Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
  expand section
  expand section
   
   
   
   
   
   
   
རྗེ་རིན་པོ་ཆེས་གནང་བའི་དབུ་མའི་ལྟ་ཁྲིད་བསྡུས་པ
   
   


 
previousརྗེ་རིན་པོ་ཆེས་གནང་བའི་དབུ་མའི་ལྟ་ཁྲིད་བསྡུས་པnext

རྗེ་རིན་པོ་ཆེས་གནང་བའི་དབུ་མའི་ལྟ་ཁྲིད་བསྡུས་པ


JLD018_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་པོ་ཆེས་གནང་བའི་དབུ་མའི་ལྟ་ཁྲིད་བསྡུས་པ་བཞུགས་སོ།།


JLD018_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་འཁོར་བ་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་པས། གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་དེ་དགག་པར་བྱ་བ་ཡིན་ལ། དེའང་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ཀྱི་ནང་ནས་ལྷན་སྐྱེས་གཙོ་བོར་དགག་པར་བྱ་བ་ཡིན་ཏེ། མཁས་རྨོངས་ཀུན་འཁོར་བར་འཁྲིད་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དེ་ལྟ་ནའང་བསྟན་བཅོས་ཀུན་ཏུ། ཀུན་བཏགས་ཀྱི་བདག་ལ་དགག་པ་རྒྱས་པར་མཛད་པ་ནི། བདག་ཁས་ལེན་པའི་རང་གཞན་གྱི་སྡེ་པ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ཡུལ་དེ་ཉིད་སྒྲུབ་པའི་ཕྱིར་བདག་ཁས་བླངས་པ་ཡིན་པས། དེ་དག་བཀག་པས་བརྒྱུད་ནས་ཁེགས་པའི་ཕྱིར་དང༌། འཇིག་རྟེན་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་བདག་མེད་སྒྲུབ་པའི་ཕྱིར་རྒོལ་དུ་མི་རུང་བའི་ཕྱིར་ཁྱབ་བྱེད་མེད་ན་


JLD018_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བྱ་མེད་པའི་རིགས་པས་དོན་དུ་ཀུན་བཏགས་ཀྱི་བདག་ཁེགས་ན་ལྷན་སྐྱེས་ཀྱི་བདག་ཁེགས་ཀྱང་བློ་ངོར་མི་ཁེགས་ཏེ། ཁྱབ་བྱེད་མེད་པར་ངེས་པའི་བློས་ཁྱབ་བྱ་མེད་པར་ངེས་མི་ནུས་པའི་ཕྱིར། དེ་ལ་བདག་ཏུ་སྨྲ་བ་ན་རེ། བདག་ཡོད་དེ། བློ་སྔོན་དུ་མ་བཏང་བར་དངོས་པོ་ལ་སོགས་མཐོང་བ་ན་སེམས་ཅན་གྱི་བློ་སྐྱེ་བའི་ཕྱིར་དང༌། བློ་སྔོན་དུ་བཏང་ན་ཡོད་པ་དམིགས་པའི་ཕྱིར། སྔ་མའི་དོན་ནི་བདག་མེད་ན་སྐྱེས་བུའི་བྱད་གཟུགས་སོགས་ཀྱི་དབྱིབས་མཐོང་བ་ན། དབྱིབས་ཁོ་ནའི་བློ་སྐྱེ་བར་འགྱུར་གྱི།སེམས་ཅན་གྱི་བློ་སྐྱེ་བར་མི་རིགས་པ་ལ་སེམས་ཅན་གྱི་བློ་སྐྱེ་བར་མཐོང་བའི་ཕྱིར། ཕུང་པོ་ཙམ་ལས་མ་གཏོགས་པའི་བདག་གམ་སེམས་ཅན་ཡོད་དོ། །དེ་བཞིན་དུ་ཚོར་བ་བདེ་སྡུག་མཐོང་བ་ན་ཚོར་བ་ཁོ་ནའི་བློ་སྐྱེ་བར་རིགས་


