སོགས་པའི་གཟུགས་སྣང་ཀུན་སྤྱད་ནུས་པ་ཡིན་ན་


JLD009_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་དམིགས་པ་གཏོད་པའི་ཐད་སོ་དེ་ལྟེ་བའི་རྩ་འཁོར་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ཐད་སོང་དེར་མོས་ནས་ངེས་པར་བྱ་དགོས་སོ། དེ་ལྟར་རྫོགས་རིམ་གྱི་སྐབས་སུ་ལུས་ཀྱི་གནད་རྣམས་སུ་ཧཱུྃ་ཡིག་ལ་སོགས་པ་བསྒོམ་པ་ནི་ལྷན་སྐྱེས་འདྲེན་པའི་ཆེད་དང་དེ་འདྲེན་པ་ལ་སོགས་དྷཱུ་ཏཱིར་བཞུགས་དགོས་བས་དེའི་ཕྱིར་དུ་དེ་རྣམས་བསྒོམ་པ་ཡིན་པ་དང་། དེ་ཡང་དྷཱུ་ཏཱིའི་ནང་དུ་སེམས་འཛིན་དགོས་པའི་གནད་ཤེས་པ་ལ་རག་ལས་པས། དེ་མེད་ན་ཧཱུྃ་ཡིག་སོགས་བསྒོམས་པས་སེམས་པ་དེ་གསལ་མི་རྟོག་བཅི་འདྲ་ཞིག་རྙེད་ཀྱང་། སྲོག་དྷཱུ་ཏཱིར་ཚུད་ནས་ལྷན་སྐྱེས་འདྲེན་པ་མི་སྲིད་པས་གོང་གི་གནད་རྣམས་ཤེས་དགོས་ནའང་ཇི་བཞིན་དུ་གསལ་བར་ཐོན་པའི་བཤད་པ་བྲིས་པ་མི་སྣང་བས་ཤིན་ཏུ་རྟོགས་དགའ་ཞིང་འདི་དང་འདི་འདྲའི་རིགས་གཞན་རྣམས་ལ་ཡང་གལ་ཤིན་ཏུ་ཆེའོ། འདི་ཁྱད་པར་གསལ་བྱེད་ལས། ཡང་ན་ལྟེ་བའི་པདྨ་ལ་གནས་པའི་ཉི་མ་དང་ཟླ་བ་སྦྱོར་བའི་ནང་ན་ཡོད་པའི་ས་བོན་ཧཱུྃ་ལས་བྱུང་བའི་པདྨའི་རྩ་བ་ལྟར་འོད་ཟེར་ཀྱི་རི་མོ་སེམས་བརྟན་པར་བྱེད་པའི་སྒོ་ནས་རྩ་གཉིས་ལ་སྲོག་གི་རླུང་རྒྱུ་བ་སྤངས་ནས་དབུ་མ་རབ་ཏུ་འཇུག་པས་གཏུམ་མོ་སྤར་བ་ལས་སྤྱི་བོའི་ཟླ་བ་ཞུ་ནས་འཁོར་ལོ་ཁྱབ་པའི་རིམ་བས་དགའ་བ་ལ་སོགས་པའི་དབྱེ་བའི་ཁྱད་པྲ་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་བྱུང་ནས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་དུས་གཅིག་ཏུ་དཀྱིལ་འཁོར་མི་དམིགས་པར་བསམ། རིམ་པས་སྟོང་པ་ཉིད་དུ་བསྡུ་བར་བྱའོ། རིམ་པ་ཡང་སྔར་གྱི་ཁོ་ནའོ། ཞེས་བཤད་


JLD009_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཅོང་། ཡང་ན་ཞེས་པ་ནི་ཡེ་ཤེས་སེམས་དཔའི་བསྒོམས་ནས་སྡུད་རིམ་བྱེད་པ་སོགས་བཞང་ནས་དང་པོ་ནས་ཧཱུྃ་ཡིག་ཉིད་ལ་སེམས་འཛིན་པའོ། རླུང་དྷཱུ་ཏཱིར་ཞུགས་པ་ལས་ལྷན་སྐྱེས་ཤར་བའི་ཆེ་ནི་དམིགས་པས་མ་བསྡུས་ཀྱང་རླུང་ཐིམ་པའི་གནད་ཀྱིས་དུས་གཅིག་ཏུ་དཀྱིལ་འཁོར་མི་དམིགས་པར་འགྱུར་རོ། ལྟེ་བའི་པདྨ་ལ་ཞེས་སོགས་ནི། ལྟེ་བའི་ཀུ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཉི་ཟླ་ཁ་སྦྱོར་གྱི་ཐིག་ལེའི་ནང་དུ་ཧཱུྃ་ཡིག་བསྒོམ་པ་ཡིན་ལ། པདྨའི་རྩེ་བ་ལྟ་བུའི་འོད་ཟེར་གྱི་རིམ་མོ་ནི་ཅུང་ཟད་རིང་བའི་སྲད་བུ་ལྟ་བུའི་འོད་ཟེར་ཏེ། དེ་ལ་སེམས་གཟུང་ནས་བརྟན་པར་བྱེད་པ་ལོ། ཡང་འགྲེལ་བ་དེར་གསུང་བ་ལས་གྲུབ་པའི་མན་ངག་ནི་འདི་ཡིན་ཏེ། ཞེས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཟླ་བ་ལ་གནས་པའི་ཤིན་ཏུ་པྲ་བའི་དབྱངས་གསལ་ལ་མཉམ་པར་སྦྱོང་བའི་དབུས་སུ་ཧཱུྃ་ཡིག་བསམས་ནས་ངེ་ནས་ཡི་གེ་དང་བཅས་པ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ངོང་དུ་བཞུགས་ནས་དབྱངས་གསལ་སྦྱོར་བ་ལ་གཞུག །ཡང་འོད་ཟེར་འཕྲོས་པས་གཙོ་བོ་ཡབ་ཡུམ་འོད་དུ་བཞུགས་ནས་སྔ་མོ་བཞིན་བཞུགས། །ཡང་འོད་ཟེར་འཕྲོག་པས་ཟླ་བ་དབྱངས་གསལ་ཧཱུྃ་དང་བཅས་པ་འོད་དུ་བཞུས་ནས་འོད་གསལ་དུ་འཇུག་པར་བཤད་དེ། དང་པོར་ཧཱུྃ་ཡིག་ལ་སེམས་བརྟན་དུ་བཅུག་ནས། དེ་ནས་སྡུད་རིམ་དེ་ལྟར་བྱའོ། འདི་ལ་དང་པོར་དམིགས་པ་བསྡུས་པའི་ཚ་མོས་པ་ཙམ་མིན་པ་ཡིན་ངོར་ཇི་ལྟ་བ་བཞིན་སྡུད་མི་ནུས་པའི་དུས་སུ་


JLD009_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྟེ་བའི་རྩ་འཁོར་གྱི་དབུས་སུ་སྔར་ལྟར་བསྒོམ་པ་བྱས་པས་ཆོག་ལ། ཡིད་ངོར་ཇི་བཞིན་དུ་སྡུད་ནུས་པའི་ཚེ་ན་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་གི་ཐད་སོར་མོས་ནས་བསྒོམ་མོ། དེ་ལྟར་སྡུད་རིམ་ལ་དམིགས་པ་མི་འདྲ་བ་གསུམ་བཤད་ཀྱང་། སྔར་བཤད་པའི་རྒྱས་པ་དག་ལ་ཅུང་ཟད་འདོར་ལེན་བྱས་པའོ། སེམས་ཉིད་དུ་ཡང་བསྒོམ་མི་བྱ། ཞེས་པའི་དོན་ནཱ་ད་ཕྲར་གིས་གཉིས་གང་དུ་ཡང་མི་སེམས་པ་ཡིན་ལ། དེ་ཡང་དང་པོར་རླུང་བསྡུས་པའི་སྐབས་དང་། རླུང་ཐིག་པའི་སྐབས་གཉིས་ལས་འདིར་དང་པོའོ། ཕམ་མཐིང་པ་ནས་བརྒྱུད་པ་ལ་ལུགས་འདི་ལ་རྡོར་བཟླས་བྱེད་པ་དང་མི་བྱེད་པ་གཉིས་སྣང་ཡང་བྱེད་པ་ལཱུ་ཨི་པའི་འགྲེལ་པ་རྣམས་ཀྱི་ལུགས་ཡིན་ལ། བྱེད་ཚུལ་ནི་རིམ་པ་བཞིན་དུ་བསྡུས་པ་ལ་སེམས་རིང་དུ་བཟུང་པའི་མཐར་ཧེ་རུ་ཀ་ཡབ་ཡུམ་དུ་ལངས་པའི་དུས་སུ། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཟླ་བ་དཀར་དམར་གྱི་ལྟེར་དུ་ཧཱུྃ་ཡིག་གམ་ནཱ་ད་དཀར་དམར་བསམས་ལ། རླུང་ནང་དུ་འཇུག་པའི་དུས་སུ་དྷཱུ་ཏཱིའི་ནང་ནས་རླུང་གི་གདངས་ཨོཾ་ཡིག་གིགདངས་སུ་འཇུག་པ་བསམས་ལ། ཧཱུྃ་ཡིག་གམ་ནཱ་ད་ལ་གཞུག །དེ་ནས་ལྗང་འཇུག་གང་རུང་གི་ཡུན་ཚད་ཙམ་ཞིག་ཞུགས་པ་དེར་བཟུང་ནས་དེའི་རང་གདངས་ཨཱཿཡིག་གི་གདངས་སུ་བསམ། དེ་ནས་དྷཱུ་ཏཱིའི་ནང་གི་ཧཱུྃ་དམ་ནཱ་ད་ལས་ཕྱིར་འགྲོ་བའི་ཚེ་ཡང་དྷཱུ་ཏཱིའི་ནང་ནས་ཕྱིར་འགྲོ་བར་བསམ་ཞིང་། དེའི་ཚེ་རླུང་གི་རང་གདངས་ཧཱུྃ་གི་གདངས་སུ་འབྱུང་བར་བསམས་ལ་མ་ཡེངས་པར་རྡོ་རྗེའི་བཟླས་པ་བྱའོ། འགྲེལ་པ་གསུམ་


JLD009_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཡི་གེ་གསུམ་བརྗོད་ནས་རླུང་གི་རྡོར་བཟླས་བྱ་བར་གསུངས་པས། ལྡང་འཇུག་གནས་གསུམ་གྱི་གདངས་ཡི་གེ་གསུམ་ཀྱི་གདངས་དང་དབྱེར་མེད་དུ་སྦྱོར་བའི་རླུང་སྔགས་གཉིས་སྦྱོར་བ་དགོས་སོ། དེ་ནི་ཁྱད་པར་གསལ་བྱེད་ལས། གདམས་ངག་གི་ལྟ་བ་བཞིན་དུ་བྱ་བར་གཤད་པ་ཞིག་ཡིན་ལ། ལྡང་འཇུག་གནས་གསུམ་རྩ་དབུ་མའི་ནང་ནས་མ་བྱས་པར་སྤྱིར་ཁོང་པའི་ནང་ནས་འགྲོ་འོང་སོགས་བྱེད་པའི་རྡོར་བཟླས་ལ་ཅི་ཙམ་འབད་ཀྱང་སྲོག་དབུ་མར་བཙུད་པའི་ཞུགས་གནས་ཐིམ་གསུམ་ལས་ལྷན་སྐྱེས་དངོས་སུ་བསྐྱེད་ནུས་པ་མི་སྲིད་པས་རྡོར་བཟླས་ཀྱི་གནས་ཡེ་མ་རྟོགས་པ་ཡིན་ལ། རྩ་དབུ་མ་ནས་རྡོར་བཟླས་བྱེད་པ་ནི་གདམས་ངག་ཇི་ལྟ་བ་བཞིན་བྱེད་པའི་གདམས་ངག་གི་དམ་པའོ། རླུང་ཕྱིར་ལྡང་བའི་ལྷ་ཚོགས་འཕྲོས་ནས་འགྲོ་བའི་དོན་བྱེད་པ་དང་། འཇུག་པ་ན་ལྷ་རྣམས་རླུང་སྔགས་དབྱེར་མེད་དང་ལྷན་ཅིག་ནར་དུ་ཞུགས་ནས་ཐིམ་པར་བསམ་པར་འགྲེལ་པ་རྣམས་ནས་བཤད་དོ། དེ་ལྟར་ན་ལྟེ་བའི་རྩ་འཁོར་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཡི་གེ་སོགས་ལ་སེམས་འཛིན་པ་དང་། འཁོར་ལོ་དེའི་དབུས་ཀྱི་དབུ་མའི་ནང་ནས་རྡོར་བཟླས་བྱེད་པ་གཉིས་པོ་དེ་ནི་ཡན་ལག་དྲུག་གི་སྟོག་རྩོལ་གྱི་ཡན་ལག་གཅིག་སྟེ་དེར་འགྱུར་ཚུལ་ནི་འཆད་པར་འགྱུར་རོ། ཇོ་བོ་ཆེན་པོའི་འགྲེལ་པར་རྐང་པ་དང་པོ་དང་གཉིས་པ་དང་བཞི་པ་དང་དྲུག་པ་ལ་གཤད་པ་མ་མཛད་


JLD009_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཟླ་བ་ནི་ཡེ་ཤེས་སེམས་དཔའི་གདན་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་ཡེ་ཤེས་སེམས་དཔའ་དང་། ཡི་གེ་མཆོག་ནི་ཏིང་ངེ་འཛིན་སེམས་དཔའ་དང་། དེ་ལས་འོད་ཟེར་སྤྲོས་ནས་ཏིང་ངེ་འཛིན་སེམས་དཔའི་བར་དུ་སྡུད་ཅིང་། དེ་ཡང་རིམ་གྱིས་རྡེ་ཕྲར་བཏང་བ་ལ་སེམས་བསྒྲིམས་ཏེ་གཏད་ནས་བསྒོམ་པ་ནི་རྫོགས་རིམ་ལ་གཉིས་ཡོད་པའི་ཕོ་ཉའི་ལམ་ལས་གཞན་པ་དང་། གཉིས་པ་ཕོ་ཉའི་ལམ་ནི་བླ་མ་ལས་ཤེས་པར་བྱ་བར་གསུངས་སོ། འགྲེལ་པ་ཡེ་ཤེས་སྒྲོན་མ་ལས། ཨཱ་ལི་ཀཱ་ལི་ཞེས་སོགས་ཀྱི་གཞུང་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་པའི་སྒྲུབ་ཐབས་གསུམ་དུ་བཤད་པ་དང་། དཔའ་བོ་རྡོ་རྗེས་བྱས་ཟེར་བའི་དཀའ་འགྲེལ་དུ་ཆགས་གྲོལ་གྱི་ལམ་གཉིས་ཀྱི་དབང་དུ་བྱས་ཏེ་བཤད་པ་དང་། བོད་ཁ་ཅིག །ཡི་གེ་དང་ཐེག་ལེ་བསྡུ་བའི་རྫོགས་རིམ་ལ་སྦྱར་ཏེ་འཆད་མོད་ཀྱང་ཡིད་ཆེས་མི་སྐྱེ་བར་སྣང་བསམ་བཀོད་དོ། བཞི་པ་ཉམས་སུ་བླངས་པས་མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་ལ་གསུམ། སྔར་བཤད་པའི་རྣལ་འབྱོར་རྣམས་ཀྱིས་སྲོག་དྷཱུ་ཏཱིར་སྡུད་ཐུབ་ལུགས་དང་། རྣལ་འབྱོར་དེ་བསྒོམས་པ་ལས་སྲོག་དབུ་མར་ཞུགས་གནས་ཐིག་གསུམ་བྱེད་ཚུལ་དང་། དེ་ལ་བརྟེན་ནས་སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་རྫོགས་རིམ་བསྐྱེད་ཚུལ་ལོ། དང་པོ་ནི། སྔར་བཤད་པའི་ལྟེ་བའི་རྩ་འཁོར་གྱི་ལྟེ་བའི་དབུས་ཀྱི་དབུ་མའི་ནང་དུ་ཧཱུྃ་ཡིག་ལ་སོགས་པ་ལ་དམིགས་ནས་བསྒོམས་པས་ནི། རོ་རྐྱང་ནས་རླུང་བརྒྱུས་ཏེ་ཕྱིར་པྲོན་པ་བཟློག་ནས། དབུ་མར་


JLD009_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བར་བྱེད་པས་སྲོག་རྩོལ་ཞེས་བྱ་སྟེ། སྲོག་གི་རོ་རྐྱང་ལ་རྒྱུ་བའི་རླུང་ཡིན་ལ། རྩོལ་བའི་སྐད་དོད་ཀྱི་སྟེང་ནས་འགོག་པའི་དོན་ལ་བཤད་དུ་ཡོད་པའི་ཕྱིར་རོ། དེ་ལྟར་ཡང་ཁྱད་པར་གསལ་བྱེད་ལས། འདི་ཡང་ཉེ་བར་མཚོན་པ་ཙམ་སྟེ། ལྟེ་བར་ཕྲ་བའི་ཨཱ་ལི་ཀཱ་ལིའི་སྦྱོར་བ་འམ། ཐུགས་ལ་སོགས་པ་ལ་ཐིག་ལེ་ལ་སོགས་པའི་སྦྱོར་བའི་གསམ་གཏན་གང་དེ་ཡང་སྲོག་ཐོན་པ་བཟློག་པའི་དོན་ཉིད་ཀྱིས་སྲོག་རྩོལ་ཞེས་བརྗོད་དོ། བྱེ་བྲག་ཏུ་བསམ་གཏན་འདི་ལྟ་བའི་སྟོབས་ཀྱིས་རོ་མ་དང་རྐྱང་མ་དག་གི་རྒྱུ་བ་ལས་བཟློག་ནས་དབུ་མཏ་སྲོག་རླུང་གི་རྩོལ་བ་ནི་རབ་རྒྱུ་སྟེ་འདི་ཡང་སྲོག་རྩོལ་ཞེས་བརྗོད་དོ། ཞེས་གསུངས་ཏེ། འོག་སྒོའི་ཕྲ་མོ་བསྒོམས་པས་རོ་རྐྱང་ནས་སྣ་ཞུག་ཏུ་རྒྱུ་བའི་རླུང་འབྱུང་འཇུག་བཀག་ནས་དབུ་མར་འཛུད་པས་རྒྱུད་ཕྱི་མར་དེ་སྲོག་རྩོལ་དུ་གསུངས་བ་དང་། དེ་ཡང་ཕྱོགས་ཙམ་མཚོན་པ་སྟེ། ལྟེ་བ་དང་སྙིང་གསོགས་སུ་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་ནས་བསྒོམ་པས་ཀྱང་བྱེད་ལས་དེ་བྱེད་པའི་སྲོག་རྩོལ་དུ་ཤིན་ཏུ་གསལ་བར་བཤད་པ་འདི་རྩ་འཁོར་ཡོང་ས་རྣམས་སུ་ཡི་གེ་སོགས་འགོད་པའི་རྫོགས་རིམ་བསྒོམ་པར་གསུངས་པ་ཐམས་ཅད་ལ་ཡང་ཤེས་དགོས་སོ། འདི་ནི་ཞལ་ལུང་གི་དགོངས་པ་ཡིན་ཏེ། ཞེས་ལུང་ལས། འདུས་པ་ཕྱི་མ་ནས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམ་པ་སྲོག་རྩོལ་དུ་གསུངས་པ་བཤད་པའི་དོན་བསྡུས་པ་ན། དབུགས་དགག་སྟོང་པའི་ཡན་ལག་གོ །


JLD009_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྣ་བུག་ཏུ་རླུང་འཇུག་གི་སྤྲོ་བསྡུ་བྱེད་པ་འགོག་ཅིང་། དེས་སྟོང་བར་བྱེད་པའི་ཡན་ལག་ཏུ་གསུངས་ཏེ་དེས་ནི་སྲོག་རྩོལ་གྱི་ཡན་ལག་དང་། དབུགས་འགོག་པའི་ཡན་ལག་གཉིས་དོན་གཅིག་ཏུ་བསྟན་ལ། ཐབས་དེ་རོ་རྐྱང་ལ་རླུང་རྒྱུ་བ་འགོག་པའི་སྲོག་རྩོལ་དུ་འགྱུར་བ་དང་། ལྟེ་བར་གནད་དུ་བསྣུན་པ་གཉིས་ཀྱང་ཚུལ་ཀུན་ནས་མཚུངས་པའི་ཕྱིར་རོ། དཔལ་ཤ་བ་རི་བས་ཀྱང་། དེ་ནས་ལྟེ་བར་ཆོས་འབྱུང་ནང་དུ་ཡེ་ཤེས་ཀྱི་རང་བཞིན་ནཱ་ད་རིམ་གྱིས་བརྒྱ་དང་སྟོང་གི་ཆ་རུ་དམིགས་ཏེ། རྣལ་འབྱོར་རླུང་གིས་བཅུ་གཉིས་འགག །དོན་ཆེན་འགྲུབ་པར་ཐེ་ཚོམ་མེད། ཅེས་ལྟེ་བར་ནཱ་ད་ལ་དམིགས་ནས་བསྒོམས་པས་རླུང་བཅུ་གཉིས་འོག་ག་པར་གསུངས་པ་དང་། དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་དེ་ཁོ་ན་ཉིད་བཤད་པ་ལས་ཀྱང་། འདི་ལ་ཨཾ་གི་རྣམ་པའི་གཟུགས་ཀྱི་ལྷ་མོ་དང་། ཨུའི་རྣམ་པའི་དོན་ཡོད་གྲུབ་པའི་གཟུགས་ནི་རླུང་ངོ་། དེ་གཉིས་ལྷན་ཅིག་འདྲེས་པ་ལས་རྫོགས་པ་ནི་བཾ་གྱི་ཡི་གེ་གཟུགས་སུ་སྤྲུལ་ནས་ལྟེ་བའི་འཁོར་ལོ་ལའོ། འདི་ནི་ནན་ཏན་དུ་བྱས་ནས་གཡོ་བ་མེད་པའི་སེམས་ཀྱིས་རླུང་གཉིས་འགོག་པར་བྱས་པས་ཐོག་པར་བྱེད་པའོ། ཞེས་དང་། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་མངོན་པར་རྟོགས་པའི་སྙེ་མ་ལས་ཀྱང་། གལ་ཏེ་དེ་ཙམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོ་ལ་ཡུན་རིང་པོར་བརྟན་པར་བྱེད་མི་ནུས་ན་དེའི་རྩེ་ལྟེ་བའི་པདྨར་གནས་བ་ཉི་མ་དང་ཟླ་བ་ཁ་སྦྱོར་གྱི་དབུས་སུ་བཾ་ཡིག་གི་ས་བོན་ལས་བྱུང་པའི་འོད་ཟེར་རིང་པོ་པདྨའི་


