Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

9 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
གྲུབ་པའི་དབང་ཕྱུག་བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ་དཀར་ཆག
 
  
  
  
  
  
  
  
  
  


9 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
no previousགྲུབ་པའི་དབང་ཕྱུག་བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ་དཀར་ཆགnext

གྲུབ་པའི་དབང་ཕྱུག་བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ་དཀར་ཆག


JSD001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རུ་གཏེར་སྟོན་འཆི་མེད་རྡོ་རྗེའི་མ་འོངས་ལུང་བསྟན་ལས། །པདྨའི་ཐུགས་ཀྱི་སྤྲུལ་པ་མཆོག བི་མས་བྱིན་གྱིས་བརླབས་པའི་བུ༔ གླང་ལོ་བཛྲ་མིང་ཅན་གྱིསཿ སྒྲུབ་བརྒྱུད་བསྟན་པ་རྒྱས་པར་བྱེད༔ ཞེས་སོགས་ལུང་དུ་མ་ནས་བསྔགས་པ་བཞིན་གུ་རུའི་ཐུགས་ཀྱི་རྣམ་སྤྲུལ་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཆེན་པོ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཀུན་སྤངས་རྫོགས་ཆེན་པ་སྦས་པའི་རྣལ་འབྱོར་༧སྐྱབས་རྗེ་ཡིད་བཞིན་ནོར་བུ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་༼༡༩༡༣་༢༠༡༥༽ ནས་གདུལ་བྱ་རྣམས་ལ་དགོངས་གཏེར་གྱི་ཚུལ་དུ་བཀའ་དྲིན་གནང་བར་མཛད་པའི་བཀའ་འབུམ་པོད་ལྔར་བཞུགས་པ་ལས། དང་པོ་༼ཨ༽ལོ་རྒྱུས་རྣམ་ཐར་གྱི་སྐོར། དཔལ་ཀཿཐོག་པའི་གདན་རབས་བརྒྱུད་འཛིན་དང་བཅས་པའི་ 


JSD001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་བརྗོད་པ་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་གཏམ་ལ་ལྡེབ། ༡༧༩ མཁན་ཆེན་ངག་དགའི་རང་རྣམ་གྱི་འགོ་བརྗོད་ལོ་རྒྱུས་ལ་ལྡེབ། ༣ དབུས་བཟའ་མཁའ་འགྲོ་བདེ་བའི་རྡོ་རྗེའི་རྣམ་ཐར་ཆེན་མོའི་མཇུག་གི་ཁ་སྐོང་ཉུང་ངུ་གཡུ་ཡི་ཕྲ་ཚོམ་ལ་ལྡེབ། ༢༡ སྤྲུལ་པའི་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྣམ་ཐར་གསོལ་འདེབས་དད་གསུམ་ས་བོན་ལ། རྗེ་ཉིད་ཀྱི་ཕྱག་མཚན་ཅན་ལ་ལྡེབ། ༥ རྗེ་བླ་མ་ཉིད་ཀྱི་རང་རྣམ་ཡི་གེ་འབྲུ་གསུམ་མ་ལ་ལྡེབ། ༢ དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལོ་རྒྱུས་ལ་ལྡེབ། ༡༣ ཡང་ལེ་ཤོད་ཀྱི་གནས་བསྟོད་ཀ་བརྩམ་མ་ལ་ལྡེབ། ༢ འཆི་མེད་ཚེ་ཡི་གནས་མཆོག་བྲག་ཕུག་མཱ་ར་ཏི་ཀའི་ངེས་བརྗོད་དབྱངས་ཅན་དགྱེས་པའི་ཏམ་ར་ལ་ལྡེབ། ༥ 


JSD001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་རྣམ་གསུམ་སོགས་ནི་པ་ལིའི་གནས་ཡིག་དཀར་ཆག་ལྡེབ། ༢། 


JSD001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


no previousགྲུབ་པའི་དབང་ཕྱུག་བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ་དཀར་ཆགnext