JLD018_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། དེ་ལས་མ་གཏོགས་པའི་ཚོར་བ་བདེ་བ་ཤས་ཆེར་སྤྱོད་པ་ལ་སེམས་ཅན་མཐོན་པོའི་བློ་དང༌། སྡུག་བསྔལ་ཤས་ཆེར་སྤྱོད་པ་ལ་སེམས་ཅན་དམའ་བའི་བློ་སྐྱེ་བར་མི་རིགས་པར་ཐལ་བ་དང༌། ལྷས་བྱིན་སོགས་མིང་ཐ་སྙད་འདོགས་པ་ན་འདུ་ཤེས་ཁོ་ནའི་བློ་སྐྱེ་ཡི་དེ་ལས་མ་གཏོགས་པའི་སེམས་ཅན་གྱི་བློ་སྐྱེ་བར་མི་རིགས་པར་ཐལ་བ་དང༌། ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང༌། དད་སོགས་འདུ་བྱེད་པ་ན། འདུ་བྱེད་ཁོ་ནའི་བློ་སྐྱེ་ཡི། དེ་མ་གཏོགས་པའི་མཁས་པ་དང༌། བྱིས་པའི་བློ་མི་སྐྱེ་བར་ཐལ་བ་དང༌། མིག་སོགས་ཀྱི་སྒོ་ནས་རྣམ་ཤེས་ཡུལ་ལ་འཇུག་པ་ན། རྣམ་ཤེས་ཀྱིས་མཐོང་སྙམ་པའི་བློ་སྐྱེ་ཡི། བདག་གིས་མཐོང་སྙམ་པའི་སེམས་ཅན་གྱི་བློ་མི་སྐྱེ་བར་ཐལ་བ་ལས་སེམས་ཅན་གྱི་བློ་སྐྱེ་བའི་ཕྱིར། རྣམ་ཤེས་ལས་མ་གཏོགས་པའི་སེམས་ཅན་ཡོད་ལ། གཞན་ཡང་ཕུང་པོ་ཙམ་ལས་མ་གཏོགས་པའི་བདག་མེད་ན། བདག་གིས་གཟུགས་མཐོང་བར་གྱུར་ཏོ། །མཐོང་བར་བྱའོ་སྙམ་པ་ན། བདག་གི་བློ་སྔོན་དུ་བཏང་མི་དགོས་པར་ཕུང་པོ་ཙམ་གྱི་བློ་སྔོན་དུ་བཏང་རིགས་པ་ལས་བློ་སྔོན་དུ་བཏང་ནས་ཡུལ་ལ་འཇུག་པ་ན་བདག་གི་བློ་ངེས་པར་བཏང་དགོས་པའི་ཕྱིར། ཕུང་པོ་ཙམ་ལས་མ་གཏོགས་པའི་བདག་ཡོད་དོ། །མདོར་ན་སེམས་ཅན་ནོ་སྙམ་པའི་བློ་ཆོས་ཅན༌། དོན་ཇི་ལྟ་བ་བཞིན་འཇུག་པ་ཡིན་ཏེ། བློ་སྔོན་དུ་མ་བཏང་བར་དངོས་པོ་མཐོང་བ་ན་འཇུག་པའི་བློ་ཡིན་པའི་ཕྱིར་རོ། །དཔེར་ན་སྔོ་འཛིན་བཞིན་ཞེས་ཟེར་རོ། །དེ་དགག་པ་ནི་དོན་བཅུའི་སྒོ་ནས་ཤེས་པར་བྱས་ཏེ། དེ་ལ་གྲོལ་བ་དོན་དུ་གཉེར་བ་