JLD009_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་བུ་ལྟ་བུ་ལ་སེམས་བརྟན་བར་བྱས་པའི་སྒོ་ནས་རྩ་གཉིས་ལ་སྲོག་རླུང་གི་རྒྱུ་བ་ཡོངས་སུ་ཐབ་བས་དབུས་སུ་ཞུགས་ནས་གཏུམ་མོ་འབར་བས་སྤྱི་བོའི་ཟླ་བ་ཞུ་བ་ལས་རིམ་གྱིས་འཁོར་ལོ་ལ་ཁྱབ་པས་དགའ་བ་ལ་སོགས་པ་རྣམས་ཀྱི་དབྱེ་བས་ལྷན་ཅིག་སྐྱེས་པའི་དགའ་བ་བྱུང་ནས་རྣམ་པར་རྟོག་པ་ཐམས་ཅད་བྲལ་བས་གཅིག་ཅར་དཀྱིལ་འཁོར་གྱི་འཁོར་ལོ་སྟོང་པར་བསྡུས་ཏེ་མི་དམིགས་པར་བསམ་མོ། ཞེས་ལྟེ་བར་བཾ་ཡིག་དང་། དེའི་འོད་ཟེར་ལ་སེམས་བཟུང་བས་རོ་རྐྱང་གི་རླུང་གཉིས་འགོག་པར་བཤད་དེ། ལྟེ་བའི་རྩ་འཁོར་ཀྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་སེམས་བཟུང་བའི་གདམས་ངག་གི་ཁྱད་ཆོས་སོ། འདིའི་ཁུངས་སྡོམ་འབྱུང་ལས་གསུངས་བ་ནི་དྲངས་ཟིན་ལ། སམྦུ་ཊ་ལས་ཀྱང་ངོགས་གཅོད་དང་བཅས་པ་གསུངས་ཏེ། སྟོང་པ་མཚོན་དུ་མེད་པ་ལ། ཡི་གེ་རྣལ་འབྱོར་ལ་སོགས་ཅི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ཉིད་ཇི་ལྟར་རྡོ་རྗེ་ཉོན། མཚན་གཞིན་མཚན་ཉིད་སྟོང་བ་ཉིད། སྙིང་པོ་མེད་པའི་ཆུ་ཤིང་ལས། སྙིང་པོ་བདུད་རྩི་འབྲས་བུ་ལྟར། འབྲས་བུ་རྣམ་ཤེས་ཡེ་ཤེས་ནི། །ཞེས་པ་ནས། ཇི་ལྟར་མཚན་ཉིད་ཤེས་ནས་ནི། །མཉམ་ཉིད་ཡེ་ཤེས་སེམས་ཀྱིས་ནི་དེ་ཡི་རྫོགས་པའི་བྱང་ཆུབ་ལམ། །མྱུར་བ་ཉིད་དུ་མཐོང་བར་འགྱུར། །ཞེས་གསུངས་སོ། །དེའི་དོན་ནི་སྟོང་བ་དེ་ཁོ་ན་ཉིད་ཡི་གེ་ལ་སོགས་པས་མཚོན་དུ་མེད་པ་ཡིན་པ་ལ། དེ་བསྒོམ་པའི་རྫོགས་རིམ་གྱི་སྐབས་སུ་ལུས་ཀྱི་


JLD009_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

གནད་རྣམས་སུ་ཡི་གེ་བཀོད་པ་ལ་དམིགས་པའི་རྣལ་འབྱོར་དང་། སོགས་ཀྱིས་བསྡུས་བ་རྩ་དང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པ་ལ་འཇུག་པ་མི་འཐད་དེ། བློས་བཏགས་གནས་བསྒོམ་པ་དེ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མིན་པའི་ཕྱིར་རོ་སྙམ་ན། ཆུ་ཤིང་སྙིང་པོ་མེད་པ་ཡིན་ཀྱང་བདུད་རྩི་དང་འདྲ་བའི་འབྲས་བུ་མངར་པོའི་སྙིང་པོ་བསྐྱེད་པ་ལྟར། བློས་བཏབས་ནས་ཡི་གེ་སོགས་བསྐོམ་པ་ཉིད་དེ་ཁོ་ན་ཉིད་བསྒོམ་པ་མ་ཡིན་ཞིང་། སྙིང་པོ་མེད་པའི་ཆུ་ཤིང་ལྟ་བུ་ཡིན་ཀྱང་དེ་བསྒོམ་པ་ལས་འོག་ནས་འཆད་པ་ལྟར་འབྲས་བུ་མངར་པོ་དང་འདྲ་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་འབྲས་བུ་བསྐྱེད་པ་ལ་མི་འགལ་ཞེས་པའི་དོན་ནོ། རྣམ་ཤེས་ནི་རྣམ་པར་ཤེས་པར་བྱ་བ་སྟོང་བ་ཉིད་དེ་མཚན་གཞི་གཟུགས་སོགས་ཕུང་པོ་ལྔ་དང་དེ་རྣམས་མཚོན་པའི་མཚན་ཉིད་གཟུགས་སུ་རུང་བ་སོགས་རང་བཞིན་ཀྱིས་གྲུབ་པའི་སྟོང་བའོ། ཡེ་ཤེས་ནི་འདི་སང་ཤེས་པར་བྱེད་པར་བྱེད་པ་སྟོང་བ་དེ་རྟོགས་པའི་ལྷན་སྐྱེས་ཀྱི་བདེ་བའོ། དེ་འདྲ་བའི་བདེ་སྟོང་མཉམ་པར་སྦྱོར་བའི་ཚུལ་དང་དེ་ཇི་ལྟར་བསྐྱེད་པའི་མཚན་ཉིད་རྣལ་འབྱོར་པས་ཤེས་བར་བྱས་ནས་བསྒོམས་བས་བདེ་སྟོང་མཉམ་པ་ཉིད་དུ་སྦྱོར་བའི་ཡེ་ཤེས་ཀྱི་ལམ་མྱུར་དུ་སྐྱེ་བར་འགྱུར་རོ། མན་སྙེད། རྣལ་འབྱོར་སྦྱོང་བ་དང་། སོགས་ཀྱི་སྐད་དོད་དང་བོར་བྱས་ནས། དང་བོར་སྦྱོར་བས་དཀྱིལ་འཁོར་རྒྱལ་མཆོག་སོགས་མཚོན་པར་བྱས་ནས། དེའི་སྐབས་སུ་ཡི་གེ་ལ་སོགས་པ་བཀོད་ནས་བསྐྱེད་རིམ་བསྒོམ་པ་ལ་དོགས་གཅོད་དུ་མཛད་པ་ནི་གཞུང་དེའི་གོང་


JLD009_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བསྐྱེད་རིམ་པའི་ལྷའི་ས་ཡོན་གྱི་ཡི་གེ་སོགས་བཀོད་པ་ལ་དགོངས་ལ། འོན་ཀྱང་འདིའི་འཇུག་ཐོགས་སུ་སྙིང་གའི་པདྨའི་དབུས་སུ་ཡི་གེ་བཀོད་ནས་བསྒོམས་པ་ལས་དེ་ཁྲོ་ན་ཉིད་མཚོན་པར་གསུངས་པ་དང་ཡང་འབྲེལ་ཏེ། དོགས་གཅོད་ཀྱི་གཙོ་བོ་ནི་ཕྱི་མའོ། རྫོགས་རིམ་བསྒོམ་པའི་སྐབས་སུ་ལུས་ཀྱི་གནད་རྣམས་སུ་ཡི་གེ་དང་ཐིག་ལེ་སོགས་བཀོད་ནས་བསྒོམ་པ་འདི་ནི་འདུས་པ་ལུགས་གཉིས་དང་ལོ་ནག་དྲིལ་གསུམ་སོགས་ཀྱི་ལུགས་མང་པོ་ནས་འབྱུང་བ་ལ། ཐབས་འདིས་སྲོག་དྷཱུ་ཏཱིབསྡུས་ནས་ལྷན་སྐྱེས་བསྐྱེད་པ་ཇི་བཞིན་དུ་མ་རྟོགས་པས་འདི་རྣམས་ལ་རྩིས་ཆེ་བའི་བོད་ཀྱི་བཤད་པ་རྣམས་ལ་ཡང་ཇི་བཞིན་དུ་ཤོད་པའི་བཤད་པ་མི་སྣང་ལ། ཁ་ཅིག་ནི་དེ་འདྲ་བསྒོམ་པ་དེ་དེ་ཁོ་ན་ཉིད་བསྒོམ་པར་འོད་ད་བ་བཀག་པ་རྣམས་དརྔས་ནས་ཆོས་སྤོང་བར་སྣང་བས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ལེགས་པར་རྩད་གཅད་པར་བྱའོ། རླུང་ལ་རྡོར་བ་ཟླས་བྱེད་ལུགས་ནི། བདེ་མཆོག་བསྟོད་འགྲེལ་ལས། དེ་ནས་སྲོག་རྩོལ་ཞེས་བྱ་བ་ནི་ལ་ལན་དང་ར་ས་ན་གཡོན་པ་དང་གཡས་པའི་ལམ་འགོག་པ་ལས་སྲོག་གི་རླུང་རྟག་ཏུ་དབུ་མ་ཝ་དྷཱུ་ཏཱིའི་ལམ་དུ་རབ་ཏུ་འཇུག་པ་སྟེ། ཨ་ཝདྷཱུ་ཏཱིར་དགང་བ་དང་། བུ་མ་བ་ཅན་དང་། དབྱུང་བའི་སྦྱོར་བས་ཨོཾ་ཡིག་གིས་བརྡུག་པ་དང་། ཧཱུྃ་ཡིག་གིས་འགོག་པ་དང་། ཨཱཿཡིག་གིས་དབྱུད་བཟླ་བ་དང་། སྒྲ་གཅན་དང་ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་བྱེད་པ་


JLD009_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྲོག་རྩོལ་གྱི་ཡན་ལག་གོ །ཞེས་གསུངས་ལ། ཅོག་རོ་ཏིང་ངེ་འཛིན་བཟང་པོའི་འགྱུར་ལས། །རྡུབ་པ་དང་གནས་པ་དང་དབྱུང་བའི་སྦྱོར་བས་ཞེས་བཤད་པ་ལྟར་དགང་བ་ནི། །ནང་དུ་རྡུབ་པ་དང་། བུམ་པ་ཅན་ནི་ནང་དུ་གནས་པ་ལ་བྱ་སྟེ། ཡི་གེ་གསུམ་དང་སྦུར་བའི་ལྔང་འཇུག་གནས་གསུམ་ག་དྷཱུ་ཏཱི་ནས་བྱེད་པར་བསྒོམ་དགོས་སོ། རྒྱུད་རྣམས་ལས་རླུང་གསུམ་དང་ཡི་གེ་གསུམ་སྦྱོར་ཚུལ་འདྲ་མི་འདྲ་འགའ་རེ་ཡོད་ཀྱང་གཅིག་དེས་གཟུང་དུ་བཟུང་མི་དགོས་ཀྱི་ལུགས་དེ་དག་གང་ཡང་རུང་བས་འགྲུབ་པོ། དུས་འཁོར་ཀྱི་སྐོར་ནས་སྲོག་རྩོལ་བུམ་པ་ཅན་བཤད་པ་མང་ཡང་དེ་ཁོ་ན་མིན་གྱི་བསྟོད་འགྲེལ་ལས་གསུངས་པ་ལྟར། རྡོར་བཟླས་ཀྱང་རོ་རྐྱང་ལ་རླུང་རྒྱུ་བ་བཟློག་ནས་དྷཱུ་ཏཱིར་འཇུག་པར་སྲོག་རྩོལ་དུ་ཤེས་དགོས་པས་རྡོར་བཟླས་སྲོག་རྩོལ་གྱི་སྔོན་འགྲོ་དང་གེགས་སེལ་ཙམ་དུ་འདོད་པ་ནི་རྒྱུད་ཀྱི་དོན་ལེགས་པར་མ་རྟོགས་པའོ། དྲི་མེད་འོད་ལས་ཀྱང་། འདིར་ངེས་པའི་དོན་ནི། དུས་ཐམས་ཅད་དུ་བརྟེན་པས་གྱུར་པ་དང་། བུམ་པ་ཅན་གྱི་གནས་སྐབས་སུ་གྱུར་པ་རྡི་སྲིད་པར་དུས་ཐམས་ཅད་དུ་རྣལ་འབྱོར་པས་འཇུག་པ་དང་འབྱུང་བ་ཉིད་ཀྱིས་སྲོག་དབུ་མར་བསྒོམ་པས་བྱའོ། དེ་ནས་རྣལ་འབྱོར་བསམ་དོན་མར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ། སྲོག་གི་བཟླས་པ་ལས་སོ། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། དེ་ལྟར་མི་ཕྱེད་པའི་ལན་ལག་སྲོག་དང་ལྡན་པའི་ཡིད་ཀྱིས་བསྔགས་བཟླས་པར་བྱའོ། ཞེས་པ་ནི་རྒྱུད་ཐམས་ཅད་ལས་རྡོ་རྗེའི་ཆིག་སྟེ་སྔར་


JLD009_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཟིན་ཏོ། ཞེས་རྡོར་བཟླས་བྱེད་པའི་དུས་ཀུན་ཏུ་རྣལ་འབྱོར་པས་དབུ་མ་ནས་རླུང་འབྱུང་འཇུག་བྱེད་པར་བསྒོམ་དགོས་པར་གསུངས་ཤིང་། ཚུལ་དེ་འང་རླུང་གི་རྡོར་བཟླས་བྱ་བར་གསུངས་པའི་རྒྱུད་ཐམས་ཅད་ཀྱི་དབང་དུ་མཛད་པར་གསུངས་སོ། བུམ་པ་ཅན་གྱི་གནས་སྐབས་སུ་གྱུར་པའི་ཇི་སྲིད་པར་ཞེས་པ་ནི་བུམ་པ་ཅན་དང་འདྲ་པར་རླུང་འབྱུང་འཇུག་མི་བྱེད་པར་ནང་དུ་གནས་པ་བརྟན་པོ་བྱུང་བྱུང་གི་བར་དུ་རྡོར་བཟླས་བྱ་ཞེས་པའི་དོན་ཏེ། རྡོར་བཟླས་ཀྱིས་སྲོག་དྷཱུ་ཏཱིར་ཞུགས་པ་དང་གནས་པ་བརྟན་པོ་བྱེད་པའི་དོན་ནོ། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། མ་ནིང་དག་གི་གནས་ཞུགས་པ། སྔགས་ཀྱི་ཡན་ལག་མཉམས་བཟླས། །སྤྱི་གཙུག་དབུ་མའི་གནས་ཙུད་པར། །སྲིག་གི་རྒྱུན་མི་འཆད་པར་བཟླས། །ཞེས་དབུ་མའི་གནས་སུ་ཚུད་པར་རྡོར་བཟླས་བྱ་བར་གསུངས་སོ། །འོན་དྲི་མེད་འོད་ལས། །གཡོན་དང་གཡས་དང་དབུ་མའི་སྲོག་ཡང་དག་པར་རྒྱུ་བའི་རྡོ་རྗེ་བཟླས་པའི་རིམ་པ་དང་། མ་ནིང་གི་བཟླས་པའི་རིམ་པའོ། །ཞེས་རྩ་གཡས་གཡོན་ནས་སྲོག་རྒྱུ་བའི་དོན་རྡོར་བཟླས་སུ་གསུངས་པ་ཇི་ལྟར་ཡིན་སྙམ་ན། དེ་དང་འགལ་བའི་སྐྱོན་མེད་དེ། དེའི་དོན་ནི་རྩ་་གསུམ་ནས་སྲོག་རྒྱུ་བའི་རླུང་ལ་རྡོར་བཟླས་བྱེད་པའི་དོན་ཡིན་ལ། །རྩ་གཡས་གཡོན་ལ་རླུང་རྒྱུ་བའི་ཚེ་རྡོར་བཟླས་བྱེད་པ་ནའང་དངོས་སུ་རོ་རྐྱང་ལ་རྒྱུ་བ་ཡིན་ཀྱང་། དེ་དངོས་སུ་མི་འགོག་པར་དབུ་མ་ནས་འབྱུང་འཇུག་བྱེད་པར་མོས་ནས་བྱེད་པ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་རོ་


JLD009_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རྡོར་བཟླས་བྱེད་པ་ན་གཡས་རོ་མདང་གཡོན་རྐྱང་མའི་རྡོར་བཟླས་བྱེད་པ་ཡིན་ཟེར་ནས་རྩ་དེ་གཉིས་ནས་རླུང་འབྱུང་འཇུག་བྱེད་པར་མོས་པའི་རྡོར་བཟླས་བྱེད་པ་མང་དུ་སྣང་བ་ནི་ཡང་དག་པའི་རྡོར་བཟླས་ཀྱི་གོ་ལས་ཆེ་ཤོས་ལ་གནས་པར་ཤེས་པར་གྱིས་ཤིག གཞན་ཡང་དྲི་མེད་འོད་ལས། དབུགས་འཇུག་པ་དང་འབྱུང་བ་བདག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་། འབྱུང་བ་མེ་ཏོག་གི་ཕྲེང་བ་བཞིན་དུ་ཟླ་བ་དང་ཉི་མའི་རང་བཞིན་ལུགས་དང་མཐུན་པ་དང་མི་མཐུན་པ་བལྟ་བར་བྱའོ། ཞེས་གསུངས་པ་དང་ཡང་མི་འགལ་ཏེ། བསྟོད་འགྲེལ་ལས་དབུ་མའི་ནང་ནས་རླུང་འབྱུང་ལྔང་བྱེད་པ་ཡང་ཟླ་ཉིར་བཤད་པ་བཞིན་ཡིན་པའི་ཕྱིར་རོ། མེ་ཏོག་གི་ཕྲེང་བ་བཞིན་ཞེས་པའི་དོན་ནི། རླུང་ཕྲེང་ཐག་ལྟ་བུ་དང་། རླུང་གི་གདངས་རྐང་པ་དེ་ན་གཉིས་པ་ལྟ་བུའི་སྔགས་ཀྱི་ཡི་གེའི་གདངས་སུ་ཤར་བ་མེ་ཏོག་རེ་རེ་ལྟ་བུ་སྟོན་པ་ཡིན་གྱི། ཡིག་འབྲུའི་བ་དོག་དང་དབྱིངས་ཀྱི་གཟུགས་ཅན་དུ་སྟོན་པ་མིན་ནོ། རྒྱུད་རྡོ་རྗེ་ཕྲེང་བ་ལས། སྒྲ་དང་ཐིག་ལེའི་མང་དུ་བྱང་། རླུང་གཉིས་ཀྱི་ནི་ཕྱི་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། ཅེས་རླུང་འབྱུང་འཇུག་གཉིས་ལ་རྡོར་བཟླས་བྱས་པས་སྙིང་གའི་དྷཱུ་ཏཱིལ་རོ་རྐྱང་གིས་དཀྲིས་པའི་མ་རིག་པའི་མདུད་པ་འབྱེད་པར་གསུངས་ཏེ། དཔེར་ན་སྨྱུག་མོའི་སྦུབས་འགགས་པ་ཐུར་མ་རིང་པོས་དེའི་ནང་དུ་འབྱུང་འཇུག་བྱས་པས་བྱེད་པ་བཞིན་དུ་རླུང་འཇུག་གིས་ཀྱང་དེ་བཞིན་འབྱེད་དོ། རྒྱུད་དེར་སྔགས་ཀྱི་དེ་ཉིད་རྡོར་


JLD009_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ཀྱིས་དྷཱུ་ཏཱི་འབྱེད་པ་མང་དུ་གསུངས་སོ། དེ་ལྟར་ཁུངས་ཐུབ་ཀྱི་གཞུང་མང་པོ་གཞུང་མང་པོ་ལས་གསལ་བར་གསུངས་ཀྱང་། བོད་ཀྱི་གདམས་ངག་ལས་འདིའི་གནད་ཐོན་པ་ཡང་ཤིང་ཏུ་དཀར་བར་བྱུང་འདུག་པས་ལེགས་པར་རྩད་བཅད་པར་བྱའོ། གཉིས་པ་ནི། ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་འཇུག་བྱས་པའི་ཐབས་ཀྱིས་དུད་རིམ་བྱེད་པ་ནི། སྔར་རྣལ་འབྱོར་ཀྱི་སྟོབས་ཀྱིས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་མྱོང་བ་ཅན་གཅིག་ཡིན་ན། ཐབས་དེས་ཀྱང་སྲོག་དབུ་མར་སྡུད་ནུས་པར་འོང་ལ། དེ་ལྟ་མིན་ན་ཐབས་དེས་སྡུད་པ་སྔོན་དུ་བསྟང་ནས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་དབུ་མ་ཡོད་པའི་ཐད་དུ་དབུ་མའི་ནང་དུ་ཡི་གེ་སོགས་ལ་སེམས་བཟུང་བ་བརྟན་པ་ན་སྲོག་དབུ་མར་སྡུད་ནུས་པར་འགྱུར་དེ་ཡང་སྡུད་རིམ་སྔོན་དུ་མ་བཏང་ཡང་སེམས་སྔར་ལྟར་ཟིན་པ་གོམས་པ་ལས་རླུང་དབུ་མར་སྡུད་ནུས་པ་འོང་མོད་ཀྱང་། སྡུང་རིམ་རེ་དང་སྤྲགས་ནས་བྱས་ན་རླུང་སྡུད་པར་སླ་བའི་དགོས་པ་ཡོད་པས་དེ་ལྟར་བྱེད་པ་ཡིན། དེ་ལྟར་སེམས་འཛིན་པ་ན་བྱིང་པ་ཕྲ་མོ་ནས་མཆོད་ན་རླུང་འདུ་བ་ཤིང་ཏུ་དཀའ་བས་བྱིད་པ་ཕྲ་རགས་ཀུན་ཆོད་པར་བྱ། དེ་ཡང་སེམས་ལ་དར་ཐོན་པ་མེད་ན་སེམས་གསལ་དྭངས་ཀྱི་རྟོག་མེད་དུ་གནས་པ་ཡོད་ཀྱང་བྱིང་པ་ཕྲ་མོ་མི་ཁེགས་པས་དམིགས་པ་ལ་སེམས་ནང་དུ་ཞུགས་པ་ལྟར་འཛིན་པའི་གྲིམས་ཆ་བསྐྱེད། དེ་བསྐྱེད་དྲགས་ན་སེམས་གནས་སུ་མི་


JLD009_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པས་ཚོད་ཟིན་པ་རང་གི་ཉམས་སྟེང་ནས་ཤེས་པར་བྱས་ཏེ། བྱིང་རྒོད་དང་བྲལ་པར་བསྐྱངས་པས་འགལ་རྐྱེན་གློ་བུར་བ་གཞན་མེད་ན་ཉིན་ཞག་གཅིག་གི་དྲུག་ཆ་ལ་ཐུན་རེར་བྱས་པའི་ཐུན་འཁྱོངས་པ་བརྟན་པོ་རྙེད་རྙེད་དུ་བསྒོམ། དེ་ལྟར་བསྒོམས་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དབུ་མའི་ནང་དུ་སེམས་ཟིན་པ་རླུང་ཡང་ཟིན་པར་འགྱུར་བས་སྲོག་དྷཱུ་ཏཱིར་འཛུང་ནུས་པ་ཡིན་ནོ། འོ་ན་དེ་ལྟར་བསྒོམས་པས་སྲོག་དབུ་མར་ཚུད་པའི་རྟགས་ངེས་པ་ཅན་མྱོང་བས་གྲུབ་པ་ཅི་འདྲ་ཡོད་སྙམ་ན། འདི་ལ་བོད་གྱི་བླ་མ་འགའ་ཞིག་གི་ལུགས་ཀྱིས་རླུང་དབུ་མར་ཚུད་པའི་ཉམས་རྟགས་ལྔ་ལས་ལུས་ཀྱི་རྟགས་ནི་སྨིན་མཚམས་སུ་རླུང་འདུས་ཤིང་སྤྱི་གཙུག་ཏུ་ཟ་བ་དང་འཁྲིག་པ་སོགས་དང་། རླུང་གི་རྟགས་ནི་དབུགས་རྒྱུ་བ་མི་ཚོར་ཞིང་བརྟགས་ན་སྣ་སྒོ་གཉིས་ཀ་ནས་ཤིན་ཏུ་དལ་བར་རྒྱུ་བ་དང་། སེམས་ཀྱི་རྟགས་ནི་ཤེས་པ་གསལ་སྟོང་རྟོག་མེད་དུ་གནས་པ་དང་། མཐོང་རྟོགས་ནི་དུ་བ་ལྟ་བུ་སོགས་གསལ་ལ་བརྟན་པར་སྣང་བ་དང་། རྨི་ལམ་གྱི་རྟགས་ནི་འཕུར་བ་དང་རྟ་རྒྱུག་པ་སོགས་རྨི་བ་འབྱུང་ངོ་ཞེས་ཟེར་རོ། དེའི་རྟགས་དང་པོ་ནི་ཐེག་པ་གཉིས་ཀའི་སེམས་འཛིན་ཕལ་མོ་ཆེ་ལ་འབྱུང་ཞིང་ལུས་ལ་གནང་དུ་བསྣུན་པ་བསྒོམ་པ་ལ་ཡང་རླུང་དྷཱུ་ཏཱིར་མ་ཞུགས་པའི་གོང་སྔ་མོ་ནས་ཀྱང་འབྱུང་བ་དུ་མ་འོང་བས་རྟགས་འཁྲུལ་བ་ཅན་ནོ། རྟགས་གསུམ་པ་ནནི་ཐེག་པ་ཆེ་ཆུང་སོགས་ཀྱི་སེམས་གནས་བསྐྱངས་པ་ཐམས་ཅད་ལ་འོང་ཞིང་། དེ་ལ་ལུས་


JLD009_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནད་དུ་བསྣུན་ཐབས་བྱ་མི་དགོས་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་དབུ་མར་བཅུག་པ་ནི་རྣལ་འགྱོར་བླ་མེད་ཀྱི་གཞུང་ནས་འབྱུང་བའི་ལུས་ལ་གནད་དུ་བསྣུན་ཐམས་བྱས་པ་ཁོ་ནའི་ཁྱད་ཆོས་ཡིན་པས་ཆེས་ཤིན་ཏུ་མ་ངེས་པའི་རྟགས་སོ། རྟགས་བཞི་པ་ལ་ནི་སྲོག་དྷཱུ་ཏཱིར་བཙུད་པ་ལ་དེ་ལྟར་འཆར་བ་གཅིག་དང་། སེམས་གནས་སྤྱི་ཙམ་པ་ལ་འཆར་བ་གཉིས་ཡོད་པས་ཆེས་མ་ངེས་པའི་རྟགས་སོ། རྟགས་ལྔ་པ་ནི་ཏིང་ངེ་འཛིན་ཅུང་ཟད་ཀྱང་མ་བསྒོམས་པ་ལ་ཡང་དུ་མ་ཞིག་འབྱུང་བས་ཤིན་རུ་འཁྲུལ་བའི་རྟགས་སོ། རྟགས་གཉིས་པ་རླུང་གི་རྟགས་བཤད་པ་ལ་ནི་གཞི་ཅུང་ཟད་ཅིག་སྣང་ངོ་། དེས་ན་མི་འཁྲུལ་པའི་རྟགས་ངེས་པ་ཅན་ནི་འདི་ལྟར་ཤེས་པར་བྱ་སྟེ། རྣལ་འབྱོར་བླ་མེད་ཀྱི་གཞུང་ཁུངས་ཐུབ་ནས་འབྱུང་བའི་ལུས་ལ་གནད་དུ་བསྣུན་ཐབས་ལྟར་བཤད་པ་འདྲ་བ་ཞིག་བྱས་པ་གཞིར་བཞག་ལ། དེས་ཐུན་འཁྱོངས་བ་མ་བྱུང་བར་དུ་སྲོག་དྷཱུ་ཏཱིར་ཚུད་པ་དཀར་བས་ཐུན་འཁྱོངས་པ་ན་རང་གི་སྣ་བུག་གཉིས་གང་ཡུང་རེ་རེ་བར་རྒྱུ་བའི་འཕོས་མ་ཐག་པའི་སྐབས་ངོས་བཟུང་ལ། དེ་ནས་ལུས་གནད་དང་སེམས་ཀྱི་འཛིན་ལུགས་སྔར་བཞིན་བྱས་པའི་མཐུས་རིང་པོ་མི་ཐོགས་པར་སྣ་སྒོར་བརྟགས་པ་ན་རླུང་མཉམ་རྒྱུར་ཐེངས་བ་དང་། དེ་ཡང་ལན་རེ་རེ་གཉིས་གཉིས་ཙམ་ལ་ངེས་པ་མེད་ཀྱི་འགལ་རྐྱེན་གཞན་མེད་ན་ངེས་ཅན་དུ་ཐེངས་ཀྱིན་འདུག་པ་དང་། མཉམ་རྒྱུ་ཡང་གང་རུང་གཅིག་དྲག་ལ་ཅིག་


JLD009_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཞན་པ་མིན་པར་དྲག་ཞན་ཤེད་མཚུངས་སུ་རྒྱུ་བ་འོང་བར་སྣང་ན། རྣལ་འབྱོར་དེའི་སྟོབས་ཀྱིས་རླུང་དབུ་མར་འཛུད་ནུས་པ་ཙམ་དུ་འཇོག་ནུས་མོད་ཀྱང་ལན་གཅིག་ཚུད་ཕྱིན་ཆད་ནས་གཡས་གཡོན་རེ་རེ་བར་མི་འཕོ་བ་མིན་ནོ། དེ་ནི་སྲོག་དྷཱུ་ཏཱིར་ཞུགས་པ་ཡིན་ལ། དྷཱུ་ཏཱིར་གནས་པ་ནི་མཚམས་འདི་ནས་དྲིལ་ཏེ་བསྒོམས་པས་སྣ་བུག་གི་རྒྱུ་བཞིན་དུ་སོང་བའི་མཐའ་ཞིབ་ཏུ་བརྟགས་པ་ན་རྒྱུ་བ་ཕྲ་མོ་ཡང་ལྡོག་པ་ཞིག་འོང་། རྟོག་ཚུལ་དེ་ངེས་དཀའ་བར་བྱུང་ན། ལུས་དྲང་པོར་གཡོ་འགུལ་མེད་པར་བདེ་མོར་གནས་པའི་དུས་སུ་ལྟོ་བ་འགུལ་མི་འགུལ་བརྟག །ཅུང་ཟད་འགུལ་བར་སྣང་ན་མ་ལོག་པའི་རྟགས་ཡིན། བརྟག་པ་འདི་ཁྱད་པར་དུ་ལྟེ་བ་མན་ཆད་ཀྱི་ཐུར་སེལ་འོག་གི་སྣ་སྒོར་འབྱུང་འཇུག་བྱེད་མི་བྱེད་རྟོག་པ་ལ་གལ་ཆེ་བ་ཡིན། སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པ་ཐིམ་དཀར་སླ་གཉིས་ལས། ཐིམ་དཀའ་ན་ཡུད་གཅིག་ལ་ལྟོ་བ་རླུང་གིས་ཁེངས་པ་འབྱུང་ཞིང་དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟེ་བ་དང་གསང་གནས་ཀྱི་མེ་གནས་པའི་ཐད་ནས་དྲོད་ཁྱད་པར་ཅན་སྐྱེ། དེ་ནས་རིམ་གྱིས་ཞུ་བ་བདེ་འདྲེན་ནོ། སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པ་འདི་བྱིང་བ་ཕྲ་མོ་མཆོད་པར་བསགས་པས་བྱིང་བ་ཤས་ཆེ་བ་ཞིག་ལ་ཡང་འོང་སྟེ། དེ་ནི་རླུང་དྷཱུ་ཏཱིར་ཚུད་པ་དང་ཐིམ་པ་གང་ཡང་མིན་པས་ཁྱད་པར་བྱེད་པར་བྱའོ། དྷཱུ་ཏཱིར་ཐིམ་པ་བྱུང་ཡང་སླར་རླུང་ལངས་ནས་རྩ་གཉིས་ལ་རྒྱུ་བ་ནི་དུ་མ་ཞིག་འོང་ངོ་། རྡོར་བཟླས་ཀྱི་མྱོང་བ་སྐྱེ་ཚུལ་ནི། རེ་ཞིག་རླུང་གི་གདངས་ལ་


JLD009_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སུ་མོས་བ་ཙམ་ལས་མི་འོང་ཡང་། གོམས་པའི་མཐར་ཕར་ལ་མོས་པ་བྱས་པ་ཙམ་མིན་པར་ཚུར་ལ་རང་གི་གདངས་ཡི་གེ་གསུམ་གྱི་གདངས་སུ་འཆར་བའི་གསུང་གི་ང་རྒྱལ་འཕོས་པ་འབྱུང་སྟེ་བསྐྱེད་རིམ་དང་འདྲའོ། དེ་ཡང་དང་པོར་དྷཱུ་ཏཱིའི་ནང་ནས་འབྱུང་འཇུག་བྱེད་པར་མོས་པ་ཙམ་ཡིན་ཀྱང་། གདམས་ངག་གི་གནད་ལེགས་པར་ཤེས་ནས་གོམས་པ་བསྲིངས་ན་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱི་དྷཱུ་ཏཱིའི་ནང་ནས་དངོས་སུ་འབྱུང་འཇུག་བྱེད་པ་འོང་ངོ་། འདི་ལ་ཡང་སྔར་བཤད་པ་བཞིན་དང་པོར་སྣ་བུག་རེ་རེ་བར་རྒྱུ་བཞིན་པ་ན་རྡོར་བཟླས་བྱས་པའི་མཐུས་མྱུར་པོར་མཉམ་རྒྱུ་ངེས་ཅན་དུ་ཐེངས་ཀྱིན་འདུག་ན་རྡོར་བཟླས་ཀྱིས་རླུངས་དྷཱུ་ཏཱིར་ཚུད་པ་ཡིན་ནོ། དེ་ནས་སྲོག་དབུ་མར་གནས་པ་འོང་ལུགས་ནི། འབྱུང་འཇུག་གང་རུང་རེའི་ཡུན་ཚད་ཀྱིས་གནས་པ་ནི་དང་པོར་ཆེད་དུ་བྱ་དགོས་ལ། དེ་གོམས་པ་ལུན་བསྲིངས་པ་ན་མཚམས་ཞིག་ནས་ཆེད་དུ་བྱ་མི་དགོས་པར་རང་གི་ངང་གིས་གནས་པ་ཞིག་འོང་ངོ་། དེ་བྱུང་བ་ན་སླར་ཡང་གོམས་པ་བསྲེངས་པས་གནས་པ་ཇེ་རིང་ཇེ་རིང་དུ་འགྲོ། དེའི་གནད་ཀྱིས་ལྡང་འཇུག་གཉིས་ཇེ་ཐུང་དུ་སོང་ནས་མཐར་རླུང་འབྱུང་འཇུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་ནས་གནས་པ་འབར་ཞིག་པར་འགྲོའོ། འདི་ཡང་དྲི་མེད་འོང་ལས། དེ་ལྟར་ཉིན་ཞག་སྟོང་ལྔ་བརྒྱ་རྣམས་ཀྱིས་དབུགས་གཡོ་བ་མེད་པར་འགྱུར་ཏེ་སྲོག་གི་བུམ་པ་ཅན་གྱི་གནས་སྐབས་འཐོབ་པར་འགྱུར་རོ། ཞེས་རྡོར་བཟླས་བྱས་


JLD009_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

པས་རླུང་ཕྱི་ནང་དུ་འབྱུང་འཇུག་གི་གཡོ་བ་མེད་པའི་གནས་སྐབས་འཐོབ་པར་གསུངས་སོ། རྡོར་བཟླས་ལ་ཡང་རིག་པ་ལ་ངར་ཐོན་པ་རྒྱུན་ལྡན་པ་མེད་ན་བྱིང་པ་འཕེལ་བར་འགྱུར་ལ། དེར་སོང་ན་སྣ་སྒོའི་རླུང་འབྱུང་འཇུག་མི་བྱེད་པ་བྱུང་ན་ཡང་སྐྱོན་བསྐྱེད་པ་མིན་པ་ཡོན་ཏན་མི་སྐྱེ་བས་བྱིང་པ་གཅོད་པ་ག་ཆེའོ། སྲོག་དབུ་མར་གནས་པ་རྙེད་པའི་ཚེ། ལྟེ་བའི་དྷཱུ་ཏཱིའི་ནང་གི་ཡི་གེ་སོགས་ལ་དམིགས་པ་གཏད་ནས་སེམས་བཟུང་བར་བྱས་པས་མྱུར་བོར་རླུང་དྷཱུ་ཏཱིར་ཐིམ་པར་འགྱུར་རོ། དེ་ལྟར་ན་རྣལ་འབྱོར་བླ་མེད་ཀྱི་ལམ་འདིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱད་དེ། དེ་བསྒོམས་པས་མཆོག་འགྲུབ་པ་ལ་སྲོག་དྷཱུ་ཏཱིར་སྡུད་པ་ཞིག་མེད་མི་རུང་ཡིན་ཏེ། མཁའ་འགྲོ་རྒྱ་མཚོ་ལས། ཨ་ཝ་དྷཱུ་ཏཱིའི་སྲོག་གི་རླུང་། བརྟན་པ་ཕག་སོགས་རྣལ་འགྱོར་མ། མ་བརྟན་སྲོག་གི་རླུང་རྣམས་ཀྱིས། དངོས་གྲུབ་གསལ་བར་མི་འགྱུར་རོ། །ཞེས་སོ། ཁྱད་པར་གསལ་བྱེད་ལས་འདུས་པ་ཕྱི་མ་དྲངས་པ་ནས་ཡན་ལག་དྲུག་དང་བྲལ་ན་མཆོག་མི་འགྲུབ་པར་གསུངས་པའི་སྲོག་རྩོལ་འཆད་པ་ན། གསང་གནས་དང་ལྟེ་བ་དང་སྙིང་ག་དང་སྨིན་མཚམས་ལ་སོགས་པ་གང་ཡང་རུང་བར་ཐིག་ལེ་དང་ཡི་གེ་སོགས་ལ་དམིགས་པའི་ཐབས་གང་ཡང་རུང་བས་སྲོག་དྷཱུ་ཏཱིར་སྡུད་པ་ཐམས་ཅད་སྲོག་རྩོལ་ཡིན་པས། གཞུང་རྣམས་ལས་ལྟེ་བ་ལ་སོགས་པའི་རྩ་འཁོར་ཀྱི་གནས་ཕྱོགས་རིའི་སྲོག་རྩོ་ལ་བཤད་པ་ནི། མཚོན་པ་ཙམ་ཞེས་བཤད་ཅིང་། ཡེ་ཤེས་ཞབས་ལུགས་ཀྱི་སྦྱོར་དྲུག་གི་རྒྱ་


JLD009_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གཅིག་ལས་ཀྱང་། དེ་དང་མཐུན་པར་བཤད་པ་ལྟར་སྲོག་རྩོལ་རྒྱ་ཆེར་བཏང་ན་རྒྱུང་ནས་གསུངས་པ་ལྟར་ཡིན་གྱི། དེ་ལྟ་མིན་པས་རྒྱུད་གཅིག་ནས་སྲོག་རྩོལ་དུ་བཤད་པ་ཇི་མ་ཇི་བཞིན་དུ་མ་བྱུང་ན་ལམ་དེས་འཚང་མི་རྒྱ་བར་འཛིན་ན་ནི་ཆོས་སྤོང་བའི་སྒོ་ཆེན་པོ་ལ་གནས་པར་འགྱུར་རོ། དེ་ལྟར་སྲོག་རྩོལ་གྱི་སྒོ་མི་འདྲ་བ་མང་པོ་ཡོད་པ་བཞིན་དུ་སྒོ་དེ་དག་གི་རླུང་དང་དབུ་མར་བཙུད་ནས་གཡོ་མེད་དུ་གནས་པ་ཡང་དེ་ཙམ་ཞིག་འོང་ངོ་། དེའི་ཕྱིར་བདེ་མཆོག་བསྟོད་འགྲེལ་ལས། དེ་ནས་འཛིན་པ་ཞེས་བྱ་བ་ནི་སྲོག་གི་རླུང་ལྟེ་བ་དང་སྙིང་ག་དང་ལྐོག་མ་དང་དཔྲལ་བ་དང་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྣམས་སུ་འཇུག་པས་ཐིག་ལེ་ལ་སྲོག་གནས་ཤང་ཕྱིར་མི་འབྱུང་བ་ནི་འཛིན་པའི་ཡན་ལཏ་ཏུ་བསྟན་ཏོ། ཞེས་རླུང་དབུ་མར་འབྱུང་འཇུག་མི་བྱེད་པར་གནས་པ་ལ་འཛིན་པའི་ཡན་ལག་ཏུ་གསུངས་པ་ཡང་དུ་མ་ཞིག་འོང་ཞིང་དེ་མེད་པར་ཚེ་བ་ཆིག་ལ་མཆོག་འགྲུབ་པ་འང་མི་སྲིད་དོ། བྲམ་ཟེར་ཆེན་པོས་ཀྱང་། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། རྨོངས་པའི་འཇིག་རྟེན་མགོ་བོར་རྡོག་པས་མནན་ནས་སོང་། གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུང་ཞིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང་།


JLD009_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་ཉི་ཟླའི་རླུང་དྷཱུ་ཏཱིར་བཙུད་ཅིང་། བཙུད་པ་དེའི་འབྱུང་འཇུག་གི་རྒྱུ་བ་བཅད་པ་ལ་བརྟེན་ནས་གཏུམ་མོ་འབར་བས་བཞུས་པའི་བྱང་སེམས་ཀྱིས་ལུས་བཀང་བའི་བདེ་སྟོང་སྦྱར་ནས་རྨོངས་པ་རྩད་ནས་གཅོད་པ་གདམས་ངག་ཐམས་ཅད་ཀྱི་གནད་བསྡུས་པར་གསུངས་སོ། །རླུང་དབུ་མར་འབྱུངའཇུག་མི་བྱེད་པར་གནས་པ་ཙམ་གྱིས་མི་ཆོག་གི་དེར་ཐིམ་པ་ཡང་དགོས་ཏེ། བྲམ་ཟེར་ཆེན་པོས། རླུང་དང་མེད་དང་ཆུ་དང་དབང་ཆེན་འགག་པ་ན། བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག ནམ་ཞིག་སྦྱོར་བ་ཞིག་གནས་གཅིག་ལ་ནི་ཞུགས་པ་ན། བདེ་ཆེན་མཆོས་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། ཞེས་སོ། དེ་ལ་སྦྱོར་བཞི་ནི། དགོངས་པ་ལུང་སྟོན་ལས། སྦྱོར་བ་ཞིས་བསྡུས་པ་བརྒྱ་ཕྲག་དགུ །ཞེས་ས་ཆ་མེ་རླུང་གི་སྦྱོར་བ་ཞིས་རླུང་རེ་རེ་ཡང་དགུ་བརྒྱ་རེ་རྒྱུ་བར་བཤད་པས་འབྱུང་བཞིའི་རླུང་ངོ་། གནས་གཅིག་ནི་དབུ་མ་སྟེ་དེར་ཞུགས་པའོ། དེ་བཞི་སྔ་མ་ཕྱི་མ་ལ་ཐིམ་པ་ནི། མེ་དང་རླུང་དང་དབང་ཆེན་སའི་རླུང་འགགས་པའོ། རླུང་གི་རླུང་སེམས་སྣང་བ་དང་པོ་ལ་ཐིམ་པ་ནི་རླུང་ནི་སེམས་ལ་འཇུག་པའོ། བདེ་ཆེན་སྤེ་བའི་དུས་སུ་ནི་བདུད་རྩི་སྟེ་བྱང་སེམས།་རྒྱ་སྟེ་འཛག་པའི་དུས་ཏེ་གཏུམ་མོ་འབར་བའི་མཐུས་སོ། ཡང་དོ་ཧ་ལས། མིག་ནི་མི་འཛུམ་སེམས་འགོག་དང་། །རླུང་འགག་པ་ནི་དཔལ་ལྡན་བླ་མས་རྟོགས། །གང་ཚེ་རླུང་རྒྱུ་ནི་མི་གཡོ་སྟེ། འཆི་བའི་ཚེ་ན་རྣལ་འབྱོར་མས་ཅི་བྱ། ཞེས་གདམས་