JLD018_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་འཇིག་ལྟའི་ཞེན་ཡུལ་མ་ལུས་པར་ཁེགས་ཤིང༌། གང་ཟག་ཙམ་ངེས་པར་ཁས་བླང་དགོས་ན། རིགས་པས་ཀྱང་འགྲུབ་པའི་དགག་སྒྲུབ་ཀྱི་ཚུལ་ལ་མཁས་པར་བྱ་ཡི། གཞན་དུ་ན་རྩོམ་པ་ཐམས་ཅད་དོན་མེད་དུ་འགྱུར་བས་སོ། །གང་ཟག་ཙམ་དགག་པར་བྱ་བ་མ་ཡིན་ན། ཁྱད་པར་གང་དང་བཅས་པ་ཡིན་སྙམ་ན། མདོ་སྡེ་མང་པོར་གང་ཟག་བདེན་པ་བ་འགོག་ཅེས་པ་དང༌། གཞི་བསྡུ་བར་དོན་དམ་པ་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང༌། མདོ་རྒྱན་དང་མཛོད་འགྲེལ་རྣམས་སུ་རྫས་ཡོད་འགོག་ཅེས་པ་ཀུན་དོན་གཅིག་པས། དེ་ལ་རྫས་བཏགས་ཀྱི་དོན་ནི་ཆོས་གང་ཞིག་བློ་ཡུལ་དུ་འཆར་བ་རང་དང་མཚན་ཉིད་མི་མཐུན་པའི་གཞི་གཞན་གྱི་རྣམ་པར་ཤར་བ་ལ་ངེས་པར་བལྟོས་པ་ནི་བཏགས་པར་ཡོད་པ་དང༌། དེ་ལྟ་བུ་ལ་མི་བལྟོས་པར་རང་དབང་དུ་འཆར་བ་ནི་རྫས་སུ་ཡོད་པ་ཞེས་བྱའོ། །དང་པོ་བློ་སྔོན་དུ་མ་བཏང་བར་དངོས་པོ་ལ་སོགས་མཐོང་བ་ན་སེམས་ཅན་གྱི་བློ་སྐྱེ་བར་མཐོང་བས་སེམས་ཅན་རྫས་ཡོད་དུ་འདོད་པ་དགག་པ་ནི། སྤྱིའི་དངོས་པོ་ལ་སོགས་མཐོང་ནས་དེ་ཉིད་ལ་སེམས་ཅན་གྱི་བློ་སྐྱེ་བ་ཡིན་ནམ། དེ་ལས་གཞན་མཐོང་ནས་གཞན་དེ་ལ་སྐྱེ་བ་ཡིན། དང་པོ་ལྟར་ན་བློ་དེ་ལོག་ཤེས་སུ་ཐལ།བློ་དེས་དེ་ཉིད་ལ་སེམས་ཅན་དུ་ཞེན་ཅིང༌། སེམས་ཅན་ནི་དེ་ལས་གཞན་དུ་གྲུབ་པའི་ཕྱིར། གཉིས་པ་ལྟར་ན་དངོས་པོ་ལ་སོགས་པ་དེ་ཉིད་ཁོ་ན་མཐོང་ནས་བློ་དེ་སྐྱེ་བ་ཉམས་སོ། །ཡང་གང་ཞིག་མཐོང་བས་སེམས་ཅན་གྱི་བློ་སྐྱེ་བའི་གཞི་དེ་སེམས་ཅན་གྱི་རང་བཞིན་ཡིན་ནམ། དེ་ལས་


JLD018_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན། དང་པོ་ལྟར་ནའང༌། བློ་དེ་ལོག་ཤེས་སུ་ཐལ། བློ་དེ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་བར་ཤར་བའི་ཕྱིར། ཕྱི་མ་ལྟར་ན་བུམ་པའང་སྣམ་བུའི་བློ་སྐྱེ་བའི་རྒྱུར་ཁས་བླང་དགོས་སོ། །ཡང་སེམས་ཅན་མ་ཡིན་པ་ལ་སེམས་ཅན་གྱི་བློ་སྐྱེ་བར་འདོད་དམ་མི་འདོད། མི་འདོད་ན་མངོན་སུམ་གྱིས་གསལ་ཏེ། མཐོ་ལ་མིའི་བློ་སྐྱེ་བར་མྱོང་བས་སོ། །འདོད་ན་སེམས་ཅན་གྱི་བློ་དོན་ཇི་ལྟ་བ་བཞིན་འཇུག་པར་སྒྲུབ་པའི་སྔར་གྱི་རྟགས་དེ་མ་ངེས་སོ། །དེ་བཞིན་དུ་སེམས་ཅན་ལ་སེམས་ཅན་མ་ཡིན་པའི་བློ་སྐྱེ་བར་འདོད་མི་འདོད་དང༌། སེམས་ཅན་གཞན་ལ་སེམས་ཅན་གཞན་གྱི་བློ་སྐྱེ་བར་འདོད་མི་འདོད་བརྟགས་ནས་དགག་པར་བྱ་སྟེ། སྔ་མ་ཉིད་ཀྱིས་རྟོགས་པར་བྱའོ། །ཡང་སེམས་ཅན་གྱི་བློ་སྐྱེ་བའི་གཞི་དེ་མངོན་གྱུར་ཡིན་ནམ་ལྐོག་གྱུར་ཡིན། དང་པོ་ལྟར་ན་དངོས་པོ་ལ་སོགས་པ་དེ་ཉིད་སེམས་ཅན་དུ་ཐལ། དེ་ལས་མ་གཏོགས་པའི་གཞི་གཞན་མངོན་སུམ་གྱིས་མ་མཐོང་བའི་ཕྱིར། ཕྱི་མ་ལྟར་ན་བྱིས་པ་ཆུང་ངུ་མ་བརྟགས་པར་འཇུག་པ་ན་སེམས་ཅན་གྱི་བློ་མི་སྐྱེ་བར་འགྱུར་རོ། །གཉིས་པ་བློ་སྔོན་དུ་བཏང་ནས་དཔྱོད་པ་དམིགས་པ་ན། སེམས་ཅན་གྱི་བློ་སྐྱེ་བས་བདག་ཡོད་པར་འདོད་པ་ནི་འོག་ཏུ་འགོག་པར་འགྱུར་རོ། །གསུམ་པ་ཕུང་པོ་ལ་འདོགས་པ་ནི། ཕུང་པོ་དེ་ཉིད་ལ་སེམས་ཅན་དུ་བཏགས་པ་ཡིན་ནམ། མཎྜལ་གྱི་ཚོམ་བུ་བཞིན་ཕུང་པོ་ལ་གནས་པ་ཡིན་ནམ། ཐུར་མ་གཤིགས་པ་བཞིན་དུ་ཕུང་པོ་ལས་གཞན་ཡིན་ནམ། ཕུང་པོ་གཏན་མེད་ཡིན། དང་པོ་ལྟར་ན་ཕུང་པོ་ལས་དོན་གཞན་རང་


JLD018_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱ་བར་གྲུབ་པ་ཉམས་སོ། །གཉིས་པ་ལྟར་ན། གང་ཟག་དེ་རྟག་གམ་མི་རྟག །རྟག་ན་བདེ་བས་ཕན་པ་དང༌། སྡུག་བསྔལ་གྱིས་གནོད་མི་ནུས་པས་ཆོས་དང་ཆོས་མ་ཡིན་པའི་ལས་གསོག་པར་མི་འགྱུར། དེ་ལྟར་ན་ལུས་མི་ལེན་པས་གང་ཟག་ཁས་བླངས་པ་དགོས་པ་མེད་པར་འགྱུར་རོ། །མི་རྟག་ནའང་ཕུང་པོ་ལས་དོན་གཞན་པའི་སྐྱེ་འཇིག་བྱེད་པ་དམིགས་དགོས་ན་མི་དམིགས་པའི་ཕྱིར་མི་འཐད་དོ། །གསུམ་པ་ལྟར་ན་གང་ཟག་འདུས་མ་བྱས་སུ་ཐལ། ཕུང་པོ་ལས་དོན་གཞན་དུ་གྲུབ་པའི་ཕྱིར། འདོད་ནའང་དགོས་མེད་དུ་འགྱུར་རོ། །བཞི་པ་ལྟར་ན། འབད་མེད་དུ་གྲོལ་བར་འགྱུར་ཏེ། འཆིང་བྱེད་སུ་དང་ཡང་འབྲེལ་བ་མེད་པའི་ཕྱིར། བཞི་པ་མཚན་ཉིད་རྣམ་པར་བཞག་པ་ནི། ཕུང་པོ་ཙམ་ལས་མ་གཏོགས་པའི་གང་ཟག་ཡོད་ན། དེ་ལྟ་བ་པོ་དང་ཉན་པ་པོ་སོགས་དང་རང་བཞིན་གཅིག་ཡིན་ནམ། ཐ་དད་ཡིན། དང་པོ་ལྟར་ན། ལྟ་བ་པོ་ལྟ་བུ་ལ་བརྟགས་པ་ཡིན་ནམ། ལྟ་བ་ལས་དོན་གཞན་ཡིན། དང་པོ་ལྟར་ན། ལྟ་བ་པོ་དེ་ཉིད་ཀྱིས་དགོས་པ་ཐམས་ཅད་འགྲུབ་ལ། དེ་ལས་དོན་གཞན་དགོས་པ་མེད་ཅིང༌། སྔར་ཁས་བླངས་པ་ཉམས་སོ། །གཉིས་པ་ལྟར་ན་ལྟ་བའི་ལས་སམ་བྱེད་པ་ཞིག་ཏུ་འགྱུར་དགོས་ཏེ་དོན་གཞན་གྱི་འབྲེལ་བ་ཁས་བླངས་པས་སོ། །ལས་ཡིན་ན། བྱེད་པ་འཇུག་པའི་གཞིར་འགྱུར་དགོས་པས། ས་བོན་བཞིན་དུ་རིགས་འདྲ་གསར་དུ་བསྐྱེད་པའི་སྒོ་ནས་སམ། རྫ་མཁན་ནམ། རྫུ་འཕྲུལ་དང་ལྡན་པའི་མི་བཞིན་དུ་བསྒྱུར་བའི་སྒོ་ནས་སམ།