JLD009_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་གནད་རྟོགས་པའི་བླ་མས་བསྟན་པ་ལས་མུ་སྟེ་ལྟར་མིག་བཙུམས་ཏེ་མི་བསྒོམས་པར་མིག་མི་འཛུམ་པའི་ལྟ་སྟངས་ལ་གནས་ཏེ། སྲོག་དྷཱུ་ཏཱིར་སྲུང་བའི་ཐབས་ལ་སེམས་གཞན་དུ་འགྲོ་བ་བཀག་ནས་སེམས་བཟུང་བས་རླུངས་རྒྱུ་བ་འགགས་པ་སྟེ་ཐིམ་ནས་མི་གཡོ་བར་གནས་ཏེ། འཆི་བའི་རིམ་པ་བཞིན་འབྱུང་བའི་ཚེ་ན་སྟེ། དེའི་དུས་སུ་འོད་གསལ་འཆར་བའི་སྲོགས་སུ་རྣལ་འབྱོར་མའི་ཕྱག་རྒྱས་ཅི་ཞིག་བྱ་སྟེ་མི་དགོས་སོ། ཞེས་པའི་དོན་ནོ། འདིས་ནི་དེའི་དུས་སུ་མི་དགོས་པར་སྟོན་གྱི་སྔ་རོལ་ཏུ་ཕྱག་རྒྱ་ལ་སྟོས་པ་མི་འགོག་གོ །རླུང་ཐིམ་པ་དགོས་པ་འདི་དེ་ཁོ་ན་ཉིད་གྲུབ་པ་ལས་ཀྱང་གསལ་བར་གསུངས་ཏེ། ཇི་སྐད་དུ། དཔེར་ན་ནམ་མཁའི་ངོས་སུ་ཁྱབ་པའི་ཆུ་འཛིན་གྱི་ཚོགས་སྟུག་པོ་དེངས་པར་གྱུར་པ་ན་གང་དུ་སོང་བ་མི་ཤེས་པ་དེ་བཞིན་དུ་རླུང་འདི་ཡང་སྔར་རྒྱུན་མི་འཆང་བར་འབྱུང་བ་ལས་དེ་ལྟར་ཐིམ་པར་གྱུར་པ་ན། མཆོག་ཏུ་ལྡོག་ཅིང་ཚིམ་པ་ཐོབ་པས་གང་དུ་ཡང་འགྲོ་བར་མི་འགྱུར་རོ། ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང་སྟོང་བ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྐྱེས་ཏེ། ཞེས་གསུངས་ཏེ། ཀུན་རྟོག་གི་གཞོན་པའི་རླུང་དང་སྣང་མཆེད་ཐོབ་གསུམ་གྱི་རླུང་ཐིམ་ནས་སྟོང་པ་བཞི་པ་འོད་གསལ་ལྷན་སྐྱེས་ཀྱི་རླུང་རང་གནས་སུ་གནས་པའི་འདུས་སུ་


JLD009_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་འཆར་བར་གསུངས་སོ། རྟགས་འཆང་ཚུལ་ནི། སྒྲུབ་ཐབས་གཙུག་ནོར་ལས། དེ་ལས་གཟུངས་ནི་ཐོབ་པར་འགྱུར། ཞེས་པའི་མཇུག་ཏུ། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཀའི་རྣམ་པ་ཅན། གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །དེ་ལྟ་བུ་ཡི་མཚན་མཐོབ་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་པ་ཡིན། །ཞེས་གསུངས་ཏེ། འདི་ནི་ལྟེ་བར་ལྟར་སེམས་བཟུང་བ་ལས་རྟགས་རྣམས་འཆང་བའི་སྐབས་ཏེ། སྲོག་དྷཱུ་ཏཱིར་སྡུད་པའི་ཐབས་ཐམས་ཅད་ལ་རྟགས་འདི་རྣམས་འཆར་རོ། རི་དྭགས་སྲེག་ནི་སྨིག་རྒྱའོ། རྟགས་བཞི་པོ་འདི་སྔ་མ་ལས་ཕྱི་མ་གསལ་དུ་སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་གསུངས་ཀྱི་དེ་རྣམས་དང་འདྲ་བའི་སྣང་བ་འཆང་བ་མིན་ཞེས་པ་དང་། ཁ་ཅིག །རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན་ཞེས་པ་དང་། ཁ་ཅིག དུ་བ་སོགས་དང་འདྲ་བའི་སྣང་བ་འཆར་བ་ལ་བཞེད་པ་གསུམ་བྱུང་བ་ནི་ཕྱི་མ་ཉིད་ལེགས་པ་ཡིན་ནོ། རླུང་འདུ་ཕུལ་ཆེ་ཆུང་ལ་སོགས་པའི་གནད་ཀྱིས་རྒྱ་ཆེ་ཆུང་དང་བརྟན་མི་བརྟན་སོགས་སྣ་ཚོགས་ཤིག་འཆར་བས་མཐའ་གཅིག་ཏུ་མ་ངེས་པའོ། དུ་བ་ལ་སོགས་པ་འདི་རྣམས་སྲོག་དང་དབུ་མར་སྡུད་པའི་ཐབས་ཁྱད་པར་ཅན་གྱི་སེམས་འཛིན་དང་། དེ་ལྟ་བུ་མིན་པའི་སེམས་མི་རྟོག་པར་འཇོག་པ་བསྐྱངས་པ་རྣམས་ལ་འང་


JLD009_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པ་གཉིས་ཡོད་པ་ཁྱད་པར་ལེགས་པར་ཕྱེད་དགོས་སོ། ཐབས་སྔ་མ་ལ་འབྱུང་བ་ལ་ཡང་ཕྱིན་ཅི་ལོག་གེ་སའི་རླུང་ལ་སོགས་པ་རྣམས་ལྡོག་རུང་དུ་སོང་བ་དང་། ཅུང་ཟད་ལོག་པ་དང་། གཏན་ནས་ལོག་པའི་རྟགས་གསུམ་ཡོང་པར་སྨན་ཞབས་ཀྱིས་བཤད་པ་ལྟར་དབང་པོའི་སྒོ་རྣམས་ནས་ཕྱིར་ཧ་ཅང་གཡོ་བའི་རླུང་ཅུང་ཟད་ནང་དུ་ལྡོག་པར་རྩོམ་པ་དང་། ཅུང་ཟད་ལོག་པ་དང་། དབུ་མར་ཅུང་ཟད་ཚུད་པ་ལ་སོགས་པའི་རྟགས་ནས་བཟུངས་སྟེ། ལྨ་མཐོན་པོར་སོང་བའི་སྐབས་ཀྱི་ལྷོག་པ་དང་། ལོག་རྟགས་ཁྱད་པར་ཅན་དུ་གྱུར་པའི་རིམ་པ་དུ་མ་ཞིག་ཡོད་པ་ལས། འདིར་ནི་སྲོག་དབུ་མར་ཐིམ་པར་རྩོམ་པའི་ཐིམ་རིམ་གྱི་སྐབས་ཡིན་ཏེ། སྨིག་རྒྱུ་ནས་ནམ་མཁའི་སྤྲིན་མེད་ཀྱི་བར་རྣམས་པར་མཆད་དུ་འབྱུང་བའི་སྐབས་སོ། མཚན་མ་བརྒྱད་ནི། མངོན་བརྗོད་ལས། ཐམས་ཅད་གསལ་བྱེད་སྒྲོན་པ་ནི། དང་པོའི་མཚན་མ་དག་ཏུ་བལྟ། གསལ་བྱེད་གློག་གི་ཆ་ཙམ་སྟེ། མཚན་མ་གཉིས་པ་དག་ཏུ་བརྟག །དཀར་པོའི་འོད་ཀྱི་ཚུལ་ཅན་ནི། ཕྱོགས་བཅུ་དག་ཏུ་བལྟ་བྱ་སྟེ། །དྲུག་པ་གཟུགས་མེད་ཡེ་ཤེས་ཏེ། །བདུན་པ་དག་ནི་ཆོས་ཀྱི་དབྱིངས། །བརྒྱང་བ་རང་ཉིད་འདོད་བཞིན་དུ། །སངས་


JLD009_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འབྲས་བུ་དག་ཡིན་ནོ། །ཞེས་གསུངས་སོ། གཉིས་པ་ལ་སྲིན་བུ་མེ་ཁྱེར་དུ་མངོན་བརྗོད་ཁ་ཅིག་ལས་གསུངས་ཏེ། ཧེ་རུ་ཀ་མངོན་འབྱུང་དང་། སམྦུ་ཊ་དང་མཐུན་ནོ། གསུམ་པ་ལ་མངོན་འབྱུང་ལས། རྡུལ་ཕྲན་དཀར་པོའི་རྣམ་པར་སྣང་། ཞེས་དང་། སམྦུ་ཊཪ་ཙན་ཀའི་དབྱིངས་སུ་བཤད་དོ། བཞི་བ་ལ་མངོན་བརྗོད་འགྲེལ་བར། འདོད་ལྷའི་ལོངས་སྤྱོད་སྣང་བ་ཞེས་འབྱུང་སྟེ། འདོད་ལྷའི་ཁམ་ཟས་ཀྱི་ལོངས་སྤྱོད་ནི་བདུད་རྩི་ཡིན་ལ། འདིར་ནང་གི་བདུད་རྩི་དཀར་པོ་རྩ་སྟོང་ཕྲག་དོན་གཉིས་ནས་འབབ་པ་མཐོང་བའོ། ལྔ་པ་ལ་མངོན་བརྗོད་མང་པོ་ལས། གཟུགས་དང་རེག་སོགས་ཀྱི་ལྷ་མོ། ཞེས་འབྱུང་བ་ལྟར་ན། ཡུལ་ལྔའི་ལྷ་མོར་སྣང་བ་བྱུང་ནས་ཡེ་ཤེས་བསྐྱེད་པའོ། མངོན་བརྗོད་ཁ་ཅིག་དང་། རྒྱུད་གཞན་ནས་གཟུགས་ཀྱི་ལྷ་མཐོང་བར་བཤད་པ་དང་། མངོན་བརྗོད་འགྲེལ་བར་གཟུགས་ཀྱི་ལྷའི་པར་བར་སྣང་བ་ཞེས་པ་ལྟར་ན་གཟུགས་ཁམས་པའི་ལྷ་རྣམས་ཕྱིའི་འདོད་ཡོན་ལ་ཆགས་པ་དང་བྲལ་ནས་ཁ་ནང་དུ་བལྟས་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་བ་བཞིན་དུ། ཡུལ་ལྔལ་ཁ་ཕྱིར་བ་ལྟས་པའི་དབང་ཤེས་རྣམས་ཐིམ་པའི་སྐབས་སོ། གཟུགས་མེད་པའི་ཡེ་ཤེས་ནི་བྲན་རྟོགས་གཡོ་བའི་རླུང་ཐིམ་པས་ཡེ་ཤེས་ཀྱི་ངོ་བོར་གཟུགས་སྒྲས་སོགས་སུ་སྣང་བའི་གཟུགས་སྣང་རགས་པ་ཐིམ་པའི་སྐབས་སོ། འདི་ལ་མངོན་འབྱུང་ཁ་ཅིག་ལས། སྲེད་མེད་ཀྱི་ལོངས་སྤྱོད་དང་། ཁ་ཅིག་ལས་འཇིགས་པའི་ལོངས་སྤྱོད་


JLD009_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཀྱང་འབྱུང་ངོ་། བདུན་པ་ཆོས་ཀྱི་དབྱིངས་ནི་དེ་ནས་སྟོང་པ་བཞི་ཤར་པའོ། བརྒྱད་པ་རང་གི་འདོད་པ་བཞིན་དུ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་ནི་སྟོང་པ་བཞི་པ་འོད་གསལ་ལ་སྔར་ཇི་ལྟར་འཕེན་པ་བཏང་བ་བཞིན་དུ་ཟུང་འཇུག་གི་སངས་རྒྱས་ཀྱི་སྐུར་ལངས་པ་སྟེ་སློབ་པའི་ཟུང་འཇུག་གོ །དགུ་པ་བླ་མའི་བླ་མ་ནི་མི་སློབ་པའི་ཟུང་འཇུག་སྟེ། འོད་གསལ་གྱི་བླ་མ་སྟེ་གོང་མ་སློབ་པའི་ཟུང་འཇུབ་ལས་བླ་མ་སྟེ་གོང་མར་གྱུར་བའོ། གསུམ་དེ་ལ་བརྟན་ནས་སྟོང་ཕྱོགས་དང་སྣང་ཕྱོགས་ཀྱི་རྫོགས་རིམ་སྐྱེ་ཚུལ་ལ་གཉིས། །སྟོང་ཕྱོགས་ཀྱི་རྫོགས་རིམ་སྐྱེ་ཚུལ་དང་། །སྣང་ཕྱོགས་ཀྱི་རྫོགས་རིམ་སྐྱེ་ཚུལ་ལོ། དང་པོ་ནི། ལྷུ་ཨི་པའི་འགྲེལ་པ་ཇོ་བོས་མཛད་པ་ལས། །སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པར་བསམ་མོ། དེ་ཡི་མཚན་ཉིད་བསྟན་པའི་ཕྱིར། །དངོས་པོ་མེད་པའི་སེམས་ཉིད་ཡིན། ཞེས་བྱའོ། དེ་ཡང་བསམ་ཀྱིས་མི་ཁྱབ་བསམ་ནི་འོད་གསལ་དུ་བསྒོམ་པའོ། ཞེས་གསུངས་ཏེ། སེམས་ཉིད་དུ་ཡང་བསྒོམ་མི་བྱ། ཞེས་པ་དང་། དངོས་པོ་མེད་པའི་སེམས་ཉིད་ཡིན། ཞེས་པ་ནི་འགྱུར་ཁྱད་ཙམ་ཡིན། དེས་སེམས་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེ་བར་ཐོབ་པ་གསུམ་བསྟན་ནོ། དེ་ཡང་ས་ཆུ་ལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ་དང་། མེ་རླུང་ལ་ཐིམ་པའི་སྐབས་གསུམ་དུ་སྨིག་རྒྱུ་ངང་དུ་བ་དང་མེ་ཁྱེར་དུ་སྣང་བ་གསུམ་དང་། ཀུན་རྟོག་གི་གཞོན་པའི་རླུང་སེམས་ལ་ཐིམ་པའི་དུས་སུ་རླུང་མེད་པའི་མར་མེ་འབར་བ་ལྟ་


JLD009_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བུར་སྣང་བ་འབྱུང་། དེའི་རྗེས་སུ་མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར་སྦྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། ཞེས་སྔར་དྲངས་པའི་དོན་ནོ། སྤྲིན་མེད་པའི་ནམ་མཁའ་གཡའ་དག་པ་སྣང་བ་ཡིན་ཞེས་པ་འདིའི་གཙོ་བོ་འོད་གསལ་ཡིན་མོད་ཀྱང་། སྟོང་པ་གཞན་གསུམ་ཡང་འདིས་སྟོན་ནོ། དེ་ཡང་དཔེར་ན་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་དམར་སེར་ཀྱིས་ཁྱབ་པ་དང་། སྲོད་ཀྱི་སྨག་ནག་པོའི་མུན་པས་ཁྱབ་པ་དང་། དེ་སངས་ནས་ཟླ་བའི་འོད་ཀྱིས་ཁྱབ་པའི་སྐབས་གསུམ་དང་། ནམ་མཁའི་རང་མདོག་ཇི་བཞིན་དུ་ཐོན་པའི་སློད་བྱེད་གསུམ་པོ་དེ་དང་བྲལ་བའི་ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་སྟེ་བཞི་ཡོད་དོ། དཔེ་དེ་བཞན་དུ་ཡིད་ངོར་ཕྱོགས་མཚམས་རྒྱ་ཆད་པ་མེད་པར་སྟོང་སང་ངེ་བ་ལ་འོད་ཟེར་དཀར་པོ་ཤར་བའི་རྣམ་པ་ཅན། ཡུལ་སྣང་གཞན་མི་འཆར་བ་ནི་སེམས་སྣང་བ་དང་པོ་སྟེ་སྟོང་ལ་ཞེས་ཀྱང་ཟེར་རོ། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་ཡུལ་སྣང་གཞན་གང་ཡང་མེད་པ་སྟོང་


JLD009_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་གྱིས་འགྲོ་སྟེ། དེ་ཐམས་ཅད་ཀུང་བདེ་བ་ཆེན་པོའི་ངོ་བོར་སྐྱེའོ། དེ་ནས་མུན་ནག་ལྟར་སྣང་བ་དང་དྲན་མེད་དེ་སངས་པ་ན་ཐོན་ངས་ཀྱི་ནམ་མཁའ་གཡའ་དག་པ་ཁ་དོག་སློད་བྱེད་གྱི་སྐྱོན་དང་བྲལ་བ་བཞིན་དུ་འོད་གསལ་མཐའ་དབུས་མེད་པའི་ཏིང་ངེ་འཛིན་སྐྱེ་སྟེ། ཐམས་ཅད་སྟོང་པ་ཞེས་ཀྱང་ཟེར་རོ། སྟོང་པ་བཞི་གའི་དུས་སུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་བདེ་སྟོང་སྦྱོར་བ་ཡིན་མོད་ཀྱང་གཙོ་བོ་ནི་འོད་གསལ་གྱི་དུས་སོ། བསམ་གྱིས་མི་ཁྱབ་པ་ནི། དྲིལ་བུ་པས། ཕྱི་དང་ནང་གི་རང་བཞིན་ཉིད། ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། བསམ་གྱིས་མི་ཁྱབ་ཅེས་བཤད་དོ། ཞེས་གསུངས་བས་ཆོས་རྣམས་ཀྱི་ཡིན་ལུགས་སྟོང་པ་ཉིད་དེ། དེ་ནི་ཐ་སྙད་པའི་ཤེས་པ་རྣམས་དང་མཐའ་འཛིན་གྱི་བློའི་ཡུལ་ལས་འདས་པས་ན་དེ་རྣམས་ལ་ལྟོས་ཏེ་བསམ་མི་ཁྱབ་ཡིན་གྱི་བློ་གང་གིས་ཀྱང་བསམ་པར་མི་ནུས་པ་མིན་པས་བསམ་གྱིས་མི་ཁྱབ་པ་དེ་ཡང་བསམ་པར་བྱ་བར་གསུངས་སོ། དེ་ལྟར་བྱས་ན་སྔོམ་འབྱུང་ལས། གང་གི་ཚེ་ནི་དེ་ཉིད་རིག བསམ་པ་ཐམས་ཅད་བསམ་དུ་མེད། །གང་དུ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །ཞེས་དེ་ཁོ་ན་ཉིད་རིག་པའི་དོན་དེ་སེམས་པར་ཡང་གསུངས་ཤིང་། བསམ་པ་ཐམས་ཅད་ཀྱིས་བསམ་དུ་མེད་པར་ཡང་གསུངས་པ་གཉིས་མི་འགལ་བར་འགྱུར་ལ། སེམས་གང་གིས་ཀྱང་རིག་པ་དང་སེམས་པར་བྱར་མེད་ན་འགལ་བར་འགྱུར་རོ། ཡང་དེ་


JLD009_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས། ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་བསམ་མི་བྱ། །སྟན་ལ་གནས་བྱས་བླ་མ་ཡི། །དྲིན་གྱིས་ཡང་དག་སྤར་བར་བྱ། །མཁའ་དང་ནམ་མཁའ་མཉམ་དེ་བཞིན། །སེམས་ནི་རོ་མཉམ་བསྒོམ་བྱ་སྟེ། །ཞེས་ཡུལ་དེ་ཁོ་ན་ཉིད་མཐར་འཛིན་གྱི་ཡུལ་ལས་འདས་པ་དེ་ཁོ་ན་བཞིན་དུ་མཐར་འཛིན་གྱི་དམགིས་གཏད་མ་ལུས་པར་བ་ཤིག་པའི་ཡུལ་ཅན་ཡང་དེ་དང་མཐུན་པར་ཞུགས་པའི་རོ་མཉམ་བསྒོམ་པར་གསུངས་ལ། ཅུང་ཟད་ཀྱང་མི་བསམ་པར་གསུངས་པ་གཉིས་མི་འགལ་བ་ཡང་ཤེས་པར་བྱའོ། སེམས་དཔའ་ཉིད་དུ་མཚོན་པ་མིན། །ཞེས་པ་ནི་བསམ་གྱིས་མི་ཁྱབ་པོ་སྙམ་དུ་སེམས་དཔའི་ཚུལ་གྱིས་མཚོན་པ་སྟེ་བ་རྟག་པ་མིན་ཞེས་པའི་དོན་དུ་བཤད་དོ། དེས་ན་མངོན་བརྗོད་ལས། སེམས་ཅན་ཉིད་ཀྱང་མི་བསམ་སྟེ། ཞེས་པའི་ས་ཏྭ་སེམས་དཔའ་ལ་བསྒྱུར་རྒྱུ། པ་དང་ཅན་ནི་དོན་གཅིག་ཏུ་བསམས་ནས་སེམས་ཅན་བསྐྱུར་ཏེ་མི་ལེགས་སོ། ཁྱད་པར་གསལ་བྱེད་ལས། །སེམས་རིན་པོ་ཆེ་ནམ་མཁའ་དང་མཉམ་པ་འདི་འོད་གསལ་ཉིད་དུ་གྱུར་པ་ལས་གང་སྲོག་རླུང་གིས་བརྟན་པར་གྱུར་པ་དེར་འཛིན་པའོ། ཞེས་རགས་པའི་སྲོག་རླུང་ཐིམ་ནས་ཕྲ་བའི་སྲོག་རླུང་བརྟན་པས་སེམས་འོད་གསལ་དུ་ཞུགས་པ་སྐྱོད་པ་ཡན་ལག་དྲུག་གི་འཛིན་པའི་ཡན་ལག་ཏུ་བཤད་པ་ནི། འདུས་པ་ཕྱི་མ་ལས། རང་དབང་རིན་ཆེན་དགག་པ་ཡི། གཟུང་བ་འཛིན་པ་ཡིན་པར་བཤད། སེམས་ན་འགོག་པའི་རྡོ་རྗེར་འགྱུར། ཞེས་གསུངས་པའི་དོན་དུ་འདོད་དོ་


JLD009_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་གསལ་ལས། རང་བཞིན་གཟུགས་ལ་སོགས་པའི་ཡུལ་དང་། དབང་པོ་ནི་མིག་ལ་སོགས་པ་སྟེ། ངེ་གཉིས་དགག་པ་སྟེ་ཐིམ་ནས་དེའི་འོག་ཏུ་རིན་ཆེན་སེམས་སྲོག་རླུང་དང་བཅས་པ་བཀག་ཅིང་ནུབ་པར་གྱུར་པའི་གཟུང་བ་ནི་འཛིན་པ་སྟེ། ཡང་དག་པའི་མཐའ་འོད་གསལ་དུ་བཤད་པ་དང་མཐུན་ནོ། སེམས་རླུང་དང་བཅས་པ་ཐིམ་པ་ནི་སེམས་གསུམ་རིམ་གྱིས་ཐིམ་པའོ། སྙིང་ག་དང་ལྟེ་བ་དང་གསང་གནས་ཀྱི་སྣ་རྩེར་སེམས་བཟུང་བ་ལས་སྔར་བཤད་པ་ལྟ་བུའི་སེམས་འོད་གསལ་དུ་ཞུགས་པ་ཐམས་ཅད་འཛིན་པའི་ཡན་ལག་ཏུ་ཁྱད་པར་གསལ་བྱེད་ལས་བཤད་དོ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བ་བཞི་ནི། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་དགའ་བ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་གསུངས་སོ། དེ་ཡང་མངོན་བརྗོད་ལས། དགའ་བ་དང་པོ་ཡེ་ཤེས་ཏེ། །མཆོག་ཏུ་དགའ་བ་མཉམ་པར་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། །དེ་དང་ཆོ་གའི་རིམ་པའོ། །ཐིག་ལེ་གཞུང་གི་སྦྱོར་ཤེས་ན། །ཕྲ་བའི་སྦྱོར་པས་བལྟ་བར་བྱ། །ཞེས་གསུངས་པའི་དགའ་བཞིའི་རིམ་པ་ནི་ཡས་བབས་ཀྱི་རིམ་པ་ཡིན་ལ། རྐང་པ་ཐ་མ་གཉིས་ཀྱི་དོན་ནི། ཐིག་ལེའི་རྣལ་འབྱོར་བསྒོམ་པའི་གཞུང་གི་དོན་ཤེས་


JLD009_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡི་གེ་དང་ཐིག་ལེ་ཕྲ་མོའི་སྦྱོར་བ་སྟེ་རྣལ་འབྱོར་བསྒོམས་ནས་དགའ་བཞི་ཇི་ལྟར་སྐྱེ་བ་བལྟ་བར་བྱའོ་ཞེས་པའོ། འགྲེལ་པར། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པའོ། ཞེས་འཆད་དེ་དགའ་བ་བཞི་དང་རིམ་བཞིན་དུ་སྦྱར་རོ། ཡང་མངོན་བརྗོད་ལས། ལྟེ་བ་སྙིང་པད་ནུ་མའི་དབུས། ལྕེ་ཡི་རྩ་དང་མགོ་སྟེང་དུ། དགའ་བ་དང་ནི་མཆོག་དགའ་ཉིད། དམ་པར་དགའ་དང་ལྷན་ཅིག་སྐྱེས། དང་པོ་འདབ་མ་དྲུག་ཅུ་བཞི། གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། གསུམ་པ་འདབ་མ་བཅུ་དྲུག་པ། བཞི་པ་སུམ་ཅུ་རྩ་གཉིས་འདབ། ཕག་མོ་ལྟེ་བའི་རྩ་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག །ཅེས་ལྟེ་བར་དགའ་བ་དང་། སྙིང་གར་མཆོག་དགའ་དང་། །ལྕེའི་རྩ་བ་སྟེ་མགྲིན་པར་དམ་པ་སྟེ་ཁྱད་པར་གྱི་དགའ་བ་དང་། མགོ་བོའི་སྟེང་སྟེ་སྤྱི་བོ་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་བཤད་པ་ནི་མེས་བརྟན་གྱི་དགའ་བཞིའི་རིམ་པའོ། སྙིང་པད་ནི་སྙིང་གའི་རྩ་འཁོར་ཏེ་གཞན་གསུམ་ལའང་སྦྱར་རོ། ལྟེ་བའི་རྩ་བ་ཕག་མོ་ནི་གཏུམ་མོ་ཨ་ཐུང་དང་། ལྷན་སྐྱེས་ཁྲག་འཐུང་དུ་བཤད་པ་ནི་མས་བརྟན་གྱི་ལྷན་སྐྱེས་བྱང་སེམས་གྱེན་དུ་ལོག་པ་སྤྱི་གཙུག་ཏུ་ཕྱིན་པ་ན་སྐྱེ་པས་སྤྱི་གཙུག་གི་ཧཾ་ཡིག་ཧེ་རུ་ཀར་བསྟན་པའོ། བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན་ཡབ་བབས་ཀྱི་དགའ་བ་ཞི་སྐྱེ་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་བྱུང་བཤད་བྱ་སྟེ། བདེ་ཆེན་


JLD009_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྤྱི་བོ་ལ། དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །བྲལ་དགང་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་ཏེ། སྤྱི་བོ་ནས་མགྲིན་པའི་བར་དུ་སླེབས་པ་ན་དགའ་བ་སྐྱེལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། ཕྱག་ཆེན་ཐིག་ལེ་ལས་དེ་བཞི་སྦྱོར་བ་བཞིར་བཤད་དོ། མས་བརྟན་གྱི་གནས་ཀྱང་བྱང་སེམས་ནོར་བུ་ནས་བརྩམས་ཏེ་ལྟེ་བའི་འཁོར་ལོའི་བར་དུ་ལོག་པ་ན་དགའ་བ་སྐྱེ་སྟེ། དེའི་རིགས་པ་གཞན་གསུམ་ལའང་སྦྱར་རོ། མན་ངག་སྙེ་མར་མས་བརྟན་གྱི་བཞིག་ལྷན་སྐྱེས་ལ་ཆུང་ངུ་དང་བར་མ་དང་ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བར་བཤད་དེ། ཡབ་བབས་ཀྱི་བདེ་བ་བཞི་ལས་ནི་མས་བརྟན་གྱི་གཞི་བདེ་བ་ཆེ་བ་ཞིག་འོང་དགོས་སོ། དེ་ལྟར་བྱས་ན་ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་འོང་གསལ་གྱི་ཡེ་ཤེས་སུ་མི་རུང་ཡང་ལུགས་ལྡོག་གི་དགའ་བ་གཞན་གསུམ་ལྷན་སྐྱེས་སུ་འཇོག་པ་ཞིག་བཤད་ལ། དེ་བཞིན་དུ་ལུགས་མཐུན་གྱི་སྣང་མཆེད་ཐོབ་གསུམ་དང་། དེ་གསུམ་དགའ་བ་གསུམ་དུ་བཞག་པ་ལྷན་སྐྱེས་ཀྱི་དགའ་བར་མི་འཇོག་ཀྱང་ལུགས་མཐུན་ཡས་བབས་ཀྱི་དགའ་བ་གསུམ་ལྷན་སྐྱེས་ཀྱི་དགའ་བར་འཇོག་པའི་སྐབས་གཅིག་ཀྱང་ཡོད་པར་མངོན་ནོ། འོན་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་མིན་པའི་དགའ་བ་གསུམ་


JLD009_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྷན་སྐྱེས་མཚན་ཉིད་པར་འཇོག་ཏུ་མི་རུང་ངོ་། དོན་གྱི་དབང་འདི་གཟིགས་ནས་བརྟག་གཉིས་ལས། །རྫོགས་པའི་རིམ་པའི་ཕྱོགས་ལ་ནི། འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་བསྐྱེད་རིམ་གྱི་ཕྱོགས་ལ་ལྷན་སྐྱེས་ཀྱི་དགའ་བ་ལ་དགའ་བ་ཞིར་འབྱེད་པ་མེད་ཀྱང་རྫོགས་རིམ་ལ་དེ་ཡོད་པར་བཤད་དོ། འོན་ཀྱང་རྫོགས་རིམ་གྱི་དགའ་བ་གསུམ་པ་གང་ཡིན་ཐམས་ཅད་ལྷན་སྐྱེས་སུ་འཇོག་པ་མིན་ནོ། ཡང་ཀྱི་རྡོར་ལས། ཡང་ན་ཐམས་ཅད་བདག་ཉིད་དེ། །ཡང་ན་ཀུན་གྱིས་རྣམ་པར་སྤངས། །ཞེས་པའི་དོན་ལ་སྔར་བཤད་པ་ལྟ་བུ་ཞིག་དང་། བསྐྱེད་རིམ་པའི་ཕྱོགས་ལ་དགའ་བ་གསུམ་གྱི་ལྷན་སྐྱེས་སྤངས་པ་དང་། རྡོགས་རིམ་པའི་ཕྱོགས་ལ་ལྷན་སྐྱེས་དགའ་བ་གསུམ་གྱི་བདག་ཉིད་དུ་ཡང་འགྱུར་བ་དང་གཉིས་སུ་བཤད་པར་བྱའོ། འདི་ནི་ཤིན་ཏུ་རྟོགས་པར་དཀའ་ལ་གནད་ཆེ་བ་ཞིག་ཡོད་པས་ཁོ་བོས་ཕྱོགས་ཙམ་ལ་བསྟན་པ་ཡིན་པས་ད་དུང་ཞི་བ་ཏུ་ཤེས་དགོས་སོ། མན་བརྟན་གྱི་དུས་སུ་བྱང་སེམས་གྱེན་དུ་ལོག་པ་སྤྱི་བོར་མ་བརྟན་བར་དུ་བདེ་བ་མི་བརྟན་ལ། སྤྱི་བོར་བརྟན་ནས་བདེ་བ་བརྟན་པར་གསུངས་ཏེ། ཕྱག་ཆེན་ཐིག་ལེ་ལས། དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་པས་འབབ་པར་འགྱུར། །པདྨའི་ལྟེ་བའི་དབུས་གནས་པ། །གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མི་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་


JLD009_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་འཐོབ། །ཅེས་སོ། ཡིད་ནི་ཁུ་བ་དང་མི་མཐུན་པ་ནི་ལུས་ལྡོག་དང་། བརྟན་པ་ནི་སྤྱི་ནོར་ཡིན་པར་མན་སྙེ་ལས་གསུངས་སོ། འདིར་བ་བདེ་བ་ཆེན་པོ་ནི་ལམ་གྱི་སྲོག་ཡིན་ལ། དེ་བརྟན་པ་ནི་མས་བརྟན་གྱི་བདེ་བ་ལ་རག་ལས་པས་ན་དེ་བསྐྱེད་ཚུལ་གལ་ཆེའོ། དེ་ཡང་མན་སྙེ་ལས། དེའི་འཆར་བ་ནི་ནོར་བུ་ནས་བརྩམས་ནས་ལྟེ་བ་ཇི་སྲིད་པ་སྟེ་མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས་སྟེང་དུ་ཉེ་བར་འགྲོ། ཞེས་གསུངས་པའི་ཚིག་ཟིན་ལྟར་ན་ནོར་བུ་ནས་ཕྱིར་མ་འཕོས་ན་རང་ལོག་བྱེད་པ་འདྲ་བ་ཞིག་འདུག་ཀྱང་དེ་མིན་ཏེ། མ་འཕོས་ཀྱང་སྔར་གྱི་ལམ་དེ་ཉིད་ནས་མར་འོང་བ་ལྟར་མི་བྱེད་པར་གས་སོང་ཆ་མེད་དུ་འགྲོ་བ་དང་། ཕྱིར་ལོག་ཀྱང་སྤྱི་བོ་བར་དུ་ཐལ་གྱིས་འགྲོ་བའི་ངེས་པ་མེད་པར་གནས་དམའ་མོ་ནས་གྲམ་ནས་འགྲོ་བའང་འོང་བས་དེས་ན་ཡར་ལ་འགྲིལ་ནས་སྤྱི་གཙུག་པར་དུ་འགྲོ་བ་ཞིག་དགོས་པ་ནི་རྣལ་འབྱོར་པས་ཆེད་དུ་བྱ་དགོས་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། རླུང་གི་དེ་ཉིད་སྔོན་སོང་ནས། །དེ་ཉིད་སྟེང་དུ་རྒྱུ་བར་ནི། རྣལ་འབྱོར་བས་ནི་སྒྲུབ་པར་བྱེད། དེ་ལས་སྤྲུལ་པའི་འཁོར་ལོ་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། །ཞེས་གསུངས་ཤིང་། དེ་ནས་ཆོས་འཁོར་གྱི་སྟེང་དང་། དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་སྟེང་དུ་འགྲོ་བ་རྣལ་འབྱོར་པས་བྱེད་པར་གསུངས་སོ། ཀུན་སྤྱོད་ལས། ཡེ་


JLD009_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཕྱག་རྒྱ་དང་སྦྱར་བ་ལས་ཀྱང་དགའ་བཞི་སྐྱེ་བར་གསུངས་ཏེ། དང་པོ་དགའ་བ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །བདེ་དེ་ཐབས་དེ་ཀུན་རིག་པའོ། །ཞེས་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་ལ་ཡང་འདྲའོ། དེའི་དོན་ནི་འགྲེལ་པར་དགའ་བ་གསུམ་སྐྱེ་བའི་གནས་བཤད་པ་ནི། སྔར་བཤད་པ་དང་འདྲ་ཞིང་། དང་པོ་དཔའ་བོ་ལྟ་བུ་དང་། གཉིས་པ་རྣལ་འབྱོར་མ་ལྟུ་བུ་དང་། གསུམ་ཐབས་ཤེས་གཉིས་ཆར་ལ་བཤད་དེ། རབ་ཏུ་དགའ་བ་ནི་ཁྱད་དགའ་བོ། མ་ལུས་ཉིད་ནི་དགའ་བ་གསུམ་པོ་སྤངས་བའོ། དེ་ནི་བདེ་དེ་ཞེས་པ་རབ་ཏུ་དགའ་བའི་དབའ་བ་དེའོ། གསང་གནས་བསྐྱོད་པའི་ཐབས་དེ་ལ་བརྟེན་ནས་ཀུན་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེར་རྫོགས་པའོ། རིག་པ་ནི་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ལྷན་སྐྱེས་སོ། དེའི་ཆེ་བ་ནི། མཐོ་རིས་ས་སྟེངས་འོག་ཏུ། སྐད་ཅིག་གིས་ནི་ལུས་གཅིག་འགྱུར། ཞེས་པས་སྟོན་ནོ། དེའི་དོན་ནི་སྐད་ཅིག་གིས་ཏེ་ལྷན་སྐྱེས་ཀྱི་དགའ་བའི་སྟོབས་ཀྱིས་ས་གསུམ་པོ་ལུས་གཅིག་སྟེ་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་པར་འགྲེལ་པས་བཤད་པ། ལྷན་སྐྱེས་ཀྱི་བདེ་སྟོང་ཁྱད་པར་བ་བསྒོམས་པའི་སྟོབས་ཀྱིས་སྣོད་བཅུད་ཀུན་ལ་རྒྱས་བཏབ་སྟེ་བསྒོམས་པས་རྣལ་འབྱོར་པ་ལ་བདེ་སྟོང་དུ་འཆར་བའི་དོན་ནོ། མར་དོས་སྲུབ་པ་ནས་བརྩམས་ཏེ་རྡོ་རྗེར་ཕྱིན་པའི་བདེ་བ་ནི་རྣམ་རྟོག་རགས་པའི་ཕྱིར་ཐབས་ཡིན་པས་


JLD009_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་། ནོར་བུ་དང་ཉེ་བར་ཕྱིན་པའི་བདེ་བ་ནི་ཕྲབས་ན་ཤེས་རབ་ཡིན་པས་རྣལ་འབྱོར་མ་དང་། ནོར་བུར་ཕྱིན་པའི་བདེ་བ་ནི་དེ་ཡན་ཆད་ཀྱི་གཉིས་ཀ་བསྡུས་པས་ཁྱད་དགའ་དང་། ནོར་བུའི་རྩེར་སོན་པའི་བདེ་བ་ནི་ལྷན་ཅིག་སྐྱེས་དགར་འཆད་དེ། བྱང་སེམས་ཞུ་བ་རྡོ་རྗེའི་རྩ་བར་སླེབ་པ་ན་དགའ་བ་དང་། རྡོ་རྗེའི་མགྲིན་པར་སླེབས་པ་ན་མཆོག་དགའ་དང་། ནོར་བུར་ཕྱིན་པ་ན་ཁྱོད་དགའ་དང་། ནོར་བུའི་རྩེ་མོར་སོན་པ་ན་ལྷན་སྐྱེས་སྐྱེ་བར་རྒྱ་གཞུང་གཞན་ལས་ཀྱང་བཤད་པ་དང་མཐུན་ནོ། ཕྱག་རྒྱ་གཉིས་གང་རུང་ལ་བརྟེན་པ་དང་ནང་གི་ལུས་ཀྱི་གནད་དུ་བསྣུན་པའི་དམིགས་པ་བསྐྱངས་པ་ལས་དགའ་བ་ཞི་སྐྱེས་བ་ན་མཉམ་གཞག་ལ་བདེ་སྟོང་སྦྱར་ཏེ་བསྒོམ། དེ་ལས་ལངས་པ་ན་སྔར་བཤད་པ་ལྟར་བདེ་ཆེན་གྱིས་རྒྱས་བཏབ་ནས་བསྒོམས་ན་དེ་གོམས་པ་ལ་བརྟེན་ནས་ཡུལ་སྣང་གང་ཤར་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། ལས་ཀྱི་ཕྱག་རྒྱ་རབ་སྦྱོར་བས། ཉི་མ་རེ་རེ་བསྒྲུབ་པར་བྱ། དེ་ཡི་དུས་སུ་གང་མཐོང་བ། དངོས་པོ་ཀུན་ལ་བཏུང་བར་བྱ། འདོད་ཆགས་ཆེན་པོའི་ཚུལ་བདག་ཉིད། །རྟག་ཏུ་བདག་ཉིད་ལ་འབྱུང་འགྱུར། །ཞེས་གསལ་བར་གསུངས་ཏེ། འདོད་ཆགས་ཆེན་པོའི་ཚུལ་ནི་བདེ་བ་ཆེན་པོའོ། རྗེས་ཐོབ་ལ་དེ་ལྟར་བསྐྱངས་པའི་འོག་ཏུ་སླར་ཡང་ཕྱི་ནང་གི་ཐབས་གཉིས་གང་རུང་ལ་


JLD009_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་དགའ་བཞི་ཚན་པ་གཉིས་བསྐྱེད་ལ་མཉམ་པར་བཞག དེ་ལྟར་མཉམ་རྗེས་སྤེལ་བ་རྒྱུན་ལྡན་དུ་བྱའོ། གཉིས་པ་སྣང་ཕྱོགས་ཀྱི་རྫོགས་པའི་རིམ་པ་ནི། སྟོང་པ་བཞའི་སྒོ་ནས་ལུགས་མཐུན་དུ་ཞུགས་ཏེ་འོད་གསལ་དུ་གནས་ནས་མཉམ་པར་བཞག་པའི་མཐར་ལྡང་བ་ན་འོད་གསལ་གྱི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་ལྡང་ཞིང་ལངས་པ་དེ་བསྒོམ་པའོ། དེ་ཡང་བསམ་གྱིས་ཞེས་པའི་རྐང་པ་གཉིས་ཀྱིས་སྟོན་ཏེ། བསམ་གྱིས་མི་ཁྱབ་པ་ནི་འོད་གསལ་ལོ། དེ་བསམ་པ་ནི་སེམས་གསུམ་རིམ་གྱིས་ཐིམ་ནས་འོད་གསལ་དུ་ཞུགས་པ་དེ་བསྒོམ་པའོ། དེ་བསམས་ན་སྟེ་བསྒོམས་པ་དེ་ལས་གཟུངས་འཐོབ་པ་ནི་སྒྱུ་མའི་སྐུ་འཐོབ་པའོ། ཇོ་བོའི་འགྲེལ་པ་ལས་ཀྱང་། བསམ་གྱིས་མི་ཁྱབ་དེ་བསམས་ན། ཞེས་བྱ་བ་ལ་སོགས་པ་ལ་བསམ་གྱིས་མི་ཁྱབ་པ་ནི་འོད་གསལ་ལོ། འོད་གསལ་བའི་དང་ལས་སྔར་ཀྱི་སྒྱུ་མ་ལྟ་བུའི་ལྷའི་སྐུར་དྲན་པ་ཐོབ་པ་ལ་གཟུངས་ཞེས་བྱའོ། གཟུངས་ཐོབ་པ་ནི་སྒྱུ་མ་ལྟ་བུའི་སྐུར་ལངས་པའོ། ཞེས་གསུངས་ཏེ། སྔར་འོད་གསལ་གྱི་ངང་ནས་ལྷའི་སྐུ་སྒྱུ་མ་ལྟ་བུར་ལངས་པར་བྱའོ། སྙམ་པའི་འཕེན་པ་དྲན་ནས་ལྷའི་སྐུ་དེ་ཐོབ་པ་ལ་གཟུངས་ཞེས་བྱ་སྟེ། གཟུངས་དྲན་པར་བཤད་པ་ལ་དགོངས་སོ། ལཱུ་ཨི་པའི་འགྲེལ་པ་གསུམ་ལས་ཀྱང་། ཡང་སྔ་དྲོའི་ཐུན། འོད་གསལ་ལས་ལངས་ཏེ་དཀྱིལ་འཁོར་གྱི་འཁོར་ལོར་མོས་པ་བྱས་ཏེ་ཞེས་འབྱུང་ལ།