JLD018_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཞིན་དུ་བརྟེན་པའི་སྒོ་ནས་སམ། ནམ་མཁའ་བཞིན་དུ་གོ་འབྱེད་པའི་སྒོ་ནས་ཡིན། དང་པོ་ལྟར་ན་ལྟ་བ་པོ་མི་རྟག་པར་འགྱུར་བས་རྟག་པར་འདོད་པ་ཉམས་སོ། །གཉིས་པ་ལྟར་ན་མི་རྟག་པ་དང་ཀུན་རྫོབ་པར་འགྱུར་བས་རྟག་པ་དང་དོན་དམ་པར་འདོད་པ་ཉམས་སོ། །རྫུ་འཕྲུལ་ཅན་གྱི་སྤྲུལ་ཆ་འགའ་རང་དབང་དུ་སྤྲུལ་བཞིན་དུ་དེའང་རང་དབང་ཅན་ཡིན་ན། ལྟ་བ་པོ་འགའ་ཡང་སྡུག་བསྔལ་ཅན་དུ་མི་འགྱུར་རོ། །གསུམ་པ་ལྟར་ན། ལས་རྒྱུ་བ་དང་མི་རྒྱུ་བའི་རྟེན་བྱེད་ཅིང་འཇིག་པར་དམིགས་པ་བཞིན་དུ་འདིས་ཀྱང་བྱེད་པར་དམིགས་དགོས་ན་མ་དམིགས་སོ། །བཞི་པ་ལྟར་ན་ནམ་མཁའ་ལ་བརྐྱང་བསྐུམ་སོགས་བྱེད་ནུས་ཤིང་གོ་མི་འགོག་པ་བཞིན་དུ་ལྟ་བ་པོ་ལའང་དམིགས་དགོས་ན་མ་དམིགས་སོ། །གཞན་ཡང་ནམ་མཁའ་དགག་བྱ་རྣམ་པར་བཅད་ཙམ་ལ་འཇོག་པ་བཞིན་དུ་ལྟ་བ་པོའང་འཇོག་ན་རང་དབང་དུ་བློ་ལ་འཆར་བ་ཉམས་སོ། །དེ་བྱེད་པ་ཡིན་ན། ཟོར་བ་བཞིན་དུ་ལས་ལ་འཇུག་པ་བྱེད་པ་པོ་ལ་ངེས་པར་རག་ལས་པ་ཡིན་ནམ། མེ་བཞིན་དུ་རེས་འགའ་བྱེད་པ་པོ་མེད་པར་ལས་ལ་རང་དབང་དུ་འཇུག་པ་ཡིན། དང་པོ་མི་རིགས་ཏེ། དེ་ལ་དཔྱོད་བྱེད་དང་དཔྱད་བྱ་སོ་སོར་དམིགས་པ་བཞིན་དུ་ལྟ་བ་པོ་ལ་མ་དམིགས་པའི་ཕྱིར། གཉིས་པ་ལྟར་ན་བྱེད་པ་པོ་ཆད་དོགས་ནས་གང་ཟག་ཁས་བླངས་པ་དགོས་པ་མེད་པར་འགྱུར་རོ། །གང་ཟག་དེ་ལྟ་བ་པོ་སོགས་དང་འབྲེལ་མེད་དོན་གཞན་ཡིན་ན། ཚད་མ་ཐམས་ཅད་ལོག་ནས་མེད་པའི་གང་ཟག་ཁས་བླངས་པར་དགོས་པ་མེད་དོ། །ལྔ་པ་ཀུན་ནས་ཉོན་མོངས་དང་རྣམ་བྱང་རྣམ་པར་བཞག་པ་ནི། གང་ཟག་དེ་