JLD009_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བསྐྱེད་རིམ་གྱི་སྐབས་སུ་མོས་པ་ཡིད་བྱེད་ཙམ་ཡིན་ཀྱང་དེ་ལྟར་སྦྱངས་པས་རྫོགས་རིམ་གྱི་སྐབས་སུ་དངོས་སུ་ནུས་པ་སྔ་མ་དང་མཐུན་ནོ། འགྲེ་པ་གཉིས་ལས་གཟུངས་ཕྱག་ཆེན་གྱི་དངོས་གྲུབ་ལ་བཤད་པའི་ཕྱག་ཚན་ནི་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་འགྲུབ་པའོ། དེ་ཡང་དངོས་བརྗོད་ལས། དེ་ནི་འཛིན་པ་ཐོབ་པར་འགྱུར། ཞེས་བསྒྱུར་ཏེ། དྷ་ར་ནི་འཛིན་པ་ལའང་པསྒྱུར་དུ་རུང་བའོ། དེའི་ལྟར་ན་རྡོ་རྗེ་འཛིན་པ་ཞེས་པ་རྡོ་རྗེ་འཆང་གི་མཚན་གྱི་ཕྱོགས་གཅིག་སྨོས་པའོ། འོད་གསལ་ལས་ལངས་པ་ན་དང་པོ་ཉེར་ཐོབ་དང་། དེ་ནས་མཆེད་པ་དང་། དེ་ནས་སྣང་བ་སྐྱེ་ལ། དེ་ནས་མར་མེ་ལྟར་འབར་ནས་སྨིག་རྒྱུའི་བར་བཞི་ལུགས་ལྡོག་ཏུ་འབྱུང་ངོ་། སེམས་ལ་ཉེར་ཐོབ་སོགས་ཀྱི་རིམ་པ་གསུམ་འབྱུང་ཡང་ལུས་སྒྱུ་མའི་སྐུར་ལྡང་བ་ནི་འོད་གསལ་ལས་ལངས་པ་དང་དུས་མཉམ་དུ་འབྱུང་ངོ་། ལུགས་འདིའི་རྫོགས་རིམ་གྱི་རྗེས་གཞིག་གི་སྡུད་རིམ་ལ་ནུས་པ་ཐོན་པའི་མཚམས་ནས་ལུས་དབེན་གྱི་སྐོར་ཅི་ཏིགས་པ་འབྱུང་ལ། རྡོ་རྗེ་བཟླས་པའི་རིམ་པ་ནི་ཤིན་ཏུ་གསལ། དེ་གཉིས་ཀྱི་རླུང་ལ་ནུས་པ་ཐོན་ནས་ལྟེ་བའི་དབུ་མའི་མདུད་པ་ལེགས་པར་གྲོལ་བའི་དབུས་སུ་རླུང་བསྡུས་ཏེ་ཐིམ་པར་མི་ནུས་པ་ཚུན་ཆད་ནི་རྡོར་བཟླས་ཀྱི་རིམ་པར་འདུ་ཞིང་། རྩ་མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། སྒྱུ་ལུས་དངོས་སུ་བསྐྱེད་ནུས་པ་


JLD009_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་བརླབ་ཀྱི་རིམ་པའོ། དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པ་དང་། དེའི་ཐབས་ཉེ་བའི་རྒྱུ་རྣམས་ལ་ནི་འོད་གསལ་དང་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱའོ། དེ་ཡང་དོ་ཧ་ལས། དེ་ཉིད་བསམས་ནས་རྣམ་རྟོག་རང་བཞིན་འགག་པར་འགྱུར། གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །རྣམ་རྟོགས་དང་ནི་ཡིད་ནི་མི་གཡོ་བརྟན་པར་གནས། །ཇི་ལྟར་ལན་ཚྭ་ཚུལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། ཞེས་གསུངས་པས་དེ་ཁོ་་ཉིད་ཀྱི་དོན་བསྒོམས་པས་རང་བཞིན་གྱི་རྟོག་པ་རྣམས་ཐིམ་སྟེ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་སེམས་ཆོས་རྣམས་ཀྱི་རང་བཞིན་ཡིན་ལུགས་ལ་ཞུགས་ཏེ། ལན་ཚྭ་ཆུལ་ཐིམ་པ་ལྟར་གྱུར་པ་མཚོན་བྱ་དོན་གྱི་འོད་གསལ་གྱི་ཡེ་ཤེས་སོ། དེས་ན་འོད་གསལ་ལས་སྤྱུ་མའི་སྐུར་ལྡང་བར་བཤད་པའི་འོད་གསལ་ལ་གཉིས་སུ་ཕྱེ་ནས་དོན་གྱི་འོད་གསལ་ལས་ལངས་པའི་མཚམས་སུ་ནི་སྤོབ་པའི་ཟུང་འཇུག་སྒྱུ་མའི་སྐུ་འགྲུབ་ལ། མཚོན་བྱེད་དཔེའི་འོད་གསལ་ལངས་པའི་མཚམས་སུ་ནི་སྒྱུ་ལུས་དངོས་དང་རྗེས་མཐུན་པ་གཉིས་ཀྱི་ལྡང་ཚུལ་ཡོད་དེ། རྗེས་དྲན་གྱི་ཡན་ལག་ནི། འདུས་པ་ཕྱི་མ་ལས། རྗེས་དྲན་གང་ཞིག་རྣམས་བསྒོམ་པ། དེ་དང་འདྲ་པར་སྤྲོ་བར་བྱ། རྗེས་སུ་དྲན་པ་ཞེས་བཤད་དོ། ཞེས་གསུངས་པའི་དོན་སྒྲོན་གསལ་ལས། སྔར་ལུགས་མཐུན་དུ་འཇུག་པའི་དུས་སུ་སྨིག་རྒྱུན་ས་འོད་གསལ་གྱི་བར་དུ་ཐོབ་


JLD009_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དང་འདྲ་བར་ཕྱིས་ལུགས་ལྡོག་ཏུ་ལངས་པའི་ཚེ་འོད་གསལ་ལས་ཉེར་ཐོབ་ནས་སྨིག་རྒྱུའི་བར་དུ་བྱུང་བ་ལ་བཤད་པ་བཞིན་དུ་བྱའོ། ཁྱད་པར་གསལ་བྱེད་ལས། འཛིན་པའི་མཇུག་ཐོགས་སུ་སྔར་བསྒོམས་པའི་ལྷ་ལ་རྗེས་སུ་དྲན་པ་འབྱུང་སྟེ། དེ་ཡང་བ་སྦུའི་བུ་ག་རེ་རེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆོད་ཀྱི་ལྷ་འོད་ཟེར་གྱི་རྣམ་པར་སྤྲོ་བ་ལ་རྗེས་དྲན་དུ་བཤད་དོ། ཏིང་འཛིན་གྱི་ཡན་ལག་ནི་འདུས་པ་ཕྱི་མ་ལས། །ཐབས་དང་ཤེས་རྦ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བཏགས་པ་ཡིན། །ཞེས་གསུངས་པས་སྟོན་ལ། །ཞེས་གསུངས་པས་སྟོན་ལ། །དེའི་དོན་ནི། །ཐབས་ནི་ཀུན་རྫོབ་གྱི་བདེན་པ་དག་པའི་སྒྱུ་མའི་སྐུའོ། །ཤེས་རབ་ནི་དོན་དམ་པའི་བདེན་པ་ལ་གསུངས་ཀྱང་དེ་དང་རོ་གཅིག་པའི་འོད་གསལ་གྱི་ཡེ་ཤེས་སོ། །སྙོམས་པར་འཇུག་པ་ནི་ངོ་བོ་དབྱེར་མེད་དུ་སྦྱོར་བའོ། །དངོས་པོ་ཐམས་ཅད་ནི་བརྟན་པ་དང་གཡོ་བའོ། །དེ་མདོར་བསྡུས་པ་གོང་བུའི་ཚུལ་གྱིས་ཏེ་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཅིག་ཏུ་བྱས་ནས་སྣོད་བཅུད་དེའི་དབུས་སུ་ཟུང་འཇུག་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམ་པར་བྱའོ། རིམ་པ་འདི་ཉིད་ཀྱིས་སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་རྫོགས་པར་གྱེད་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་


JLD009_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པར་བཤད་དེ་སྒྲོན་གསལ་གྱི་དགོངས་པའོ། སྣོད་བཅུད་ཐམས་ཅད་མདོར་བསྡུས་ཏེ་ཟུང་འཇུག་གི་སྐུར་གཅིག་ཏུ་བྱེད་ཚུལ་ནི་བརྟན་གཡོ་ཐམས་ཅད་ཀྱི་རྩ་བ་ནི་རླུང་དང་སེམས་ཙམ་དུ་ཟད་ཅིང་དེ་ཡང་ཟུང་འཇུག་གི་སྐུར་གཅིག་ཏུ་བསྐྱེད་པའོ། རིམ་པ་འདི་ཉིད་ཅེས་པ་ནི། འོད་གསལ་ལས་ཆུ་ལས་ཉ་ལྡང་གི་ཚུལ་དུ་བཞེངས་པའོ། སྐད་ཅིག་ཙམ་ཞེས་པའི་ཙམ་གྱི་སྒྲས་ནི་འོད་གསལ་ལས་གཞན་གྱིས་བར་ཆོད་པ་གཅོད་དོ། སྐབས་འདིར་སྒྲོན་གསལ་ལས། སྒྱུར་འཕྲུལ་དྲ་བ་ལས་བྱིན་གྱིས་བརླབ་པ་དང་། འོངས་སུ་རྟོགས་པ་དང་། གཟུགས་ཡོངས་སུ་རྫོགས་པའི་ལྷའི་རྣལ་འབྱོར་གསུམ་གསུངས་པ་ཁུངས་སུ་དྲངས་པའི་དང་པོ་གཉིས་ནི་ལྷའི་སྐུར་དཀྲོངས་བསྐྱེད་བྱེད་པ་དང་། ས་བོན་ལ་སོགས་པ་ལས་རིམ་གྱིས་བསྐྱེད་པ་དང་། །ཟུང་འཇུག་གི་སྐུ་བསྐྱེད་པའི་ཡེ་ཤེས་ཀྱི་སྐུ་གསུམ་ཡིན་ལ། དེའི་དང་པོ་གཉིས་ནི་མོས་པ་ཡིད་བྱེད་ཙམ་གྱིས་ལྷའི་སྐུར་བསྐྱེད་པ་ཡིན་གྱི་སྒྱུ་ལུས་གཉིས་ལྟར་ལྷའི་སྐུར་སྐྱེས་པ་མིན་ནོ། སྒྲོན་གསལ་དང་མཐུན་པར་ཀླུ་བྱང་གིས་ཀྱང་། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པའི། །ཟད་མེད་གོ་འཕང་སྒོམ་པར་བྱེད། །ཅེས་གསུངས་སོ། ཁྱད་པར་གསལ་བྱེད་ལས། འོད་གསལ་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུར་


JLD009_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ་དེ་ཡང་ཏིང་ངེ་འཛིན་ཞེས་བཤད་དོ། །ཞེས་བཤད་པ་ནི་སྒྲོན་གསལ་ལས་བཤད་པ་བཞན་ནོ། དྲིལ་བུ་པས་ཀྱང་། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། བྱིན་གྱིས་བརླབས་དང་རབ་རྟགས་དང་། བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། །རྣམ་འབྱོར་སངས་རྒྱས་རྣམས་ཀྱིས་བསྡགས། །གང་ཡང་ཅིག་སྦྱོར་བ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོར་འགྱུར། །རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན་ས་བོན་མེད་པར་བསྒོམ་བྱ་སྟེ། །ཞེས་ལྷའི་རྣལ་འབྱོར་གསུམ་བཤད་པ་ནི་སྒྱུ་འཕྲུལ་དྲ་བ་དང་འདྲ་ཞིང་། གང་ཡང་ཞེས་པ་བཞིས་ནི་རྣལ་འབྱོར་གསུམ་པའི་ལྷའི་སྐུ་སྟོན་ལ། སྐད་ཅིག་སྦྱོར་བ་ཡིས་ཞེས་པ་ནི། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། ཞེས་པ་དང་དོན་འདྲ་བས་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་དང་སྒྱུ་མའི་སྐུ་སྟོན་པ་ཡིན་པས་བསྐྱེད་རིམ་པའི་ལྷ་དཀྲོངས་བསྐྱེད་ལ་སྦྱོར་བ་ནི་འདི་དག་གི་རྣམ་གཞག་གཏན་མ་རྟོགས་པའོ། འདི་བདག་བྱིན་བརླབས་སུ་བཤད་ཅིང་འོད་གསལ་དུ་སྡུང་བ་ཡང་བཤད་པས་རིམ་པ་གསུམ་པའི་སྒྱུ་མའི་སྐུ་ལ་ཤས་ཆེར་སྦྱོར་དགོས་མོད་ཀྱང་རིམ་པ་ལྔ་བའི་སྒྱུ་མའི་སྐུ་མེད་པ་ཡང་མིན་ནོ། དེ་ལྟར་ན། དེ་ལས་འཛིན་པ་ཐོབ་པར་འགྱུར། ཞེས་པའི་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་ལ་རིམ་པ་གསུམ་པའི་སྒྱུ་ལུས་རྡོ་རྗེ་འཆང་གཅིག་དང་ཟུང་འཇུག་གི་རྡོ་རྗེ་འཆང་གཉིས་ཡོད་དོ། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། ཤེས་རབ་ཌཱ་མ་རུ་ཡི་སྒྲ། ཉིན་མོ་བཅོམ་


JLD009_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྡོ་རྗེ་ཅན། རྣལ་འབྱོར་མ་ནི་མཚན་མོར་བརྗོད། ཅེས་པའི་རྐང་བ་བཞིའི་ངེས་དོན་བཤད་པ། ཁ་ཊྭཱཾ་གས་ནི་སྒྱུ་མའི་ལྷ་སྐུ་སྟོན་ལ། ཌཱ་མ་རུའི་སྒྲས་ནི་ཤེས་རབ་འོད་གསལ་སྟོན་ནོ། དེའི་སྔ་མ་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་ཏེ་མཚན་དཔེའི་ངོ་བོར་དམགིས་པས་ཉིན་མོ་སྟེ་ཐབས་སོ། ཕྱི་མ་ནི་རྣལ་འབྱོར་མ་སྟེ་སྣང་བའི་སྤྲོས་པ་བསྡུས་པས་མཚན་མེ་སྟེ་ཤེས་རབ་པོ། མྱ་ངན་འདས་བྱུང་དཔའ་བོ་ནི། དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ། ཞེས་པ་ལྭ་བ་པ་དང་། ཤེས་རབ་བསྲུང་བའི་འགྲེལ་བར། །མྱ་ངན་ལས་འདས་པ་འཆི་བ་དང་། དེ་ལས་བྱུང་བ་ནི་དྲི་ཟའི་སེམས་ཅན་བར་དོ་སྟེ། དེ་ཡང་མངོན་ཤེས་ལྔ་དང་མཚན་གྱིས་བརྒྱན་པའི་ལུས་རྣམ་པར་ཤེས་པ་ཙམ་གྱིས་གཟུགས་ཅན་ནོ། དེས་ན་དྲུག་པ་སེམས་ཀྱི་སྤྲུལ་པ་ཞེས་བྱའོ། དཔའ་བོ་ནི་བཅོམ་ལྡན་འདས་ཏེ་དེའི་གཟུགས་སུ་བསྒོམ་པར་བྱའོ། ཡང་ན་མྱ་ངན་ལས་འདས་པ་ནི་ཉོན་མོངས་ཞི་བའི་ཆོས་དབྱངས་སོ། དེ་ལས་བྱུང་བ་ནི་སེམས་ཅན་གྱི་དོན་མཛད་པའི་ཡེ་ཤེས་ཀྱི་སྐུའོ། དྲུག་པ་ནི་ཆོས་ཀྱི་དབྱིངས་དང་། སེམས་ཀྱི་སྤྲུལ་པ་ནི་གདུལ་བྱའི་སེམས་སམ་སེམས་ཅན་ལ་ལྟོས་ནས་སོ་སོར་སྣང་བའོ། །ཞེས་བཤད་དོ། འཆི་བའི་འོད་གསལ་གྱི་རླུང་སེམས་ཙམ་ལས་བར་དོ་གྲུབ་པ་བཞིན་དུ་ལམ་གྱི་འོད་གསལ་གྱི་རླུང་སེམས་ཙམ་ལས་ཧེ་རུ་ཀའི་སྒྱུ་མའི་ལུས་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། སེམས་ཅན་གྱི་དོན་དུ་སྤྲུལ་པ་འགྱེད་པའོ། བཤད་པ་སྔ་མའི་


JLD009_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་ནི། རྣམ་ཤེས་ཚོགས་དྲུག་གི་དྲུག་པ་དང་། ཕྱི་མའི་དྲུག་པ་ནི་ཡུལ་དྲུག་གི་དྲུག་པ་ཆོས་ཀྱི་དབྱིངས་ཏེ་མྱ་ངན་ལས་འདས་བཞེས་པའོ། ཇོ་བོ་ཆེན་པོའི་འགྲེལ་པ་ལས། མྱ་ངན་ལས་འདས་པ་འོད་གསལ་བ་དང་། དེ་ལས་བྱུང་བ་ལྷ་རེ་གཉིས་སོ། །དེ་གང་ལ་བརྟེན་ནས་བྱུང་ན་སེམས་གསུམ་རླུང་དང་བཅས་པ་ལས་སྤྲུལ་བའོ། ཞེས་སྣང་མཆེད་ཐོབ་གསུམ་གྱི་སེམས་གསུམ་རླུང་དང་བཅས་པ་ལས་སྒྱུ་མའི་སྐུར་ལངས་པར་བཤད་དེ་སྟོང་བ་བཞི་ལས་དངོས་བརྒྱུན་ཅི་རིགས་པར་བྱུང་བའོ། ཚིག་གི་དོན་ཅུང་ཟད་མི་འདྲ་ཙམ་བཤད་པ་སྣ་མར་བྱུང་ཡང་དོན་ནི་ཕྱི་མ་ལྟར་ཤེས་པར་བྱའོ། བསྐྱེད་རིམ་གྱི་སྐབས་སུ་སྟོང་པར་སྦྱངས་པའི་ངང་ནས་བར་དོ་མཚོན་པའི་ནཱ་དང་ལངས་པའི་གནད་ཀྱང་ཚུལ་དེ་དག་གིས་ཤེས་དགོས་ཏེ། སྒྱུ་མའི་སྐུར་ལྡང་ཚུལ་མཐའ་དག་པ་ནི་ཤིན་ཏུ་རྟོགས་དཀའ་བར་ཡོད་པས་འཕགས་སྐོར་དུ་རྒྱས་པར་གཏན་ལ་ཕབ་པ་ལས་ཤེས་པར་བྱའོ། དགེ་བ་ཆོས་ཀྱི་སྤྲུལ་པ་ནི། ཕག་མོའི་གཟུགས་སུ་བསྟན་པ་ཡིན། ཞེས་པའི་དོན་འགྲེལ་པར། དག་པའི་ཆོས་སྟོང་པ་ཉིད་ཀྱི་ངོ་བོ་ནི་ཕག་མོའི། ཞེས་བཤད་དེ། ཕག་མོས་ནི་འོད་གསལ་མཚོན་པས་དེའི་སྦྲུལ་བར་བཤད་དེ། འོད་གསལ་གྱི་ཡེ་ཤེས་ཉིད་ཧེ་རུ་ཀ་ཡབ་ཡུམ་དུ་ཤར་བའོ། ཤྲཱི་ནི་ཞེས་པ་བཞིའི་རྐང་བ་དང་པོའི་དོན་ནི། མཁའ་འགྲོ་རྒྱ་མཚོ་ལས། ཨེ་ཝཾ་ལ་སོགས་


JLD009_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་པའང་། ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། ཅེས་གསུངས་ཏེ། ཤྲཱི་ཞེས་བྱ་བའི་ཡི་གེ་དེས་ནི་བརྗོད་པའི་གཉིས་སུ་མེད་པའི་ཡེ་ཤེས་ནི་མཚོན་པ་ཙམ་སྟེ། དེར་མ་ཟད་ཨེ་ཝཾ་ལ་སོགས་པའང་ཡི་གེ་དེས་བརྗོད་པའི་དོན་ནོ། དེ་ལྟར་ན་ཨེ་ཝཾ་ལ་གཉིས་ཏེ་བདེ་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་དང་། བདེན་གཉིས་དབྱེར་མེད་ཀྱི་ཨེ་ཝཾ་གཉིས་ལས་དང་པོ་ནི་བཤད་ཟིན་ལ། གཉིས་པ་ནི། ཨེ་ཡིག་གི་དོན་ཤེས་རབ་དོན་དམ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ཝཾ་ཡིག་གི་དོན་ཐམབས་ཀུན་རྫོབ་སྒྱུ་མའི་སྐུ་དང་། ཐིག་ལེའི་དོན་སྔ་མ་ཐུགས་དང་ཕྱི་མ་སྐུར་ངོ་བོ་དབྱེར་མེད་དུ་སྦྱོར་བའོ། དེ་ཡང་ཇོ་བོ་ཆེན་པོའི་འགྲེལ་པར། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་པའི་དོན་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་བཤད་པ་གཙོ་བོ་ཡིན་མོད་ཀྱང་རིམ་པ་གསུམ་པའི་སྒྱུ་མའི་སྐུ་ཡང་བཟུང་ངོ་། ཧེའི་དོན་ནི་མཁའ་འགྲོ་རྒྱ་མཚོ་ལས། ཧེ་ནི་རྒྱུ་སྟོང་བདག་ཉིད་དེ། རྒྱུའི་བདག་ཉིད་མི་རྟོག་པའོ། རང་བཞིན་ཆོས་བདག་མེད་པ་ཉིད། དེ་ནི་སྟོང་པའི་རྣལ་འབྱོར་གནས། ཞེས་རྒྱུའི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་ཆོས་བདག་མེད་ལ་བཤད་ཅིང་། རུའི་དོན་ཡང་དེ་ཉིད་ལས། བཀོད་པ་གང་དག་བདག་མེད་པ། རྟོག་པའི་དྲ་བ་ཆེན་པོ་ནི། རུ་ཡིག་རྐྱེན་གྱི་བདུད་རྩི་ཅན། །དེ་ནི་བདག་གི་བཀོད་བྲལ་བའོ། །ཞེས་གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པ་ལུས་ཅན་སྲིད་པར་འཆིས་པའི་རྐྱེན་གྱི་བདག་ཉིད་ཅན་ཏེ།


JLD009_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བཀོད་པ་སྟེ་སྒྲོ་བཏགས་པའི་གང་ཟག་གི་བདག་མེད་ལ་བཤད་དེ། རུ་ཡིག་བཀོད་པ་དང་བྲལ་བ། ཞེས་འབྱུང་བ་ལྟར་བཀོད་པའོ། རུ་ནི་ཚོགས་དང་བྲལ་བ་སྟེ། །ཞེས་པ་ལྟར་ན་ལཱུ་ཨི་བའི་འགྲེལ་བ་རྣམས་སུ་རུའི་དོན་བརྗོད་པ་དང་བྲལ་བ་བཤད་པ་ལྟར་བྱས་ཀྱང་ཆོག་གོ །ཡང་དེ་ཉིད་ལས། སླར་བརྗོད་ཀ་ནི་མ་ལུས་པའི། བདག་གིས་གཉིས་སྦྱར་མེད་ཤེས་གང་། གང་ཕྱིར་ཅི་ལའང་མི་གནས་པ། དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། ཅེས་གསུངས་ཏེ། རུའི་རྗེས་སུ་སླར་ཡང་བརྗོད་པའི་ཀའི་དོན་ནི། ཤེས་བྱ་མ་ལུས་པའི་ཆོས་རྣམས་ཀྱི་ཡུལ་གྱི་དེ་ཁོ་ན་ཉིད་དང་དེའི་ཡུལ་ཅན་གྱི་ཡེ་ཤེས་གཉིས་རྣམ་པ་མི་མཐུན་པར་བྱར་མེད་པར་སྟོན་པས་མཁྱེན་པ་སྟེ། གང་གི་ཕྱིར་ན། དེ་ཁོ་ན་ཉིད་ལ་འཇུག་པའི་བློ་ནི་བདེན་པའི་དམིགས་གཏད་ཅི་ལའང་མི་གནས་པ་དེའི་ཕྱིར་ཞེས་པའི་དོན་ནོ། དེ་ལྟར་ན་ཧེ་དག་དང་རུས་ཡུལ་བདག་མེད་གཉིས་དང་། ཀས་ཡུལ་ཅན་གྱི་ཡེ་ཤེས་དང་། ཤྲཱིས་དེ་གཉིས་དབྱེར་མི་ཕྱེད་པ་སྟོན་ཏེ། གཉིས་མེད་ཡེ་ཤེས་གྱི་ཕྱོགས་གཅིག་གོ །སྤྱིར་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་གཉིས་མེད་ཀྱི་ཡེ་ཤེས་ལ་ལམ་གྱི་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་ཀྱིས་ཡུལ་ཅན་བྱས་མ་བྱས་གཉིས་ཡོད་པའི་ཕྱི་མ་ནི་ཐེག་པ་གཞན་དང་རྒྱུ་སྡེ་འོག་མའི་ལྨ་དང་ཡང་ཐུན་མོང་བ་ཡིན་ལ། དང་པོ་ལ་རླུང་དྷཱུ་ཏིར་ཞུགས་གནས་ཐིམ་པ་ལས་བྱུང་མིན་ཀྱང་། བྱང་སེམས་


JLD009_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་ནས་གསང་གནས་ཀྱི་རྩེ་བར་དུ་ཕབ་ནས་ཕཊ་ཡིག་བསྒོམ་པ་ལ་སོགས་པའི་ཐབས་གྱིས་བཀག་པ་ལས་བྱུང་བ་བསྐྱེད་རིམ་པའི་ལམ་གཅིག་དང་། སྲོག་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་རྫོགས་རིམ་པའི་ལྷན་སྐྱེས་གཅིག་སྟེ་གཉིས་ཡོད་དོ། དེའི་སྔ་མ་གཉིས་ནི་སྤྱི་དོན་གྱི་གཉིས་མེད་ཡེ་ཤེས་ཡིན་ལ། གསུམ་པ་ལ་ནི་སྦས་དོན་དང་། མཐར་ཐུག་གི་དོན་གྱི་གཉིས་མེད་ཡེ་ཤེས་གཉིད་ཡོད་པ་རྣམས་ལེགས་པར་དམིགས་ཕྱེད་པ་ཤིན་ཏུ་གལ་ཆེའོ། ཁ་ཊཱཾ་ག་ནི། ཞེས་པ་ནས། གང་དུའང་མི་གནས་པའོ། ཞེས་པའི་བར་རྣམས་ལཱུ་ཨི་བའི་འགྲེལ་བ་གསུམ་དུ་བསྐྱེད་རིམ་གྱི་དག་པ་དྲན་པའི་སྐབས་སུ་སྦྱར་མོད་ཀྱང་། རྫོགས་རིམ་གྱི་ཆ་ལ་བཤད་དུ་མེད་པ་ནི་མིན་ཏེ། ཇོ་བོའི་འགྲེལ་བཤད་པ་བཞིན་ནོ། །ཁ་ཊཱཾ་ག་ནི་ལྷ་ཡི་སྐུ། ཞེས་པ་ནས། ཀ་ནི་གང་དུའང་མི་གནས་པའོ། ཞེས་པའི་བར་ལཱུ་ཨི་པས་སྒྲུབ་ཐབས་སུ་བཀོད་པ་ནི་ཀུན་སྤྱོད་ན་ཚང་བར་ཡོད་ཀྱང་། མྱ་ངན་འདས་བྱང་ཞེས་པའི་རྐང་པ་གཉིས་ལ་འགྱུར་མི་འདྲ་བ་མང་དུ་སྣང་། དེ་གཉིས་མ་གཏོགས་པ་མངོན་བརྗོད་ལས་ཀྱང་གསུངས་སོ། ལྔ་པ་དེ་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། སྔར་བཤད་པའི་སློབ་པའི་ཟུང་འཇུག་གི་ཏིང་ངེ་འཛིན་དང་རྫོགས་རིམ་པའི་སྦྱོང་བ་རྣམས་ལ་གོམས་པར་བྱས་པས་མི་སློབ་པའི་ཟུང་འཇུག་གི་མཆོག་གི་དངོས་གྲུབ་འགྲུབ་ལ། དེ་ཡང་མཐར་ཐུག་འགྲུབ་པར་ཉེ་བ་ན་ཇི་ལྟར་འོང་བའི་ཚུལ་ནི། རྡོ་རྗེ་གུར་ལས། ཉི་མ་གཅིག་གིས་འགྲུབ་འགྱུར་རམ། ཆོ་གས་ཉི་


JLD009_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་ནའམ། །ཉིན་གསུམ་རབ་ཏུ་སྦྱར་བས་སམ། །དེ་བཞིན་ཉི་མ་བཞི་ཡིས་སམ། །ཉིན་ལྔར་རབ་ཏུ་སྦྱར་བ་ཡིས། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། མེ་ཏོག་སོགས་པས་མཆོད་བྱས་ནས་བསམ་གཏན་གནས་སུ་རབ་འདུག་སྟེ། ཕྱག་རྒྱར་ལྷན་ཅིག་རབ་ཞུགས་ནས། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ནི་རབ་བརྩམས་ན། སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་འདིས་སྟོན་ལ། ལུང་དེའི་དོན་མན་སྙེད། ཟླ་བ་དྲུག་ཏུ་རིག་མའི་བརྟུལ་ཞུགས་སྤྱད་ནས་ཉི་མ་བདུན་རང་གི་ལྷ་བལྟ་བར་བྱས་ཏེ། སྦྱོར་བ་རབ་ཏུ་གྱུར་པར་ཤེས་ཤིང་གང་གི་ཚེ་ཉིན་མཚན་དུ་མར་མེའི་འོད་ཀྱི་རྒྱུན་བཞིན་དུ་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་ནུས་པ་དེའི་ཚེ་ལྷན་ཅིག་སྤྱོད་པའི་ཕྱག་རྒྱ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམ་ལས་གང་ཡང་རུང་བའི་རྣལ་འབྱོར་མངོན་དུ་བྱས་ཏེ། ཐོ་རངས་ཀྱི་ཐུན་ནས་བརྩམས་ལ་རྫོགས་པའི་རིམ་པའི་རྣལ་འབྱོར་ཁམས་གསུམ་པ་ཐམས་ཅད་གཅིག་པའི་རང་བཞིན་མཉམ་པར་བཞག་པ་དང་མཉམ་པ་མ་བཞག་པ་གཅིག་པའི་ངོ་བོར་ལྷག་པར་མོས་ནས་རྡོ་རྗེས་རྒྱས་བཏབ་པའི་ཕྱག་རྒྱ་དང་རོ་མཉམ་པ་ཉམས་སུ་མྱོང་ཞིང་། མར་མེའི་འོད་ཀྱི་རྒྱུན་ལྟ་བུར་རྟག་པར་ཉིད་མཚན་ཐོག་ཐག་གནས་པར་བྱའོ། དེ་ནས་རབ་ཀྱི་མཐར་ཐུག་པར་སོན་པའི་


JLD009_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་བཞིའི་དེ་ཁོ་ན་ཉིད་མངོན་དུ་བྱས་པ་ལས། སྐྱ་རེངས་འཆར་བའི་དུས་སུ་འགྲུབ་སྟེ། སྒྲུབ་ཐབས་མཆོག་རྣམས་ཀྱིས་ཞེས་བཤད་པའི་ཕྱིར། མན་ངག་ཇི་ལྟ་བར་ཕྱ་རྒྱ་ཆེན་པོ་འགྲུབ་པའི་ཉེ་བའི་ཉིན་ཞག་ལ་སྟེ། བྱང་ཆུབ་ཀྱི་སེམས་ཟླ་བའི་ཆ་མཐའ་དག་ཡོངས་སུ་རྫོགས་པའི་ཕྱིར། སྐྱ་རེངས་ཤར་བའི་དུས་སུ་ཤིན་ཏུ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་བདུད་རྩི་ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པ་རྡོ་རྗེ་འཛིན་པའོ་ཞེས་བཤད་དོ། རྡོ་རྗེ་ཉི་མ་ཞེས་པ་བཞི་འདུས་པ་ལས་ཀྱང་འབྱུང་ལ། དེའི་དོན་ནི་སྒྲོན་གསལ་ལས། ཕྱི་ནང་གི་བྱང་ཆུབ་པའི་རིམ་པ་གཉིས་ལ་བཤད་པའི་དང་པོ་ནི། རྡོ་རྗེ་ཉི་མ་ནི་ཡོངས་སུ་གྲགས་པའི་ཉི་མ་ཉིད་དོ། དེ་ནུབ་པ་ནི་དམར་ཐག་ཆད་པའི་མཚམས་སུ་ཡོ་བྱད་ཅི་རྙེད་པས་བླ་མ་མཉེས་པར་བྱ་བར་གསུངས་ཏེ་ཚོགས་ཀྱི་མཆོད་པའོ། དེ་ནས་བླ་མའི་དྲིན་གྱིས་མཚན་ཕྱེད་ན། ཕྱག་རྒྱལ་བརྟེན་ནས་དབང་བསྐུར་བ་ཐོབ་ནས་སྐྱ་རེངས་འཆར་ཁའི་དུས་སུ་འོད་གསལ་ཀྱི་རིམ་པའི་ལུང་ཕོག་པས་ཀྱང་མཆོག་འགྲུབ་བོ། ནང་གི་མངོན་བྱང་གི་རིམ་པར་ལྟར་བཤད་ན། རྡོ་རྗེ་ཉི་མ་ནི་ཐབས་ཀྱི་ཡེ་ཤེས་སྙོམས་པར་འཇུག་པའི་མཚན་ཉིད་ཅན་དུ་བྱུང་བའོ། ནུབ་པ་ནི་དེ་འགགས་པ་ལ་བཤད་དེ། ཐབས་ཀྱི་ཡེ་ཤེས་ནི་སྟོན་དུས་ཀྱ་སྤྲིན་མེད་པའི་ནམ་མཁའ་གཡའ་དག་པ་ལ་ཉི་མའི་འོད་ཤར་བ་ལྟ་བུའི་སྣང་བ་མཆེད་པའོ། དེས་མཚོན་ནས་


JLD009_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་སྣང་བའི་ཡེ་ཤེས་ཀྱང་ནུབ་ཅིང་འགགས་པ་དང་། འོད་གསལ་གྱི་སྔོན་དུ་འགྲོ་བས་དེ་བསྒྲུབ་པའི་སྣང་བ་ཉེར་ཐོབ་ཀྱི་སྦྱོར་བ་འདི་ནི་བརྩམ་པ་སྡེ་འབྱུང་བའོ། སྐྱ་རེངས་འཆར་བ་ནི་མ་རིག་པ་ཉེར་ཐོབ་སྟེ། དེ་འདས་པའི་དུས་སུ་སྒྲུབ་པ་པོས་སྟོང་པ་བཞི་རིམ་གྱིས་མངོན་དུ་བྱེད་པས་ཕྱག་ཆེན་གྱི་དངོས་གྲུབ་བར་གསུངས་ཏེ། དེའི་ཚེ་འོད་གསལ་བ་བསྒོམས་པས་གཉིས་སྣང་འཁྲུལ་བའི་བག་ཆགས་སྦྱངས་ནས་ཐོ་རངས་ཆོས་ཀྱི་སྐུ་མཐར་ཐུག་པ་མངོན་དུ་གྱུར་པའི་ཚེ་སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ་མི་སློབ་པའི་ཟུང་འཇུག་སྒྱུ་མའི་སྐུར་འགྱུར་ཞིང་འཁོར་བ་ཇི་སྲིད་པར་སྐུ་དེ་གཉིས་ལས་མི་གཡོ་བར་བཞུགས་སོ། དེ་འདྲ་བའི་དག་པ་གཉིས་ལྡན་གྱི་ཡུལ་གྱི་འོད་གསལ་ནི་འདུས་མ་བྱས་པས་ཆོས་ཀྱི་སྐུ་དང་། ཡུལ་ཅན་གྱི་འོད་གསལ་ནི་ཡེ་ཤེས་ཆོས་ཀྱི་སྐུ་དང་། བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་བྱའོ། དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་གྲུབ་པ་ནི་ལོངས་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡིན་པས་གཟུགས་སྐུ་དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་ལན་དུ་མར་གསུངས་པས། གཟུགས་སྐུ་སངས་རྒྱས་ཀྱི་བསམ་བསྡུས་པར་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང་། ཤེས་པ་ལས་ངོ་བོ་ཐ་དད་པའི་བེམ་པོར་འདོད་པ་དང་། འབྲས་བུ་སྐབས་སུ་ཡེ་ཤེས་མེད་པ་སོགས་འཕགས་པ་ཡབ་སྲས་ཀྱི་བཞེད་པར་སྨྲ་


JLD009_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ལེགས་པར་སྨྲ་བ་མིན་པར་ཤེས་པར་བྱའོ། དེ་འདྲ་བའི་ཟུང་འཇུག་གི་སྐུ་དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་སྤྲུལ་པ་དུ་མ་ཞིག་མཛད་དོ། སྭགས་ཀྱི་གཞུང་གཞན་ནས་ཡེ་ཤེས་ཀྱི་རྟེན་གྱི་གཟུགས་སྐུ་སྤྲུལ་སྐུ་དང་ཐུགས་ཆོས་སྐུ་དང་། གསུང་ལོངས་སྐུར་མང་དུ་བཤད་པའི་ལུགས་ལ་ཡང་སྤྲུལ་པ་ལ་འདིས་སྤྲུལ་པ་དང་། འདི་སྤྲུལ་པའི་བྱེད་པ་པོ་དང་ལས་གཉིས་སུ་ཡོད་ལ། བྱེད་པ་པོའི་སྐུ་འདིས་ཆོས་ལ་རྫོགས་བར་ལོངས་སྤྱོད་པའི་བྱེད་པ་པོའི་ལོངས་སྐུ་དང་། བྱ་བའི་ཐབས་འདིས་ལོངས་སྤྱོད་པའི་གསུང་ལ་ལོགས་སྐུར་བཤད་པ་གཉིས་ཡོད་པར་ཤེས་པར་བྱའོ། དྲིལ་བུ་ཞབས་ཀྱིས། འདི་ནི་ངོ་བོ་ཉིད་སྐུ་སྟེ། སྟོང་ཉིད་སྙིང་རྗེ་གཉིས་མེད་པ། མ་ནིང་ཞེས་བར་བརྗོད་པ་སྟེ། ཁ་ཅིག་ཟུང་འཇུག་ཅེས་བྱར་བརྗོད། སྒྲིབ་པ་དང་བྲལ་ཆོས་སྐུ་འདིར། ཞེས་གསུངས་པའི་སྟོང་པ་དང་སྙིང་རྗེ་ནི། དེ་ཉིད་ཀྱིས། དེ་བཞིན་ཡང་དག་མཐའ་ལ་ཡང་། རྣལ་འབྱོར་པ་ནི་ཡང་དག་འཇུག །ཀུན་ཀྱང་སྣང་བ་མེད་པའི་ཚེ། སྙིང་རྗེ་དང་ནི་རོ་གཅིག་ཡིད། །འདི་ནི་སྐད་ཅིག་གིས་འཁྱུད་ཅིང་། སྟོང་པ་ཉིད་བཞིན་འཇུག་པར་བྱེད། །ཅེས་དང་། མི་འགྱུར་བདེ་ཆེན་ཡེ་ཤེས་ནི། །ཐབས་ཏེ་ཐུགས་རྗེའི་བདག་ཉིད་ཅན། །ཞེས་གསུངས་པས་གཉིས་སྣང་མེད་པར་ཡང་དག་པའི་འོད་གསལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་བཞུགས་པའི་སྙིང་རྗེ་བདེ་ཆེན་གྱི་ཡེ་ཤེས་ལ་ངོ་བོ་ཉིད་ཀྱི་


JLD009_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བཤད་དེ། ཕར་ཕྱིན་ཀྱི་ཐེག་པ་ནས་དྲི་བྲལ་གྱི་དེ་བཞིན་ཉིད་ལ་ངོ་བོ་ཉིད་སྐུར་བཤད་པ་ལ་ནི་ཆོས་སྐུ་ཞེས་གསུངས་སོ། ལམ་འདིས་མཆོག་གི་དངོས་གྲུབ་ཐོག་མར་མངོན་དུ་བྱས་པའི་ཚེ་ལྟས་ཇི་ལྟར་འོད་བ་ནི། འདིའི་བཤད་རྒྱུད་སམྦུ་ཊ་ལས། དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དགའ་ཟིང་མགུལ་རངས་པས་རྣམ་པ་དྲུག་ཏུ་གཡོས་ནས། བདུད་ཀྱི་གནས་ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང་། ཕྱོགས་བཅུར་བསྐལ་བའི་མེ་ལྟ་བུའི་སྐར་མདའ་ལྟུང་བ་དང་། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང་། ཐམས་ཅད་དུ་གནམ་རྡོ་ལྷུང་བ་དང་། དེ་ཉིད་དུ་བསྐལ་བའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་འབར་བ་དང་། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་སྣང་བ་དང་། ཚོངས་པ་དང་ཁྱབ་འཇུག་དང་ཆུ་བདག་དང་བརྒྱ་བྱིན་དང་དྲག་པོ་དང་མེ་དང་སྟོབས་བཟང་པོ་དང་ཉི་མ་དང་ཟླ་བ་དང་གནོད་སྦྱིན་དང་གྲུབ་པ་དང་དྲི་ཟ་དང་མིའམ་ཅི་དང་ལྟོ་འཕྱེ་དང་ལྷའི་མཆོག་དང་རིག་པ་འཛིན་པ་དང་ཆུས་བྱུང་ལ་སོགས་པ་གང་ཞིག་གཞན་ཡང་སུམ་ཅུ་རྩ་གསུམ་དུ་གནས་པའི་ལྷ་རྣམས་དེར་འོངས་ནས་ཡང་དག་པར་དགའ་བས་མེ་ཏོག་གིས་མཆོད་པ་བྱེད་དོ། པི་ཝཾ་དང་། གླིང་བུ་དང་། ཀུ་མུན་དྷ་དང་། ཏ་མྦུ་ར་དང་། དུང་དང་། ཟངས་དུང་གི་སྒྲ་དང་། ནན་