JLD018_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཉོན་མོངས་དང༌། རྣམ་བྱང་གི་མཚན་ཉིད་དང་ལྡན་པ་ཡིན་ནམ། དེ་ལས་དོན་གཞན་ཡིན། དང་པོ་ལྟར་ན། ཕུང་པོ་ལས་དོན་གཞན་གྱི་གང་ཟག་མེད་པར་འགྱུར་ཏེ། ཟས་གོས་སོགས་ཀྱིས་ཕན་པ་དང༌། འབྱུང་བ་འཁྲུགས་པ་སོགས་ཀྱིས་གནོད་ཅིང༌། ཀུན་ནས་ཉོན་མོངས་པ་ནི་ཕུང་པོ་ཁོ་ན་ལས་མཐོང་གི་གཞན་ལ་མ་མཐོང་བའི་ཕྱིར། གཉིས་པ་ལྟར་ན། བདག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་ཞེས་བྱ་བ་ཉམས་སོ། །བློ་སྔོན་དུ་བཏང་ནས་དཔྱོད་པ་དམིགས་པས་བདག་ཡོད་པར་འདོད་པ་འགོག་པ་ནི། དཔྱོད་པ་བློའི་རྒྱུ་ལས་བྱུང་ངམ། བདག་གི་རྒྱུ་ལས་བྱུང༌། དང་པོ་ལྟར་ན། རྫས་སུ་ཡོད་པའི་བདག་གི་དཔྱོད་པ་ཞེས་པ་ཉམས་སོ། །གཉིས་པ་ལྟར་ན། བློ་སྔོན་དུ་བཏང་བའི་དཔྱོད་པར་འགལ་ལོ། །དཔྱོད་པའི་རྒྱུར་རྟག་གམ་མི་རྟག །རྟག་ན་དཔྱོད་ཅེས་པ་ཉམས་སོ། །མི་རྟག་ན་བདག་གི་དཔྱོད་པར་མི་རིགས་ཏེ། བདག་རྟག་རྫས་སུ་ཁས་བླངས་པས་སོ། །དཔྱོད་པ་པོ་སེམས་ཅན་དེ། རྩོལ་བའི་བདག་ཉིད་ཡིན་ནམ། མི་རྩོལ་བའི་བདག་ཉིད་ཡིན། དང་པོ་ལྟར་ནའང་དཔྱོད་ཅེས་བྱ་བར་མི་རིགས་ཏེ། སེམས་ཅན་རྟག་པར་ཁས་བླངས་པས། ཡང་གསར་དུ་དཔྱོད་པ་མི་འཐད་པའི་ཕྱིར། གཉིས་པ་ལྟར་ན་མི་རྩོལ་བ་རྩོལ་ཞེས་བྱ་བར་འགྱུར་བས་འགལ་ལོ། །སེམས་ཅན་གྱིས་དཔྱོད་པ་དེ་ལ་རྒྱུ་ཡོད་དམ་མེད། མེད་ན་རྟག་ཏུ་དཔྱོད་པར་འགྱུར་ལ། ཡོད་ན་དེ་ལའང་རྒྱུ་གཞན་ཞིག་སྔོན་དུ་བཏང་དགོས་པས་བདག་གིས་རང་དབང་དུ་དཔྱོད་པ་ཉམས་སོ། །དཔྱོད་


JLD018_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ། རང་དབང་དུ་དཔྱོད་པ་ཡིན་ནམ། གཞན་དབང་གིས་དཔྱོད་པ་ཡིན། དང་པོ་ལྟར་ན། སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་ཀུན་མི་མྱོང་བར་འགྱུར་ཏེ། གང་བྱེད་རང་དབང་ཡོད་པའི་ཕྱིར། གཉིས་པ་ལྟར་ན། བདག་གིས་དཔྱོད་པར་མི་རུང་སྟེ། བདག་རང་དབང་ཅན་དུ་ཁས་བླངས་པའི་ཕྱིར། དྲུག་པ་འཇུག་པ་དང་ལྡོག་པ་རྣམ་པར་བཞག་པ་ནི། གང་ཟག་འཇུག་པའི་མཚན་ཉིད་དང་ལྡན་པ་ཞིག་འཇུག་ཀྱང་འཇུག་ལ་ལྡོག་ཀྱང་ལྡོག་གམ། འཇུག་པའི་མཚན་ཉིད་དང་མི་ལྡན་པ་ཞིག་དེ་ལྟར་འདོད། དང་པོ་ལྟར་ན་ཕུང་པོ་ལས་མ་གཏོགས་པའི་གང་ཟག་མེད་པར་འགྱུར་ཏེ། ཕུང་པོའི་ཚོགས་ཙམ་ཁོ་ན་ལ་འཇུག་པའི་བྱ་བ་དམིགས་ཏེ། འདི་ལྟར་རྒྱུ་དང་ལྡན་པའི་སྒོ་ནས་འཇུག་པ་ཁུ་ཁྲག་སོགས་ལས་རང་གི་ལུས་ལྟ་བུ་དང༌། སྐྱེ་བའི་ངང་ཅན་གྱིས་འཇུག་པ་མྱུ་གུ་ལྟ་བུ་དང༌། འཇིག་པའི་ངང་ཅན་གྱིས་འཇུག་པ་ཆུ་ཀླུང་རིམ་པས་འཛད་པ་ལྟ་བུ་དང༌། གཞན་དང་གཅིག་ནས་གཅིག་ཏུ་འཇུག་པ་མར་མེ་རིགས་འདྲ་ཡུལ་གཞན་དུ་འཇུག་པ་ལྟ་བུ་དང༌། འགྱུར་བའི་འཇུག་པ་བྱ་བ་མི་འདྲ་བ་གཞན་བྱས་ནས་ཡང་གཞན་ལ་འཇུག་པ་དང༌། བཞོན་པ་ཞོན་ནས་འགྱུར་བ་ལྟ་བུའོ། །གཉིས་པ་ལྟར་ན། བདག་འཇུག་པ་ཉིད་དུ་མི་འགྱུར་ཏེ། དེའི་མཚན་ཉིད་དང་མི་ལྡན་པའི་ཕྱིར། འཇུག་པ་ཉམས་པ་ཉིད་ཡིན་ལ། དེའང་འཇུག་པ་སྔོན་དུ་འགྲོ་བ་ལ་ངེས་པར་བལྟོས་པས་ལྡོག་པའང་ཞར་ལ་དཔྱད་པ་ཡིན་ནོ། །བདུན་པ་ཟ་བ་པོ་དང༌། བྱེད་པ་པོ་དང༌། གྲོལ་བ་པོ་རྣམ་པར་བཞག་པ་ནི། ཡུལ་གྱིས་བསྐྱེད་པའི་བདེ་བ་དང༌། སྡུག་བསྔལ་གྱིས་འགྱུར་བ་


JLD018_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཟ་བ་པོར་འདོད་དམ། མི་འགྱུར་བ་ཞིག་འདོད། ཕྱི་མ་ལྟར་ན་ཟ་བ་པོར་མི་རིགས་ཏེ། ཟ་བྱ་ལོངས་སྤྱད་ནས་ཕན་གནོད་བྱེད་པ་ཞིག་ཟ་བ་པོ་ཡིན་པའི་ཕྱིར། དང་པོ་ལྟར་ན། བདག་རྫས་ཡོད་དོན་མེད་དེ། འདུ་བྱེད་ཆོས་ཙམ་ཁོ་ན་ལ་འགྱུར་བ་མཐོང་བའི་ཕྱིར། འགྱུར་བའི་ཉེས་པ་འོག་མ་གཉིས་ལའང་ཤེས་པར་བྱའོ། །སེམས་གྱི་འགྱུར་བ་ཞིག་བྱེད་པོར་འདོད་དམ། མི་འགྱུར་བ་ཞིག་འདོད། མི་འགྱུར་ན་བྱེད་པོ་ཉམས་ཏེ། སེམས་ཀྱི་འགྱུར་བ་ཞིག་བྱེད་པ་པོ་གང་ཟག་ཏུ་རིགས་པའི་ཕྱིར། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་འགྱུར་བ་ཞིག་གྲོལ་བ་སོགས་འདོད་དམ། མི་འགྱུར་བ་ཞིག་འདོད། མི་འགྱུར་ན་སྔར་བཅིངས་པར་མ་གྱུར་བའི་ཕྱིར། ཕྱིས་གྲོལ་བར་ག་ལ་རིགས། བརྒྱད་པ། བྱེད་པར་ལྡོག་པ་ནི། བྱེད་པོ་བདག་ཁོ་ན་ལ་འཇོག་གམ། གཞན་ལའང་རུང༌། དང་པོ་ལྟར་ན་མེ་སྲེག་གི་འོད་ཀྱིས་སྣང་བར་བྱེད་དོ་ཞེས་སོགས་མི་རིགས་པར་འགྱུར་རོ། །གཉིས་པ་ལྟར་ན། ལྟ་བ་དང་ཉན་པ་སོགས་ལ་བྱེད་པ་པོར་བཏགས་པ་དེས་ཆོག་གི། རྫས་ཡོད་ཁས་བླངས་པ་མེད་དོ། །དགུ་པ་བརྗོད་པར་དགོས་པ་ནི། གང་ཟག་གི་ཐ་སྙད་བདག་ཁོ་ན་ལ་འཇུག་གམ། གཞན་ལའང་འཇུག །དང་པོ་ལྟར་ན། སྐྱེས་བུའི་ལུས་ལ་དམིགས་ནས་སངས་རྒྱས་ཕྱིན་ཡོན་ཏན་བཤེས་གཉེན་སོགས་ཀྱི་ཐ་སྙད་འཇུག་པ་མི་རིགས་པར་འགྱུར་རོ། །ཕྱི་མ་ལྟར་ན་ལྟ་བ་པོ་སོགས་ལའང་འཇུག་པས་དེ་ཙམ་གྱིས་ཆོག་གི་བདག་དོན་མེད་དོ། །བཅུ་པ་དེ་ལྟར་འདོགས་པ་ནི།