JLD009_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་དང་། པ་ཊ་ཧ་དང་། རྫ་རྔས་ནམ་མཁའ་གནས་ཏེ་དེས་རྟག་ཏུ་མཆོད་པར་བྱེད་དོ། ལྷའི་བུ་མོ་དང་རིག་པ་འཛིན་པའི་རྒྱལ་པོའི་བུ་མོ་ཐམས་ཅད་ཀྱིས་གར་བྱེད་པ་དང་། སིལ་སྙན་དུ་མ་བྱེད་པ་དང་། མི་འམ་མི་དང་། གནོད་སྦྱིན་གྱིས་གླུ་ལེན་པར་བྱེད་ཅིང་གར་བྱད་པ་དང་། དེ་ལ་དགའ་བ་དང་བཅས་པས་རྒྱལ་བ་རྒྱལ་བ་ཞེས་རྟག་ཏུ་རོལ་པར་བྱེད་པ་དང་། གང་ཞིག་གྲུབ་པ་ནམ་མཁར་གནས་པའི་ལྷ་རྣམས་ཀྱིས་ནི་ལེགས་སོའི་རྣམ་པ་རབ་ཏུ་གསོལ་བར་མཛད་དོ། གང་ཞིག་དགའ་ལྡན་དུ་གནས་པའི་ལྷ་རབ་མཆོག་དང་། གང་ཞིག་ལྷའི་བུ་མོ་དང་། རིག་པ་འཛིན་པ་དང་། འོག་མིན་གྱི་བར་དུ་འོངས་ནས་ཕྱག་འཚལ་ཞིང་མེ་ཏོག་སྣ་ཚོགས་ཀྱི་རྣམ་པའི་དྲི་སྣ་ཚོགས་ཀྱི་དྲིའི་ཆར་དང་། བདུག་པ་སྣ་ཚོགས་ཀྱི་ཁྱད་པར་གྱིས་གུས་པའི་ཚུལ་གྱིས་མཆོད་པར་བྱེད་དོ། གཞན་ཡང་ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱི་ཅི་ཞིག་དགོས་ཏེ། བསྒྲུབ་པར་བྱ་བའི་བསོད་ནམས་ཀྱིས་ཁམས་གསུམ་དུ་སྐྱེས་པའི་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། ཞེས་གསུངས་པ་ལྟར་ཤེས་པར་བྱའོ། འདི་ལ་ཁ་སྦྱོར་གྱི་འགྲེལ་པ་རིན་ཆེན་འཕྲེང་བར། འཇིག་རྟེན་པའི་དངོས་གྲུབ་གྲུབ་པའི་མཚན་མར་བཤད་ཀྱང་། འགྲེལ་པ་དྲན་པའི་སྣང་བ་དང་མན་སྙར། མཆོག་གྲུབ་པའི་མཚན་མར་བཤད་པ་ལེགས་སོ། ཁ་སྦྱོར་དགོས་འགྱུར་དང་། འགྲེལ་པ་གཞན་གཉིས་སུ་རིག་པའི་སྐྱེས་བུ་ཞེས་འབྱུང་ལ། མན་སྙེ་དང་འབྲོག་


JLD009_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དུ་རིག་མའི་སྐྱེས་བུ་ཞེས་འབྱུང་བ་ནི་སྐད་དོད་ཀྱི་སྟེང་ནས་དེ་གཉིས་ཀ་ལ་བསྒྱུར་དུ་རུང་བའོ། ཕྱི་མའི་དོན་ནི་འཚང་རྒྱ་བའི་རིག་མ་དང་ལྷན་ཅིག་པའི་སྐྱེས་བུ་ལ་བཤད་དོ། འོན་ཀྱང་སྒྲོན་གསལ་ལས། རིག་པ་ཆེན་པོ་ནི་དོན་དམ་པའི་བདེན་པའོ། སྐྱེས་བུ་ནི་ཀུན་རྫོབ་གྱི་བདེན་པའོ། དེ་དག་ལས་བསྐྱེད་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་སོགས་པ་དང་བཅས་པའི་སྐྱེས་བུ་ལྟ་བུའི་ལྷའི་སྐུ་ནི་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོའོ། ཞེས་བཤད་པ་ལྟར་བྱའོ། འགོས་འགྱུར་ལས། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་འགྱུར་ཞིང་ཡིད་དུ་འོང་བའི་སྒྲ་བསྒྲགས་ལ་ཞེས་འབྱུང་བ་ལྟར་དགའ་མགུ་སོགས་ནི་དགའ་བའི་སྒྲ་བསྒྲགས་པ་ལ་བྱའོ། གནམ་རྡོ་ལྟུང་བ་ནི། བདུད་ཀྱི་གནས་ཀུན་ཏུ་རྡོ་ཆར་འབབ་པའོ། འགོས་འགྱུར་ལས། རྒྱག་རྒྱའི་སྙིང་པོ་ཅན་གྱི་ཡེ་ཤེས་ཀྱི་མེ་འབར་བ་བསྒྱིངས་ཤིང་ཁམས་གསུམ་པོ་སྣང་བར་མཛད་དེ། ཞེས་འབྱུང་ལ། མན་སྙེར་ཕྱག་རྒྱའི་སྙིང་པོ་ནི་ཕྱག་རྒྱ་དང་ལྡན་པ་ལ་བཤད་པའི་གྲུབ་པའི་སྐྱེས་བུ་ལས་ཡེ་ཤེས་ཀྱི་མེ་འཕྲོས་པའོ། ཆུས་བྱུང་ནི། འགོས་ཀྱིས་མཚོ་སྨན་དུ་བསྒྱུར་རོ། འགོས་འགྱུར་ལས། འོག་མིན་གྱི་མཐར་ཐུག་པའི་ལྷ་རྣམས་ཀྱང་འོངས་ནས། ཞེས་འབྱུང་ལ། དེ་རྣམས་མཆོག་གྲུབ་པའི་དྲུང་དུ་འོངས་པའི་གནས་ནི་སངས་རྒྱས་པ་དེ་འདོད་པའི་མིའི་རྟེན་ལ་སྔགས་ཀྱི་ལམ་གྱིས་ཚེ་གཅིག་ལ་སངས་རྒྱས་པ་ལ་དགོངས་


JLD009_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདོད་ཁམས་སུ་འོངས་པའོ། འགོས་འགྱུར་ལས། སྒྲུབ་པ་པོའི་བསོད་ནམས་ཀྱིས་ཞེས་འབྱུང་བ་ནི་མན་སྙེར་བསྒྲུབ་བྱའི་བསོད་ནམས་ཀྱིས་ཞེས་པ་ལ་བསྒྲུབ་བྱ་ནི་རྡོ་རྗེ་སེམས་དཔའོ་ཞེས་བསྒྲུབ་བྱ་ལ་བཤད་པ་དང་གནད་གཅིག་སྟེ། སྒྲུབ་པ་པོས་རྡོར་སེམས་ཐོབ་པའི་བསོད་ནམས་སོ། འགོས་འགྱུར་ལས། ཁམས་གསུམ་ན་ཡོད་པའི་མཆོད་པ་ཐམས་ཅད་ཀྱིས་ཞེས་འབྱུང་བ་བདེ་ལ་གཟུགས་མེད་ཁམས་པས་མཆོད་ཚུལ་ནི། མན་སྙེ་ལས། ཁམས་དེ་ལ་གཟུགས་མེད་ཅེས་པ་ནི། གཟུགས་ཆུང་པ་ལ་གཟུགས་མེད་ཅེས་དགག་སྒྲ་བྱས་མའོ། ཞེས་འདོད་པ་དང་། ཁམས་གོང་མ་གཉིས་ཀྱི་སེམས་ཅན་རྣམས་དགོས་པའི་དབང་གིས་འདོད་ཁམས་སུ་འོངས་པ་ན། ཐོག་མ་མེད་པའི་བག་ཆགས་སད་ནས་བུད་མེད་དང་སྐྱེས་པའི་དབང་པོ་ཅན་དུང་གྱུར་ཏེ་ཚངས་མ་དང་ཚངས་པ་བཞིན་ནོ། འདོད་པ་འདི་མང་པོ་རིག་པ་རྣམས་གསུངས་སོ་ཞེས་ལུགས་དེ་རྒྱ་གར་བའི་མང་པོ་མཁྱེན་པ་རྣམས་གསུངས་པར་བཤད་དོ། ཚངས་མ་བཞིན་ཞེས་པ་ནི་སྔགས་ཀྱི་གཞུང་མང་པོ་ལས་ཚངས་པ་ལ་ཕོ་མོ་གཉིས་བཤད་ལ། དེ་གཉིས་གཟུགས་ཁམས་པ་ཡིན་པས་སོ་སྙམ་པའོ། མངོན་པའི་ཕྱོགས་ཀྱི་གཞུང་དུ་ཡང་གཟུགས་མེད་ཁམས་ཞེས་པ་སྒྲ་ཇི་བཞིན་དུ་འདོད་པ་དང་། བུ་མོ་རྐེད་པ་ཕྲ་བ་ལ་རྐེད་མེད་མ་ཞེས་པ་ལྟ་ཆུང་བ་ལ་དགག་སྒྲ་སྦྱར་བ་ཡིན་ཞེས་འདོད་པ་གཉིས་བཤད་དོ། ལམ་གཞན་གྱི་མཐར་བླ་མེད་ཀྱི་ལམ་


JLD009_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་བསྣན་ནས་འོག་མིན་དུ་འཚང་རྒྱ་བ་སོགས་ཀྱི་བཤད་པ་ནི་གཞན་དུ་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། དེ་ལྟར་ན་ཧེ་རུ་ཀ་མངོན་འབྱུང་ལས། མི་སྨྲ་ཆུ་ཡི་བྱ་བ་མེད། དུས་དང་ཚོད་ལས་རྣམ་པར་གྲོལ། གཙང་སྦྲའི་སྤྱོད་པ་རྣམ་པར་སྤངས། དེ་ཡིས་གྲོང་བའི་ཆོས་སྤྱོད་དེ། རྩད་ལྡན་དུས་སུ་དངོས་གྲུབ་འགྱུར། ཞེས་དང་། རྩོད་ལྡན་ཡོན་ཏན་བཞི་ཉིད་དེ། དངོས་གྲུབ་ཉིད་དུ་ཐེ་ཚོམ་མེད། ཅེས་ལམ་འདིས་དངོས་གྲུབ་འགྲུབ་པ་ལ་རྫོགས་ལྡན་ལ་སོགས་པའི་དུས་གཞན་གསུམ་ལས་རྩོད་ལྡན་གྱི་དུས་ཉིད་བསྔགས་ལ། དེས་ན་སམྦུ་ཊ་ལས། དེ་ལྟར་དཀའ་བ་མེད་པའི་ཐབས། ཀུན་མཁྱེན་ཐུགས་རྗེ་བཅས་པས་བསྔགས། །ཤིན་ཏུ་བདེ་བའི་སྒྲུབ་པའི་ཐབས། །བརྟུལ་ཞུགས་སྤྱོད་པ་དཀའ་ཐུབ་སྤངས། །དེ་ལྟར་བདུད་རྩིའི་རོ་རྙེད་ནས། །ཉོན་མོངས་གཞོམ་ཕྱིར་མི་བརྩོན་གང་། །ཇི་ལྟར་དཀའ་ཐུབ་བརྟུལ་ཞུགས་དེས། །སངས་རྒྱས་ཉིད་དུ་བྱ་བར་ནུས། །རང་གི་བདེ་བའི་ཐབས་རྙེད་ནས། །གང་ཞིག་བདག་དོན་མི་བྱེད་པ། །རྨོངས་པའི་བདག་ཉིད་དེ་ཡི་ནི། །སངས་རྒྱས་ཉིད་དུ་གང་དུ་འགྱུར། །ཡང་ནི་དེ་ནི་ཤེས་མི་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དུ། །སྐྱེ་བོ་དམ་པས་མཐོང་བ་ཉིད། །ལམ་ཀུན་རྨི་ལམ་སྒྱུ་མ་ལྟར། །སངས་རྒྱས་ཆོས་ལ་མི་ཤེས་པས། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ། །ཇི་སྲིད་མ་ཕྱིན་བར་དུ་བྱ། །ཞེས་འབྲོག་འགྱུར་དུ་འབྱུང་བའི་ཡང་ནི་


JLD009_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་མན་ཆད་ལ། འགོས་འགྱུར་ལས། དེ་ནི་སླར་ཡང་གར་འགྲོ་བ། དེ་ཡིས་ཤེས་པ་མི་འགྱུར་རོ། དེས་ན་བདེ་བ་སྒྲུབ་པའི་ཐབས། ཚོགས་མེད་པར་ནི་རྙེད་པ་ཡི། སྐྱེས་བོ་མཛེས་པ་ངེས་པར་འདིར། །ཐམས་ཅད་སྒྱུ་མ་རྨི་ལམ་བཞིན། །སངས་རྒྱས་ཉིད་དུ་བལྟས་ནས་ནི། འཁོག་བའི་རྒྱ་མཚོའི་འཇིགས་པ་ལས། ཇི་སྲིད་མ་རྒྱལ་པར་དུ་ནི། སངས་རྒྱས་བཀའ་ཡི་ཆོས་སྤྱད་བྱ། ཞེས་བྱུང་ངོ་། དེ་རྣམས་ཀྱི་དོན་ནི་བྱ་དཀའ་བས་ཡིད་གདུངས་པའི་བཀའ་སྤྱོད་ཀྱི་བརྟུལ་ཞུགས་རྣམས་དོར་ནས་འདོད་ཡོན་ལ་རང་བཞིན་ཤེས་པའི་སྒོ་ནས་ལོངས་སྤྱོད་པའི་ཤིན་ཏུ་བདེ་བས་བྱང་ཆུབ་སྒྲུབ་པའི་ལམ་འདི་འདྲ་བསྙེད་པའི་དུས་སུ་དེ་ལ་བརྩོན་པར་མི་བྱེད་ན་བདག་ལས་རྨོངས་པ་སུ་ཞིག་ཡོད་སྙམ་པ་དང་། དེ་རེས་འདི་ལམ་འབད་ན་དེ་ནས་བདག་ངན་འགྲོ་ལ་སོགས་པ་གར་འགྲོ་བ་མི་ཤེས་སོ་སྙམ་དུ་བསམས་ལ། བདེ་བ་ཁྱད་པར་ཅན་སྒོ་དུ་མས་བསྐྱེད་དེ་བདག་མེད་པའི་དེ་ཁོ་ན་ཉིད་བསྒོམ་པའི་ཚུལ་དང་། བརྟན་གཡོ་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་བསྐྱེད་པའི་སྒོ་ནས་ཐམས་ཅད་ཧེ་རུ་ཀའི་རང་བཞིན་དུ་བལྟ་བ་ལ་འབད་དེ་འཁོར་བའི་བག་ཆགས་འཁྲུལ་བ་ཐམས་ཅད་སྦྱོང་བའི་ཁུར་གྱིས་མི་ངལ་བར་བྱའོ། དེའི་ཕྱིར་ལམ་ཐུན་མོང་བས་ལེགས་པར་རྒྱུད་སྦྱངས་པ་དང་། རྣམ་པར་དག་པའི་དབང་བསྐུར་བའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བ་བཞིར་བྱས་ལ། ལམ་རིམ་པ་དང་པོ་ཐུན་སོ་སོལ་བསྐྱངས་


JLD009_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར་ཕྱི་དང་ནང་གི་བདེ་བ་བསྐྱེད་ཐབས་ཀྱི་སྒོ་ནས་བདེ་བ་ཆེན་པོ་བསྐྱེད་ནས་བདེ་སྟོང་བསྒོམ་པ་དང་། དེའི་མཐར་སྒྱུ་མའི་སྐུར་ལྔར་བ་སོགས་མོས་པ་ཡིད་བྱེད་ཚུན་ཚད་ཀྱིས་ཀྱང་སྦྱང་ངོ་། འབྲས་བུའི་བར་དུ་ཡང་དེ་བཞིན་དུ་བྱས་ཏེ་ལམ་འདིའི་བག་ཆགས་བརྟན་པར་བྱས་ན་རྙེད་དཀའ་ལ་འཇིག་སླ་བའི་དལ་འབྱོར་གྱི་ལུས་ལ་སྙིང་པོ་ལོན་པ་ཡིན་ནོ། འགྲོ་བའི་འདྲེན་མཆོག་རྡོ་རྗེ་སེམས་དཔའ་དེ། དམིགས་མེད་བརྩེ་བས་ཀུན་ནས་བསྐྱོད་པ་ཡིས། གདུལ་བྱའི་དབང་པོའི་རིམ་པ་ཇི་བཞིན་དུ། མདོ་དང་བྱ་བ་སྤྱོད་པ་རྣལ་འབྱོར་དང་། །གསང་མཐའ་རྣལ་འབྱོར་བླ་མེད་རྒྱུད་རྣམས་གསུངས། ཁྱད་པར་ཟས་མོ་རྣལ་འབྱོར་མ་ཡི་རྒྱུད། དུང་ཕྱུར་གཅིག་དང་བྱེ་བ་ཕྲག་དྲུག་གསུངས། དེ་ཡི་ནང་ནས་རྒྱལ་མཚན་ཏོག་ལྟ་བུ། དཔལ་ལྡན་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད། །བཤད་རྒྱུད་བཟང་ལ་མང་བས་གསལ་བྱས་པའི། །རྫོགས་པའི་རིམ་པ་རྣལ་འབྱོར་ཆེན་པོའི་གཞུང་། །ལྨ་འདིས་མཆོག་བརྙེས་ལཱུ་ཨི་བ་ཡི་ལུགས། གསལ་མཛད་ཝ་བའི་ན་བཟའ་ཅན་དང་ནི། ཨ་ཏི་ཤ་དང་ཤེས་རབ་བསྲུང་བ་དང་། །རྣམ་གྲོལ་ཟླ་བ་ཀུ་མཱར་སོགས་ཀྱི། །འགྲེལ་པ་དྲུག་དང་བོད་ཀྱི་བཤད་པ་དང་། །རྒྱ་གར་མཁས་པའི་བདེ་མཆོག་གཞུང་མང་ལ། །བརྟེན་ནས་རྩ་བཤད་ཆ་མཐུན་རྒྱུད་རྣམས་ནི། །ལེགས་པར་སྒྱུར་ནས་བདེ་མཆོག་རྫོགས་རིམ་ནི། །ཀུན་


JLD009_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནད་དོན་གསལ་བྱེད་འདི་བརྩམས་སོ། །རང་ཡུལ་དམན་ལ་ཆགས་པའི་རིང་དུ་དོར། །གཞན་ཡུལ་དུ་ཡང་རྣམ་གཡེང་བསྐྱུངས་ནས་ནི། །མདོ་སྔགས་གཞུང་ལ་ཕྱོགས་རིས་མཚིམ་པར། །ཐོས་བསམ་བསྒོམ་པའི་ངལ་བ་མང་བསྟན་པས། མང་ཐོས་སྒྲུབ་ལ་བརྩོན་པའི་བློ་ཆེན་ནི། །དུ་མས་རིང་དུ་འབད་ཀྱང་རྟོགས་དཀའ་བའི། །མདོ་སྔགས་ལམ་གྱི་གནད་ལ་ངེས་རྙེད་ནས། ལྟར་སྣང་ལམ་གྱིས་བཀྲ་བར་མི་ནུས་ཐབས། །རྒྱལ་བ་དགྱེས་པའི་ལམ་མད་ཕྱེ་བ་ལ། །ནོངས་པར་གྱུར་ན་བསམ་པ་ཐག་པས་འཆགས། །རྣམ་དཀར་དགེ་བའི་ཕུང་པོ་ཅི་ཡོད་པ། །མ་གྱུར་འགྲོ་ཀུན་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །ཟབ་ལམ་འདི་དང་ནམ་ཡང་མི་འབྲལ་ཞིང་། །ཐོས་བསམ་བསྒོམ་པའི་བར་ཆད་ཞི་བ་དང་། །ཞིང་སྐྱེས་ལྷན་སྐྱེས་སྔགས་སྐྱེས་རྣལ་འབྱོར་མའི། །གྲོགས་ལས་ལྷན་སྐྱེས་བདེ་ཆེན་རྫོགས་པར་ཤོག །ཅེས་རྣལ་འབྱོར་གྱི་དབང་ཕྱུག་ལྡུ་ཨི་བའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་གཞུང་གི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་འདི་ནི། ལམ་འདིའི་བསྐྱེད་རྫོགས་གཉིས་ཀ་སྦྲེལ་ནས་ཉམས་སུ་ལེན་འདོད་པའི་བཤེས་གཉེན་མང་པོ་བསྐུལ་བ་དང་། ལཱུ་ནག་དྲིལ་གསུམ་གྱི་གཞུང་གི་རྩ་བ་ལཱུ་ཨི་བའི་ལུགས་སུ་སྣང་ཞིང་དེ་ལ་ཕྱིགས་འདིར་བཤད་པ་མཐའ་ཆོད་པ་མི་སྣང་བར་མངོན་ནས། །རྫོགས་རིམ་ལུགས་གཞན་གཉིས་ཀྱི་གཞུང་གི་ཚིག་གི་དོན་དང་། དམིགས་པ་སྐྱོང་ལུགས་ཀྱེ་རིམ་འགའ་


JLD009_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མ་གཏོགས་པ་ལུགས་གསུམ་གའི་རྫོགས་རིམ་གྱི་མཐའ་དཔྱོད་རྣམས་མཐའ་ཆོད་པར་ཤཱཀྱའི་དགེ་སློང་དབལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ། འདིས་ཀྱང་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དུ་དཔལ་འཁོར་ལོ་བདེ་མཆོག་གི་རིམ་པ་གཉིས་ཀྱི་བསྟན་པ་རྣམས་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། །།ཨོཾ་སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུང་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ།། །།སརྦ་མངྒ་ལཾ།། །།


previousརྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ།no next