JLD018_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྟ་བུ་དེ་དགེ་བ་ཡིན་ནམ་མི་དགེ་བ་ཡིན། དགེ་བར་མི་རིགས་ཏེ། རྨོངས་པ་རྣམས་ལ་ལྷག་པར་ཡང་སྐྱེ་བའི་ཕྱིར་དང༌།འབད་པའི་སྦྱོར་བ་མེད་པར་ཡང་སྐྱེ་བའི་ཕྱིར་དང༌། ཐར་པ་ལ་སྐྲག་པ་བསྐྱེད་པའི་ཕྱིར་དང༌། ཉེས་པ་ཆགས་སོགས་གསོ་བར་བྱེད་པ་མཐོང་བའི་ཕྱིར། མི་དགེ་བ་ཡིན་ན་ཕྱིན་ཅི་ལོག་ཞེན་ཡུལ་ལ་འཁྲུལ་བ་ཡིན་པས། དེའི་སྒོ་ནས་བདག་ཡོད་པར་སྒྲུབ་མི་ནུས་སོ། །བདག་མེད་པར་ལྟ་བའང་མི་དགེ་བ་ཡིན་པ་མི་རིགས་ཏེ། ཐམས་ཅད་མཁྱེན་པས་མཆོག་ཏུ་གསུངས་པའི་ཕྱིར་དང༌། འབད་པ་ཆེན་པོས་སྒྲུབ་དགོས་པ་དང༌། ཐར་པ་ལ་སྐྲག་པ་མི་བསྐྱེད་པ་དང༌། དཀར་པོའི་འབྲས་བུ་འཕྲལ་དུ་ཐོབ་པ་དང༌། ཉེས་པའི་གཉེན་པོ་བྱེད་པའི་ཕྱིར། དགེ་བ་ཡིན་ནའང་བདག་ལྟ་ཕྱིན་ཅི་ལོག་པས། དེའི་སྒོ་ནས་བདག་ཡོད་པར་སྒྲུབ་མི་ནུས་སོ། །གཞན་ཡང་བདག་དེ་ཡུལ་གྱི་དེ་ཁོ་ན་ཉིད་ལ་གནས་པས། དེའི་དབང་གིས་བདག་ལྟ་བསྐྱེད་པ་ཡིན་ནམ། བདག་མེད་བཞིན་དུ་ཚུལ་མིན་ཡིད་བྱེད་གོམས་པའི་དབང་གིས་ཡོད་པར་སྒྲོ་བཏགས་པ་ཡིན། དང་པོ་ལྟར་ན། སངས་རྒྱས་པ་རྣམས་ལ་བདག་མེད་ཀྱི་ངེས་པ་མི་བསྐྱེད་པར་ཐལ་ཏེ། བདག་ལྟ་དངོས་པོའི་སྟོབས་ཀྱིས་སྐྱེས་པ་དེས་གེགས་བྱས་པའི་ཕྱིར། ཕྱི་མ་ལྟར་ན། དེའི་སྒོ་ནས་བདག་ཡོད་པར་སྒྲུབ་མི་ནུས་པར་འགྱུར་རོ། །མདོར་ན་ཚོགས་རྒྱུན་གང་ལའང་བཏགས་པ་ཙམ་མ་ཡིན་པའི་གང་ཟག་ཆོས་ཅན། རང་བཞིན་མེད་དེ། ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུའང་མ་གྲུབ་པའི་ཕྱིར་ཞེས་པ་མདོར་བསྡུས་པའོ། །བདག་


JLD018_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་དོགས་པ་སྐྱེ་བའི་རྒྱུ་ནི་འཇིག་ལྟ་ལྷན་སྐྱེས་ལ་ཇི་ལྟར་སྣང་བ་ལྟར་ཚད་མར་བྱས་པ་ཡིན་ལ། ལྷན་སྐྱེས་ལའང་ཕུང་པོ་ལས་དོན་གཞན་པའི་བདག་ཁོ་ན་སྣང་སྟེ། ཕུང་པོ་འདི་དོར་ནས་འདི་ལས་བཟང་བ་གཞན་དོན་དུ་གཉེར་གྱི་བདག་དོར་བར་མི་འདོད་པའི་ཕྱིར། གང་ཟག་གཅིག་རྫས་སུ་ཡོད་པ་བཀག་པ་ན་ཤུགས་ཀྱིས་གང་ཟག་བཏགས་པ་ཙམ་དུ་ཡོངས་གཅོད་དུ་གང་ཟག་ཙམ་ནི་སུས་ཀྱང་ཁས་བླང་བར་བྱ་དགོས་ལ། བཏགས་པ་ཙམ་ནི་རྫས་ཡོད་བཀག་པའི་ཤུགས་ལ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། གཞན་དག་ན་རེ་བློ་འཁྲུལ་པའི་ཞེན་ཡུལ་ལ་དགག་པ་རྒྱས་པར་བྱས་ནས། བློ་འགོག་པར་འདོད་པ་ནི་སྤྲོས་པ་ཕྱིའི་ཆོད་བྱ་བ་ཡིན་པས་སླར་ཡང་སྤྲོས་པ་འཕེལ་ནས་ཐུག་པ་མེད་པར་འགྱུར།། སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། མངྒལཾ།།


previousརྗེ་རིན་པོ་ཆེས་གནང་བའི་དབུ་མའི་ལྟ་ཁྲིད་བསྡུས་པnext